Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དངུལ་རྫིའི་བསང་བསྡུས།
   
   
   
   
   
   
   
   
   
   


 
previousདངུལ་རྫིའི་བསང་བསྡུས།next

དངུལ་རྫིའི་བསང་བསྡུས།

༄༅། ཡུལ་སྐྱོང་དངུལ་རྫིའི་རྒྱུན་བསང་འདོད་རྒུ་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྟི། འདིར་ཡུལ་སའི་དབང་པོ་ལ་བསང་མཆོད་རྒྱུན་ཁྱེར་བྱེད་པར་འདོད་པས། བཟང་ཤིང་སྣ་ཚོགས་ཀྱི་དུད་སྤྲིན་གཏོང་ཞིང་། བསང་རྫས་འབྱོར་དཔག་བསྲེག་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ་ནས་འདི་སྐད་དོ།། ཀྱཻ། མདོ་ཁམས་རྩུབ་འགྱུར་དབྱི་རོང་འཛིན་མའི་གཞི། །སྐྱོང་མཛད་བཀའ་གསང་གཉན་གྱི་བསྲུང་མ་ཆེ། །སྦས་པའི་གནས་སྲུང་ཆོས་ནོར་གཏེར་གྱི་བདག །ལྷ་གཉན་དངུལ་རྫི་གཡུ་མཚོ་ཡབ་ཡུམ་སྲས། །བཀའ་ཉན་དགྱེས་སྡེ་སྡོང་ཟླ་སྤྲུལ་འཁོར་སྤྱི། །ཁྱད་པར་སྐུ་ལྷ་དུང་རྩེ་བ་སྦལ་ཁྱུང་། །མཚོ་སྨན་སྤུན་གསུམ་ཉ་དཀར་རྙི་བོ་མཆེད། །གསང་སྔགས་བསྟན་སྐྱོང་ལོ་མཆོག་དགའ་ལྡན་དང་། །ར་ཁང་ཁྲབ་གྱོན་རྨོག་རི་རྫ་ཁྲ་སོགས། །ཡུལ་སྐྱོང་དངུལ་རྫིའི་ཉེ་ཆར་བརྟེན་ནོ་ཅོག །མ་ལུས་རང་རང་སོ་སོའི་འཁོར་ཚོགས་བཅས། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་འདིར་བྱོན་ལ། །བསང་དུད་འདོད་འབྱུང་ཟག་མེད་བདུད་རྩིའི་སྤྲིན། །དར་ཚོན་རླུང་རྟ་སྤྱན་གཟིགས་ཀ་ཆ་དཀོར། །ལོངས་སྤྱོད་འཛད་མེད་ནམ་མཁའི་མཛོད་ཆེན་པོ། །དགྱེས་ཤིང་བརྩེ་བའི་ཐུགས་ཀྱིས་ཡོངས་བཞེས་ནས། །བདག་དང་བསྲུང་བྱར་གྱུར་པའི་ཡུལ་ལྗོངས་འདིར། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །ཚེ་དཔལ་ཆོས་སྲིད་འབྲུ་ནོར་གོང་འཕེལ་ཞིང་། །ཕུན་ཚོགས་འདོད་དགུ་སྤྲིན་བཞིན་འདུ་བར་མཛོད། །ཁྱད་པར་ཕུང་བྱེད་མཐའ་མི་ཁ་དར་ནས། །བོད་ཁམས་ལྷ་མིའི་བཅུད་གཡང་སྡུད་པའི་ཚེ། །དེ་རྣམས་མགོ་སྐོར་མིག་སྒྲིབ་འདུན་གྲོས་ཤིག །མིག་འཕྲུལ་སྣ་ཚོགས་སྟོན་ལ་ཟློག་པར་མཛོད། །གསར་བྱུང་རྒྱལ་བསེན་དམ་སྲི་འབྱུང་པོ་ཡིས། །སྐྱེ་འགྲོའི་རྒྱུད་བརླམ་བར་གཅོད་རྩོམ་བྱེད་ན། །སྣ་ཚོགས་ཐབས་ཚུལ་ཕྲིན་ལས་དཔག་མེད་ཀྱིས། །ལྷག་མེད་མཁའ་ལ་སྤྲིན་བཞིན་དེང་བར་མཛོད། །ཀླ་ཀློ་ལ་སོགས་མཐའ་བཞིའི་དམག་དཔུང་གིས། །བསམ་སྤྱོད་ལོག་པས་བསྟན་འགྲོར་གནོད་བྱེད་དུས། །མངོན་སྤྱོད་ཕྲིན་ལས་རྣམ་པ་བཅུ་གཉིས་ཀྱིས། །མིང་ལྷག་མེད་པར་བརླག་པའི་ཕྲིན་ལས་མཛོད། །མདོར་ན་སྔོན་ཚེ་པདྨ་ཐོད་ཕྲེང་དང་། །ལྷ་ལུང་དཔལ་རྡོར་ལུང་རིག་གླིང་པ་སོགས། །རིག་འཛིན་ཡབ་སྲས་བརྒྱུད་པར་བཅས་རྣམས་ཀྱི། །བཀའ་དང་དམ་ཚིག་གཉན་པོ་རྗེས་དགོངས་ལ། །རྣལ་འབྱོར་འདོད་པའི་དོན་དང་བཅོལ་པའི་ལས། །མ་ལུས་གེགས་མེད་ལྷུན་གྱིས་འགྲུབ་པར་མཛོད།། ཅེས་ཡུལ་སྐྱོང་དངུལ་རྫིའི་རྒྱུན་བསང་འདོད་རྒུ་མྱུར་འགྲུབ་འདི་ཡང་ཆོས་གྲོགས་རྡོ་རྗེ་དབང་ཕྱུག་གི་ངོར། མགོ་སྤྲུལ་གར་དབང་འཇིགས་མེད་རྣམ་རྒྱལ་ལམ་ཆོས་དབྱིངས་མིང་གིས་ཤར་མར་བྲིས་པ་དགེའོ།


previousདངུལ་རྫིའི་བསང་བསྡུས།next