Nitartha Digital Library
Tibetan
 
no previousno next

(༡)ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་ཆོས་ཀྱི་འགྲེལ་བཤད་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མེ་ལོང་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་རྣམས་ཐུགས་རྗེའི་སྔགས་དང་ཤེས་རབ་ཕ་རོལ་ཕྱིན་རྫས་ལས། །མི་ཡི་གཟུགས་ཀྱིས་ཐོས་དང་བསམ་པའི་བརྩེ་ཐབས་ལ་མཁས་ཤིང་། །བདུད་སྡེའི་དཔུང་རྣམས་རྣམ་པར་ཕམ་བྱེད་ངོ་མཚར་སྒྱུ་མའི་དཔུང་། །མཁས་པའི་དོན་མཐུན་

(༢)

(༣)རྣམས་ཀྱི་འདྲེན་མཛད་བླ་མ་རྣམས་ལ་འདུད། །བྱམས་པའི་སྤྲིན་གྱིས་མ་ལུས་སེམས་ཅན་ཁམས་བྱས་མཛད་དེ། །ཆོས་ཆུའི་ཆར་གྱིས་མཐའ་ཡས་ཞིང་རྣམས་ཀུན་ནས་རླན་གྱུར་ལ། །དགེ་ལེགས་འབྲས་བུའི་མཆོག་གིས་རབ་ཏུ་འགེངས་མཛད་རྒྱལ་བ་ཡི། །སྲས་ཀྱི་ཐུ་བོ་གང་ལགས་དེ་ལ་དངོས་པོ་ཀུན་གྱིས་བདུད། །དཔལ་ལྡན་ཤ་བ་རི་དབང་གི །དྲིན་གྱིས་ཕྱག་རྒྱ་ཆེ་བརྙེས་པས། །གང་དུ་བླ་མའི་བསྟན་ཆོས་ནི། །འབར་གྱུར་མཻ་ཏྲི་བ་ལ་འདུད། །གངས་ཅན་རི་ཡི་སུལ་ནང་དུ། །སྟོང་ཉིད་སེང་གེའི་སྒྲ་བསྒྲགས་པས། །ཀུན་ལས་རྒྱལ་བའི་མི་ཕམ་མགོན། །དམ་པ་སངས་རྒྱས་ལ་འདུད་དོ། །ཟླ་བའི་འོད་ཟེར་གཞོན་ནུ་ནི། །སྐལ་ལྡན་རི་བོའི་རྩེར་ཤར་བས། །རྒྱལ་བའི་ལུང་བསྟན་

(༤)མངོན་མཛད་པ། །བླ་མ་རིན་ཆེན་ཞབས་ལ་འདུད། །སངས་རྒྱས་ཀུན་གྱི་སྙིང་པོའི་གཏེར། །གང་ལས་རིན་ཆེན་སེམས་ཐོབ་པས། །རྒྱལ་སྲས་དཔའ་བོའི་དགའ་བ་མཆོག །སྐྱེད་མཛད་སེམས་ཅན་རྣམས་ལ་འདུད། །རྒྱལ་བ་རྣམས་ཀྱི་རྒྱ་ཆེན་གསུང་མཐའ་ཡས། །ཀུན་ཀྱང་འགྲོ་ན་ཚད་མའི་མཆོག་ཡིན་ཕྱིར། །མ་ལུས་ཆེན་པོའི་ངག་གིས་བསུས་གྱུར་པ། །བླ་མའི་བསྟན་བཅོས་ཆེ་ལའང་བདག་ཕྱག་འཚལ། །དེ་ལ་བཅོམ་ལྡན་འདས་མ་ཕམ་པའི་ཞལ་སྔ་ནས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དང་དེའི་འགྲེལ་བ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ་དག་ནི་གང་བཤད་པར་བྱ་བའི་ཆོས་ཡིན་ནོ། །དེ་ཡང་སྟོན་པ་བླ་ན་མེད་པ་དང་དེའི་བསྟན་པ་མཐའ་དག་ཚད་མར་གྱུར་པ་ཉིད་དུ་ཉེ་བར་གཟུང་ནས་བཤད་པར་བྱ་བ་ཡིན་པ་ལས། ཐོག་མར་སྟོན་པ་བླ་ན་མེད་པ་ཉིད་དུ་བརྗོད་དེ། དེ་ཡང་འཇིག་རྟེན་དུ་སྟོན་པ་སྣ་ཚོགས་པ་འབྱུང་བ་ནི། དཔལ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས། གསང་བ་པའི་བདག་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས་པ་རྣམས་ལ་བརྒྱ་ལམ་ན་རེས་འགའ་ཞིག་ལ་ལ་དག་ལ་ཆོས་ཀྱི་འདུ་ཤེས་འབྱུང་བ་ནི་འདི་ལྟ་སྟེ། བསྙུང་བར་གནས་པ་ལ་གནས་པར་བྱའོ་ཞེས་དེ་ཙམ་ཞིག་སེམས་ལ་བྱས་ནས་མགུ་བ་བསྐྱེད་ཅིང་ཕྱི་ཕྱིར་དེ་ཉིད་ལ་གོམས་པར་བྱེད་དེ། གསང་བ་པའི་བདག་པོ་དེ་ནི་དགེ་བའི་ལས་སྐྱེ་བའི་ས་བོན་ལྟ་བུ་སྟེ་སེམས་དང་པོའོ། །དེ་ནི་རྒྱུ་ཉིད་ཀྱིས་མཚན་མ་དང་བཅས་པའི་ཉི་མ་དེ་དང་དེ་དག་ལ་ཕ་མ་དང་བུ་དང་བུ་མོ་དང་མཛའ་བཤེས་དང་ཉེ་དུ་དག་ལ་སྦྱིན་པ་བྱིན་པར་བྱེད་དེ། འདི་ནི་མྱུ་གུ་ལྟ་བུ་སྟེ་གཉིས་པའོ། །ཡང་སྦྱིན་པ་དེ་ཉིད་མི་

(༥)བཤེས་པ་དག་ལ་ཡང་སྦྱིན་པར་བྱེད་དེ། འདི་ནི་སྡོང་བུ་ལྟ་བུ་སྟེ་གསུམ་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་སྣོད་དུ་རུང་བ་ཡོངས་སུ་ཚོལ་ཞིང་སྦྱིན་པར་བྱེད་དེ་འདི་ནི་ལོ་མ་ལྟ་བུ་སྟེ་བཞི་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་བླ་མའམ་རོལ་མོ་མཁན་ལ་དགའ་བཞིན་དུ་སྦྱིན་པར་བྱེད་དེ་འདི་ནི་མེ་ཏོག་ལྟ་བུ་སྟེ་ལྔ་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་ཡིད་དགའ་བ་དག་ལ་སྦྱིན་པར་བྱེད་དེ། འདི་ནི་འབྲས་བུ་ལྟ་བུ་སྟེ་དྲུག་པའོ། །གསང་བ་པའི་བདག་པོ་གཞན་ཡང་མཐོ་རིས་སུ་སྐྱེ་བར་བྱ་བའི་ཕྱིར་ཚུལ་ཁྲིམས་བསྲུང་སྟེ་འདི་ནི་གསོས་སུ་གྱུར་པ་ལྟ་བུ་སྟེ་བདུན་པའོ། །གསང་བ་པའི་བདག་པོ་གཞན་ཡང་སེམས་དེ་ལྟ་བུ་ཉིད་ཀྱིས་འཁོར་བར་རྒྱུ་བ་ན་དགེ་བའི་བཤེས་གཉེན་ལ་ལ་ཞིག་ལས་ཚིག་འདི་སྐད་ཐོས་ཏེ། ལྷ་འདི་དག་ནི་ལྷ་ཆེན་ཏེ། །ཐམས་ཅད་ལ་ནི་བདེ་བ་སྟེར། །དེ་ལ་ཁྱོད་ཀྱིས་གུས་མཆོད་དང་། །ཐམས་ཅད་གྲུབ་པ་ཉིད་དུ་འགྱུར། །དེ་དག་ཀྱང་འདི་ལྟ་སྟེ། །དབང་ཕྱུག་དང་ནི་ཚངས་པ་དང་། །དེ་བཞིན་ཁྱབ་འཇུག་བདེ་བྱེད་དང་། །དྲག་པོ་སྐོམ་བྱེད་དེ་བཞིན་དུ། །ཉི་མ་ཟླ་བ་ཆུ་ལྟ་ཉིད། །ཀུ་བེར་ནོར་སྦྱིན་བརྒྱ་བྱིན་དང་། །མིག་མི་བཟང་དང་སྣ་ཚོགས་འབྱུང་། །གཤིན་རྗེ་དུས་མཚམས་མྱ་ངན་འདས། །འཇིག་རྟེན་གཙོ་ཞེས་བྱ་བ་དང་། །མེ་དང་རྣམ་པར་འདུད་པའི་བུ། །དེ་བཞིན་ལྷ་མོ་དཀའ་ཐུབ་ཟློག །པདྨ་དང་ནི་འཇོག་པོའི་ཀླུ། །ནོར་ལྡན་དང་ནི་དུང་ཞེས་བྱ། །ཀར་ཀོ་ཏ་ཀ་པདྨ་ཆེ། །རིགས་ཅན་དང་ནི་གདེངས་ཀ་མང་། །རྟག་ཏུ་མཐའ་ཡས་ཐོག་མའི་ལྷ། །དེ་བཞིན་ལྷ་དང་དྲང་སྲོང་མཆོག །རིག་བྱེད་རིག་བྱེད་སྐྱེས་བུ་ཡིན། །མཁས་པས་མཆོད་པ་གྱིས་ཤིག་ཅེས། །

(༦)དེ་ལས་དེ་ཡི་ཚིག་ཐོས་ནས། །ཡིད་ནི་ཡང་དག་མགུ་གྱུར་ཏེ། །དེ་ཚེ་རབ་ཏུ་གུས་ལྡན་པས། །དེ་དག་ལ་ནི་ནན་ཏན་བྱེད། །གསང་བ་པའི་བདག་པོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་འཁོར་བ་ན་ཀུན་དུ་འཁྱམ་པ་རྣམས་ཀྱི་དབུགས་ཕྱིན་པའི་མཆོག་ཡིན་ཏེ། འདི་ནི་སྟོབས་སུ་གྱུར་པ་སྟེ་སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དོ། །ཞེས་གསུངས་པ་ལྟར་སེམས་བརྒྱད་པ་ལ་གནས་པའི་ཚེ་རང་རང་གི་སྟོན་པ་སྣ་ཚོགས་ལ་བརྟེན་མོད་ཀྱི། སྟོན་པ་དེ་དག་གིས་ནི་སྲིད་པ་ལས་གྲོལ་བར་མི་བྱེད་ཅིང་སྐྱོན་དང་བཅས་པ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ཁོ་ན་སྐྱོན་མེད་པའི་སྟོན་པ་སྟེ། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་ཡངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ། །ཡོན་ཏན་འཛིན་ལ་ཞན་པས་ན། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། །གཞན་ལ་སྐྱབས་སུ་མཆིས་པར་གྱུར། །ཞེས་བཤད་པ་ལྟར་དབང་ཕྱུག་ལ་རོགས་པ་རྣམས་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་དེ་དག་གིས་བཤད་པ་རྣམས་ཀྱང་བསམ་པ་རླག་པར་བྱེད་པས་སངས་རྒྱས་ལ་གུས་པ་སྐྱེ་བར་དཀའ་སྟེ། དེ་ཉིད་ལས། དེ་ལྟར་ཐམས་ཅད་མཁྱེན་མིན་པའི། །གྲུབ་མཐའི་སྐྱོན་གྱིས་རླག་སེམས་ལྡན། །བསམ་རླག་རྣམས་ཀྱིས་སྐྱོན་མེད་པའི། །སྟོན་པ་ཁྱོད་ཀྱང་མི་མཐོང་ངོ་། །ཞེས་གསུངས་སོ། །དེ་ལྟར་སྟོན་པ་མཆོག་དང་མཆོག་མ་ཡིན་པ་དཔྱོད་པ་ན། རྣམ་འགྲེལ་ལས། འདི་ནི་འདི་ལྟ་མིན་ནོ་ཞེས། །གཞན་ལ་སྐྱོན་ལྡན་སྐྱོན་མེད་པའང་། །ཚད་མ་རྣམས་ནི་རྙེད་དཀའི་ཕྱིར། །རྟོགས་དཀའ་ཞེས་ནི་གཞན་

(༧)གྱིས་ཤེས། །ཞེས་བྱ་བས་ཕ་རོལ་ཐམས་ཅད་མཁྱེན་པ་ཡིན་པ་དང་མ་ཡིན་པར་རྟོགས་པར་དཀའ་མོད་ཀྱི། ལྷ་ལས་ཕུལ་བྱུང་དུ། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར་ལུང་གང་ལ་མངོན་སུམ་དང་རྗེས་སུ་དཔག་པའི་གནོད་པ་མེད་ཅིང་ཤིན་དུ་ལྐོག་ཏུ་གྱུར་པའི་དོན་སྟོན་པ་དག་ལ་ཡང་ཕན་ཚུན་འགལ་བ་མེད་པ་ནི་ལུང་རྣམ་པར་དག་པ་ཡིན་པས་དེ་གསུང་བ་པོ་སངས་རྒྱས་ནི་ཚད་མའི་སྐྱེས་བུའོ། །སངས་རྒྱས་ཀྱི་གསུང་ལ་ཕན་ཚུན་འགལ་བ་མེད་དེ། ཁྱད་པར་འཕགས་བསྟོད་ལས། རྒྱས་པས་དྲན་པའི་ཆུ་འཐུངས་པས། །མང་པོ་བགྱིས་པའི་ཚིག་དག་ནི། །ལྷག་འོག་འགལ་བར་འགྱུར་ཞེས་ཐོས། །ཐུབ་པ་ཁྱེད་ཀྱི་ཀུན་ཀྱང་མིན། །ཞེས་འབྱུང་བ་ལྟར་རོ། །དེ་ལྟར་སངས་རྒྱས་པའི་གྲུབ་པའི་མཐའ་འཛིན་པའི་སློབ་དཔོན་ཆེན་པོ་རྣམས་སངས་རྒྱས་ཀྱི་གསུང་དུ་ངེས་ཕན་ཆད་གསུང་ཚད་མར་མཛད་མོད་ཀྱི། གངས་ཅན་གྱི་ཕྱོགས་འདི་ན་སྟོན་པ་ཐུགས་རྗེ་ཤིན་དུ་ཆེ་བ་ཉིད་ཀྱིས་ཚད་མ་དང་མི་ལྡན་པར་གསུངས་པ་ནི་ཤིན་དུ་མང་ལ། དྲང་པོར་གསུངས་པ་ནི་ཉུང་ཤས་ཤིག་ཏུ་འཛིན་ཏོ། །འདི་འདྲ་བས་ནི་སྟོན་པ་དང་བསྟན་པ་ལ་བརྙས་ཤིང་གནོད་པ་ཆེན་པོར་འགྱུར་བས་འདིར། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གཞན་མིན་པ། དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་གཤིག་ཕྱིར་དེ་ཡང་དམ་ཆོས་ཀྱི་ནི་གནོད་

(༨)པ་བྱེད་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་བླ་མའི་བསྟན་བཅོས་འདིས་ནི་བཀའ་ཐམས་ཅད་ཚད་མ་དང་ལྡན་པར་སྟོན་ཞིང་། དེ་དག་གི་དྲང་བ་དང་ངེས་པའི་དོན་གྱི་ཁྱད་པར་ཡང་སྟོན་པར་མཛད་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་བྱམས་པས་མཛད་པ་ལས་མངོན་པར་རྟོགས་པའི་རྒྱན་དང་། མདོ་སྡེའི་རྒྱན་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་སྟེ་གསུམ་པོ་དག་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་དཔལ་རྩེགས་དང་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཞིང་བཤད་པ་ཡང་བྱུང་ངོ་། །རྒྱུད་བླ་མ་དང་། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་གཉིས་པོ་འགྲེལ་བ་དང་བཅས་པ་ནི་མཆོད་རྟེན་ཞིག་གི་བུག་པ་ལས་འོད་འབྱུང་བ་མངའ་བདག་མཻ་ཏྲི་བས་གཟིགས་ཏེ་འོད་འབྱུང་ནས་ཅི་ཞིག་ཡོད་སྙམ་དུ་བཙལ་བས་བསྟན་བཅོས་གཉིས་པོའི་དཔེ་བྱུང་སྟེ། གྱེས་ནས་རྗེ་བཙུན་ལ་གསོལ་བ་བཏབ་པ་ལས་སྤྲིན་གྱི་མཐོངས་སུ་མངོན་སུམ་དུ་བྱོན་ཏེ་ལུང་ལེགས་པར་སྩལ་ཏེ་ཞེས་གྲག་གོ །དེ་ནས་པཎྜི་ཏ་དགའ་བའི་གྲགས་པ་ཞེས་བྱ་བས་མངའ་བདག་ལས་མཉན་ཏེ་དཔེ་ཁྱེར་ནས་སྤྲང་པོའི་ཆས་ཀྱིས་ཁ་ཆེར་བྱོན་པ་ན་པཎྜི་ཏ་ཆེན་པོ་སཛྫ་ནས་མཁས་པ་ཡིན་པར་ངོ་ཤེས་ཏེ་རང་གི་གནས་སུ་སྤྱན་དྲངས་ནས་བསྟན་བཅོས་གཉིས་པོ་གསན་ཞིང་དཔེ་ཡང་བྲིས་སོ། །དེ་ལ་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་གསན་ནས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་ཞིང་བོད་ཀྱི་ཡུལ་དུ་རྒྱ་ཆེར་བཤད་པ་མཛད་དོ། །གྲ་པ་མངོན་ཤེས་ཀྱི་མཁན་བུ་བཙན་ཁ་བོ་ཆེས་ཞེས་གྲགས་པས་ཀྱང་ལོ་ཙཱ་བ་ཆེན་པོ་དང་ལྷན་ཅིག་ཏུ་ཁ་ཆེར་བྱོན་ཏེ། སཛྫ་ན་ལ་ཁོ་བོ་བཅོམ་ལྡན་འདས་བྱམས་པའི་ཆོས་རྣམས་ལ་འཆི་ཆོས་བགྱིད་པས་གདམས་པ་དང་བཅས་ཏེ་ཐུགས་ལ་གདགས་པར་

(༩)ཞུས་པ་ལས་ལོ་ཙཱ་བ་གཟུ་དགའ་བ་རྡོ་རྗེས་ལོ་ཙཱ་བྱས་ནས་ཆོས་ལྔ་པོ་ཐམས་ཅད་གསུངས་ཤིང་། རྒྱུད་བླ་མ་ལ་གདམས་པ་ཡང་ལེགས་པར་གནང་ནས་བཙན་གྱིས་བོད་དུ་འོངས་ཏེ་དབུས་གཙང་དུ་དུ་མ་ཞིག་ལ་བཤད་པ་མཛད་དོ། །ལོ་ཙཱ་བ་གཟུ་དགའ་བ་རྡོ་རྗེས་རྒྱུད་བླ་མ་ལ་སཛྫ་ནའི་གསུང་དང་མཐུན་པར་ཊཱི་ཀ་མཛད་ཅིང་། ཆོས་ཉིད་རྣམ་འབྱེད་རྩ་འགྲེལ་ཀྱང་བསྒྱུར་རོ། །དེ་ལྟར་ན་བླ་མ་དང་ཆོས་ཉིད་རྣམ་འབྱེད་གཉིས་པོ་མངའ་བདག་མཻ་ཏྲི་བའི་སྔ་རོལ་དུ་འཕགས་པའི་ཡུལ་དུ་མ་དར་ཏེ། བརྒྱད་སྟོང་འགྲེལ་ཆེན་ལ་དགོས་པའི་བསྟན་བཅོས་ཆེན་པོ་རྣམས་སུ་ཡང་གཉིས་པོ་ཟུར་ཙམ་ཡང་མ་བྱུང་ངོ་། །ལོ་ཙཱ་བ་ཆེན་པོས་འགྱུར་མཛད་པ་ལས་ཆེས་སྔ་བར་ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་དང་ནག་ཚོས་འགྱུར་མཛད་དེ། འགྱུར་དེ་ལ་བརྟེན་ནས་ཤ་ར་བ་ཆེན་པོས་བཤད་པ་མཛད་སྣང་སྟེ་ཕྱིས་སློབ་མ་ཕལ་ཆེར་རྔོག་འགྱུར་ལ་དགའ་བའི་དབང་དུ་མཛད་ནས་རྔོག་གི་འགྱུར་ལ་བཤད་པ་ཚར་གཉིས་སུ་མཛད་དོ། །རྔོག་གིས་རྒྱུད་བླ་མའི་འགྲེལ་བ་ལ་ཊཱི་ཀ་ཆུང་ཡང་མཛད་ཅིང་། དེ་ལ་བརྟེན་ནས་གྲོ་ལུང་པ་དང་། ཞང་ཚེས་ཀྱིས་ཀྱང་ཊཱི་ཀ་མཛད་དེ། དེ་གཉིས་ལ་བརྟེན་ནས་ཉང་བྲན་གྱིས་ཀྱང་ཊཱི་ཀ་མཛད་ལ། ཕྱི་ནས་སློབ་དཔོན་ཕྱྭ་བ་དང་། གཙང་ནག་པ་དང་། དན་བག་པ་ལ་སོགས་པ་མང་པོས་ཊཱི་ཀ་མཛད་དེ་ལུགས་དེ་ཤིན་དུ་དར་རོ། །དེ་ལ་བླ་མའི་བསྟན་བཅོས་འདིའི་བཤད་པ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཇི་ལྟ་བུ་ཡིན་པ་རང་རང་གི་འདོད་པ་བཀོད་ནས་དེ་ལ་གཞི་འཆའ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་གསུང་རབ་དག་ལས་སྟོང་པ་ཉིད་མེད་པར་དགག་

(༡༠)པའི་མཚན་ཉིད་ཅན་དང་། སེམས་ཀྱི་རང་བཞིན་འོད་གསལ་བ་དང་།  ཀུནགཞིརྣམ་པར་ཤེས next hit་པ་དང་། བྱང་ཆུབ་སེམས་དཔའམ་སེམས་ཅན་ཐམས་ཅད་དེ་རྣམ་པ་བཞི་ལ་བརྗོད་པར་མཐོང་ལ། བསྟན་བཅོས་འདི་ཉིད་ལས་ནི་ཆོས་ཀྱི་སྐུ་དང་། དེ་བཞིན་ཉིད་དང་། རིགས་ཏེ་རང་གི་མཚན་ཉིད་གསུམ་དང་། ཕྱིའི་མཚན་ཉིད་རྣམ་པར་མི་རྟོག་པ་སྟེ་དོན་རྣམ་པ་བཞི་ལ་བཤད་དོ། །ལོ་ཙཱ་བ་ཆེན་པོ་རྗེས་སུ་འབྲང་བ་དང་བཅས་པས་ནི་རིགས་པའི་ཚོགས་ལས་བཤད་པའི་མེད་པར་དགག་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དམ་དོན་དམ་པ་དེ་བཞིན་གཤེགས་པའི་སྙིང་པོར་ཁས་བླངས་ནས་ཡོན་ཏན་རང་བཞིན་གྱིས་ལྡན་པའི་དོན་སྟོང་པ་ཉིད་དེ་ལ་དམིགས་ན་ཡོན་ཏན་ཐམས་ཅད་བོས་པ་བཞིན་དུ་འདུ་བས་རང་བཞིན་གྱིས་ལྡན་ཞེས་བརྗོད་ཅིང་། རྣམ་པར་བྱང་བའི་རྒྱུ་མཚན་རྣམ་པར་བྱང་བའི་ཡེ་ཤེས་ཀྱི་དམིགས་པ་ལ་བྱས་ནས་དེ་གསར་དུ་བཞག་ཏུ་མེད་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ཡང་ཀུན་ནས་ཉོན་མོངས་པས་སྒྲོ་བཏགས་པའི་གང་ཟག་དང་ཆོས་ཀྱི་བདག་ལ་བྱས་ནས་ཉོན་མོངས་ཀྱི་དམིགས་པ་དེ་གཏན་མ་གྲུབ་པས་སྔར་ཡོད་བསལ་དུ་མེད་པ་ལ་འཆད་ཅིང་། ཆོས་ཀྱི་སྐུས་ཁྱབ་པའི་དོན་ཡང་སེམས་ཅན་གྱིས་ཆོས་ཀྱི་སྐུ་དེ་ཐོབ་ཏུ་རུང་བའི་དོན་དུ་འཆད་དོ། །དེ་ལ་རྗེ་སྒམ་པོ་བའི་ཞལ་ནས། འོ་ཀོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡིན་ནོ་ཞེས་གསུངས་པའི་རྗེས་སུ། རྗེ་ཁམས་པ་ལ་སོགས་པའི་མན་ངག་ཡང་དག་པར་རིག་པ་རྣམས་འབྲང་ཞིང་བཞེད་པར་སྣང་ངོ་། །དེ་ལ་ཆོས་རྗེ་རྒོད་ཚང་བའི་ཞལ་ནས། སྤྱིར་རྒྱལ་

(༡༡)བ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཕྱག་རྒྱ་ཆེན་པོ་ཞེས་ལམ་ཕུལ་དུ་བྱུང་བར་མགོ་འདོན་མཁན་དེ་བྲམ་ཟེ་ཆེན་པོ་ས་ར་ཧ་སྟེ། དེའི་ལུགས་འཛིན་པ་རྒྱ་གར་ན་རྗེ་རི་ཁྲོད་ཞབས་ཡབ་སྲས་ཡིན་ལ་བོད་དུ་བླུན་པོ་བ་ལང་རྫི་ལ་ཡང་ཕྱག་རྒྱ་ཆེན་པོའི་བཀའ་ཞོགས་པ་འདི་རྗེ་སྒམ་པོ་བའི་སྐུ་དྲིན་དུ་གདའོ་ཞེས་གསུང་ངོ་། །དེ་ཡང་ཡབ་སྲས་ཤེས་བརྗོད་པའི་སྲས་ནི་མངའ་བདག་ཆེན་པོ་མཻ་ཏྲི་བ་སྟེ། དེའི་གཞུང་ཆུང་མང་དུ་འགྱུར་བ་ལས། དེ་ཁོ་ན་ཉིད་བཅུ་པ་དང་། དེའི་འགྲེལ་བ་པཎྜི་ཏ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ་ནི་ཆེས་གསལ་བར་སྣང་ངོ་། །གཞན་ཡང་མཻ་ཏྲི་བའི་དངོས་ཀྱི་སློབ་མ་པཎྜི་ཏ་བཛྲ་སཱ་ཎིས་བོད་དུ་མཁས་པ་མང་པོ་ལ་ལུགས་དེ་རྒྱ་ཆེར་བཤད་ལ། མཻ་ཏྲི་བའི་དངོས་སློབ་དམ་པ་སངས་རྒྱས་ཀྱིས་ཀྱང་ངོ་བོ་ཕ་རོལ་དུ་ཕྱིན་པ། གསང་སྔགས་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་ཆེན་པོའི་ཆོས་ལ་སྡུག་བསྔལ་ཞི་བྱེད་ཅེས་བྱ་བའི་མཚན་གསོལ་ནས་བོད་དུ་སློབ་མ་མཐའ་ཡས་པ་ལ་རྒྱ་ཆེར་གསུངས་སོ། །བཙན་ཁ་བོ་ཆེ་ལས་བརྒྱུད་པའི་མན་ངག་གི་ཡི་གེ་དང་གཞུང་བཤད་པ་འབྱུང་བ་རྣམས་ཀྱང་མངའ་བདག་མཻ་ཏྲི་བ་དང་མཐུན་པ་ཁོ་ནར་མཐོང་ངོ་། །ད་ནི་དེ་བཞིན་གཤེགས་པའི་སྙིང་པོ་རིམ་པ་བརྒྱད་པོ་དེ་དག་ཉིད་ཇི་ལྟར་ཡིན་པ་བརྗོད་པར་གྱིས་ཤིག་ཅེ་ན། བརྗོད་པར་བྱ་སྟེ། དེ་ཡང་ལྡོག་པ་བསྡུས་པ་ལས། །དགག་པའི་རྣམ་གྲངས་ཇི་སྙེད་པ། །མེད་དང་མ་ཡིན་གཉིས་སུ་འདུ། །ཞེས་བཤད་པ་ལས་མེད་པར་དགག་པ་ནི་ལྡོག་པ་བསྡུས་པར། མེད་པའི་བསྟན་བྱ་དོན་མེད་དེ། །ཞེས་བཤད་ལ། མ་ཡིན་པར་དགག་པ་ནི། མ་ཡིན་པ་ནི་དོན་མེད་པའོ། །ཞེས་བཤད་ཅིང་། འགྲེལ་བར་

(༡༢)དེ་ལ་མེད་པར་དགག་པའི་བསྟན་པར་བྱ་བའི་ཡུལ་ཇི་ལྟར་མེད་ཅེ་ན། འདི་ལྟར་མེད་པ་ཙམ་ཁོང་དུ་ཆུད་པར་བྱེད་པ་ནི་དོན་གྱི་དངོས་པོ་གང་ཡང་ཁས་མི་ལེན་པའི་ཕྱིར་དོན་གྱི་དེ་ཁོ་ན་ཉིད་མེད་དོ། །མ་ཡིན་པར་དགག་པ་ནི་ཡོད་པ་ཡིན་ཏེ། གང་ལྟར་ཡང་དངོས་པོའམ་དངོས་པོ་མེད་པའི་དངོས་པོ་ལ་དམིགས་པ་དམ་འཆའ་བའི་ཕྱིར་དམིགས་པའི་དོན་ཡོད་པས་དམིགས་སུ་ཡོད་པའོ། །ཞེས་དང་། ཡང་དེ་ཉིད་དུ། དེ་བཞིན་མེད་པ་དངོས་སུ་འཇུག །མ་ཡིན་པ་ནི་བརྒྱུད་པས་སོ། །ཞེས་འབྱུང་ལ། དེའི་འགྲེལ་བར། མེད་པར་དགག་པ་ནི་སྒྲའི་འཇུག་ཚུལ་དངོས་སུ་འཇུག་སྟེ། དཔེར་ན་རི་བོང་ལ་རྭ་མེད་པར་བསྟན་པའི་ཕྱིར་དམུས་ལོང་དག་ལ་འདི་སྐད་དུ་མགོ་ལ་རྣོ་བ་རྣོ་བའི་རང་བཞིན་མ་སྐྱེས་པས་རི་བོང་གི་རྭ་མེད་ཅེས་བརྗོད་ན་རྭ་མེད་པ་ཉིད་གོ་བར་བྱེད་ཀྱི། གཞན་ཞིག་གོ་བར་མི་བྱེད་དོ། །མ་ཡིན་པར་དགག་པ་ནི་བརྒྱུད་པའི་ཚུལ་གྱིས་འཇུག་སྟེ། དཔེར་ན་རྒྱལ་རིགས་ལ་བྲམ་ཟེ་མ་ཡིན་པ་ཞེས་བྱ་བའི་སྒྲ་བརྗོད་ན་དེ་བྲམ་ཟེ་བཀག་པས་གོ་བར་བྱ་བ་གཞན་རྒྱལ་རིགས་ཡོད་དེ། དེའི་ཕྱིར་བརྒྱུད་པའི་ཚུལ་གྱིས་ཡིན་ནོ། །ཞེས་བཤད་ལ། གཞུང་དེ་དང་མཐུན་པར། རྟོག་གེ་འབར་བ་ལས། འདིར་ནི་ས་ལ་སོགས་པ་དག་དོན་དམ་པར་ན་འབྱུང་བ་ཡི། ངོ་བོ་ཉིད་མིན། ཞེས་གསུངས་པའི་འགྲེལ་བར། མིན་ཞེས་བྱ་བ་ནི་དགག་པ་སྟོན་པའི་སྒྲ་སྟེ། མ་ཡིན་ཞེས་བྱ་བར་སྦྱར་རོ། །གང་ཞིག་ཅི་ཞིག་མ་ཡིན་ཞེ་ན། ས་ལ་སོགས་པ་དག་དོན་དམ་པར་ན་འབྱུང་བའི་ངོ་བོ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདིར་མིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་གཟུང་གི་མ་ཡིན་པར་དགག་པའི་དོན་དུ་ནི་མི་གཟུང་ངོ་། །མེད་པར་དགག་པ་དང་མ་

(༡༣)ཡིན་པར་དགག་པ་ཞེས་བྱ་བ་དེ་གཉིས་ཀྱི་བྱེ་བྲག་ཇི་ལྟ་བུ་ཞེ་ན། མ་ཡིན་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་དགག་པས་དེ་དང་འདྲ་བ་དེ་ལས་གཞན་པའི་དངོས་པོའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་སྟེ་དཔེར་ན་བྲམ་ཟེ་མ་ཡིན་ནོ་ཞེས་དགག་པས་བྲམ་ཟེ་དེ་འདྲ་བ་དེ་ལས་གཞན་པ་བྲམ་ཟེ་མ་ཡིན་པ་དཀའ་ཐུབ་དང་ཐོས་པ་ལ་སོགས་པས་དམན་པའི་དམངས་རིགས་ཡིན་པར་སྒྲུབ་པ་ལྟ་བུའོ། །མེད་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་ཙམ་ཞིག་འགོག་པར་ཟད་འགོག་པ་ཙམ་དུ་ཟད་ཀྱི་ཞེས་ཟད་།།།ཀྱི་དེ་དང་འདྲ་བ་དེ་མ་ཡིན་པ་གཞན་གྱི་དངོས་པོ་སྒྲུབ་པར་མི་བྱེད་པ་སྟེ། དཔེར་ན་བྲམ་ཟེས་ཆང་བཏུང་བར་མི་བྱའོ་ཞེས་བྱ་བ་དེ་ཙམ་ཞིག་འགོག་པར་ཟད་ཀྱི་དེ་ལས་གཞན་པའི་བཏུང་བ་བཏུང་ངོ་ཞེའམ་མི་བཏུང་ངོ་ཞེས་མི་བརྗོད་པ་ལྟ་བུའོ། །ཞེས་གསུངས་ཏེ། མེད་པར་དགག་པ་ཞེས་བྱ་བ་དགག་བྱ་གང་ཡང་རུང་བ་དེ་བཀག་ཙམ་ལས་དོན་གཞན་མི་སྒྲུབ་པ་རི་བོང་གི་མགོ་ལ་མེད་ཅེས་པ་ལྟ་བུ་ཡིན་པར་ཕྱི་རོལ་བ་དང་སངས་རྒྱས་པའི་གྲུབ་པའི་མཐའ་སྒྲ་བ་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་ཏེ། །ས་སོགས་དོན་དམ་པར་འབྱུང་བའི་ངོ་བོ་ཉིད་མ་ཡིན་ཞེས་པའི་དགག་པ་ཡུལ་དུ་བྱེད་པའི་དོན་དམ་ནི་འཕགས་པའི་སྤྲོས་མེད་སོ་སོ་རང་གིས་རིག་པའི་ཡེ་ཤེས་ལ་བྱ་བ་མ་ཡིན་གྱི། སྤྲོས་བཅས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། དེ་ཡང་རྟོག་གེ་འབར་བར། འོ་ན་དོན་དམ་པ་ནི་གང་དག་བློ་ཐམས་ཅད་ལས་འདས་པ་ཡིན་ལ། དངོས་པོའི་ངོ་བོ་ཉིད་དགག་པ་ནི་ཡི་གེའི་ཡུལ་ཡིན་པས་དེའི་ཕྱིར་དགག་པ་མེད་པར་མི་འགྱུར་རམ་ཞེ་ན། དོན་དམ་པ་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་འཇིག་རྟེན་ལས་འདས་པ་ཟག་པ་

(༡༤)མེད་པ་སྤྲོས་པ་མེད་པའོ། །གཉིས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་སྤྲོས་པ་དང་བཅས་པ་སྟེ། འདིར་དེ་དམ་བཅས་པའི་ཁྱད་པར་ཉིད་དུ་གཟུང་བས་ཉེས་པ་མེད་དོ། །ཞེས་འབྱུང་བས་སོ། །སློབ་དཔོན་ཟླ་བས་ཀྱང་བརྒྱ་བའི་རབ་ཏུ་བྱེད་པ་བཅུ་དྲུག་པའི་འགྲེལ་བར། དངོས་པོ་ཀུན་གྱི་དངོས་མེད་ལ། །རྣམ་པར་དབྱེ་བ་མི་རིགས་ཏེ། །རྫས་རྣམས་ཀུན་ལ་གང་མཐོང་བ། །དེ་ནི་རྣམ་དབྱེར་མི་འགྱུར་རོ། །རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར། །རང་བཞིན་བྱས་པ་ཅན་ཉིད་དུ་ཐལ་བའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་རྒྱུ་མེད་པ་ཅན་ཁོ་ན་ཡིན་ལ། རྒྱུ་མེད་པ་ལ་ཡང་ཡོད་པ་ཉིད་མི་སྲིད་པས་མེད་པར་དགག་པ་ལ་བརྟེན་ནས་དངོས་པོ་མེད་པ་ཁོ་ན་རང་བཞིན་ཡིན་ཏེ། དངོས་པོ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་རང་བཞིན་དང་སྟོང་པ་ཉིད་ལ་སོགས་པའི་མཚན་གཞི་ནི་མེད་པར་དགག་པ་ཉིད་ལ་བཞེད་པར་མངོན། དེ་ལྟ་བུའི་སྟོང་པ་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོར་ལེགས་ལྡན་གྱིས་བརྗོད་དེ། རྟོག་གེ་འབར་བར་ཉན་ཐོས་འགའ་ཞིག་གིས་ཐེག་པ་ཆེན་པོར་དེ་བཞིན་གཤེགས་པའི་སྙིང་པོ་ཁྱབ་པའི་མཚན་ཉིད་ཅན་དུ་བསྟན་པས་བདག་མེད་པའི་ཕྱག་རྒྱ་དང་འགལ་ལོ་ཞེས་རྩད་པའི་ལན་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་བྱ་བ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པ་རྣམས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཕྱིར་ཡིན་གྱི། ནང་གི་བྱེད་པའི་སྐྱེས་བུ་རྟག་པ་ཐམས་ཅད་དུ་ཁྱབ་པ་ནི་མ་ཡིན་ཏེ། ཇི་སྐད་དུ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དང་

(༡༥)མཚན་མ་མེད་པ་དང་སྨོན་པ་མེད་པའི་ངོ་བོའོ། །གང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བས་སོ། །ཞེས་བཤད་པའི་ཕྱིར་རོ་སློབ་དཔོན་ཟླ་བས་ཀྱང་འཇུག་འགྲེལ་དུ། ཆོས་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་པ་ཉིད་ཁོ་ན་previous hit ཀུནགཞིརྣམ་པར་ཤེས next hit་པའི་སྒྲས་བསྟན་པ་རིག་པར་བྱའོ། །ཞེས་གསུངས་ཤིང་། དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་ཡོངས་སུ་བསྒྲགས་པར་ལང་གཤེགས་ལས་མང་དུ་གསུངས་པ་དེ་ཡང་སློབ་དཔོན་འདིས་མ་གཟིགས་པ་མི་སྲིད་པས་མེད་པར་དགག་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་སྙིང་པོར་བཞེད་པ་ཡིན་ཏེ། །སེམས་ཅན་སྟོང་པ་ཉིད་དེ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་སུ་བཤད་པ་དེ་དྲང་བའི་དོན་ཡིན་པར་དྲང་ཀར་གཤེགས་པའི་མདོ་དྲངས་ནས་བཤད་པ་དེ་མཐོང་ནས། དབུ་མ་ལ་འཇུག་པར་བདེ་གཤེགས་སྙིང་པོ་དྲང་དོན་དུ་བཤད་ཅེས་གསུང་བ་ཡོད་དེ། ཆ་ཅུང་ཟད་མ་ཕྱེད་པར་གསལ་ལོ། །སློབ་དཔོན་འཕགས་པ་རྣམ་གྲོལ་སྡེ་དང་སློབ་དཔོན་སེང་གེ་བཟང་པོས་མེད་པར་དགག་པའི་སྟོང་པ་ཉིད་ལ་རིགས་དང་ངོ་བོ་ཉིད་ཀྱི་སྐུར་བཤད་ཅིང་། སློབ་དཔོན་ཡེ་ཤེས་སྙིང་པོས་ཆོས་སྐུར་ཡང་བཤད་པས་དོན་གྱིས་ན་སྙིང་པོར་ཡང་བཞེད་དོ། །བསྟན་བཅོས་འདི་ཉིད་ནས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་བྱ་བས་དེ་བཞིན་ཉིད་བཤད་པ་དང་། མདོ་སྡེའི་རྒྱན་ལས། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་བྱ་བ་ལ་སོགས་པས་སེམས་ཀྱི་ཆོས་ཉིད་རིག་པའི་ཁམས་ལ་སྙིང་པོར་བཤད་དེ་

(༡༦)འདི་ནི་ཆོས་ཀྱི་དབྱིངས་སུ་བསྟོད་པ་དང་། སེམས་ཀྱི་རྡོ་རྗེའི་བསྟོད་པ་དང་། བྱང་ཆུབ་སེམས་ཀྱི་རྣམ་འགྲེལ་ལ་སོགས་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་དུ་མ་ནས་བཤད་ཅིང་། འཁོར་ལོ་ཕྱི་མའི་མདོ་སྡེ་རབ་ཏུ་མང་པོ་དག་གིས་ཀྱང་བཤད་པ་ཡིན་ཏེ། །previous hit ཀུནགཞིརྣམ་པར་ཤེས next hit་པ་ལ་དེ་བཞིན་གཤེགས་པའི་སྙིང་པོར་བཤད་པ་ནི་ལང་ཀར་གཤེགས་པ་དང་། རྒྱན་སྟུག་པོ་དག་ལས་མང་དུ་གསུངས་ཤིང་། དཔལ་ཕྲེང་གིས་ཞུས་པ་དང་། རྡོ་རྗེ་གྱུར་ལ་སོགས་པས་ཀྱང་བཤད་པ་ཡིན་ཏེ། །སེམས་ཅན་སྙིང་པོར་བཤད་པ་ཡང་སྒྲོན་གསལ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ཏེ། །ཞེས་བྱ་བ་དང་། འདི་ཉིད་དུ་ཡང་། ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཉིད། །ཅེས་བྱ་བ་ལ་སོགས་པས་བཤད་དོ། །བསྟན་བཅོས་འདི་ཉིད་དུ་བཤད་པའི་སྙིང་པོའི་བཞི་ཚན་ནི་ཕྱི་ནས་མང་དུ་འཆད་དེ་འདིར་མི་སྤྲོའོ། །དེ་དག་གིས་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི་མཛད་པ་པོ་གང་གིས་མཛད་པ་དང་། དེ་སློབ་དཔོན་གང་གིས་རྙེད་པ་དང་། དེ་ལ་དབུ་མའི་གཞུང་ལ་བརྟེན་པ་རྗེས་སུ་དཔག་པའི་ལམ་གྱིས་བཤད་པ་དང་། སྙིང་པོའི་དོན་མངོན་སུམ་གྱི་ལམ་གྱིས་བཤད་པ་སྟེ་བཤད་པའི་རིམ་པ་གཉིས་དང་བཅས་པ་ཇི་ལྟར་བྱུང་བ་མདོ་ཙམ་དུ་བཤད་པ་ཡིན་ནོ།། །།ད་ནི་བསྟན་བཅོས་ཉིད་བཤད་པར་བྱ་བ་ལ། རིམ་པ་གསུམ་སྟེ། མགོ་སློས་པས་གོ་བའི་དབང་པོ་རྣོན་པོ་རྣམས་ལ་མཚན་བཤད་པ་དང་། དབང་པོ་བར་མ་རྣམས་ལ་བསྡུས་པའི་དོན་གྱིས་བཤད་པ་དང་། དབང་པོ་

(༡༧)ཐ་མ་རྣམས་ལ་རྒྱ་ཆེར་སྤྲོས་ཏེ་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུཏྟ་ར་ཏནྟྲ་ཤཱསྟྲ། བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། ཤེས་བྱ་བ་ནི་མཚན་ནོ། །མཚན་འདི་ཙམ་ཐོས་པས་དབང་པོ་རྣོན་པོ་རྣམས་ཀྱིས་ནི་དོན་གྱི་དངོས་པོ་ཕལ་ཆེར་རྟོགས་པར་ནུས་པ་ཉིད་ཏེ། །ཇི་ལྟར་ཞེ་ན། བསྟན་བཅོས་ཤེས་བྱ་བ་འདིས་ནི་རྗོད་པར་བྱེད་པའི་གཞུང་གི་སྤྱིའི་མིང་བསྟན་པ་ཡིན་ལ། ལྷག་མ་རྣམས་ཀྱིས་ནི་བྱེ་བྲག་གི་མཚན་བསྟན་པ་ཡིན་ཏེ། །འདིར་སློབ་དཔོན་བློ་གྲོས་བརྟན་པས་དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད་དུ། ད་ནི་བསྟན་བཅོས་ཀྱི་རང་བཞིན་ཅི་འདྲ་བ་དང་། ཅིའི་ཕྱིར་བསྟན་བཅོས་ཤེས་བྱ་བ་འདི་བཤད་པར་བྱའོ། །མིང་དང་ཚིག་དང་ཡི་གེའི་ཚོགས་སུ་སྣང་བའི་རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ། །ཡང་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པ་རྣམས་བསྟན་བཅོས་སོ། །རྣམ་པར་རིག་པ་རྣམས་ཇི་ལྟར་མཛད་ཅིང་བརྗོད་ཅེ་ན། མཛད་པ་དང་འཆད་པའི་རྣམ་པར་རིག་པ་ལས་ཉན་པའི་རྣམ་པར་རིག་པ་རྣམས་སྐྱེ་བས་འདི་ལ་ཉེས་པ་མེད་དོ། །སློབ་མ་འཆོས་པའི་ཕྱིར་བསྟན་བཅོས་ཏེ། སློབ་མ་འཆོས་པ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཁྱད་པར་བསྐྱེད་པའི་ཕྱིར་ལུས་དང་ངག་དང་ཡིད་ཚོགས་པར་མི་འབྱུང་བའི་ལས་ལས་ཟློག་པ་དང་། ཚོགས་པར་འབྱུང་བའི་ལས་ལ་འཇུག་པའོ། །ཡང་ན་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་བསྟན་བཅོས་ཏེ། ལུང་མནོས་པ་གོམས་པར་བྱས་པས་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཡོང་བར་འགྱུར་བ་དང་། བར་ཆད་

(༡༨)མེད་པ་ཡུན་རིང་བ་སྡུག་བསྔལ་དྲག་པོ་སྣ་ཚོགས་ཀྱིས་འཇིགས་པའི་ངན་སོང་རྣམས་དང་། སྲིད་པ་ལས་སྐྱོབ་པ་གང་ཡིན་པ་དེ་བསྟན་བཅོས་ཀྱི་མཚན་ཉིད་དེ། །དེའི་ཕྱིར་ཉོན་མོངས་པའི་དགྲ་འཆོས་པ་དང་། ངན་འགྲོ་དང་སྲིད་པ་ལས་སྐྱོབ་པས་བསྟན་བཅོས་ཀྱི་མཚན་ཉིད་དེ། དེ་གཉིས་ཀྱང་ཐེག་པ་ཆེན་པོ་ཐམས་ཅད་དང་དེ་བཤད་པ་ཐམས་ཅད་ལ་ཡོད་ཀྱི་གཞན་ལ་མེད་དེ། དེའི་ཕྱིར་འདི་ནི་བསྟན་བཅོས་སོ། །དེ་ལ་སྨྲས་པ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་ཏེ། བསྟན་བཅོས་ཀྱི་སྒྲ་བཤད་པ་ནི་སློབ་དཔོན་འདིས་གསུངས་པ་བཞིན་དུ་གཟུང་བར་བྱ་བ་ཡིན་ལ། གཞན་ལ་མེད་ཅེས་བྱ་བ་འདི་ནི་ཕྱི་རོལ་པ་ཁོ་ན་ལ་གཟུང་གི་ཉན་རང་གི་ཐེག་པས་ནི་ངན་འགྲོ་དང་སྲིད་པ་གཉི་ག་ལས་སྐྱོབ་པའི་ཕྱིར་གཞན་ཞེས་བྱ་བ་འདིའི་ཁོངས་སུ་མི་གཏོགས་སོ། །མིང་ཚིག་གམ་སྒྲར་སྣང་བའི་རྣམ་རིག་བསྟན་བཅོས་སུ་གཟུང་བ་འདི་ནི་བརྟག་པ་དང་རྣམ་པར་དཔྱད་པའི་དོན་ཕྱེ་སྟེ་བཤད་པ་ལས་ཡིན་གྱི་འཇིག་རྟེན་གྱི་གྲགས་པས་ནི་སྒྲའི་རང་བཞིན་གྱི་ངག་ཆེན་པོ་ཉིད་བསྟན་བཅོས་ཀྱི་ངོ་བོར་གཟུང་བར་བྱའོ། །འཆོས་སྐྱོབ་ཅེས་བྱ་བ་འཆོས་པའི་སྐད་ཀྱི་བྱིངས་དང་། ཏྲ་ཡ་ཞེས་པ་བོད་ཀྱི་སྐད་དུ་སྐྱོབ་པ་སྟེ་ས་སྐྲྀ་ཏ་ལ་དེའི་མིང་གི་དང་པོ་གཟུང་བ་ཡིན་ཏེ། །དེ་ཡང་སྟོན་པས་ཆོས་གསུང་བ་ཐམས་ཅད་ནི་སྟོབས་བཅུའི་ཤེས་རབ་དང་། མི་འཇིགས་པའི་བཟོད་པ་དང་། སོ་སོ་ཡང་དག་པར་རིག་པའི་སྤོབས་པས་འཆད་པ་ཡིན་པ་ལས། འདི་ནི་རྟོགས་པའི་དོན་རྡོ་རྗེ་ལྟ་བུའི་གནས་ཡིན་པའི་ཕྱིར། ཞེས་

(༡༩)བྱ་བས་ན་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། རྣམ་པ་ཀུན་མཁྱེན་པའི་མི་འཇིགས་པ་དང་། ཚིག་དང་དོན་སོ་སོ་ཡང་དག་པར་རིག་པ་ལ་བརྟེན་ནས་ཡིན་ཏེ། །ཐེག་པ་ཆེན་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་ཐེག་པ་དམན་པ་ཉིད་གཟུགས་པོར་རྗོད་པར་བྱེད་པའི་གསུང་ལས་བརྒྱ་བ་དང་། ཆེད་དུ་བརྗོད་པའི་ཚོམས་དང་། ལུང་སྡེ་བཞི་པོ་དག་དང་། མདོ་ཆེན་པོ་གཟུགས་ཅན་སྙིང་པོ་བསུ་བ་ལ་སོགས་པ་ནི་ཐེག་པ་དམན་པའི་དོན་རྗོད་པར་བྱེད་པའི་ཕྱིར་ཐེག་པ་དམན་པ་ཞེས་བྱ་ལ། ཤེས་རབ་ཀྱིས་ཕ་རོལ་དུ་ཕྱིན་པའི་མདོ་དང་། ཕ་རོལ་དུ་ཕྱིན་པ་ལྔ་བསྟན་པ་ལ་སོགས་པ་རྣམས་ནི་ཐེག་པ་ཆེན་པོ་རྗོད་པར་བྱེད་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ། །ཐམས་ཅད་བསྡུ་ན་དགོངས་པ་ངེས་པར་འགྲེལ་བ་ལས་འཁོར་ལོ་གསུམ་དུ་རྣམ་པར་བཞག་གོ །དེ་ལ་ཐེག་པ་དམན་པའི་སྡེ་སྣོད་ནི་འཁོར་ལོ་དང་པོ་ཡིན་ལ། ཐེག་པ་ཆེན་པོའི་སྡེ་སྣོད་ལ་འཁོར་ལོ་བར་པ་དང་། ཐ་མ་སྟེ་གསུམ་ཡོད་པ་ལས་འདི་ནི་ཐ་མ་ཡིན་པའི་ཕྱིར་རྒྱུད་བླ་མ་ཞེས་བྱ་སྟེ། དེ་ཡང་ཨུཏྟ་ར་ཞེས་པའི་སྒྲ་ནི་ཕྱོགས་ལས་བྱང་དང་། ཡོན་ཏན་ལས་མཆོག་དང་། རྫས་ལས་གཞན་དང་། དུས་ལས་ཕྱི་མ་རྣམས་ལ་འཇུག་པ་ལས་འདིར་ནི་ཕྱི་མ་སྟེ། བླ་མ་ཞེས་པ་ཡང་ཕྱི་མ་དང་སྒྲ་རྣམ་གྲངས་པའོ། །རྒྱུད་ཅེས་པ་ནི་རྒྱུན་ཆགས་པ་ལ་འཇུག་པས་གནས་སྐབས་ཀྱི་སྟོབས་ལས་ཇི་ལྟར་རིགས་པར་སྦྱར་བར་བྱ་བ་ཡིན་ཏེ། དཔེར་ན་གཎྜིའི་སྒྲ་ལ་རྒྱུད་གསུམ་དང་ཏོག་གཅིག་ཅེས་བརྗོད་པ་ལྟ་བུ་དང་། རྒྱུད་ཆགས་གསུམ་པ་ལ་དབྱངས་ཀྱིས་རོ་བྱའོ་ཞེས་བྱ་བ་དང་པོར་བསྟོད་པའི་རྒྱུད་དང་། བར་དུ་མདོའི་

(༢༠)སྒྱུ་དང་། ཐ་མར་བསྔོ་བའི་རྒྱུད་ཅེས་བརྗོད་པ་ལྟར་འཁོར་ལོ་གསུམ་པོ་ཡང་གང་ཟག་རིམ་པར་བཀྲི་བའི་རྒྱུན་ཆགས་པ་ཡིན་པས་རྒྱུད་ཅེས་བྱ་ལ། དེ་དག་ལས་ཕྱི་མའམ་བླ་མའི་མཆོག་ཅེས་བྱ་བ་ཡིན་ཏེ། དོན་འདི་ནི་འདི་ཉིད་ཀྱི། དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། །དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། །ཞེས་བྱ་བས་བཤད་པ་ཡིན་ཏེ། །དེ་ལྟར་ཐེག་པ་ཆེན་པོ་གསུང་རབ་ལ་བཤད་ན། དོན་ཐེག་པ་ཆེན་པོ་ཉིད་བརྗོད་པར་གྱིས་ཤིག་ཅེ་ན། བརྗོད་པར་བྱ་སྟེ། ཆེན་པོའི་ཟླས་དྲངས་པ་ནི་དམན་པ་ཡིན་ལ། དེ་ཡང་ཉན་རང་གི་ཐེག་པ་སྟེ། མདོ་སྡེའི་རྒྱན་ལས། མ་ཚང་བ་དང་འགལ་བ་དང་། །ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཤེས་བྱ་བ་མིན། །ཞེས་བྱ་བའི་འགྲེལ་བར། མ་ཚང་བ་ཞེས་བྱ་བ་ནི་གཞན་གྱི་དོན་དུ་བསྟན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ལས་ནི་ཉན་ཐོས་རྣམས་བདག་ཉིད་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བ་ཙམ་གྱི་ཐབས་ཤིག་བསྟན་པའི་ཕྱིར་གཞན་གྱི་དོན་དུ་བསྟན་པ་ཅི་ཡང་མེད་ལ། རང་གི་དོན་ཁོ་ན་གཞན་ལ་བསྟན་པ་ནི་གཞན་གྱི་དོན་དུ་འགྱུར་བར་འོས་པ་མ་ཡིན་ཏེ། །འགལ་བ་ཞེས་བྱ་བ་ནི་གཞན་རང་གི་དོན་ལ་སྦྱོར་བ་ན་རང་གི་དོན་ཁོ་ན་ལ་རབ་ཏུ་སྦྱོར་བ་ཡིན་ལ། བདག་ཉིད་མྱ་ངན་ལས་འདས་པའི་དོན་དུ་རབ་ཏུ་སྦྱོར་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་འགལ་ཏེ། ཉན་ཐོས་ཀྱི་ཐེག་པ་ཁོ་ནས་ནི་བྱང་ཆུབ་ཀྱི་ཕྱིར་རིང་མོ་ཞིག་ཏུ་འབད་ཀྱང་སངས་རྒྱས་སུ་འགྱུར་བར་འོས་པ་མ་ཡིན་ཏེ། །ཐབས་མིན་ཞེས་བྱ་བ་ནི་ཉན་ཐོས་ཀྱི་

(༢༡)ཐེག་པ་ནི་སངས་རྒྱས་ཉིད་སྒྲུབ་པའི་ཐབས་མ་ཡིན་ཏེ། །ཐབས་མ་ཡིན་པ་ནི་རིང་མོ་ཞིག་ཏུ་བཙལ་ཀྱང་འདོད་པའི་དོན་ཐོབ་པར་མི་འགྱུར་ཏེ། རྭ་ལ་སོགས་པ་ལ་འཇོ་བ་བཞིན་ཏེ། །འོན་ཏེ་འདིར་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བྱ་བ་གཞན་དུ་ཡང་བསྟན་ཏོ་ཞེ་ན། དེ་ལྟར་མ་བསྟན་པའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཁོ་ན་ཐེག་པ་ཆེན་པོ་ཡིན་པར་ནི་མི་འོས་ཏེ། འདི་ལ་དེ་ལྟར་བསྟན་པ་མི་དམིགས་སོ། །ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་ཕན་ཚུན་འགལ་བ་ཁོ་ན་ཡིན་པས་ཕན་ཚུན་འགལ་བར་ཚིགས་སུ་བཅད་པ། བསམ་པ་དང་ནི་བསྟན་པ་དང་། །སྦྱོར་བ་དང་ནི་རྟོན་པ་དང་། །དུས་འགལ་ཕྱིར་ན་དམན་པ་གང་། །དེ་ནི་དམན་པ་ཁོ་ན་ཡིན། །ཇི་ལྟར་འགལ་ཞེ་ན། འགལ་བ་རྣམ་པ་ལྔ་སྟེ། བསམ་པ་དང་། བསྟན་པ་དང་། སྦྱོར་བ་དང་། རྟོན་པ་དང་། དུས་འགལ་བ་དག་གིས་སོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་བདག་མྱ་ངན་ལས་འདས་པ་ཁོ་ནའི་ཕྱིར་བསམ་པ་དང་། དེ་ཉིད་ཀྱི་ཕྱིར་བསྟན་པ་དང་། དེ་ཉིད་ཀྱི་ཕྱིར་སྦྱོར་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་རྟོན་པ་ཡང་ཆུང་ལ། དུས་ཀྱང་ཐུང་སྟེ། ཚེ་གསུམ་ཙམ་གྱིས་ཀྱང་དེའི་དོན་འཐོབ་བོ། །ཐེག་པ་ཆེན་པོ་ལ་ནི་ཐམས་ཅད་དེ་ལས་ཟློག་པ་ཡིན་ཏེ། དེ་ལྟ་བས་ན་ཕན་ཚུན་འགལ་བའི་ཕྱིར་ཐེག་པ་དམན་པ་གང་ཡིན་པ་དེ་ནི་དམན་པ་ཁོ་ན་ཡིན་གྱི། དེ་ཐེག་པ་ཆེན་པོ་ཡིན་པར་མི་འོས། །ཞེས་གསུངས་ཏེ། ཚེ་གསུམ་གྱིས་འདོད་པའི་དོན་ཐོབ་པ་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་དེ། འདི་ལྟར་གཏན་ལ་དབབ་པ་བསྡུ་བ་ལས་བྱང་ཆུབ་ཏུ་འགྱུར་བའི་དགྲ་བཅོམ་པ་འགའ་ཞིག་རང་ཉིད་ཀྱི་རྩ་

(༢༢)བའི་ལུས་དབེན་པའི་གནས་སུ་སྦས་ནས་སྤྲུལ་པའི་ལུས་ཀྱིས་ཆོས་མཐུན་པ་རྣམས་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་འཐོབ་པ་ཡོད་པར་བཤད་མོད་སྙམ་ན། དེ་འདྲ་བ་དེ་ནི་སྲིད་དུ་ཆུག་ན་ཡང་སྤྲུལ་པའི་ལུས་དེས་སྐྱེ་བ་དང་འཆི་བ་ལན་གྲངས་མང་དུ་སྟོན་པས་འདི་ལ་ཚེ་གཅིག་ཅེས་ཇི་ལྟར་བྱ་སྟེ་གྲངས་མེད་པ་གསུམ་རྫོགས་པར་བྱ་དགོས་པས་སོ། །བསམ་པ་དང་སྦྱོར་བ་ལ་སོགས་པའི་ཆོས་ལྔ་པོ་དམན་པ་མ་ཡིན་པར་ཆེན་པོ་ཁོ་ནར་འགྱུར་བའི་ཐེག་པ་ལ་ནི་ཐེག་པ་ཆེན་པོ་ཞེས་བརྗོད་ལ། ཡཱ་ནའམ་ཐེག་པ་ཞེས་བྱ་བའི་སྒྲ་ནི་འགྲོ་བ་ལ་འཇུག་སྟེ། བྱེད་པར་སྒྲུབ་པས་འདིས་འགྲོ་བ་ཐར་བའི་ཆ་དང་མཐུན་པ་ནས་ས་བཅུ་པའི་བར་གྱི་ལམ་རྣམས་དང་། ལས་སུ་སྒྲུབ་པས་འདིར་འགྲོ་བ་སྟེ་སངས་རྒྱས་ཀྱི་ས་ཉིད་དོ། །དེ་བས་ན་སྒྲ་གཉི་ག་ལ་འཇུག་པའི་ཚུལ་ཐ་དད་ཀྱང་བསྟན་བཅོས་ཆེན་པོ་འདི་ལྟ་བུ་ལ་སོགས་པ་ལས་ནི་སངས་རྒྱས་ཀྱི་ས་ལ་ཡང་བྱེད་པར་སྒྲུབ་པས་ཀྱང་སྒྲ་འཇུག་ཏུ་རུང་ངོ་། །དེ་ཡང་སྡུད་པ་ཚིགས་སུ་བཅད་པ་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། དགའ་སྐྱིད་བདེ་བ་མངོན་པར་འཐོབ་ཅེས་ཐེག་པའི་མཆོག །ཅེས་གསུངས་པ་ལྟར་ཐེག་པའི་སྒྲ་བཞོན་པའི་ཡང་རྣམ་གྲངས་ཡིན་པས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་མྱ་ངན་ལས་འདས་པའི་ཁང་པ་ཆེན་པོར་ཁྱེར་བར་བྱེད་པས་ཐེག་པ་ཆེན་པོ་ཞེས་བྱ་ལ། ཉན་ཐོས་དང་རང་རྒྱལ་བ་དག་ལ་ཁུར་ཁྱེར་བ་དེ་མེད་པས་བཞོན་པ་དམན་པ་ཞེས་བྱའོ། །རྣལ་འབྱོར་སྤྱོད་པ་བ་དག་སྤྱིར་ཐེག་པ་ཆེན་པོར་བསྡུ་བ་ཙམ་བྱེད་

