Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོ་མཆོག་རྡོ་རྗེ་རབ་བརྟན་གྱི་བསང་མཆོད།
   
   
   
   
   


 
previousལོ་མཆོག་རྡོ་རྗེ་རབ་བརྟན་གྱི་བསང་མཆོད།next

ལོ་མཆོག་རྡོ་རྗེ་རབ་བརྟན་གྱི་བསང་མཆོད།

ཡུལ་སྐྱོང་རྡོ་རྗེ་རབ་བརྟན་གྱི་བསང་བསྡུས་འདོད་དགུའི་འཁྲི་ཤིང་བཞུགས། བསང་རྫས་ཀྱི་མ་དག་པའི་དངོས་འཛིན་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར་ལ། ཀྱཻ། ཡེ་གཞི་ཀ་དག་ཆོས་དབྱིངས་ལས། །ལྷུན་གྲུབ་འགགས་མེད་ཤར་བའི་མདངས། །སྲིད་ཞི་ཟུང་འཇུག་རོལ་པའི་རྩལ། །མ་འདྲེས་ཅིར་ཡང་འཆར་བའི་གར། །ལོ༵་ཕྱུགས་སྲུང་དང་སྤེལ་མཛད་མཆོ༵ག །རྡོ༵་རྗེ༵་འཛིན་དབང་མ་ལུས་པའི། །བཀའ་དང་དམ་ལ་ར༵བ་གནས་ཤིང་། །ཆོས་སྲིད་དཔལ་ཡོན་བརྟ༵ན་བྱེད་པའི། །ཡུལ་སྐྱོང་དྲེགས་པའི་གཙོ་བོ་ནི། །ལམ་ཞུགས་གང་ཟག་བློ་ཁྱད་བཞིན། །རྣམ་འགྱུར་ཆ་ལུགས་སྣ་ཚོགས་སྟོན། །རིག་འཛིན་སྤྱི་ཡི་གཟིགས་སྣང་ངོར། །དམར་སྨུག་གཡུ་ཡི་ཁྲབ་རྨོག་ཅན། །རྟ་དམར་གསེར་དངུལ་རྒྱན་ལྡན་བཅིབས། །ཟངས་ཀྱི་མདུང་དམར་བ་དན་ཅན། །འཁོར་གསུམ་ལ་སོགས་དཔའ་ཆས་བརྗིད། །དགྱེས་སྡེ་ཀླུ་དང་སྨན་མོ་རྩེན། །བཙན་བདུད་ཀླུ་སྲིན་ཕོ་ཉར་འགྱེད། །འཁོར་ཚོགས་སྤྲུལ་པ་མང་དུ་སྟོན། །ཀུན་ཀྱང་འདིར་བྱོན་དགྱེས་པར་བཞུགས། །རྨད་བྱུང་ཤིང་སྣ་ཕྱེ་མར་སོགས། །ལོངས་སྤྱོད་འབྱོར་རྒུའི་དུད་པའི་སྤྲིན། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །ཟག་མེད་བདུད་རྩིར་བསྒྱུར་བ་འདིས། །དཀར་པོའི་ཕྱོགས་སྐྱོང་ཟོ་དོར་གཙོ། །ལོ་མཆོག་རྡོ་རྗེ་རབ་བརྟན་བསང་། །དགྱེས་སྐོང་ཀླུ་མོ་འོད་ལྡན་བསང་། །ལྷ་སྨན་དགྲ་བླའི་རྒྱལ་མོ་བསང་། །བཀའ་བློན་གནོད་སྦྱིན་དགྲ་འདུལ་བསང་། །གནས་སྲུང་གསང་སྔགས་བསྟན་སྐྱོང་བསང་། །སྦྲུལ་ཟོམ་རྡོ་རྗེ་རྩེ་རྒྱལ་བསང་། །གྲུབ་ཆུའི་རྗེ་རིགས་ཀླུ་རྣམས་བསང་། །བཙན་བདུད་ཀླུ་སྲིན་བརྒྱད་ཚན་བཞི། །འཁོར་ཚོགས་སྤྲུལ་པར་བཅས་རྣམས་བསང་། །མཁའ་དབྱིངས་དོགས་པོར་བྱེད་འདྲ་བའི། །འདོད་འབྱུང་བསང་གི་མཆོད་སྤྲིན་གྱིས། །ཐུགས་རྒྱུད་མཉེས་ཤིང་ཚིམ་མཛད་པ། །པད་འབྱུང་རྣམ་སྣང་ལོ་ཙཱ་དང་། །དཔལ་ཆེན་དགའ་ལོ་ཀརྨ་པ། །བསམ་གཏན་སྙིང་པོ་ལྷ་དབང་མཚན། །དཀོན་མཆོག་དབང་ཕྱུག་ཧཱུྃ་རལ་རྗེ། །འགྱུར་མེད་རྒྱལ་མཚན་ལུང་རིག་གླིང་། །གྲུབ་མཆོག་རིག་འཛིན་མཆོག་རྣམས་ཀྱིས། །ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན། །བསྟན་སྲིད་སྤྱི་དང་ཁྱད་པར་དུ། །ཁྱེད་ལ་རེ་ཞིང་ལྟོས་རྣམས་ལ། །བསྲུང་སྐྱོབས་བྱ་ར་མེལ་ཚེ་མཛོད། །ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབ། །མཐུན་པའི་དངོས་གྲུབ་གང་ཡོད་རྣམས། །ནུས་སྟོབས་འབད་མེད་མྱུར་སྩོལ་མཛོད།། ཅེས་ཡུལ་སྐྱོང་རྡོ་རྗེ་རབ་བརྟན་གྱི་བསང་བསྡུས་འདོད་དགུའི་འཁྲི་ཤིང་ཞེས་བྱ་བ་འདི་ཡང་བཙུན་པ་ཚུལ་ཁྲིམས་བཟང་པོའི་ངོར། མགོ་སྤྲུལ་འཇིགས་རྣམ་པས་ཤར་མར་བྲིས་པ་དགེའོ།། དགེའོ།། དགེའོ།།


previousལོ་མཆོག་རྡོ་རྗེ་རབ་བརྟན་གྱི་བསང་མཆོད།next