Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁོ་ཁོའི་རི་ཕྱུགས་མགོན་གྱི་བསང་མཆོད།
   
   
   
   
   
   
   


 
previousཁོ་ཁོའི་རི་ཕྱུགས་མགོན་གྱི་བསང་མཆོད།next

ཁོ་ཁོའི་རི་ཕྱུགས་མགོན་གྱི་བསང་མཆོད།

༄༅། རི་ཕྱུགས་མགོན་གྱི་བསང་མཆོད་དགོས་འདོད་རེ་སྐོང་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀ་དག་བློ་འདས་ཆོས་དབྱིངས་ལས། །ལྷུན་གྲུབ་ཡེ་ཤེས་མ་འགགས་མདངས། །ཐུགས་རྗེའི་རོལ་རྩལ་སྒྱུ་མའི་འཕྲུལ། །ཕན་གནོད་བྱེད་པོར་ཅིར་ཡང་སྣང་། །ཁྱད་འཕགས་གནས་ཆེན་བཞི་ཡི་དབུས། །མིག་སྨན་མདངས་འཛིན་རི་གཉན་སྤོར། །བརྟེན་བཅས་བདུད་གཤིན་རྗེ་བོ་ནི། །མི་ནག་རྟ་ནག་གོས་ནག་ཅན། །མདུང་ནག་བ་དན་ཞགས་པ་ཡིས། །ལོག་འདྲེན་མ་ལུས་མྱོས་སྡོམ་བྱེད། །བཙན་བདུད་གྲི་བོ་གཤིན་རྗེ་དང་། །བྲག་སྲིན་གདུག་པའི་འཁོར་དང་བཅས། །འདིར་བྱོན་བསང་གསུར་མཆོད་པ་བཞེས། །རྣལ་འབྱོར་བསམ་པ་སྒྲུབ་ཏུ་གསོལ། །ཕྱུགས་མགོན་གཡུ་རྩེ་དགྲ་ལྷའི་གཙོ། །དགྱེས་སྡེ་བཀའ་ཉན་འཁོར་བཅས་རྣམས། །བཟང་ཤིང་ཕྱེ་མར་ཕུད་སྐྱེམས་ཀྱིས། །གསོལ་ལོ་མཆོད་དོ་མངའ་དབུལ་ལོ། །འདོད་འབྱུང་བདུད་རྩིའི་དུད་སྤྲིན་གྱིས། །བསང་ངོ་བརྔན་ནོ་མཉེས་གྱུར་ཅིག །ལྟོས་བཅས་ཡོན་སྦྱོར་འཁོར་བཅས་ལ། །བསྲུང་སྐྱོབས་བྱ་ར་མེལ་ཚེ་མཛོད། །དགྲ་རྐུན་གཅན་གཟན་གནོད་པ་སོལ། །ནད་གདོན་གོད་ཡམས་ཞི་བར་མཛོད། །གནག་ཕྱུག་ཟས་ནོར་འཕེལ་བར་མཛོད། །གང་བཅོལ་ལས་རྣམས་མྱུར་འགྲུབ་མཛོད།། ཅེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བསྟན་པ་དར་རྒྱས་དང་། གཞན་ཡང་ཆོས་གྲོགས་དམ་པ་འགས་བསྐུལ་ངོར་མགོ་སྤྲུལ་གྱིས་བྲིས་པ་དགེའོ།།


previousཁོ་ཁོའི་རི་ཕྱུགས་མགོན་གྱི་བསང་མཆོད།next