(༢༣)ཀྱང་སེམས་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཞེས་གསུངས་པ་རྣམས་ལ་མྱ་ངན་ལས་འདས་པའི་སྐལ་བ་རེ་ཤིག་ཙམ་མེད་པ་མ་ཡིན་གྱི། ནམ་ཡང་སྐལ་བ་མེད་པར་འདོད་ཅིང་། ཐེག་པ་གཞན་གཉིས་པོའི་དགྲ་བཅོམ་པ་ལྷག་མེད་དུ་ཞུགས་ནས་ཐེག་ཆེན་དུ་འཇུག་པ་གཏན་མི་སྲིད་པར་འདོད་དོ། །དེ་ལ་མངའ་བདག་མཻ་ཏྲི་བས་མཛད་པའི་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བར། དེ་ལ་ཐེག་པ་ནི་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཞེས་བྱ་བའོ། །གནས་པ་ནི་བཞི་སྟེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་བ་དང་། རྣལ་འབྱོར་སྤྱོད་པ་པ་དང་། དབུ་མའི་དབྱེ་བས་སོ། །དེ་ལ་བྱེ་བྲག་ཏུ་སྨྲ་བའི་གནས་པ་ནི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱའོ། །ཐེག་པ་ཆེན་པོ་ཡང་རྣམ་པ་གཉིས་ཏེ། ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། གསང་སྔགས་ཀྱི་ཐེག་པ་ཞེས་བྱ་བའོ། །དེ་ལ་ཕ་རོལ་དུ་ཕྱིན་པའི་ཐེག་པ་ལ་གསུམ་སྟེ། མདོ་སྡེ་བ་དང་། རྣལ་འབྱོར་སྤྱོད་པ་པ་དང་། དབུ་མ་པའི་གནས་པས་བཤད་པའོ། །ཞེས་བྱ་བས་མདོ་སྡེ་པ་ཐེག་པ་ཆེན་པོ་པར་བཞེད་དོ། །དེ་བཞིན་དུ་གྲུབ་ཆེན་མཚོ་སྐྱེས་ཀྱིས་བརྟག་པ་གཉིས་པའི་ཕྱི་མའི་ལེའུ་བརྒྱད་པའི་འགྲེལ་བར། མདོ་སྡེ་པ་ཞེས་པ་ནི་ཐེག་པ་ཆེན་པོའི་མདོ་སྡེའོ། །ཞེས་མཻ་ཏྲི་བ་དང་མཐུན་པར་བཤད་དོ། །དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་རིན་པོ་ཆེའི་ཕྲེང་བར། ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །དེ་སྐད་བརྗོད་པའི་བསོད་ནམས་གང་། །གལ་ཏེ་དེ་ནི་གཟུགས་ཅན་གྱུར། །གང་གའི་

(༢༤)བྱེ་མ་སྙེད་ཀྱི་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས། །གཏན་ཚིགས་ཀྱང་ནི་འདི་ལ་སྣང་། །སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་སེམས་ཅན་ལ་བསྔོས་པའི་བསོད་ནམས་ཚད་མེད་པའི་གཏན་ཚིགས་སུ་སེམས་ཅན་གྱི་ཁམས་ཚད་མེད་པ་བཀོད་དེ། རྣལ་འབྱོར་སྤྱོད་པ་དག་སེམས་བསྐྱེད་པ་ན་རིགས་དང་ལྡན་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་སྦྱོར་བར་བཞེད་པ་ན་དེ་ལ་རིགས་དང་ལྡན་པ་ཡང་གྲངས་ཀྱིས་བགྲང་བར་མི་ནུས་པས་ཚད་མེད་ཀྱང་རིགས་དང་མི་ལྡན་པ་ཡང་དེ་དག་གི་ལུགས་ལ་གྲངས་མེད་ཅིང་ཚད་མེད་ལ། ཞི་བ་ཕྱོགས་གཅིག་པ་ཡང་གྲངས་མེད་ཅིང་ཚད་མེད་པས་དེ་དག་བསམ་པ་ཐག་པ་ནས་སངས་རྒྱས་ལ་སྦྱོར་བའི་སེམས་ཀྱི་སྟོབས་དང་བྲལ་བའི་ཕྱིར་དབུ་མ་པ་རྣམ་པས་སེམས་ཀྱི་སྟོབས་ཆུང་བ་ཉིད་ཡིན་པར་ཤིན་དུ་གསལ་ལོ། །རྣལ་འབྱོར་སྤྱོད་པ་བས་དེ་ལྟར་འདོད་པས་ནི་དབུ་མ་སྣང་བར་རྣལ་འབྱོར་སྤྱོད་པ་པ་དག་གི་ཕྱོགས་སྔ་མ་བཞག་པའི་སྐབས་སུ་ཆེས་གསལ་བར་བཤད་ལ། མདོ་སྡེ་པ་དག་ཀྱང་དེ་དང་མཐུན་པར་འདོད་དམ་སྙམ་པ་ཙམ་མོ། །ཆེན་པོ་ཞེས་བྱ་བ་ལ། རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་བ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་ཆེན་པོ་བདུན་དང་ལྡན་པར་གསུངས་པ་ལ། བདུན་པོ་མཐའ་དག་བསྟན་བཅོས་འདི་ཉིད་ལས་ཀྱང་བསྟན་ཏེ། ཤེས་རབ་མཆོག་ཡིན་དེ་གཞི་ནི།

(༢༥)།ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་བྱ་བས་དམིགས་པ་ཆེ་བ་བསྟན་ཏོ། །བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་ཆེན་པོ་བསྟན་ཏོ། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི། །ཞེས་བྱ་བ་ལ་སོགས་པས་བདག་མེད་པ་གཉི་ག་རྟོགས་པའི་ཡེ་ཤེས་ཆེན་པོ་བསྟན་ཏོ། །རྒྱུ་མཐའ་ཡས་དང་སེམས་ཅན་ཟ་མེད་དང་། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཞེས་བྱ་བ་ལ་སོགས་པས་བརྩོན་འགྲུས་དང་ཐབས་ལ་མཁས་པ་ཆེན་པོ་བསྟན་ལ། ཡང་དག་པར་འགྲུབ་པ་ཆེན་པོ་ནི་ཡོན་ཏན་གྱི་ལེའུས་བསྟན་ཞིང་། ཕྲིན་ལས་ཆེན་པོ་ནི་ལེའུ་བཞི་པ་སངས་རྒྱས་པར་བསྟན་པ་ཡིན་ཏེ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ཐེག་པ་ཆེན་པོའི་ཆེན་པོ་ཉིད། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཞེས་བཤད་པ་ཡང་འདི་ཉིད་དུ་ལེགས་པར་བཤད་པ་ཡིན་ཏེ། སེམས་ཅན་ཀུན་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་བྱེད་པ་ནི། སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། ཤེས་བྱ་བས་བསྟན་ཞིང་། ཉོན་མོངས་ཤེས་བྱའི་དྲིན་གྱི་དྲ་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་གིས་རྣམ་པར་གཏོར། ཞེས་བྱ་བས་སྤོང་བ་ཆེན་པོ་བསྟན་ལ། རྟོགས་བྱ་རྟོགས་པ་ཞེས་བྱ་བ་ལ་སོགས་པས་ནི་རྟོགས་པ་ཆེན་པོ་བསྟན་ཏོ། །འཁོར་ལོ་གསུམ་གྱི་གཏམ་རྒྱུན་ཆགས་པ་ནི་རྗོད་པར་བྱེད་པའི་རྒྱུད་ཡིན་ན། བརྗོད་པར་བྱ་བ་དོན་གྱི་རྒྱུད་ཇི་ལྟ་བུ་ཞེ་ན། བསྟན་བཅོས་འདི་ལས་ནི། སེམས་

(༢༦)ཅན་རྣམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ནས། །སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། །ཅེས་བྱ་བས་ཐོག་མ་མེད་པའི་དབང་དུ་བྱས་པའི་རྒྱུད་གཉིས་དང་། འགྲོ་སྐྱབས་ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར། ཞེས་བྱ་བ་ལ་སོགས་པས་ཐ་མ་མེད་པའི་དབང་དུ་བྱས་པའི་རྒྱུད་གཉིས་ཏེ་རྒྱུད་བཞི་བསྟན་ཏོ། །འདུས་པའི་རྒྱུད་ཕྱི་མར། རྒྱུད་ནི་རྒྱུན་ཆགས་ཤེས་བྱར་བརྗོད། །རྒྱུན་དེ་རྣམས་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོགས་པ་ཡི་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཤེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ཡང་འདིར། ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཉིད། །ཅེས་བྱ་བས་བསྟན་པ་ཡིན་ཏེ། །དོན་འདི་དག་ནི་རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། ཅི་ཕྱིར་འདི་ནི་རྒྱུད་ཕྱི་མ། །རྒྱུད་ནི་རྒྱུན་ཆགས་ཤེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །རྒྱུད་ནི་རྒྱུན་ཆགས་ཤེས་བྱ་སྟེ། །ཕྱི་མ་སྔ་བ་ལས་བྱུང་བའི། །དེ་ཉིད་གསང་བ་སྦས་ཤེས་པའི། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །ཅི་ཕྱིར་རྒྱུད་དང་ཕྱི་མ་ལགས། །ས་མཐར་ཕྱིན་པའི་རྒྱལ་བའི་མཆོག །སྲིད་པའི་བཙོན་ར་ལས་རྒལ་ཡིན། །ཡང་ན་གང་ཞིག་རྒལ་གྱུར་པ། །རྒྱུད་ཀྱི་ཕྱི་མ་ཡིན་པར་བཤད། །ཅེས་གསུངས་པས་བསྟན་ཏེ། འདི་ཡང་སྔར་དྲི་བ་མདོར་བསྟན་པའི་སྐབས་སུ། ཅི་ཕྱིར་རྒྱུད་དང་ཕྱི་མ་ལགས། ཤེས་དང་གི་སྒྲ་འབྱུང་བ་ལྟར་འདིར་ཡང་སྟེ། རྒྱུད་ཀྱི་དོན་

(༢༧)རྒྱུན་ཆགས་པ་ཡིན་ལ། ཇི་སྲིད་ས་རབ་ཏུ་དགའ་བ་མ་ཐོབ་པ་དེ་སྲིད་དུ་འཁོར་བ་རྒྱུན་ཆགས་པས་རྒྱུད་དུ་བརྗོད་ལ། ཡང་ས་རབ་ཏུ་དགའ་བ་ནས་བརྩམས་ཏེ་ནམ་མཁའ་ཇི་སྲིད་པར་ཕྲིན་ལས་འཇུག་པ་ནི་རྒྱུན་ཆགས་པས་རྒྱུད་ཡིན། འཁོར་བ་ལས་ཕ་རོལ་དུ་སོང་བས་ཕྱི་མ་ཞེས་བྱའོ། །འཁོར་བ་དང་རྣམ་པར་བྱང་བ་བསྡོམས་པས་ཀྱང་རྒྱུད་གཅིག་ཏུ་འགྱུར་ཏེ། ཕྱི་མ་རྣམ་པར་བྱང་བ་ནི་སྔ་མ་འཁོར་བ་ལས་བྱུང་བས་དེ་ལས་བྱུང་བའི་འབྲེལ་བ་རྒྱུན་ཆགས་པའི་ཕྱིར་ཏེ། །དེ་ལྟར་གཅིག་ཏུ་སྡོམ་པ་ཡང་དེ་ཁོ་ན་ཉིད་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་སྟེ། དེ་སྔར་འཁོར་བའི་གནས་སྐབས་སུ་མ་རིག་པས་བསྒྲིབས་པས་གསང་བའི་གཏེར་ལྟ་བུར་གྱུར་བ་ལ། ཤེས་པས་ནི་རྣམ་པར་བྱང་བའི་རྒྱུད་དུ་འགྱུར་ཞེས་པའོ། །སྔར་ཕྱི་མའི་དོན་ཕ་རོལ་ལ་བཤད་ན། ཇི་ལྟར་ཕ་རོལ་དུ་གྱུར་བ། །ཅི་ཕྱིར་རྒྱུད་དང་ཕྱི་མ་ཡིན། །ཞེས་བྱ་བས་དྲིས་ཏེ། ལན་ནི་ཏ་ར་ཞེས་བྱ་བ་བརྒལ་བའམ་བསྒྲལ་བའི་དོན་ཡིན་ལ། ཨུཏ་ནི་ལྷག་མའམ་སྟེང་ངམ་ཕྱི་མ་དང་རབ་ལ་སོགས་པའི་དོན་ལ་འཇུག་པས་སའི་མཐར་ཕྱིན་པའི་སེམས་དཔའ་ཆེན་པོ་ནི་འཁོར་བའི་ཕ་རོལ་ས་རབ་ཏུ་དགའ་བར་ཕྱིན་ཞིང་། ས་བཅུ་པོ་ཡང་མ་རིག་བག་ཆགས་ཀྱི་སའི་རྒྱ་མཚོ་ལས་མ་བརྒལ་བ་ལས་ས་མཐར་ཕྱིན་པས་ནི་དེ་ལས་ཀྱང་བརྒལ་བའི་ཕྱིར་བརྒལ་བར་གྱུར་བ་ཞེས་པའི་རྫོགས་པའི་ཚིག་གིས་བསྟན་ཏོ། །བཤད་པ་དེ་དག་གི་དོན་བསྡུས་ན། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །གང་ཞིག་འཁོར་བའི་རྒྱུར་གྱུར་བ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་པ་འདི་ཡིན་ཏེ། །ཚུལ་འདི་ནི་

(༢༨)ཤིན་དུ་ངོ་མཚར་ཏེ། ཐོག་མ་མེད་པའི་དུས་ནས་ཡུན་དེ་ཙམ་ཞིག་ཏུ་རིགས་དྲུག་གི་གྲོང་ཁྱེར་དུ་དཔག་ཏུ་མེད་པའི་སྡུག་བསྔལ་མྱོང་མྱོང་བ་ལས་དེ་བཞིན་གཤེགས་པའི་སྙིང་པོ་མ་རུལ་བ་ཉིད་ཀྱི་མཐུ་ལས་རིགས་སད་དེ་འཁོར་བ་ལ་ཤིན་དུ་ཡང་སྐྱོ་བར་གྱུར་ནས་འབད་པས་བྱང་ཆུབ་བརྙེས་པ་ན་ཉོན་མོངས་པ་དང་སྡུག་བསྔལ་རྒྱུན་ཆགས་པའི་སེམས་ཅན་གྱི་ཁམས་འདི་ཉིད་དུ་ནམ་མཁའ་མ་ཟད་ཀྱི་བར་དུ་བཞུགས་པས་སོ། །རྗོད་པར་བྱེད་པའི་རྒྱུད་ཀྱི་དབང་དུ་བྱ་ར་ན་ར་ཀྱང་བསྟན་བཅོས་འདིས་ཐེག་པ་མཐའ་དག་གི་དོན་སྟོན་མོད་གཙོ་བོའི་དོན་འཁོར་ལོ་ཕྱི་མའམ་བླ་མ་ཡིན་ཏེ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་བར་ཆད་ཞི་བ་དང་བཀྲ་ཤིས་པར་བྱ་བའི་དོན་དུ་ལོ་ཙཱ་བས་བཀོད་པའོ། །ད་ནི་དབང་པོ་བར་མ་རྣམས་ལ་བསྡུས་པའི་དོན་གྱིས་བཤད་པ་ལ་གསུམ་སྟེ། དགོས་པ་དང་ལྡན་པའི་དོན་བཤད་པ། ལུང་གང་དང་འབྲེལ་བ། དོན་གྱི་སྔ་ཕྱིའི་འབྲེལ་བཤད་པའོ། །དང་པོ་ནི་སློབ་དཔོན་དབྱིག་གཉེན་གྱིས་རྗེ་བཙུན་གྱི་མན་ངག་ཐོབ་པ་ལས། གང་ཞིག་བདག་པས་བློ་དམན་པ། །མདོ་རྣམས་འཆད་འདོད་དེ་དག་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་ལ། བསྟན་བཅོས་ཀྱི་གདུལ་བར་བྱ་བ་རྟོག་པ་དང་ལྡན་པ་དག་བསྟན་བཅོས་འདིའི་བརྗོད་པར་བྱ་བ་ནི་གང་། བརྗོད་པར་བྱ་བ་དེའི་དགོས་པ་དང་ཉིང་དགོས་ནི་ཅི་ཞིག །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དག་གི་འབྲེལ་བ་ནི་ཇི་ལྟ་བུ་སྙམ་དུ་ཐེ་ཚོམ་སྔོན་དུ་འགྲོ་བའི་དཔྱོད་པ་འཇུག་པ་དག་ལ་བསྡུས་པའི་དོན་ཉིད་ཀྱིས་

(༢༩)དེ་དག་གསུང་བར་མཛད་ལ། དད་པ་དང་ལྡན་པ་དང་། རྟོག་པ་དང་ལྡན་པ་གཉི་གའི་དབང་དུ་བྱས་ནས་ལེའུ་ལྔ་པས་དེ་དག་འཆད་པ་ཡིན་ཏེ། །དེ་ཡང་བརྗོད་པར་བྱ་བའི་དོན་ནི། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །ཞེས་བྱ་བ་འདིས་བསྟན་ཏོ། །བརྗོད་པར་བྱ་བ་དེའི་དགོས་པ་ནི་དོན་བརྗོད་བྱ་ཙམ་གྱི་དགོས་པ་མ་ཡིན་གྱི། བརྗོད་བྱ་དེ་རྟོགས་པའི་དགོས་པ་ཡིན་ཏེ། །འདིར། རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་བརྗོད་པར་བྱ་བའི་དོན་བདུན་པོ་ཐོས་པ་དང་བསམ་པས་ཤིན་དུ་རྟོགས་དཀའ་བ་ཉིད་ཀྱིས་རྡོ་རྗེ་ཞེས་བརྗོད་ལ། བསྟན་བཅོས་ནི་དེའི་གནས་ཉིད་དུ་བསྟན་པས་བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་བ་བཤད་པ་ཡིན་ཏེ། །རང་རང་གི་བརྗོད་བྱ་རྟོགས་པར་བྱེད་པ་ཉིད་ནི་ངག་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པས་ཁྱད་པར་གྱི་དགོས་པར་མི་འཐད་ལ། དེ་ཡང་དབྱེ་དཀའ་བའི་རྡོ་རྗེ་ལྟ་བུའི་དོན་ཅན་ཡིན་པར་ཤེས་པ་ན་ངེས་པའི་དོན་ཅན་སྙིང་པོའི་གཏམ་ཡིན་པར་ཤེས་པ་ནི་དགོས་པ་ཡིན་ལ། སྙིང་པོའི་དོན་དེ་ཡང་ཐོས་བསམ་གྱིས་དབྱེ་དཀའ་བར་བརྗོད་པས་དད་པ་སྔོན་དུ་འགྲོ་བའི་རིམ་པས་སྒོམ་པ་གོམས་པའི་དབང་གིས་མངོན་སུམ་དུ་བྱས་པ་ནི་ཉིང་དགོས་ཡིན་ཏེ། །དོན་བདུན་བཤད་པ་དེ་ལ་ངག་ཆེན་པོར་གྱུར་བའི་བསྟན་བཅོས་འདིས་དོན་གྱི་གཙོ་བོ་གཅིག་བཤད་ནས་གཞན་རྣམས་དེའི་ཡན་ལག་ཏུ་འབྲེལ་ན་འབྲེལ་བ་བསྟན་པའི་དགོས་པའི་དོན་ཁོང་དུ་ཆུད་པར་འགྱུར་བས་འདིར་དོན་བདུན་པོ་དེ་ལས་སུ་ཞིག་གཙོ་བོ་ཡིན་ཞེ་ན། སངས་རྒྱས་ནི་གཙོ་བོ་ཡིན་ཏེ། དེའི་ཡོན་ཏན་བརྗོད་པས་དོན་གཞན་དྲུག་པོ་ཐམས་ཅད་མཚོན་པར་བྱེད་པའི་ཕྱིར་ཏེ། །དེས་ན། སངས་རྒྱས་

(༣༠)ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། །ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་སྟོབས་སོགས། །སེམས་ཅན་ཀུན་དོན་བྱེད་ཆོས་རྣམས་དང་ལྡན། །ཞེས་བྱ་བ་བདུན་པོའི་སྔ་ཕྱིའི་འབྲེལ་བ་བསྟན་པའི་ཚིག་འདིས་བསྟན་པ་ཡིན་ཏེ། ད་ནི་དོན་བདུན་པོ་དེ་དག་ཉིད་བཤད་པར་བྱ་བ་ལ། བདུན་པོ་རྣམས་ཀྱི་རིམ་པ་འདི་ནི་ཐེག་པ་མཆོག་གི་ལམ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དེད་དཔོན་ལྟ་བུ་ཡིན་པས་སེམས་དེ་ཡང་དག་པར་བླང་བའི་རིམ་པ་དང་མཐུན་པ་ཡིན་ཏེ། འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས་འཇམ་དཔལ་གྱིས་ལུས་རྒྱན་གྱིས་བརྒྱན་ཞིང་གསལ་བའི་གོས་བསྒོས་ནས་སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་འོང་བའི་ལམ་དུ་འདུག་པ་ན། བུ་མོ་དེ་རང་གི་ཤིང་རྟ་ལས་བབས་ཏེ་འཇམ་དཔལ་ལ་གོས་བླངས་སོ། །འཇམ་དཔལ་གྱིས་ཁྱོད་བྱང་ཆུབ་ཏུ་ཞུགས་ན་གོས་བྱིན་ནོ་ཞེས་གསུངས་པས་བུ་མོས་བྱང་ཆུབ་ཇི་ལྟ་བུ་ཡིན་པ་དྲིས་སོ། །འཇམ་དཔལ་གྱིས་བྱང་ཆུབ་ཀྱི་དོན་སྟོང་པ་ཉིད་ལས་བརྩམས་ཏེ་རྒྱ་ཆེར་བརྗོད་པ་ན་དེ་ཆོས་ལ་སྣང་བ་སྐྱེས་ཏེ་རབ་ཏུ་དགའ་ནས་འཇམ་དཔལ་གཞོན་ནུར་གྱུར་བའི་རྐང་པ་གཉིས་ལ་གཏུགས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ནས་ཚངས་པར་སྤྱད་པ་དང་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདག་ཀྱང་ཁྱོད་ཀྱིས་རྗེས་སུ་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་། སྙིང་རྗེས་སངས་རྒྱས་ཀྱི་གདུང་མི་འཆད་པ་དང་

(༣༡)ཆོས་ཀྱི་གདུང་མི་འཆད་པ་དང་། དགེ་འདུན་གྱི་གདུང་མི་འཆད་པའི་སླད་དུ་ཁྱོད་ཀྱིས་བསྟན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེར་སེམས་བསྐྱེད་པར་བགྱིའོ། །ཞེས་བྱ་བ་ལ་སོགས་པས་རྒྱ་ཆེར་བཤད་པ་བཞིན་ནོ། །དེ་ལ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་འདི་ཉིད་དུ་དངོས་སུ་བསྟན་ལ། སེམས་བསྐྱེད་པའི་དམིགས་པ་ནི་གཞན་གྱི་དོན་དང་བྱང་ཆུབ་ཡིན་པ་ལས། གཞན་ནི་གང་གི་ཆེད་དུ་སེམས་བསྐྱེད་པའི་སེམས་ཅན་རྣམས་ཡིན་པས་འདིར་དེ་བཞིན་ཉིད་དྲི་མ་དང་བཅས་པས་བསྟན་པ་ཡིན་ཏེ། མ་དག་མ་དག་དག་པ་དང་། །ཤིན་དུ་རྣམ་དག་གོ་རིམས་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པས་མ་དག་པའི་ཁམས་སེམས་ཅན་དུ་བརྗོད་པའི་ཕྱིར་ཏེ། གཞན་གྱི་དོན་ནི་ཕྲིན་ལས་ཀྱིས་བསྟན་ལ། དེའི་རྒྱུ་བྱང་ཆུབ་ནི་བྱང་ཆུབ་པའི་ལེའུ་བསྟན་ཞིང་། ཡོན་ཏན་ནི་བྱང་ཆུབ་ཀྱིས་གཞན་དོན་བྱེད་པའི་བྱེད་པའམ་ལག་ཆའོ། །བདུན་པོ་ཐམས་ཅད་ཀྱང་བདེན་པ་གཉིས་ཀྱི་ཚུལ་གྱིས་ཤེས་པར་བྱ་སྟེ། དེ་ལ་དོན་དམ་པའི་དཀོན་མཆོག་གསུམ་ནི། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་བྱ་བས་བཤད་ལ། འོག་ནས་གཞན་དོན་ཀུན་རྫོབ་ཀྱི་སྐུ་བཤད་པས་སངས་རྒྱས་ཀུན་རྫོབ་པ་དང་། ཡང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་བྱ་བས་ཆོས་དང་དགེ་འདུན་ཀུན་རྫོབ་པ་བསྟན་ཏོ། །

(༣༢)སྟོང་པ་ཉིད་ཀྱི་ཚུལ་དུ་བཤད་པའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དོན་དམ་པའི་དྲི་བཅས་དེ་བཞིན་ཉིད་དང་། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །ཞེས་བྱ་བ་ལ་སོགས་པས་ཡང་དག་པར་བླངས་པའི་རིགས་བཤད་པས་དེ་ཀུན་རྫོབ་པ་དང་། བྱང་ཆུབ་ཀྱི་འཇུག་པ་བཤད་པ་ན་ངོ་བོ་ཉིད་ཀྱི་སྐུས་དོན་དམ་པའི་བྱང་ཆུབ་དང་། གཟུགས་ཀྱི་སྐུ་གཉིས་ཀྱིས་ཀུན་རྫོབ་པའི་བྱང་ཆུབ་བཤད་དོ། །བྲལ་བའི་ཡོན་ཏན་སོ་གཉིས་ནི་དོན་དམ་པ་དང་། རྣམ་པར་སྨིན་པའི་ཡོན་ཏན་སོ་གཉིས་ནི་ཀུན་རྫོབ་པའོ། །ཕྲིན་ལས་ཀྱི་བདག་པོ་ཆོས་ཀྱི་སྐུ་ནི་དོན་དམ་པ་ཡིན་ལ། གཟུགས་ཀྱི་སྐུ་ནི་ཀུན་རྫོབ་པ་སྟེ། དེ་ལྟར་ན་རྣམ་པ་གཉིས་གཉིས་སུ་བཤད་པས་རྣམ་པ་བཅུ་བཞིའོ། །འདི་དག་ལས་ཁམས་ཉིད་ཐོག་མར་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། ཁམས་ནི་སྟོང་པ་ཉིད་དམ་དེ་བཞིན་ཉིད་ལ་བརྗོད་པས་བདུན་པོ་དོན་དམ་པར་བཤད་པ་ཐམས་ཅད་ཀྱང་དྲི་མ་དག་པ་དང་མ་དག་པའི་ཁྱད་པར་ཙམ་མ་གཏོགས་པར་དེ་བཞིན་ཉིད་ཁོ་ན་ཡིན་པར་ཤེས་པར་འགྱུར་བའི་ཕྱིར་ཏེ། །དེ་ཡང་འཁོར་ལོ་བར་པར་བཤད་པའི་སྟོང་པ་ཉིད་ནི་རང་གི་ངོ་བོ་གཞན་དང་མ་འདྲེས་པའི་རང་བཞིན་གྱིས་སྟོང་པའི་མེད་པར་དགག་པ་ཡིན་པ་དང་ཡུལ་ཅན་རྗེས་སུ་དཔག་པའི་ཚད་མས་རྟོགས་པར་བྱ་བ་ཉིད་དུ་བསྟན་ལ། དེ་ཡང་རྒྱུ་དང་རྐྱེན་གྱིས་གཏན་མ་བསྐྱེད་པར་བརྗོད་དེ། བདེན་གཉིས་འགྲེལ་བར། ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་རྟོགས་པ་གང་ཡིན་པ་དེ་ནི་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །དེས་གཏན་ལ་ཕབ་པའི་དོན་ཀྱང་དོན་དམ་པ་སྟེ་མངོན་སུམ་ལ་སོགས་པ་བཞིན་དུ་བརྗོད་དོ། །ཞེས་བཤད་ཅིང་། ཚིག་གསལ་དུ། རང་བཞིན་བྱས་པ་ཅན་ཞེས་

(༣༣)བྱར། ཇི་ལྟ་བུར་ན་རུང་བར་འགྱུར། བྱས་པ་ཡང་ཡིན་ལ་རང་བཞིན་ཡང་ཡིན་ནོ་ཞེས་བྱ་བ་འདི་ཕན་ཚུན་འགལ་བའི་ཕྱིར་འབྲེལ་བ་མེད་པའི་དོན་ཏོ། །འདི་ལྟར་འདིར་རང་གི་ངོ་བོ་ནི་རང་བཞིན་ནོ་ཞེས་བྱ་བར་བྱེ་བྲག་ཏུ་བཤད་པ་ལས་ན་དངོས་པོ་བྱས་པ་གང་ཡིན་པ་དེ་ནི་འཇིག་རྟེན་ན་རང་བཞིན་ཞེས་མི་བརྗོད་དེ། །དཔེར་ན་ཆུའི་ཚ་བའམ། ཀེ་ཀེ་རུ་ལ་སོགས་པ་དག་ནོར་བསྒྱུར་མཁན་གྱིས་འབད་པས་པདྨ་རཱ་ག་ལ་སོགས་པའི་དངོས་པོར་བྱས་པ་ལྟ་བུའོ། །གང་ཞིག་རང་བཞིན་ཡིན་པ་ནི་མ་བྱས་པ་སྟེ། དཔེར་ན་མེའི་ཚ་བ་ཉིད་དམ་པདྨ་རཱ་ག་ལ་སོགས་པའི་རིགས་མ་རྣམས་ཀྱི་པདྨ་རཱ་ག་ལ་སོགས་པའི་ངོ་བོ་བཞིན་ཏེ། དེ་ནི་དངོས་པོ་གཞན་དང་ཕྲད་པས་མ་བསྐྱེད་པའི་ཕྱིར་དེ་དག་གི་རང་བཞིན་ཞེས་བྱའོ། །ཞེས་འབྱུང་བ་ལྟར་རོ། །འཁོར་ལོ་ཕྱི་མ་འདིར་ནི་དེ་འདྲ་བའི་སྟོང་པ་ཉིད་ཕྱི་ཤུན་དུ་བྱས་ནས། སྙིང་པོར་གྱུར་བའི་སྟོང་པ་ཉིད་གཏན་ལ་འབེབས་པ་ཡིན་ལ། དེ་ཡང་རང་གི་ངོ་བོ་མེད་དགག་མ་ཡིན་གྱི། རིག་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། ཤེས་གསུངས་པའི་ཕྱིར་རིག་པའི་ཁམས་སོ། །རྗེས་སུ་དཔག་པའི་དངོས་ཀྱི་ཡུལ་མ་ཡིན་གྱི་མངོན་སུམ་གྱི་ཡུལ་ལོ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་ལ་ཡང་གཏན་མ་བསྐྱེད་པ་མ་ཡིན་གྱི། ནམ་མཁའ་ཁམས་རང་གི་ངང་གིས་འབྱུང་བ་ལྟར་རྒྱུན་ལ་ཆོས་གཞན་དང་ཕྲད་པའི་འགྱུར་བ་མི་བསྟེན་པའོ། །དབུ་མའི་སློབ་དཔོན་ཆེན་པོ་རྣམས་ཀྱང་འཁོར་ལོ་ཕྱི་མའི་མདོ་རྣམས་ཚད་མར་ཞལ་གྱིས་བཞེས་ཤིང་སྙིང་པོའི་སྟོང་པ་ཉིད་མི་བཞེད་པ་ནི་མ་ཡིན་ཏེ། ཤེས་རབ་སྒྲོན་མར་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་བསྟན་པས་

(༣༤)བསྟན་བཅོས་ཀྱི་དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་བདུད་རྩིའི་དེ་ཁོ་ན་རྣམ་པར་མི་རྟོག་པའི་དོན་དམ་པ་སྟོན་ཀའི་ནམ་མཁའ་དྲི་མ་མེད་པ་ལྟ་བུའི་ཡུལ་ཅན། སྤྲོས་པ་མ་ལུས་པ་ལེགས་པར་ཉེ་བར་ཞི་བ་ཐ་དད་པ་ཉིད་དང་གཅིག་པ་ཉིད་དང་བྲལ་བ། ཞི་བ་སོ་སོ་རང་རིག་པར་བྱ་བ་བསྟན་པ་གྲུབ་པ་ཡིན་ཏེ། །བཅོམ་ལྡན་འདས་ཀྱི་ཚུལ་ནི་དེ་ཁོ་ན་ཉིད་ཡིན་ཡང་ངན་རྟོག་རྣམས་དད་པར་མི་བྱེད་པའི་ཕྱིར་རྗེས་སུ་དཔག་པ་གཙོ་ཆེ་བས་དེའི་ཕྱིར་དེ་ཡོངས་སུ་གཟུང་ངོ་ཞེས་གསུངས་པའི་ཕྱིར་རོ། །འཁོར་ལོ་ཕྱི་མ་འདིར་ཡང་མེའི་ཚ་བ་ལ་སོགས་པ་དཔེར་ལེན་ཏེ། བྱང་ཆུབ་སེམས་འགྲེལ་དུ། ཇི་ལྟར་བུ་རམ་མངར་བ་དང་། །མེའི་རང་བཞིན་ཚ་བ་བཞིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །ཅེས་གསུངས་པས་སོ། །གང་གིས་སྟོང་པའི་དགག་པར་བྱ་བ་ཡང་འཁོར་ལོ་བར་པ་དང་ཅུང་ཟད་མི་འདྲ་སྟེ། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རྐྱེན་གཞན་གྱིས་མ་སླད་ཅིང་། མ་བཅོས་པའི་སྒོ་ནས་སེམས་ཀྱི་རང་བཞིན་དུ་བཞག་པ་ཡོད་ལ། དེ་བཅོས་མ་བློ་བུར་བའི་ཆོས་རྣམས་ཀྱིས་སྟོང་ཞེས་བྱ་སྟེ། བློ་བུར་བ་ཉིད་ཀྱང་སེམས་གང་ཡུལ་གྱིས་རྣམ་པ་སོ་སོར་ཁ་བསྒྱུར་བའི་སྔོན་པོ་དང་སེར་པོ་ལ་སོགས་པ་འཛིན་པའི་མངོན་སུམ་དང་། དེའི་འཛིན་པའི་རྣམ་པ་དང་། མངོན་སུམ་གྱི་སྣང་བས་གཞག་པའི་བག་ཆགས་ཀྱི་སྟོབས་ཀྱིས་བསྐྱེད་པའི་རྟོག་པ་ལ་ཤར་བའི་ཡུལ་གྱི་རྣམ་པ་དང་། དེའི་ཡུལ་ཅན་འཛིན་པའི་རྣམ་པ་དང་། དབུ་མ་ནས་བཤད་པའི་རྗེས་སུ་དཔག་པའི་སྣང་བ་དང་འཛིན་པའི་རྣམ་པ་དང་བཅས་པ་དང་། སྐྲ་ཤད་དང་དུང་སེར་པོར་སྣང་བ་ལ་སོགས་པའི་རྣམ་པ་དབང་པོ་བསླད་པས་བྱས་པ་དང་། དེའི་འཛིན་པའི་རྣམ་

(༣༥)པ་དང་། རྨི་ལམ་གསལ་བར་སྣང་བ་དང་། ཀེང་རུས་དང་ཟད་པར་ལ་སོགས་པ་བསྒོམས་པ་ལས་བྱུང་བ་དག་དང་། ཟག་པ་དང་བཅས་པའི་མངོན་པར་ཤེས་པའི་སྣང་བ་དང་། བསམ་གཏན་དང་གཟུགས་མེད་པའི་སྣང་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་གང་ཟག་གི་བདག་མེད་པ་རྟོགས་པའི་ཡུལ་གྱི་སྣང་བ་དང་། དེ་དག་གི་འཛིན་པའི་རྣམ་པ་སྟེ་འདི་མཐའ་དག་ནི་ཇི་ལྟར་རིགས་པར་ཡུལ་དང་། བག་ཆགས་དང་། དབང་པོ་བསླད་པས་བཅོས་པའི་ཕྱིར་སེམས་ཀྱི་གཉུག་མའི་ཚུལ་མ་ཡིན་པས་དེ་དག་གིས་སྟོང་ཞེས་བྱའི། དེ་དག་སེམས་ཀྱི་རང་བཞིན་ལས་ལོགས་ཤིག་ཏུ་སྐྱེ་བ་ནི་མ་ཡིན་ཏེ། དཔེར་ན་སྤྲིན་དང་རི་ལ་སོགས་པའི་ཆོས་སུ་མ་གྱུར་བ་ཉིད་ཀྱིས་ནམ་མཁའ་ལ་སྟོང་པར་བརྗོད་ཀྱང་སྤྲིན་ལ་སོགས་པ་དེ་དག་ནམ་མཁའ་ལས་གཞན་དུ་གནས་མི་ཐོད་པ་བཞིན་ནོ། །ཡང་ཕྱི་རོལ་གྱི་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་ལུས་ཀྱང་མ་རིག་པ་ཉེ་བར་བསྒྲུབས་པའི་ཕྱིར་བཅོས་མ་ཡིན་པ་ཉིད་ཀྱིས་གང་གིས་སྟོང་པའི་དགག་བྱ་ཉིད་དོ། །རིག་པའི་ཁམས་དེ་ཡང་མཚན་མའི་རྣམ་པ་ཅིར་ཡང་སངས་རྒྱས་ཀྱིས་མ་གཟིགས་ཏེ། བྱང་ཆུབ་སེམས་འགྲེལ་དུ། མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །གཟིགས་པར་མ་གྱུར་གཟིགས་མ་འགྱུར། །རང་བཞིན་མེད་པའི་རང་བཞིན་ཅན། །ཇི་ལྟ་བུར་ན་གཟིགས་པར་འགྱུར། །དངོས་པོ་ཞེས་བྱ་རྣམ་རྟོག་ཡིན། །རྣམ་རྟོག་མེད་པ་སྟོང་ཉིད་ཡིན། །གང་དུ་རྣམ་རྟོག་སྣང་འགྱུར་བ། །དེར་ནི་སྟོང་པ་ག་ལ་ཡོད། །རྟོགས་བྱ་རྟོགས་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཀྱིས་མ་གཟིགས། །གང་ན་རྟོགས་བྱ་རྟོགས་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན། །མཚན་ཉིད་མེད་ཅིང་སྐྱེ་བ་མེད། །ཡོད་གྱུར་

(༣༦)མ་ཡིན་ངག་ལམ་བྲལ། །མཁའ་དང་བྱང་ཆུབ་སེམས་དང་ནི། །བྱང་ཆུབ་གཉིས་མེད་མཚན་ཉིད་ཅན། །ཞེས་གསུངས་པའི་ཕྱིར་རོ། །དབུས་དང་མཐའ་རྣམ་པར་འབྱེད་པར། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང་། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམས་བཞིན། །ཞེས་གསུངས་པའི་རྣམ་གྲངས་དག་ཀྱང་མེད་པར་དགག་པ་དང་རིག་པའི་སྟོང་པ་ཉིད་གཉི་ག་ལ་སྦྱར་དུ་རུང་བ་ཡིན་ནོ། །ཆོས་འདིའི་བདག་པོ་དེ་བཙུན་མཻ་ཏྲི་བ་ཡབ་སྲས་ཀྱིས་ནི་དབུ་མ་ལ་འཇུག་པ་ལས་གསུངས་པའི་སྟོང་པ་ཉིད་ནི་དབུ་མ་འབྲིང་པོ་དང་། རིག་པའི་སྟོང་པ་ཉིད་ནི་དབུ་མ་མཆོག་གི་ལུགས་ཡིན་ནོ་ཞེས་ཀྱང་བཞེད་དོ། །དབུ་མ་པ་དག་གིས་ནི་དང་པོར་རྗེས་སུ་དཔག་པས་སྟོང་པ་ཉིད་གཏན་ལ་ཕབ་ནས་དེ་ལ་གོམས་པར་བྱེད་པ་ནི་ཤིང་དྲུད་པ་ལས་བྱུང་བའི་མེས་ཤིང་དེ་ཉིད་བསྲེག་པ་བཞིན་དུ། རྗེས་དཔག་ལས་བྱུང་བའི་གོམས་པ་དེ་ཉིད་ཀྱིས་རྟོག་པ་ལྡོག་པར་བྱེད་ཅིང་མངོན་སུམ་སྐྱེ་བར་འདོད་པ་ཡིན་ན། འཁོར་ལོ་ཕྱི་མའི་རིག་པ་སྟོང་པ་ཉིད་འདི་ལ་མངོན་སུམ་ཐལ་བྱུང་དུ་སྐྱེ་བ་ཡིན་ནམ། ཚོལ་བར་བྱེད་པའི་ཚད་མ་ཡོད་དམ་མེད། ཡོད་ན་ཡང་ཅི་འདྲ་བ་ཞིག་ཅེ་ན། འདི་ནི་མན་ངག་པ་དག་གི་ལུགས་ལ་ཁ་ཅིག་ལ་ནི་ཁྱོད་ཀྱི་སེམས་ཇི་ལྟ་བུ་ཡིན་པ་ཉིན་དང་མཚན་དུ་ལེགས་པར་ཚོལ་ཞིག་ཅེས་གདམས་ནས་ཚོལ་བའི་རྟོག་པ་སྔོན་དུ་གཏོང་ལ། ཁ་ཅིག་ལ་ནི་དུས་གསུམ་གྱི་ཡིད་ལ་བྱེད་པ་དོར་ནས་གཡོ་བ་མེད་པར་གཞག་པ་ཉིད་ཀྱིས་མངོན་སུམ་གྱི་མཚན་ཉིད་ཅན་གྱི་རྩེ་

(༣༧)གཅིག་ཅེས་བྱ་བ་སྐྱེ་བར་འགྱུར་རོ། །དེ་སྐྱེས་པ་ན་མངོན་སུམ་དེ་ཉིད་ཁ་ནང་དུ་ཕྱོགས་པའི་ཚུལ་གྱིས་སྒོམ་པའི་སེམས་ལ་ལྟོས་ཤིག་ཅེས་གདམས་ནས་ལྟ་བ་ཙམ་འབའ་ཞིག་བྱེད་དུ་འཇུག་སྟེ། དཔེར་ན་ཆུ་ལ་སྲོག་ཆགས་ཡོད་མེད་རྟོག་པ་ན་མིག་བསྒྲིམས་ཏེ་ལྟ་བ་ཙམ་ཞིག་བྱེད་དུ་འཇུག་པ་བཞིན་ནོ། །འདི་ནི་རྟོག་པ་མེད་པའི་མངོན་སུམ་གྱིས་ཚོལ་བའི་ཚུལ་ཏེ། དེ་ལས་ཆོས་ཐམས་ཅད་བདག་མེད་པར་མངོན་སུམ་དུ་མཐོང་བ་སྐྱེ་སྟེ། འདིར་ཡང་ཆུ་ལ་ལྟ་བའི་མིག་གི་དབང་པོ་ལྟ་བུ་ནི་བདེན་པ་གཟིགས་པའི་བླ་མ་ལ་མོས་ཤིང་གུས་པ་ཡིན་ལ། མིག་དེའི་རྣམ་པར་ཤེས་པ་ལྟ་བུ་ནི་ཁ་ནང་དུ་ཕྱོགས་པའི་མངོན་སུམ་དེ་ཉིད་ཡིན་ཏེ། ཚུལ་འདི་ཡང་འདི་ཉིད་ཀྱི། སེམས་དེའི་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། ཤེས་བྱ་བས་ནི་རྩེ་གཅིག་བསྟན་ལ། གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས། ཤེས་བྱ་བ་འདིས་བདག་མེད་པ་མངོན་སུམ་དུ་རྟོགས་པ་བསྟན་ཏེ། འདི་ལ་ནི་སྤྲོས་བྲལ་གྱི་རྣལ་འབྱོར་ཞེས་མིང་འདོགས་བྱེད་དོ། །སྤྲོས་བྲལ་དེ་ཡང་མེད་པར་དགག་པ་འབའ་ཞིག་མ་ཡིན་གྱི། མཚན་མ་ཅིར་ཡང་མ་གྲུབ་པའི་རིག་པའི་ཆོས་ཏེ། སྣང་སྟོང་གང་གི་ཡང་ཕྱོགས་སུ་མ་ལྷུང་བའི་རིག་པ་སྐད་ཅིག་མ་ལ་ཕྱག་རྒྱ་ཆེན་པོའི་མཇུག་གུ་འཛུགས་སོ། །ཞེས་མན་ངག་རིག་པ་དག་གསུང་སྟེ། ལུགས་འདི་ཕ་རོལ་དུ་ཕྱིན་པའི་ཕྱོགས་ཡིན་ཡང་ཕྱག་རྒྱ་ཆེན་པོར་མིང་འདོགས་སོ་ཞེས་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་བར་ལྷན་ཅིག་སྐྱེས་པའི་རྡོ་རྗེས་བཤད་ལ། ཡེ་ཤེས་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པ་རྩ་འགྲེལ་གྱིས་ཀྱང་བཤད་དོ། །དེ་ལྟར་ན་གྲོལ་

(༣༨)དངོས་ནི་རིག་སྟོང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཡིན་ལ། རྣམ་པར་དཔྱད་པའི་སྟོང་པ་ཉིད་སྒོམ་པ་ཙམ་གྱིས་ནི་མ་ཡིན་ཏེ། བློ་བྱས་སྟོང་པ་བསྐལ་པར་བསྒོམས་གྱུར་ཀྱང་། །གསེར་གྱི་སྒྲོག་ཏུ་ཚུད་པས་གྲོལ་བའི་སྐབས་མི་སྲིད། །ཅེས་དཔལ་ཕག་མོ་གྲུ་པ་གསུང་ལ། དེའི་སློབ་མ་མཆོག་དག་གིས་ནི། །གཞན་རྐྱེན་བླ་མ་དམ་པ་དེས། །རང་ཉིད་སྨིན་པར་བྱེད་པ་ཡང་། །ཉི་མ་དང་ནི་འོད་ཟེར་རམ། །ས་བོན་འབྲས་བུ་ཇི་བཞིན་དུ། །རྟེན་འབྲེལ་ཟབ་མོས་འགྲུབ་པས་ན། །མོས་གུས་རྟེན་འབྲེལ་ངོ་མཚར་ཆེ། །མོས་གུས་ཚད་དུ་སྐྱོལ་ལགས་ན། །རྟོགས་པ་ཚད་དུ་ཕྱིན་ནས་མཆི། །མོས་གུས་ཚད་དུ་མ་ཕྱིན་པར། །ཐོས་དང་བསམ་པའི་ཤེས་རབ་ཀྱིས། །བརྟགས་ཤིང་དཔྱད་པའི་སྟོང་ཉིད་ཀྱང་། །བློ་བྱས་སྟོང་པར་བླ་མ་བཞེད། །ཉམས་དང་མྱོང་བའི་ཆོས་རྣམས་ཀྱང་། །རྒྱལ་བའི་གསུང་རབ་ཟབ་མོ་དང་། །གྲུབ་ཐོབ་གོང་མའི་མགུར་རྣམས་དང་། །རྣལ་འབྱོར་བཞི་ཡི་ཡི་གེ་ཡིས། །སེམས་ལ་བཀབ་པའི་རྟོགས་པ་འདི། །མོས་གུས་མེད་པའི་གང་ཟག་ལ། །སྐྱེ་བ་ཤིན་དུ་སླ་ན་ཡང་། །ཉོན་མོངས་རྣམ་རྟོག་མི་སྤོང་བས། །འཁོར་བའི་རྒྱ་མཚོ་ག་ལ་བརྒལ། །སྤྲོས་དང་བྲལ་བ་མི་ཤེས་པས། །སྤྲོས་པའི་མཚན་མ་ཇི་ལྟར་སྤོང་། །སྐྱེ་མེད་འོད་གསལ་མ་རྟོགས་པར། །སྐྱེ་བའི་ཆུ་རྒྱུན་ཇི་ལྟར་གཅོད། །ཅེས་བྱ་བ་ལ་སོགས་པ་ཤིན་དུ་རྒྱས་པར་གསུངས་སོ། །རྣལ་འབྱོར་པས་རྒྱ་མཚོའི་ཆུ་ཁྱོར་བ་གང་འཐུངས་པས་མ་འཐུངས་པ་ཐམས་ཅད་ཀྱི་ཡང་ངོ་ཤེས་པ་ལྟར། རང་ཉིད་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་ཤེས་པ་ན་མནར་མེད་ཡན་ཆོད་ཀྱི་སེམས་ཅན་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མན་ཆད་གནས་བདུན་

(༣༩)པོ་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་ཚུལ་གྱིས་ཤེས་པར་འགྱུར་ཏེ། ལྷ་མོ་དཔལ་ཕྲེང་གིས། བཅོམ་ལྡན་འདས་གང་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་ཀྱི་མཐས་དཀྲིས་པ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཐེ་ཚོམ་མ་མཆིས་པ་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་ནས་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡང་ཐེ་ཚོམ་མ་མཆིས་པ་ལགས་སོ། །ཞེས་གསུངས་པའི་ཕྱིར་ཏེ། །དེ་ལ་སངས་རྒྱས་ནི་སྒྲ་སྦྱོར། བཾ་པོ་གཉིས་པར་སྔོན་གྱི་མཁན་པོ་དག་གིས། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ལ། བུདྡྷཱ ཞེས་བྱ་བ་སྒྲ་ལས་དྲངས་ན་གཅིག་ཏུ་ན། མོ་ཧ་ནཱི་དྷཱ་པྲ་མདྷ་པྲ་བུདྡྷ་སུ་རུ་ཥ་བཏྲ་ཞེས་བྱ་སྟེ། གཏི་མུག་གི་གཉིད་སངས་པས་ན་མི་གཉིད་སངས་པ་བཞིན་ཏེ། སངས་པ་ལ་སྙེག །ཡང་རྣམ་པ་གཅིག་ཏུ་ན་བུདྡྷེ་རཱི་ཀཱ་ས་ནཱཏ་བུདྡྷ་པདྨ་བཏྲ། བློ་བྱེ་ཞིང་རྒྱས་པས་ན་པདྨ་ཁ་བྱེ་ཞིང་རྒྱས་པ་དང་འདྲ་བར་བཤད་དེ་སངས་རྒྱས་ཤེས་བྱ། ཚིག་གི་དོན་སྤྱིར་ན་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་མ་ལུས་པར་བྱང་ཆུབ་པ་ལ་བྱ། ཞེས་འབྱུང་བ་ཉིད་ཚད་མར་བྱའོ། །སངས་རྒྱས་ཀྱི་སྒྲ་དངོས་དང་བཏགས་པས་ཅི་རིགས་པར་འཇུག་པ་ནི། ཆོས་ཡང་དག་པར་སྡུད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སངས་རྒྱས་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། རྒྱུ་མཐུན་པའི་སངས་རྒྱས་དང་། རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་དང་། ཏིང་ངེ་འཛིན་གྱི་སངས་རྒྱས་དང་། སྨོན་ལམ་གྱིས་སངས་རྒྱས་དང་། སེམས་ཀྱི་སངས་རྒྱས་དང་། ངོ་བོ་ཉིད་ཀྱི་སངས་རྒྱས་དང་། ལོངས་སྤྱོད་རྫོགས་པའི་སངས་རྒྱས་དང་། སྤྲུལ་པའི་སངས་རྒྱས་དང་། བཏགས་པའི་སངས་རྒྱས་དང་། མདུན་དུ་བཞག་པའི་སངས་རྒྱས་སོ། །དེ་ལ་རྒྱུ་མཐུན་པའི་སངས་རྒྱས་གང་ཞེ་ན། གང་ཕ་རོལ་དུ་ཕྱིན་

(༤༠)པ་རྣམས་ཀྱི་རྒྱུ་མཐུན་པ་དང་། ཕ་རོལ་དུ་ཕྱིན་པའི་ཆོས་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་གཉིས་ལས་གང་གྲུབ་པ་དེ་ནི་སྒྲུབ་པའི་སངས་རྒྱས་ཏེ། དེའི་ཕྱིར་རྒྱུ་མཐུན་པའི་སངས་རྒྱས་ཤེས་བྱའོ། །དེ་ལ་རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་གང་ཞེ་ན། རྒྱུ་མཐུན་པ་ཕ་རོལ་དུ་ཕྱིན་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡིན་ཏེ། རྣམ་པར་སྨིན་པ་དེ་ལས་གང་རྣམ་པར་སྨིན་པའི་སངས་རྒྱས་ཀྱི་གཟུགས་སུ་འབྱུང་བའོ། །དེ་ཡང་སེམས་ཅན་བྱིན་གྱིས་བརླབ་པ་དང་། ཆོས་ཀྱི་བྱིན་གྱི་བརླབས་ཀྱི་ཕྱིར་འབྱུང་སྟེ། འདི་ནི་རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་ཤེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་སངས་རྒྱས་གང་ཞེ་ན། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་ཅིང་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་ནས་ལྷུན་གྱིས་གྲུབ་ཅིང་རྩོལ་བ་མི་མངའ་བར་སངས་རྒྱས་བརྒྱ་སྟོང་འབྱུང་སྟེ། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་དེས་ཏིང་ངེ་འཛིན་ལས་བྱུང་བས་ན་ཏིང་ངེ་འཛིན་གྱི་སངས་རྒྱས་ཤེས་བྱ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་སངས་རྒྱས་ཤེས་བྱའོ། །དེ་ལ་སྨོན་ལམ་གྱིས་སངས་རྒྱས་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་སེམས་ཅན་གང་དང་གང་གཟུགས་དང་། ཁ་དོག་དང་། སྨོན་ལམ་ཇི་ལྟ་ཇི་ལྟ་བུ་གང་དང་གང་གིས་འདུལ་བར་འགྱུར་བ་དེ་དང་དེ་ལ་དེ་ལྟ་བུའི་གཟུགས་དང་། ཁ་དོག་དང་། སྨོན་ལམ་གྱིས་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་དེ་སངས་རྒྱས་ཀྱིས་འདུལ་བ་རྣམས་ནི་སངས་རྒྱས་ཀྱི་གཟུགས་ཀྱིས་འདུལ་ཏེ། སྨོན་ལམ་དེ་ལས་བྱུང་བས་སྨོན་ལམ་གྱི་སངས་རྒྱས་ཤེས་བྱ་སྟེ། འདི་ནི་སྨོན་ལམ་གྱི་སངས་རྒྱས་ཤེས་བྱའོ། །དེ་ལ་སེམས་ཀྱི་སངས་རྒྱས་གང་ཞེ་ན། གང་བྱང་ཆུབ་སེམས་དཔས་སེམས་ལ་དབང་རབ་ཏུ་ཐོབ་ནས། དེ་སེམས་ལ་དབང་བ་དེས་གང་དང་གང་བསམས་པ་དེ་དེ་བཞིན་དུ་འགྱུར་ཏེ། དེ་སངས་རྒྱས་

(༤༡)ཀྱིས་འདུལ་བའི་སེམས་ཅན་རྣམས་མཐོང་ནས་བདག་སངས་རྒྱས་ཀྱིས་གཟུགས་སུ་གྱུར་ཅིག་ཅེས་མོས་པར་བྱེད་དེ། དེ་སེམས་ལས་བྱུང་བས་ན་སེམས་ཀྱི་སངས་རྒྱས་ཡིན་ཏེ། འདུལ་བ་དེ་དག་ཀྱང་རང་གི་སེམས་ཡོངས་སུ་དག་པས་སངས་རྒྱས་མཐོང་ཞིང་ཤེས་ཏེ། འདི་ནི་སེམས་ཀྱི་སངས་རྒྱས་ཤེས་བྱའོ། །དེ་ལ་ངོ་བོ་ཉིད་ཀྱི་སངས་རྒྱས་གང་ཞེ་ན། ངོ་བོ་ཉིད་ཀྱི་སངས་རྒྱས་ནི་གནས་ངན་ལེན་གྱི་གནས་གྱུར་བ། བསམ་གྱིས་མི་ཁྱབ་པ། དྲི་མ་མེད་པ། གཟུགས་སྣ་ཚོགས་ཅན། ཆོས་ཀྱི་དབྱིངས་རྣམ་པ་ཐ་དད་པ། གཟུགས་དང་བྱེད་དང་དབྱིབས་སྣ་ཚོགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྷན་པའི་སངས་རྒྱས་ཀྱི་གཟུགས་སྣང་བ་འདི་ནི་ངོ་བོ་ཉིད་ཀྱི་སངས་རྒྱས་ཤེས་བྱའོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་རྣམས་དང་། ལོངས་སྤྱོད་དང་། ཀུན་སྤྱོད་པ་མཚུངས་པ་དང་། རྣམ་པ་དང་། ཟས་དང་། སྨྲ་བ་དང་། ཆོ་ག་དང་། སྤྱོད་པ་མཚུངས་པ་འདི་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཤེས་བྱའོ། །དེ་ལ་སྤྲུལ་པའི་སངས་རྒྱས་གང་ཞེ་ན། འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་སྟོན་པའི་ཏིང་ངེ་འཛིན་ཐོབ་པ་དེ་དག་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ། དབང་པོ་ཐོབ་ཅིང་སྙིང་རྗེ་ཆེན་པོས་བསྐུལ་བས་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ནས་སེམས་ཅན་རྣམས་འདུལ་བ་འདི་ནི་སྤྲུལ་པའི་སངས་རྒྱས་ཤེས་བྱའོ། །དེ་ལ་བཏགས་པའི་སངས་རྒྱས་གང་ཞེ་ན། འདི་ལ་ལ་ལ་ཞིག་སློབ་དཔོན་ནམ་མཁན་པོ་ལ་སངས་རྒྱས་བཞིན་དུ་ལྟ། སངས་རྒྱས་བཞིན་དུ་བསྙེན་བཀུར་བྱེད་དེ། དེ་སློབ་དཔོན་དང་མཁན་པོ་དེ་ལ་སངས་རྒྱས་བཞིན་དུ་ལྟ་ཞིང་། སངས་རྒྱས་བཞིན་དུ་བསྙེན་བཀུར་བྱས་པས་དེ་སངས་རྒྱས་ཀྱི་ཆོས་རྣམས་རབ་ཏུ་

(༤༢)འཛིན་ལ། ཡོངས་སུ་རྫོགས་པར་བྱེད་དེ། ཡོངས་སུ་སྒྲུབ་པ་འདི་ནི་བཏགས་པའི་སངས་རྒྱས་ཤེས་བྱའོ། །དེ་ལ་མདུན་དུ་བཞག་པའི་སངས་རྒྱས་གང་ཞེ་ན། འདི་ལ་ལ་ལ་ཞིག་གིས་སངས་རྒྱས་ཀྱི་སྐུ་གཟུགས་བྱས་སམ་བྱེད་དུ་བཅུག་སྟེ། མཆོད་ཅིང་རིམ་གྲོ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་དེ་སངས་རྒྱས་ཀྱི་ཆོས་རྣམས་རབ་ཏུ་འཛིན་ལ་ཡོངས་སུ་རྫོགས་པར་བྱེད་དེ། ཡོངས་སུ་སྒྲུབ་པ་འདི་ནི་མདུན་དུ་བཞག་པའི་སངས་རྒྱས་ཤེས་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་སངས་རྒྱས་ཁོང་དུ་ཆུད་པར་བྱའོ། །ཞེས་བྱ་བ་གསུངས་ཏེ། དེ་དག་ལས་རྒྱུ་མཐུན་པ་ནི་ལང་ཀར་གཤེགས་པར་རྒྱུ་འདྲ་བའི་སངས་རྒྱས་སུ་བསྒྱུར་ཏེ་ལོངས་སྤྱོད་རྫོགས་པའི་སྐུའོ། །རྣམ་པར་སྨིན་པའི་སྐུ་ནི་ཕ་རོལ་དུ་ཕྱིན་པ་དྲུག་གི་རྣམ་སྨིན་སངས་རྒྱས་ཀྱི་སྐུར་སྣང་བ་སྟེ། སྐད་ཅིག་མའི་མངོན་པར་རྟོགས་པའི་གནས་སྐབས་སུའོ། །ཏིང་ངེ་འཛིན་ནི་ཡུམ་གྱི་གླེང་གཞིར་སྟོན་པས་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སྙོམས་པར་ཞུགས་པའི་རྗེས་ལ་ལྗགས་ཀྱི་དབང་པོ་བཀྲམ་པ་ལས་བྱུང་བའི་འོད་ཀྱི་རྩེ་མོར་རིན་པོ་ཆེའི་པདྨ་མང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཆོས་སྟོན་པའི་ཚོགས་སྣང་བ་ལྟ་བུའོ། །སྨོན་ལམ་གྱི་སངས་རྒྱས་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་གཞན་ལ་སངས་རྒྱས་ཀྱི་སྐུར་སྣང་བ་དག་གོ །སེམས་ཀྱིས་སངས་རྒྱས་ནི་སེམས་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒྱུར་ན་གཞན་འདུལ་ནུས་པར་མཐོང་ནས་བདག་སངས་རྒྱས་ཀྱི་སྐུར་བསྒྱུར་བ་སྟེ། འདི་དག་ལས་སྔ་མ་གསུམ་པོ་ས་བཅུ་པ་ལ་སངས་རྒྱས་སུ་བརྗོད་པ་ཡན་ཆོད་ཀྱི་སྐུ་ཡིན་ལ། ཕྱི་མ་གཉིས་ནི་དབང་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡིན་ཏེ། །ངོ་བོ་ཉིད་དང་། ལོངས་སྤྱོད་

