Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོད་རྟེན་ཡུལ་ལྷ་སྤྱི་བསང་།
   
   
   


 
previous མཆོད་རྟེན་ཡུལ་ལྷ་སྤྱི་བསང་།next

མཆོད་རྟེན་ཡུལ་ལྷ་སྤྱི་བསང་།

༄༅། མཆོད་རྟེན་ཡུལ་ལྷའི་བསང་བསྡུས་འདོད་དོན་ལྷུན་གྲུབ་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱཻ། མདོ་སྨད་རྒྱལ་མོ་ཚ་བ་རོང་། །མཆོད་རྟེན་ཞེས་གྲགས་འཛིན་མའི་ཆར། །གནས་ཤིང་བརྟེན་པའི་ཟོ་དོར་གཙོ། །བཀྲ་ཤིས་སྟ་སྙན་རྨ་ལྷ་ཕྱུག །གཉན་པོ་སོ་ལོ་རྨ་དུང་མཚོ། །དགྱེས་ལྕམ་ཕྱུག་མོ་ལ་སོགས་པའི། །ཕྱོགས་འདིར་གཉུག་མར་གནས་པ་རྣམས། །འཁོར་དང་བཅས་ཏེ་འདིར་བྱོན་ལ། །བསང་མཆོད་འདོད་དགུའི་སྤྲིན་ཆེན་པོ། །དགྱེས་ཤིང་བརྩེ་བས་བཞེས་སུ་གསོལ། །བཞེས་ནས་དུས་མིན་ཁ་ཆར་རླུང་། །གཅན་སྤྱང་གག་པ་ལ་སོགས་པའི། །གདུག་རྩུབ་གནོད་པའི་སྦྱོར་བ་སོལ། །ཆོས་དང་མཐུན་པའི་སྡོང་གྲོགས་མཛོད། །ཁྱེད་རྣམས་རྣམ་སྣང་ལོ་ཙཱ་དང་། །གཡུ་སྒྲ་སྙིང་པོ་ཀརྨ་པ། །ཁྲག་འཐུང་དཔའ་བོ་ཡབ་སྲས་སོགས། །རིག་འཛིན་བརྒྱུད་པའི་བཀའ་དམ་བཞིན། །སྔ་འགྱུར་བསྟན་དང་དེ་འཛིན་སྤེལ། །ལྗོངས་འདིའི་མི་ནོར་བསྲུང་སྐྱོབས་མཛོད། །ཁྱད་པར་རྣལ་འབྱོར་ཡོན་མཆོད་ཀྱིས། །གང་བརྩམས་འདོད་དོན་ལྷུན་གྲུབ་མཛོད།། ཅེས་མཆོད་རྟེན་ཡུལ་ལྷའི་བསང་བསྡུས་འདོད་དོན་ལྷུན་གྲུབ་འདི་ནི་སྔགས་བན་འཇིགས་རྣམ་པས་བྲིས།


previous མཆོད་རྟེན་ཡུལ་ལྷ་སྤྱི་བསང་།next