Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་རབས་རྗེས་འཛིན་གསོལ་འདེབས།


 
previousཚེ་རབས་རྗེས་འཛིན་གསོལ་འདེབས།no next

ཚེ་རབས་རྗེས་འཛིན་གསོལ་འདེབས།

༄༅། ཚེ་རབས་རྗེས་འཛིན་གསོལ་འདེབས་འབད་མེད་མྱུར་གྲོལ་བཞུགས། ཨེ་མ་ཧོ། དཀོན་མཆོག་རྒྱལ་ཀུན་ཡེ་ཤེས་མཁའ་དབྱིངས་ལས། །བརྩེ་ཆེན་ཐུགས་རྗེའི་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །ཕུན་ཚོགས་ཡོངས་འདུས་སྣང་བ་འབུམ་བརྡལ་བས། །ལྷུན་གྲུབ་འགྲོ་དོན་མཛད་ལ་གསོལ་བ་འདེབས། །དབྱངས་ཅན་ངག་ལ་དབང་འབྱོར་ཟིལ་གནོན་དང་། །བསོད་ནམས་སྟོབས་ཀྱིས་ཆོས་སྐལ་འབད་མེད་ཐོབ། །མཁྱེན་བརྩེ་ནུས་ལྡན་ཐབས་ཀྱིས་རྒྱལ་བསྟན་འཛིན། །ཕྱོགས་ལས་རྣམ་རྒྱལ་ཁྱེད་ལ་གསོལ་བ་འདེབས། །ཆོ༵ས་དབྱི༵ངས་ཡེ་མཛོད་ཀུ༵ན་གས༵ལ་ཡིད་བཞིན་དབང་། །བློ༵་གྲོ༵ས་དཔལ་ཡོན་རྒྱ༵་མཚོ༵འི་འབྱུང་གནས་མཆོག །དག་སྣང་ཆོས་དབང་ལུང་ཟིན་སྤྲུལ་པའི་སྐུ། །འཇིགས་མེད་རྣམ་རྒྱལ་བཟང་པོར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །མི་འབྲལ་ཐེག་ཆེན་ཆོས་ལ་ལོངས་སྤྱོད་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའང་དད་ལྡན་འགའ་ཡིས་ནན་བསྐུལ་ངོ་མི་ལྡོག་ཙམ་དུ་མགོ་སྤྲུལ་འཇིགས་རྣམ་པས་སོ།


previousཚེ་རབས་རྗེས་འཛིན་གསོལ་འདེབས།no next