(༤༣)རྫོགས་པ་དང་། སྤྲུལ་པའི་སྐུ་གསུམ་པོ་འདི་ཉིད་དུ་འཆད་པར་འགྱུར་བ་རྣམས་སོ། །ཕྱི་མ་གཉིས་ནི་སློབ་དཔོན་དང་སྐུ་གཟུགས་ལ་གུས་པ་བསྐྱེད་པའི་ཕྱིར་སངས་རྒྱས་དང་འདྲ་བས་སངས་རྒྱས་སུ་བཏགས་པའོ། །གཞན་ཡང་སངས་རྒྱས་ཀྱི་མཚན་ནི་མི་སློབ་པའི་སངས་རྒྱས་ཉིད་དང་། ས་བཅུ་པ་ལ་སངས་རྒྱས་སུ་བརྗོད་པ་དང་། འདི་ཉིད་ཀྱི་འགྲེལ་བར་ས་བརྒྱད་པ་ནས་དངས་རྒྱས་སུ་བརྗོད་པ་དང་། ས་ཐོབ་པ་ཙམ་ནས་བརྗོད་པ་དང་། རྟོག་གེ་འབར་བར་བྱང་ཆུབ་ཀྱི་སེམས་བརྟན་པོ་ཡོད་ན་དེ་ལ་སངས་རྒྱས་སུ་བརྗོད་པར་བཤད་པ་དང་། རྒྱུད་རྣམས་ལས་སེམས་ཅན་ཐམས་ཅད་སངས་རྒྱས་སུ་བཤད་པ་རྣམས་ལ་དོན་ཁྱད་པར་ཅན་ཡོད་ཅིང་། གཞན་འདོད་རྒྱལ་གྱིས་མི་དང་སྨན་འགའ་ཞིག་ལ་སངས་རྒྱས་སུ་བཏགས་པ་དག་ཀྱང་ཡོད་དེ། འོན་ཀྱང་འདིར་ས་བརྒྱད་པ་ཡན་ཆད་ལ་སངས་རྒྱས་སུ་བརྗོད་པ་གཟུང་བར་བྱའོ། །ཆོས་ནི་རྣམ་པར་བཤད་པའི་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་དོན་བཅུ་ལ་འཇུག་པར་གསུངས་པ་ལས། ཆོས་དཀོན་མཆོག་གི་སྐབས་འདིར་ནི་ལམ་དང་མྱ་ངན་ལས་འདས་པ་དང་གསུང་རབ་དག་ལ་གཟུང་བར་བྱའོ། །ཚོགས་ནི་འདུས་པ་དང་མིང་གི་རྣམ་གྲངས་ཏེ། འདིར་ནི་དོན་དམ་པ་གྲོལ་བ་འགོག་པའི་དགེ་འདུན་དང་། དེའི་རྟེན་གྱི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་འཕགས་པ་དག་ལ་ཡང་བརྗོད་དོ། ཁམས་ནི་འབྲས་བུའི་ཉེ་བར་ལེན་པ་འབྱུང་ཁུངས་ཀྱི་སྒྲའི་དོན་ཡིན་ལ། སྐབས་འདིར་དཀོན་མཆོག་གསུམ་དང་འཁོར་བ་འབྱུང་བའི་དག་པ་དང་མ་དག་པ་ལ་

(༤༤)ཇི་ལྟར་རིགས་རིགས་སུ་བཤད་དོ། །བྱང་ཆུབ་ནི་བོ་དྷི་ཞེས་བྱ་བ་སྐྱོན་དག་ཅིང་བྱང་བ་དང་ཆོས་ཁོང་དུ་ཆུད་པ་ལ་འཇུག་པས་སངས་རྒྱས་དང་འདྲ་བར་ས་བརྒྱད་པ་ཡན་ཆད་ལ་གཟུང་བར་བྱ་ཞིང་། །ཡོན་ཏན་ནི་སྤྱིར་ཆོས་དེ་ཆོས་གཞན་ལས་ཁྱད་པར་དུ་འབྱེད་པའི་ཁྱད་པར་ཉིད་ལ་བྱ་བ་ལས་འདིར་ནི་སྟོན་པ་གཞན་ལས་ཁྱད་པར་དུ་བྱེད་པའི་ཆོས་སྟོབས་ལ་སོགས་པ་རྣམས་ཏེ། དེ་དག་ཀྱང་ས་བརྒྱད་པ་ཡན་ཆད་ལ་བརྗོད་པར་བྱའོ། །སངས་རྒྱས་ཕྲིན་ལས་ནི་ཞེ་སའི་ཚིག་སྟེ། ཀརྨ་ཞེས་བྱ་བ་ལས་ཉིད་དེ། འདིར་ནི་འཇིག་རྟེན་པའི་དགེ་བ་ནས་སངས་རྒྱས་ཉིད་ཀྱི་བར་རྣམས་སངས་རྒྱས་གཞན་གྱིས་བསྒྲུབ་པར་བྱ་བ་ཡིན་པས་ལས་ཡིན་ལ། དེའི་རྒྱུ་ཡེ་ཤེས་དང་ཐུགས་རྗེ་ལ་ཡང་འབྲས་མིང་རྒྱུ་ལ་བཏགས་པའི་ཚུལ་གྱིས་ཕྲིན་ལས་ཤེས་བརྗོད་དོ། །ཐ་མ་སྟེ་ཞེས་བྱ་བ་ནི་ཕྲིན་ལས་ནི་དང་པོ་སངས་རྒྱས་དཀོན་མཆོག་ནས་བརྩམས་པའི་མཐའ་མ་བདུན་པ་ཡིན་ནོ་ཞེས་བྱ་ལ། དོན་གྱི་ལུས་ཀྱི་དབང་དུ་བྱས་ནས་ཀྱང་ཕྲིན་ལས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་འབྲས་བུ་མཐར་ཐུག་པ་ཡིན་པའི་ཕྱིར་ཐ་མའོ། །བསྟན་བཅོས་ཀྱི་ལུས་ཀྱང་སློབ་དཔོན་ཆོས་མཆོག་གིས་རིགས་པའི་ཐིགས་པའི་འགྲེལ་བར་དོན་གྱི་ལུས་དང་ཚིག་གི་ལུས་ཏེ་གཉིས་སུ་བཤད་པ་ལྟར་ན། རྡོ་རྗེ་བདུན་ནི་དོན་གྱི་ལུས་དང་། དེ་དག་རྗོད་པར་བྱེད་པའི་ངག་གི་ཚོགས་ནི་ཚིག་གམ་སྒྲའི་ལུས་སྟེ་ཚིགས་སུ་བཅད་པ་འདི་ཉིད་དོ། །བསྟན་བཅོས་འདིར། གང་ཞིག་ཐོག་མ་ཞེས་བྱ་བ་ནས། མདོར་ན་འབྲས་བུ་རྣམ་གཉིས་ནི། །ཐ་མ་ཡིས་ནི་བསྟན་པ་ཡིན། །ཞེས་བྱ་བའི་བར་ནི་བསྟན་བཅོས་ཀུན་ཡིན་ལ། འདི་མཐའ་དག་གི་ལུས་ནི་མདོར་བསྡུ་ན་རྡོ་རྗེའི་གནས་བདུན་

(༤༥)པོ་འདི་དག་ཡིན་ཞིང་། འདི་དག་རང་མཚན་ཉིད་ཀྱིས། ཤེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནི་བུའི་མ་ལྟར་ལུས་དེའི་འབྱུང་ཁུངས་བཤད་པ་ཡིན་ལ། སངས་རྒྱས་ལས་ཆོས་ཤེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་ལུས་དེ་གང་གིས་སྦྲེལ་བའི་རྩ་དང་རྒྱུས་པ་ལྟ་བུའི་འབྲེལ་བ་བཤད་པ་ཡིན་ཏེ། །ད་ནི་ཚིགས་སུ་བཅད་པའི་འགྲེལ་བབཤད་པར་བྱ་སྟེ། འདི་ལ་ཡང་རྡོ་རྗེའི་གནས་ཀྱི་ངག་བཤད་པ་ཡིན་ནོ། རྡོ་རྗེའི་དོན་ལ་ཤེས་པར་བྱེད་པའི་ལུང་དགོད་པའོ། །དང་པོ་ནི་ཚིག་རྣམས་ཀྱིས་རྟོགས་པར་བྱ་བའི་དོན་བདུན་པོ་དོན་དམ་དུ་གྱུར་པ་རྣམས་ནི་རྡོ་རྗེ་ལྟ་བུ་ཡིན་ལ། དེའི་རྗོད་པར་བྱེད་པའི་ཚིག་ནི་གནས་ཏེ་གཞི་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་ཚིག་བདུན་པོ་འདི་དག་ལ་རྡོ་རྗེའི་གནས་ཤེས་བྱའོ། །དེ་དག་ཉིད་སླར་ཡང་བཤད་པ། དེ་ལ་ཞེས་བྱ་བ་ནི་ཏ་ཏྲ་ཞེས་པ་རྣམ་པར་དབྱེ་བ་བདུན་པ་ཡིན་པས་དེ་ན་ཞེས་ཀྱང་སྦྱར་ཏེ། རྡོ་རྗེའི་གནས་དེ་བཤད་ན་ཞེས་པའོ། །ཐོས་པ་ཞེས་པ་ནི་ཐོས་པ་ལས་བྱུང་བ་སྟེ། དོན་ལུང་ལས་ཤེས་པའོ། །བསམ་པ་ཞེས་བྱ་བ་ནི་བསམ་པ་ལས་བྱུང་བ་སྟེ། གཏན་ཚིགས་སམ་རིགས་པ་བསམས་པ་ལས་དོན་ཤེས་པའོ། །ཤེས་པ་དེ་གཉིས་ཀྱིས་ཕིགས་པ་ནི་དོན་མངོན་སུམ་དུ་འབྱེད་པ་ཡིན་ན། གཉིས་པོ་དེ་དག་རྟོག་པ་ཡིན་པས་མངོན་སུམ་དུ་བྱེད་པ་ཤིན་དུ་དཀའ་བའི་ཕྱིར་མི་ཕྱེད་པའི་ཆོས་ཉེ་བར་གཟུང་ནས་དོན་དམ་པ་བདུན་པོ་ནི་རྡོ་རྗེ་ལྟ་བུར་རིག་པར་བྱའོ། །གང་གིས་ཕིགས་ན་བརྗོད་པ་རྣམ་རྟོག་ལ་བྱ་བས་དེའི་དངོས་ཀྱི་ཡུལ་དུ་བྱར་མེད་པའི་དོན་ཏེ་ཤེས་བྱ་གང་མངོན་སུམ་གྱི་ནང་ནས་

(༤༦)སོ་སོ་རང་གིས་རིག་པ་བསྒོམས་པ་ལས་བྱུང་བའི་མངོན་སུམ་གྱི་རང་བཞིན་གྱི་དོན་རང་གཞལ་བར་བྱ་བ་ཡིན་ཏེ། འོ་ན་དོན་བདུན་པོ་སོ་སོ་རང་གིས་རིག་པའི་གཞལ་བྱ་ཡིན་གྱི། བརྗོད་དུ་མེད་པ་ཡིན་ན་དོན་བདུན་པོ་དེ་དག་བསྟན་བཅོས་ཀྱི་བརྗོད་བྱ་མ་ཡིན་པར་འགྱུར་ལ། དེ་ལྟ་ན་ནི་བསྟན་བཅོས་བརྗོད་པར་བྱ་བས་སྟོང་པར་འགྱུར་རོ་ཞེ་ན། འདི་ལྟར་ཡིན་ཏེ། དོན་བདུན་པོ་རྟོགས་པའི་སོ་སོ་རང་གིས་རིག་པ་ནི་ཚིག་ལ་བརྟེན་ནས་དང་པོ་ཉིད་དུ་སྐྱེ་བར་མི་ནུས་ཀྱང་འབྲས་བུ་སོ་སོ་རང་རིག་དེ་ཐོབ་པ་དང་རྗེས་སུ་མཐུན་པའི་རྒྱུ་ཐོས་བསམ་གྱི་ཤེས་པ་ནི་རང་རིག་འཐོབ་པར་བྱེད་པའི་ལམ་ཡིན་པས་དེ་སྟོན་པའི་ཕྱིར་སོ་སོ་རང་གིས་རིག་པ་ཡང་བསྟན་པར་འགྱུར་ཏེ། པ་ཊ་ལི་པུ་ཏྲར་འགྲོ་བའི་ལམ་འདི་ཡིན་ནོ་ཞེས་བརྗོད་པ་ན། པ་ཊ་ལི་པུ་ཏྲ་བརྗོད་པར་འགྱུར་བ་བཞིན་ནོ། །དེ་ཡང་། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་གཟུང་ཕྱིར་འདིར་བཤད་དོ། །ཞེས་གསུངས་པའི་ཕྱིར་ལུང་ལ་བརྟེན་པའི་བཤད་པ་རྣམས་ཀྱིས་ནི་ཐོས་པའི་ཤེས་རབ་བསྐྱེད་ལ། རིགས་པ་ལ་བརྟེན་པ་རྣམས་ཀྱིས་ནི་བསམ་པའི་ཤེས་རབ་བསྐྱེད་པ་ཡིན་ཏེ། །སྐབས་འདིར་ལང་ཀར་གཤེགས་པ་ལས། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་དོན་དེ་ཉིད་ཀྱི་ཕྱིར་གསོལ་བ་བཏབ་པ། བཅོམ་ལྡན་འདས་ད་དུང་ཡང་བཅོམ་ལྡན་འདས་ཀྱིས་མིང་རྣམས་ཀྱི་ཚིག་རྣམ་པར་རིག་པ་རྟོག་པ། གང་དུ་ཅི་ལས་ཅི་ལྟར་གང་གིས་འབྱུང་བ་ཚིག་གི་རྣམ་པར་རྟོག་པ་

(༤༧)མངོན་པའི་སྤྱོད་ཡུལ་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་འབྱུང་བ་ནི་མགོ་དང་བྲང་དང་སྣ་དང་མགུལ་དང་རྐན་དང་མཆུ་དང་ལྕེ་དང་སོ་རྣམས་འདུས་པ་ལས་འབྱུང་ངོ་། །ཞེས་ཡི་གེ་རྣམས་ཀྱི་སྐྱེ་གནས་བཤད་དེ། འདི་སྨྲ་སྒོ་ལས། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ལྕེ་དང་རེ་རེའི་གནས་དག་ལས། །ཤེས་བཤད་པ་དང་མཐུན་ཏེ། མགོ་བོ་ནི་སྤྱི་བོ་དང་། བྲང་ནི་ཁོག་པ་དང་དོན་གཅིག་གོ །ཡང་དེ་ཉིད་ལས། གཞན་ཡང་བློ་གྲོས་ཆེན་པོ་མིང་དང་ཚིག་དང་ཡི་གེའི་ཚོགས་རབ་ཏུ་རྟོགས་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དོན་དང་ཚིག་དང་ཡི་གེའི་རྗེས་སུ་འབྲང་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱེད་པའི་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱི་མཚན་ཉིད་རབ་ཏུ་བསྟན་ཏོ། །དེ་ལ་བློ་གྲོས་ཆེན་པོ་མིང་གི་ཚོགས་ཤེས་བྱ་བ་ནི་འདི་ལྟ་སྟེ་དངོས་པོ་གང་ལ་གནས་ཏེ་མིང་དུ་གདགས་པའོ། །ཚོགས་དེ་ནི་དངོས་པོ་དང་ཚོགས་དང་ལུས་ཤེས་བྱ་བ་དོན་ཐ་མི་དད་དེ། བློ་གྲོས་ཆེན་པོ་དེ་ནི་མིང་གི་ཚོགས་སོ། །བློ་གྲོས་ཆེན་པོ་ཚིག་གི་ཚོགས་ནི་འདི་ལྟ་སྟེ། ཚིག་གི་དོན་མང་པོ་བདེན་པ་དང་། གདོན་མི་ཟ་བ་དང་ཐུག་པ་དང་དམིགས་པ་ཞེས་བྱ་བ་དོན་ཐ་མི་དད་དེ། བློ་གྲོས་ཆེན་པོ་དེ་ནི་ཚིག་གི་ཚོགས་སུ་ངས་བསྟན་པ་བྱས་སོ། །ཡང་བློ་གྲོས་ཆེན་པོ་ཡི་གེའི་ཚོགས་ནི་འདི་ལྟ་སྟེ། གང་གིས་མིང་དང་ཚིག་སྣང་བར་བྱེད་པ་ཡིན་ཏེ། ཡི་གེ་དང་མཚན་དང་མཚན་མ་

(༤༨)དང་དམིགས་པ་དང་འདོགས་པ་ཞེས་བྱ་བ་ནི་དོན་ཐ་མི་དད་དོ། །གཞན་ཡང་བློ་གྲོས་ཆེན་པོ་ཚིག་གི་ཚོགས་ནི་འདི་ལྟ་སྟེ་ཚིག་ཐུག་པའོ། །བློ་གྲོས་ཆེན་པོ་མིང་ནི་འདི་ལྟ་སྟེ་ཡི་གེ་རྣམས་ཀྱི་རང་གི་མིང་ཐ་དད་པ་ཨ་ཞེས་བྱ་བ་ནས་ཧའི་བར་དུའོ། །དེ་ལ་བློ་གྲོས་ཆེན་པོ་ཡི་གེའི་ཚོགས་ནི་འདི་ལྟ་སྟེ། ཐུང་ངུ་དང་འདྲེན་པ་དང་རིང་དུ་འདྲེན་པ་དང་ཡི་གེའི་མཇུག་གོ །དེ་ལ་བློ་གྲོས་ཆེན་པོ་ཚིག་གི་ཚོགས་ནི་གླང་པོ་ཆེ་དང་རྟ་དང་མི་དང་རི་དྭགས་དང་བ་ལང་དང་མ་ཧེ་དང་ལུག་དང་ཕྱུགས་ལ་སོགས་པ་གང་ས་ལ་འགྲོ་བ་རྣམས་ནི་ཚིག་གི་ཚོགས་ཤེས་བྱ་བའི་མིང་འཐོབ་བོ། །ཡང་བློ་གྲོས་ཆེན་པོ་མིང་དང་ཡི་གེ་ནི་ཕུང་པོ་གཟུགས་མེད་པ་བཞི་རྣབ་མིང་གིས་བརྗོད་པའི་ཕྱིར་མིང་ཏེ། །ཡི་གེ་རང་གི་མཚན་ཉིད་ཀྱིས་སྣང་བར་བྱེད་པས་ན་ཡི་གེའོ། །བློ་གྲོས་ཆེན་པོ་དེ་ནི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཀྱི་མིང་དང་ཚིག་བརྗོད་པའི་མཚན་ཉིད་དེ། དེ་ལ་ཁྱོད་ཀྱིས་འདྲིས་པར་བྱའོ། །ཞེས་འབྱུང་བ་ལས། དངོས་པོ་གང་ལ་སྒྲ་གང་ཞིག་དོན་དེ་ཉིད་ཡིན་པ་ལྟ་བུར་བཏགས་པ་དེ་ནི་མིང་ཡིན་ལ། དེ་མང་པོ་འདུས་པ་ལ་ཚོགས་དང་ལུས་དང་དངོས་པོ་ཞེས་བྱའོ། །ཚིག་ནི་མིང་དེ་སྤྱིར་འཁྱམ་དུ་མི་གཞུག་པར་རྣམ་དབྱེས་བྱེ་བྲག་ཏུ་ཕྱེ་ནས་སྟོན་པས་བདེན་པ་ཞེས་བྱའོ། །ཡི་གེ་ནི་མིང་ཚིག་དེ་དག་གསལ་བར་བྱེད་པའི་འབྲུ་རྣམས་ཏེ། ཡི་གེའི་སྐད་དོད་བྱཉྫ་ན་ཞེས་བྱ་བ་འབྲུ་དང་དཔེ་བྱད་དང་གསལ་བྱེད་ལ་འཇུག་པའོ། །དེ་དག་ནི་ཚོགས་གསུམ་གྱི་དོན་དྲང་པོ་ཡིན་ལ། རྣམ་གྲངས་གཞན་དུ་བཤད་ན་ཚིག་ནི་ཐུག་པའོ་ཞེས་བྱ་བ་ནི་སྔར་བཤད་པ་དེ་ཉིད་ཡིན་ལ། མིང་གི་ཚོགས་ནི་མིང་གི་རྒྱུ་

(༤༩)སྟེ། ཨ་ནས་ཧའི་བར་ཞེས་བྱ་བ་ཨཱ་ལི་བཅུ་དྲུག་དང་གསལ་བྱེད་སུམ་བཅུ་རྩ་གསུམ་མོ། །ཡི་གེའི་ཚོགས་ཀྱང་ཡི་གེའི་རྒྱུ་སྟེ་རིང་ཐུང་བར་མ་གསུམ་དུ་འདྲེན་པའི་རླུང་ངོ་། །རྣམ་གྲངས་གཞན་ཡང་གླང་པོ་ཆེ་ལ་སོགས་པ་ས་ལ་འགྲོ་བ་རྣམས་ནི་ཚིག་གི་ཚོགས་ཏེ། ཚིག་གི་སྐད་དོད་པ་དེ་ཞེས་རྐང་པ་ལ་འཇུག་པས་སོ། །མིང་གི་ཚོགས་ནི་ཚོར་བ་ལ་སོགས་པ་གཟུགས་མ་ཡིན་པའི་ཕུང་པོ་བཞི་སྟེ། དོན་ལ་གཞོལ་བར་བྱེད་པའི་ཕྱིར་རོ། །དོན་ལ་གཞོལ་བར་བྱ་བའི་རང་གི་མཚན་ཉིད་རྣམས་ནི་རྣམ་པ་གཞན་དུ་མི་འགྱུར་བས་ཡི་གེ་ཞེས་བྱའོ། །ཡེ་ཤེས་དཔལ་བཟངས་ཀྱིས་ནི་རྗོད་པར་བྱེད་པའི་སྒྲ་རྣམས་མིང་ཡིན་ལ། བརྗོད་པར་བྱ་བའི་དོན་རྣམས་ནི་ཚིག་ཡིན་ནོ་ཞེས་ཟེར་རོ། །མདོ་འདི་དང་ཆོས་མངོན་པ་དང་སྒྲའི་བསྟན་བཅོས་རྣམས་ལས་ཚོགས་གསུམ་པོ་མཚན་ཉིད་སོ་སོར་བཤད་ནས་སླར་ཡང་གཞི་གཅིག་གི་སྟེང་དུ་གསུམ་ག་འདུ་བར་འཆད་དོ། །དེ་ཡང་མདོ་སྡེའི་རྒྱན་ལས། ཆོས་ཀྱང་རྣམ་པ་གཉིས་སུ་གནས། །དོན་དང་ཡི་གེར་ཤེས་པར་བྱ། །ཞེས་བྱ་བས་བསྟན་བཅོས་རིལ་ཡི་གེར་བཤད་དོ། །འདིར་ཡང་དེ་བཞིན་ཏེ། དོན་བདུན་པོ་དེ་བརྗོད་པའི་ཡི་གེ་བསྟན་བཅོས་མཐའ་དག་གི་སྒྲའི་རང་བཞིན་གང་ཡིན་པ་དེ་དག་ནི་དོན་བདུན་པོའི་གནས་ཤེས་བརྗོད་དེ། དོན་བདུན་པོ་དེའི་རྟེན་དུ་གྱུར་བའི་ཕྱིར་རོ། །དེ་ཡང་དོན་བདུན་པོ་ཁོང་དུ་ཆུད་པའི་ཤེས་པ་ལ་དོན་ཞེས་བྱ་ལ། ཤེས་པ་དེ་སྒྲ་ལ་བརྟེན་ནས་སྐྱེ་བས་སྒྲ་ནི་དེའི་རྟེན་ཡིན་ནོ། །འདི་ནི་ཉན་པ་པོ་ལ་རྟོགས་པ་སྐྱེ་བའི་རིག་པ་ཡིན་ལ། འཆད་པ་པོའི་དབང་དུ་བྱས་ནས་ནི། སངས་རྒྱས་རྣམས་ཀྱིས་

(༥༠)ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་འབྱུང་བ་བཞིན་དུ་དོན་རྟེན་དང་སྒྲ་བརྟེན་པར་གཞག་སྟེ། དོན་ཁོང་དུ་ཆུད་པའི་ཤེས་པ་ལས་འཆད་པ་པོའི་སྒྲ་རྣམས་འབྱུང་བའི་ཕྱིར་རོ། །ངག་བསྡུ་ན་དེ་ལྟར་ཕིགས་པར་དཀའ་བའི་དོན་གྱིས་དོན་དག་རྡོ་རྗེ་ཉིད་དུ་རྟོགས་པར་བྱ་ལ། དོན་གྱི་རྟེན་ཡིན་པའི་དོན་གྱིས་ན་ཡི་གེ་དག་དོན་གྱི་གནས་ཉིད་དུ་རྟོགས་པར་བྱའོ། །དོན་གྱིས་ཤེས་བྱ་བ་ནི་རྒྱུ་མཚན་གྱིས་ཤེས་བྱ་བ་ཡིན་ཏེ། རྡོ་རྗེ་དང་གནས་སུ་བཤད་པའི་ཐ་སྙད་ཀྱི་དོན་ཡིན་ནོ་ཞེས་བྱ་བའོ། །དེ་ལ་དོན་ནི་གང་ཡི་གེ་ནི་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་ནི། བདུན་འདི་དག་གོ་ཞེས་བྱ་བའི་འགྲེལ་པ་སྟེ་སྐབས་འདིར། རྒྱ་དཔེར། ཏ་ཏྲ་ཀ་ཏ་མརྠོ ཀ་ཏ་མ་བྱཉྫ་ན་ཞེས་འབྱུང་སྟེ། དེ་ལ་ཀ་ཏ་མ་ནི་དུ་ཞེས་བྱ་བ་ཡིན་པས། དེ་ལ་དོན་ནི་དུ། ཡི་གེ་ནི་དུ་ཞེ་ན། ཞེས་བསྒྱུར་བར་བྱ་བ་ཡིན་པས་ལན་གྱི་སྐབས་སུ་ཡང་། རྟོགས་པའི་དོན་ནི་དོན་རྣམ་པ་བདུན་དུ་བརྗོད་པར་བྱའོ། །ཞེས་བསྒྱུར་འོས་པར་སྣང་ངོ་། །སངས་རྒྱས་ཀྱི་དོན་ནི་སངས་རྒྱས་ཀྱི་སྒྲའི་དོན་ཏེ་གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཡི་གེ་གང་དག་གིས་རྟོགས་པའི་དོན་རྣམ་པ་བདུན་པོ་འདི་དག་སྟོན་པར་བྱེད། གསལ་བར་བྱེད་པ་དེ་དག་ནི་ཡི་གེ་ཞེས་བྱའོ། །ཞེས་བྱ་བ་ནི་དོན་རྣམ་པ་བདུན་ཡོད་པས་ཡི་གེ་ཡང་རྣམ་པ་བདུན་ནོ། །དེ་ཡང་བྱཉྫ་ན་ནི་ཡི་གེའི་གསལ་བྱེད་དེ། དོན་བདུན་པོའི་ངོ་བོ་སྟོན་ཞིང་ཁྱད་པར་གསལ་བར་བྱེད་པའི་ཕྱིར་ཞེས་བྱའོ། །རྡོ་རྗེའི་དོན་ལ་ཤེས་པར་བྱེད་པའི་ལུང་དགོད་པ་ནི། རྡོ་རྗེའི་གནས་བསྟན་པ་དེ་ཡང་མདོར་བསྡུས་པས་བརྗོད་ཟིན་མོད། རྒྱས་པར་ནི་མདོ་རྣམས་ལས་འབྱུང་བ་

(༥༡)ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །དེ་ལ་མདོར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ། དེ་བཞིན་གཤེགས་པ་བལྟར་མེད་པ་དང་། ཆོས་མཉན་དུ་མེད་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱར་མེད་པར་ཆོས་སྟོན་ཞིག །ཅེས་བཀའ་སྩལ་བ་ན། བཅོམ་ལྡན་འདས་ལ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་བལྟར་མ་མཆིས་པ་ལགས། ཇི་ལྟར་ཆོས་མཉན་དུ་མ་མཆིས་པ་ལགས། ཇི་ལྟར་དགེ་འདུན་ལ་བསྙེན་བཀུར་བགྱིར་མ་མཆིས་པ་ལགས། ཤེས་ཞུས་པ་ལ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་གཅོད་པ་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་བལྟ། །ཞེས་ཆོས་ཉིད་ལ་བྱ་བས་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་མཚན་ཕུན་སུམ་ཚོགས་པར་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ཀྱང་ནི་ཆོས་ཉིད་ལ་བྱ་བས་ངག་གིས་བརྗོད་དུ་མེད་པ་སྟེ། དེ་ནི་གསུང་དབྱངས་དྲུག་བཅུར་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ཡང་ནི་ཆོས་ཉིད་ལ་བྱ་བས་འདུས་མ་བྱས་པ་སྟེ་དེ་ནི་ལུས་ཀྱིས་ཕྱག་སོགས་དང་། མཐོང་མ་ཐག་ཏུ་ལྡང་བར་འདོད་པ་ལ་སོགས་པའི་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ། །གསུང་དེའི་དེ་མ་ཐག་ཏུ་ཀུན་དགའ་བོས། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་འདི་ལྟར་རྟོགས་པར་དཀའ་བ་ནི་ངོ་མཚར་ལགས་སོ། །ཞེས་ཞུས་ཤིང་ལེགས་སོ་གནང་བའི་ཕྱིར་འདིར་དཀོན་མཆོག་གསུམ་ནི་ཆོས་ཉིད་ལ་བྱ་བར་མངོན་ནོ། །ཞེས་

(༥༢)བྱ་བ་དེ་སྐད་དུ་བརྗོད་པའི་རྡོ་རྗེའི་གནས་དང་པོ་གསུམ་པོ་འདི་ནི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པས་ཞུས་པས་ན་ལྷག་པའི་བསམ་པ་བརྟན་པའི་མདོ་སྟེ་དེ་ལས་ཁོང་དུ་ཆུད་པར་བྱའོ། །ཤཱ་རིའི་བུ་དོན་དམ་པའི་དོན་འདི་ནི་དེ་བཞིན་གཤེགས་པའི་རང་གི་ངོ་བོ་ཉིད་མཁྱེན་པའི་ཡུལ་ཏེ། དེ་བཞིན་གཤེགས་པའི་ཤེས་བྱ་མཐའ་དག་ལ་ཞུགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་དོན་དམ་པ་ཞེས་བྱ་ལ། ཤཱ་རིའི་བུ་དོན་འདི་ནི་རེ་ཤིག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་གཞན་གྱི་ཚིག་གི་རྗེས་སུ་འབྲངས་པ་མ་ཡིན་པར་རང་གི་ཤེས་རབ་ཀྱིས་སེམས་ཅན་གྱི་ཁམས་ཡིན་པར་ཡང་དག་པར་ཤེས་པའམ། དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པར་བལྟ་བའམ། ཆོས་ཀྱི་སྐུ་ཡིན་པར་བརྟག་པར་མི་ནུས་ན། འཇིག་ཚོགས་ལ་ལྟ་བར་ལྷུང་བའི་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་རང་གི་ཤེས་རབ་ཀྱིས་རྟོགས་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་ལ་དད་པས་དེའི་གསུང་གི་རྗེས་སུ་འབྲངས་ཏེ་ཚིག་ལ་ཡིད་ཆེས་པ་ཙམ་གྱིས་རྟོགས་པ་ནི་ཉན་རང་དང་པོ་སྐྱེ་ལ་ཡོད་པས་དེ་ནི་མ་རྟོགས་ཤེས་པའི་ཁོངས་སུ་མ་གཏོགས་སོ། །ཤཱ་རིའི་བུ་དོན་དམ་པ་ནི་རྟོགས་དཀའ་ཡང་སངས་རྒྱས་ཀྱི་གསུང་ལ་དད་པས་རྟོགས་པར་བྱ་བ་ཡིན་ཏེ། །ཤཱ་རིའི་བུ་ལྟོ་བ་ལྡིར་བའི་རྫས་དང་བུམ་པ་ཞེས་བྱ་བའི་མིང་ངོ་བོ་ཉིད་གཅིག་པ་མ་ཡིན་ཞིང་འབྱུང་བ་བཞི་པོ་ལྟར་འབྲལ་མེད་དུ་འགྲོགས་པ་ཡང་མ་ཡིན་ཏེ། གལ་ཏེ་ཡིན་ན་བ་ལང་གིས་ཀྱང་ལྟོ་ལྡིར་བ་མཐོང་མ་ཐག་ཏུ་བུམ་པའི་སྒྲ་བློ་འབྱུང་བར་ཐལ་བའི་ཕྱིར་ཏེ། །དེས་ན་མིང་ཐམས་ཅད་དོན་དེ་དང་དེ་ལ་བཏགས་པ་ཡིན་པས་བླ་དགས་ཤེས་བྱ་ལ་

(༥༣)དོན་དམ་པ་ཞེས་བྱ་བའི་སྒྲ་ཡང་སྐབས་ཀྱིས་སེམས་ཅན་གྱི་ཁམས་ཀྱི་ཚིག་གི་སྒྲ་དང་སྒྲ་རྣམ་གྲངས་པ་ཡིན་པས་སེམས་ཅན་སྟོང་པ་ཉིད་ཀྱི་བླ་དགས་ཡིན་ལ། དེ་བཞིན་དུ་སེམས་ཅན་གྱི་ཁམས་ཤེས་བྱ་བའི་སྒྲ་འདི་ནི་སྐབས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དགས་ཡིན་ཏེ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་སྒྲ་འདི་ནི་ཆོས་ཀྱི་སྐུའི་ཚིག་དང་རྣམ་གྲངས་པ་སྟེ་ཕྱིས་ཉེ་བར་བཏགས་པའི་བླ་དགས་ཡིན་ཏེ། །ཞེས་རྡོ་རྗེའི་གནས་བཞི་པ་འདི་ནི་དོན་དམ་པའི་མཚན་ཉིད་ལྔ་ལས་འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་མདོའི་རྗེས་སུ་འབྲངས་ནས་སེམས་ཅན་གྱི་ཁམས་རྡོ་རྗེ་ལྟ་བུར་རྟོགས་པར་བྱའོ་སྟེ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་འཆད་པ་ན་རྫོགས་པའི་སངས་རྒྱས་ཀྱི་སྐུ་འཕྲོ་བ་ལ་སོགས་པ་དོན་རྣམ་པ་གསུམ་དུ་བཤད་པ་ཡང་གཞུང་འདི་ལ་བརྟེན་པ་ཡིན་ཏེ། །འོག་ནས་རྣམ་ཀུན་མངོན་པར་བྱང་ཆུབ་དང། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་འཆད་པར་འགྱུར་བ་ལྟར་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱི་བ་འདི་ནི་བྱང་བ་དང་།།།པ་དོན་གཅིག་ལ། རྒྱས་པ་དང་ཆུབ་པ་དོན་གཅིག་པས་སངས་རྒྱས་དང་དོན་གཅིག་ཅིང་། དྲི་མ་བག་ཆགས་དང་བཅས་པ་ནི་མྱ་ངན་ཡིན་ལ། དེ་སྤངས་པ་ནི་འདས་པ་ཡིན་པས་མྱ་ངན་ལས་འདས་པའི་དབྱིངས་དང་ཡང་དོན་གཅིག་སྟེ། དེས་ན་བྱང་ཆུབ་ཀྱི་མིང་ནི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་གི་བླ་དགས་སོ། །དེས་ན་བྱང་ཆུབ་སངས་རྒྱས་དང་

(༥༤)སྤངས་པ་མྱ་ངན་ལས་འདས་པ་གཉིས་གནས་གྱུར་བའི་དོན་དམ་ཉིད་དང་གཉིས་སུ་མེད་ཅིང་གཅིག་གོ །བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཤེས་བགྱི་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་དུས་ན་ཇི་ལྟར་ཡོད་པ་དེ་བཞིན་དུ་གཤེགས་ཤིང་ཐོབ་པ་དང་། ཆོས་སྟོབས་ལ་སོགས་པའི་ཡོན་ཏན་དང་དབྱེར་མེད་པའི་སྐུའི་ཚིག་བླ་དགས་སུ་འགྱུར་ཏེ། རྡོ་རྗེའི་གནས་ལྔ་པ་འདི་ནི་འཕགས་པ་ཞེས་བྱ་བ་མདོ་སྤྱིའི་མིང་ཡིན་ཞིང་། བྱེ་བྲག་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཞེས་བྱ་བའི་མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །ཤཱ་རིའི་བུ་སྟོན་པ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་དོན་འདི་ལྟ་སྟེ། གྲངས་གང་གའི་ཀླུང་གི་བྱེ་མ་ལས་འདས་པའི་སྟོབས་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཆོས་ཡིན་ལ། སངས་རྒྱས་ཀྱི་ཡེ་ཤེས་ནི་དེ་དག་དང་བདག་ཉིད་གཅིག་པས་རྣམ་པར་དབྱེར་མེད་པའི་ཆོས་དང་ལྡན་པ་ཡིན་ལ། ཉོན་མོངས་པ་བོད་བའི་དུས་ཉིད་ན་ཡང་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ཏེ། མདོར་ན་ཡོན་ཏན་དང་ཁམས་བདག་ཉིད་གཅིག་ཏུ་འབྲེལ་བས་སྐུའི་སྒྲ་ནི་ངོ་བོ་ཉིད་ལ་བྱའོ། །རྡོ་རྗེའི་གནས་དྲུག་པ་འདི་ནི་འགྲིབ་པ་མེད་ཅིང་འཕེལ་བ་མེད་པ་ཉིད་བསྟན་པའི་མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །འཇམ་དཔལ་དེ་བཞིན་གཤེགས་པ་ནི་གདུལ་བྱ་འདུལ་བའི་ཚེ་སྤྱིར་རྟོག་པར་མི་མཛད། ཡུལ་དུས་སོགས་བྱེ་བྲག་ལ་རྣམ་པར་རྟོག་པར་མི་མཛད་མོད་ཀྱི། རྟོག་པ་མེད་པ་དེ་ལྟ་ན་ཡང་དེ་བཞིན་གཤེགས་པ་དེའི་སྐུ་སྟོན་པ་དང་གསུང་དབྱངས་བསྒྲག་པ་ལ་སོགས་པ་འདི་ལྟ་བུའི་རང་བཞིན་གྱི་མཛད་པ་འདི་

(༥༥)ནི་འབད་རྩོལ་ལ་མ་ལྟོས་པས་མི་རྟོག་རྣམ་པར་མི་རྟོག་བཞིན་དུ་ལྷུན་གྱིས་གྲུབ་ཅིང་ནམ་མཁའ་ཇི་སྲིད་དུ་རྒྱུན་མི་འཆད་པར་འཇུག་གོ་ཞེས་བྱ་བས་ཕྲིན་ལས་ཀྱི་བྱེད་པ་པོ་སངས་རྒྱས་ཀྱི་དོན་དམ་པ་རྡོ་རྗེའི་གནས་ཏེ་ཚིག་བདུན་པ་འདི་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་ཐོས་པ་ལ་སོགས་པའི་ཤེས་རབ་ཀྱིས་བརྒྱུད་དེ་འཇུག་པ་བསྟན་པའི་མདོའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །དེ་ལྟར་མདོར་བསྡུས་ནས་རྡོ་རྗེའི་གནས་བདུན་པོ་འདི་ནི་རྒྱས་པར་བསྟན་པ་ལ་འཇུག་པའི་སྒོ་བདུན་དུ་བསྡུས་པའི་དོན་གྱིས་ན་བསྟན་བཅོས་འདིའི་ཡན་ལག་མཐའ་དག་གང་དུ་བསྡུས་ཤིང་བསགས་པས་ལུས་སུ་རིག་པར་བྱའོ། །ད་ནི་དོན་བདུན་པོ་དེ་མདོ་གཅིག་ཏུ་རྒྱུན་ཆགས་པར་བརྗོད་པའི་ལུང་དང་བསྟན་བཅོས་འདི་འབྲེལ་བར་བསྟན་པའི་ཕྱིར། འདི་དག་རང་མཚན་ཉིད་ཀྱིས་རྗེས་འབྲེལ་བའང་། གོ་རིམས་ཇི་བཞིན་གཟུངས་ཀྱི་རྒྱལ་པོའི་མདོར། །གླེང་གཞི་ལས་ནི་གནས་གསུམ་རིག་བྱ་སྟེ། །བཞི་ནི་བློ་ལྡན་རྒྱལ་ཆོས་དབྱེ་བ་ལས། །ཤེས་བྱ་བ་ལ། རྗེས་འབྲེལ་ཞེས་བྱ་བ་འདིའི་སྐད་དོ། །ཨ་ནུ་ག་ཏ་ཞེས་འབྱུང་བ་ནི་རྗེས་སུ་འགྲོ་བ་དང་རྗེས་སུ་གནས་པ་དང་རྗེས་སུ་འབྲངས་པ་ལ་འཇུག་པས་འདིར་རྗེས་འབྲང་དུ་བྱས་ན་འཐད་དོ། །ཚིགས་སུ་བཅད་པ་འདི་འཆད་པ་ན་མདོར་བཤད་པ་དང་། རྒྱས་པར་བསྟན་པ་དང་། དོན་བསྡུ་བ་གསུམ་ལས། དང་པོ་ནི། རྡོ་རྗེའི་གནས་བདུན་པོ་འདི་དག་ལས་རང་གི་མཚན་ཉིད་བསྟན་པ་དང་རྗེས་སུ་འབྲེལ་བ་ནི་གོ་རིམས་ཇི་ལྟ་བར་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར་གླེང་གཞིའི་ལེའུ་ལས་གནས་གསུམ་རིག་པར་བྱ་ལ། ཞེས་བྱ་བ་

(༥༦)འདིར་ཡང་རྗེས་སུ་འབྲེལ་ཞེས་བྱ་བ་འདི་དོར་ནས། ལེའུའི་རྗེས་སུ་འབྲངས་ནས་རིག་པར་བྱ་ལ། འབྲེལ་བ་ཞེས་པ་དོར་ནས། གླེང་གཞིའི་ལེའུ་རྗེས་སུ་འབྲངས་ནས་རིག་པར་བྱ་ཞེས་བརྗོད་ན་རྒྱ་དཔེ་དང་མཐུན་ནོ། །རང་གི་མཚན་ཉིད་བསྟན་པ་ཞེས་པ་ནི་མདོ་དེ་ལས་དཀོན་མཆོག་གསུམ་ལ་སོགས་པའི་མི་ཙམ་བསྟན་པ་མ་ཡིན་གྱི། དོན་གྱི་རང་གི་མཚན་ཉིད་བརྗོད་པས་བསྟན་ཞེས་པ་སྟེ། མདོ་འདི་ལས་ནི་དོན་བདུན་པོ་བདེན་པ་གཉི་གའི་རྣམ་པས་བསྟན་པ་ཡིན་ཏེ། །དེའི་འོག་ཏུ་ལྷག་མ་ཁམས་དང་བྱང་ཆུབ་དང་ཡོན་ཏན་དང་ཕྲིན་ལས་བཞི་ནི་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱེ་བ་ལས་གཅིག་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱེ་བ་བསྟན་པ་ལས་གསུམ་རིག་པར་བྱའོ། །རྒྱས་པར་བསྟན་པ་ནི་མདོའི་ཚིག་ཉེ་བར་དགོད་པ་དང་། དེའི་དོན་བཤད་པ་གཉིས་ལས། དང་པོ་ནི། དེ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་ཤིན་དུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་གསུངས་ཏེ། ཞེས་པའོ། །དེ་བཤད་པ་ནི། རྩ་བའམ་གཞུང་གི་ཚིག་འདི་གསུམ་གྱིས་ནི་སྟོན་པས་ལམ་གྱི་གནས་སྐབས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་དཀོན་མཆོག་གསུམ་རིམ་གྱིས་སྐྱེ་བ་འགྲུབ་པ་རྣམ་པར་གཞག་པར་རིག་པར་བྱ་ལ། ལྷག་མ་གནས་བཞི་ལས་གཅིག་གིས་དཀོན་མཆོག་གསུམ་འབྱུང་བ་དང་རྗེས་སུ་མཐུན་པའི་ཉེ་བར་ལེན་པའི་རྒྱུ་འགྲུབ་པ་དང་གསུམ་གྱིས་ནི་ལྷན་ཅིག་བྱེད་པའི་རྒྱུ་བསྟན་པར་རིག་པར་བྱའོ། །དེ་ལ་གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་གནས་པ་

(༥༧)ན་ཆོས་ཐམས་ཅད་ལ་དབང་རྣམ་པ་བཅུ་ཐོབ་པར་འགྱུར་བ་དེའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོ་མཆོག་ཏུ་གཤེགས་པའི་བཅོམ་ལྡན་འདས་དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །དེ་ཡང་རྡོ་རྗེའི་གདན་དུ་གཤེགས་པའི་བཅོམ་ལྡན་འདས་དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་སྟེ། སྔོན་ས་བརྒྱད་པའི་གནས་སྐབས་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སངས་རྒྱས་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། སྔོན་རྡོ་རྗེ་གདན་དུ་བཞུགས་པ་ན་བདུད་བཅོམ་པས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པའི་ཚེའང་བདུད་བཅོམ་ཞེས་བརྗོད་པ་བཞིན་ཏེ། །ས་བརྒྱད་པར་སྲིད་པ་དང་ཞི་བ་མཉམ་པ་ཉིད་ཀྱི་མངོན་པར་རྟོགས་པ་ཐོབ་ཅིང་། ཞིང་དག་པ་དང་ཕྲིན་ལས་ཕུན་སུམ་ཚོགས་པ་ཐོབ་པས་སངས་རྒྱས་དང་ཤིན་དུ་འདྲ་བའི་ཕྱིར་སངས་རྒྱས་སུ་བཏགས་སོ། །ཆོས་ཐམས་ཅད་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་བྱ་ལ། དེ་གཉི་ག་རང་བཞིན་མེད་པ་ལ་བཟོད་པའི་ཡེ་ཤེས་གཅིག་གི་ངོ་བོར་མཉམ་པ་ཉིད་དུ་མངོན་པར་སངས་རྒྱས་ཏེ། དོན་དུ་ན་སེམས་ཅན་དང་བྱང་ཆུབ་སེམས་དཔའ་ས་བདུན་པ་མན་ཆད་ཀྱི་བློ་ལ་འཆར་བའི་རྣམ་པ་ལ་ནི་སྲིད་པ་ཞེས་བྱ་ལ། རང་བཞིན་གྱིས་སྐྱེ་བ་མེད་ཅིང་མཚན་མ་མེད་པའི་སེམས་ལ་རང་བཞིན་འོད་གསལ་ཞེས་བྱ་སྟེ། ས་བརྒྱད་པར་དེ་གཉིས་རོ་གཅིག་ཏུ་རྟོགས་པ་ཡིན་ཏེ། །ཆོས་ཐམས་ཅད་ལ་དབང་ཐོབ་པ་ནི་ས་བཅུ་པའི་མདོར་ས་བརྒྱད་པར། དེས་ལུས་དང་ཤེས་པ་མངོན་པར་སྒྲུབ་པ་དེ་ལྟ་བུ་ཐོབ་པས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཚེ་བྱིན་གྱིས་རློབ་པས་ཚེ་ལ་དབང་བ་འཐོབ་བོ། །ཞེས་བྱ་བ་ལ་སོགས་

(༥༨)པས་དབང་བཅུ་ཐོབ་པར་གསུངས་སོ། །བྱང་ཆུབ་ཀྱི་སྙིང་པོ་མཆོག་ནི་རྣམ་པ་གཉིས་ཏེ། འོག་མིན་དང་རྡོ་རྗེའི་གདན་ནོ། །དེ་ཡང་འོག་མིན་སྟུག་པོ་ནི་ནམ་ཡང་མི་འཇིག་པའི་ཕྱིར་དང་། རྡོ་རྗེའི་གདན་ནི་བསྐལ་བའི་མཐའི་མེ་ཆུ་རླུང་གསུམ་གྱིས་ཀྱང་མི་འཇིག་པའི་ཕྱིར་ཤིན་ཏུ་སྲ་བས་ན་སྙིང་པོ་ཞེས་བྱའོ། །གཤེགས་པའི་སྐད་དོད་ག་ཏ་ནི་གནས་པ་ལ་ཡང་འཇུག་པས་བྱང་ཆུབ་ཀྱི་སྙིང་པོ་མཆོག་ལ་བཞུགས་པ་ཞེས་བྱའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་བཅོམ་ལྡན་འདས་དེ་ལ་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་ཞེས་བྱ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་གནས་པ་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ལེགས་པར་ཤེས་པ་དང་། དབང་པོ་མཆོག་གི་ཕ་རོལ་དུ་ཕྱིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་འཇོམས་པ་ལ་མཁས་པར་འགྱུར་བ་དེའི་ཕྱིར་ཞེས་བྱའོ། །དེ་ཡང་ས་དགུ་པ་ལ་གནས་པ་ན་སོ་སོ་ཡང་དག་པར་རིག་པ་ཐོབ་པས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་རོ། །དེ་ལ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མོས་པའི་ཚུལ་མཐའ་ཡས་པ་མང་པོ་ལེགས་པར་ཤེས་པས་ནི་བསམ་པ་དང་མཐུན་པའི་འཁོར་ལོ་བསྐོར་ལ། མོས་པ་རྒྱ་ཆེ་ཡང་དབང་པོ་དམན་པ་དང་མོས་པ་ཆུང་ཡང་དབང་པོ་རྣོ་བ་སྲིད་པས་ཐུགས་སེམས་ཅན་གྱི་དབང་པོ་ལ་སྤྱོད་པ་ན་མཆོག་གི་ཕ་རོལ་དུ་ཕྱིན་པས་གདུལ་བྱའི་ཡུལ་ཤེས་པའོ། །སོ་སོ་ཡང་དག་པར་རིག་པས་ནི་འཁོར་ལོ་བསྐོར་བ་ཤེས་སོ། །ལས་དང་ཉོན་མོངས་པས་ཁམས་གསུམ་དུ་མཚམས་སྦྱོར་བ་དང་། མངོན་པར་བརྗོད་པའི་བག་ཆགས་ཀྱིས་རྣམ་རྟོག་གི་མཚམས་སྦྱོར་བ་དང་། མ་རིག་བག་ཆགས་

(༥༩)ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་སུ་མཚམས་སྦྱོར་བ་རྣམས་རྣམ་པར་འཇོམས་པའི་གཉེན་པོ་གནས་སྐབས་པ་དག་དང་། མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ལ་མཁས་པར་འགྱུར་བ་ནི་ཆོས་ཀྱི་འཁོར་ལོའི་འབྲས་བུ་ལ་མཁས་པར་འགྱུར་བ་ཡིན་པ་དེའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་ལ། སློབ་མའི་ཚོགས་ཤིན་དུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་བྱ་སྟེ། གང་གི་ཕྱིར་ས་བཅུ་པ་ལ་གནས་པ་ན་ས་དེ་ཐོབ་མ་ཐག་ཏུ་དེ་བཞིན་གཤེགས་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་མཛད་ལ། དེ་ཐོབ་མ་ཐག་ཏུ་སངས་རྒྱས་ཀྱི་མཛད་པ་དང་མཐུན་པར་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འགྱུར་བ་དེའི་ཕྱིར་ཏེ། ཇི་ལྟར་དབང་བསྐུར་བ་ནི་འདིར་མ་བྲིས་ཏེ་ས་བཅུ་པའི་མདོ་ལས་ཤེས་པར་བྱ་ཞིང་། དབང་བསྐུར་བའི་ཚེ་པདྨ་གྲངས་མེད་པ་ལ་གནས་པའི་འཁོར་གྲངས་མེད་པ་གསུངས་པའི་ཕྱིར་ས་བཅུ་པ་ཉིད་དུ་སློབ་མའི་ཚོགས་ཤིན་དུ་དུལ་བ་མཐའ་ཡས་པ་མངའ་བར་འགྱུར་རོ། །སློབ་མའི་ཚོགས་ཤིན་དུ་དུལ་བ་མཐའ་ཡས་པ་མངའ་བ་དེ་ཡང་དཀོན་མཆོག་གསུམ་འགྲུབ་པ་གསུངས་པའི་དེ་མ་ཐག་ཏུ་དགེ་སློང་སྟོང་ཕྲག་དྲུག་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་ཚོགས་གཞལ་དུ་མེད་པ་དང་ཐབས་གཅིག་གོ་ཞེས་བྱ་བའི་བར་གྱི་གཞུང་འདིས་སྟོན་ཏེ། ཉན་ཐོས་ཀྱི་བྱང་ཆུབ་ལ་ཤིན་དུ་དུལ་བ་ནི་ཅང་ཤེས་པ་ནས། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་དུ་ཞུགས་པའི་བར་གྱི་ཡོན་ཏན་དང་ལྡན་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ཤིན་དུ་དུལ་བ་ཐམས་ཅད་མཁྱེན་

(༦༠)པ་ཆགས་པ་མེད་པའི་སྤྱོད་ཡུལ་གྱི་ངེས་པར་བྱུང་བ་ནས། མཐའ་ཡས་པ་ཐུག་པ་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མ་ཆད་པའི་བར་གྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་དང་ཡང་ཐབས་གཅིག་ཏུ་བཞུགས་པ་སྟེ། ཐབས་གཅིག་པ་ནི་སྤྱོད་ལམ་མཐུན་པའོ། །དེ་ནས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པ་བསྟན་པའི་རྗེས་ཐོགས་ལ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཡུལ་རྣམ་པར་སྤྲུལ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཡུལ་རྣམ་པར་སྤྲུལ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་བར་དུ་འཁོར་གྱི་ཁྱམས་སངས་རྒྱས་ཀྱི་གནས་དེ་བཞིན་གཤེགས་པའི་དགེ་བའི་རྩ་བས་མངོན་པར་གྲུབ་པ། ཞེས་བྱ་བ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་དེ་ལྟ་བུའི་ཐེམ་སྐས་ཆེན་པོ་དག་བྱུང་བར་གྱུར་ཏོ་ཞེས་བྱ་བའི་བར་ནི། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཁྱུ་མཆོག་ལ་བརྟེན་ནས་རིན་པོ་ཆེ་བཀོད་པའི་དཀྱིལ་འཁོར་གྱི་ཁྱམས་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་

(༦༡)འཁོར་དང་བཅས་པ་འདོད་པའི་ལྷ་རིགས་དྲུག་པོ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ་ཞབས་འབྲིང་བྱས་ནས་ཐེམ་སྐས་དེ་དག་ལས་འཁོར་གྱི་ཁྱམས་དེར་གཤེགས་སོ། །གཤེགས་ནས་སེང་གེའི་ཁྲི་ལ་བཞུགས་ཤིང་འཁོར་རྣམས་ཀྱང་རང་དང་འཚམ་པའི་སྟན་ལ་འཁོར་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་ཐར་བ་སྒྲིབ་པ་མེད་པ་ལ་སངས་རྒྱས་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་སྐུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་གང་ཟག་ཀླུང་གི་བྱེ་མ་སྙེད་བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནང་བར་མཛད་དོ། །འོད་དེས་ངན་སོང་ཞི་བ་སོགས་མཛད་ནས་འོད་དེ་ལས་བྱང་ཆུབ་སེམས་དཔའ་བསྐུལ་བའི་ཚིགས་སུ་བཅད་པ། གང་གིས་བརྩོན་འགྲུས་སྟོབས་ནི་མཐའ་ཡས་ཡངས་པ་བསྟན་པ་བརྩམས་གྱུར་ཏེ། ཞེས་བྱ་བ་ལ་སོགས་པ་ནས། གང་དག་དད་པ་དང་བ་ཆེ་ཡངས་དོན་དུ་གཉེར་བ་དེ་དག་དེ་རིང་ལྟས། ཤེས་བྱ་བའི་བར་དུ་བྱུང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་གོ་བར་བྱས། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་བ་སོགས་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་བྱང་ཆུབ་སེམས་དཔའ་མེ་ཏོག་དཔལ་གྱི་སྙིང་པོ་ལ་སོགས་པ་རང་རང་གི་འཁོར་གང་ཟག་ཀླུང་བཅུའི་བྱེ་མ་སྙེད་དང་མཉམ་པ་འཁོར་གྱི་ཁྱམས་དེར་འོངས་ནས་མཆོད་པ་དང་བསྟོད་པའི་སྤྲིན་གྱི་ཆར་ཕབ་ནས་རང་རང་གི་ཕྱོགས་སུ་སྤྲུལ་པའི་སྟན་ལ་འདུག་ཅིང་། དེ་བཞིན་དུ་འོད་ཀྱིས་བསྐུལ་བའི་བྱང་ཆུབ་སེམས་དཔའ་ཚད་མེད་པ་འདུས་པ་དང་གསུང་གསལ་བའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཁོར་བཞི་དང་མི་དང་མི་མ་ཡིན་

(༦༢)པ་དག་ཀྱང་ཐེམ་སྐས་ལས་འཁོར་གྱི་ཁྱམས་སུ་ཕྱིན་ཏེ་རང་དང་འཚམ་པའི་སྟན་ལ་འདུག་པ་དང་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱང་འདུས་པས་ནི་དེ་བཞིན་གཤེགས་པའི་འཁོར་འདུས་པ་དང་། ལྷ་རྫས་ཀྱི་མཆོད་པ་སྣ་ཚོགས་གྲུབ་པ་དང་། བསྟོད་པའི་སྤྲིན་གྱི་ཆར་ཕབ་པས་སངས་རྒྱས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་རྣམ་པར་གཞག་པར་རིག་པར་བྱའོ། །དེའི་རྗེས་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་ཆེན་པོ་དེ་མཁྱེན་ནས་སྨིན་མཚམས་ཀྱི་མཛོད་པུར་ནས་བྱང་ཆུབ་སེམས་དཔའི་སྟོབས་ཉེ་བར་སྟོན་པ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ་བྱང་ཆུབ་སེམས་དཔའི་ཚོགས་ལ་ལན་བདུན་སྐོར་བ་བྱས་ནས་དེ་དག་གི་སྤྱི་བོར་ནུབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མེ་ཏོག་དཔལ་གྱི་སྙིང་པོ་ལ་འོད་དེས་རེག་མ་ཐག་ཏུ་རྒྱན་ཐམས་ཅད་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་མཐུས་ཁྱབ་པ་དེའི་དབུས་ནས་ཐུབ་པའི་སེང་གེའི་ཁྲི་ཏ་ལ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་ཙམ་དུ་མཐོ་བ་རིན་པོ་ཆེས་སྤྲས་པ་ལ་སོགས་པའི་རྒྱན་ཐམས་ཅད་དང་ལྡན་པ་བྱུང་བའི་བར་གྱིས་ཆོས་ཀྱི་གདན་གྱི་བཀོད་པ་རྒྱ་ཆེན་པོ་བསྟན་པ་ཡིན་ཏེ། །དེ་ནས་བྱང་ཆུབ་སེམས་དཔའ་མེ་ཏོག་དཔལ་གྱི་སྙིང་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ། ཉི་མ་འོད་ཀྱིས་འགྲོ་བའི་དགོས་པ་རབ་ཏུ་བགྱིད། ཅེས་བྱ་བ་ལ་སོགས་པས་འོད་ལ་བསྔགས་ཤིང་སེང་གེའི་ཁྲི་དེ་ལ་བཞུགས་པའི་བར་གྱིས་ནི་འོད་ཀྱི་བསྔགས་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་བརྙེས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བྱང་ཆུབ་སེམས་དཔའི་ལ་བཀོད་པ་

(༦༣)དམིགས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་བསྟན་པའི་ཕྱིར་སེང་གེའི་ཁྲི་ལ་བཞུགས་པར་བསྟན་པས་ནི། ཆོས་ཀྱི་རྣམ་གྲངས་ཀྱི་མིང་དང་ཡོན་ཏན་ཡོངས་སུ་བསྒྲགས་པས་ཆོས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་རྣམ་པར་གཞག་པར་རིག་པར་བྱའོ། །དེའི་རྗེས་ལ། དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་རིན་ཆེན་སྲོག་ཤིང་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཐུ་བསྟན་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་ནས། རྒྱན་བཀོད་པ་ཞེས་བྱ་བ་འདུས་པའི་ལེའུ་བར་གྱིས་ཕན་ཚུན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཐུ་བསྟན་པ་དང་། དེའི་ཡོན་ཏན་གྱི་བསྔགས་པ་རྣམ་པ་སྣ་ཚོགས་པ་བསྟན་པས་དགེ་འདུན་དཀོན་མཆོག་ཡོན་ཏན་རྣམ་པར་དབྱེ་བ་བསྟན་པར་རིག་པར་བྱའོ། །དེའི་རྗེས་ལ་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་འཁོར་འདུས་པ་རྒྱ་ཆེ་ཞིང་ཆོས་ཀྱི་སྣོད་ཆེན་པོར་གཟིགས་ནས་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ལ་མི་འཇིགས་པས་སྤོབས་ཤེས་བྱ་བའི་འོད་ཟེར་སྟོན་པའི་གཙུག་ཏོར་ལས་ཕྱུང་སྟེ་འཁོར་གྱི་དཀྱིལ་འཁོར་ལ་ལན་བདུན་བསྐོར་ཞིང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་ལུས་ལ་ལན་བརྒྱར་བསྐོར་ནས་དེའི་སྤྱི་གཙུག་ཏུ་ནུབ་པར་གྱུར་ཏོ། །ཞེས་བྱ་བ་ནི། སངས་རྒྱས་ཀྱི་འོད་ཟེར་གྱིས་དབང་བསྐུར་བའོ། །འོད་དེས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ལ་རེག་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་འཁོར་གཞན་རྣམས་ཀྱི་ལུས་དང་འོད་དང་སེང་གེའི་ཁྲི་རྣམས་བརྒྱ་འགྱུར་དུ་ཟིལ་གྱིས་མནན་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་

