Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁོ་ཁོའི་གནས་བདག་གི་བསང་མཆོད།
   
   
   
   
   
   


 
previousཁོ་ཁོའི་གནས་བདག་གི་བསང་མཆོད།next

ཁོ་ཁོའི་གནས་བདག་གི་བསང་མཆོད།

༄༅། གནས་མཆོག་འཆི་མེད་དཔལ་གྱི་སེང་གེ་ཀེའུ་ཚང་གི་གནས་བདག་བསང་མཆོད་འདོད་དོན་ལྷུན་གྲུབ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བྷྱཿ སྐུ་གསུམ་ཡོངས་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ། །གང་དང་དབྱེར་མེད་ཀུན་མཁྱེན་འཇིགས་མེད་གླིང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །རྡུལ་སྙེད་ལུས་སྤྲུལ་སྒོ་གསུམ་གུས་པས་འདུད། །དེ་ལ་འདིར་གནས་ཆེན་དཔལ་གྱི་སེང་གེ་ཀེའུ་ཚང་གི་གཏེར་བདག་བསང་མཆོད་བྱེད་པར་འདོད་པས་བཟང་ཤིང་སྣ་ཚོགས་དང་ཀླུ་སྨན་ཕྱེ་མར་ཇ་ཆང་འོ་ཞོ་སོགས་བཤམས་ལ། རང་ཉིད་ལྷའི་རྣལ་འབྱོར་དུ་གསལ་བའི་ངང་ནས། རཾ་ཡཾ་ཁཾ་གིས་བསངས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་ཏེ་བདུད་རྩིའི་སྤྲིན་ཕུང་དུ་བསྒྱུར་ལ། ཀྱཻ། ཡུལ་ནི་བྱང་ཕྱོགས་གཡི་རོང་སྨད། །གནས་ཆེན་འཆི་མེད་དཔལ་གྱི་རི། །གནས་བདག་ཀླུ་མོ་དུང་སྐྱོང་ནི། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །ཕྱག་གཡས་ནོར་བུས་དགོས་འདོད་འབྱུང་། །གཡོན་པས་ཤེལ་གྱི་བུམ་པ་འཛིན། །རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ། །སྐུ་སྨད་སྦྲུལ་མཇུག་རྒྱ་མཚོར་འཁྱིལ། །ཀླུ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར། །བསང་མཆོད་གནས་འདིར་གཤེགས་སུ་གསོལ།། བཛྲ་ས་མ་ཡཱ་ཛཿ ཛཿཧཱུྃ་བཾ་ཧོ། ཀྱཻ། དེ་རིང་དུས་བཟང་ཕུན་ཚོགས་ལ། །མཆོད་རྫས་ཡོ་བྱད་འདོད་དགུ་ནི། །ཕྱེ་མར་ཀླུ་བཤོས་གཡག་ལུག་ར། །ཇ་ཆང་འོ་ཞོ་ཀླུ་སྨན་དང་། །དཀར་གསུམ་མངར་གསུམ་བཟའ་བཏུང་རིགས། །བདུད་རྩི་ཤིང་སྣའི་དུད་སྤྲིན་དང་། །རི་དྭགས་གཡང་དྭགས་ཆུ་གནས་སོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འདིས། །གནས་བདག་ནོར་བུ་དུང་སྐྱོང་བསང་། །འཁོར་གྱི་ཀླུ་ཆེན་བརྒྱད་པོ་བསང་། །གཏེར་བདག་བསྲུང་མ་འཁོར་བཅས་བསང་། །མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །ཐུགས་རྒྱུད་མཉེས་ཤིང་ཚིམ་གྱུར་ཅིག །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །རྩ་བརྒྱུད་བླ་མས་བཀའ་བསྒོས་བཞིན། །སངས་རྒྱས་བསྟན་པ་དར་བ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །སྦྱིན་བདག་བར་ཆད་ཞི་བ་དང་། །ཚེ་བསོད་ལོངས་སྤྱོད་རྒྱས་པ་དང་། །འཁོར་འདས་དབང་དུ་འདུ་བ་དང་། །དགྲ་སྒྲོལ་བགེགས་ཟློག་ཕྲིན་ལས་མཛོད། །གཅན་སྤྱང་གནོད་པ་ཚར་ཆོད་ཅིག །མི་ནད་ཕྱུགས་ནད་ཞི་བ་དང་། །སྒྲུབ་པ་པོ་ལ་སྡོང་གྲོགས་མཛོད། །ཅི་བཅོལ་ཕྲིན་ལས་འགྲུབ་པར་མཛོད། །བདེ་སྐྱིད་ཕུན་ཚོགས་བཀྲ་ཤིས་ཤོག། ཅེས་དད་ལྡན་པདྨའི་མིང་གིས་བསྐུལ་ངོར་མགོ་སྤྲུལ་རྒན་པོས་བྲིས་པ་དགེའོ།།


previousཁོ་ཁོའི་གནས་བདག་གི་བསང་མཆོད།next