(༦༤)ཏེ་ལངས་ནས་རྒྱར་སྟོང་གསུམ་དང་མཉམ་པའི་གདུགས་དང་མེ་ཏོག་དང་སིལ་སྙན་ལ་སོགས་པས་མཆོད་ནས་འོད་ཟེར་ལ་བསྟོད་ཅིང་། མི་ཡི་འདྲེན་པའི་འོད་ཀྱིས་རེག་པས་ན། གང་དག་བདག་གིས་སྔོན་ཐོས་དྲན་པ་དང་། །བློ་གྲོས་སྤོབས་པ་སྣང་བ་དེ་བཞིན་གཟུངས། །རྣམ་པ་སྟོང་དུ་ཁྱད་པར་འཕགས་པར་འགྱུར། །བདག་ལུས་རབ་སིམ་སེམས་ནི་རྣམ་པར་དག །བདག་གི་བློ་གྲོས་དགའ་མགུ་མཉམ་པར་གྱུར། །གཞན་ཡང་སངས་རྒྱས་མཁྱེན་པ་མཐའ་ཡས་དང་། །སྤོབས་པ་བདག་གི་ལུས་ལ་རབ་ཏུ་ཞུགས། །ཤེས་བྱ་བའི་བར་ནི། བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་སྲས་ཀྱི་ཐུ་བོ་ལ་མི་འཇིགས་པ་དང་སྤོབས་པའི་མཆོག་ཉེ་བར་བསྒྲུབས་པའོ། །སངས་རྒྱས་མཐུ་ཆེན་བསྙེན་པར་དཀའ་བ་ལ། །ཉམ་ཆུང་དག་གིས་མཉེས་པར་བགྱི་མི་ནུས། །སངས་རྒྱས་གནང་ནས་འགྲོ་ཀུན་ཕན་སླད་དུ། །སངས་རྒྱས་ལ་ནི་ཞུ་བ་ཞུ་བར་འཚལ། །ཞེས་བྱ་བ་ནས། འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་བཤད་དུ་གསོལ། །ཞེས་བྱ་བའི་བར་ནི་སྤོབས་པ་བསྒྲུབས་པ་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་དོན་དམ་པའི་བསྟོད་པ་བསྟན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ནས། ལས་ཀྱི་མཐའ་གདུང་བ་མ་མཆིས་པ་རྣམས་ལགས། ཤེས་བྱ་བའི་བར་ནི་ཐེག་པ་ཆེན་པོའི་ཆོས་མཆོག་གི་གཏམ་གྱི་དངོས་པོ་ཉེ་བར་བཀོད་པའོ། །བཅོམ་ལྡན་འདས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་བདུད་དང་ཕྱིར་རྒོལ་བ་བཅོམ་ཞིང་ཐེ་ཚོམ་དང་བྲལ་ནས། ཤེས་བྱ་བ་ནས། མྱུར་དུ་ཆོས་ཐམས་

(༦༥)ཅད་ལ་དབང་བསྒྱུར་བ་ཐོབ་པར་འགྱུར་བ་ངས་ཁྱོད་ལ་བཤད་དོ། །ཞེས་བྱ་བའི་བར་གྱིས་དེ་རྟོགས་པར་བྱེད་པའི་འབྲས་བུ་ཆོས་ཀྱི་དབང་ཕྱུག་དམ་པ་ཐོབ་པ་བསྟན་པའོ། །གོ་རིམས་ཇི་ལྟ་བར་དཀོན་མཆོག་གསུམ་པོ་དེ་རྣམས་ཉིད་ཀྱི་བླ་ན་མེད་པའི་ཡོན་ཏན་གྱི་རྣམ་པར་དབྱེ་བ་རྣམ་པར་གཞག་པ་གླེང་གཞིའི་ལེའུའི་མཐའ་ཉིད་དུ་བལྟ་བར་བྱའོ། །ཞེས་བྱ་བ་ལ། སངས་རྒྱས་ཀྱི་མཐུས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་སྐལ་མཉམ་གཞན་རྣམས་ལས་བརྒྱ་འགྱུར་གྱིས་ལྷག་པར་གྱུར་ཅིང་སྤོབས་པའི་མཆོག་ཉེ་བར་ཐོབ་པས་སངས་རྒྱས་ཀྱི་བསྟོད་པ་བསྟན་པ་ནི་སངས་རྒྱས་ཀྱི་བླ་ན་མེད་པའི་ཡོན་ཏན་ནོ། །གཏམ་གྱི་དངོས་པོ་ཉེ་བར་བཀོད་པས་ནི་ཆོས་ཀྱི་བླ་ན་མེད་པའི་ཡོན་ཏན་བསྟན་ཏོ། །དེ་རྟོགས་པར་བྱེད་པའི་འབྲས་བུ་བསྟན་པས་དགེ་འདུན་གྱི་བླ་ན་མེད་པའི་ཡོན་ཏན་བསྟན་ཏེ། ཡོན་ཏན་བསྟན་པ་གསུམ་པོ་དེ་དག་ནི་རྒྱན་བཀོད་པ་ཞེས་བྱ་བ་གླེང་གཞིའི་ལེའུ་དེའི་དེ་མ་ཐག་བསྟན་པས་མཐའ་ཉིད་དུ་རིག་པར་བྱ་བ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏོ། །ཞེས་བྱ་བ་མན་ཆད། མདོའི་གླེང་གཞིའི་ལེའུའི་རྗེས་ཐོགས་སུ་དེ་ཡོངས་སུ་དག་པའི་ཡོན་ཏན་གྱི་ཡོངས་སུ་སྦྱོང་བ་རྣམ་པ་དྲུག་བཅུ་བསྟན་པས་སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཡོངས་སུ་དག་པར་བྱ་བའི་དོན་ཡོན་ཏན་དང་ལྡན་ན། དེ་ཡོངས་སུ་དག་པའི་ཡོངས་སུ་སྦྱོང་བ་འཐད་པའི་ཕྱིར་རོ། །ཞེས་བྱ་བ་སྤྱིར་སྦྱོང་བྱེད་ཀྱི་ཆོས་བརྗོད་པ་ཙམ་གྱིས་སྦྱང་བྱའི་ཆོས་བརྗོད་པའི་ཁྱབ་པ་ནི་མེད་དེ། མཚུར་ནག་བརྗོད་པས་གསེར་བརྗོད་པར་མ་ངེས་པའོ། །འོན་ཀྱང་རྟོགས་ལྡན་བྱ་བ་ཞིག་ལ་འབད་པ་མཐོང་བ་ན། དེ་ལ་འབྲས་བུ་ཡོད་

(༦༦)ཞེས་ངེས་པར་བྱ་ནུས་ཏེ། འདི་ནི། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བས་བཤད་པ་ཡིན་ནོ། །དེ་ལྟར་ཡིན་པར་དཔེར་བརྗོད་པ་ཡང་སྤྱིར་ཡོངས་སུ་དག་པར་བྱ་བའི་དོན་ནམ་འབྲས་བུ་ཡོན་ཏན་དང་ལྡན་པ་ནི་ཡོན་ཏན་དང་འབྲེལ་བ་སྟེ། འབྲེལ་བ་བརྟག་པའི་འགྲེལ་བར་ལྡན་པ་དང་ཕྲད་པ་དང་སྦྱོར་བ་དང་འབྲེལ་བ་ཞེས་བྱ་བ་རྣམས་སྒྲ་རྣམ་གྲངས་པ་ཡིན་པར་དུལ་བ་ལྷས་བཤད་པ་བཞིན་ཏེ། འདི་ནི་རྣམ་གཞག་བཅུ་ལས་ལྡན་པ་འཆད་པ་འཆད་པ་ན་ཡང་གོ་བར་བྱ་བ་ཡིན་ནོ། །དེ་ལྟ་བུའི་དོན་ནམ་འབྲས་བུ་ཡོན་ཏན་དང་ལྡན་ཞིང་འབྲེལ་བ་དེ་ཡོད་ན་དེ་སྦྱངས་པས་དག་པའི་འབྲས་བུ་སྒྲུབ་བྱེད་ཀྱི་རྒྱུ་ཡོངས་སུ་སྦྱོང་བ་འཐད་པའི་ཕྱིར། དཔེར་ན་གསེར་རྟོག་ཤེས་པས་གསེར་ས་རྐོ་བ་བཞིན་དང་ནོར་བསྒྱུར་མཁན་མཁས་པས་བཻ་ཌཱུརྱའི་རིགས་ཀྱི་རྡོ་བ་སྦྱོང་བ་བཞིན་ནོ། །དོན་ནི་འདི་ལྟར་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཆོས་དྲུག་བཅུ་པོ་འདི་རྣམས་ཉམས་སུ་ལེན་པ་ན། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། ཤེས་དང། །ཤེས་རབ་ཆེན་པོས་གང་བརྟགས་ཤིང་། །བདག་ཉིད་ཀྱིས་ཀྱང་བརྟགས་བརྟགས་པ། །ཞེས་གསུངས་པའི་ཚུལ་གྱིས་སློབ་དཔོན་མཁས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སློབ་མ་མཁས་པ་བྱང་ཆུབ་སེམས་དཔའ་རྣམས་ཆོས་དྲུག་བཅུ་པོ་རྣམས་ལ་འབད་དུ་བཅུག་ཅིང་བསླབ་པ་རིན་པོ་ཆེ་གསུམ་དྲན་པའི་སྲད་བུས་བརྒྱུས་ཏེ། བློའི་ལུས་བརྒྱན་ནས་དྲན་པ་ལ་སོགས་པའི་སྒྲོན་མེ་ཆེན་པོ་བརྒྱད་ཐོགས་ནས་སྙིང་རྗེ་ཆེན་པོ་བཅུ་དྲུག་གི་ཤུགས་ཕྱུང་སྟེ། སེམས་ཅན་གྱི་ས་ཆེན་པོ་ལ་རྐོ་ཞིང་སེམས་ཅན་གྱི་རྡོ་བ་འགའ་ཞིག་སྦྱོང་བའི་

(༦༧)ལས་སུམ་བཅུ་རྩ་གཉིས་བྱེད་པ་ན་སེམས་ཅན་འདི་རྣམས་ལ་ཕུལ་དུ་བྱུང་བའི་ཡོན་ཏན་ཁྱད་པར་ཅན་འབྱུང་དུ་རུང་བའི་རང་བཞིན་ཡོད་པར་ངེས་ལ། རང་བཞིན་དེ་ཡོན་ཏན་འབྱུང་བའི་རྒྱུ་ཡིན་པས་ཁམས་ཤེས་མིང་འདོགས་སོ། །དེ་ཡང་སེམས་ཅན་གྱི་ས་གཞིའམ་རྡོ་བ་ཕྱོགས་གཅིག་ཙམ་ལ་མ་ཡིན་གྱི། སེམས་ཅན་མཐའ་དག་གི་ཆེད་དུ་ཡིན་པའི་ཕྱིར་གཏན་རིགས་ཆད་པའི་སེམས་ཅན་ཡང་མེད་ལ། ཞི་བར་ལྷུང་ནས་ལྡང་མི་སྲིད་པ་ཡང་མེད་དོ་ཞེས་བྱ་བའི་དོན་འདི་བསྟན་པ་ཡིན་ཏེ། །ས་བཅུ་པའི་མདོར་ས་ལེ་སྦྲམ་དང་སེམས་ཅན་གྱི་ཁམས་འདྲ་བའི་དོན་གྱི་དབང་འདི་བརྗོད་བྱར་ཉེ་བར་གཟུང་ནས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་ལ་ཡང་ས་ལེ་སྦྲམ་གྱི་ཡོངས་སུ་སྦྱོང་བ་དཔེ་བརྗོད་པ་མཛད་དེ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་མགར་བ་མཁས་པས་གསེར་གྱི་ས་ལེ་སྦྲམ་ཇི་ལྟ་ཇི་ལྟར་མེས་བསྲེགས་པ་དེ་ལྟ་དེ་ལྟར་རབ་ཏུ་བྱང་བ་དང་། ཡོངས་སུ་དག་པ་དང་། ཅི་དགར་ལས་སུ་རུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པར་བྱེད་པ་དང་། ས་ཡོངས་སུ་སྦྱོང་བའི་ཆོས་འདི་དག་ཡང་དག་པར་བླངས་ཏེ་གནས་པ་ད་ལྟ་དེ་ལྟར་དེའི་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྔོས་པ་དེ་དག་རབ་ཏུ་བྱང་བ་དང་། ཡོངས་སུ་དག་པ་དང་། ཅི་དགར་ལས་སུ་རུང་བར་བྱའོ། །ཞེས་བྱ་བ་དང་། དེ་བཞིན་དུ་ས་གཉིས་པར། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་གསེར་གྱི་ས་ལེ་སྦྲམ་དེ་ཉིད་ནག །ཚུར་དུ་བཅུག་ན་དེ་བས་ཀྱང་དྲི་མ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཞེས་གསུངས་པ་དང་ས་གསུམ་པ་ལ་སོགས་པ་ལ་ཡང་སྦྱོང་བའི་ཁྱད་པར་གཞན་དང་

(༦༨)གཞན་གྱིས་གསུངས་སོ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་དེ་ཉིད་དུ་བཻ་ཌཱུརྱའི་ཁམས་ཀྱི་དཔེས་བསྟན་ཏེ། དེ་ཡང་དེ་བཞིན་གཤེགས་པའི་སྟོབས་ལ་སོགས་པ་བྲལ་བའི་ཡོན་ཏན་སུམ་བཅུ་རྩ་གཉིས་ཀྱི་ཕྲིན་ལས་སུམ་བཅུ་རྩ་གཉིས་བསྟན་པའི་རྗེས་ཐོགས་དེ་མ་ཐག་ཉིད་དུ་མ་དག་པའི་ནོར་བུ་བཻ་ཌཱུརྱའི་དཔེར་མཛད་དེ། རིགས་ཀྱི་བུ་དཔེར་ན་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲིན་ལས་མཛད་པའི་རིམ་པ་ལ་མཐའ་ཡས་ཀྱང་གསུང་གི་ཕྲིན་ལས་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་འཁོར་ལོ་རྣམ་པ་གསུམ་དུ་བསྡུས་ནས་གསུངས་སོ། །འདི་ནི་གཏམ་ཆེན་པོ་ཡིན་པའི་ཕྱིར་འདི་དག་གི་གཞི་གདིང་བར་བྱ་སྟེ། སངས་རྒྱས་དཀོན་མཆོག་གི་འགྲེལ་བར། མངོན་པར་རྫོགས་པར་བྱང་ཆུབ་སྟེ་ཞེས་བྱ་བ་ནི་ཡང་དག་པ་ཅི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་ནས་སོ། །སེམས་ཅན་རྣམས་ལ་ཞེས་བྱ་བ་ནི་ངེས་པ་དང་མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པའི་ཕུང་པོར་གནས་པ་རྣམས་ལའོ། །ཞེས་གསུངས་པའི་ཕྱིར་བཻ་ཌཱུརྱའི་ཕུང་པོ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཡིན་པ་ལས་མ་ངེས་པ་དང་། ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་རྣམས་ཀྱི་དྲི་མ་ཆོས་ཀྱི་འཁོར་ལོས་སྦྱོང་བར་མཛད་ལ། དྲི་མ་ཡང་སོ་སྐྱེ་རྣམས་ཀྱི་ཉོན་སྒྲིབ་དང་། ཉན་རང་རྣམས་ཀྱི་ཤེས་སྒྲིབ་དང་། བྱང་ཆུབ་སེམས་དཔའ་སོ་སྐྱེ་རྣམས་ལ་སྒྲིབ་པ་དེ་གཉི་ག་སྲིད་ཅིང་། འཕགས་པ་རྣམས་ལ་སྒྲིབ་པ་གཉིས་ཀྱི་རགས་པ་བཅོམ་པའི་ལྷག་མ་བག་ཆགས་ཀྱི་སྒྲིབ་པ་སྦྱོང་བར་མཛད་དོ། །དྲི་མའི་གཉེན་པོའི་ཕྱོགས་སུ་གྱུར་པའི་ལམ་ཡང་ཀུན་ལས་བཏུས་ལས། ལམ་གྱི་བདེན་པ་གང་ཞེ་ན། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤོང་བ་

(༦༩)དང་། འགོག་པ་མངོན་དུ་བྱེད་པ་དང་། ལམ་སྒོམ་པ་སྟེ། འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཡང་ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་། མཐར་ཕྱིན་པའི་ལམ་མོ། །ཞེས་གསུངས་ལ། མངོན་པར་རྟོགས་པའི་རྒྱན་དུ་ཐར་བའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། མཐོང་བ་དང་། སྒོམ་པ་དང་། མི་སློབ་པའི་ལམ་རྣམས་གསུངས་སོ། །སྦྱོང་བྱེད་ཀྱི་ལམ་འདི་རྣམས་ནི་ཐེག་པ་གསུམ་ག་ལ་ལྔ་ཚན་རེ་རེ་ཡོད་དོ། །ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རིམ་པ་ནི། ཕལ་པོ་ཆེའི་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བཅུ་བསྟན་པ་ལས། ཀྱེའི་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཤེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པས་ཤིན་དུ་ཡངས་པ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་བརྩོན་པར་བྱེད་པ་གང་ལ་བསམས་ཏེ། དེ་སྐད་དུ་སྨྲས་པ་དེ་དག་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་སྟེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་དག་གོ །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་

(༧༠)དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། ཚེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། གཞོན་ནུར་གྱུར་བའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། རྒྱལ་ཚབ་ཏུ་གྱུར་བའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་དང་། དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའོ། །ཞེས་གསུངས་པའི་བྱང་ཆུབ་སེམས་དཔའ་བཅུ་པོ་རིགས་ལ་གནས་པར་གསུངས་པ་ལས། རིགས་ནི་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་གཞན་ཡང་མངོན་པར་རྟོགས་པར་འགྱུར་བའི་རིགས་ལྔ་ཡོད་དེ། ལྔ་གང་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། གང་དུའང་མ་ངེས་པའི་རིགས་དང་། རིགས་མེད་པ་དང་ལྔའོ། །བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། གང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། རང་དང་སྤྱིའི་མཚན་ཉིད་ཡོངས་སུ་ཤེས་པ་ཁོང་དུ་ཆུད་པར་འགྱུར་བ་བསྟན་ན་ལུས་ཀྱི་སྤུ་ལྡང་ཞིང་དེའི་བློ་མཚན་ཉིད་ཡོངས་སུ་འདྲིས་པར་བྱ་བའི་ཤེས་པ་ལ་

(༧༡)འཇུག་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་དང། ཐ་མི་དད་པའི་མཚན་ཉིད་ཡོངས་སུ་འདྲིས་པར་བྱ་བ་ལ་མ་ཡིན་པ་སྟེ། བློ་གྲོས་ཆེན་པོ། འདི་ནི་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་ལྟ་བས་ས་དྲུག་དང་ལྔ་དག་ཏུ་ཀུན་ནས་ལྡང་བའི་ཉོན་མོངས་པ་རབ་ཏུ་སྤངས་ནས་བག་ཆགས་ཀྱི་ཉོན་མོངས་པ་རབ་ཏུ་མ་སྤངས་པ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་ལྡན་པ། དེ་ནི་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་ལ་གནས་སོ། །བྱ་བ་བྱས་སོ་ཞེས་ཡང་དག་པར་སེང་གེའི་སྒྲར་སྒྲོག་ཅིང་། དེ་ལ་སོགས་པ་སྨྲས་ནས་གང་ཟག་ལ་བདག་མེད་པ་ཡོངས་སུ་འདྲིས་པ་ནས་མྱ་ངན་ལས་འདས་པའི་བར་གྱི་བློར་འགྱུར་རོ། །བློ་གྲོས་ཆེན་པོ་གཞན་དག་ནི་བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་ཡོད་པར་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པ་ཚོལ་ལོ། །བློ་གྲོས་ཆེན་པོ་ཡང་གཞན་དག་ནི་དངོས་པོ་ཐམས་ཅད་རྒྱུ་ལ་རག་ལས་པར་མཐོང་ནས་མྱ་ངན་ལ་འདས་པ་འདོད་པའི་བློར་འགྱུར་ཏེ། བློ་གྲོས་ཆེན་པོ་ཆོས་ལ་བདག་མེད་པར་མཐོང་བ་མེད་པའི་ཕྱིར་ཐར་བ་ནི་མེད་དོ། །བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བ་དང་མུ་སྟེགས་ཅན་གྱི་རིགས་འབྱུང་བ་མ་ཡིན་པ་ལ་འབྱུང་བའི་བློ་ཅན་ཏེ། བློ་གྲོས་ཆེན་པོ་འདི་ལ་ཁྱོད་ཀྱི་ད་ལྟ་བ་ངན་པ་རྣམ་པར་བཟློག་པའི་ཕྱིར་བརྩོན་པར་བྱའོ། །བློ་གྲོས་ཆེན་པོ་དེ་ལ་རང་སངས་རྒྱས་ཀྱིས་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ནི་གང་གཅིག་པུའི་ཕྱིར་མངོན་པར་རྟོགས་པ་བསྟན་ན། མཆི་མ་དང་སྙིང་ཡེར་ཞེས་ལུས་ཀྱི་སྤུ་ལྡང་བར་འགྱུར་ཞིང་འདུ་འཛི་མེད་པའི་རྐྱེན་གྱིས་དངོས་པོ་ལ་མངོན་པར་ཞེན་པ་དང་། རང་གི་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་རྣམ་པ་མང་

(༧༢)པོ་བསྣོར་བ་དང་། ཟུང་གི་ཆོ་འཕྲུལ་བསྟན་པ་རབ་ཏུ་བཤད་ན་དགའ་བར་འགྱུར་བ་ཡིན་ཏེ། དེ་ནི་རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་དུ་ཤེས་ནས་རང་སངས་རྒྱས་ཀྱི་ཐེག་པ་མངོན་དུ་རྟོགས་པར་འགྱུར་བ་དང་རྗེས་སུ་མཐུན་པའི་གཏམ་བྱའོ། །བློ་གྲོས་ཆེན་པོ་འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་གྱི་མཚན་ཉིད་དེ། །བློ་གྲོས་ཆེན་པོ་དེ་ལ་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ནི་རྣམ་པ་གསུམ་སྟེ། འདི་ལྟར་རང་བཞིན་གྱི་རང་བཞིན་མེད་པའི་ཆོས་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། ཁོང་དུ་ཆུད་པ་བདག་གི་སོ་སོ་རང་གི་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། སངས་རྒྱས་ཀྱི་ཞིང་ཕྱི་རོལ་ཡངས་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་སོ། །བློ་གྲོས་ཆེན་པོ་རྣམ་པ་གསུམ་པོ་འདི་དག་ལས་གང་ཡང་རུང་བ་ཞིག་བསྟན་པ་དང་། རང་གི་སེམས་སྣང་བའི་ལུས་དང་། ཀུན་གཞི་དང་། ལོངས་སྤྱོད། གནས་བསམ་གྱིས་མི་ཁྱབ་པའི་ཡུལ་བསྟན་པ་ན། མི་འཇིགས། མི་སྐྲག །སྐྲག་པར་མི་འགྱུར་ན། དེ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་དུ་ཤེས་པར་བྱ་སྟེ། བློ་གྲོས་ཆེན་པོ་འདི་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་གྱི་མཙན་ཉིད་དེ། །བློ་གྲོས་ཆེན་པོ་མ་ངེས་པའི་རིགས་ཅན་ནི་གསུམ་པོ་འདི་དག་བསྟན་པའི་ཚེ་གང་ལ་དགའ་བ་དེ་ལ་རྗེས་སུ་སྦྱར་བར་བྱའོ། །བློ་གྲོས་ཆེན་པོ་འདི་ལྟར་རིགས་རྣམ་པར་དགོད་པ་འདི་ནི་ཡོངས་སུ་སྦྱང་བའི་ས་སྟེ། སྣང་བ་མེད་པའི་ས་ལ་འཇུག་པའི་ཕྱིར་རྣམ་པར་དགོད་པར་བྱའོ། །སོ་སོ་རང་གི་ཀུན་གཞི་ལ་རང་གི་ཉོན་མོངས་པའི་བག་ཆགས་དག་ནས་ཆོས་ལ་

(༧༣)བདག་མེད་པ་མཐོང་བའི་ཕྱིར་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ཐོབ་ནས་ཉན་ཐོས་རྣམས་ཀྱང་རྒྱལ་བའི་སྐུའི་སྐུ་ཉིད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ལྟར་ཕལ་པོ་ཆེ་ལས་གསུངས་པའི་རིགས་དང་ལང་ཀར་གཤེགས་པ་ལས་རིགས་ཀྱི་དབྱེ་བ་བཤད་པའི་ཁུངས་བཀོད་པ་ཡིན་ཏེ། །ད་ནི་དེ་དག་ཉིད་ཅུང་ཟད་བཤད་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་རིགས་ཤེས་བྱ་བ་འདི་ནི་ཞེས་པ་ནི་དབུ་མ་ལ་འཇུག་པར། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། ཞེས་གསུངས་པ་ལྟར། རགས་པར་ན་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་རྒྱུ་སྟེ་ཉེ་བར་ལེན་པ་ཡིན་པས་འདྲ་བའི་རྒྱུ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་རིགས་ཤེས་བྱའོ། །འོན་ཀྱང་ལུང་ཏང་གི་འབྲས་བུ་ལུང་ཏང་གི་སྡོང་པོའི་ས་བོན་ཡིན་ཀྱང་། ཞིབ་ཏུ་དཔྱད་ན་དེའི་ནང་གི་ཚུལ་ཁྲིམས་ཉིད་སྡོང་པོའི་ས་བོན་ཡིན་ནོ་ཞེས་ཤེས་པ་ལྟར་ཞིབ་ཏུ་དཔྱད་ན་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་སེམས་ཀྱི་སྙིང་པོ་ཉིད་རིགས་ཡིན་ཏེ། །ཇི་ལྟར་ཞེ་ན། སྙིང་པོ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་བོན་བྱེད་པས་ཆོས་ཀྱི་དབྱིངས་ཤེས་བྱ་སྟེ། ཆོས་དབྱིངས་བསྟོད་པར། ས་བོན་གྱུར་བ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །ཅེས་པ་ལྟར་རོ། །ཀླས་པ་ནི་རིགས་དེ་ས་བོན་ཡིན་པའི་ཆས་ཤེས་བྱ་གཞན་ལས་མཚམས་བྱས་པའོ། །དེ་བྱང་ཆུབ་སེམས་དཔའ་ཁོ་ན་ལ་ཡོད་དམ་སྙམ་ན། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མ་འོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་འཆད་པར་འགྱུར་བ་ལྟར་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ་ཡོད་པས་ཡངས་ཤིང་རྒྱ་ཆེ་བའོ། །ཇི་ལྟར་ཚུལ་ཁྲིམས་ལས་འཐོན་པའི་མྱུ་གུ་ཡང་སྡོང་པོའི་རིགས་སུ་འགྱུར་བ་བཞིན་དུ་ཆོས་སྐུའི་ས་བོན་དེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་

(༧༤)ལས། །དཀའ་སྤྱོད་སྣ་ཚོགས་སྦྱིན་པ་དང་། །ཚུལ་ཁྲིམས་སེམས་ཅན་དོན་སྡུད་དང་། །སེམས་ཅན་ཕན་བྱེད་བཟོད་པ་སྟེ། །འདིས་ནི་ཁམས་རྒྱས་འགྱུར་བར་འདོད། །ཆོས་རྣམས་ཀུན་ལ་བརྩོན་འགྲུས་དང་། །བསམ་གཏན་ལ་སེམས་འཇུག་པ་དང་། །རྟག་ཏུ་ཤེས་རབ་བསྟེན་པ་སྟེ། །འདི་ཡང་བྱང་ཆུབ་རྒྱས་བྱེད་ཡིན། །ཐབས་དང་བཅས་པའི་ཤེས་རབ་དང་། །སྨོན་ལམ་རྣམ་པར་སྦྱངས་པ་དང་། །སྟོབས་ལ་ངེས་གནས་ཡེ་ཤེས་ཏེ། ཁམས་རྒྱས་བྱེད་པའི་ཆོས་བཞིའོ། །ཞེས་པ་ལྟར་ཕ་རོལ་དུ་ཕྱིན་པ་བཅུ་དང་མཐུན་པའི་དགེ་བའི་རྩ་བས་རྒྱས་པར་འགྱུར་བས་རྒྱས་པ་གང་ཡིན་པ་དེ་ལ་རྒྱས་པའམ་ཡང་དག་པར་བླངས་པའི་རིགས་ཤེས་བྱའོ། །དེ་ལ་ཡང་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་འཕགས་པའི་རིགས་ཀྱང་འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་དབྱེ་བས་རྣམ་པ་གསུམ་དུ་དབྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་སོ་སོའི་ངེས་པའི་རིགས་གསུམ་དང་། རྐྱེན་གང་དང་ཕྲད་པ་དེ་ལྟར་འགྱུར་བའི་མ་ངེས་པའི་རིགས་ཏེ་འཕགས་པའི་རིགས་རྣམ་པ་བཞིའོ། །རིགས་མེད་པར་གསུངས་པ་ནི་རྒྱས་པའི་རིགས་མེད་པ་སྟེ། ཚིག་སྔ་མ་མི་མངོན་པར་བྱས་པའོ། །རྒྱས་པའི་རིགས་མེད་པ་ཅིའི་ཕྱིར་རིགས་སུ་འཇོག་སྙམ་ན། རྒྱས་པའི་རིགས་མེད་ཙམ་རིགས་སུ་མི་སྨྲའི། ཐམས་ཅད་ལ་རང་བཞིན་གྱི་རིགས་ཡོད་པས་སུ་ཞིག་ལ་རྒྱས་པའི་རིགས་ནི་མེད་ལ། སེམས་དང་ལྡན་པ་དེ་ལ་རང་བཞིན་གྱི་རིགས་ཡོད་པས་དེ་ཉིད་བརྗོད་པ་ཡིན་ཏེ། མགོ་རེག་ཅེས་བརྗོད་པས་སྐྱེས་བུར་གོ་བ་ལྟ་བུའོ། །རྣལ་འབྱོར་སྤྱོད་པ་བ་འགའ་ཞིག་ནི་རིགས་མེད་པ་སྒྲ་ཇི་བཞིན་པར་འདོད་དོ། །འདིར་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་རིགས་རྒྱས་

(༧༥)བྱེད་དུ་གསུངས་པ་དེ་དག་ཉིད་ཀྱིས་གང་ཟག་དེའི་ཕུང་པོ་དང་དབང་པོ་ལ་སོགས་པ་རྣམས་སངས་རྒྱས་ཉིད་དང་འདྲ་བར་བྱས་པའི་འདྲ་བ་ནི་རིགས་ཡིན་པས་དེའི་ཚེ་ནི་དེ་དག་རིགས་ཀྱི་རྒྱུའོ། །འདྲ་བར་བྱས་པ་ལས་རང་བཞིན་ནམ་ངང་གིས་དགེ་བ་དེ་དག་སྤྱོད་པའི་ཚེ་ནི་རིགས་ཀྱི་རྟགས་ཏེ་འབྲས་བུས་རྒྱུ་མཚོན་པའོ། །དེ་ཡང་བྱང་ཆུབ་སེམས་དཔའི་སར། དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་རིགས་ཀྱི་རྟགས་ནི་འདི་ཡིན་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་རང་བཞིན་ཉིད་ཀྱིས་སྦྱིན་པ་ལ་དགའ་བ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ཕུང་ཁམས་སྐྱེ་མཆེད་དང་རང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པ་བསྟན་ནས་སྤུ་ཟིང་ཞེས་བྱེད་པ་ཞེས་བྱ་བ་ལ་སོགས་པས་རིགས་ཡོད་པའི་རྟགས་བསྟན་པ་ཡིན་ཏེ། སྦྱིན་སོགས་ཀྱི་རིགས་དང་འདྲའོ། །ཡོངས་སུ་ཤེས་པ་ཁོང་དུ་ཆུད་པ་ནི་མངོན་པར་རྟོགས་པའི་མིང་ཡིན་ལ། རིགས་ལ་བརྟེན་ནས་དེའི་བློ་མཚན་ཉིད་ཡོངས་སུ་འདྲིས་པར་བྱ་བའི་ཤེས་པ་ལ་འཇུག་པ་ནི་མངོན་པར་རྟོགས་པའི་རྒྱུའོ། །དེ་ལྟ་བུ་དེ་ཐེག་དམན་གྱི་རིགས་ཅན་གཉི་ག་ལ་ཡོད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ཐ་མི་དད་པའི་མཚན་ཉིད་ཡོངས་སུ་འདྲིས་པར་བྱ་བ་ལ་བློ་འཇུག་པ་ནི་རང་རྒྱལ་གྱི་ཐུན་མོང་མ་ཡིན་པ་ཡིན་པས་དེ་དཔྱད་པའི་ཕྱིར་མ་ཡིན་པ་ཞེས་གསུངས་སོ། །ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་ལྟ་བས་འབྲས་བུའི་དུས་སུ་ཉོན་མོངས་པ་མངོན་དུ་རྒྱུ་སྤངས་ཤིང་བག་ཆགས་མ་སྤངས་ཏེ། མངོན་དུ་རྒྱུ་སྤངས་པས་རྣམ་པར་ཆད་པའི་འཆི་འཕོ་སྐྱེ་བ་སྤངས་ཤིང་། དེ་མངོན་སུམ་གྱིས་ཤེས་པས་སྐྱེ་སོགས་ཟད་པའི་ཡང་དག་ཤེས་པ་

(༧༦)སྐྱེས་པའི་སྟོབས་ཀྱིས་སེང་གེའི་སྒྲ་སྒྲོགས་པ་ཡིན་ལ། དེ་འཐོབ་པའི་ལམ་གྱི་གཙོ་བོ་ནི་གང་ཟག་ལ་བདག་མེད་པ་ཤེས་པ་ཡིན་ཏེ། །བག་ཆགས་མ་སྤངས་པས་ནི་ལྷག་མེད་ཀྱི་ཚེ་ཡིད་ཀྱི་ཚེ་ལུས་འཐོབ་ཅིང་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་བཅས་པ་ཡིན་ཏེ། །ས་དྲུག་དང་ལྔ་དག་ཏུ་ཞེས་བཤད་པ་ནི་བྱང་ཆུབ་སེམས་དཔའ་ལ་ཡང་ཉན་ཐོས་དང་རང་རྒྱལ་བའི་ལམ་རིགས་ཡོད་ཅིང་དེས་ས་ལྔ་པར་བདེན་པ་ཤེས་པའི་སྒོ་ནས་ཉན་ཐོས་ཀྱི་སྤང་བར་བྱ་བའི་ཉོན་མོངས་དང་འདྲ་བ་ཞིག་ལྡོག་ལ། དྲུག་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པས་རང་རྒྱལ་བའི་སྤང་བར་བྱ་བ་དང་འདྲ་བ་ལྡོག་གོ །འདི་ནི་བྱང་ཆུབ་སེམས་དཔའ་དག་གི་རྒྱུད་ལ་ཡོད་པ་རྣམ་པར་རྟོག་པ་ལ་ཉོན་མོངས་པར་བཏགས་པ་ཞིག་ལྡོག་པ་ཡིན་གྱི། ཉོན་མོངས་པ་དངོས་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ནས་མེད་དེ། དེར་ཉན་ཐོས་དང་རང་རྒྱལ་བའི་སྤངས་རྟོགས་རྫོགས་པར་འཕགས་པ་རྣམ་པར་གྲོལ་བའི་སྡེས་གསུངས་པའི་ཕྱིར་ཏེ། །ས་བདུན་པ་ནས་ནི་ཉན་ཐོས་དང་རང་རྒྱལ་བ་དག་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ཏོ། །སངས་རྒྱས་ཀྱི་བསྟན་པ་འདི་ལ་མྱ་ངན་ལས་འདས་པའི་རྣམ་གཞག་མང་དུ་ཡོད་ཀྱང་དེ་རྣམས་ལས་དམན་པ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ཡང་གང་ཟག་ལ་བདག་མེད་པ་བསྒོམས་པས་ཉོན་མོངས་ལྡོག་ཅིང་རྣམ་པར་ཆད་པའི་སྐྱེ་བ་ལ་ལྡོག་པ་ཡིན་ན། བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པ་གཞན་དག་ནི་གྲངས་ཅན་བདག་ཡོད་པར་གཟུང་ནས་དེ་དང་གཙོ་བོ་ཐ་དད་དུ་ཤེས་པས་གྲོལ་བར་འདོད་ལ། བྱེ་བྲག་པ་ནི་ས་ལ་སོགས་པ་བདག་གི་ཡོན་ཏན་བཅད་པས་གྲོལ་བར་འདོད་པ་སོགས་ཡིན་པས་དེ་དག་ལ་ཐར་

(༧༧)པ་མེད་ལ། འོན་ཀྱང་རང་གི་འདོད་པས་བརྟགས་པ་ཙམ་དུ་ཟད་པའོ། །ཡང་གཞན་བསམ་གཏན་གྱི་དངོས་གཞི་ཐོབ་པས་འདོད་པ་ལས་འདོད་ཆགས་དང་བྲལ་བ་ནས་གང་མ་གང་མའི་དངོས་གཞི་ཐོབ་པས་འོག་མ་འོག་མ་ལ་འདོད་ཆགས་དང་བྲལ་བའི་ཕྱི་རོལ་པ་དག་ནི་ས་འོག་མའི་སྡུག་བསྔལ་གྱི་དངོས་པོ་ཐམས་ཅད་ས་དེའི་འདོད་ཆགས་ཀྱི་རྒྱུ་ལ་རག་ལས་པར་མཐོང་ནས་བསམ་གཏན་གྱིས་འདོད་ཆགས་དེ་ལྡོག་པས་མྱ་ངན་ལས་འདས་པ་འདོད་པའི་བློར་འགྱུར་ཏེ། ཁྱད་པར་དུ་ཁ་ཅིག་ལ་བསམ་གཏན་དངོས་གཞིས་འདོད་ཆགས་ལོག་པ་ན་དགྲ་བཅོམ་པའོ་སྙམ་པའི་ང་རྒྱལ་འབྱུང་ཞིང་འཆི་བའི་ཚེ་དྲིད་པ་གཞན་དུ་མཚམས་སྦྱོར་བར་མཐོང་ནས་བདག་ཉིད་དགྲ་བཅོམ་པ་མ་ཡིན་པར་ཤེས་ཤིང་གཞན་ལ་ཡང་དགྲ་བཅོམ་མེད་པར་འདོད་པའི་ལོག་པར་ལྟ་བ་སྐྱེ་བར་བསམ་གཏན་པའི་དཔེ་མཁྱུད་ཀྱི་མདོ་ལས་བཤད་དོ། །དེ་བས་ན་ཉན་རང་དང་ཕྱི་རོལ་པ་དེ་དག་ལ་ཆོས་ལ་བདག་མེད་པ་མཐོང་བ་མེད་པར་ཐར་བ་མཆོག་ནི་མེད་དོ་ཞེས་བྱའོ། །རང་རྒྱལ་བའི་རིགས་ཀྱི་རྟགས་ཀྱང་ཐེག་པ་དེའི་གཏམ་བཤད་པ་ན་སྤུ་ལྡང་བ་སོགས་ཡིན་ལ། ལམ་ནི་སློབ་དཔོན་སེང་གེ་བཟང་པོས་རང་སངས་རྒྱས་ཀྱི་ལམ་ལ་ཇི་སྐད་བཤད་པའི་བདེན་པ་སྒོམ་པ་ཁོ་ན་དང་། དངོས་པོ་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས། ཤེས་གསུངས་པ་ལྟར་ཡིན་ལ། ཆོས་བདག་མེད་པར་རྫོགས་པར་མ་རྟོགས་པས་དངོས་པོ་ལ་མངོན་པར་ཞེན་པའི་ཕྱིར་མཆོག་གི་མྱ་ངན་ལས་འདས་པ་མེད་ཅིང་། འོན་ཀྱང་རྫུ་འཕྲུལ་གྱི་མངོན་ཤེས་ལ་སོགས་པ་ནི་ཉན་ཐོས་ཀྱི་མངོན་པར་ཤེས་པ་ལས་ཆེས་ལྷག་པར་

(༧༨)མདོ་སྡེ་མང་པོ་ལས་གསུངས་སོ། །མདོ་ཆེ་བ་འདིར་དེ་བཞིན་གཤེགས་པའི་ཐེག་པའི་རིགས་གསུམ་དུ་འབྱུང་ཡང་། བམ་བརྒྱད་མར། རང་བཞིན་གྱི་ཆོས་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། ཞེས་རིགས་བཞིར་ཕྱེ་བ་ནི་ལེགས་པ་འདྲ་སྟེ། རང་བཞིན་ནམ་ངོ་བོ་ཉིད་ཀྱིས་གྲུབ་པར་སྨྲ་བའི་སེམས་ཙམ་པ་དང་། མཻ་ཏྲི་བའི་བཞེད་པས་ནི་མདོ་སྡེ་པ་ཡང་སྟེ། དེ་གཉིས་ལ་ཡང་ཉན་ཐོས་ལས་ལྷག་པའི་མངོན་པར་རྟོགས་པ་ཞིག་ཡོད་པར་ཁས་བླང་བར་བྱའོ། །རང་བཞིན་མེད་པའི་ཆོས་མངོན་པར་རྟོགས་པ་ནི་ཐེག་པ་ཆེན་པོའི། མཐོང་ལམ་ཡན་ཆད་དུ་སྟེ། དེའི་རིགས་ཅན་ནི་དབུ་མར་སྨྲ་བ་དག་གོ །འདི་ཉིད་དུ། མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་གསུངས་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ལ། འབྱུང་མེད་གཟུགས་དོན་ལྷ་དང་གཏམ་བཟང་ནི། །གཙང་མ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་སོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་། །ཞེས་བྱང་ཆུབ་སེམས་དཔའི་ཡིད་ཀྱི་དབང་པོས་བསྡུས་པའི་དབང་པོ་ལྔ་ལ་གཟུགས་ཁྱད་པར་ཅན་སྣང་བ་ལ་སོགས་པས་མཚོན་པའི་སངས་རྒྱས་ཀྱི་ཞིང་ཉུང་ངུ་དང་མང་པོ་དང་དཔག་ཏུ་མེད་པ་སྣང་བས་ཚོགས་གཉིས་རྫོགས་པར་བྱེད་པ་ནི་སངས་རྒྱས་ཀྱི་ཞིང་ཉུང་ངུ་དང་མང་བ་དང་དཔག་ཏུ་མེད་པ་སྣང་བས་ཚིགས་ཕྱི་རོལ་ཡངས་པ་མངོན་པར་རྟོགས་པའོ། །འདིའི་སྔོན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་རྟོགས་པ་ནི་ཁོང་དུ་ཆུད་པ་བདག་གི་སོ་སོ་རང་གི་མངོན་པར་རྟོགས་པ་སྐྱེ་བ་ལ་རག་ལས་པས་རྗེས་ལ་ཐོབ་པའི་སྒྲས་ཀྱང་བརྗོད་དོ། །འཁོར་ལོ་

(༧༩)བར་པའི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པའི་རིམ་པ་དང་ཐབས་ལ་མཁས་པ་ལ་སློབ་པའི་རིམ་པ་གཉིས་འབྱུང་བ་ལྟར་ཕྱི་མ་འདིར་ཡང་། མི་རྟོག་པ་དང་དེའི་རྗེས་ཐོབ་ལ་སློབ་པའི་རིམ་པ་གཉིས་བཤད་པ་ཡིན་ཏེ། །དེ་དག་ནི་ངེས་པའི་རིགས་བཤད་པ་ཡིན་ལ། མ་ངེས་པ་ནི་སྤྱིར་འཕགས་པའི་རིགས་སུ་ངེས་ཀྱང་ཐེག་པ་གསུམ་པོ་སོ་སོའི་རིགས་སུ་མ་ངེས་པའོ། །འདི་ཡང་མདོ་སྡེའི་རྒྱན་དུ། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །ཞེས་འབྱུང་བ་ལྟར་མ་ངེས་པའི་རིགས་ཀྱི་སྨོན་པ་སེམས་བསྐྱེད་མ་བཏང་བས་བྱང་ཆུབ་སེམས་དཔའ་ཡིན་ཀྱང་འཕགས་པའི་བདེན་པ་སྒོམ་པ་སོགས་ཉན་ཐོས་བཞིན་དུ་བྱེད་པ་ལ་མ་ངེས་པའི་ཉན་ཐོས་ཤེས་བཤད་པ་ལྟ་བུའོ། །ད་ནི་ཕལ་པོ་ཆེ་ལས་འབྱུང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་གཞག་པའམ་རྣམ་པར་དགོད་པ་བཅུ་བཤད་པར་བྱ་སྟེ། དེ་ལ་སེམས་དང་པོ་བསྐྱེད་པ་ནི་དེ་བཞིན་གཤེགས་པའི་མཚན་ཕུན་ཚོགས་པ་མཐོང་བ་དང་། དེའི་ཆོ་འཕྲུལ་མཐོང་བ་དང་། སེམས་ཅན་སྡུག་བསྔལ་བར་མཐོང་བ་དང་། གསུང་རབ་མཐོང་བ་སྟེ་གང་ཡང་རུང་བ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ་འདི་ནི་འདུན་པ་དང་ལྡན་པའི་སེམས་བསྐྱེད་པའོ། །སེམས་དང་པོ་བསྐྱེད་པ་དེས་སྟོབས་བཅུའི་ས་བོན་བསྐྱེད་པ་ཡིན་ཞིང་། སངས་རྒྱས་མཆོད་པ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁྱད་པར་དུ་འཕགས་པ་ལ་སོགས་པའི་ཕན་ཡོན་བརྗོད་པས་སྤྲོ་སྟེ་བྱང་ཆུབ་ཀྱི་སེམས་སྦྱང་བ་ཉིད་ལྷུར་ལེན་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དག །ཚད་པར་ནི་གསུངས་པ་ལས། །སེམས་སྦྱང་བ་ཡི་སྤྱོད་པ་

(༨༠)ནི། །ངེས་པར་དེ་སྲིད་སྤྱད་པར་བྱ། །ཞེས་གསུངས་པ་ལྟར་རོ། ༡ །ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི། སློབ་དཔོན་སེང་གེ་བཟང་པོས་དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དུས་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེས་འཕངས་པའི་ཆོས་འགྲུབ་པར་བྱ་བའི་ཕྱིར། ཞེས་གསུངས་པ་ལྟར་འདུན་ལྡན་སེམས་བསྐྱེད་ཉིད་ཀྱི་གནས་སྐབས་སུ་གདམས་ངག་ལ་སློབ་པ་སྟེ། སློབ་པའི་ཚུལ་ཡང་ཐོག་མར་ཁ་ཐོན་ཏེ་ཐོས་པ་དང་། དེའི་རྗེས་སུ་དབེན་པར་བསམ་གཏན་བྱེད་པ་དང་། བསམ་གཏན་ཐོབ་ནས་གཞན་ལ་ཆོས་སྟོན་པ་ལ་མཁས་པ་སོགས་ལ་སློབ་པ་ཡིན་ཏེ། ༢ །རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། སེམས་བསྐྱེད་པ་གསུམ་པ་ལ་གནས་པ་སྟེ། དེས་དྲན་པ་ཉེར་གཞག་སོགས་མང་པོ་སྒོམ་པར་གསུངས་པ་ལྟར་མི་རྟག་པ་ནས་བྱེད་པ་མེད་པའི་བར་བདག་མེད་པ་གཉིས་ལ་རྣལ་འབྱོར་ལྷུར་ལེན་ཞིང་དེའི་སྟོབས་ཀྱིས་གཞན་གྱི་སྡིང་མི་འཇོག་པའི་སྤྱན་དང་མངོན་ཤེས་བསྐྱེད་པའོ། ༣ །ཚེར་སྐྱེས་པ་ཞེས་བྱ་བ་ལ་འགྱུར་གཞན་དུ་སྐྱེ་བར་སྐྱེས་པ་ཞེས་ཀྱང་བྱ་ཞིང་སྐད་དོད་ཛཱ་ཏ་ཞེས་བྱ་བ་ཡིན་པས་རིགས་སུ་སྐྱེས་པ་སྟེ། སངས་རྒྱས་ཀྱི་གསུང་རབ་ལས་དཀོན་མཆོག་གསུམ་དང་ལས་དང་འབྲས་བུ་ལ་སོགས་པ་ལ་ཡིད་ཆེས་པའི་དད་པ་རྣམ་སྨིན་གྱི་ངོ་བོར་སྐྱེས་པ་ཐོབ་པས་དུས་གསུམ་གྱི་སངས་རྒྱས་རྣམས་ལས་ཆོས་ཉན་པ་ཐོབ་པ་སྟེ། ཚོགས་ཀྱི་ལམ་ཆེན་པོ་ལ་གནས་པ་དེ་བཞིན་གཤེགས་པ་ལས་མངོན་སུམ་དུ་ཆོས་ཉན་པར་ནུས་པའོ། ༤ །སྦྱོར་བ་ཕུན་སུམ་ཚོགས་པ་ནི། །ངེས་པར་འབྱེད་

(༨༡)པའི་ཡན་ལག་ཏུ་སེམས་བསྐྱེད་པ་བཞི་པས་གནས་པ་སྟེ། ངེས་འབྱེད་ཐོབ་པའི་ཚེ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །ཤེས་པའི་ཚུལ་གྱིས་ཅི་རྩོམ་ཡང་སེམས་ཅན་གྱི་དོན་དུ་སྦྱོར་ཞིང་སེམས་ཅན་དང་སངས་རྒྱས་ཀྱི་ཞིང་ལ་སོགས་པ་ཚད་མེད་པར་ངེས་པར་བྱེད་པའོ། ༥ །བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་ནི། དཀོན་མཆོག་གསུམ་ལ་སོགས་པ་ལ་བསམ་པ་ཤིན་དུ་བརྟན་པས་ངེས་པ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་བཟོད་པའི་གནས་སྐབས་ཐོབ་པ་ཡིན་ཏེ། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་་གཏོང་བ། །བརྟན་པ་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་སོ། །འདི་ཡང་སེམས་བསྐྱེད་པ་བཞི་པའི་གནས་སྐབས་སོ། །དེ་ལ་མཚན་མ་མེད་པ་སོགས་རྣམ་པ་བཅུ་ལ་འཇུག་པ་བརྗོད་པས་སྟོང་པ་ཉིད་ལ་མི་སྐྲག་པའི་བཟོད་པ་བསྐྱེད་པར་བྱའོ། ༦ །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་དཀོན་མཆོག་གསུམ་དང་རང་གི་ས་ལ་ཡིད་ཆེས་པ་ལས་མི་ལྡོག་པ་ས་དང་པོ་ཐོབ་པ་སྟེ། སྡུད་པར། རང་གི་ས་ལ་དོགས་མེད་རྟག་ཏུ་རི་རབ་འདྲ། །ཞེས་པ་ལྟར་རོ། །འདི་ནི་ས་དང་པོ་ནས་བདུན་པའི་བར་རོ། ༧ །གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་ནི་ས་བརྒྱད་པ་ལ་གནས་པ་སྟེ། ཁ་ན་མ་ཐོ་བ་མེད་པས་གཞོན་ནུ་ཞེས་བྱ་ཞིང་། ཁ་ན་མ་ཐོ་བ་ནི་སྐྱོན་ཏེ་དེ་དག་རྩ་བ་དང་བཅས་ཏེ་མེད་པའི་ཕྱིར་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཞིང་ཕུན་སུམ་ཚོགས་པས་འདོམས་སོ། ༨ །རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་ནི་ས་དགུ་པ་ལ་གནས་པ་སྟེ། རྒྱལ་

(༨༢)ཚབ་དེས་རྒྱལ་པོའི་བྱ་བ་རྣམས་ལེགས་པར་ཤེས་པ་བཞིན་དུ་སངས་རྒྱས་ཀྱི་བྱ་བ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལ་མཁས་པའི་ཕྱིར་ཏེ། ༩ །དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་ནི་ས་བཅུ་པ་ལ་གནས་པ་སྟེ། སངས་རྒྱས་ཀྱི་མཛད་པ་གྲངས་མེད་པ་ཐོབ་པའོ། ༡༠ །དེ་དག་གིས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བཅུ་བཤད་ཟིན་ཏོ། །ད་ནི་དེ་བཞིན་གཤེགས་པའི་རིགས་འཁོར་ལོ་གསུམ་གྱིས་སྦྱོང་བའི་ཚུལ་འཆད་དེ། དེ་ཡང་ཐེག་པ་གསུམ་ལས་ཉན་ཐོས་ཀྱི་ཐེག་པ་ལ་འབྲས་བུ་བཞི་པོ་ཐོབ་པ་རྣམས་ཀྱང་ཡོན་ཏན་གྱི་ཚུལ་ཤིན་དུ་མི་འདྲ་བ་དང་། དགྲ་བཅོམ་པ་ཐོབ་ནས་ཀྱང་རྒྱན་ཅན་དང་རྒྱན་མེད་དང་སྐུ་ལུས་ནད་བུ་ཅན་དང་ནད་བུ་ཅན་མ་ཡིན་པ་ལ་སོགས་པའི་ཁྱད་པར་གྱིས་ཐ་དད་པ་མང་པོ་ཡོད་ཅིང་། རང་རྒྱལ་ལ་ཡང་དེ་ལྟ་བུ་ཡིན་ལ། བྱང་ཆུབ་སེམས་དཔའ་ལ་ཡང་ས་བདུན་པ་མན་ཆད་དུ་དབང་པོ་ཐ་དད་པ་མང་པོ་ཡོད་པས་དེ་རྣམས་ཀྱི་རྒྱུར་གྱུར་བའི་རིགས་ཀྱང་ཤིན་དུ་མང་ངོ་ཞེས་བྱ་བ་ནི་རྒྱས་པའི་རིགས་ལ་ཡིན་ལ། རང་བཞིན་གྱི་རིགས་ལ་ནི་རྒྱས་མ་རྒྱས་དང་དག་མ་དག་སོགས་ཡོད་ཀྱང་རང་བཞིན་ཉིད་ཀྱི་ཆ་ནས་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པའི་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གསུངས་པས་ཤིན་དུ་ཐ་དད་པ་མེད་དོ། །དེ་བས་ན་དཔལ་ཕྲེང་གི་མདོ་ལས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དོགས་པ་མ་མཆིས་པ་དེ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ལ་དོགས་པ་མ་མཆིས་པར་གསུངས་པའི་ཕྱིར་མི་འདྲ་བ་མེད་ཅིང་སངས་རྒྱས་ཀྱི་རྩ་བའི་ཉེ་བར་ལེན་པ་ནི་སྙིང་པོ་ཁོ་ན་ཡིན་པས་དེ་སྦྱང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་འདོང་སྤྲུལ་པའི་བྱ་བ་མཐའ་ཡས་པས་སེམས་ཅན་གྱི་ཁམས་སྦྱོང་བར་མཛད་དོ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པར་བཻ་ཌཱུརྱ་སྦྱོང་བའི་

(༨༣)དཔེས་གསུངས་པའི་རིམ་པ་གསུམ་པོ་འདི་ནི་སྔོན་ལྷ་མིས་མ་བསྐོར་བའི་འཕགས་པའི་གཏམ་ཁོ་ནས་སྦྱོང་བ་ཡིན་ཏེ། དེ་ལ་དཔེའི་དབང་དུ་མཛད་ནས། རིགས་ཀྱི་བུ་དཔེར་ན་འདི་ལྟ་སྟེ་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་བྱང་སྟེ་དྲི་མ་དང་བྲལ་བ་ནི་བཻ་ཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །ཞེས་གསུངས་པ་ལ་དྲི་མ་རགས་པ་དང་། འབྲིང་དང་། ཕྲ་བ་སྦྱོང་བའི་རིམ་པ་གསུམ་ནི་འཁོར་ལོ་གསུམ་གྱིས་སྦྱོང་བའི་དཔེའོ། །ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་ནི་འཇིག་རྟེན་མཁས་པས་བརྟགས་ན་སྦྱང་དུ་རུང་བ་སྟེ། དོན་ནི་རྒྱས་པའི་རིགས་སོ། །འཇིག་རྟེན་མཁས་པས་དེའི་རིགས་མི་ཤེས་ཤིང་བསམ་གཏན་པའི་མཐུས་སྦྱང་བར་ནུས་པ་ནི་རང་བཞིན་དུ་གནས་པའི་རིགས་ཀྱི་དཔེ་སྟེ། ཤེས་རབ་སྒྲོན་མར། ཅི་སྟེ་ཡང་ལ་ལ་འདི་སྙམ་དུ་སེམས་ཏེ། ལུང་ལས། ཤིང་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ། །ཞེས་གསུངས་པས་ཆུ་ལ་ཡང་ཚ་བ་ཉིད་ཡོད་པའི་ཕྱིར་དཔེ་མེད་དོ་སྙམ་ན། དེ་ལ་རྫུ་འཕྲུལ་དང་ལྡན་པའམ་སེམས་ལ་དབང་ཐོབ་པས་རྩྭའམ་ཕུབ་མ་དང་ལྕི་བ་ལ་སོགས་པ་གང་དང་གང་ལ་ནོར་བུ་གསེར་དང་དངུལ་ལ་སོགས་

(༨༤)པར་གྱུར་ཅིག །ཅེས་བྱིན་གྱིས་རློབ་པར་བྱེད་པ་དེ་དང་དེ་བཞིན་དུ་འགྱུར་བ་ཤིང་ལ་ཞལ་གྱིས་བཞེས་ནས། ཤིང་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ་ཞེས་གསུངས་པ་ཡིན་ཏེ། ཞེས་བསམ་གཏན་པའི་མཐུས་སྦུར་མ་གསེར་དུ་བསྒྱུར་ནུས་པ་ནི་འཇིག་རྟེན་གྲགས་པའི་རྒྱུ་འབྲས་ཀྱི་ཚུལ་མ་ཡིན་གྱི། བསམ་གཏན་པའི་མཐུས་ཡིན་པ་དེའི་ཚེ་བསམ་གཏན་གྱི་མཐུས་སྦུར་མ་དེའི་ནམ་མཁའི་ཁམས་ཉིད་གསེར་དུ་བསྒྱུར་བར་ནུས་པ་ཡིན་པས་ཁམས་སོ་སོའི་གཤིས་ཕན་ཚུན་བསྒྱུར་བ་མ་ཡིན་ཏེ། ནམ་མཁའ་ཁམས་དེ་ནི་བཅོམ་ལྡན་འདས་ཀྱིས་རང་བཞིན་དུ་གནས་པའི་རིགས་ཀྱི་དཔེར་མཛད་པ་ཡིན་ནོ། །འཇིག་རྟེན་གྲགས་པའི་ཚད་མ་ལ་ནི་མེ་ལྕེ་ལས་མུན་པ་འཐུག་པོ་འབྱུང་བར་སྣང་བ་མེད་པས། མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་། །ཞེས་པ་ལ་འདོད་པར་མི་ནུས་པ་ཡིན་ནོ། །དེ་ལྟར་ན་བསམ་གཏན་པའི་བསམ་གཏན་གྱི་མཐུ་འཇུག་པ་ལ་ཡང་འཇུག་པར་ནུས་པ་དང་མི་ནུས་པའི་ཡུལ་གྱི་དབྱེ་བ་ངེས་པར་ཡོད་དེ། དེ་ལྟ་མ་ཡིན་ན་རྟོག་གེ་འབར་བར། གལ་ཏེ་ཐུབ་པའི་མཐུས་ནུས་ན། །སེམས་ཅན་ཐམས་ཅད་མྱ་ངན་འདའ། །ཞེས་འབྱུང་བ་ལྟར་སངས་རྒྱས་རྣམས་ཀྱི་བསམ་གཏན་གྱི་མཐུས་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་སངས་རྒྱ་བར་འགྱུར་བའི་ཕྱིར་ཏེ། གང་ཟག་གཅིག་ཉིད་བསླབ་པའི་གནས་ལ་བཙུད་པ་ན་དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་ལ་བཀོད་ནས་དགེ་སློང་གི་དངོས་པོ་ཐོབ་པ་དེའི་ཚེ་བསྟན་པ་ལ་ཞུགས་པ་རྫོགས་པར་བརྗོད་ཀྱང་དགེ་སློང་དེས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པར་མ་ངེས་པ་བཞིན་དུ་འཁོར་ལོ་གསུམ་པོ་བསྐོར་བ་ན་ཡང་ཐེག་པ་དམན་པའི་མྱ་ངན་ལས་འདས་པ་དང་། ཐེག་པ་ཆེན་

(༨༥)པོའི་འཕགས་པའི་ས་ཐོབ་པ་དང་། ས་བརྒྱད་པ་ཐོབ་པ་སྟེ་རིམ་པ་གསུམ་པོ་དེས་རེ་ཤིག་མཚམས་བྱས་པ་ཡིན་ཏེ། དེ་ལ་སྦྱང་བའི་རིམ་པ་དང་པོ་ནི། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་གཙང་བ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །ཞེས་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ནོར་བུ་མཁན་མཁས་པ་དང་འདྲ་སྟེ། སེམས་ཅན་གྱི་ཁམས་ཡང་དག་པ་དང་མ་ལུས་པར་མཁྱེན་པའི་ཕྱིར་ཏེ། འདི་ལ་ཉན་ཐོས་པ་དག་ནི། །རྒྱུན་གྱིས་འཇུག་པའི་ཕྱིར་དཔེར་ན་མེ་ཡིས་ཐམས་ཅད་བསྲེག་འདོད་ལྟར། །དེ་བཞིན་ཐམས་ཅད་མཁྱེན་འདོད་ཀྱི། །ཅིག་ཆར་མཁྱེན་ཕྱིར་མ་ཡིན་ཏེ །ཞེས་སེམས་ཅན་གྱི་ཁམས་རིམ་གྱིས་མཁྱེན་པ་ཡིན་གྱི་ཅིག །ཆར་མ་ཡིན་ནོ་ཞེས་འདོད་མོད། །ཐེག་པ་ཆེན་པོ་འདི་ལས་ནི། །མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་སྨྲ་བ་ཡིན་ཏེ། དེ་སྐད་བརྗོད་པས་ཅིར་འགྱུར་ཞེ་ན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་སུ་དུས་རྒྱུན་ཆད་པ་མེད་པར་དེ་བཞིན་གཤེགས་པའི་ནོར་བུ་མཁན་མཛད་པ་ལ་འཇུག་གོ་ཞེས་བྱ་བ་འདི་སྟོན་པ་ཡིན་ཏེ། གཏམ་འདི་ལས་ཆོས་ཀྱི་འཁོར་ལོ་ཅིག་ཆར་བསྐོར་རམ། རིམ་གྱིས་བསྐོར་ཞེས་བྱ་བ་འདིའི་དོགས་པ་གཅོད་པར་བྱེད་པ་ཡིན་ཏེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ནི་ཅིག་ཅར་བསྐོར་བ་ཡིན་ལ། གང་ཟག་རེ་རེའི་དབང་དུ་བྱས་ན་ནི་རིམ་གྱིས་བསྐོར་བ་ཡིན་ཏེ། དེའི་འོག་ཏུ་དེའི་འོག་ཏུ་

(༨༦)ཞེས་གསུངས་པའི་ཕྱིར་ཏེ། འོན་ཀྱང་ཐར་བ་ཆ་མཐུན་གྱི་གནས་སྐབས་སུ་དགེ་བའི་རྩ་བ་ཆེ་བ་དང་ལྡན་པ་དག་ལ་དང་པོ་ཉིད་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་དང་། ཆེས་ཆེ་པ་དང་ལྡན་པ་དག་ལ་དང་པོ་ཉིད་དུ་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བ་ཡོད་དེ། མ་སྐྱེས་དགྲའི་འགྱོད་པ་བསལ་བ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། སོར་མོའི་ཕྲེང་བ་ལ་ཕན་པ་ལ་སོགས་པ་ལས་རྟོགས་པར་བྱའོ། །དེ་བཞིན་དུ་དམ་པའི་ཆོས་པདྨ་དཀར་པོ་ཚད་མར་བྱས་ན་ཤཱ་རིའི་བུ་ལ་སོགས་པའི་དགྲ་བཅོམ་པ་མང་པོ་ཉན་ཐོས་ཀྱི་ལམ་ལ་གནས་པ་ཉིད་ཀྱི་ཚེ་ཐེག་པ་ཆེན་པོ་དང་ལྡན་པའི་དགེ་བའི་རྩ་བས་སྨིན་དུ་བཅུག་ནས་འཁོར་ལོ་གསུམ་པས་ལུང་སྟོན་པར་མཛད་པས་ན་ཉན་ཐོས་ཀྱི་ལམ་ལ་ཅི་རིགས་པར་གནས་པ་དག་ལ་ཡང་ཆོས་ཀྱི་འཁོར་ལོ་གསུམ་པ་ལ་འཛུད་པ་ཡོད་པས་འདི་ལྟ་བུའི་རིགས་ཅན་ནི་འཁོར་ལོ་དང་པོ་དང་གསུམ་པའི་གདུལ་བྱར་གྱུར་བའོ། །དེ་ལ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ཉིད་ནས་དེ་འཁོར་ལོ་གཉིས་པར་གསུངས་པ་མ་ཡིན་ནམ། ཅི་ལྟར་ན་འཁོར་ལོ་གསུམ་པར་འགྱུར་ཞེ་ན། འདི་ནི་གྲངས་བགྲང་བའི་ཚུལ་ཐ་དད་པ་ལས་ཡིན་ཏེ། ཐེག་པ་དམན་པའི་འཁོར་ལོ་དང་། ཐེག་པ་ཆེན་པོའི་འཁོར་ལོ་ཞེས་གཉིས་སུ་གཞག་པའི་ཚེ་ནི་པདྨ་དཀར་པོའི་མདོ་ཡང་གཉིས་པ་ཡིན་ལ། དགོངས་པ་ངེས་པར་འགྲེལ་བ་ལས་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་དང་། ཐེག་པ་ཐམས་ཅད་ལ་ཞུགས་པའི་གཏམ་གྱི་དབྱེ་བ་ལས་ནི་གསུམ་པར་བརྗོད་པ་ཡིན་ནོ། །རིམ་པ་གསུམ་དུ་བརྗོད་པ་འདི་བསྟན་བཅོས་འདི་ཉིད་ལས་ཀྱང་། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །

(༨༧)རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ཞེས་རིམ་པ་གསུམ་དུ་གསུངས་པའི་རིམ་པ་ཕྱི་མ་ཡིན་པར་རྒྱས་བཤད་ཀྱི་སྐབས་ནས། དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་གཟུང་བས། །ཐེག་པ་མཆོག་ལ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཞེས་རིམ་པ་གསུམ་པ་ཡིན་པར་གསུངས་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ལ་དང་པོར་འཇུག་པའི་ཚེ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་སྐྱེ་ཞིང་འཇིག་པའི་མི་རྟག་པ་དང་། རླུང་གིས་དེད་པའི་སྦུར་མ་ལྟར་གཞན་གྱི་དབང་དུ་གྱུར་པའི་སྡུག་བསྔལ་བ་དང་། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་མེད་ཅིང་ཕུང་པོ་ཚོགས་པ་ཙམ་ལས་རྫས་སུ་ཡོད་པའི་བདག་མེད་ཀྱང་ཡོད་པར་གཟུང་བས་སྡུག་བསྔལ་འབའ་ཞིག་ཏུ་གྱུར་ཏེ། དོན་དུ་བདེ་བའི་དྲི་མེད་པའི་མི་གཙང་བའི་འདམ་བུ་ཆུད་པར་མཐོང་ནས་འཁོར་བ་ལས་ཡིད་ཕྱིར་བྱུང་བ་སྐྱེད་པར་བྱེད་པའི་གཏམ་གྱིས་འཁོར་བ་ལ་དགའ་ཞིང་ཡོན་ཏན་ཅན་དུ་ལྟ་བས་ཆགས་པའི་སེམས་ཅན་རྣམས་ཐར་བའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྐབས་སུ་སྤྱིར་སྐྱོ་བ་དང་མཐོང་བའི་ལམ་གྱིས་གོང་དུ་བརྗོད་པའི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་དེ་དག་དང་བདེན་པ་ལྷག་མ་གསུམ་གྱི་རྣམ་པ་བཅུ་གཉིས་པོ་དག་ཀྱང་མངོན་སུམ་དུ་ཤེས་ནས་ཤིན་ཏུ་ཡིད་འབྱུང་བ་ཐོབ་ཅིང་སྐྱོ་བ་བསྐྱེད་པར་མཛད་དེ། ཉོན་མོངས་པའི་དངོས་ཀྱི་གཉེན་པོ་བྱེད་པས་འཕགས་པའི་ཆོས་འདུལ་བ་ལམ་གྱི་བདེན་པ་ལ་འཛུད་པར་མཛད་དོ། །ཡིད་འབྱུང་བ་དེ་ལས་འདོད་ཆགས་དང་བྲལ་བའི་མི་སློབ་པ་ཐོབ་པར་འགྱུར་

(༨༨)ཞིང་། དེ་ལས་ཟག་པ་དང་བཅས་པའི་ཕུང་པོ་ཡང་འགོག་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་འགོད་པར་མཛད་དོ། །དེས་ནི་འཁོར་ལོ་དང་པོའི་འབྲས་བུ་རེ་ཤིག་རྫོགས་པ་ཡིན་ཏེ། ཤིན་དུ་ཡོངས་སུ་རྫོགས་པ་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ལ་འགོད་པའི་ཆེད་དུ་ཡིན་པས་དེ་ཉིད་ཀྱི་ཆེད་དུ་འཁོར་ལོ་དང་པོ་བསྐོར་བ་ཡིན་པའི་ཕྱིར་ཏེ། འཁོར་ལོ་གཉིས་པའི་དབང་དུ་མཛད་ནས། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །ཞེས་གསུངས་ཏེ། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། ཞེས་བྱ་བ་འདིས་ནི་ཉན་ཐོས་ཀྱི་ཐེག་པ་ལ་གཞན་དུ་འགྲོར་མེད་པའི་མཚན་ཉིད་ཀྱི་མཐར་ཐུག་ཡོད་པ་འགོག་གོ །འོ་ན་སླར་ཅིའི་ཕྱིར་བརྩོན་པར་མཛད་ཅེ་ན། དེའི་འོག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྤྱོད་པ་དང་བཅས་པས་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ལ་དེ་བཞིན་གཤེགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་པར་རྟོགས་པ་ཅན་ཏེ། དེའི་ཚུལ་ནི་ལམ་སྟེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་བྱ་བའོ། །ལམ་དེའི་ངོ་བོ་ནི་རྣམ་ཐར་སྒོ་གསུམ་ཡིན་པས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་ཚུལ་དེ་རྟོགས་པར་མཛད་དོ། །གསུམ་པོ་དེ་དག་ཀྱང་ཡུམ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གསུམ་སྟེ། གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་།

(༨༩)མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་གང་ཡིན་པ་སྟེ། འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པར་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་གང་ཡིན་པ་སྟེ། འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་སྨོན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་པར་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པ་གང་ཡིན་པ་སྟེ། འདི་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཞེས་གསུངས་པ་ནི་མཚོན་པར་བྱེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་གསུངས་པའི་ལམ་མཐའ་དག་གོ །འོན་ཀྱང་འཁོར་ལོ་འདིའི་རང་སའི་འབྲས་བུའི་མཐའ་ནི་ས་བདུན་པ་བས་ཐོབ་བོ། །འཁོར་ལོ་གསུམ་པའི་དབང་དུ་བྱས་ནས། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ནས་ནི་བླ་ན་མེད་པའི་ཡོན་གནས་ཤེས་བརྗོད་དོ། །ཞེས་གསུངས་ཏེ། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་

(༩༠)པ་འདོར་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལས། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལས། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་བཤད་ལ། ལང་གཤེགས་ལས། བློ་གྲོས་ཆེན་པོས་དྲུག་པ་ནས་གཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་འགོག་པ་ལ་སྙོམས་པར་འཇུག་སྟེ། ཞེས་ཉན་ཐོས་ཀྱི་ས་དྲུག་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ས་ཡིན་ལ། དེ་དང་བྱང་ཆུབ་སེམས་དཔའི་ས་དྲུག་པ་ཡོན་ཏན་ལ་སོགས་པ་གཏན་མི་མཚུངས་ཀྱང་ས་དྲུག་པ་ཞེས་བྱ་བའི་མིང་གཅིག་གིས་བསྡུ་བ་མཛད་ལ། དེ་བཞིན་དུ་ཉན་ཐོས་ཀྱི་འགོག་པའི་སྙོམས་པར་འཇུག་པ་དང་། བྱང་ཆུབ་སེམས་དཔའི་འགོག་པའི་སྙོམས་པར་འཇུག་པ་དག་མིང་མཐུན་གྱིས་དེ་སྐད་དུ་བཤད་དོ། །ཡང་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤངས་པ་དང་རྟོགས་པ་རྫོགས་པས་མཐོང་བའི་ལམ་གྱི་དགྲ་བཅོམ་པས་དགྲ་བཅོམ་པ། མཐོང་བའི་ལམ་གྱི་ཟག་པ་ཟད་པས་ཟག་པ་ཟད་པ་ཞེས་བརྒྱད་སྟོང་འགྲེལ་བར་གསུངས་པས་དགྲ་བཅོམ་པ་ཐོབ་ན་གསར་དུ་སློབ་མི་དགོས་སམ་སྙམ་ན། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དེ། དེ་བཞིན་གཤེགས་པའི་ཡུལ་ཇི་ལྟ་བུ་ཞེ་ན། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་ལ་ཡང་ངང་གིས་འཇུག་པ་སྟེ། འདི་ཉིད་དུ། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་

(༩༡)གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །འདི་ནི་ས་བརྒྱད་པ་ནས་འཐོབ་པས་བྱང་ཆུབ་སེམས་དཔའ་དེ་ལ་དེ་བཞིན་གཤེགས་པ་ཞེས་ཀྱང་བྱ་སྟེ། སྡུད་པར། བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་འདི་རྗེས་སུ་རྟོགས། དེ་ཕྱིར་དེ་བཞིན་གཤེགས་ཤེས་སངས་རྒྱས་མཚན་གསོལ་ཏོ། །ཞེས་ཀྱང་གསུངས་ཏེ། དེ་འདྲ་བའི་དེ་བཞིན་གཤེགས་པའི་ཡུལ་དེ་མ་ཐོབ་པས་ས་བདུན་པ་ལ་ཉོན་མོངས་མེད་ཅེས་མི་བྱ་ཞིང་། དེ་བཞིན་གཤེགས་པའི་ཡེ་ཤེས་འདོད་པ་དང་བསམ་པ་ཡོངས་སུ་མ་རྫོགས་པ་ཡོད་དོ་ཞེས་བྱ་བའི་དོན་འདི་ནི། ས་བཅུ་པའི་མདོ་ཉིད་ལས། ཀྱེའི་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་ཐམས་ཅད་ལས་ཕལ་ཆེར་ལས་ཡང་དག་པར་འདས་ཏེ། བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པ་དང་བཅས་པ་ཞེས་ཀྱང་མི་བྱ། ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ཀུན་དུ་མི་འབྱུང་བས་ཉོན་མོངས་པ་དང་བཅས་པ་ཞེས་མི་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་མངོན་པར་འདོད་པ་དང་། བསམ་པ་ཡོངས་སུ་མ་རྫོགས་པས་ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །ཞེས་འབྱུང་བའི་ཕྱིར་ས་དང་པོ་ནས་བདུན་པའི་བར་དུ་སྦྱོར་བ་ལ་འབྱུང་བའི་སྤྱོད་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་འདོད་པ་ལ་ཉོན་མོངས་སུ་མིང་བཏགས་ནས་དེ་སྦྱོང་བར་མཛད་པ་ལ་དེ་བཞིན་གཤེགས་པ་བརྩོན་པར་མཛད་དོ། །

(༩༢)ཞེས་བྱ་བ་ཡིན་ཏེ། །ཐབས་ཅི་ཞིག་གིས་བརྩོན་པར་མཛད་པ་ནི་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱིས་མཛད་ལ། ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དེ་ཡང་འཁོར་གསུམ་ཡོངས་སུ་དག་པའི་གཏམ་ཡིན་པས་རེ་ཤིག་བྱ་བ་རྫོགས་པའི་གཏམ་ཡིན་ཏེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་ནི། མདོ་སྡེ་རྒྱན་གྱི་འགྲེལ་བར། སངས་རྒྱས་རྣམས་ཀྱི་སྟོན་པ་འདི། །འཁོར་གསུམ་གྱིས་ནི་དག་པ་སྟེ། །དེ་ནི་ཉེས་པ་བརྒྱད་དག་དང་། །བྲལ་བ་ཉིད་དུ་ཤེས་པར་བྱ། །འཁོར་གསུམ་གྱིས་དག་པ་ཞེས་བྱ་བ་ནི་གང་གིས་སྟོན་པ་སྟེ་ངག་དང་ཚིག་དག་དང་། ཇི་ལྟར་སྟོན་པ་སྟེ་བསྟན་པ་ལ་སོགས་པའི་རྣམ་པ་དང་། གང་དག་ལ་སྟོན་པ་སྟེ་མགོ་སྨོས་པ་དང་རྣམ་པར་སྤྲོས་ན་གོ་བ་རྣམས་ཀྱིས་སོ། །ཞེས་གསུངས་པས་ན་ན་ལེནྡྲ་པ་རྣམས་ལ་གྲགས་པའི་འཆད་པ་པོའི་ངག་དག་པ། བཤད་བྱའི་ཆོས་དག་པ། སློབ་མའི་རྒྱུད་དག་པ་གསུམ་པོ་ཡིན་ནོ། །ས་བརྒྱད་པ་ལ་ཡེ་ཤེས་ཕྱིར་མི་ལྡོག་པས་ཕྱིར་མི་ལྡོག་པའི་ས་ཞེས་བྱའོ་ཞེས་གསུངས་པའི་དོན་སྐྱེས་བུ་འགའ་ཞིག་བསྟན་གྱིས་སུན་ནས་དེ་ལ་ཡུན་རིང་དུ་འདུག་མི་ཕོད་པ་དེས་སྟན་བཟོད་པ་མ་ཡིན་པ་ལྟར་མཉམ་པར་གཞག་པ་ལས་སླར་ཡང་ལྡང་བ་ནི་མཉམ་པར་གཞག་པ་མི་བཟོད་པའོ། །ས་བརྒྱད་པར་སྐྱེ་བ་མེད་པ་ལ་མཉམ་པར་གཞག་པ་ལས་མི་ལྡང་བས་སྐྱེ་བ་མེད་པ་ལ་བཟོད་ཅེས་བྱ་ལ། སྐྱེ་བ་མེད་པའི་ཡེ་ཤེས་ལས་མི་ལྡོག་པ་ཡང་ལྡོག་པ་ཡང་ཡིན་ཏེ། དེ་བས་ན་ས་འདི་ཡན་ཆད་གཙོ་བོར་བྱས་པའི་གཏམ་ལ་ཕྱིར་མི་ལྡོག་པ་ཞེས་བྱ་ཞིང་། དེ་སློབ་མའི་རྒྱུད་ལ་འཕོ་བར་བྱེད་པས་འཁོར་ལོ་ཞེས་བྱ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་

(༩༣)མདོ་ཉིད་དང་། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལ་སོགས་པ་རྣམས་སོ། །འཁོར་ལོ་འདིའི་དངོས་ཀྱི་གདུལ་བྱ་ཡང་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་རྣམས་ཡིན་ཏེ། རང་བཞིན་གྱི་སྒྲ་ནི་རིགས་ཀྱི་སྒྲའི་རྣམ་གྲངས་སུ་ཡང་འགྱུར་བས་རིགས་ལ་བྱ་ལ། སྣ་ཚོགས་པ་ནི་ཐ་དད་པ་སྟེ། རིགས་ཐ་དད་པ་ལས་བྱུང་བའི་འབྲས་བུ་ཡིན་པས་རྒྱུ་ཅན་ཞེས་བྱ་སྟེ། དགོངས་པ་ངེས་པར་འགྲེལ་བ་ལས། །ཐེག་པ་ཐམས་ཅད་ལ་ཞུགས་པ་རྣམས། ཤེས་བཤད་པ་དེ་ཉིད་དེ། འཁོར་ལོ་དེའི་འབྲས་བུ་ནི་དེ་བཞིན་གཤེགས་པའི་ཡུལ་ལ་ཞུགས་པར་གྱུར་ཅིང་། དེ་བཞིན་གཤེགས་པའི་ཆོས་ཉིད་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཞེས་པ་དང་། ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །ཞེས་གསུངས་པའི་ཚུལ་གྱིས་ཆོས་ཉིད་ཀྱི་རྣམ་པས་སེམས་ཅན་གྱི་སེམས་ཤེས་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ཤིང་སངས་རྒྱས་ནས་ནི་ཐེག་པ་བླ་ན་མེད་པའི་དགྲ་བཅོམ་པ་ཐོབ་པ་ཡིན་པས་བླ་ན་མེད་པའི་ཐོབ་པ་ཡོན་གནས་ཤེས་བརྗོད་དོ། །དོན་འདི་ཉིད་ཀྱི་དབང་དུ་བྱས་ནས་ས་བཅུ་པའི་ས་བརྒྱད་པར། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བཀུར་བར་གསུངས་སོ། །དེ་ལྟར་དྲི་མ་རྣམས་འདག་པའི་ཚུལ་ནི་ལང་ཀར་གཤེགས་པ་ལས་གསུངས་ཏེ། བཅོམ་ལྡན་འདས་རང་གི་སེམས་སྣང་བའི་རྒྱུད་ཅིག་ཆར་རམ། རིམ་གྱིས་འཇུག་པས་སམ་ཇི་ལྟར་རྣམ་པར་དག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་ནི་རིམ་གྱིས་འཇུག་པས་རྣམ་པར་འདག་སྟེ་ཅིག་ཆར་ནི་མ་ཡིན་ནོ། །འདི་ལྟ་སྟེ་བློ་གྲོས་ཆེན་

(༩༤)པོ་ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི་ཅིག་ཆར་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་ཀྱང་རིམ་གྱིས་རྣམ་པར་འདག་སྟེ་ཅིག་ཆར་མ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། རྫ་མཁན་ནི་སྣོད་རྣམས་རིམ་གྱིས་བྱེད་དེ་ཅིག་ཆར་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་རྣམ་པར་སྦྱོང་སྟེ་ཅིག་ཆར་མ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ས་ཆེན་པོ་ལས་རྩྭ་དང་ཤིང་གེལ་བ་དང་སྨན་དང་ནགས་ཚལ་རྣམས་རིམ་གྱིས་འཇུག་པས་སྐྱེའི་ཅིག་ཆར་མ་ཡིན་ཏེ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་རྣམ་པར་སྦྱོང་སྟེ། ཅིག་ཆར་མ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ལྟ་སྟེ་བཞད་གད་དང་རོལ་མོ་དང་གླུ་དང་པི་ཝང་དང་སིལ་སྙན་དང་། རི་མོ་དག་ལ་མཁས་པ་ནི་རིམ་གྱིས་འབྱུང་གི་ཅིག་ཆར་མ་ཡིན་ཏེ། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་རྣམ་པར་སྦྱོང་སྟེ། ཅིག་ཆར་མ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ལྟ་སྟེ་མེ་ལོང་གི་ནང་ན་གཟུགས་ཀྱི་གཟུགས་སུ་སྣང་བ་ཐམས་ཅད་རྣམ་པར་རྟོག་པ་མེད་པར་ཅིག་ཆར་སྣང་ངོ་། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རྣམ་པར་མི་རྟོག་ཅིང་སྣང་བ་མེད་པའི་སྤྱོད་ཡུལ་རྣམས་ཅིག་ཆར་རྣམ་པར་སྦྱོང་ངོ་། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ནི་འོད་ཟེར་གྱིས་གཟུགས་སུ་སྣང་བ་ཐམས་ཅད་ཅིག་ཆར་མངོན་པར་བྱེད་དོ། །དེ་བཞིན་དུ་བློ་གྲོས་

(༩༥)ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རང་གི་སྣང་བའི་གནས་ངན་ལེན་གྱི་བག་ཆགས་དང་བྲལ་བ་རྣམས་ལ་རྒྱལ་བ་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་དང་སྤྱོད་ཡུལ་ཡང་དག་པར་སྟོན་ཏོ་ཞེས་པའོ། །དེ་ལ་རང་གི་སེམས་སྣང་བའི་རྒྱུད་ནི་བཻ་ཌཱུརྱའི་རིགས་ཀྱི་རྡོ་བ་དང་མཚུངས་པའི་previous hit ཀུནགཞིརྣམ་པར་ཤེས next hit་པ་སྟེ། དེ་ནི་རྒྱ་མཚོའི་ཆུ་དང་མཚུངས་ལ། དེ་ལས་རླབས་དང་མཚུངས་པའི་འཇུག་པའི་རྣམ་པར་ཤེས་པ་རྣམས་འབྱུང་ངོ་། །འཇུག་པའི་རྣམ་པར་ཤེས་པ་འདག་པ་ན་ནི་རིམ་གྱིས་དག་པར་འགྱུར་ཏེ། ཤིང་ཨ་མྲའི་འབྲས་བུ་རིམ་གྱིས་སྨིན་པ་ནི་སེམས་དག་བྱེད་གཉེན་པོའི་ཕྱོགས་རིམ་གྱིས་འཕེལ་བའི་དཔེའོ། །རྫ་མཁན་ནམ་དེ་བཞིན་གཤེགས་པའི་དཔེ་སྟེ། དེས་ཆོས་བསྟན་པའི་མངོན་པར་འདུ་བྱེད་པས་ལམ་རིམ་གྱིས་སྐྱེ་ཞེས་པའོ། །ས་ཆེན་པོའི་དཔེ་ནི། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ས་ལ་བརྟེན་ནས་ཀུན་སྐྱེ་ལྟར། །དེ་བཞིན་གཤེགས་པའི་ཆོས་སྐུ་རྟོག་པ་མེད་པ་དང་བྱང་ཆུབ་སེམས་དཔའི་མཉམ་པར་གཞག་པ་རྟོག་པ་མེད་པ་ལས་ཡོན་ཏན་རྣམས་རིམ་གྱིས་སྐྱེ་ཞེས་པའོ། །ཇི་ལྟར་ཁས་གླུ་དང་བཞད་གད་དང་ལག་པ་རོལ་མོ་རྣམས་རིམ་གྱིས་བསྐྱོད་པར་བྱེད་པ་ལྟར་རྗེས་ལ་ཐོབ་པ་མངོན་པར་འདུ་བྱེད་པ་དང་བཅས་པའི་རྣམ་པར་རྟོག་པ་ལས་ཀྱང་ཡོན་ཏན་རྣམས་རིམ་གྱིས་སྐྱེ་ཞེས་པའོ། །མེ་ལོང་གི་དཔེས་ནི་དག་པ་སར་གནས་ངན་ལེན་པ་དང་བྲལ་ནས་རང་གི་རྒྱུད་ལ་ཅིག་ཆར་ཤེས་བྱ་མཐའ་ཡས་པ་འཆར་བར་འགྱུར་ཞེས་པའོ། །ཉི་ཟླའི་དཔེས་ནི་གདུལ་བྱ་གཞན་ལ་ཆོས་སྟོན་པའི་སྣང་བ་ཅིག་ཆར་དུ་སྤྲོ་བར་བྱེད་ཅེས་པའོ། །དེ་བས་ན་འཁོར་ལོ་གསུམ་

(༩༦)པོས་དྲི་མ་རིམ་གྱིས་སྦྱོང་བ་ནི་ས་བདུན་པ་མན་ཆད་དུ་ཡིན་ཞེས་བྱའོ། །དེ་ཡང་འཁོར་ལོ་དང་པོས་ནི་བདག་ཏུ་ལྟ་བས་བསྐྱེད་པའི་ཉོན་མོངས་རྣམས་འཁྲུ་བར་བྱེད་ལ། འཁོར་ལོ་བར་པས་ནི་དངོས་པོར་མངོན་པར་ཞེན་པའི་རྣམ་པར་རྟོག་པ་རགས་པ་དང་ཕྲ་བ་སྦྱོང་བར་བྱེད་ཅིང་། འཁོར་ལོ་ཐ་མས་ནི་སེམས་མ་ཤར་བའི་ཡུལ་གྱི་སྣང་བ་ཞེས་བརྗོད་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ལེགས་པར་མཐོང་བའི་གེགས་ཡིན་པས་དེ་སྦྱོར་བར་བྱེད་པ་ཡིན་ཏེ། དེ་ཡང་ལང་ཀར་གཤེགས་པ་ལས། །ཇི་ལྟར་རྒྱ་མཚོའི་རྦ་རླབས་རྣམས། །རླུང་གི་རྐྱེན་གྱིས་བྱུང་བ་དག །གར་ཅིང་རབ་ཏུ་འབྱུང་བ་ནི། །རྒྱུན་ཀྱང་རྣམ་པར་འཆད་པ་མེད། །ཀུན་གཞིའི་ཆུ་བོ་དེ་བཞིན་དུ། །རྟག་ཏུ་ཡུལ་གྱི་རླུང་གིས་བསྐྱོད། །སྣ་ཚོགས་རྣམ་ཤེས་རྦ་རླབས་རྣམས། །གར་ཅིང་རབ་ཏུ་འབྱུང་བར་འགྱུར། །ཞེས་ཏེ་རྒྱུད་ནི་previous hit ཀུནགཞིརྣམ་པར་ཤེས next hit་པ་རྒྱུན་ཆགས་པ་ཡིན་ལ། ཆུ་བོ་རླུང་གིས་དཀྲུགས་པས་གར་དང་འདྲ་བའི་རྦ་རླབས་འབྱུང་བ་ལྟར་རླུང་དང་འདྲ་བའི་ཡུལ་གྱི་རྐྱེན་གྱིས་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རླབས་རྣམས་འབྱུང་ལ། གར་མཁན་ལྷ་ལ་སོགས་པའི་གཟུགས་སུ་བསྒྱུར་ནས་གར་བྱེད་པ་ལྟར་previous hit ཀུནགཞི་ཡང་ཡུལ་གྱི་གཟུགས་སུ་བསྒྱུར་ནས་མིག་ལ་སོགས་པའི་རྣམ་པར་ཤེས next hit་པར་སྐྱེ་བ་ནི་གར་མཁན་དང་འདྲ་ཞེས་པའོ། །སྔོན་པོ་དམར་པོ་ལན་ཚྭ་དང་། །དུང་དང་འོ་མ་ཁ་ར་དང་། །བསྐ་བའི་འབྲས་བུ་མེ་ཏོག་དང་། །ཇི་ལྟར་ཉི་ཟླའི་འོད་ཟེར་དང་། །རྒྱ་མཚོ་ཡི་ནི་རྦ་རླབས་དག །མི་གཅིག་ཐ་དད་མིན་པར་ཤེས། །དེ་བཞིན་རྣམ་ཤེས་བདུན་པོ་ཡང་། །སེམས་

(༩༧)དང་ལྷན་ཅིག་ལྡན་པའོ། །ཞེས་ཏེ། རྣམ་ཤེས་ལ་ཤར་བའི་ཡུལ་གྱི་རྣམ་པ་ཅི་འདྲ་བ་དག་སྙམ་ན་སྔོན་པོ་ལ་སོགས་པར་སྣང་བ་སྟེ། སྔོན་པོ་དང་དམར་པོ་ནི་མིག་གི་རྣམ་པར་རིག་པ་ལ་སྣང་བའོ། །དུང་དང་འོ་མ་དང་མེ་ཏོག་དང་ཉི་མའི་འོད་ཟེར་ལ་སོགས་པའི་རྣམ་པར་སྣང་ཞེས་པའོ། །ལན་ཚྭ་དང་ཁ་ར་ཨ་དང་བསྐ་བ་ཨ་ཌཱུ་རའི་འབྲས་བུ་རྣམས་ནི་རོའི་རྣམ་པར་སྣང་བའི་མཚོན་བྱེད་དོ། །དེ་ཡང་ཉི་མའི་འོད་ཀྱིས་རྫ་མ་སྣང་བར་གྱུར་བའི་ཚེ་རྫ་མ་གསལ་བ་ཉིད་རྫ་མ་ལས་རྫས་ཐ་དད་པ་མ་ཡིན་ལ། རྒྱུན་ལ་རྫས་གཅིག་ན་ནི་མུན་ཁུང་དུ་ཡང་རྫ་མ་སྣང་བར་འགྱུར་བས་གཅིག་ཐ་དད་ལས་གྲོལ་བ་དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ལ་སྔོན་པོ་སྣང་བ་ན་མིག་གི་རྣམ་པར་ཤེས་པ་ཉིད་སྔོན་པོར་སྣང་བ་ཡིན་པས་སྔོན་པོའི་སྣང་བ་དེ་ཤེས་པ་ལས་རྫས་ཐ་དད་པ་ཡང་མ་ཡིན། ཤེས་པ་དེའི་རྒྱུན་སེར་པོར་སྣང་བ་ཡང་ཡོད་པ་ན་སྔོན་པོར་སྣང་བ་དེ་ཤེས་པའི་རྒྱུན་དང་རྗེས་སུ་འབྲེལ་བ་མ་ཡིན་ཞེས་པའོ། །དེ་བཞིན་དུ་རྣམ་པར་ཤེས་པ་བདུན་ཡང་previous hit ཀུན་གཞིའི་རིགས་ཀྱི་རྒྱུན་ཉིད་རྣམཤེས་བདུན་པོར་འབྱུང་བས་ཀུནགཞི next hit་ལས་རྫས་རིགས་ཐ་དད་པ་མ་ཡིན་ལ། རྒྱུན་ལ་རྟག་ཏུ་གནས་པ་ཡང་མ་ཡིན་པས། སློབ་དཔོན་དབྱིག་གཉེན་གྱིས། ཡིད་ཀྱི་རྣམ་ཤེས་འཇུག་པ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཤེས་གནས་སྐབས་གསུམ་ན་མེད་པར་བཤད་ཅིང་། ཉོན་མོངས་པ་ཅན་གྱི་ཡིད་ནི་འཇིག་རྟེན་ལས་འདས་པའི་ལམ་དང་འགོག་པའི་སྙོམས་པར་འཇུག་པའི་ཚེ་མེད་དེ། དེ་ལྟར་ན་ཉོན་མོངས་པ་ཅན་གྱི་ཡིད་དང་སྒོ་ལྔའི་རྣམ་པར་ཤེས་པ་ནི་མཐའ་གཅིག་ཏུ་ཟག་

(༩༨)བཅས་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉི་ག་ཡོད་པས་ཟག་པ་དང་བཅས་པ་དག་ནི་ཡང་བར་ནུས་སོ་ཞེས་བྱའོ། །རྒྱ་མཚོ་ཡོངས་སུ་དག་པ་ནི། །རྦ་རླབས་སྣ་ཚོགས་དེ་དག་སྟེ། །previous hit རྣམ་པར་ཤེས་ཞེས་བྱ་བ་ཡི། །ཀུནགཞི next hit་དེ་བཞིན་སྣ་ཚོགས་འབྱུང་། །སེམས་དང་ཡིད་དང་རྣམ་ཤེས་པ། །མཚན་ཉིད་དོན་དུ་རབ་ཏུ་བརྟག །བརྒྱད་པོ་ཐ་དད་མ་ཡིན་མཚན། །མཚན་གྱི་གཞི་དང་མཚན་ཉིད་མེད། །ཅེས་ཏེ། རྒྱ་མཚོ་མེར་ཏེ་གནས་པ་ལས་ལོག་ནས་ཡོངས་སུ་གྱུར་ཏེ་རྦ་རླབས་སུ་སྣང་བ་བཞིན་དུ་previous hit ཀུནགཞིརྣམཤེས next hit་ཀྱང་previous hit རྣམཤེས་སྣ་ཚོགས་པ་བདུན་པོ་རྣམས་སུ་འགྱུར་རོ། །དེ་ལྟར་ན་ཀུནགཞི next hit་ལ་བག་ཆགས་བརྩགས་པས་སེམས་དང་ང་རྒྱལ་བས་ཉོན་མོངས་པ་ཅན་གྱི་ཡིད་ལ་ཡིད་དང་ཡུལ་སོ་སོར་རིག་པས་འཇུག་པའི་སེམས་ལ་རྣམ་པར་ཤེས་པ་ཞེས་མཚན་ཉིད་ཐ་དད་པས་མིང་དོན་དང་ལྡན་པ་ལྟ་བུར་བཏགས་ལ། ཡང་དག་པར་ན་དེ་ཐམས་ཅད་ཀུན་གཞི་གཅིག་གི་རིགས་ཡིན་པས་རིགས་ཀྱི་དབང་དུ་བྱས་ནས་ནི་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་སྦྱར་དུ་མེད་དེ། བརྒྱད་པོ་དེ་རིགས་ཐ་དད་པ་མ་ཡིན་པའི་མཚན་ཉིད་དམ་རང་བཞིན་ནོ། །རྒྱ་མཚོ་དང་ནི་དབའ་རླབས་རྣམས། །ཇི་ལྟར་ཁྱད་པར་མེད་པ་བཞིན། །སེམས་དང་རྣམ་ཤེས་དེ་བཞིན་དུ། །ཡོངས་སུ་གྱུར་པ་མི་རྙེད་དོ། །ཞེས་ཏེ། རྦ་རླབས་རྣམས་ལོག་ཅིང་རྒྱ་མཚོར་ཡོངས་སུ་གྱུར་བ་ན་འདི་ནི་རྦ་རླབས་སོ། །འདི་ནི་རྒྱ་མཚོའོ་ཞེས་མ་དམིགས་པ་དེ་བཞིན་དུ་ས་བརྒྱད་པར་སེམས་ཡོངས་སུ་གྱུར་པ་ན་རྣམ་པར་ཤེས་པ་བརྒྱད་དུ་མ་དམིགས་ཤེས་པའོ། །དེ་ལྟར་འདི་དག་གིས་ནི་ས་ར་ཧས། གང་ཞིག་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་

(༩༩)མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ཏེ། །ཞེས་གསུངས་པ་དང་། ཞང་གིས། དེ་ལྟར་གཞག་པའི་ངང་ཉིད་ལས། །རྣམ་རྟོག་ཏོལ་གྱིས་བྱུང་བ་འདི། །དེ་ཉིད་འོད་གསལ་ཆོས་སྐུ་ལས། །གཞན་ཞིག་ཡིན་པར་མ་སེམ་ཞིག །གཡོ་མེད་རྒྱ་མཚོ་དངས་པ་ལས། །རྦ་རླབས་ཆིལ་གྱིས་ལངས་པ་དེ། །གཞན་ཞིག་མིན་པ་ཇི་བཞིན་ནོ། །ཞེས་གསུངས་པ་དང་། ལྕེ་སྒོམ་གྱིས། གཉིས་སྣང་སྣ་ཚོགས་བློ་ལ་སྣང་མོད་ཀྱང་། །གནས་ལུགས་ཡེ་ནས་དབྱེར་མེད་རོ་གཅིག་སྟེ། །ཇི་ལྟར་ཆུ་དང་ཁྱག་པ་གཉིས་སྣང་ཡང་། ཁྱག་པའི་རང་བཞིན་ཆུ་རུ་རོ་གཅིག་པས། །ཆུ་དང་ཁྱག་པའི་ངོ་བོ་ཐ་དད་མེད། །གཉིས་སྣང་ཆོས་ཀུན་དེ་བཞིན་ཤེས་པར་བྱ། །ཇི་ལྟར་རྒྱ་མཚོ་དབའ་རླབས་གཉིས་སྣང་ཡང་། །དབའ་རླབས་རང་བཞིན་རྒྱ་མཚོར་རོ་གཅིག་པས། །རྒྱ་མཚོ་དབའ་རླབས་ངོ་བོ་ཐ་དད་མེད། །གཉིས་སྣང་ཆོས་རྣམས་དེ་བཞིན་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་རྣམས་ཀྱི་རྟེན་དུ་གྱུར་བའི་རྒྱལ་བའི་གསུང་རབ་བོ། །གསེར་གྱི་དཔེའི་དབང་དུ་མཛད་ནས་བློ་བུར་གྱིས་བསྒྲིབས་ཀྱང་རང་བཞིན་གྱིས་ཡོངས་སུ་དག་པའི་རིགས་འདི་ཉིད་ལ་དགོངས་ནས་ཤེས་ཀྱང་སྦྱར་ཏེ། ཅི་ཞིག་རིགས་ཡིན་ཞེ་ན། དེ་བཞིན་གཤེགས་པའི་ཁམས་དང་རིགས་དང་རྒྱུ་ཡིན་ཞེས་པའོ། །དེའི་ལུང་གི་ཤེས་པར་བྱེད་པ། ཇི་ལྟར་རྡོ་ཡི་ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་མཐོང་བ། །ཡོངས་སུ་སྦྱངས་པས་དེ་མཐོང་བཞིན། །འཇིག་རྟེན་ལ་ནི་དེ་བཞིན་གཤེགས། །ཤེས་རྒྱན་སྟུག་པོར་གསུངས་ཏེ། མདོ་ཉིད་ཀྱི་འགྱུར་ནི། རྡོ་བ་ཕྱེ་མར་

(༡༠༠)བཏགས་པ་ལས། །གསེར་ནི་ཡོད་པར་མི་སྣང་སྟེ། །སྦྱངས་པའི་ལས་ཀྱི་ཁྱད་པར་གྱིས། །གསེར་ནི་སྣང་བར་འགྱུར་བ་ཡིན། །ཞེས་འབྱུང་ངོ་། །གསེར་གྱི་དཔེ་འདིས་ནི་རང་བཞིན་དུ་གནས་པའི་རིགས་དེ་བཞིན་ཉིད་ཡོངས་སུ་སྦྱོང་བར་བསྟན་ཏེ། འདི་ཉིད་དུ། རང་བཞིན་འགྱུར་བ་མེད་པ་དང་། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །ཞེས་འབྱུང་བ་ཉིད་དེ།། ༈ །།དེ་ལྟར་ཁྱོད་ཀྱིས་འཁོར་ལོ་གསུམ་པོས་དྲི་མ་རིམ་གྱིས་སྦྱོང་བ་དཔེ་དང་བཅས་ཏེ་བཤད་ན། འཁོར་ལོ་དང་པོ་དང་གཉིས་པ་ལ་ནི་འཕགས་པའི་བདེན་པ་བསྟན་པ་དང་སྟོང་པ་ཉིད་བསྟན་པའི་ཁྱད་པར་གྱིས་ཁྱད་པར་རྟོགས་པ་སླ་ན། ད་ནི་འཁོར་ལོ་གཉིས་པ་དང་གསུམ་པ་ལ་ཁྱད་པར་ཅི་ཡོད། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་ནི་འཁོར་ལོ་ཕྱི་མ་གཉིས་གར་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་རྣམ་པར་གསུངས་པས་དོན་ལ་ཁྱད་པར་མེད་པ་ལྟར་སྣང་ཞིང་། ཡང་གཉིས་པ་དྲང་བའི་དོན་དང་གསུམ་པ་ངེས་པའི་དོན་དུ་གསུངས་པས་ཁྱད་པར་ཡོད་པར་ཡང་མངོན་ན། གཉིས་པོ་འདི་ལ་སྙིང་རྗེའི་ཕྱོགས་ལས་བརྩམས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེ་བ་དང་ཆུང་བ་དག་ཡོད་དམ། ཤེས་རབ་ཀྱི་ཕྱོགས་ལས་བརྩམས་ནས་ལྟ་བ་མཐོ་བ་དང་དམའ་བའི་ཁྱད་པར་རམ། སྒོམ་པ་གོམས་པར་བྱེད་པའི་ཐབས་མཁས་པ་དང་མི་མཁས་པའི་ཁྱད་པར་དག་གམ། ས་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་ཁྱད་པར་ལ་སོགས་པར་རམ་ཁྱད་པར་མེད་ན་ནི་གསུམ་པར་གཏམ་གྱི་འཁོར་གསུམ་དག་པ་བྱེ་བྲག་ཏུ་

(༡༠༡)སྨོས་པ་དང་། དེ་བཞིན་གཤེགས་པའི་བརྩོན་འགྲུས་སྔ་མ་ལས་ལྷག་པ་ཇི་ལྟར་རྣར་འོང་བར་འགྱུར། ཁྱད་པར་ཡོད་ན་ནི་དེ་དག་སྨྲོས་ཤིག་ཅེ་ན། དྲི་བ་འདི་ནི་དྲི་བར་འོས་པ་ལེགས་པར་དྲིས་པ་ཡིན་ན། ཉན་ཐོས་ཀྱི་ཐེག་པའི་གཞུང་ལ་སྦྱངས་པ་དག་དང་། སློབ་དཔོན་ཀླུ་སྒྲུབ་སློབ་མ་དང་བཅས་པའི་དབུ་མའི་བསྟན་བཅོས་ལ་ཕྱོགས་ཙམ་སྦྱངས་པ་དག་དངང་།།།བར་ནི་འགྱུར་རོ། །འོན་ཀྱང་མོས་པ་ཕུན་སུམ་ཚོགས་པའི་གང་ཟག་ཀྱང་མང་དུ་སྣང་བས་ལན་བརྗོད་པར་བྱ་སྟེ། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཐོས་ནས་མོས་པར་བགྱིད་པ་དང་། ཡི་གེར་འདྲིས་སྩོལ་བ་དང་། ཡི་གེར་བྲིས་ནས་ཀྱང་འཆང་བ་དང་། ཀློག་པ་དང་། མཆོད་པ་དང་། ཡང་དག་པར་འགེད་པ་དང་། ལུང་ནོད་པ་དང་། ཁ་ཐོན་བགྱིད་པ་དང་། སེམ་པ་དང་སྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེས་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད། གྲངས་མེད་པ་བསྐྱེད་དེ། དེ་ནི་དཔེ་བྱ་བར་སླ་བ་མ་ཡིན་མོད་ཀྱིས་འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་

(༡༠༢)འཕགས་འདི་ལྟ་སྟེ་དཔེར་ན། སེན་མོའི་རྩེ་མོ་ལ་གནས་པའི་སའི་རྡུལ་གང་དག་ཡིན་པ་དེ་དག་ནི་ས་ལ་གནས་པའི་སའི་རྡུལ་རྣམས་དང་སྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་སྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་ཆར་ཡང་ཉེ་བར་མི་འགྲོའོ། །དོན་དམ་ཡང་དག་འཕགས་དེ་བཞིན་དུ། ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་སྒོམ་པའི་རྣམ་པས་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་པ་དེ་ནི་ངེས་པའི་དོན་བསྟན་པ་ལ་མོས་པས་ས་ཡང་དག་པར་གྲུབ་པ་ནས་སྒོམ་པའི་རྣམ་པས་སྦྱོར་བ་ལས་ཡང་དག་པར་གྲུབ་པའི་བར་གྱི་བསོད་ནམས་འདི་དང་སྒྲུན་ན། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཞེས་དྲང་བ་དང་ངེས་པའི་དོན་གྱི་ཐོས་པའི་ཕན་ཡོན་ལ་ཁྱད་པར་དེ་ཙམ་དུ་ཆེ་བའི་ཕྱིར་འཁོར་ལོ་ཕྱི་མའི་དོན་ཟབ་པ་དང་རྒྱ་ཆེ་བའི་ཁྱད་པར་ཀྱང་དེ་དང་འདྲ་བར་ཤེས་པར་བྱའོ། །སྙིང་རྗེའི་ཁྱད་པར་ལས་ཁྱད་པར་ཡོད་དེ། འདི་ལྟར་འཁོར་ལོ་གཉིས་པའི་དབང་དུ་བྱས་ནས་སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པའི་སྙིང་རྗེ་རྣམ་པ་གསུམ་པོ་གོ་རིམས་བཞིན་དུ་སེམས་ཅན་སྡུག་བསྔལ་གྱི་སྡུག་བསྔལ་ཅན་དང་། མི་རྟག་པའི་སྡུག་བསྔལ་ཅན་དང་། སྟོང་པ་ཉིད་ཀྱི་རང་བཞིན་གྱི་དམིགས་པ་ལ་དམིགས་པ་ཡིན་ལ། གསུམ་པ་འདིར་ནི་སེམས་ཀྱི་རང་བཞིན་བདེ་བ་དང་། རྟག་པ་དང་། དམ་པའི་བདག་དང་། ངོ་བོ་ཉིད་ཀྱིས་གཙང་བའི་རང་བཞིན་ཡིན་པ་ལས་བློ་བུར་དུ་མ་རིག་པས་བསྒྲིབས་པས་སྡུག་བསྔལ་

(༡༠༣)ཅན་ལྟ་བུར་སྣང་བ་འདི་ནི་ངོ་མཚར་ཏོ་སྙམ་ནས་འཁྲུལ་བ་བསལ་བའི་ཕྱིར་སྙིང་རྗེ་སྐྱེ་བ་ཡིན་ཞིང་། དེ་བཞིན་དུ་བདག་ཉིད་དང་རིགས་གཅིག་ཏུ་ཤེས་པས་མཛའ་བ་དང་བྱམས་པ་སྐྱེ་ཞིང་སེམས་ཅན་གྱི་རང་བཞིན་དེ་མཐོང་བས་དགའ་ཞིང་སྟོན་པ་དང་འདྲ་བར་གུས་པ་དང་། སེམས་ཅན་ཐམས་ཅད་མཚུངས་པར་མཐོང་བའི་བཏང་སྙོམས་རྣམས་སྐྱེས་པས་གཞན་གྱི་དོན་ལ་ཅེས་མྱུར་བར་འཇུག་པའི་ཕྱིར་ཁྱད་པར་གྱི་ཚད་མེད་པ་བཞི་ཐོབ་པར་བལྟ་སྟེ་དོན་འདི་ནི། སྔར་ནི་དེ་ལྟར་རྣམ་གཞག་ནས། །ཤེས་བྱ་བ་ནས། སངས་རྒྱས་ཉིད་ནི་མྱུར་དུ་འཐོབ། །ཅེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །ཚད་མེད་པ་དེ་ལས་བྱུང་བའི་སེམས་བསྐྱེད་པ་ལ་ཡང་། བྱང་ཆུབ་སེམས་འགྲེལ་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམས་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་འབྱུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་ཇི་ལྟར་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་དུས་འདི་ནས་གཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །ཞེས་དང་། དེ་ལྟར་ཀུན་རྫོབ་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་བསྐྱེད་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་

(༡༠༤)བྱ་བ་ཡིན་ཏེ། ཞེས་བསྒྲུབ་བྱའི་བྱང་ཆུབ་དང་ཡུལ་སེམས་ཅན་གྱི་སེམས་འོད་གསལ་བ་དོན་འདྲ་བར་མཐོང་བའི་མཐུ་ལས་སྐྱེ་བ་ཡིན་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ལྷག་པ་ཡིན་ལ། སྟོང་པ་ཉིད་ཀྱང་དོན་དམ་པའི་སེམས་ཉིད་ལ་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང་། །སྟོང་པ་ཉིད་དུ་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སེམས་བསྐྱེད་པ་དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པ་ན་ཡང་ཆེས་ལྷག་པ་ཡིན་ཏེ། སེམས་ཀྱི་རང་བཞིན་ལ་དམིགས་པའི་སེམས་དེ་གོམས་པར་བྱེད་པ་ན་འཇུག་པའི་ཤེས་པ་དྲུག་གི་རང་བཞིན་འོད་གསལ་བ་ཉིད་ཡིན་པར་རྟོགས་པར་འགྱུར་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མེད་པ་ཡི་སྣང་བ་འབྱུང་། །སྐྱེ་མེད་འགག་པ་མེད་ཉིད་ལས། །ཆོས་ཀྱི་དབྱིངས་ནི་རབ་ཏུ་ཤེས། །སྒྲ་དང་རྣ་བ་ལ་བརྟེན་ནས། །རྣམ་པར་ཤེས་པ་གསུམ་གྱི་སེམས། །མཚན་ཉིད་མེད་པའི་ཆོས་ཀྱི་དབྱིངས། །ཤིན་དུ་མི་རྟོག་པས་ཐོབ་འགྱུར། །སྣ་དང་དྲི་ལ་བརྟེན་ནས་ནི། །སྣ་ཡི་རྣམ་ཤེས་དེ་བཞིན་ཉིད། །གཟུགས་མེད་བསྟན་དུ་མེད་པ་ཡི། །ཆོས་ཀྱི་དབྱིངས་ལ་རྟོག་པར་བྱེད། །ལྕེ་ཡི་རང་བཞིན་སྟོང་པ་ཉིད། །རོ་ཡི་ཁམས་ཀྱང་དབེན་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིས། །རྣམ་པར་ཤེས་པ་གནས་མེད་པ། །རྐྱེན་གྱི་མཚན་ཉིད་རེག་བྱ་དག །དག་པའི་ལུས་ཀྱི་ངོ་བོ་ཡིས། །རྐྱེན་དག་ལས་ནི་གྲོལ་གྱུར་བ། །ཆོས་ཀྱི་དབྱིངས་སུ་ང་སྨྲའོ། །ཡིད་གཙོར་གྱུར་བའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམ་སྤངས་ནས། །ཆོས་རྣམས་རང་བཞིན་མེད་

(༡༠༥)ཉིད་ལས། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་རྣམ་པར་ཤེས་པའི་ཚོགས་དྲུག་དང་། དེ་དག་གི་རྟེན་དབང་པོ་དྲུག་དང་། ཡུལ་དྲུག་སྟེ་ཁམས་བཅོ་བརྒྱད་པོ་ལ་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་འབྱུང་བ་ན་ཉེ་བར་རྒྱུ་བ་དེ་དག་འོད་གསལ་བར་སྒོམ་ཞིང་དེ་གོམས་པ་ལས་ཁམས་བཅོ་བརྒྱད་པོ་ཉིད་ཀྱང་འོད་གསལ་བར་འཆར་རོ། །དེ་ཤར་བ་ན་གྲུབ་པ་ཞེས་བྱའོ། །དེ་ལ་བརྟེན་ནས་དམ་པའི་ཆོས་པདྨ་དཀར་པོ་ལས་གསུངས་པའི་སྐྱེ་མཆེད་རྣམ་པར་དག་པའི་ཡོན་ཏན་ཐོབ་སྟེ། སྐྱེ་མཆེད་རེ་རེ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སམ་བརྒྱ་ཕྲག་བརྒྱད་འབྱུང་བར་གསུངས་ཏེ། དེ་ཡང་འདོད་པའི་གནས་རིགས་ཉི་ཤུ། གཟུགས་ཀྱི་གནས་རིགས་བཅུ་དྲུག །གཟུགས་མེད་པའི་གནས་བཞི་སྟེ་བཞི་བཅུ་པོ་དེ་དག་ཕྱོགས་བཅུའི་དབྱེ་བས་བཞི་བརྒྱར་འགྱུར་ཞིང་། དེ་དུས་གསུམ་གྱིས་ཕྱེ་བས་སྟོང་ཉི་བརྒྱར་འགྱུར་རོ། །དེ་ལ་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་བཞི་བརྒྱ་ན་གནས་པའི་གཟུགས་རྣམས་མཐོང་ཞིང་དེ་ཡང་མིག་གི་སྒོར་འདུས་པ་བཞིན་དུ་མཐོང་བར་འགྱུར་ལ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་གི་འདས་པ་དང་མ་འོངས་པའི་གཟུགས་ཀྱང་མཐོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ལ་དང་པོར་མངོན་པར་ཤེས་པ་མ་ཡིན་པའི་ཤའི་མིག་གིས་མཐོང་ངོ་། །ཞེས་མདོ་ཉིད་ལས་བཤད་ལ། དེས་དབང་པོ་གཞན་དག་ལ་ཡང་འགྲེ་ཞིང་། དེ་ལྟ་བུའི་ཡུལ་ཐ་དད་པ་མཐོང་བ་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཤིན་དུ་རླབས་ཆེ་བར་འགྱུར་ལ། ཤའི་སྤྱན་འགྲུབ་པའི་ཚུལ་འདིས་ན་མངོན་པར་ཤེས་པ་རྒྱ་ཆེན་པོ་ཡང་མྱུར་དུ་འགྲུབ་པས་བསོད་ནམས་རྒྱ་ཆེན་པོ་བསྐྱེད་པར་ནུས་ཏེ། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས། །མངོན་

(༡༠༦)ཤེས་ལྡན་པའི་ཉིན་མཚན་གྱི། །བསོད་ནམས་དག་ནི་གང་ཡིན་དེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །ལྟ་བས་ཀྱང་ཁྱད་པར་ཞུགས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་རང་གི་ངོ་བོ་ཉིད་མེད་པ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་གང་ཡིན་པ་དེ་འདིར་ཡང་ཁས་ལེན་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །རི་ལྟར་རི་བོང་མགོ་ཡི་རྭ། །བརྟགས་པ་ཉིད་དེ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །བརྟགས་པ་ཉིད་དེ་ཡོད་མ་ཡིན། །ཕྲ་རབ་རྡུལ་དུ་ཕྱེ་བ་ན། །གླང་གི་རྭ་ཡང་ཡོད་མ་ཡིན། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །དེ་ལ་ཅི་ཞིག་བརྟག་པར་བྱ། །བརྟེན་ནས་འབྱུང་བར་འགྱུར་བ་དང་། །བརྟེན་ནས་འགག་པར་འགྱུར་བ་ན། །གཅིག་པུ་འབྱུང་བ་ཡོད་མིན་ན། །བྱིས་པས་ཇི་ལྟར་རྟོག་པར་བྱེད། །སྐྱེ་བར་བརྟགས་པའི་མཚན་ཉིད་དག །རི་བོང་བ་ལང་རྭ་ཡི་དཔེས། །དབུ་མ་རུ་ནི་རྟོགས་བྱ་སྟེ། །བདེ་གཤེགས་ཆོས་ཉིད་ཇི་བཞིན་ཏེ། །ཞེས་གཅིག་དུ་བྲལ་དང་། རྟེན་འབྲེལ་དང་། མི་རྟག་པའི་རྟེན་འབྲེལ་གྱིས་ཆོས་རྣམས་གཅིག་པུའི་ངོ་བོ་ཉིད་མེད་པར་བསྟན་པ་ནི་རིགས་པའི་ཚོགས་ཇི་ལྟ་བ་བཞིན་འདིར་ཡང་ཡིན་ལ། འོན་ཀྱང་སྟོང་པ་ཉིད་དུ་ཇི་ལྟར་བརྟགས་ཀྱང་། དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་ཁུག་རྣ་དུ་བ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཇི་ལྟར་མེ་ཡིས་དག་པའི་

(༡༠༧)གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བའི་སེམས། །ཆགས་སྐྱེས་དྲི་མས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེགས། །འོད་གསལ་དེ་ནི་བསྲེགས་མ་ཡིན། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དག །དེ་དག་ཀུན་གྱིས་ཉོན་མོངས་ལྡོག ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་ཐོག་མ་མེད་པ་ནས་ཉོན་མོངས་དང་འགྲོགས་ཀྱང་ཆད་པ་མེད་པའི་འོད་གསལ་དེ་སྟོང་པ་ཉིད་དུ་སྟོན་པའི་མདོ་དང་རིགས་པ་དུ་མས་འགོག་པར་ཡང་མི་ནུས་སོ། །དེ་བས་ན་འདིར་ལྟ་བ་ནི་ཆོས་རྣམས་ཀྱི་ངང་ཚུལ་མ་བསམས་པར་སྣང་ཚུལ་ཉིད་ཚད་མར་བྱས་ན་འཁོར་བ་དང་མྱང་འདས་དང། བེམས་པོ་དང་རྣམ་པར་ཤེས་པ་དང་། སྣོད་དང་བཅུད་ལ་སོགས་པའི་ཚུལ་དུ་ཡོད་མོད་ཀྱི། ངང་ཚུལ་ཚད་མར་བྱས་ན་སེམས་ལས་གཞན་པ་ཅི་ཡང་མེད་ཅིང་། སེམས་ཉིད་ཀྱང་མཚན་མའི་ཆོས་གང་དུ་ཡང་མ་གྲུབ་པའི་ཐ་མལ་གྱི་ཤེས་པ་ཡིན་པར་ཤེས་པའི་ཤེས་རབ་བོ། །རིགས་པས་དཔྱད་པའི་སྟོང་པ་ཉིད་དང་འོད་གསལ་བར་གནས་ཤིང་། གང་གིས་ཀྱང་གཞིག་ཏུ་མེད་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའོ། །ངོ་བོ་ཉིད་ཅི་ཡང་མེད་པར་སྒྲུབ་པའི་རིགས་པ་དང་། སེམས་འོད་གསལ་བའི་ཚུལ་དུ་གནས་པ་ནི་གསུང་རབ་མང་པོ་ལས་འབྱུང་མོད་ཀྱི། ཁྱད་པར་དུ་རྒྱན་སྟུག་པོ་དང་ལང་ཀར་གཤེགས་པ་ལས་རྒྱ་ཆེར་བཤད་དོ། །དབུ་མའི་བསྟན་བཅོས་ལས་རང་བཞིན་གྱིས་སྟོང་པར་བསྟན་པ་བཞིན་དུ་འདིར་ཡང་དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་ཉོན་མོངས་པ་དང་རྣམ་པར་རྟོག་པས་བསྡུས་

(༡༠༨)པའི་སེམས་དང་སེམས་ལས་བྱུང་བ་རྣམས་རི་བོང་ལྟར་སྣང་བའི་སྤྲིན་ཡང་དེ་ཉིད་དུ་ཕྱིན་ན་དེ་ལྟར་མེད་པ་དང་། སྨིག་རྒྱུ་གཡོ་བ་ཡང་དེ་ཉིད་དུ་ཕྱིན་ན་མ་དམིགས་པ་དང་། མཐོ་ཡོར་ལ་ཉེ་བར་ཕྱིན་ན་སྐྱེས་བུ་མེད་པ་བཞིན་དུ་གཏན་ཚིགས་ལ་མི་ལྟོས་པར་མངོན་སུམ་ཉིད་ཀྱིས་བརྟན་པོར་བརྟགས་ན་ཅི་ཡང་ཡོད་པ་མ་ཡིན་པས་ཡང་དག་པ་དང་ལོག་པའི་ཀུན་རྫོབ་ཀྱི་ཁྱད་པར་ཡང་དབྱེ་བར་དཀའ་སྟེ། འཇིག་རྟེན་པ་ཉིད་ཚད་མར་བྱས་ན་ནི་དབྱེ་བར་ཡང་ནུས་སོ། །དོན་འདི་དག་ནི་བླ་མ་གོང་མ་དག་གིས་ཀྱང་གསུངས་ཏེ། ཞང་གིས། རྒྱལ་བ་སྲས་བཅས་མ་ལུས་བསྐྱེད་པའི་ཡུམ། །སྦྱངས་ཅན་སྐལ་ལྡན་རྣམས་ཀྱིས་རྟོགས་བྱ་བ། །རྗེ་བཙུན་བརྒྱུད་པ་རྣམས་ཀྱི་ཐུགས་ཀྱི་མཛོད། །ལུང་རིགས་མན་ངག་མ་ལུས་ཐེག་པའི་བཅུད། །ངེས་དོན་མཐར་ཐུག་སྙིང་པོ་ཆོས་ཀྱི་སྐུ། །ངོ་བོ་ཉིད་ཀྱིས་རྣམ་དག་འོད་གསལ་དབྱིངས། །དུས་གསུམ་རྒྱལ་བ་བྱོན་རུང་མ་བྱོན་རུང་། །འཕགས་པའི་ཚོགས་ཀྱིས་རྟོགས་རུང་མ་རྟོགས་རུང་། །ཐུབ་པ་རྣམས་ཀྱིས་གསུངས་རུང་མ་གསུངས་རུང་། །དགོངས་འགྲེལ་མཁན་པོས་བཀྲོལ་རུང་མ་བཀྲོལ་རུང་། །ཆོས་ཉིད་འོད་གསལ་སྤྲོས་བྲལ་རྣམ་དག་འདི། །ཡེ་ནས་ལྷུན་གྲུབ་འཕེལ་འགྲིབ་མེད་པར་གནས། །ནམ་མཁའ་དག་ལ་འཇིག་རྟེན་ཆགས་འཇིག་གིས། །མེ་ཡིས་བསྲེགས་དང་རླུང་གིས་གཏོར་ལ་སོགས། །བསྐལ་པ་དཔག་མེད་མང་པོར་གནོད་བསྐྱལ་ཡང་། །མཁའ་ལ་མ་གནོད་འགྱུར་མེད་འཕེལ་འགྲིབ་མེད། །ཉི་འོད་ཡེ་གསལ་སྤྲིན་གྱིས་རབ་བསྒྲིབས་པས། །མུན་པར་འཐིབས་དང་སྤྲིན་ཚོགས་སངས་པའི་ཚེ། །གསལ་བར་གྱུར་བའི་འཕེལ་འགྲིབ་

(༡༠༩)ལྟར་སྣང་གི། །ཉི་མའི་སྙིང་པོ་འཕེལ་དང་འགྲིབ་མི་སྲིད། །དེ་ལྟར་གནས་པའི་ཆོས་སྐུ་འགྱུར་མེད་འདི། །རང་གི་སེམས་ལས་མ་གཏོགས་གཞན་ན་མེད། །སྣ་ཚོགས་འཁོར་འདས་མ་ལུས་སེམས་ལ་ཤར། །རང་སེམས་མ་རྟོགས་ཕྱིན་ལོག་འཁྲུལ་དབང་གིས། །དཀྲུགས་པས་འཁོར་བའི་སྣོད་བཅུད་དུ་ཁ་ཤར། །རང་སེམས་ངེས་རྟོགས་མྱ་ངན་འདས་པ་ཡི། །ཡེ་ཤེས་མཐའ་ཡས་བདེ་བ་ཆེན་པོར་ཤར། །དེ་ཕྱིར་མ་ལུས་རང་གི་སེམས་ཉིད་ལས། །འཕྲོས་ཕྱིར་རང་སེམས་ཆོས་ཉིད་ངོ་ཤེས་ནས། །སེམས་ཅན་ཀུན་གྱི་ཆོས་ཉིད་ཤེས་པར་འགྱུར། །དེ་ཤེས་མྱ་ངན་འདས་སོགས་ཆོས་ཉིད་ཤེས། །ཆོས་ཀུན་ཡོངས་ཤེས་ཁམས་གསུམ་ཀུན་ལས་འདས། །གཅིག་ཤེས་པས་ནི་ཀུན་ལ་མཁས་པར་འགྱུར། །རྩ་བ་འགྱེལ་བའི་ལོ་འདབ་ངང་གིས་འགྱེལ། །དེ་ཕྱིར་རང་སེམས་གཅིག་དུ་གཏན་ལ་དབབ། །ཀུན་གྱི་ས་བོན་རང་སེམས་གནས་ལུགས་ནི། །རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་དང་ནི། །ཡེ་ནས་ཁྱད་མེད་སྐྱེ་མེད་ཆོས་སྐུར་སྣང་། །བེམས་པོ་མ་ཡིན་རང་རིག་ངང་གིས་གསལ། །དངོས་པོར་མ་གྲུབ་མདོག་དབྱིབས་ཚད་ཀྱིས་སྟོང་། །དངོས་མེད་མ་ཡིན་རྐྱེན་གྱིས་ཅིར་ཡང་ཤར། །རྟག་པར་མི་འགྱུར་ངོ་བོ་ཉིད་ཀྱིས་སྟོང་། །ཆད་པར་མི་འགྱུར་རང་གསལ་ངོ་བོས་སྟོང་། །བདག་ཏུ་མ་གྲུབ་བརྟགས་ན་སྙིང་པོ་མེད། །བདག་མེད་མ་ཡིན་སྤྲོས་བྲལ་བདག་ཉིད་ཆེ། །མཐའ་རྣམས་མ་གྲུབ་འཛིན་པ་གང་ཡང་མེད། །དབུ་མར་མ་གྲུབ་ལྟོས་པ་ཀུན་ལས་འདས། །དཔེ་ཡིས་མི་མཚོན་ཆ་ཡི་མིང་ཡང་མེད། །དཔེ་མེད་མ་ཡིན་ནམ་མཁའ་ལྟ་བུའོ། །ཚིག་ཏུ་མ་གྲུབ་བརྗོད་པས་

(༡༡༠)བསྙད་དུ་མེད། །ཚིག་བྲལ་མ་ཡིན་བརྗོད་པ་ཀུན་གྱི་རྒྱུ། །ཡོད་དང་མེད་དང་བདེན་དང་བརྫུན་པ་དང་། །སྟོང་དང་མི་སྟོང་ཞི་དང་མ་ཞི་དང་། །སྤྲོས་པ་ཡོད་དང་སྤྲོས་པ་མེད་པ་དང་། །བསམ་དུ་ཡོད་དང་བསམ་གྱིས་མི་ཁྱབ་དང་། །དབེན་དང་དུ་ཁ་དམིགས་སུ་ཡོད་མེད་དང་། །གཉིས་དང་གཉིས་མེད་བློ་ལས་འདས་མ་འདས། །དབེན་དང་མི་དབེན་གྲུབ་དང་མ་གྲུབ་དང་། །དག་དང་མ་དག་ལྷུན་གྱིས་གྲུབ་མ་གྲུབ། །དེ་འདྲའི་ཚིག་ཚོགས་བརྗོད་པས་ཐུག་པ་མེད། །ཇི་ཙམ་ཟབ་ཅིང་རྣོ་བའི་ཚིག་ཚོགས་ཀྱིས། །རྣམ་གྲངས་དུ་མར་བརྗོད་པར་བྱས་གྱུར་ཀྱང་། །སེམས་ཀྱི་གནས་ལུགས་ཐོག་ཏུ་ཕེབས་མི་སྲིད། །ཇི་ཙམ་མཁས་ཤིང་ཟབ་པའི་བརྟགས་དཔྱད་ཀྱིས། །བསྐལ་པ་མང་པོར་བརྟགས་ཤིང་དཔྱད་བྱས་ཀྱང་། །རང་བཞིན་གཉུག་མ་བརྟགས་པའི་ཡུལ་མིན་ཕྱིར། །སེམས་ཀྱི་གནས་ལུགས་རྟོགས་པ་མི་སྲིད་དེ། དཔེར་ན་རྒྱ་མཚོར་ཤར་བའི་གཟའ་སྐར་དེ། །དར་ཚགས་ཇི་ཙམ་ཞིབ་པས་བཙགས་བྱས་ཀྱང་། །གཟའ་སྐར་དངོས་པོ་དམིགས་སུ་མེད་པའི་ཕྱིར། །མཐའ་སྐར་གཅིག་ཀྱང་ཟིན་པ་མི་སྲིད་དོ། །ཇི་སྲིད་ཚིག་ཏུ་བརྗོད་ནུས་དེ་སྲིད་དུ། །མིང་འདོགས་ཇི་ཙམ་ལེགས་ཀྱང་གནས་ལུགས་མིན། །བལྟ་བྱ་ལྟ་བྱེད་གཉིས་འཛིན་དེ་སྲིད་དུ། །གཉིས་སུ་མེད་པའི་གནས་ལུགས་རྟོགས་མི་སྲིད། །ཅེས་གསུངས་ལ། ལྕེ་སྒོམ་གྱིས་ཀྱང་། ཆོས་རྣམས་ཀུན་གྱི་རྩ་བ་བྱང་ཆུབ་སེམས། །སེམས་ཀྱི་རང་བཞིན་གསལ་ལ་མ་འགགས་པས། །སེམས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་ཀྱང་། །སེམས་ཀྱི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡེ་ནས་སྟོང་པ་བདག་མེད་སྤྲོས་དང་བྲལ། །སྤྲོས་བྲལ་ལྷན་སྐྱེས་བདེ་བ་ཆེན་པོ་སྟེ། །མཚན་མའི་ཟུག་རྔུ་རྡུལ་བྲལ་དྲི་མ་མེད་

(༡༡༡)གདོད་ནས་མ་སྐྱེས་རང་བཞིན་རྣམ་པར་དག །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །རྣམ་ཤེས་སེམས་ཡིད་བློ་ཡི་དྲན་ཡུལ་མིན། །ཆོས་ཉིད་ཇི་བཞིན་མཚོན་པའི་དཔེ་མེད་དེ། །རེ་ཤིག་ཕྱོགས་མཐུན་དཔེ་ནི་ནམ་མཁའ་འདྲ། །དངོས་པོ་མཚན་མའི་དབྱིབས་དང་ཁ་དོག་མེད། །མཐའ་དབུས་མེད་ཅིང་ཕྱོགས་ཆ་ཀུན་ལས་འདས། །ཐོག་མ་ཐ་མ་མེད་ཅིང་ཟད་འཕེལ་མེད། །འགྲོ་འོང་མེད་ཅིང་ཀུན་ཁྱབ་གདལ་བའི་ངང་། །དུས་གསུམ་འཕོ་འགྱུར་གང་སྟོང་འཕེལ་འགྲིབ་མེད། །འདས་དང་མ་འོངས་ད་ལྟར་དུས་གསུམ་མེད། །ཡོད་མེད་རྟག་ཆད་བདེན་བརྫུན་མཐའ་ལས་འདས། །བཟང་ངན་ཡིན་མིན་སྒྲོ་སྐུར་ཡེ་ནས་བྲལ། །སྐྱེ་འཇིག་འཕོ་འགྱུར་རྒྱུ་དང་རྐྱེན་ལས་འདས། །རྐྱེན་གྱིས་རབ་ཏུ་དཀྲུགས་ཤིང་བསླད་གྱུར་ཀྱང་། །སྟོང་པའི་ངོ་བོ་ཉིད་ལས་གཡོས་པ་མེད། །ཇི་སྙེད་སྣ་ཚོགས་སྟོང་པའི་ངང་དུ་གཅིག །བདག་སྟོང་གཞན་སྟོང་སྟོང་པ་མཉམ་པའི་ངང་། ཁ་སྟོང་གཏིང་སྟོང་སྟོང་པ་ཟབ་པའི་དབྱིངས། །ཕྱི་སྟོང་ནང་སྟོང་སྟོང་པ་རྒྱ་བོ་ཆེ། །དེ་ཕྱིར་སེམས་ཀྱི་ཆོས་ཉིད་མཁའ་འདྲ་སྟེ། །ཀུན་ལ་ཁྱབ་ལ་འདི་ཞེས་མཚོན་དུ་མེད། །སེམས་ནི་དུས་གསུམ་སངས་རྒྱས་ཀུན་གྱིས་ཀྱང་། །མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་ན། །བྱང་སེམས་རང་རྒྱལ་ཉན་ཐོས་སྨོས་ཅི་དགོས། །དེ་བས་སོ་སོ་སྐྱེ་བོས་ལྟ་ཅི་སྨོས། །སེམས་ལ་གཉིས་མེད་གཅིག་ཀྱང་མ་གྲུབ་པས། །སྟོང་པས་སྟོང་པ་མཐོང་བ་ག་ལ་སྲིད། །གལ་ཏེ་སེམས་ལ་མཐོང་རྟོགས་བྱུང་གྱུར་ན། །རྣམ་རྟོག་ཡིན་ཕྱིར་སེམས་ཀྱི་དོན་མ་ཡིན། །ཇི་ཙམ་བརྟགས་ཀྱང་སེམས་ཀྱི་དོན་མི་རིག །རིག་རྒྱུ་བྱུང་ན་

(༡༡༢)དེ་ཉིད་མ་རིག་ཡིན། །དེ་བས་སེམས་ཉིད་ཡེ་ནས་སྟོང་པས་ན། །སེམས་ལས་བྱུང་བའང་ཡེ་ནས་སྟོང་ངེས་པས། །དངོས་པོར་འཛིན་དང་སྒྱུ་མར་ཞེན་པའི་བློ། །ཡེ་ནས་སྟོང་པ་ཉིད་དུ་ཤེས་པར་བྱ། །སྟོང་པ་ཉིད་ལ་གཉིས་སུ་མ་མཆིས་ཤིང་། །སྟོང་པ་ཉིད་ཀྱང་ཡེ་ནས་སྟོང་པ་ལ། །སྟོང་དང་མི་སྟོང་ཤེས་པ་རྣམ་རྟོག་ཡིན། །རྣམ་རྟོག་དེ་ཀའི་རང་བཞིན་ཡེ་སྟོང་ལ། །ཡེ་སྟོང་ངོ་བོ་བློ་འདས་བསམ་བརྗོད་བྲལ། །ཤེས་པའི་ཕུགས་སྟོང་ཡིད་ཀྱི་མཐའ་ཟད་པའི། །དོན་དེ་ཚིག་ཙམ་མ་ཡིན་གཏིང་རྟོགས་ན། །སེམས་ཀྱི་ཆོས་ཉིད་དོན་དམ་བདེན་པ་མཐོང་། །བཀའ་ལུང་མན་ངག་ཀུན་གྱི་སྙིང་པོ་རྟོགས། །དུས་གསུམ་རྒྱལ་བ་རྣམས་ཀྱི་དགོངས་པ་ལོན། །ཆོས་ཀྱི་སྐུ་དང་ངོ་སྤྲོད་དེ་ལ་བྱ། །སེམས་ཀྱི་ངོ་བོ་མཐོང་བའི་ཉམས་རྟོགས་དེ། །ལུང་ཆོས་ཚིག་ལ་མཁས་པའི་སྤྱོད་ཡུལ་མིན། །རྟོག་གེ་རིག་པས་རྣོ་བས་གོ་བ་མིན། །ཞི་གནས་ཏིང་འཛིན་བཟང་བས་རྟོགས་པ་མིན། །ལུས་ངག་རྩབ་རྩུབ་མང་བས་འཆར་བ་མིན། །རང་གི་སྔོན་སྦྱངས་སྟོབས་ཀྱི་ལས་འཕྲོ་དང་། །བློ་ལྡན་བླ་མ་དམ་པའི་བྱིན་རླབས་དང་། །དད་མོས་གུས་པ་ཆེན་པོའི་རྟེན་འབྲེལ་གསུམ། །དུས་གཅིག་འཛོམ་པ་ཅིག་གི་སྤྱོད་ཡུལ་ཡིན། །ཞེས་གསུངས་སོ། །དཔལ་ཕག་མོ་གྲུ་པས་ནི་རིན་ཆེན་རྒྱན་འདྲ་ཞེས་བྱ་བའི་བསྟན་བཅོས་ལས། སེམས་ལ་མ་གྲུབ་མ་འགགས་གཉིས། །མ་གྲུབ་རྣམ་དག་འོད་གསལ་ལ། །མ་འགགས་ལྷུན་གྲུབ་ཟུང་འཇུག་གོ །གང་ཟག་བདག་ཏུ་འཛིན་པ་ཡི། །གཉེན་པོར་ལྟ་བ་ཟུང་འཇུག་བསྟན། །ཆོས་ཀྱི་བདག་ཏུ་འཛིན་པ་ཡི། །རྣ་དག་འོད་གསལ་འཇུག་

(༡༡༣)ལུགས་ནི། །འཁོར་འདས་གཉིས་ཀྱི་རྩ་བ་སེམས། །སེམས་གདོད་ནས་དག་པ་དེ་བཞིན་ཉིད། །གདོད་ནས་ཞི་ཞིང་མ་སྐྱེས་པས། །སེམས་ཡེ་ནས་སྤྲོས་པའི་མཐའ་དང་བྲལ། །གདོད་ནས་དག་དང་ངོ་བོ་དག །རིམ་གྱིས་དག་ཅིང་ལྷུན་གྱིས་གྲུབ། །བསམ་བརྗོད་ཐ་དད་མཐའ་དང་བྲལ། །རྒྱུན་ཆད་མེད་ཅིང་འདུས་མ་བྱས། །སྐྱེ་འགག་གནས་པ་གསུམ་དང་བྲལ། །ཀུན་ལ་ཁྱབ་ཅིང་དངོས་མ་གྲུབ། །འགྲོ་འོང་མེད་ཅིང་རྒྱུན་མི་འཆད། །རང་བྱུང་བདེ་ཆེན་ཟག་པ་མེད། །དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན། །ཞེས་གསུངས་པ་ལ། སེམས་ལ་མ་གྲུབ་མ་འགགས་གཉིས། །ཀྱི་མ་གྲུབ་པ་ནི་མེད་པར་དགག་པ་མ་ཡིན་གྱི། མཚན་མ་ཅིར་ཡང་མ་གྲུབ་པའི་སེམས་ཉིད་དོ། །མ་འགགས་པ་ནི་དེ་ཉིད་དབང་པོའི་ཡུལ་ཚུན་ཆོད་དུ་ཤར་བའི་རྣམ་པ་རྣམས་སོ། །གང་ཟག་གི་བདག་ཏུ་འཛིན་པ་ནི་སེམས་ལ་བདག་ཏུ་འཛིན་པར་བསྟན་བཅོས་ཆེན་པོ་རྣམས་ལས་བཤད་ལ། དེ་ཡང་སེམས་སྣ་ཚོགས་སུ་འཆར་བ་དེ་ཉིད་ལ་བདག་ཏུ་འཛིན་པ་ཡིན་ཞིང་། སྣ་ཚོགས་དེ་མཚན་མེད་དེ་ཉིད་ལས་གཞན་མ་ཡིན་པས་ན་བདག་གི་གཞི་རྩ་འཆད་པའོ། །ཆོས་ཀྱི་བདག་ཏུ་འཛིན་པ་ནི་སེམས་ཉིད་ཀྱི་ངོ་བོ་ཡོད་པར་འཛིན་པ་ཡིན་ན། སེམས་འོད་གསལ་བ་ལ་གཞི་རྩ་མེད་ཅེས་པའོ། །རྒྱུན་ཆད་མེད་ཅིང་ཞེས་པ་ནི་ཐོག་མ་མེད་པ་ནས་སངས་རྒྱས་པའི་བར་དུ་རྒྱུན་མ་ཆད་ཅིང་རྒྱུན་གྱིས་འཇུག་པའོ། །རྒྱུན་གྱིས་འཇུག་ཀྱང་མཚན་མའི་རྣམ་པར་སྐྱེ་བ་ཡང་མ་ཡིན་ལ། མཚན་མ་ནུབ་སྟེ་འགྲོ་བའི་འགག་པ་ཡང་མ་ཡིན་ཞིང་། མཚན་མའི་ཆོས་སུ་གནས་པ་ཡང་མ་ཡིན་པའོ། །རང་བྱུང་ནི་རྐྱེན་སྣ་ཚོགས་མི་དགོས་པར་ཁོ་

(༡༡༤)རང་རང་གི་ངང་གིས་འབྱུང་བའོ། །ཡིད་ལུས་ཀྱང་མ་ཡིན་པས་བདེ་བའོ། །སེམས་མཚན་མེད་དང་སྣང་བ་འགག་མེད་ལྷན་ཅིག་ཏུ་སྐྱེས་པས་ལྷན་ཅིག་སྐྱེས་པ་ཞེས་ཀྱང་བྱའོ། །ཡང་། སེམས་གཉུག་མ་རང་བྱུང་ཡེ་ཤེས་ལས། །རྒྱུ་མ་རིག་རྣམ་གཉིས་བྱུང་ཚུལ་ནི། །སེམས་ཉིད་ཆོས་ཉིད་འདྲེས་པ་དེ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན། །དེ་ཉིད་སྣང་ལ་མ་ངེས་པ། །རང་ངོ་རང་གིས་མ་ཤེས་པ། །ལྷན་ཅིག་སྐྱེས་པའི་མ་རིག་པའོ། །གསལ་བ་རང་འཛིན་ཤེས་པ་ཡིས། །ཤེས་པ་རང་རིག་ང་རུ་གཟུང་། །ཡུལ་རང་སྣང་དག་པ་གཞན་དུ་གཟུང་། །རྟོགས་བྱེད་ཤེས་རབ་དང་བྲལ་བས། །ཆོས་ཉིད་དོན་དེ་མ་རྟོགས་པས། །ཀུན་དུ་བརྟགས་པའི་མ་རིག་པའོ། །རྐྱེན་གང་གིས་བྱས་ན་གཉུག་མའི་ཡིད། ཁ་ཕྱིར་བལྟས་ཡིད་ཀྱི་རྣམ་ཤེས་ཏེ། ཁ་ནང་ལྟས་ཉོན་མོངས་ཅན་ཡིད་ཀྱིས། །previous hit ཀུནགཞི་གཉུག་མའི་ཡེ་ཤེས་དང་། །སྒོ་ལྔའི་རྣམཤེས next hit་ཡེ་ཤེས་གཉིས། །ཡིད་གཉིས་ཀྱིས་ནི་དབྱེན་བཅུགས་ནས། །ཕྲད་ཅིང་ཉེ་རུ་མ་བཅུག་གོ །ཉོན་མོངས་ཡིད་ཀྱིས་ཁ་ནང་ལྟས། །གཉུག་མ་ང་མེད་ང་རུ་གཟུང་། །སྒོ་ལྔ་རྟོག་མེད་ཡིན་པ་ལ། །ཡིད་ཀྱིས་རྣམ་ཤེས་མཚན་མར་གཟུང་། །ཡུལ་ཤེས་གཉིས་སུ་གཟུང་བ་ཡིས། །ཆགས་སྡང་ལས་དང་ཉོན་མོངས་བསགས། །དེ་ནི་སྲིན་གྱི་ཁ་ཆུའམ། །རྨི་ལམ་དག་གི་ཡུལ་བཞིན་དུ། །རང་གིས་རང་ཉིད་འཆིང་བར་འགྱུར། །ཞེས་གསུངས་པ་ལ། སེམས་གཉུག་མ་རང་བྱུང་གི་ཡེ་ཤེས་ནི་སེམས་རང་གི་ངོ་བོའི་ཚུལ་ཙམ་ཡིན་གྱི། དང་པོར་མ་རིག་པ་དང་བྲལ་བའི་ཡེ་ཤེས་སྐྱེས་ནས་དེ་ལས་ཕྱིས་མ་རིག་པ་བྱུང་བ་ལྟ་བུ་ནི་མ་ཡིན་ཏེ། སེམས་དྲི་མེད་ལས་སླར་ཡང་

(༡༡༥)དྲི་བཅས་སུ་འགྱུར་ན་སངས་རྒྱས་ཀྱང་འཁོར་བར་ཐལ་བའི་ཕྱིར་ཏེ། །སེམས་སྔ་མ་ཡང་མ་རིག་པ་དང་བཅས་ཀྱང་ངོ་བོ་མ་རིག་པས་མ་གོས་པ་དེ་ལས་མ་རིག་པ་རྣམ་པ་གཉིས་འབྱུང་སྟེ། མ་རིག་པ་དང་པོ་དེ་ནི་ཀུན་གཞིས་རང་ངོ་མ་ཤེས་པ་ཙམ་ཡིན་ལ། དེ་ནི་དཔལ་ཕྲེང་གི་མདོ་ལས་མ་རིག་བག་ཆགས་ཀྱི་ས་ཞེས་བཤད་པ་དེའོ། །སྣང་ལ་མ་ངེས་པ་ནི་རང་བཞིན་ཅིར་ཡང་མ་གྲུབ་པར་སྣང་ཡང་ངེས་མ་ནུས་པའོ། །ཀུན་བརྟགས་ནི་ཡིད་ཀྱི་རྟོག་པ་སྟེ། །གཟུང་འཛིན་སོགས་སུ་ཞེན་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཀུན་གཞི་བདག་ལྟ་བུར་སྣང་བ་ཙམ་གྱི་ཤེས་པ་ཤིན་དུ་ཕྲ་བས་འཇིག་རྟེན་པའི་མཁས་ཀྱང་མི་རིག་པའོ། །ཡིད་ཀྱི་previous hit རྣམཤེས་དང་སྒོ་ལྔའི་ཤེས་པ་ཐམས་ཅད་ཀྱི་དངོས་ཀྱི་ཉེ་བར་ལེན་པ་ནི་ཀུནགཞི next hit་ཉིད་ཡིད་དུ་གྱུར་བ་ཡིན་ལ། ཉོན་མོངས་པ་ཅན་གྱི་ཡིད་དེས་ཚོགས་དྲུག་ལ་གཉིས་སུ་སྣང་བའི་རྐྱེན་བྱེད་པའོ། །དོན་བསྡུ་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱི་གནས་ལུགས་མཚན་མ་མེད་པའི་སེམས་ཉིད་ཡིན་ལ། སངས་རྒྱས་པ་ན་ཡང་ངོ་བོ་མཚན་མ་མེད་པའི་སེམས་གཅིག་པུ་དེ་ཉིད་ཡིན་པས་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། །དེ་ཉིད་སྟོབས་ལ་སོྭ་བའི་བདག་ཉིད་ཡིན་པས་ཆོས་ཀྱི་སྐུ་ཞེས་ཀྱང་བྱ་ལ། གཟུགས་ཀྱི་སྐུ་གཉིས་པོ་ནི་གདུལ་བྱ་ལ་ངོ་བོ་ཉིད་ཀྱི་སྐུའི་གཟུགས་བརྙན་ཤར་བའོ། །དོན་དེ་ཉིད་ནི། ས་ར་ཧས། ས་བོན་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །དེ་ཡང་དབྱེར་མེད་གང་སེམ་པ། །འཁོར་དང་མྱ་ངན་འདས་རྣམ་གྲོལ། །ཞེས་དང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་

(༡༡༦)འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སྒོམ་པ་ཡང་རྩ་བ་དང་ཡན་ལག་གཉིས་ལས། རྩ་བ་ཡང་རྣམ་པ་གཉིས་ཏེ། བླ་མ་སྒོམ་པ་དང་སེམས་སྒོམ་པའོ། །བླ་མ་སྒོམ་པ་ནི་དམ་པར་སངས་རྒྱས་དང་། རྗེ་སྒམ་པོ་བའི་ལུགས་ལས་གཙོ་བོར་འབྱུང་ལ། གཞན་མེད་པ་ནི་མ་ཡིན་ཏེ། ལམ་འབྲས་བུ་དང་བཅས་པའི་གདམས་པ་ལས་གཏུམ་མོ་ལ་སོྭ་བའི་རྣལ་འབྱོར་རྒྱས་པ་རྣམས་ཐ་མ་དང་། དམ་ཚིག་དང་སྡོམ་པ་རྣམས་འབྲིང་དང་། ལམ་ཟབ་པ་ནི་བླ་མ་ཞེས་བཤད་པ་ལ་སོྭ་བའོ། །སྤྱིར་སྐྱེས་བུ་དམ་པ་ལ་བརྟེན་པ་ལམ་གྱི་རྩ་བར་ནི་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་འབྱུང་ལ། ཐེག་པ་ཆེན་པོ་ལས་ནི་ལྷག་པར་འབྱུང་ངོ་། །འོན་ཀྱང་བླ་མ་གུས་པས་བསྟེན་པ་ཙམ་མ་ཡིན་པར་བླ་མ་སྒོམ་པ་ཉིད་ལམ་གྱི་ངོ་ཏིར་མཛད་པ་ནི་བརྗོད་པའི་ལུགས་གཉིས་པོ་དེ་ཤས་ཆེ་བར་སྣང་ངོ་། །དེ་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་དག་ལས་དགེ་བའི་རྩ་བ་བསྐྱེད་པ་སྦྱིན་པ་ལས་བྱུང་བ་དང་། མཆོད་པ་ལས་བྱུང་བ་དང་། དེ་དག་གི་ཐད་ནས་བསླབ་པ་གཟུང་བ་ལས་བྱུང་བ་རྣམས་སྔ་དྲོ་གཅིག་གིས་ཟིལ་གྱིས་གནོན་ཏེ། དེ་ལྟར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །ཞེས་གསུངས་པ་ལ་བླ་མའི་ཡོན་ཏན་གྱི་ངོས་ནས་དེ་བཞིན་གཤེགས་པ་ལས་ཆེས་ལྷག་པ་མེད་ཀྱང་། གྲངས་ལས་ཀྱང་བྱེ་

(༡༡༧)བ་ཁྲག་ཁྲིག་འབུམ་ཕྲག་དཔག་མེད་དང་། དེ་དག་ལ་ཡོ་བྱད་ཀྱིས་མཆོད་པ་དང་། བསླབ་པ་གཟུང་བ་ལས་བྱུང་བའི་དགེ་བའི་རྩ་བ་དག་བླ་མས་ཡོངས་སུ་གཟུང་བའི་སྔ་དྲོ་གཅིག་གིས་གནོན་ཏོ་ཞེས་བྱ་བ་འདི་ནི་བླ་མ་སྒོམ་པ་ཉིད་ལམ་དུ་བྱས་པ་ལས་ཡིན་པར་གསལ་ལོ། །དེ་ཡང་འཇིག་རྟེན་མགོན་པོའི་ཙིནྙ་མ་ཎི་ལས། སྤྱིར་དཔལ་ལྡན་ཕག་མོ་གྲུ་པ་ཡིས། །མདོ་རྒྱུད་རྣམས་ཀྱི་རྗེས་འབྲངས་ནས། །ཉམས་སུ་བཞེས་པའི་གདམ་ངག་ནི། །རྣལ་འབྱོར་དབང་ཕྱུག་བིར་ཁ་པ། །འགྲོ་བའི་མགོན་པོ་ཀླུ་སྒྲུབ་དང་། །དཔལ་ལྡན་ཏིལླི་ནཱ་རོ་དང་། །གྲུབ་ཐོབ་བརྒྱུད་པ་གོང་མ་རྣམས། །ལམ་ཟབ་བླ་མའི་མོས་གུས་ཀྱིས། །ཚེ་འདིར་མཆོག་གི་དངོས་གྲུབ་དང་། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་ཡང་། །ཐེག་པ་ཆེན་པོའི་གསང་སྔགས་སུ། །རྡོ་རྗེ་འཆང་གིས་གསུངས་པ་དང་། །དུས་གསུམ་སངས་རྒྱས་ཀུན་ལ་ཡང་། །དཀའ་བ་དྲག་པོ་སྤྱོད་དུས་སུ། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་བཞིན་བཀང་ནས། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་དག་པ་ཡི། །འོད་གསལ་བ་ལ་དམིགས་པར་བྱ། །འོད་གསལ་བ་ལ་དམིགས་བྱས་ན། །རང་དགའི་གཟུགས་སུ་སྟོན་བྱེད་ཅེས། །བྱང་ཆུབ་ཐོབ་པའི་ཆོས་བསྟན་པས། །བྱང་ཆུབ་མཆོག་གི་ཤིང་དྲུང་དུ། །བདུད་རྣམས་བཏུལ་ནས་རྫོགས་སངས་རྒྱས། །བླ་མ་རིན་ཆེན་ཞལ་སྔ་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །རིགས་ཀྱི་བདག་པོས་སྤྱི་བོར་བརྒྱན། །རང་སེམས་སངས་རྒྱས་སུ་སྟོན་པའི། །བླ་མ་དམ་པ་བཀུར་བ་ཡིན། །

(༡༡༨)ཡང་དང་ཡང་དུ་བཀའ་སྩལ་གསུང་། །འཁོར་འདས་གཉིས་ཀྱི་ཡོན་ཏན་རྣམས། །འདི་ལས་འདི་འབྱུང་དཔག་མེད་རྣམས། །ཐམས་ཅད་བླ་མ་མ་གཏོགས་པ། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །ས་དང་ལམ་དང་སངས་རྒྱས་རྣམས། །གཞན་ནས་རྙེད་པ་མི་སྲིད་ཅིང་། །ཕན་དང་བདེ་བའི་སྲོག་གཅིག་པོ། །བླ་མ་དམ་པར་ངེས་པས་ན། །རྩ་ལྟུང་དང་པོས་མ་ཕོག་པར། །རིན་ཆེན་དབང་གི་རྒྱལ་པོ་ལྟར། །སྤྱི་བོའི་གཙུག་ཏུ་བཀུར་བྱས་ཏེ། །བྱང་ཆུབ་སེམས་ཀྱིས་མཆོད་བྱས་ན། །འདོད་པའི་དོན་ཀུན་གསོལ་བ་གདབ། །སྙིང་གི་དབུས་སུ་བཞུགས་ནས་ཀྱང་། །འཁོར་འདས་གཉིས་ཀྱི་མདུན་གྲོས་དྲི། །ལོངས་སྤྱོད་འཁོར་ལོ་ཉམས་དགའ་བར། །མི་འཇིགས་སེང་གེའི་ཁྲི་སྟེངས་སུ། །པདྨ་རཱ་ག་ཉི་ཟླ་ལ། །སྐྱོབ་མཛད་བླ་མ་རིན་པོ་ཆེ། །མགོན་པོ་ཚེ་དཔག་མེད་པ་དེ། །མཉམ་གཞག་ཆེན་པོའི་ཚུལ་དུ་བཞུགས། །ཨ་ང་ཡི་རྣ་བར་ཆོས་རྣམས་གསུངས། །རང་ཡང་མཉན་ཅིང་གཞན་རྣམས་ཀྱང་། །ཟབ་མོའི་ཆོས་ཀྱིས་ཚིམ་པར་བྱ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་དང་། །རིན་ཆེན་ཡེ་ཤེས་འཁོར་ལོ་དང་། །དཔལ་ལྡན་ནག་པོ་སྤྱོད་པ་ལྟར། །ཉི་ཤུ་རྩ་བཞིའི་གནས་རྣམས་ཀྱང་། །བླ་མ་དམ་པས་སྟོན་པར་བྱེད། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །རྒྱལ་བའི་གསུང་རབ་ཐམས་ཅད་ཀུན། །ཆོས་རྗེ་མགོན་པོས་སྟོན་པར་མཛད། །ཅེས་གསུངས་ལ། ཞང་གིས་ཀྱང་། ནང་ནས་ཤར་བའི་གཉིས་མེད་དེ། །བླ་མའི་བྱིན་རླབས་འབའ་ཞིག་ཡིན། །དད་ལྡན་བླ་མ་ལ་གུས་དེའི། །ནང་ནས་རྟོགས་པའི་ཡེ་ཤེས་སྐྱེ། །བརྟག་དཔྱད་

(༡༡༩)མཁན་ལ་ཅི་ཆ་ཡོད། །ཅེས་བྱ་བ་ལ་སོྭ་བ་མང་དུ་གསུངས་སོ། །ཡང་གྲུབ་པའི་དབང་ཕྱུག་ཆེན་པོ་དམ་པ་སངས་རྒྱས་ཀྱི་ཞལ་སྔ་ནས། ངོ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡིན་པ་མིང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། སྔགས་དང་ཤིན་དུ་རྗེས་སུ་མཐུན་པ། སྡུག་བསྔལ་ཞི་བར་བྱེད་པ་ཞེས་བྱ་བའི་གདམས་པ། བོད་ཀྱི་ཡུལ་འདིར་སྐལ་བ་དང་ལྡན་པ་དུ་མ་ལ་གསུངས་ཏེ། ཕལ་པོ་ཆེ་ལས་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་སྐབས་སུ་དང་པོར་ཐོས་པ་ལ་སྦྱོར་ཞིང་། དེ་ནས་དབེན་པར་གནས་པ་དང་། དེ་ནས་དགེ་བའི་བཤེས་གཉེན་དུ་འགྱུར་བར་བཤད་པའི་རིམ་པ་ཇི་ལྟ་བ་བཞིན་དུ། ཐོས་པ་བྱེད་པ་ཉན་ཐོས་ཀྱི་དུས། སྒྲུབ་པ་བྱེད་པ་རང་རྒྱལ་གྱི་དུས། གཞན་དོན་བྱེད་པ་བྱང་ཆུབ་སེམས་དཔའི་དུས་ཏེ་རིམ་པ་གསུམ་དུ་བཤད་ནས་རིམ་པ་དང་པོ་བླ་མ་ལས་གདམས་པ་ཉན་ཞིང་། བླ་མ་སྒོམ་ཞིང་དེའི་སྔགས་ཀྱང་བཟླས་པ་བླ་མའི་སྒྲུབ་པ་བྱེད་པ་ལ་བློ་སྦྱོང་ཞེས་བྱ་བར་མིང་བཏགས་སོ། །དེ་བས་ན་གདམས་པ་དེའི་ལུགས་ལ་བླ་མ་སྒོམ་པ་ཉིད་ལམ་གྱི་རྩ་བ་དང་ངོ་བོ་ཡིན་ནོ། །ཇི་ལྟར་རྩ་བ་ཡིན་ཞེ་ན། དམ་པས། བླ་མས་བསྐྱལ་ན་གང་འདོད་གནས་སུ་སླེབ། །རྐང་སླར་མོས་གུས་ཕུལ་ཅིག་དིང་རི་བ། །ཞེས་གསུངས་པ་ལྟར་ལམ་བགྲོད་པར་བྱེད་པའི་བདག་པོའམ་རྩ་བའི་རྒྱུ་སྟེ། རིན་ཆེན་ཕྲེང་བ་ལས། འཁོར་ལོས་བསྒྱུར་བའི་མཚན་དང་ནི། །དཔེ་བྱད་བཟང་པོ་གང་དག་ཅིག །ཐུབ་དབང་པོ་ལ་སེམས་དང་བའི། །ཡན་ལག་གཅིག་ལས་བྱུང་བཤད་པ། །ཞེས་ཐུབ་པའི་དབང་པོའི་མཚན་དང་དཔེ་བྱད་ལ་སེམས་དང་བའི་རྒྱུས་འཁོར་ལོས་བསྒྱུར་བའི་མཚན་དང་དཔེ་བྱད་

(༡༢༠)འགྲུབ་པ་ཡང་ཐུབ་དབང་ལ་སེམས་དང་བའི་ཚེ་ཐུབ་པའི་མཚན་དང་དཔེ་བྱད་ཀྱི་གཟུགས་བརྙན་ཤར། དེ་སེམས་ལ་བག་ཆགས་གཞག་པ་སྨིན་པ་ལས་འཁོར་ལོས་བསྒྱུར་བའི་མཚན་འབྱུང་བར་འགྱུར་བ་དེ་བཞིན་དུ། འདིར་གང་ཞིག་བསྒོམས་པས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པར་འགྱུར་བ་ལ་ནི་བསྒོམ་པར་བྱ་བའི་བླ་མ་དེ་ཉིད་ཀྱིས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་ཞིག་མེད་ན་སློབ་མ་ལ་ཡང་མངོན་སུམ་གྱི་རྟོགས་པ་མི་འཆར་བས། དམ་པའི་ཞལ་ནས། ཀོ་ཕོར་ལ་རི་མོ་མེད་ན་འབྱི་འབྱི་ཚར་ཚར་མི་འགྱུར་ཞེས་གསུངས་ཤིང་། དཔལ་སྒམ་པོ་བས་ཀྱང་བླ་མ་ཉིད་ཀྱིས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་དགོས་པར་ལན་མང་དུ་གསུངས་སོ། །དེ་ལྟར་ན་བདེན་པ་གཟིགས་པའི་བླ་མའི་སྐུ་དང་གསུང་དང་ཐུགས་ལན་མང་དུ་ཡིད་ལ་བྱས་པ་ན་སློབ་མའི་ཡིད་བླ་མ་དང་ཤིན་དུ་འདྲ་བར་གྱུར་བའི་སེམས་དེ་ནི་བླ་མ་དངོས་ཡིན་པར་གོང་མ་ཕལ་ཆེར་བཞེད་དོ། །དོན་དེ་ནི། སློབ་དཔོན་སེམས་ཀྱི་རྒྱལ་པོ་སྟེ། །ཞེས་སམྦུ་ཊི་ལས་གསུངས་པ་ཡིན་ཏེ། །འདི་ལ་འཇིག་རྟེན་མགོན་པོས། རང་རྡོ་རྗེ་འཆང་དུ་མ་གྱུར་བར། །རྩ་བའི་བླ་མ་མ་གཏོགས་པ། །རང་འཁོར་ལ་སྒོམ་དུ་མ་གཞུག་ཅིག །འཁྲུལ་པ་ལ་ཉིང་འཁྲུལ་བསྣན་པར་མཆིའོ། །ཞེས་གསུངས་ལ། དཔལ་རྒོད་ཚང་པས་ཀྱང་། བླ་མ་མཚན་ཉིད་དང་མི་ལྡན་པ་ལ་གསོལ་བ་བཏབ་པས་སློབ་མའི་རྒྱུད་ཆུད་ཟོས་པ་མང་དུ་མཐོང་སྟེ། བླ་མ་དེ་འདོད་ཆགས་ཅན་ཡིན་ན་སློབ་མའི་འདོད་ཆགས་རྒྱས་པར་འགྱུར་བ་ཡིན་ཞེས་གསུང་ངོ་། །ཇི་ལྟར་མིག་གི་དབང་པོ་མིག་གི་རྣམ་པར་ཤེས་པའི་བདག་པོ་ཡིན་པ་ལྟར་སེམས་ཀྱི་རྒྱལ་པོའི་བླ་མས་ཀྱང་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་

(༡༢༡)བདག་པོའི་རྐྱེན་བྱེད་པ་ཡིན་ཏེ། དམ་པ་རྣམས་བླ་མ་དཔྲལ་བའི་མིག་དང་འདྲ་བར་བཞེད་པའི་དོན་ཡང་དེ་ལྟ་བུ་ཉིད་དོ། །ཕ་དང་མ་བསད་པའི་རབ་བྱུང་དག་གིས་སྡེ་སྣོད་གསུམ་ལ་སྦྱངས་ཏེ་འཁོར་བསྡུས་པས་རང་ཉིད་ཀྱིས་འཕགས་ལམ་ཙམ་ཡང་མ་ཐོབ་ཀྱང་སློབ་མས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ལུང་ལས་བཤད་དེ། དེ་དག་གི་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བའི་དབང་པོ་ནི་ལུང་ལ་དད་པ་ལས་ཡིན་ཏེ། དེ་ཡང་མན་ངག་པ་རྣམས་ལ་ལུང་གི་བླ་མ་ཞེས་གྲགས་པ་ཡིན་ཏེ། འདི་ཉིད་དུ་ཡང་། ལྷ་ལ་འཆི་འཕོ་མི་ལ་ཡོངས་ཚོལ་སྡུག་བསྔལ་ཞེས་བྱར་རྟོགས་པའི་ཕྱིར། ཤེས་རབ་ལྡན་པ་ལྷ་མིའི་དབང་ཕྱུག་མཆོག་ལའང་མངོན་པར་འདོད་མེད་དེ། ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲངས་ནས། འདི་ནི་སྡུག་བསྔལ་འདི་རྒྱུ་འདི་ནི་འགོག་ཅེས་ཤེས་པས་མཐོང་ཕྱིར་ཏེ། ཞེས་འབྱུང་བ་ཡིན་ཏེ། ཤེས་པས་མཐོང་བ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་མངོན་སུམ་དུ་མཐོང་བའི་ཤེས་རབ་དེ་ཉིད་ཀྱི་བདག་པོའི་རྐྱེན་དད་པའི་དབང་པོས་བྱས་པ་གང་ཡིན་པ་དེ་དད་པས་རྗེས་སུ་འབྲང་བ་ཞེས་ཟེར་ལ་ཤེས་རབ་ཀྱིས་བདག་རྐྱེན་བྱས་པ་དེ་ལ་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་ཟེར་རོ། །རིམ་པ་གཉིས་པ་སེམས་སྒོམ་པའི་རིམ་པ་ནི། གུར་ལས། སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ནི་སངས་རྒྱའོ། །རིན་ཆེན་སེམས་ལས་ཕྱིར་གྱུར་བ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་པའི་དོན་དང་རྣམ་ཤེས་དག །ཕྱི་རོལ་གྱུར་པ་འགའ་ཡང་མེད། ཁམས་གསུམ་ན་ནི་དབང་ཕྱུག་ཆེ། །སངས་རྒྱས་ཀུན་ཉིད་ཡིད་ཀྱིས་བྱེད། ཁམས་

(༡༢༢)གསུམ་ན་ནི་རྒྱལ་པོ་ཆེ། །སེམས་ཉིད་གཅིག་པུས་ཐོབ་པར་འགྱུར། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱར་སྐྱེས་པའི་དངོས། །རིན་ཆེན་སེམས་འདིར་བརྗོད་ཉིད་དེ། །ཆོས་དབྱིངས་མཆོག་ཏུ་ཞི་བའོ། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་ཤེས་ཉིད། །ཐམས་ཅད་སེམས་འདིའི་དངོས་པོ་ལས། །ཐུབ་པས་གཞན་དུ་མ་གསུངས་སོ། །ཞེས་གསུངས་པ་ལྟར་སེམས་རིན་པོ་ཆེ་སྒོམ་པ་ཡིན་ཞིང་། དེ་ཡང་སློབ་དཔོན་ཀ་མ་ལ་ཤཱི་ལ་ལ་སོྭ་པའི་མཁས་པ་མང་པོས་དཔྱད་སྒོམ་ཞེས་བྱ་བ་གཅིག་དང་དུ་བྲལ་ལ་སོྭ་པའི་གཏན་ཚིགས་ལ་བརྟེན་པའི་རྗེས་སུ་དཔག་པའི་ཤེས་པའི་རྒྱུན་གོམས་པར་བྱེད་པའི་ལྷག་མཐོང་དེའི་སྔོན་དུ་སངས་རྒྱས་ཀྱི་སྐུ་ལ་དམིགས་པའི་ཞི་གནས་སྒྲུབ་པར་བྱེད་པ་ཡིན་ལ། འདིར་ནི་དེ་འགོག་པར་བྱེད་པ་མ་ཡིན་ཀྱང་དེ་བས་ཆེས་ཟབ་པ་རྟོག་པས་མ་དཔྱད་པའི་ལམ་སྒོམ་པ་ཡིན་ཏེ། དེ་ཡང་རྗེ་བཙུན་མཻ་ཏྲི་བས་མཛད་པའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་བ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ་ལས། དེ་ལྟར་ཚུལ་ཁྲིམས་ལ་སོྭ་པ་ཞི་གནས་ཀྱི་ཚོགས་རྣམས་ལ་རྣམ་པར་གནས་པས་ཡིད་དང་རྗེས་སུ་མཐུན་པའི་ཕྱོགས་སུ་ལུས་སྲང་ཞིང་འདོད་པར་བྱ་བའི་བདེ་བའི་སྟན་ལ་ཉེ་བར་འདུག་ནས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ཏེ་སེམས་རྩེ་གཅིག་པ་བསྐྱེད་པར་བྱའོ། །དེ་ལ་དང་པོར་རེ་ཤིག་རྣལ་འབྱོར་པས་ཅི་ནུས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དམ། ཁམས་ཀྱི་དབྱེ་བས་སམ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དབྱེ་བས་ཀྱང་རུང་སྟེ་ཆོས་ཐམས་ཅད་གང་ཡིན་པ་འདི་ནི་འདི་དག་ཙམ་མོ་ཞེས་དམིགས་ནས་གཅིག་དང་དུ་མའི་ངོ་བོ་ཉིད་ཀྱིས་སྟོང་པར་ངེས་ནས་དེ་ཉིད་ལ་རྒྱུན་ཆགས་སུ་ཡང་དང་ཡང་དུ་སྟེ། ཇི་

(༡༢༣)སྲིད་ལུས་དང་སེམས་ཤིན་དུ་སྦྱངས་པ་ཐོབ་པ་དེ་སྲིད་དུ་སེམས་གཏད་པར་བྱའོ། །ཤིན་དུ་སྦྱངས་པ་ཐོབ་པ་ན་ནི་ཞི་གནས་གྲུབ་པར་འགྱུར་བ་ཡིན་ཏེ། དེ་གསུངས་པ། ཕུང་སོྭ་དབྱེ་བས་ཆོས་རྣམས་ཐམས་ཅད་ལ། །ཡང་དག་དམིགས་ནས་སྟོང་པར་རྣམ་དཔྱད་དེ། །ཇི་སྲིད་ཏིང་འཛིན་ལྡན་པ་དེ་སྲིད་དུ། །ཇི་ལྟ་བ་བཞིན་དེ་ལ་ཡིད་རབ་གཞུག །ཅེས་སོ། །དེ་ནས་ཏིང་ངེ་འཛིན་ལ་གནས་ནས་སླར་ཡང་ཤེས་རབ་ཀྱི་མིག་གིས་ཆོས་ཐམས་ཅད་ལ་རྣམ་པར་དཔྱད་དེ། དཔྱད་ནས་ཀྱང་རྣམ་པར་བསྒོམ་པར་བྱའོ། །དེ་ལས་ཐེ་ཚོམ་གྱི་ས་བོན་དང་བྲལ་བར་འགྱུར་རོ། །དེ་ལྟར་ན་གང་གི་ཚེ་ཞི་གནས་ལ་དམིགས་པས་སེམས་བརྟན་པོར་གྱུར་བ་དེའི་ཚེ་ཤེས་རབ་ཀྱིས་རྣམ་པར་དཔྱད་ནས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེ་བར་འགྱུར་ཏེ། མཉམ་གཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་གསུངས་པའི་ཕྱིར་ཏེ། ཤེས་རབ་དང་ཞི་གནས་ནི་མཐའ་གཅིག་ཏུ་རྗེས་སུ་མཐུན་པ་སྟེ། དེ་ལ་འདི་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པར་གྱུར་བའི་ལམ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོྭ་པའི་ཐབས་དང་ཡང་དག་པར་ལྡན་པ་ནི་འཇུག་པའི་སེམས་སུ་ཕ་རོལ་དུ་ཕྱིན་པའི་ཚུལ་ལ་རབ་ཏུ་གྲགས་སོ། །འདི་ཉིད་རབ་ཏུ་གྱུར་བ་སྣང་བ་ལ་སོྭ་པའི་ཏིང་ངེ་འཛིན་གྱི་རིམ་པས་དྲོ་བ་ལ་སོྭ་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པའི་ཕྱིར་སྦྱོར་བའི་གནས་སྐབས་སོ། །དེ་ནས་མཐོང་བའི་ལམ་ཐོབ་པས་རྒྱུའི་གནས་སྐབས་ཡིན་ལ། ཕྱི་ནས་སྒོམ་པའི་རིམ་པས་འབྲས་བུའི་གནས་སྐབས་སོ། །དེ་ལ་འདི་དག་ནི་འཇུག་པའི་སེམས་ཕ་རོལ་དུ་ཕྱིན་པའི་ཚུལ་གྱི་རབ་ཏུ་བྱེད་པ་ཀ་མ་ལ་ཤཱི་ལའི་སྒོམ་པའི་རིམ་པ་ལ་སོྭ་པར་བསྡུས་པ་དང་རྒྱས་པར་གཞག་སྟེ། དེ་ཉིད་ལས་ཁོང་དུ་

(༡༢༤)ཆུད་པར་བྱའི་འདིར་ནི་མངས་པའི་འཇིགས་པས་མ་བྲིས་སོ། །འདི་ལྟ་བུར་གྱུར་བའི་འཇུག་པའི་སེམས་ནི་འདིར་དགོངས་པ་མ་ཡིན་ཏེ། དེའི་དེ་ནི་རྣམ་པར་དཔྱད་པ་ཉིད་ཀྱིས་ཡོངས་སུ་དག་པའི་ཕྱིར་དང་། འདིར་རྣམ་པར་མ་དཔྱད་པའི་སེམས་ཀྱིས་དང་པོ་ནས་སྒོམ་པ་ཉིད་ཀྱི་ཕྱིར་ཏེ། གང་གི་ཚེ་ཕ་རོལ་དུ་ཕྱིན་པའི་མན་ངག་བླ་མའི་གསུང་བཞིན་གིས་བརྒྱན་པ་དང་བཅས་པའི་ཟུང་དུ་འཇུག་པའི་དབུ་མ་ཁོང་དུ་ཆུད་པ་དེའི་ཚེ་ཡང་དོན་དམ་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཤེས་རབ་ཁོ་ན་རྒྱུན་ཆགས་སུ་འཇུག་པར་འགྱུར་བ་ནི་ཞི་གནས་ཡིན་གྱི་གཞན་ནི་མ་ཡིན་ཏེ། ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །སྒོམ་པ་ཉིད་ནི་སྒོམ་པ་མིན། །ཞེས་གསུངས་པའི་ཕྱིར་ཏེ། དེའི་ཕྱིར་དེ་ལྟ་བུར་གྱུར་བའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པར་གྱུར་བ་ནི་ལམ་ཡིན་གྱི། འབྲས་བུ་ཐ་དད་པ་ལ་མོས་པར་གྱུར་བའི་འཇུག་པའི་སེམས་ནི་འདིར་བཞེད་པ་མ་ཡིན་ཏེ། དེ་གསུངས་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་ཏུ། །སྟོང་པ་ཉིད་ནི་རྟོགས་ཤེས་པ། །རྟོགས་པ་འདི་ནི་དཔྱད་ལས་ཡིན། །བླ་མ་དམ་པའི་དཔྱད་པ་མེད། །ཅེས་བྱ་བ་དང་། གང་གིས་བུམ་སོྭ་འཛིན་པ་ན། །རྟག་ཏུ་སྦྱོར་བས་བསམ་གཏན་ཏེ། །རྣམ་པ་ཐམས་ཅད་སྐུ་གཅིག་པ། །འདི་ནི་སངས་རྒྱས་ཆེན་པོར་འགྱུར། །ཞེས་བྱ་བ་ཡང་ངོ་། །འདི་དག་ཉིད་གསལ་བར་བྱ་བའི་ཕྱིར། གང་ཕྱིར་དེའི་གནས་རིག་རྣམས་ལ། །དེ་ཉིད་རྒྱུན་མི་འཆད་པར་སྐྱེ། །ཞེས་བྱ་བ་གསུངས་ཏེ། འཇུག་པའི་སེམས་དེའི་གནས་ཟུང་དུ་འཇུག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་བླ་མ་དམ་པའི་མན་ངག་གིས་རིག་པ་དེ་རྣམས་ལ་དེ་ཁོ་ན་ཉིད་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་རྒྱུན་མི་

(༡༢༥)འཆད་པར་སྐད་ཅིག་སོ་སོ་ལ་སྐྱེ་བར་འགྱུར་ཏེ། དེའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རྣལ་འབྱོར་བ་རྣམས་ལ་ཞེས་བྱའོ། །ཞེས་གསུངས་པས་རྗེ་བཙུན་མཻ་ཏྲི་བའི་དགོངས་པ་ནི་དེ་ལྟ་བུ་ཡིན་ནོ། །འདིར་རྒྱུད་བླ་མའི་ཚུལ་ཡང་དེ་ལྟ་བུ་ཉིད་དེ། ལྟོས་པ་དང་། བྱ་བ་བྱེད་པ་དང་། འཐད་པས་སྒྲུབ་པ་དང་། ཆོས་ཉིད་ཀྱི་རིགས་པ་བཞི་ལས་ཕྱི་མ་ཆོས་ཉིད་ཀྱི་རིགས་པས་དེ་ཁོ་ན་ཉིད་ངེས་པར་བྱེད་པ་ཡིན་ཏེ། དེ་ལ་ཆོས་ཉིད་ཀྱི་རིགས་པ་ནི། །དགོངས་པ་ངེས་པར་འགྲེལ་བ་ལས། །དེ་ལ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་གནས་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། ཞེས་འབྱུང་བ་དང་མཐུན་པར། འདི་ཉིད་ཀྱི་འགྲེལ་བར། ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་དེ་བཞིན་ཉིད་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ་ཞེས་བྱ་བ་ནི་ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། ཇི་སྐད་དུ་རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་ཡིན་ཏེ། ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་འདིར་གང་གིས་དེ་དེ་ལྟ་བུ་ཁོ་ནར་འགྱུར་གྱི་གཞན་དུ་མི་འགྱུར་རོ་ཞེས་བྱ་བའི་རིགས་པ་དང་སྦྱོར་བ་དང་ཐབས་ཡིན་ཏེ། ཐམས་ཅད་དུ་སེམས་ངེས་པར་རྟོགས་པ་དང་། སེམས་ཡང་དག་པར་ཤེས་པ་ལ་ནི་ཆོས་ཉིད་ཉིད་རྟེན་དང་ཆོས་ཉིད་ཉིད་རིགས་པ་ཡིན་ཏེ། དེ་ནི་བསམ་པར་མི་བྱ་རྣམ་པར་བརྟག་པར་མི་བྱའི། །

(༡༢༦)ལྷག་པར་མོས་པར་བྱ་བ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་ཏེ། སེམས་ཀྱི་དེ་ཁོ་ན་ཉིད་ནི་བླ་མ་ལ་གུས་པའི་དད་པའམ་མོས་པའི་བདག་རྐྱེན་གྱིས་བསྐྱེད་པའི་རྣམ་པར་མི་རྟོག་པའི་སེམས་དེ་གསལ་ཞིང་ཆེས་གསལ་བར་གྱུར་བ་ཉིད་ཀྱིས་སེམས་དེའི་སྐྱེ་བ་མེད་པ་ཉིད་ངེས་པར་རྟོགས་ཤིང་འགག་པ་མེད་པའམ་འོད་གསལ་བ་ཉིད་ཡོངས་སུ་ཤེས་པར་འགྱུར་རོ། །ཇི་ལྟར་མིག་དང་མར་མེ་མི་གསལ་བས་ནི་གཟུགས་ཀྱི་རགས་པ་ཙམ་ལས་མི་མཐོང་ལ། དེ་གཉིས་གསལ་ན་གཟུགས་ཀྱི་ཕྲ་བ་ཡང་གསལ་བར་ནུས་པ་ལྟར་སྒྲ་དོན་ཡིད་ལ་བྱེད་པའི་རྟོག་པ་རྣམས་ནི་མི་གསལ་བས་ནམ་དུའང་སེམས་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱ་བར་མི་ནུས་ལ། དངས་མའི་སེམས་ཀྱི་གསལ་བའི་ཆོས་ཉིད་ཀྱིས་སེམས་སྐྱེ་མེད་དུ་རྟོགས་པར་འགྱུར་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཡིན་པས་གསལ་བའི་ཆོས་དེ་ནི་དེས་སེམས་ངེས་པར་རྟོགས་པ་དེ་ལྟ་བུ་ཁོ་ནར་འགྱུར་གྱི། གཞན་སྒྲོ་འདོགས་པ་དང་སྐུར་བའི་རྣམ་པར་མི་འགྱུར་བའི་ཕྱིར་ཉིད་ཅེས་བྱ་བའི་ངེས་གཟུང་གི་དོན་ཡིན་ཏེ། དེ་བས་ན་ཆོས་ཉིད་ཅེས་བྱའོ། །རྗེས་དཔག་གི་ལམ་དུ་དུ་བས་མེ་རྟོགས་པའི་འཐད་སྒྲུབ་ཀྱི་གཏན་ཚིགས་ལ་རེ་བ་ལྟ་བུ་མ་ཡིན་པས་སེམས་སྒོམ་པའི་ཚེ་ཆོས་ཉིད་ཚད་མར་བྱེད་དེ། ཚད་མ་ནི་མི་བསླུ་བའི་དོན་ཡིན་པས་སེམས་གསལ་བའི་ཆོས་དེས་བསླུ་བར་མི་འགྱུར་རོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །རྗེས་སུ་དཔག་པའི་ཕྱོགས་ལ་ཡང་གཏན་ཚིགས་དེའི་ཚུལ་གསུམ་པོ་དྲན་པའི་ཤུགས་ཇི་ཙམ་ཆེ་བ་དེ་ཙམ་གྱིས་རྗེས་སུ་དཔག་པའི་ཤུགས་ཀྱང་ཆེ་བར་འགྱུར་ལ། དྲན་པའི་ཤུགས་དེ་ཡང་གཞན་གྱི་སྒྲུབ་པའི་ངག་ཆེས་གསལ་བ་ལས་འགྱུར་བ་ཡིན་ཏེ། དེའི་ཕྱིར་ཕྱོགས་གླང་གིས་

(༡༢༧)རབ་གསལ་བྱེད་ཅེས་སྨོས་པ་ཡིན་ཏེ། དེ་ཁོ་ན་ཉིད་མཐོང་བའི་མངོན་སུམ་བསྐྱེད་པའི་ཕྱོགས་ལ་བླ་མས་ཆོས་ཉིད་མངོན་སུམ་དུ་མཐོང་བ་དགོས་པ་དང་། རྗེས་སུ་དཔག་པ་བསྐྱེད་པའི་ཕྱོགས་ལ་རྒོལ་བ་རང་གིས་བསྒྲུབ་པར་བྱ་བའི་དོན་མཐོང་བ་དགོས་པ་དག་ཀྱང་མཚུངས་པར་སྣང་ངོ་། །ཡང་སློབ་དཔོན་ཙནྟྲ་གོ་མིས། རིགས་པ་ཉིད་ནི་བཅུད་ལེན་མཆོག་ཡིན་ལེན། །གལ་ཏེ་ཡིད་རྟོན་མེད་ན་དེ་ཡོད་མིན། །ཞེས་གསུངས་པ་ལྟར་རྒོལ་བ་ལ་ཡིད་རྟོན་པ་དགོས་ལ། བྱེ་བྲག་ཏུ་གཅིག་དང་དུ་བྲལ་ལམ་རྟེན་འབྲེལ་ལ་སོྭ་པའི་གཏན་ཚིགས་ཀྱིས་ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་པ་ལ་མོས་པའི་སྟོབས་བསྐྱེད་པ་ངེས་པར་དགོས་ཏེ། འཇུག་འགྲེལ་དུ། འདི་ལྟར་དེང་སང་ཉིད་ན་ཡང་ཚེ་རབས་གཞན་དུ་སྟོང་པ་ཉིད་ལ་ལྷག་པར་མོས་པའི་བག་ཆགས་གཞག་པ་ཁ་ཅིག་གིས་རྒྱུའི་སྟོབས་ཁོ་ན་ལས་སྟོང་པ་ཉིད་ཀྱི་གཏིང་རྟོགས་པར་སྣང་ལ། རྒྱུའི་སྟོབས་ཁོ་ན་ལས་མུ་སྟེགས་ཀྱི་གཞུང་ལུགས་རྣམས་ལ་འདི་བདེན་པར་མཐོང་བ་རྣམ་པར་ཉམས་པ་རྣམས་ཀྱིས་ཀྱང་སྟོང་པ་ཉིད་ཀྱི་གཏིང་དཔོགས་པར་མཐོང་ངོ་། །ཞེས་མོས་པ་དང་བསོད་ནམས་ཀྱི་ཤུགས་སྔོན་དུ་འགྲོ་བར་འདོད་པ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའི་ཆོས་འདི་རྟོགས་པ་ལ་ཡང་བླ་མ་ལ་བརྟེན་ནས་བསོད་ནམས་བྱས་པ་ངེས་པར་དགོས་ཏེ། བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པས་སོ། །ད་འོ་ན་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་མེད་པར་མངོན་སུམ་ཁོ་ནའི་ལམ་གྱིས་སྟོང་པ་ཉིད་ཇི་ལྟར་རྟོགས་པའི་ཚུལ་སྨྲོས་ཤིག་ཅེ་ན། བརྗོད་པར་བྱ་སྟེ། དབུ་མའི་རྒྱན་ལས། འོ་ན་དེ་ནི་རྟོགས་འགྱུར་བས། །དེ་ཡི་རང་བཞིན་

(༡༢༨)མངོན་སུམ་ཕྱིར། །མི་མཁས་རྣམས་ཀྱང་དངོས་རྣམས་ཀྱི། །དངོས་པོ་འདི་འདྲ་ཅིས་མི་རྟོགས། །དེ་རྟོགས་ན་དེའི་རང་གི་ངོ་བོ་མི་རྟོགས་པ་ནི་མི་རིགས་ཏེ། བུམ་པས་དབེན་པའི་ས་གཞི་དམིགས་ན་དེའི་བདག་ཉིད་དུ་གྱུར་བ་བུམ་པས་དབེན་པ་རྟོགས་པ་བཞིན་ནོ། །སོ་སོའི་སྐྱེ་བོ་ལྟ་བ་དཀར་པོ་མ་ཡིན་པ་ཐ་ཤལ་རྣམས་ཀྱིས་ཀྱང་དངོས་པོ་ལ་སོྭ་པའི་རྣམ་པ་མེད་པ་ལས། སྒྲོ་བཏགས་པ་ཡང་དག་པ་ཇི་སྐད་སྨོས་པ་མཐའ་དག་དང་བྲལ་བ་ཁོ་ན་ཡིན་པའི་དངོས་པོ་རྣམས་རྟོགས་ན། ཅིའི་ཕྱིར་དེ་ལྟར་མི་རྟོགས་ཤེ་ན། མ་ཡིན་ཐོག་མེད་རྒྱུད་ལྕི་བར། །དངོས་པོར་སྒྲོ་བཏགས་དབང་བྱས་པས། །དེ་ཕྱིར་སྲོག་ཆགས་ཐམས་ཅད་ཀྱིས། །མངོན་སུམ་རྟོགས་པར་མི་འགྱུར་རོ། །ཐོག་མ་མེད་པའི་སྲིད་པར་འབྱུང་བ་པ་དངོས་པོ་ལ་མངོན་པར་ཞེན་པའི་དུག་གིས་དཀྲུགས་པའི་བློ་ཅན་དག་གིས་མངོན་སུམ་ཙམ་དུ་རྟོགས་པས་རྣམ་པ་ཁོང་དུ་ཆུད་པར་མི་ནུས་ཏེ། འདྲ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དམིགས་པས་བློ་སྣད་པ་དག་གིས། སྐད་ཅིག་པ་མི་རྟོགས་པ་བཞིན་ནོ། །གཞན་ཡང་འདི་ནི་ངོ་མཚར་མི་ཆེ་སྟེ། འདི་ལྟར་བུམ་པ་དང་བ་ལང་ཉིད་ལ་སོྭ་པས་དབེན་པའི་བ་ལང་ལ་སོྭ་པའི་དབྱིབས་གསལ་བར་མཐོང་ཡང་། སེར་སྐྱ་དང་། གཟེགས་མ་སྤྱོད་པ་ལ་སོྭ་པའི་ལུགས་ཀྱིས་བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་བ་དག་དེ་ལྟར་རྟོགས་པར་མི་བྱེད་དོ། །ཞེས་སེམས་ཅན་ཐམས་ཅད་ལ་རང་བཞིན་སྟོང་པ་ཉིད་མ་ངེས་པ་ལས་སྣང་བའི་ཤེས་པ་ནི་ཡོད་ལ། དེ་ཡོད་ཀྱང་ཐོག་མ་མེད་པ་ནས་བྱུང་བའི་འཁྲུལ་བས་ངེས་སུ་མི་སྟེར་བ་ནི་གྲངས་ཅན་ལ་སོྭ་པ་ལ་སྤྱི་དངོས་པོ་བས་དབེན་པའི་གསལ་བར་སྣང་བའི་ཤེས་པ་ཡོད་ཀྱང་ངེས་པ་མི་སྐྱེ་བ་བཞིན་ནོ་ཞེས་བྱ་བ་ཡིན་ཏེ། སློབ་དཔོན་སེང་གེ་བཟང་པོས་ཀྱང་སེམས་ཅན་ཐམས་ཅད་ལ་སྟོང་པ་ཉིད་མངོན་སུམ་དུ་མཐོང་བའི་ཤེས་པ་ཡོད་པར་བརྒྱད་སྟོང་

(༡༢༩)འགྲེལ་བའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་སྐབས་སུ་བཤད་དོ། །རྒོད་ཚང་བས། སྐྱེ་བོ་ཙ་ནའི་ཤེས་པ་དེ། །ཆོས་ཀྱི་སྐུ་རུ་འདུག་པ་ལ། །བླ་མས་བསྟན་ཀྱང་མི་དགོས་པར། །རང་གིས་རྟོགས་སུ་གཤའ་བ་ལ། །ཞེས་གསུངས་པ་ཡང་དོན་འདི་ལྟ་བུ་ལ་དགོངས་ས་སྙམ་ལ། དཔལ་ཏོག་རྩེ་བས་ཀྱང་། མིག་གི་རྣམ་ཤེས་རྟོག་པ་ཡིས། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་པ་ཡང་དེ་ཉིད་དོ། །ཡང་དཔལ་ཆོས་ཀྱི་གྲགས་པས། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །ཀུན་རྫོབ་དེས་བདག་ཐ་དད་ཀྱང་། །ཐ་དད་པ་ཉིད་བསྒྲིབས་པ་ཡིས། །དངོས་རྣམས་ངོ་བོ་འགའ་ཞིག་གིས། །ཐ་དད་མིན་པ་ལྟ་བུར་སྣང་། །དེ་ལ་བསམ་པའི་དབང་གིས་ན། །སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །དེ་ཡིས་ཇི་ལྟར་ཀུན་བརྟགས་པ། །དེ་ནི་དམ་པའི་དོན་དུ་མེད། །ཅེས་བཤད་པའི་དོན་ནི་ཙན་དན་དང་ནྱ་གྲོ་དྷ་སོྭ་དངོས་པོ་ཐ་དད་པ་མཐོང་བའི་མངོན་སུམ་གྱིས་དྲངས་པའི་རྟོག་པའི་ཤེས་པ་ལ་ཤིང་གི་ཁྱད་པར་དེ་དག་གང་དུ་འདུ་བའི་ཤིང་ཞེས་པའི་སྤྱི་གཅིག་གི་རྣམ་པ་ཤར་ཞིང་། དེ་ཤར་ན་རྣམ་པ་དེ་ཕྱི་རོལ་ཡིན་སྙམ་ནས་དོན་གྱི་སྤྱི་ཅིག་པ་ཞིག་ཡོད་པར་འཛིན་ཏོ། །དེ་འདྲའི་དོན་ལ་སྤྱི་གཅིག་པ་མེད་ཀྱང་མེད་པ་དེ་རྟོག་པ་རང་གི་རྣམ་པས་བསྒྲིབས་ནས་ཤིང་གི་དངོས་པོ་རྣམས་ཤིང་གི་སྤྱིའི་དངོས་པོ་གཅིག་ཏུ་ཐ་མི་དད་པར་མཐོང་། རྟོག་པ་དེ་འདྲ་བ་སེམས་ཅན་ཤིན་དུ་མང་བ་ལ་ཡོད་པས་མང་པོའི་བསམ་པ་དང་མཐུན་པར་སྤྱི་ཡོད་པ་སྐད་དུ་བསྒྲགས་སོ། །དེ་བས་ན་ཤིང་སྤྱིའི་རྣམ་པ་ཅན་གྱི་བློ་ནི་ཀུན་རྫོབ་སྟེ་དམ་པའི་དོན་ལ་སྒྲིབ་བྱེད་ཡིན་པའི་ཕྱིར་ཏེ། དེ་ལྟ་བུའི་ཤིང་གི་སྤྱི་དེ་ནི་ཐ་སྙད་ཙམ་ལས་

(༡༣༠)དམ་པའི་དོན་དུ་མེད་དེ། དོན་བསྡུ་ན་ཤིང་གི་ཚོགས་པ་གདགས་གཞིར་བྱས་ནས་ཤིང་གི་སྤྱི་འདོགས་སོ་ཞེས་བྱ་བ་ཡིན་ཏེ། སེམས་ཅན་རྣམས་ལ་འཁྲུལ་བ་གཉིས་ཡོད་དེ། །དུང་སེར་པོར་སྣང་བ་ལ་སོྭ་པའི་སྣང་བ་འཁྲུལ་བ་དང་། ཤིང་གི་སྤྱི་དངོས་པོར་ཞེན་པ་ལ་སོྭ་པའི་ཞེན་པ་འཁྲུལ་བའོ། །རྗེས་སུ་དཔག་པའི་ཤེས་པས་ནི་ཞེན་པ་འཁྲུལ་བ་སེལ་བར་བྱེད་ཀྱི་སྣང་བ་འཁྲུལ་བ་མི་སེལ་ཏེ། རྗེས་དཔག་ནི་རྟོག་པ་ཡིན་ལ། རྣམ་པར་རྟོག་པ་རྣམས་ནི་རང་བཞིན་གྱིས་འཁྲུལ་བའི་དངོས་པོ་འཛིན་པ་ལྟ་བུར་སྣང་ངོ་། །ཞེས་ཆོས་ཀྱི་གྲགས་པས་གསུངས་པ་དང་། ཀ་མ་ལ་ཤཱི་ལས་ཀྱང་། རྣམ་རྟོག་འདི་ནི་རང་བཞིན་གྱིས། །མ་རིག་པ་ཡི་རང་བཞིན་འགྱུར། །ཞེས་བཤད་པས་དོན་དམ་པ་ལ་ལྟོས་ནས་སྣང་བ་འཁྲུལ་བ་ཁོ་ན་ཡིན་པས་སོ། །དེ་བཞིན་དུ་དབུ་མ་པས་དགག་པར་བྱ་བའི་དངོས་པོར་མངོན་པར་ཞེན་པའི་དམིགས་པ་ཐམས་ཅད་ནི་རྟོག་པས་གཟུང་བའི་སྤྱི་དེ་ལྟ་བུ་ཁོ་ན་ཡིན་ཏེ། ལག་པའི་ཚད་ཀྱི་འགྲེལ་བར། ཐག་པ་ལ་ནི་སྦྲུལ་སྙམ་འཛིན། །ཐག་པར་མཐོང་ནས་དོན་མེད་དོ། །འདི་ན་ཡུལ་ཧ་ཅང་བསྐལ་བ་མ་ཡིན་པ་ནམ་མཁའ་འོད་སྣང་བ་ཞིག་ན་ཐག་པའི་གཟུགས་སྤྱིའི་ཆོས་ཙམ་དམིགས་པས་འཁྲུལ་བ་ལ་འདི་ནི་སྦྲུལ་ཁོ་ནའོ་ཞེས་ངེས་པར་འཛིན་པའི་ཤེས་པ་སྐྱེ་སྟེ། ཁྱད་པར་གྱི་རང་གི་ངོ་བོ་ཁོང་དུ་མ་ཆུད་པའི་ཕྱིར་ཏེ། དེའི་ཁྱད་པར་འཛིན་པ་ན་དོན་ཇི་ལྟ་བ་བཞིན་མ་ཡིན་པར་ཀུན་དུ་རྟོག་པས་རབ་ཏུ་སྤྲོས་པ་ཉིད་ཀྱི་ཕྱིར་ཤེས་པ་དེ་ཡང་འཁྲུལ་བའི་ཤེས་པ་དོན་མེད་པར་འགྱུར་རོ། །དེ་ཡི་ཆ་མཐོང་དེ་ལ་ཡང་། །སྦྲུལ་བཞིན་ཤེས་པ་འཁྲུལ་བ་ཡིན། །ཐག་པ་དེ་ལ་ཡང་ཆ་ཤས་སུ་ཕྱེ་ནས་བརྟགས་ན་ཐག་པའི་རང་གི་ངོ་བོ་མི་དམིགས་ཏེ། དེ་མ་

(༡༣༡)དམིགས་ན་ཐག་པར་དམིགས་པ་ཡང་སྦྲུལ་ལོ་སྙམ་པའི་བློ་བཞིན་དུ་འཁྲུལ་པ་འབའ་ཞིག་ཙམ་དུ་ཟད་དོ། །ཞེས་གསུངས་པས་ཆ་ཐ་དད་པ་མཐོང་ནས་གཅིག་གི་ཆོས་ཡོད་པར་འཛིན་པ་ནི་འཁྲུལ་བ་ཐམས་ཅད་ཀྱི་འཁྲུལ་ལུགས་སོ་ཞེས་བྱ་བའོ། །དེ་བཞིན་དུ་བཞི་བརྒྱ་བར། ཇི་ལྟར་རྒྱུན་ལ་ལྟ་ཉེས་ན། །རྟག་པ་ཡོད་ཅེས་བྱ་འགྱུར་ན། །དེ་བཞིན་ཚོགས་ལ་མཐོང་ཉེས་ན། །དངོས་པོ་ཡོད་ཅེས་བྱ་བར་འགྱུར། ཇི་ལྟར་མར་མེའི་མེ་ལྕེ་སྐད་ཅིག་རེ་རེ་ལ་འཇིག་ཅིང་སྔ་མ་དང་ཕྱི་མའི་སྐད་ཅིག་རྒྱུ་དང་འབྲས་བུའི་འབྲེལ་བ་རྣམ་པར་མ་ཆད་པར་གནས་པ་ལ་རྒྱུ་དང་རྐྱེན་གྱི་ཚོགས་པ་ཡོད་ན་ཡོད་པའི་རྒྱུན་འབྱུང་བ་དེ་བཞིན་དུ་འདུ་བྱེད་སྐྱེས་མ་ཐག་ཏུ་འཇིག་པ་ཐམས་ཅད་ལ་བདག་ཉིད་ཇི་ལྟ་བུའི་རྒྱུ་དང་རྐྱེན་གྱི་ཚོགས་པ་ཡོད་ན་ཡོད་པའི་རྒྱུན་རྒྱུ་དང་འབྲས་བུའི་འབྲེལ་བ་རྣམ་པར་མ་ཆད་པར་གནས་པ་ཐོག་མ་མེད་པ་འབྱུང་ངོ་། །དེའི་ཕྱིར་ཇི་ལྟར་རྒྱུན་དེའི་རང་གི་ངོ་བོ་ཇི་ལྟར་གནས་པ་དེ་ལྟར་ངེས་པར་མ་འཕྲིགས་ཤིང་ཕྱིན་ཅི་ལོག་ཏུ་ངེས་པ་ཕྱི་རོལ་པའི་དྲང་སྲོང་རྣམས་ལ་སྔོན་གྱི་གནས་རྗེས་སུ་དྲན་ཞིང་འདིར་ཡང་སྐད་ཅིག་མར་འཇིག་པ་མངོན་སུམ་མ་ཡིན་པས་ཕུང་པོ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་ལ་ཉེས་པར་མཐོང་བ་ཡིན་པ་དང་བདག་གམ་གཞན་ཡང་རུང་སྟེ། དངོས་པོ་རྟག་པ་ཉིད་ཡོད་སྙམ་པ་འབྱུང་། །ཞེས་དང་། རང་དང་སྤྱིའི་མཚན་ཉིད་དུ་འདོགས་པ་ཙམ་ཞིག་བྱེད་ལ། དེ་དག་ཀྱང་སྐྱེ་བ་ན་ཚོགས་པ་ཁོ་ན་སྐྱེ་ཞིང་ཚོགས་པ་ཁོ་ན་འགག་པར་འགྱུར་རོ། །དེའི་ཕྱིར་ཚོགས་པ་དེ་ཇི་ལྟ་བ་བཞིན་མ་ཤེས་པ་དང་མཐོང་ཉེས་པས་རྒོལ་བ་དག་ས་ལ་སོྭ་པའི་སོ་སོ་ལ་རང་གི་ངོ་བོས་གྲུབ་པར་ཡོངས་སུ་རྟོག་ཅིང་ཕྱིན་ཅི་ལོག་ཙམ་ལས་རིགས་པ་མེད་པའི་དངོས་པོ་ཁོ་ན་རྟོགས་སོ། །ཞེས་གསུངས་པ་ལྟར་དངོས་པོའི་ངོ་བོ་ཡོད་སྙམ་དུ་བརྟགས་པ་ཐམས་ཅད་

(༡༣༢)ཆེ་ཐ་དད་པ་ལ་བཏགས་ཤིང་། ན་ནིང་གི་མི་དེ་འདིའོ་སྙམ་པ་ལ་སོྭ་པའི་རྟག་པར་འཛིན་པ་ཐམས་ཅད་ནི་སྔ་ཕྱིའི་ཆ་ཐ་དད་པ་ལ་བཏགས་པ་ཁོ་ན་ཡིན་པས་ཆོས་ཀྱི་གྲགས་པས་སྤྱི་དངོས་པོ་བར་བཏགས་པའི་ཚུལ་དེ་ཁོ་ན་དབུ་མའི་བསྟན་བཅོས་རྣམས་སུ་རང་གི་མཚན་ཉིད་དུ་འདོད་པ་རྣམས་ལ་ཡང་སྦྱར་ནས་དངོས་པོ་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་བོ། །དེ་ལྟར་ཡིན་པ་ན་ཕ་ཟད་ན་དེའི་གཅིག་ཏུ་སྣང་བ་ལ་ཉེ་བར་ཕྱིན་ན་རྩ་ཤིང་དང་རྡོ་བ་སོགས་ཐ་དད་པ་རྣམས་མཐོང་གི་གཅིག་མི་མཐོང་ལ། ཐག་རིང་བ་ནས་བལྟས་པ་ན་ཆུའི་རྒྱུན་དབྱུག་པ་ལྟར་གཡོ་བ་མེད་པར་མཐོང་མོད། དྲུང་དུ་ཕྱིན་པ་ན་རྦ་རླབས་སྔ་ཕྱིའི་རིམ་པ་འབའ་ཞིག་ཏུ་མཐོང་ནས་འགྱུར་མེད་དུ་མི་མཐོང་བ་ལྟར་རྩ་གཅིག་གི་རྣལ་འབྱོར་ལས་སྐྱེས་པའི་མངོན་སུམ་གྱིས་སེམས་དང་ཕྱི་རོལ་དང་དེ་དག་གི་དུས་ཀྱི་ཁྱད་པར་གང་ལ་ཡང་ལེགས་པར་བརྟགས་པ་ན་དངོས་པོའི་ངོ་བོ་ཅི་ཡང་མི་དམིགས་པར་རྟོགས་སོ་ཞེས་བྱ་བ་ནི་མངོན་སུམ་གྱིས་སྐྱེ་བ་མེད་པ་རྟོགས་པའི་ཚུལ་ལོ། །མངོན་སུམ་དེའི་རྒྱུན་གྱིས་སྒྲ་དོན་ཅན་གྱི་རྣམ་པར་རྟོག་པ་ལྡོག་ལ། དེ་ལོག་ན་སྣང་བ་ལོག་པ་ཐམས་ཅད་ནི་རྗེ་བཙུན་གྱི་ཞལ་སྔ་ནས། དོན་གྱིས་རྣམ་པ་བརྗོད་པའི་རྒྱུས་བྱུང་རྟོགས། ཤེས་གསུངས་པའི་ཕྱིར་འབྲས་བུ་ལོག་པའི་སྣང་བ་ཐམས་ཅད་འགག་པར་འགྱུར་ཏེ། དེ་ལ་ནི་གོང་མ་དག་གིས་སྣང་བ་སེམས་ལ་ཐིམ་པ་ཞེས་བཤད་དོ། །རྗེས་སུ་དཔག་པ་ལ་བརྟེན་ནས་དཔྱད་པའི་སྒོམ་པ་བྱེད་པ་ན་རྟོག་པ་དེ་ཉིད་འགགས་མ་ཐག་ཏུ་དེ་ཁོ་ན་ཉིད་རྟོགས་པའི་མངོན་སུམ་སྐྱེ་བ་མ་ཡིན་གྱི། རྟོག་པ་ནུབ་པ་ན་རྟོག་པ་མེད་པའི་མངོན་སུམ་ཙམ་སྐྱེ་ཞིང་དེ་ལས་དེ་ཁོ་ན་ཉིད་རྟོགས་པའི་མངོན་སུམ་སྐྱེ་བ་ཡིན་ཏེ། དེ་གཉིས་ལ་རིང་བ་དང་ཉེ་བའི་ཁྱད་པར་ཡོད་པ་ཁོ་ནར་

(༡༣༣)ཟད་དོ། །རིམ་པ་འདི་ནི་རྗེ་བཙུན་གྱིས། །ཡིད་ཀྱི་བརྗོད་པས་རྒྱུན་ཆགས་སུ། །བཙལ་བྱ་སོ་སོར་བརྟག་པར་བྱ། །ཡིད་ལ་བྱེད་པ་བརྗོད་མེད་པ། །རོ་གཅིག་པས་ཀྱང་དཔྱད་པར་བྱ། །ཞེས་བྱ་བས་གསུངས་པ་ཡིན་ལ། ཀ་མ་ལ་ཤཱི་ལས་ཀྱང་སྒོམ་པའི་རིམ་པ་རྣམས་དང་། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་བར་དཔྱད་པའི་མཐར་རྟོག་མེད་དུ་འཇོག་པ་ཁོ་ན་བཤད་དོ། །ཇོ་བོ་རྗེས་དབུ་མའི་མན་ངག་ལས་ཀྱང་། འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ནམ་མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང་བྲལ་བས་སམ། ཡང་ན་མ་སྐྱེས་པས་སམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པས་རིགས་པའི་མཚོན་གྱིས་དཔྱད་ཅིང་གཞིགས་ན་མ་གྲུབ་པར་རྟོགས་སོ། །དེ་ལྟར་གཉིས་པོ་ནི་དངོས་པོ་སྤྱིའི་ངོ་བོ་ཡང་མ་གྲུབ་ཅིང་མེད་ཙམ་ནས་སོ་སོར་རྟོག་པའི་ཤེས་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུད་པས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཉིད་ཚིག་ཅིང་མེད་པའི་རྗེས་ལ། གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙམ་ན་ཤེས་རབ་དེ་ཉིད་ཀྱང་སྣང་བ་མེད་པ་འོད་གསལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་བ་ཐམས་ཅད་བསལ་ཏེ་བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་

(༡༣༤)ཇི་སྲིད་དུ་མཚན་མའམ། རྣམ་པར་རྟོག་པའི་དགྲའམ། ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་དཔྱད་མཐར་ཅིར་ཡང་མི་བསམ་པ་དང་དྲན་པ་དང་ཡིད་བྱེད་མེད་པ་སྒོམ་པ་གསལ་བར་གསུངས་སོ། །འདིར་རྒོད་ཚང་བའི་ཞལ་སྔ་ནས་པཎྜི་ཏའི་དཔྱད་སྒོམ་དང་། ཀུ་སུ་ལུའི་འཇོག་སྒོམ་གཉིས་པོ་ནི་མཐའི་སྐྱེལ་སོ་ནི་གཅིག་ལ། ལམ་ནི་ཀུ་སུ་ལུའི་ལུགས་དེ་མྱུར་བ་ཡིན་ཞེས་གསུང་ངོ་། །འདི་ལྟ་བུའི་རྣལ་འབྱོར་སྒོམ་པ་ན་རིམ་པ་ལྔའི་ཚུལ་གྱིས་སྒོམ་པར་ཡང་ལང་ཀར་གཤེགས་པ་ལས་བཤད་དེ། དེ་ལས་ཇི་སྐད་དུ། བློ་གྲོས་ཆེན་པོ་གཞན་ཡང་མི་ཤེས་པ་དང་སྲེད་པ་དང་ལས་ཀྱི་རྐྱེན་རྣམ་པར་ལོག་པ། རྣམ་པར་རྟོག་པ། སྲིད་པ་གསུམ་གྱི་སྡུག་བསྔལ་རྣམ་པར་ཟློག་པ། རང་གི་སེམས་སྣང་བའི་ཡུལ་སྒྱུ་མ་རྗེས་སུ་མཐོང་བ་བཤད་པར་བྱའོ། །བློ་གྲོས་ཆེན་པོ་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་མ་བྱུང་བའམ། ཡོད་པ་རྒྱུ་ལས་འབྲས་བུ་མངོན་པ་དང་། །དངོས་པོ་ཡུན་དུ་གནས་པ་དང་། །རྐྱེན་རྣམས་ལས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྐྱེ་བ་དང་གནས་པ་དང་བྱུང་ནས་ཀྱང་འཇིག་པར་འདོད་དེ། བློ་གྲོས་ཆེན་པོ་དེ་དག་ནི་རྒྱུན་དང་བྱ་བ་དང་སྐྱེ་བ་དང་སྲིད་པ་དང་མྱ་ངན་ལས་འདས་པ་དང་ལམ་དང་ལས་དང་འབྲས་བུ་དང་བདེན་པ་དང་རྣམ་པར་འཇིག་པ་དང་ཆད་པར་ལྟ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། མངོན་སུམ་དང་མི་དམིགས་པ་དང་། །ཐོག་མ་མཐོང་བ་མེད་པའི་ཕྱིར། །ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་རིང་པོར་མི་ཐོགས་པར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཐོབ་པར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་ཆད་པར་ལྟ་བ་ལས་

(༡༣༥)ཟློག་ནས་འཁོར་བའི་རྒྱུ་དང་འབྲས་བུའི་ཆོས་རྣམས་ལ་རྣམ་པར་དཔྱད་པའི་སྟོབས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་སྒོམ་པ་གསུངས་ནས་དེའི་རྗེས་ཐོགས་སུ། བློ་གྲོས་ཆེན་པོ་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་ལྷུན་གྱིས་གྲུབ་པར་གྱུར་བའི་སྦྱོར་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་སྒྱུ་མ་དང་། གཟུགས་བརྙན་དང་མཉམ་པ་ཉིད་དང་། །ཞེས་བྱ་བས་ནི་ལུས་རྣམ་པར་དབེན་པ་བསྟན་ཏོ། །རྐྱེན་གྱིས་མ་བརྩམས་པ་དང་། ཕྱི་ནང་གི་ཡུལ་རྣམ་པར་དབེན་པ་དང་། ཞེས་བྱ་བས་ནི་སེམས་རྣམ་པར་དབེན་པ་བསྟན་ཏོ། །དེའི་རྗེས་ལ། སེམས་ཕྱི་རོལ་དུ་ལྟ་བས་མཚན་མ་མེད་པའི་བྱིན་གྱིས་བརླབས་དང་ལྡན་པའི་རྣམས་རིམ་གྱིས་སའི་རིམ་པའི་ཏིང་ངེ་འཛིན་གྱི་ཡུལ་ལ་རྗེས་སུ་འཇུག་པ་དང་། ཁམས་གསུམ་དག་གི་སེམས་སྒྱུ་མར་ཤིན་དུ་མོས་པས་རབ་ཏུ་སྒོམ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར་རོ། །ཞེས་བྱ་བས་ནི་བདག་བྱིན་གྱིས་བརླབས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་ཏོ། །དེའི་རྗེས་ལ། བདག་གི་སེམས་སྣང་བ་མེད་པ་ཙམ་ལ་འཇུག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་རྗེས་སུ་ཐོབ་པ། ཞེས་བྱ་བས་ནི་སྣང་མེད་འོད་གསལ་བ་བསྟན་ཏོ། །སྐྱེ་བ་དང་བྱ་བ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་རྡོ་རྗེའི་གཟུགས་ལྟ་བུའི་དེ་བཞིན་གཤེགས་པའི་སྐུའི་རྗེས་སུ་སོང་བ། དེ་བཞིན་ཉིད་ཀྱི་སྤྲུལ་པ་དང་ལྡན་པའི་སྟོབས་དང་མངོན་པར་ཤེས་པ་དང་དབང་དང་སྙིང་བརྩེ་བ་དང་སྙིང་རྗེ་དང་ཐབས་ཀྱིས་བརྒྱན་པ་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་མུ་སྟེགས་ཅན་གྱི་གནས་སུ་ཉེ་བར་འགྲོ་བ། སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་ནས་རིམ་གྱིས་གནས་འཕོས་པའི་དེ་བཞིན་གཤེགས་

(༡༣༦)པའི་སྐུ་རབ་ཏུ་ཐོབ་པར་འགྱུར་རོ། །ཞེས་བྱ་བས་ཟུང་དུ་འཇུག་པ་བསྟན་ཏོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །དཔའ་བར་འགྲོ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་བུའི་ལྟ་བུ་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་གསུངས་པའི་ཏིང་ངེ་འཛིན་གསུམ་པོ་ཡང་སྒྱུ་མ་ལྟ་བུ་དང་སྣང་བ་མེད་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཟུང་དུ་འཇུག་པ་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་དོན་དུ་གཉེར་བར་བྱ་བའི་མཐར་ཐུག་པ་ནི་དེ་བཞིན་གཤེགས་པའི་ཕྲིན་ལས་ཡིན་ཏེ། ཕྲིན་ལས་དེ་ནི་ཐུགས་རྗེའི་སྤྲིན་ལས་ཤེས་གསུངས་པའི་ཚུལ་གྱིས་སྙིང་རྗེས་བྱ་དགོས་པས་འདིར་སྙིང་རྗེ་ཆེན་པོ་དང་ཞེས་གསུངས་པ་ཡིན་ཏེ། གདུལ་བྱའི་ཐབས་མང་གང་དག་གིས། ཤེས་བྱ་བ་ནི་ཐབས་ལ་མཁས་པ་ཞེས་བྱ་བས་བསྟན་པ་ཡིན་ཏེ། ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །ཅེས་བྱ་བ་ནི་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་འདིས་བསྟན་ཏོ། །གྱུར་བའི་སྦྱོང་བ་ནི་ཁྱད་པར་གསུམ་ལྡན་གྱི་ཕྲིན་ལས་དེ་སྒོམ་པའི་སྦྱོར་བ་ལ་རིམ་པ་ལྔར་ཡོད་ཅེས་པའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ལུས་བདག་མེད་ཀྱང་མ་རིག་པའི་སྔགས་དང་སྨན་ཙམ་གྱིས་བྱུང་བས་སྒྱུ་མ་དང་། སེམས་ལ་སྣང་བ་ཙམ་ཡིན་པས་ནི་ལུས་ལྟ་བས་དབེན་པ་བསྟན་ཏོ། །དཔྱད་ན་རྣམ་པར་དག་པའི་སེམས་ལས་བྱུང་བ་ཡིན་གྱི། འབྱུང་བ་དང་འབྱུང་བ་ལས་གྱུར་བའི་རྒྱུ་དང་རྐྱེན་གྱིས་བརྩམས་པ་མ་ཡིན་པ་ནི་ཐ་མལ་གྱིས་དབེན་པའོ། །སྙིང་པོའི་སེམས་ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པས་དབེན་པ་ནི་སེམས་རྣམ་པར་དབེན་པའོ། །སེམས་ཕྱི་རོལ་དུ་ལྟ་བའི་མཚན་མའམ་རྣམ་པ་ཐམས་ཅད་མེད་ཅིང་། རྣམ་པར་མི་རྟོག་པས་བྱིན་གྱིས་བརླབས་པས་དེ་དང་ལྡན་པའི་བྱང་ཆུབ་

(༡༣༧)སེམས་དཔའ་རྣམས་ཏིང་ངེ་འཛིན་གྱི་ལུས་ཀྱིས་གཙང་མའི་གནས་སུ་འགྲོ་བ་ལ་སོྭ་པ་རིམ་གྱིས་ས་བཅུ་པའི་བར་དུ་འགྲོ་བའི་ཏིང་ངེ་འཛིན་གྱི་ཡུལ་ལ་མཐུན་པར་རྗེས་སུ་འཇུག་པ་དང་། ཁམས་གསུམ་དག་གི་སེམས་ཐམས་ཅད་རང་གི་སེམས་སྒྱུ་མར་ཤིན་དུ་མོས་པས་རབ་ཏུ་སྒོམ་པ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་བ་ལ་སོྭ་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་རབ་ཏུ་འཐོབ་པར་འགྱུར་རོ། །བདག་གི་སེམས་ལ་མཚན་མའི་རྣམ་པའམ་སྣང་བ་མེད་པ་ཙམ་གྱི་དེ་བཞིན་ཉིད་ལ་འཇུག་པས་སྟོང་པ་ཉིད་བཅོ་བརྒྱད་ཀྱི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་རྗེས་སུ་ཐོབ་པ་ནི་མངོན་པར་བྱང་ཆུབ་པའོ། །བྱང་ཆུབ་པ་དེ་ཐོབ་པས་དག་པའི་ལུས་སུ་སྐྱེ་བའི་འབད་རྩོལ་གྱི་བྱ་བ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་བྱང་ཆུབ་པ་ལས་ཤེས་བྱ་མཐའ་ཡས་པའི་འཆར་སྒོ་འབྱུང་བ་ན་བྱང་ཆུབ་དང་འཆར་སྒོ་གཉིས་པོ་རྟོག་པས་མི་ཕྱེད་པས་ཏིང་ངེ་འཛིན་རྡོ་རྗེའི་གཟུགས་ལྟ་བུ་ཞེས་བྱ་སྟེ། དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནམ་ཟུང་འཇུག་ཅེས་བྱའོ། །དེའི་ཡོན་ཏན་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་རྗེས་སུ་སོང་བ་དང་། དེ་བཞིན་ཉིད་དེ་ལྟ་བུའི་སེམས་ཅན་ལ་གཟུགས་སུ་སྣང་བའི་སྤྲུལ་པ་དང་ལྡན་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །དེ་རྒྱས་པར་བཤད་ན་ཆོས་ཀྱི་སྐུ་ཞེས་བྱ་བ་ལ་ཆོས་ནི་སྟོབས་དང་མངོན་པར་ཤེས་པ་དང་དབང་བཅུ་དང་། བྱེ་བྲག་ཏུ་སྙིང་བརྩེ་བ་དང་སྤྱིར་སྙིང་རྗེ་བ་རྣམས་ཡིན་ལ། དེ་རྣམས་ཀྱི་རང་བཞིན་ནི་སྐུའོ། །གཞན་དོན་གྱི་ཐབས་ཀྱིས་བརྒྱན་ཏེ་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་མུ་སྟེགས་ཅན་གྱི་གནས་སུ་ཉེ་བར་འགྲོ་སྟེ། ལ་ལའི་སློབ་མ་དང་ལ་ལའི་སློབ་དཔོན་ལྟ་བུར་སྟོན་པས་མཚོན་ཏེ། སེམས་ཅན་མཐའ་

(༡༣༨)ཡས་པའི་གཟུགས་སུ་འཇུག་པ་ནི་སྤྲུལ་པའོ། །དེ་ཡང་ལམ་གཞན་ལ་མི་ལྟོས་པར་སེམས་previous hit ཀུནགཞིརྣམཤེས next hit་དང་། ཡིད་ཉོན་མོངས་པ་ཅན་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་གནས་གྱུར་ཏེ་གསུམ་པོ་དེ་དག་དང་བྲལ་བ་ས་ནས་སར་འཕོར་བའི་རིམ་གྱིས་གནས་འཕོས་པའི་དེ་བཞིན་གཤེགས་པའི་སྐུ་གསུམ་པོ་རབ་ཏུ་འཐོབ་པར་འགྱུར་རོ། །གཞུང་འདིས་རིམ་པ་ལྔ་བསྟན་པར་སློབ་དཔོན་ཨརྱ་དེ་བས་གསུངས་པས་སློབ་དཔོན་དེ་ཉིད་ཀྱི་གསུང་གི་རྗེས་སུ་འབྲངས་ཏེ་དེ་ལྟར་བཤད་པ་ཡིན་ཏེ། གཞུང་འདིའི་མན་ངག་ཉམས་སུ་མྱོང་བའི་བླ་མ་རྣམས་ཀྱིས་སྙིང་པོ་སྒོམ་པའི་རིམ་པ་རྣལ་འབྱོར་བཞི་ཞེས་བྱ་བ་བཤད་དེ། དེ་དག་གི་མིང་གི་ཐ་སྙད་གསུང་རབ་གང་ན་ཡང་མེད་དོ་ཞེས་ངེས་པར་མི་ནུས་ཀྱི་བདག་ཉིད་ཀྱིས་མ་མཐོང་བ་ཁོ་ནར་ཟད་དོ། །དོན་ནི་ལང་ཀར་གཤེགས་པའི་མདོ་ལས་བཤད་དེ། རྣལ་འབྱོར་བཞིའི་རིམ་པ་བླ་མ་རྣམས་ཀྱིས་མཛད་པ་མང་དུ་ཡོད་ཀྱང་ཞང་གིས། རང་སེམས་རྟོགས་པའི་མཉམ་གཞག་ནི། །རྣལ་འབྱོར་བཞི་ཡི་རིམ་པས་ཤེས། །རྩེ་གཅིག་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་རང་བཞིན་རྟོགས། །བར་སྣང་དག་པའི་དཀྱིལ་ལྟ་བུ། །གསལ་སྟོང་མ་འགགས་མཐའ་དབུས་མེད། །སིང་ངེ་ཡེ་རེ་གནས་པ་དེ། །རྣལ་འབྱོར་དང་པོའི་མཉམ་གཞག་ཡིན། །དེ་ལས་རྣམ་རྟོག་འཕྲོས་པ་སྟེ། །མལ་ན་བསྒོམས་ཀྱང་རྗེས་ཐོབ་ཡིན། །གསལ་སྟོང་སིང་ངེ་ཡེ་རེ་བ། །གནས་ན་ལབ་ལོབ་འགྲོ་འདུག་ཀྱང་། །མཉམ་གཞག་ངང་ལ་གནས་པ་ཡིན། །སྤྲོས་བྲལ་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་ངོ་བོ་རྟོགས། །རིག་པ་སྤྲོས་བྲལ་རྒྱུན་ཆད་མེད། །སྐྱེ་འགག་བླང་དོར་མེད་པ་

(༡༣༩)ཡི། །རང་སེམས་ཆོས་སྐུར་གནས་པ་དེ། །རྣལ་འབྱོར་གཉིས་པའི་མཉམ་གཞག་ཡིན། །མཉམ་གཞག་དེ་ལ་གནས་པ་ན། །འགྲོ་དང་ལབ་ལོབ་སྨྲ་བྱེད་ཀྱང་། །མཉམ་གཞག་ངང་ལ་གནས་པ་ཡིན། །སྤྲོས་པའི་མཚན་མས་གཡེངས་གྱུར་ན། །མལ་ན་བསྒོམས་ཀྱང་རྗེས་ཐོབ་ཡིན། །རོ་གཅིག་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་མཚན་ཉིད་རྟོགས། །རང་སེམས་སྤྲོས་བྲལ་ཆོས་སྐུ་ལས། །འཁོར་འདས་དུ་མར་ཤར་བར་རྟོགས། །རྣམ་པར་རྟོག་དང་མི་རྟོག་དང། །སྣང་དང་སྣང་མེད་གནས་པ་དང་། །མི་གནས་སྟོང་དང་མི་སྟོང་དང་། །གསལ་དང་མི་གསལ་སྣ་ཚོགས་ཀུན། །འོད་གསལ་ཆོས་སྐུར་རོ་གཅིག་པས། །ཆོས་སྐུ་ཆེན་པོའི་སྣང་བ་མཐོང་། །འོད་གསལ་མིན་པའི་རྟོག་མ་མཐོང་། །དེ་ལྟར་རོ་མཉམ་རྟོགས་པ་དེ། །ཡིད་ཀྱིས་ཟིན་པའི་དུས་ཚོད་དེ། །རྣལ་འབྱོར་གསུམ་པའི་མཉམ་གཞག་ཡིན། །གཉུག་མའི་ཡིད་ཀྱིས་ཟིན་གྱུར་ན། །མཆོང་རྒྱུག་ལབ་ལོབ་སྨྲ་བྱེད་ཀྱང་། །མཉམ་གཞག་ངང་ལ་གནས་པ་ཡིན། །གཉུག་མའི་ཡིད་དང་བྲལ་གྱུར་ན། །མལ་ན་བསྒོམས་ཀྱང་རྗེས་ཐོབ་ཡིན། །སྒོམ་མེད་རྣལ་འབྱོར་ཤར་དུས་སུ། །རིག་པའི་ངོ་བོ་རྟེན་དང་བྲལ། །རྣལ་འབྱོར་པ་ལ་སྒོམ་རྒྱུ་མེད། །སྒོམ་མཁན་མི་འདུག་ཕྱལ་བར་སོང་། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི། །སངས་རྒྱས་རང་ལ་ཚང་ངོ་ཟེར། །འདི་རང་ཡིན་པར་ད་གདོད་ཤེས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ། །འདི་རང་ཡིན་པར་དོན་ཐག་ཆོད། །ཡེ་ནས་གནས་པའི་དངོས་གྲུབ་ལ། །ཐོབ་བོ་སྙམ་པའི་སློམ་སེམས་མེད། །དྲན་པས་ཟིན་དང་

(༡༤༠)མ་ཟིན་མེད། །ཡིད་ལ་བྱེད་དང་མི་བྱེད་མེད། །རོ་གཅིག་ཡིན་དང་མ་ཡིན་མེད། །གཉིས་མེད་ཤེས་པ་རང་སོ་ལ། །མཉམ་གཞག་རྗེས་ཐོབ་རིམ་པ་མེད། །རིག་སྟོང་རྒྱུན་ཆད་མེད་པ་ལ། །འཆི་བ་མེད་ཅིང་སྐྱེ་བ་མེད། ཁྱུང་རྩལ་སྒོང་ཤུན་ནང་ནས་རྫོགས། །སྒོང་ཤུན་བྲལ་ནས་ནམ་འཕངས་གཅོད། །སྐུ་གསུམ་ཡོན་ཏན་སེམས་ལ་རྫོགས། །སྒྱུ་ལུས་ཞིག་ནས་གཞན་དོན་འཆར། །དེ་ལྟར་སྒོམ་མེད་ཤར་བ་ལ། །མཉམ་གཞག་རྗེས་ཐོབ་རིམ་པ་མེད། །རྟོགས་པ་ཇི་ལྟར་མཐོ་ཡང་རུང་། །ཇི་སྲིད་གོམས་སུ་ཡོད་རིང་ལ། །མཉམ་གཞག་རྗེས་ཐོབ་གཉིས་སུ་ཡོད། །དྲན་པས་ཟིན་དང་མ་ཟིན་ཡོད། །ཡེངས་དང་མ་ཡེངས་གཉིས་སུ་ཡོད། །གོམས་སུ་མེད་པར་ཤར་ཙམ་ན། །སྒོམ་དུ་མེད་ཅེས་དེ་ལ་བྱ། །ཞེས་གསུངས་སོ། །དེ་ཡང་ལང་ཀར་གཤེགས་པ་ལས་འཇམ་པའི་དབྱངས་ཀྱིས་རྣལ་འབྱོར་ཆེན་པོ་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན་དུ་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ་རང་གི་སེམས་སྣང་བ་རྣམ་པར་སྒོམ་པ་དང་། སྐྱེ་བ་དང་གནས་པ་དང་འཇིག་པའི་ལྟ་བ་རྣམ་པར་སྤོང་བ་དང་། ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རྟོགས་པ་དང་། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཁོང་དུ་ཆུད་པར་མོས་པ་ཡིན་ཏེ། བློ་གྲོས་ཆེན་པོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན་དུ་འགྱུར་རོ། །བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་

(༡༤༡)སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སེམས་སྣང་བ་སྒོམ་པ་ལ་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ་འདི་ལྟར་ཁམས་གསུམ་འདི་ནི་རང་གི་སེམས་ཙམ་སྟེ། བདག་དང་བདག་གི་དང་བྲལ་བ་བདག་ཡོ་བ་མེད་པ། བླང་དང་དོར་བ་དང་བྲལ་བ་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ན་ལེན་།།།གྱུ་བག་ཆགས་ལ་མངོན་པར་ཞེན་པས་བསྒོམས་པ་ཁམས་གསུམ་གྱི་གཟུགས་རྣམ་པ་སྣ་ཚོགས་ལ་ཉེ་བར་སྤྱོད་པས་འབྲེལ་བ། ལུས་དང་ལོངས་སྤྱོད་དང་གནས་དང་འགྲོ་བར་རྣམ་པར་རྟོག་པའི་རྗེས་སུ་སོང་བར་སྣང་ངོ་ཞེས་རབ་ཏུ་རྟོག་སྟེ། བློ་གྲོས་ཆེན་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སེམས་སྣང་བ་རྣམ་པར་སྒོམ་པ་ལ་མཁས་པ་ཡིན་ཏེ། ཞེས་གསུངས་པ་འདིས་ནི་རྩེ་གཅིག་གི་རྣལ་འབྱོར་བསྟན་པ་ཡིན་ཏེ། འདི་ཡང་སེམས་ཙམ་དུ་སྒོམ་པ་དང་བླང་དོར་མེད་པ་དང་། སྤྲོས་པའི་བག་ཆགས་ཀྱིས་བསྒོས་པ་དང་། འབྲེལ་བ་དང་། རྗེས་སུ་སོང་བ་སྟེ་ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ། དང་པོ་ནི་གསལ་སྟོང་ནམ་མཁའ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན་ཡིན་ཞིང་། ཁམས་གསུམ་དུ་སྣང་བ་འདི་ཐམས་ཅད་གསལ་སྟོང་འདི་ཉིད་ཀྱི་རང་བཞིན་དུ་སྣང་ལ། འདི་ཙམ་ཞིག་འཁོར་བར་འཁྱམ་པ་མ་གཏོགས་འདི་ནས་ཕ་རོལ་དུ་འགྲོ་བ་པོའི་བདག་དང་དེའི་བདག་གི་བ་ཡང་འདི་ལས་གཞན་པ་མེད་པས་འཇིག་རྟེན་ཕ་རོལ་དུ་འཕོ་ན་ཡང་སེམས་འདི་ཉིད་འཕོ་བར་ཟད་ཀྱི་དེ་ལས་འཇིག་རྟེན་ཕ་རོལ་དུ་གཡོ་བ་གཞན་ཅི་ཡང་མེད་དོ་སྙམ་དུ་རྟོགས་པར་འགྱུར་རོ། །གཉིས་པ་ནི་གསལ་སྟོང་དུ་གནས་པ་འདི་དང་རྒྱུ་བའི་རྣམ་པར་རྟོག་པ་གཉིས་རྫས་རིགས་གཞན་མ་ཡིན་ཏེ། གསལ་སྟོང་ཉིད་རྣམ་རྟོག་ཏུ་རྒྱུ་བ་ཡིན་པས་རྟོག་པ་དང་གསལ་བ་ལ་བླང་

(༡༤༢)དོར་ཅི་ཡང་མི་དགོས་སོ་སྙམ་པའོ། །གསུམ་པ་ནི་གསལ་སྟོང་དུ་མཐོང་ཡང་སླར་ཡང་རྟོག་པ་མང་དུ་འབྱུང་བ་ན་སྤྲོས་པའི་བག་ཆགས་མ་སྤངས་པར་ཤེས་པའོ། །བཞི་པ་ནི་མཉམ་པར་མ་གཞག་པའི་དུས་སུ་ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་བློ་འདི་དག་ཀྱང་ལོངས་སྤྱོད་པ་པོ་ནི་གསལ་སྟོང་གི་སེམས་དེ་ཉིད་ཡིན་པར་ཤེས་པའོ། །ལྔ་པ་ནི་ལུས་ལོངས་སྤྱོད་གནས་རྣམས་དང་རིགས་དྲུག་གི་འགྲོ་བར་སྣང་བ་འདི་ཐམས་ཅད་སེམས་དེ་ཉིད་དང་བདག་ཉིད་གཅིག་པའི་ཚུལ་གྱིས་འབྲེལ་བར་ཤེས་པ་སྟེ། བསྡུ་ན་འཆར་སྒོའི་རྟོག་པ་ཐམས་ཅད་རྟོག་པ་མེད་པ་དེའི་རང་བཞིན་དུ་ཤེས་པ་ཉིད་ཚུལ་དུ་མས་བརྗོད་པའོ། །འདི་དང་ཕྱོགས་མཐུན་པ་ཞིག་ནི་རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་བྱ་བས་བསྟན་ཏོ། །མདོ་དང་བསྟན་བཅོས་རྣམས་སུ་མིང་དོན་གྱི་འབྲེལ་བ་ཀུན་བརྟགས་སུ་གཏན་ལ་ཕབ་པས་སེམས་ཙམ་ལ་འཇུག་པར་བཤད་པ་དེ་ཡང་འདི་ཙམ་མོ། །རྩེ་གཅིག་གི་རྣལ་འབྱོར་འདི་ནི་ཚོགས་ལམ་དང་དྲོད་ལ་སོགས་པའི་ངེས་པར་འབྱེད་པའི་ཡན་ལག་ཆ་བཞིའི་ངོ་བོ་ཡིན་པར་རྒོད་ཚང་བ་བཞེད་དོ། །བློ་གྲོས་ཆེན་པོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་དང་གནས་པ་དང་འཇིག་པའི་ལྟ་བ་རྣམ་པར་སྤངས་པ་ཡིན་ཞེ་ན། འདི་ལྟ་སྟེ་དངོས་པོ་ཐམས་ཅད་ནི་སྒྱུ་མ་དང་རྨི་ལམ་གྱི་གཟུགས་སྐྱེ་བ་དང་འདྲ་བར་བདག་དང་གཞན་དང་གཉི་ག་མེད་པའི་ཕྱིར་མི་སྐྱེ་སྟེ། རང་གི་སེམས་སྣང་བ་ཙམ་གྱི་རྗེས་སུ་འབྲང་བ་དང་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་མཐོང་ངོ་། །དངོས་པོ་མེད་པར་མཐོང་

(༡༤༣)བས་རྣམ་པར་ཤེས་པ་རྣམས་འཇུག་པ་མེད་པ་དང་རྐྱེན་རྣམས་ཀྱང་ཕུང་པོ་དང་སྤུངས་པ་མེད་པར་མཐོང་ནས་ཁམས་གསུམ་རྣམ་པར་རྟོག་པའི་རྐྱེན་ལས་བྱུང་བར་མཐོང་བས་ཕྱི་ནང་གི་ཆོས་ཐམས་ཅད་མི་དམིགས་ཤིང་རང་བཞིན་མེད་པ་རྗེས་སུ་མཐོང་བའི་ཕྱིར་སྐྱེ་བའི་ལྟ་བ་རྣམ་པར་ལོག་ནས་སྒྱུ་མ་ལ་སོྭ་པའི་ཆོས་ཀྱི་རང་བཞིན་དུ་རྗེས་སུ་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་འཐོབ་སྟེ། དེ་ལྟར་ན་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་དང་གནས་པ་དང་འཇིག་པའི་ལྟ་བ་རྣམ་པར་སྤངས་པ་ཡིན་ཏེ། ཞེས་བྱ་བ་ནི་སྤྲོས་བྲལ་གྱི་རྣལ་འབྱོར་ཏེ། སྤྲོས་བྲལ་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་ངོ་བོ་རྟོགས། །རིག་པ་སྤྲོས་བྲལ་རྒྱུན་ཆད་མེད། །སྐྱེ་འགག་བླང་དོར་མེད་པ་ཡི། །རང་སེམས་ཆོས་སྐུར་གནས་པ་དེ། །རྣལ་འབྱོར་གཉིས་པའི་མཉམ་གཞག་ཡིན། །ཞེས་བཤད་པ་ལྟར་འདི་ལྟ་སྟེ་དངོས་པོ་ཐམས་ཅད་ནི་སྒྱུ་མ་དང་རྨི་ལམ་གྱི་གཟུགས་སྐྱེ་བར་སྣང་ཡང་སྐྱེ་བ་མེད་པ་དང་འདྲ་བར་ངོ་བོ་ཉིད་བདག་དང་གཞན་དང་གཉི་གར་མ་གྲུབ་ཅིང་མདོ་ན་མི་སྐྱེ་བ་ཁོ་ན་ཡིན་ཏེ། ཐམས་ཅད་དུ་གཞི་མེད་ཅིང་རྩ་བ་དང་བྲལ་བར་རྟོགས་པའོ། །རྟོགས་པ་དེའི་ཁྱད་པར་ལྔར་མཆེད་པར་འགྱུར་ཏེ། དང་པོ་སྣང་བ་སེམས་ཀྱི་རྗེས་སུ་འབྲང་བར་མཐོང་བས་སེམས་བདེ་བ་ན་སྣང་བ་ཡང་བདེ་བར་འཆར་ལ། སེམས་སྡུག་བསྔལ་ན་སྣང་བ་ཡང་སྡུག་བསྔལ་ཏེ། སྣང་བ་ཐམས་ཅད་ཀྱི་མཚང་སེམས་ཡིན་པར་རྟོགས་སོ། །གཉིས་པ་ནི་སེམས་ངོ་བོ་ཉིད་མེད་པར་མཐོང་ཞིང་སྣང་བ་སེམས་ཀྱི་འཆར་སྒོར་མཐོང་བས་སྣང་བ་ཡང་ངོ་བོ་ཉིད་མེད་པར་རྟོགས་སོ། །གསུམ་པ་ནི་རྟོགས་པ་དེ་སྐྱེས་པས་དབང་པོ་

(༡༤༤)ནང་དུ་ལོག་སྟེ་རྣམ་པར་ཤེས་པ་ལྔ་རྣམས་ཡུལ་ལ་འཇུག་པ་མེད་པའོ། །བཞི་པ་ནི་རྣམ་ཤེས་སྐྱེ་བའི་རྐྱེན་དབང་པོ་དང་ཡུལ་རྣམ་པ་ལྔ་སྟེ་དེ་དག་དང་རྣམ་རིག་མ་ཡིན་པ་སྟེ་བཅུ་གཅིག་པོ་སྤུངས་པའི་ཕུང་པོ་རྟོག་པ་ཙམ་ལས་ངོ་བོ་ཉིད་མེད་ཅིང་། གང་སྤུངས་པའི་སྤུང་བར་བྱ་བ་བཅུ་གཅིག་པོ་ཡང་ངོ་བོ་ཉིད་དམ་གཞི་མེད་པར་མཐོང་ངོ་། །ལྔ་པ་ནི་རྣལ་འབྱོར་བ་རང་གི་ནང་དང་ཕྱིའི་ཕུང་པོ་རྣམས་ངོ་བོ་ཉིད་མེད་པར་མཐོང་བ་དེ་མཆེད་ནས་ཁམས་གསུམ་པོ་མཐའ་དག་ནང་གི་རྣམ་པར་རྟོག་པའི་རྐྱེན་གྱིས་བཟོས་པ་ལས་བྱུང་བར་ཡང་རྟོགས་ཏེ། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོར་མེད། །ཅེས་པའོ། །རྟོགས་པའི་ལམ་དེ་ལ་འབྲས་བུ་རྣམ་པ་གཉིས་ཏེ། དང་པོ་འདུས་མ་བྱས་ཀྱི་འབྲས་བུ་འགོག་པ་ནི་ཕྱི་ནང་གི་ཆོས་རྣམས་ཐམས་ཅད་མི་དམིགས་ཤིང་རང་བཞིན་མེད་པ་རྗེས་སུ་མཐོང་བའི་ཕྱིར་དངོས་པོ་རང་བཞིན་གྱིས་སྐྱེ་བར་འཛིན་པའི་ལྟ་བ་དང་འཛིན་སྟངས་འགལ་བས་ལོག་ཅིང་དེ་ལོག་པས་ལྟ་བ་ངན་པ་དྲུག་བཅུ་རྩ་གཉིས་ལ་སོགས་པའི་མཐོང་བས་སྤང་བྱ་རྣམས་སྤངས་པའོ། །འདུས་བྱས་ནི་སྒྱུ་མ་ལ་སོགས་པའི་ཆོས་ཀྱི་རང་བཞིན་དུ་རྗེས་སུ་རྟོགས་པས་རྣམ་གྲོལ་ལམ་གྱི་ངོ་བོར་གྱུར་བ་སྒྲའི་རྗེས་སུ་འགྲོ་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་འཐོབ་པའོ། །བཤད་པའི་ཚུལ་དེ་ལྟར་ན་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་དང་གནས་པ་དང་འཇིག་པའི་ལྟ་བ་རྣམ་པར་སྤངས་པ་ཡིན་ཏེ། རྟོགས་པ་འདི་ནི་ས་དང་པོར་ཐོབ་པ་ཡིན་ནོ་ཞེས་རྒོད་ཚང་པ་བཞེད་དོ། །བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རྟོགས་པ་

(༡༤༥)ལ་མཁས་པ་ཡིན་ནོ་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་སྨིག་རྒྱུ་དང་རྨི་ལམ་དང་སྐྲ་ཤད་འཛིངས་པ་ལྟ་བུའོ། །དངོས་པོ་ཐམས་ཅད་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་རྣམ་པར་རྟོག་པའི་བག་ཆགས་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། རང་བཞིན་མེད་པའོ་ཞེས་ཡང་དག་པར་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཕྱི་རོལ་གྱི་དངོས་པོ་ལ་དངོས་པོ་མེད་པར་རབ་ཏུ་རྟོག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པ་ལ་རབ་ཏུ་རྟོག་པ་ལ་མཁས་པ་ཞེས་བྱའོ། །ཞེས་བྱ་བ་འདིས་ནི་རོ་གཅིག་གི་རྣལ་འབྱོར་བསྟན་པ་ཡིན་ཏེ། རོ་གཅིག་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་མཚན་ཉིད་རྟོགས། །རང་སེམས་སྤྲོས་བྲལ་ཆོས་སྐུ་ལས། །འཁོར་འདས་དུ་མར་ཤར་བར་རྟོགས། །རྣལ་འབྱོར་རྟོགས་དང་མ་རྟོགས་དང་། །སྣང་དང་སྣང་མེད་གནས་པ་དང་། །མི་གནས་སྟོང་དང་མི་སྟོང་དང་། །གསལ་དང་མི་གསལ་སྣ་ཚོགས་ཀུན། །འོད་གསལ་ཆོས་སྐུར་རོ་གཅིག་པས། །ཆོས་སྐུ་ཆེན་པོའི་སྣང་བ་མཐོང་། །འོད་གསལ་མིན་པའི་རྟོག་མ་མཐོང་། །དེ་ལྟར་རོ་མཉམ་རྟོགས་པ་དེ། །ཡིད་ཀྱིས་ཟིན་པའི་དུས་ཚོད་དེ། །རྣལ་འབྱོར་གསུམ་པའི་མཉམ་གཞག་ཡིན། །ཞེས་བཤད་པ་ལྟར་ཡུལ་དང་སེམས་ཀྱིས་བསྡུས་པའི་དངོས་པོ་ཐམས་ཅད་ནི་སྨིག་རྒྱུ་དང་རྨི་ལམ་དང་སྐྲ་ཤད་འཛིངས་པ་ལྟ་བུ་ཡིན་པས་བརྫུན་སྣང་ཙམ་ཡིན་ཏེ། སྨིག་རྒྱུའི་ཆུ་ལ་ཆུ་ལོན་མི་དགོས་ཤིང་། རྨི་ལམ་གྱི་བུ་ལ་གསོ་བསྐྱང་མི་དགོས་ལ། སྐྲ་ཤད་ལ་མདུད་པ་མི་དགོས་པ་བཞིན་དུ་སེམས་

(༡༤༦)ཀྱི་ངོ་བོ་ཉིད་མཐོང་བ་ན་སྣང་བ་བཟློག་ཕྱོགས་སུ་ལྟ་བའི་རྩོལ་བ་ཅི་ཡང་མི་དགོས་ཏེ། དེ་བས་ན་དངོས་པོར་སྣང་བ་ཐམས་ཅད་ནི་རང་བཞིན་མེད་པའི་སེམས་ཉིད་དེ་ཉིད་ཡིན་པའོ་ཞེས་རྟོགས་པས་སྣང་བ་དང་ཆོས་ཉིད་རོ་གཅིག་པར་རྟོགས་པའི་ཕྱིར་སྤོང་ལེན་ཅི་ཡང་མེད་དོ། །དེ་ལྟ་ན་ངོ་བོ་མེད་བཞིན་དུ་སོ་སོར་སྣང་བ་འདི་ཅི་ཡིན་སྙམ་ན་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་མཐུ་ལས་སྣང་བ་ཡིན་ཏེ། སྤྲོས་པའི་གནས་ངན་ལེན་ཞེས་བྱ་བ་ཡང་རྣམ་པར་རྟོག་པ་ནི་སྤྲོས་པ་ཡིན་ལ། དེའི་བག་ཆགས་ནི་གནས་ངན་ལེན་ཡིན་ཞིང་། དེ་ལས་རི་དང་ཁང་ཁྱིམ་ལ་སོགས་པ་རྣམ་པ་སྣ་ཚོགས་སུ་སྣང་བ་ལ་ཡང་རྒྱུའི་མིང་གིས་འབྲས་བུ་ལ་བཏགས་ནས་བག་ཆགས་སུ་བརྗོད་པ་ཡིན་ཏེ། ནད་མཐོང་བ་ན་འདི་ནི་དུག་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །སྣ་ཚོགས་པ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་སྐྱེ་ཞིང་དེས་བག་ཆགས་གཞག་པ་ལས་ཡང་དེ་འདྲ་བ་བྱུང་བ་ཡིན་ཏེ། དེ་ལྟར་ན་བག་ཆགས་དང་རྣམ་རྟོག་རེ་མོས་ཀྱི་འཁྲུལ་འཁོར་འདི་ནི་ཐོག་མ་མེད་པའི་དུས་ཅན་ཡིན་ལ། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་བྱ་བས་བག་ཆགས་ཀྱི་རྟེན་ནི་རང་བཞིན་གྱིས་འོད་གསལ་བའི་སེམས་ཉིད་དོ། །དེ་ལྟར་སེམས་དང་སྣང་བ་རོ་གཅིག་ཏུ་རྟོགས་པས་ན་རོ་གཅིག་གི་རྣལ་འབྱོར་ཞེས་བྱ་སྟེ། འདི་ནི་ས་གཉིས་པ་ནས་བདུན་པའི་བར་དུ་ཡིན་པར་རྒོད་ཚང་པ་བཞེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཕྱི་རོལ་གྱི་དངོས་པོ་ལ་དངོས་པོ་མེད་པར་རབ་ཏུ་རྟོག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རབ་ཏུ་རྟོག་པ་ལ་མཁས་

(༡༤༧)པ་ཞེས་བྱའོ། །བློ་གྲོས་ཆེན་པོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཁོང་དུ་ཆུད་པར་མོས་པ་ཡིན་ཞེ་ན། འདི་ལྟ་སྟེ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས་ས་བརྒྱད་པ་ལ་གནས་ཏེ་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཆོས་ལྔ་དང་རང་བཞིན་དང་བདག་མེད་པ་གཉིས་རྟོགས་པ་རབ་ཏུ་གྱུར་པ་ཁོང་དུ་ཆུད་པའི་ཕྱིར་ཡིད་ཀྱི་ལུས་ཀྱང་རབ་ཏུ་འཐོབ་བོ། །ཞེས་བྱ་བ་འདིས་ནི་སྒོམ་མེད་ཀྱི་རྣལ་འབྱོར་བསྟན་ཏེ། སྒོམ་མེད་རྣལ་འབྱོར་ཤར་དུས་སུ། །རིག་པའི་ངོ་བོ་རྟེན་དང་བྲལ། །རྣལ་འབྱོར་པ་ལ་སྒོམ་རྒྱུ་མེད། །སྒོམ་མཁན་མི་འདུག་ཕྱལ་བར་སོང་། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི། །སངས་རྒྱས་རང་ལ་ཚང་ངོ་ཟེར། །འདི་རང་ཡིན་པར་ད་གདོད་ཤེས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ། །འདི་རང་ཡིན་པར་དོན་ཐག་ཆོད། །ཡེ་ནས་གནས་པའི་དངོས་གྲུབ་ལ། །ཐོབ་སྙམ་པའི་རློམ་སེམས་མེད། །དྲན་པས་ཟིན་དང་མ་ཟིན་མེད། །ཡིད་ལ་བྱེད་དང་མི་བྱེད་མེད། །རོ་གཅིག་ཡིན་དང་མ་ཡིན་མེད། །གཉིས་མེད་ཤེས་པ་རང་སོ་ལ། །མཉམ་གཞག་རྗེས་ཐོབ་རིམ་པ་མེད། །རིག་སྟོང་རྒྱུན་ཆད་མེད་པ་ལ། །འཆི་བ་མེད་ཅིང་སྐྱེ་བ་མེད། ཁྱུང་རྩལ་སྒོང་ཤུན་ནང་ནས་རྫོགས། །སྒོང་ཤུན་བྲལ་ནས་ནམ་འཕངས་གཅོད། །སྐུ་གསུམ་ཡོན་ཏན་སེམས་ལ་རྫོགས། །ལུས་རྒྱ་ཞིག་ནས་གཞན་དོན་འཆར། །དེ་ལྟར་སྒོམ་མེད་ཤར་བ་ལ། །མཉམ་གཞག་རྗེས་ཐོབ་རིམ་པ་མེད། །རྟོགས་པ་ཇི་ལྟར་མཐོ་ཡང་རུང་། །ཇི་སྲིད་གོམས་སུ་ཡོད་རིང་ལ། །མཉམ་གཞག་རྗེས་ཐོབ་གཉིས་སུ་ཡོད། །དྲན་པས་ཟིན་དང་

(༡༤༨)མ་ཟིན་ཡོད། །ཡེངས་དང་མ་ཡེངས་གཉིས་སུ་ཡོད། །གོམས་སུ་མེད་པར་ཤར་ཙམ་ན། །སྒོམ་དུ་མེད་ཅེས་དེ་ལ་བྱ། །ཞེས་བཤད་པ་ལྟར་སོ་སོ་རང་གི་ཡེ་ཤེས་ཞེས་བྱ་བ་ནི་འདི་ཉིད་ལས། གཅིག་པུ་དབེན་པར་སོང་སྟེ་ཚད་མ་དང་ཡིད་བརྟན་པའི་ལུང་ལ་རྣམ་པར་རྟོག་པ་མེད་པས་སོ་སོ་རང་གི་བློས་རྣམ་པར་དཔྱོད་དེ། གཞན་གྱི་དྲིང་ལ་མི་འཇོག་ཅིང་ལྟ་བ་དང་རྣམ་པར་རྟོག་པ་སྤངས་པར་གོང་ནས་གོང་དུ་དེ་བཞིན་གཤེགས་པའི་ས་ལ་རབ་ཏུ་འཇུག་པར་འབད་དོ། །བློ་གྲོས་ཆེན་པོ་དེ་ནི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་རྟོགས་པའི་མཚན་ཉིད་དེ། ཞེས་འབྱུང་བའི་ཕྱིར་ཐ་མལ་པའི་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་དང་ཡིད་བརྟན་པའི་ལུང་ལ་མི་ལྟོས་པས་གང་ཟག་སུའི་ཡང་ཚད་མ་ལ་མི་བརྟེན་པར་རྣལ་འབྱོར་པ་རང་གིས་སོ་སོ་རང་རིག་པའི་ཕྱིར་སོ་སོ་རང་གིས་ཁོང་དུ་ཆུད་པ་ཞེས་བྱའོ། །འདི་ཉིད་ལ་སྒོམ་མེད་ཅེས་བྱ་སྟེ། སྒོམ་པར་འདོད་པའི་རྩོལ་བ་དང་སྒོམ་པའི་མཚན་མའི་རྟོག་པ་ལ་ཡང་སྒོམ་ཞེས་མིང་དུ་ཐོགས་པས་འདིར་དེ་མེད་པའི་ཕྱིར་རོ། །འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་རྟོགས་པའི་ཡུལ་ལ་མངོན་པར་མོས་སོ་ཞེས་པ་ལ་མོས་པ་ཞེས་བྱ་བ་ནི་ས་བརྒྱད་པ་སོགས་དངོས་མ་ཡིན་ཀྱང་མོས་པ་ཡིད་ལ་བྱེད་པ་གནས་སྐབས་ཀྱི་སོ་སོ་རང་རིག་གཟུང་ངོ་། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་གསུང་རབ་དག་ལས་མང་དུ་འབྱུང་སྟེ། བསམ་པའི་ཤེས་རབ་ཀྱིས་ལེགས་པར་བརྟགས་ནས་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་བཟོད་པ་ལ་བཟོད་པ་དང་པོ་ཞེས་བརྗོད་དོ། །ས་དང་པོར་ནི་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཞེས་བརྗོད་དོ། །ས་དྲུག་པར་ནི་རྗེས་སུ་འཐུན་པའི་བཟོད་པ་ཞེས་བརྗོད་དོ། །ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་

(༡༤༩)ཐོབ་པ་ནི་ས་སྔ་མ་རྣམས་སུ་མཉམ་གཞག་ཏུ་མི་སྐྱེ་བའི་ཆོས་རྟོགས་ནས་དེ་ལས་ལྡང་བ་ཡིན་པ་ལ། ས་བརྒྱད་པར་ནི་མི་སྐྱེ་བའི་ཆོས་རྟོགས་ནས་དེ་ལས་ལྡང་བ་མེད་པས་ཤིན་དུ་བཟོད་པའི་ཕྱིར་བཟོད་པ་མཆོག་ལ་བཟོད་པའི་མིང་གིས་བཏགས་པ་ཡིན་ཏེ། བྱ་བ་བཟང་པོ་ནུས་པའི་སྐྱེས་བུ་ལ་ཕོ་སྐྱེས་པ་ཞེས་ཟེར་བ་བཞིན་ཏེ། །དེ་ཡང་འགའ་ཞིག་སྟན་གཅིག་ལ་ཟླ་བ་གཅིག་གི་བར་དུ་འདུག་ནུས་ཀྱང་ཟླ་བ་གཉིས་པ་ཤར་བ་ན་ལྡང་དགོས་ན་དེས་སྟན་དེ་ཅུང་ཟད་མ་བཟོད་པ་ཡིན་པ་བཞིན་དུ་ས་སྔ་མ་རྣམས་སུ་ཡང་དེ་དང་འདྲའོ། །བཟོད་པ་དེས་ས་བརྒྱད་པ་ལ་གནས་པའི་ཚེ་སེམས་previous hit ཀུནགཞི་དང་ཉོན་མོངས་པ་ཅན་གྱི་ཡིད་དང་རྣམ་པར་རྟོག་པ་ཅན་གྱི་ཡིད་དང་བཅས་པའི་རྣམ་པར་ཤེས next hit་པ་ལྔ་རྣམས་གནས་གྱུར་ལ། ཆོས་ལྔ་ལས་མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་རྣམས་གནས་གྱུར་ཅིང་། རང་བཞིན་གསུམ་དང་བདག་མེད་པ་གཉིས་ཀྱང་འདིར་ལྷག་པར་རྟོགས་ཏེ་ས་བདུན་པ་མན་ཆད་དུ་ཡིད་ཀྱི་རྣམ་པར་རྟོག་པའི་སྣང་བ་མ་ལོག་པས་ཀུན་བརྟགས་མ་ལོག་ལ། ཡིད་ཀྱི་རྣམ་པར་རྟོག་པ་ཉིད་མ་ལོག་པས་གཞན་དབང་མ་ལོག་ཅིང་། ས་བདུན་པའི་བར་དུ་བདག་གཉིས་སུ་རྟོག་པའི་བག་ཆགས་མ་སྤངས་ཀྱང་ས་བརྒྱད་པ་འདིར་དེ་དག་ལོག་པས་ལེགས་པར་རྟོགས་པའི་ཕྱིར་རང་བཞིན་དང་བདག་མེད་པ་གཉིས་རྟོགས་པ་རབ་ཏུ་གྱུར་པ་ཁོང་དུ་ཆུད་པ་ཡིན་ནོ། །ཡིད་ཀྱི་ལུས་འཐོབ་པ་ཡང་ས་འདིར་ཆོས་ཀྱི་ངོ་བོ་ཉིད་རྟོགས་པའི་ཡིད་ཀྱི་ལུས་ཐོབ་པས་ཁྱད་པར་ཅན་ལ་མིང་དུ་བཏགས་ནས་དེ་སྐད་དུ་བཤད་པ་ཡིན་ཏེ། ཡིད་ཀྱི་ལུས་རྒྱས་པར་ནི་གཞུང་ཉིད་ཀྱིས་ཡིད་ཀྱི་ལུས་འཆད་པའི་སྐབས་སུ་མདོ་འདི་ཉིད་

(༡༥༠)དྲངས་ཏེ་འཆད་པར་འགྱུར་རོ། །ལང་ཀར་གཤེགས་པའི་མདོ་འདི་ལ་གསུང་གི་སྙིང་པོ་ཞེས་བྱ་བ་ཆུང་བ་དང་། དེ་ལས་ཆེ་སྟོད་ན་ལང་ཀའི་བདག་པོ་ལ་གསུངས་པ་དག་དང་། སྨད་ན་ཚིགས་སུ་བཅད་པ་དགུ་བརྒྱ་ལྷག་པ་ཞིག་གིས་མང་ཞིང་ཆེ་བ་གཉིས་ཡོད་པ་ལས་རྣལ་འབྱོར་ཆེན་པོའི་སྐབས་འདིར་གཉི་ག་ཅུང་ཟད་འཁྲུགས་སྣང་སྟེ། ཆུང་བ་ལ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རྟོགས་པ་རྣལ་འབྱོར་གཉིས་པར་བྱས་ཤིང་ཆེ་བ་ལ་གསུམ་པར་བྱས་ཏེ། དེ་ནི་ཡེ་ཤེས་དཔལ་བཟང་གྱི་འགྲེལ་བ་དང་ཡང་མཐུན་པས་གསུམ་པར་བྱས་པ་ཉིད་ལེགས་སོ། །སོ་སོའི་རྒྱས་བཤད་ཀྱི་སྐབས་ཀྱི་གཞུང་ཆེ་བ་ལ་འཁྲུགས་ཤིང་། ཆུང་བ་ལ་མ་འཁྲུགས་པར་སྣང་ངོ་། །ཡིད་ཀྱི་ལུས་ཐོབ་པ་ཙམ་ནི་ས་དམའ་མོ་ནས་ཡོད་དོ། །ཅིའི་ཕྱིར་ཞེ་ན། དཔལ་ཕྲེང་ལས་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡིད་ལུས་གསུམ་གསུངས་པ་ལས་དགྲ་བཅོམ་པ་དང་རང་རྒྱལ་གྱི་ཡིད་ཀྱི་ལུས་ཕུང་པོའི་ལྷག་མ་མེད་པའི་སྐབས་སུ་འཐོབ་པ་ཡིན་ལ། ཡིད་ཀྱི་ལུས་ཅན་གཉིས་པོ་དེ་དག་ཐེག་པ་ཆེན་པོར་འཇུག་པ་ན་མོས་པས་སྤྱོད་པའི་གནས་སྐབས་ནས་འཇུག་པར་སློབ་དཔོན་སངས་རྒྱས་གསང་བས་བཤད་དེ། དེ་བས་ན་མོས་པས་སྤྱོད་པའི་གནས་སྐབས་ན་ཡང་ཡིད་ཀྱི་ལུས་ཐོབ་ཅེས་བྱའོ། །དེ་ཡང་ཉན་ཐོས་དང་རང་རྒྱལ་བས་འབྲས་བུ་ཇི་ཙམ་ཞིག་འཐོབ་པ་དང་། དེ་དག་གི་ལམ་ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པར་འགྱུར་བའི་ཁྱད་པར་དང་། དེ་དག་གིས་བདག་མེད་པ་རིམ་གྱིས་ཇི་ལྟར་རྟོགས་པ་དང་། དེ་དང་དང་པོ་ཉིད་ནས་ཐེག་པ་ཆེན་པོར་ཞུགས་པའི་བྱང་ཆུབ་སེམས་དཔས་འཇིག་རྟེན་པའི་སེམས་

(༡༥༡)བརྒྱ་དྲུག་བཅུ་ལས་འདའ་བའི་དུས་དང་། མོས་པས་སྤྱོད་པའི་གནས་སྐབས་ན་བདེན་པ་མཐོང་བ་ཇི་ལྟར་ཡོད་པ་དང་། གནས་སྐབས་དེ་ན་འབྲས་བུའི་ས་བཅུ་དང་རྗེས་སུ་མཐུན་ཅིང་དེ་དག་གི་ཡན་ལག་ཏུ་གྱུར་པའི་ས་བཅུ་པོ་ཇི་ལྟར་ཡོད་པའི་རྣམ་པར་གཞག་པ་རྣམས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་དང་། དེའི་བསྡུས་པའི་དོན་གྱི་འགྲེལ་བ་ལས་གསུངས་པ་རྣམས་འདིར་དྲང་བར་བྱ་སྟེ། ཆོས་རྒྱ་ཆེན་པོ་མཐོང་བའི་མིག་ཐོབ་པ་ལས་བྱུང་བའི་དད་པ་དང་ལྡན་པས་ཆོས་ལ་སྐུར་བ་འདེབས་པ་མི་འབྱུང་བར་བྱ་བའི་ཕྱིར་ཏེ། དེ་ཡང་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་པའི་དོན་གྱི་འགྲེལ་བར། དེ་ལ་འཇུག་པ་ཡང་འདི་ལས་སེམས་ཅན་དབང་པོ་བརྟུལ་པོ་དང་དབང་པོ་རྣོན་པོའི་བྱེ་བྲག་གིས་གང་ཟག་ལ་བདག་མེད་པར་རྟོགས་པ་དང་། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་སྒོ་ནས་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ལ་དབང་པོ་བརྟུལ་པོ་ནི་དང་པོ་ཉིད་དུ་འཇིག་རྟེན་པའི་འབའ་ཞིག་པའི་ལམ་སྤངས་ནས་གང་ཟག་ལ་བདག་མེད་པར་རྟོགས་པའི་ལམ་ལ་ཞུགས་ཏེ། འོག་ནས་འདོད་ཆགས་ཀྱི་སེམས་ལ་སོགས་པའི་མཚན་ཉིད་ཅན་འཇིག་རྟེན་པའི་སེམས་བརྒྱ་དྲུག་བཅུ་འབྱུང་བ་ལྟ་བུ་རྣམ་པར་སུན་ཕྱུང་ནས་གང་ཟག་ལ་བདག་མེད་པར་རྟོགས་པར་བྱེད་དེ། འདོད་ཆགས་ཀྱི་སེམས་དང་། ཞེ་སྡང་གི་སེམས་དང་། བྱམས་པའི་སེམས་དང་། གཏི་མུག་གི་སེམས་དང་། ཞེས་བྱ་བ་ལ་སོགས་པ་རྒྱས་པར་བྱ་སྟེ། འཇིག་རྟེན་པའི་སེམས་བརྒྱ་དྲུག་བཅུ་བསྐལ་པ་གསུམ་གྱིས་འདས་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་སྟེ། འདི་ལྟ་

(༡༥༢)སྟེ། འདི་ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། །དབང་པོའི་གྲོང་ཁྱེར་ཁམས་རྣམས་ཀྱིས། །འཇིག་རྟེན་དོན་མེད་རྣམ་པར་ཉམས། །ཤེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ཏེ། རྣལ་འབྱོར་པ་དབང་པོ་རྣོན་པོ་ནི་དང་པོ་ཉིད་དུ་བདག་ལ་སོགས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དག་བསལ་ཏེ། འཇིག་རྟེན་པའི་སེམས་བརྒྱ་དྲུག་བཅུ་ལས་འདས་ནས་གང་ཟག་དང་ཆོས་ལ་བདག་མེད་པ་ལ་འཇུག་སྟེ། གསང་བ་པའི་བདག་པོ་གཞན་ཡང་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་རྣམ་ལ་ཆོས་ལ་བདག་མེད་པའི་སེམས་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་སྔོན་སྤྱད་པ་སྤྱོད་ཅིང་ཕུང་པོའི་གནས་རྣམ་པར་འཇིག་པ་ན་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། བྲག་ཆ་དང་། མགལ་མེའི་འཁོར་ལོ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུའི་སེམས་སྐྱེའོ། །གསང་བ་པའི་བདག་པོ་དེའི་ཕྱིར་དེ་དག་གི་སེམས་ཀྱི་དབང་དུ་བྱས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤང་བར་བྱ་བ་སྟེ། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་ལྟ་བས་ན་དེ་ལྟར་དབང་པོ་བརྟུལ་པོ་དང་། དབང་པོ་རྣོན་པོ་དག་ལས་ཅིག་ཤོས་གང་ཟག་ལ་བདག་མེད་པའི་ལམ་གོམས་པར་བྱེད་པའམ། དབང་པོ་རྣོན་པོ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པའི་ལམ་གོམས་པར་བྱེད་པ་ན། རྣལ་འབྱོར་བ་དབང་པོ་བརྟུལ་པོ་འདོད་ཆགས་ལ་སོགས་པ་འཇིག་རྟེན་པའི་སེམས་བརྒྱ་དྲུག་བཅུ་སྤངས་པ་སྔོན་དུ་འགྲོ་བ་ཅན་རིམ་གྱིས་རྒྱུན་དུ་ཞུགས་པའི་འབྲས་

(༡༥༣)བུ་ལ་འཇུག་པ་ལ་སོགས་པ་འབྲས་བུ་བརྒྱད་ཐོབ་ནས་ཕྱིས་ཕུང་པོ་ལ་སོགས་པ་དེ་དག་ཉིད་ལ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུར་ཞུགས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འདུ་ཤེས་མ་ལུས་པར་བྲལ་བས། དེ་དག་ཞི་བ་སྟོང་པ་ཉིད་ཀྱི་མཚན་ཉིད་ཁོ་ནར་རྟོགས་པར་འགྱུར་ཏེ། དེ་སྐད་དུ། གསང་བ་པའི་བདག་པོ་དེ་ལ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་རྣམས་ལ་ཡང་ཕུང་པོ་དག་ལ་ཡོད་དོ་ཡོད་དོ་སྙམ་པའི་བློ་ཉེ་བར་སྐྱེའོ། །གང་གི་ཚེ་ཕུང་པོ་དག་ལ་འདོད་ཆགས་དང་བྲལ་བ་བསྐྱེད་པ་དེའི་ཚེ་དབུ་བ་དང་ཆུའི་ཆུ་བུར་དང་སྨིག་རྒྱུ་དང་མཚུངས་པར་འཇིག་པས་རྣམ་པར་གྲོལ་བར་འགྱུར་ཏེ། འདི་ལྟ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཆོས་ཉིད་ཀྱི་རང་གི་ངོ་བོ་ཞི་བའི་དབྱིངས་རྟོགས་པར་འགྱུར་རོ། །གསང་བ་པའི་བདག་པོ་འཇིག་རྟེན་ལས་འདས་པའི་སེམས་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའི་སེམས་ཀྱི་ཁྱད་པར་བརྒྱད་དང་འབྲེལ་བ་ལས་དང་ཉོན་མོངས་པའི་དྲ་བ་དང་བྲལ་བ་འདི་ནི་རྣལ་འབྱོར་བ་དག་ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ཏེ། ཞེས་འབྱུང་བ་ལ། དབང་པོ་བརྟུལ་པོ་ནི་ཉན་རང་ཡིན་ལ། རྣོན་པོ་ནི་བྱང་ཆུབ་སེམས་དཔའོ། །དང་པོ་ཉིད་དུ་ཞེས་པ་ནི་ཐེག་པ་གཞན་དང་གཞན་ནས་བརྒྱུད་པ་མ་ཡིན་པར་ཉན་ཐོས་ཀྱི་ཐེག་པ་ལ་གསར་དུ་ཞུགས་པའོ། །འཇིག་རྟེན་པའི་འབའ་ཞིག་པའི་ལམ་ནི་བྱེ་བྲག་པས་འདོད་པའི་ཡོན་ཏན་དང་བྲལ་བའི་བདག་འབའ་ཞིག་པར་ལྟ་བ་ལ་སོགས་པ་སྟེ་མུ་སྟེགས་ཅན་གྱི་བདག་ལྟ་རྣམས་སོ། །འཇིག་རྟེན་པའི་སེམས་བརྒྱ་དྲུག་བཅུ་

(༡༥༤)ཞེས་པ་ནི་འདོད་ཆགས་ཀྱི་སེམས་ནས། སྐྱེ་བར་འགྱུར་བའི་སེམས་ཀྱི་བར་ཉོན་མོངས་པ་དྲུག་བཅུའོ། །དྲུག་བཅུ་པོ་དེ་རེ་རེ་དང་ཡང་གཉིས་གཉིས་གཅིག་ཏུ་བྱས་པ་དང་གསུམ་གསུམ་གཅིག་ཏུ་བྱས་པ་དང་བཞི་བཞི་གཅིག་ཏུ་བྱས་པ་དང་ལྔ་ལྔ་གཅིག་ཏུ་བྱས་པ་དང་དྲུག་དྲུག་གཅིག་ཏུ་བྱས་པ་དང་བརྒྱད་བརྒྱད་གཅིག་ཏུ་བྱས་པ་དང་བཅུ་བཅུ་གཅིག་ཏུ་བྱས་ནས་བརྒྱ་དྲུག་བཅུར་འགྱུར་བ་ལས་ཡིན་གྱི་རྫས་ནི་དྲུག་བཅུ་པོ་ཉིད་དོ། །ལྟ་བུ་ཞེས་པ་ནི་དེ་དང་འདྲ་བའི་ཉོན་མོངས་གཞན་དག་ཀྱང་གཟུང་ངོ་། །རྣམ་པར་སུན་ཕྱུང་བ་ནི་དེ་དག་སྤོང་བར་བྱེད་པའོ། །བསྐལ་པ་གསུམ་གྱིས་འདས་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་སྟེ་ཞེས་པ་ནི་ཐེག་པ་ལ་གསར་དུ་ཞུགས་ནས་མྱུར་བ་ཚེ་གསུམ་དང་རིང་བ་བསྐལ་པ་གསུམ་གྱིས་མི་སློབ་པ་དགྲ་བཅོམ་པར་འགྱུར་ཞེས་པའོ། །འདི་ནི་ཕུང་པོ་ཙམ་ཉིད་དེ། ཞེས་བྱ་བ་ལ་སོགས་པ་ནི་གང་ཟག་གི་བདག་མེད་པ་རྟོགས་པའི་ཚུལ་ཏེ། གང་ཟག་གི་བདག་ནི་མེད་ལ། ཕུང་པོ་ཙམ་ཞིག་འཁོར་བར་འཁྱམས་སོ་ཞེས་ཤེས་པའོ། །བདག་ལ་སོགས་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བསལ་ཏེ། འཇིག་རྟེན་པའི་སེམས་བརྒྱ་དྲུག་བཅུ་ལས་འདས་ནས་གང་ཟག་དང་ཆོས་ལ་བདག་མེད་པ་ལ་འཇུག་སྟེ། ཞེས་པ་ནི་གང་ཟག་གི་བདག་དང་སོགས་པས་ནི་སྐྱེས་བུ་དང་ཁྱབ་པ་ལ་སོགས་པ་མུ་སྟེགས་བྱེད་ཀྱིས་བརྟགས་པ་རྣམས་ཀྱང་བསལ་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པའི་བར་གྱི་ཆོས་སུ་མངོན་པར་ཞེན་པ་སེམས་ཙམ་གྱི་ལྟ་བས་བསལ་ཞིང་དེས་འཇིག་རྟེན་པའི་སེམས་བརྒྱ་དྲུག་བཅུ་ལས་འདས་ནས་གང་ཟག་དང་ཆོས་

(༡༥༥)ཀྱི་བདག་མེད་པ་ལ་འཇུག་པ་སྟེ། ཇི་ལྟར་ཉན་ཐོས་ཀྱི་གང་ཟག་ལ་བདག་མེད་པའི་ལྟ་བས་འཇིག་རྟེན་པའི་སེམས་ལས་འདའ་བར་ནུས་པ་བཞིན་དུ། བྱང་ཆུབ་སེམས་དཔའི་ལམ་དུ་སེམས་ཙམ་གྱི་ལྟ་བས་ཀྱང་ནུས་ཤེས་པ་སྟེ་དབང་པོ་རྣོན་པོས་འཇིག་རྟེན་པའི་སེམས་ལས་འདའ་བའི་དུས་བསྟན་ཏོ། །གསང་བ་པའི་བདག་པོ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་གཞན་གྱི་དྲིང་མི་འཇོག་པ་ནི་དབང་པོ་ཆེས་རྣོ་བའི་དབུ་མ་པའོ། །ཕུང་པོའི་གནས་ནི་ཕུང་པོའི་གདགས་གཞི་སྟེ། དེ་རྣམ་པར་འཇིག་ཅིང་མེད་པར་རྟོགས་པའོ། །འདིར་ཆོས་ལ་བདག་མེད་ནི་རྣམས་པ་གཉིས་ཏེ། སེམས་ཙམ་པས་རྟོགས་པ་གཟུང་འཛིན་དང་བྲལ་བའི་སེམས་དོན་དམ་དུ་ཁས་ལེན་པ་དང་། དབུ་མ་པས་དེ་ཡང་མེད་པར་རྟོགས་པའོ། །དེས་ན་གཟུང་འཛིན་དང་བྲལ་བའི་སེམས་ཀྱི་དབང་དུ་བྱས་པའི་ཆོས་བདག་མེད་དེ་ལྟ་བུ་དབུ་མ་པས་སྤང་བར་བྱ་བ་ཡིན་ཏེ། ཀྱང་ནི་གཟུང་འཛིན་དུ་མངོན་པར་ཞེན་པ་མན་ཆད་ཀྱི་ཆོས་ཀྱི་བདག་ཏུ་འཛིན་པ་སྤོང་བར་མ་ཟད་ཅེས་པའོ། །དེ་ལྟ་བས་ན་ཞེས་པ་ནས། ཞི་བའི་དབྱིངས་རྟོགས་པར་འགྱུར་རོ། །ཞེས་པའི་བར་ནི་ཉན་ཐོས་ཀྱི་ལམ་དུ་དགྲ་བཅོམ་པ་ཐོབ་ནས་ཀྱང་ཐེག་ཆེན་ལ་འཇུག་ཁར་ཆོས་བདག་མེད་པ་རྟོགས་པ་ཡོད་དེ། དེའི་སྔ་རོལ་དུ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་གནས་སྐབས་སུ་ཕུང་པོ་ལ་སོགས་པ་ཡོད་པར་འཛིན་པས་ཆོས་སུ་འཛིན་པ་ཡོད་དོ་ཞེས་པའོ། །འཇིག་རྟེན་ལས་འདས་པའི་སེམས་འབྲས་བུ་ལ་ཞུགས་པ་བཞི་དང་གནས་པ་བཞི་སྟེ་བརྒྱད་པོའི་ལམ་ནི་མི་རྟག་སོགས་བཅུ་དྲུག་པོ་རྟོགས་པ་ན། འཇིག་

(༡༥༦)རྟེན་ལ་ལྟོས་དེ་ཉིད་མཐོང་། །ཞེས་བྱ་བའི་ཚུལ་གྱིས་རྣལ་འབྱོར་ཀུན་རྫོབ་རྟོགས་པས་ཡང་དག་པའི་ཀུན་རྫོབ་ཀྱི་དབང་དུ་ནི་ཕྱིན་ཅི་མ་ལོག་པ་ཡིན་ལ། དོན་དམ་པའི་བདེན་པ་ཆོས་བདག་མེད་མ་རྟོགས་པས་ནི་ཕྱིན་ཅི་ལོག་དང་འབྲེལ་ཏེ། ལང་ཀར་གཤེགས་པར་ཡང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། །ལན་ཅིག་ཕྱིར་འོང་དེ་བཞིན་ཏེ། །དེ་བཞིན་ཕྱིར་མི་འོང་བ་དང་། །དགྲ་བཅོམ་ཉིད་ཀྱང་སེམས་བསླད་པའོ། །ཞེས་གསུངས་པའི་ཕྱིར་ཏེ། ལས་དང་ཉོན་མོངས་པའི་དྲ་བ་དང་བྲལ་བ་ཞེས་བྱ་བ་ནི་ལྷག་མ་དང་བཅས་པའི་གནས་སྐབས་སུ་ཀུན་དུ་ལྡང་བའི་ཉོན་མོངས་ཀྱི་དྲ་བ་དང་བྲལ། ལྷག་མ་མེད་པའི་སྐབས་སུ་ལས་ཀྱི་དྲ་བ་དང་ཡང་བྲལ་ཏེ། ཉོན་མོངས་པའི་བག་ཆགས་ནི་མ་བྲལ་ལོ། །ཡང་བསྡུས་དོན་འགྲེལ་བར། གོངས་སུ་བཤད་པའི་ཚུལ་གྱིས་ན་རྣལ་འབྱོར་བ་དབང་པོ་རྣོན་པོ་དང་དབང་པོ་བརྟུལ་པོའི་རིམ་གྱིས་གང་ཟག་དང་ཆོས་ལ་བདག་མེད་པའི་ལམ་ལ་ཞུགས་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྣང་བ་སེམས་རྨོངས་པར་བྱེད་པ་ལ་ཞུགས་པ་གཉི་ག་ཡང་མོས་པས་སྤྱོད་པའི་ས་རྟོགས་པར་བྱ་བའི་ཕྱིར་འབད་པ་རྩོམ་པར་བྱེད་དེ། དེའི་རིམ་པ་ནི་འདིའོ། །གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་ལམ་ཇི་ལྟར་ཁོང་དུ་ཆུད་པ་དེ་ཉིད་འཇུག་པ་དང་། གནས་པ་དང་། ལྡང་བའི་སེམས་མངོན་དུ་བྱེད་པའི་སྒོམ་པས་གོམས་པར་བྱེད་ཅིང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པའི་སྤྱོད་པ་སྒྲུབ་པ་སྔོན་དུ་འགྲོ་བའི་རྗེས་སུ་འཛིན་པ་ན་ས་བཅུ་ལ་འཇུག་པར་བྱེད་པ་རྣམས་དང་། དེ་དག་གི་རྒྱུ་

(༡༥༧)མཐུན་པ་ལུས་དང་ངག་དང་ཡིད་ཀྱི་ཡོན་ཏན་རྣམས་མ་ཐོབ་ཀྱང་ཐོས་པ་དང་བསམ་པས་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་དེ་དག་ལ་འཇུག་པའི་ཆོས་ཀྱི་ཚིག་དག་གིས་བསྙད་པ་རྣམས་ལ་དེ་ཁོ་ན་ལྟར་ཡིན་ཏེ་ཞེས་མོས་པ་ནི་མོས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མོས་པ་སྔོན་དུ་འགྲོ་བ་ཅི་རིགས་པར་རང་དང་གཞན་གྱི་དོན་སྒྲུབ་པའི་ངོ་བོ་གང་ཡིན་པ་དེ་ནི་མོས་པས་སྤྱོད་པ་ཡིན་ཏེ། མོས་པས་སྤྱོད་པ་ཉིད་གཞིའི་དོན་གྱིས་ས་ཡིན་ཏེ། མོས་པས་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་འདའ་བར་འགྱུར་རོ་ཞེས་སྟོན་པར་མཛད་ཏེ། མོས་པ་ཡིས་ནི་སྤྱོད་པའི་ས། །སེམས་གསུམ་རྣམ་པར་སྒོམ་པ་སྟེ། །ཕ་རོལ་ཕྱིན་རྣམས་སྤྱོད་པ་དང་། །བསྡུ་བ་དག་ནི་བཞི་པོ་ཡིས། །མོས་པའི་ས་ནི་མཚུངས་པ་མེད། །དཔག་ཏུ་མེད་ཅིང་བསམ་མི་ཁྱབ། །དཔག་མེད་ཡེ་ཤེས་འབྱུང་བ་ནི། །སེམས་བཅུ་དག་གིས་ཐོབ་པར་འགྱུར། །ངས་གང་ཅུང་ཟད་བརྗོད་པ་ནི། །ཐམས་ཅད་འདི་ཡིས་ཐོབ་པར་འགྱུར། །དེ་ཕྱིར་ཐམས་ཅད་མཁྱེན་པའི་ས། །མོས་པ་ཞེས་ནི་བྱ་བར་བཤད། །བློ་ལྡན་བསྐལ་པ་གཅིག་གིས་ནི། །ས་ལས་ཡང་དག་འདའ་བར་འགྱུར། །ཞེས་གང་གསུངས་པ་ཡིན་ཏེ། གཞན་ཡང་སེམས་གསུམ་རྣམ་པར་སྒོམ་པ་མོས་པས་སྤྱོད་པའི་སར་བཤད་པ་འདི་ཉིད་དང་། ཡེ་ཤེས་ཀྱི་ས་བཅུ་རྫོགས་པར་བྱེད་པའི་ཆོས་དག་ལ་མོས་པའི་སའི་སེམས་བཅུ་པོ་འདི་དག་གསལ་བར་བྱེད་པ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ཉིད་ཀྱི་རྒྱུད་ཕྱི་མ་དང་འབྲེལ་བ་གསང་བ་རིམ་པར་ཕྱེ་བ་ལས་གཞུང་འདིས་ཡང་དག་པར་བསྟན་ཏེ། དེ་ལ་གསང་བ་པའི་བདག་པོ་མོས་པས་སྤྱོད་པའི་སེམས་གསུམ་ཡོངས་སུ་ཤེས་པ་གང་ཞེ་ན་

(༡༥༨)གསང་བ་པའི་བདག་པོ་སེམས་ཀྱི་སྐད་ཅིག་མ་དང་པོ་རྟོགས་པའི་ཕྱིར་སེམས་སྐྱེ་བ་མེད་པ་དང་། འགག་པ་མེད་པར་ཁོང་དུ་ཆུད་པའི་མཚན་ཉིད་ནི་རྟོགས་པ་དང་པོ་ཡིན་ཏེ། གཉིས་པ་ནི་རྟོག་པའི་དྲ་བ་ཐམས་ཅད་ལ་ཡང་དག་པར་འདས་པ་རྣམ་པར་མི་རྟོག་པ་ཡིན་ཏེ། སྒྲིབ་པ་མེད་པར་རྟོགས་ནས་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་དགོད་པར་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་སྐྱེ་སྟེ། འདི་ནི་འདིའི་སེམས་གསུམ་པ་ཡིན་ཏེ། གསང་བ་པའི་བདག་པོ་སེམས་གསུམ་སྒྲུབ་པས་ས་དང་ཕ་རོལ་དུ་ཕྱིན་པ་དང་བསྡུ་བའི་དངོས་པོ་རྣམས་སྒྲུབ་པར་འགྱུར་རོ། །གསང་བ་པའི་བདག་པོ་དེ་ལ་ས་དང་ཕ་རོལ་དུ་ཕྱིན་པའི་སྒྲུབ་པའི་སྦྱོར་བ་དག་ནི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་ཐབས་དང་ཤེས་རབ་དང་ལྡན་པ་གང་གི་ཚེ་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞི་དག་གིས་ཡང་དག་པར་ལེན་དུ་བཅུག་སྟེ། ཡིད་རབ་ཏུ་དགའ་བས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་འདི་ནི་འདིའི་ས་དང་ཕ་རོལ་དུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་ཏེ། གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་རྣམ་པར་དག་པ་འདུས་མ་བྱས་ཀྱི་ཚུལ་ཁྲིམས་ལ་གནས་པ་ནི་ཆོས་དེ་ཉིད་སྦྱིན་ཞིང་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་འགོད་ལ། བདག་ཉིད་ཀྱང་དེ་ལ་གནས་པར་འགྱུར་ཏེ། འདི་ནི་འདིའི་ས་དང་ཕ་རོལ་དུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་འོད་གསལ་ཞིང་སེམས་ཀྱིས་ཕྱོགས་བཅུའི་ཆོས་ལ་ཁྱབ་པ་གང་གི་ཚེ་བདག་ཉིད་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལ། གཞན་དག་ཀྱང་

(༡༥༩)དེ་ལ་འགོད་པར་བྱེད་པ་འདི་ནི་དེའི་ས་དང་ཕ་རོལ་དུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པ་ནི་སེམས་ཉིད་ཀྱིས་ཕྱི་ཕྱིར་ཞིང་གོང་ནས་གོང་དུ་རྟོགས་པ་ལ་མཁས་པའི་བློས་བརྩོན་འགྲུས་རྩོམ་ཞིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་དེ། གསང་བ་པའི་བདག་པོ་འདི་ནི་འདིའི་ས་དང་ཕ་རོལ་དུ་ཕྱིན་པའི་ཡན་ལག་དག་འགྲུབ་པའི་སྦྱོར་བ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་གང་གི་ཚེ། སེམས་དེ་ཉིད་བསམ་གཏན་ཐམས་ཅད་ལ་མི་ལྟ་བར་ཡེ་ཤེས་དང་ལྡན་པའི་བློས་ངེས་པར་སེམས་ཤིང་གཞན་དག་ཀྱང་དེ་ལ་ཡང་དག་པར་ལེན་དུ་འཇུག་པ་དེའི་ཚེ་འདིའི་ས་དང་ཕ་རོལ་དུ་ཕྱིན་པའི་ཡན་ལག་འགྲུབ་པའི་སྦྱོར་བ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་སེམས་དེ་ཉིད་ཀྱིས་ཡེ་ཤེས་དང་ལྡན་པའི་བློས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཉན་ཐོས་ཀྱི་བསམ་གཏན་དང་། ཚད་མེད་པ་དག་ལ་མི་ལྟ་བར་བདག་ཉིད་ཀྱང་དེ་ལ་གནས་པར་འགྱུར་ཞིང་། གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་དེའི་ཚེ་འདིའི་ས་དང་ཕ་རོལ་དུ་ཕྱིན་པའི་ཡན་ལག་འགྲུབ་པ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་བསམ་གཏན་གྱི་ལྷག་པའི་བསམ་པ་དེ་ལྟ་བུ་དང་ལྡན་པ་ནི་སེམས་དེ་ཉིད་ཀྱིས་ཡེ་ཤེས་དང་ལྡན་པའི་བློས་བདག་ཉིད་ཀྱང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་རྣམ་

(༡༦༠)པར་དཔྱོད་པར་བྱེད་པ་ལ་གནས་པར་འགྱུར་ཞིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་དེ། དེ་ལྟ་བུ་ནི་འདིའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ས་མངོན་དུ་གྱུར་པའི་ཡན་ལག་འགྲུབ་པ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཀྱིས་ཡང་དག་པར་བསྡུ་བ་ལ་མཁས་པ་དགེ་བའི་བཤེས་གཉེན་གྱིས་ལེགས་པར་བྱིན་གྱིས་བརླབས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྨོན་ལམ་བཏབ་ནས་སེམས་དང་པོ་ནས་གཟུང་སྟེ། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞི་དག་གིས་སྡུད་པར་བྱེད་དེ། འདི་ནི་འདིའི་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། རིང་དུ་སོང་བའི་སྦྱོར་བ་འགྲུབ་པ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་ཡེ་ཤེས་དང་ལྡན་པའི་བློས་མི་གཡོ་ཞིང་རབ་ཏུ་མི་བསྒུལ་བ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་དང་། བདུད་ཀྱི་རིགས་ཀྱི་ལྷ་དག་གིས་ཀྱང་ཟིལ་གྱིས་མི་ནོན་ཏེ། འདི་ནི་འདིའི་ས་མི་གཡོ་བ་དང་ཕ་རོལ་དུ་ཕྱིན་པའི་སྦྱོར་བ་ཡིན་པར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཟིན་པ་ཆོས་ཐམས་ཅད་ལ་སྒྱུ་མའི་ཆོས་དང་མཉམ་པ་ཉིད་དུ་གྱུར་པ། སྙིང་རྗེ་ཆེན་པོའི་ཕ་རོལ་དུ་ཕྱིན་པ་དང་ལྡན་པ་ནི་སྙིང་རྗེ་ཆེན་པོའི་ཕ་རོལ་དུ་ཕྱིན་པས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དག་ཁྱབ་པར་བྱེད་ཅིང་ལུས་དང་ངག་དང་ཡིད་མཉམ་པ་ཉིད་ཀྱིས་ཡང་དག་པར་མགུ་ནས་ལུས་ཀྱི་སྤུ་ལངས་ཤིང་དགའ་བ་མང་པོས་ཕྱོགས་བཅུ་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཐོང་བར་འགྱུར་རོ། །སེམས་ཅན་གྱི་མཐར་ཐུག་པའི་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་ནམ་མཁའི་མཐར་ཐུག་པ་དང། སེམས་ཅན་

(༡༦༡)གྱི་མཐར་ཐུག་པ་དང། ཡེ་ཤེས་ཀྱི་མཐར་ཐུག་པ་དང་། རྣམ་པར་ཤེས་པའི་མཐར་ཐུག་པས་ཁྱབ་པར་བྱེད་དེ། དེ་ལྟར་དད་པ་དང་བརྩོན་འགྲུས་དང་ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པ་ན། རྨི་ལམ་འམ་མངོན་སུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་ཞིང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཡང་ཐོབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་མོས་པའི་དཀྱིལ་འཁོར་ལ་ཞུགས་པ་ཡིན་པར་ཤེས་པར་བྱའོ། །ཞེས་བྱ་བའི་ལུང་དྲངས་ནས་མོས་པས་སྤྱོད་པའི་ས་རྒྱས་པར་བསྟན་ཏོ། །སྒྱུ་མ་ལྟ་བུར་སྣང་བ་སེམས་རྨོངས་པར་བྱེད་པ་ཞེས་བྱ་བ་ནི་ཉན་ཐོས་དགྲ་བཅོམ་པ་དག་གིས་ཀྱང་འབྲས་བུ་ཐོབ་པའི་རྗེས་ལ་ཆོས་བདག་མེད་ལ་ཞུགས་པ་ན་སྒྱུ་མ་ལྟ་བུར་སྣང་ཞིང་། དབང་རྣོན་ཡང་དེ་དང་འདྲ་བས་སྣང་བ་དེ་དག་གིས་སེམས་རྨོངས་པར་བྱེད་དེ་ཤེས་བྱའི་སྒྲིབ་པ་ཡིན་པའི་ཕྱིར་ཏེ། །གཉི་ག་ཡང་ཞེས་བྱ་བས་ནི་ཉན་ཐོས་རང་གི་མི་སློབ་པ་ཐོབ་ནས་ཐེག་ཆེན་དུ་འཇུག་པ་ན་ཡང་མོས་སྤྱོད་དུ་འཇུག་པར་བྱེད་དོ་ཞེས་བྱ་བ་གསལ་བར་བསྟན་ཏོ། །རྟོག་པ་དང་པོ་ཡིན་ཏེ་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་མ་དང་པོ་ནི་སེམས་ཀྱི་གནས་སྐབས་དང་པོ་སྟེ། དེའི་ཚེ་རྣམ་པར་དཔྱོད་པའི་ཤེས་རབ་ལྷག་མཐོང་གི་ངོ་བོར་གྱུར་པ་རྟོག་པ་དང་བཅས་པས་སེམས་སྐྱེ་འགག་མེད་པར་རྟོགས་པ་ནི་དང་པོ་འཇུག་པའི་སེམས་ཏེ། འདིས་དངོས་གཞི་ལ་འཇུག་པར་བྱེད་པའི་ཕྱིར་རོ། །གཉིས་པ་གནས་པའི་སེམས་ནི་སྒྲ་དོན་ཅན་གྱི་རྟོག་པའི་དྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པས་ན་རྣམ་པར་མི་རྟོག་པའི་མངོན་སུམ་ཡིན་ཏེ། ཐམས་ཅད་ལ། རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་

(༡༦༢)མངའ་བ། ཞེས་དགེ་འདུན་དཀོན་མཆོག་གི་སྐབས་སུ་གསུངས་པ་དེ་དང་ཆ་འདྲ་བར་རང་གི་སེམས་སྟོང་པ་ཉིད་དུ་རྟོགས་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་སྟོང་པ་ཉིད་དུ་མཐོང་བ་ནི་སྒྲིབ་པ་མེད་པར་རྟོགས་པ་ཡིན་ལ། དེའི་སྟོབས་ཀྱིས་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེས་ནས་ལམ་ལ་འགོད་པ་ནི་ལྡང་བའི་སེམས་ཏེ། རྗེས་ལ་ཐོབ་པའོ། །དེ་ཡང་ལང་ཀར་གཤེགས་པ་ལས་བསམ་གཏན་བཞི་གསུངས་པ་ལ་ཉན་ཐོས་ཀྱི་བསམ་གཏན་རྣམས་དང་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པའི་ལམ་མན་ཆད་ནི་བྱིས་པ་ཉེར་སྤྱོད་དོ། འཇུག་པ་ལ་སོགས་པ་གསུམ་ནི་གོ་རིམས་བཞིན་དོན་རབ་འབྱེད་པ་དང་། དེ་བཞིན་ཉིད་ལ་དམིགས་པ་དང་། དེ་བཞིན་གཤེགས་པའི་བསམ་གཏན་རྣམས་སུ་སྣང་ངོ་། །ས་དང་ཕ་རོལ་དུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་ཏེ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ས་དངོས་དང་ཕ་རོལ་དུ་ཕྱིན་པ་དངོས་དག་ནི་དོན་དམ་པའི་སེམས་ཐོབ་ནས་ཡིན་ལ། འདི་དག་ནི་དོན་དམ་པ་དེའི་ཆ་མཐུན་པའི་རྒྱུའི་ཡན་ལག་དང་སྒོམ་པ་ན་རྣལ་འབྱོར་ཡིན་ཞེས་བྱ་སྟེ། དེ་ནི་འདི་ཐམས་ཅད་དུ་ཤེས་པར་བྱའོ། །ཆོས་དབྱིངས་བསྟོད་པར། ནག་པོའི་གཞི་ནི་ཡོངས་སྤངས་ནས། །དཀར་པོའི་གཞི་ནི་རབ་གཟུང་བས། །དེ་ཚེ་དེ་ཡི་ངེས་རྟོགས་པ། །དགའ་བ་ཞེས་བྱར་མངོན་པར་བརྗོད། །ཅེས་པ་དང་མཐུན་པར་གཞན་ལ་སྦྱིན་པས་དགའ་བའོ། །འདོད་ཆགས་ལ་སོགས་སྣ་ཚོགས་པའི། །དྲི་མས་རྟག་ཏུ་དྲི་མ་ཅན། །དྲི་མ་མེད་པས་གང་དག་པ། །དྲི་མ་མེད་ཅེས་བརྗོད་པ་ཡིན། །ཞེས་པ་ལྟར་སེམས་ཀྱི་དྲི་མ་སྦྱངས་པས་དྲི་མ་མེད་པའོ། །ཉོན་མོངས་དྲ་བ་རབ་

(༡༦༣)འགགས་ནས། །དྲི་མེད་ཤེས་རབ་རབ་གསལ་བས། །ཚད་མེད་པ་ཡི་མུན་པ་དག །སེལ་བར་བྱེད་པ་འོད་བྱེད་པའོ། །ཞེས་པ་ལྟར་དྲི་མ་མེད་པའི་ཤེས་རབ་ཀྱི་འོད་ཀྱིས་ཕྱོགས་བཅུའི་ཆོས་རྣམས་སྣང་བར་བྱེད་པས་ན་འོད་བྱེད་པ་ཞེས་བྱ་སྟེ། མི་སྐྱེ་བར་བཤད་པའི་ཆོས་གསུང་རབ་ཐམས་ཅད་ལ་བཟོད་པའོ། །རྟག་ཏུ་དག་པའི་འོད་ཀྱིས་གསལ། །འདུ་འཛི་རྣམ་པར་སྤངས་པ་ཡི། །ཡེ་ཤེས་འོད་ཀྱིས་རབ་བསྐོར་བས། །ས་དེ་འོད་འཕྲོ་ཅན་དུ་འདོད། །ཅེས་པ་ལྟར་སེམས་རྟོགས་པའི་ཡེ་ཤེས་ཀྱི་འོད་ཟེར་གཞན་གྱི་རྒྱུད་ལ་ཡང་འཕྲོ་བར་བྱེད་པས་འོད་འཕྲོ་ཅན་ནོ། །རིག་དང་སྒྱུ་རྩལ་བཟོ་གནས་ཀུན། །བསམ་གཏན་རྣམ་པ་སྣ་ཚོགས་ཀུན། །ཉོན་མོངས་ཤིན་དུ་སྦྱང་དཀའ་ལས། །རྣམ་པར་རྒྱལ་བས་སྦྱང་དཀའ་འདོད། །ཅེས་པ་ལྟར་བདག་དང་གཞན་བསམ་གཏན་ལ་ཆགས་པའི་ཉོན་མོངས་ལས་རྒྱལ་བའི་ཕྱིར་སྦྱང་དཀའ་བ་ཞེས་བྱའོ། །བྱང་ཆུབ་རྣམ་པ་གསུམ་པོ་ཡི། །ཕུན་སུམ་ཚོགས་ཀུན་བསྡུ་བ་དང་། །སྐྱེ་དང་འཇིག་པ་ཟབ་པ་ལ། །ས་དེ་མངོན་དུ་གྱུར་པར་འདོད། །ཅེས་པ་ལྟར་སྐྱེ་འགག་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་དུ་གྱུར་བའི་ཕྱིར་མངོན་དུ་གྱུར་བ་ཞེས་བྱའོ། །འཁོར་ལོའི་བཀོད་པས་རྣམ་ཀུན་དུ། །འོད་ཀྱི་དྲ་བས་བརྩེ་བ་དང་། །འཁོར་བའི་མཚོ་ཡི་འདམ་རྒལ་བས། །དེ་ལ་རིང་དུ་སོང་ཞེས་བྱ། །ཞེས་པ་ལྟར་བསྡུ་བ་དང་སྨོན་ལམ་གྱིས་སེམས་དང་པོ་ནས་གཟུང་ནས་སངས་རྒྱས་ཀྱི་བར་དུ་སྡུད་པའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །སངས་རྒྱས་ཀྱིས་ངེས་འདི་གཟུང་ཞིང་། །ཡེ་ཤེས་རྒྱ་མཚོར་ཞུགས་པ་དང་། །

(༡༦༤)ལྷུན་གྱིས་གྲུབ་པར་དབང་ཐོབ་པས། །བདུད་ཀྱི་ཕོ་ཉས་མི་གཡོས་པའོ། །ཞེས་པ་ལྟར་བདུད་དང་ཕས་ཀྱི་རྒོལ་བས་མི་གཡོ་བའི་ཕྱིར་མི་གཡོ་བ་ཞེས་བརྗོད་དོ། །སོ་སོ་ཡང་དག་རིག་ཀུན་ལ། །ཆོས་སྟོན་པ་ཡེ་འབེལ་བའི་གཏམ། །རྣལ་འབྱོར་པ་དེ་མཐར་སོན་པས། །ས་དེ་ལེགས་པའི་བློ་གྲོས་འདོད། །ཅེས་པ་ལྟར་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཟིན་པས་སྒྱུ་མ་ལྟ་བུ་དང་སྙིང་རྗེ་ཆེན་པོའི་བློ་ཐོབ་པའི་ཕྱིར་ལེགས་པའི་བློ་གྲོས་ཤེས་བྱའོ། །ཡེ་ཤེས་རང་བཞིན་འདི་ཡི་སྐུ། །དྲི་མེད་ནམ་མཁའ་དང་མཉམ་པ། །སངས་རྒྱས་རྣམས་ཀྱིས་འཛིན་པ་ལས། །ཆོས་ཀྱི་སྤྲིན་ནི་ཀུན་དུ་འབྱུང་། །ཞེས་པ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ལས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཆོས་ཀྱི་སྤྲིན་འབྱུང་བའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །མོས་པས་སྤྱོད་པའི་ས་ན་བདེན་པ་མཐོང་བ་ཡོད་པར་ཡང་། ཐོག་མ་ནས་ནི་ཞི་བའི་ཆོས། །ངོ་བོ་ཉིད་ནི་མེད་པ་ལ། །གང་གི་སེམས་ནི་རི་རབ་བཞིན། །གནས་པ་དེ་ནི་བདེན་པ་མཐོང་། །ཞེས་བྱ་བས་བཤད་པ་ཡིན་ཏེ། ཚིག་འགྲེལ་དུ། བདེན་པ་མཐོང་བ་ཞེས་བྱ་བ་ནི་གནས་པའི་བྱང་ཆུབ་སེམས་བཤད་པའོ། །ཞེས་འབྱུང་བའི་ཕྱིར་རོ། །གནས་པའི་སེམས་དེ་ཉིད་དང་སྤྲོས་བྲལ་གྱི་རྟོགས་པ་ཡང་མིང་ཐ་དད་པ་ཙམ་ཡིན་གྱི་དོན་ནི་གཅིག་སྟེ། གཉི་ག་རང་བཞིན་གྱི་སྐྱེ་བ་མེད་པའི་དོན་རྟོགས་པ་ལ་བརྗོད་པའི་ཕྱིར་ཏེ། འདིར་ཞང་གིས། ཕྱག་རྒྱ་ཆེན་པོ་ཚིག་ཆོད་ལ། །རྨོངས་པ་ས་ལམ་རྩི་བ་འཁྲུལ། །འོན་ཀྱང་རྨོངས་པ་དགའ་བྱའི་ཕྱིར། །མཚན་ཉིད་ཐེག་པའི་ས་ལམ་རྣམས། །འདིར་ཡང་དོད་པོ་རྩི་བར་བྱ། །རྟོགས་པ་ལྷག་གིས་ཤར་བ་དེ། །མཐོང་ལམ་རབ་ཏུ་དགའ་

(༡༦༥)བའི་ས། །རོ་སྙོམས་རྟོགས་པ་དེ་ཉིད་ལ། །གོམས་པར་བྱེད་པ་སྒོམ་པའི་ལམ། །སྒོམ་དུ་མེད་ནས་མཐར་ཕྱིན་ལམ། །གཉིས་མེད་རྟོགས་མ་ཐོག་ཉིད་དུ། །སྡུག་བསྔལ་སངས་པར་མ་གྱུར་ཅིང་། །ཡོན་ཏན་ནུས་པ་མ་སྐྱེས་ཀྱང་། །མཐོང་ལམ་ཡིན་ཞེས་སུ་ཞིག་སྨོད། །ནང་པར་ཉི་མ་ཤར་མ་ཐོག །ཆབ་རོམ་ཞུ་བར་མ་ནུས་ཤིང་། །ས་རྡོ་དྲོས་པར་མ་གྱུར་ཀྱང་། །ཉི་མ་མིན་ཞེས་སུ་ཞིག་སྨོད། །ཅེས་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ཡིན་པས་ས་ལམ་རྩི་བར་མི་བྱ་བ་ནི་ས་རྣམས་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཡིན་ཞིང་། ཆོས་ཉིད་ལ་དབྱེ་བ་མེད་པས་དེའི་ཆ་ནས་ས་སོ་སོའི་བགྲང་དུ་མེད་པ་ཡིན་ཏེ། འཇུག་པའི་འགྲེལ་བར། དེ་ནི་ཤེས་པའི་རང་བཞིན་ཡིན་པ་ཉིད་ཀྱིས་རང་གི་ངོ་བོའི་སྒོ་ནས་དབྱེ་བ་བྱ་བར་མི་ནུས་ཏེ། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས་བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། དེ་བཞིན་རྒྱལ་བའི་སྲས་ཀྱི་ས་ཀུན་ཡང་། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཤེས་ལུང་དང་བཅས་པར་གསུངས་པ་དང་མཐུན་ལ། སློབ་དཔོན་སེང་གེ་བཟང་པོས་ཀྱང་། ཇི་སྐད་བཤད་པའི་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱས་པའི་དངོས་པོ་ལས་ཐ་མི་དད་པ་ལ་དམིགས་པའི་ཕྱིར་མཐོང་བ་དང་སྒོམ་པ་དག་ཐ་དད་དུ་གྱུར་བ་མེད་པས་སྒོམ་པའི་ལམ་མཚན་ཉིད་པ་རྣམ་པར་གཞག་པ་ནི་མེད། །ཅེས་གསུངས་པ་དང་དོན་མཐུན་པ་ཡིན་ཏེ། འོན་ཀྱང་རྨོངས་པ་དགའ་བྱའི་ཕྱིར། །མཚན་ཉིད་ཐེག་པའི་ས་ལམ་རྣམས། །འདིར་ཡང་དོད་པོར་རྩི་བར་བྱ། །ཞེས་བྱ་བ་ནི་རྣམ་སྣང་

(༡༦༦)མངོན་བྱང་གི་བསྡུས་དོན་འགྲེལ་བར་རྒྱུད་ཕྱི་མའི་ལུང་དྲངས་ནས་མོས་པས་སྤྱོད་པའི་སར་ཕ་རོལ་དུ་ཕྱིན་པ་བཅུ་དང་ས་བཅུར་རྣམ་པར་གཞག་པ་འདི་ཉིད་ཚད་མར་བྱའོ། །དེ་ལྟ་བས་ན་མོས་པས་སྤྱོད་པའི་གནས་པའི་སེམས་སམ་སྤྲོས་བྲལ་གྱི་རྟོགས་པ་དང་པོ་དེ་ལ་ས་དང་པོར་གཞག་པ་མི་རུང་སྟེ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མེད་པའི་ཕྱིར་ཏེ་ཞེས་ལ་ལ་དག་སྨྲ་མོད་ཀྱི། དེ་ལ་ཆོས་རྗེ་འབྲི་ཁུང་པས་ཁྱེད་ཀྱི་ཁྱབ་པ་དེ་ངེས་པའི་མདོ་བསྟན་བཅོས་ཀྱི་ལུང་རྙེད་ན་ཁོ་བོས་རྟ་བཟང་པོ་སྟེར་མོད། ས་བཅུ་པའི་མདོ་ལས་ས་དང་པོར། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་འཛམ་བུའི་གླིང་གི་དབང་པོར་འགྱུར་ཞིང་དབང་ཕྱུག་ཆེན་པོ་ལ་དབང་རབ་ཏུ་ཐོབ་ཅིང་། ཞེས་བྱ་བ་ནས། འདོད་ན་བརྩོན་འགྲུས་རྩོམ་པ་རྣམ་པ་ཇི་ལྟ་བུས་ཁྱིམ་དང་ཆུང་མ་དང་ལོངས་སྤྱོད་ཐམས་ཅད་སྤངས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བ་དང་། རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་འཐོབ་སྙོམས་པར་ཡང་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་གྱིས་བརླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་གནས་པར་བྱེད་པ་དང་། བསྐལ་པ་བརྒྱ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་ཀུན་དུ་སྟོན་པ་དང་། ལུས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་ཀུན་དུ་སྟོན་

(༡༦༧)པའི་བརྩོན་འགྲུས་རྣམ་པ་དེ་ལྟ་བུ་རྩོམ་མོ། །ཞེས་བྱ་བའི་བར་དུ་གསུངས་པས་ས་དང་པོ་བའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་གསུངས་པ་དེ་ཚེ་འདིར་ས་དང་པོ་ཐོབ་པའི་ཚེ་ཕྱི་མ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ནས་དེའི་ཚེ་སྨད་ལ་རབ་ཏུ་བྱུང་ཞིང་ནགས་སུ་བསྒོམས་པ་ལས་ཡོན་ཏན་དེ་དག་སྐྱེ་བར་གསུངས་པའི་ཕྱིར་ས་དང་པོ་ཐོབ་པ་དང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་མགོ་མི་མཉམ་མོ་ཞེས་གསུང་ཞིང་། ཉི་མ་ཤར་བའི་ཡོན་ཏན་མ་རྫོགས་པས་ཉི་མ་ཤར་བར་ཐལ་བར་འགྱུར་བ་འདི་ཡང་ཞང་དང་འབྲིང་ཁུང་པ་གཉིས་ཀ་མཐུན་པར་སྣང་ངོ་། །གནས་པའི་སེམས་དེ་ཉིད་ལ་ས་བཅུར་གཞག་ཏུ་རུང་བར་མ་ཟད། ངེས་པར་འབྱེད་པའི་ཆ་བཞི་དང་རྣལ་འབྱོར་བཞི་ཡང་སྦྱར་དུ་རུང་བར་མཐོང་སྟེ། མངོན་རྟོགས་རྒྱན་ལས་དྲོད་ཀྱི་སྐབས་སུ། བརྗོད་དུ་མེད་ཅེས་གསུངས་ལ། རྩེ་གཅིག་གི་སྐབས་སུ་ཡང་རྣམ་པར་རྟོག་པ་རྣམས་དོན་ཇི་ལྟ་བ་བཞིན་མ་ཡིན་པར་མཐོང་བའི་ཕྱིར་དང་། སྤྲོས་བྲལ་གྱི་སྐབས་སུ་ཤེས་རབ་མཆེད་ནས་ཕྱི་ནང་ཐམས་ཅད་སྟོང་པར་མཐོང་བར་གསུངས་ཤིང་། རྩེ་མོའི་སྐབས་སུ། ཤེས་རབ་ཀྱིས་ནི་ཡོངས་བརྟགས་ན། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་གསུངས་པའི་ཕྱིར་དང་། རོ་གཅིག་གི་སྐབས་སུ་སེམས་སྐྱེ་མེད་དེ་དང་སེམས་ཀྱི་སྣང་བ་རོ་མཉམ་པར་རྟོགས་པ་ཡང་། བཟོད་པའི་སྐབས་སུ། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་བཤད་པ་དང་འབྱོར་ལ། སྒོམ་མེད་ཅེས་བྱ་བ་ཡང་སྒོམ་འདོད་ཀྱི་རྟོག་པ་མེད་པས་དེ་སྐད་ཅེས་བརྗོད་ཀྱི་སྒོམ་ནི་མཆོག་ཏུ་གྱུར་བ་ཡིན་ཞིང་། དེ་ཡང་ཆོས་མཆོག་གི་སྐབས་སུ། །ཏིང་

(༡༦༨)འཛིན་རྣམ་པར་མི་རྟོག་པ། །ཞེས་བྱ་བ་འདི་དང་འབྱོར་བའི་ཕྱིར་རོ། །འབྲི་ཁུང་པའི་སློབ་མ་གཉོས་རྒྱལ་བ་ལྷ་ནང་པའི་རྣམ་ཐར་དུ་དེའི་སློབ་མ་ཡེ་ཤེས་རྡོ་རྗེས། སྦྱོར་ལམ་ངེས་འབྱེད་ཆ་བཞིའི་དབང་དུ་བྱས་ན་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་སྒོ་བསྟུན་པ་ཙམ་ཡིན་གྱི། འདིར་ཡང་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ། རྩེ་གཅིག་དྲོད་ཀྱི་ཏིང་ངེ་འཛིན་མངོན་དུ་མཛད། སྤྲོས་བྲལ་ཆོས་ཉིད་ཀྱི་རྩེ་མོའི་ཏིང་ངེ་འཛིན་གཟིགས། བཟོད་པ་རོ་གཅིག་གི་མངོན་པར་རྟོགས་པ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་དུ་གྱུར། འཇིག་རྟེན་ཆོས་མཆོག་ཡོན་ཏན་མངོན་དུ་མཛད་པ་སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་དང་བཅས་པས་འཇིག་རྟེན་པ་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ཏེ། ཞེས་ཀྱང་གསུངས་སོ། །དེ་ལྟར་ངེས་འབྱེད་བཞི་དང་རྣལ་འབྱོར་བཞི་སྦྱར་དུ་རུང་བར་འདོད་པ་ཡིན་གྱི་གནས་སྐབས་གཞན་དུ་ཡང་སྦྱར་དུ་མི་རུང་བ་མ་ཡིན་ཞིང་། ས་བརྒྱད་པ་ནས་ནི་སྐད་ཅིག་མ་གཅིག་ལ་རྣལ་འབྱོར་བཞི་པོ་ཐམས་ཅད་ཚང་དུ་ཡང་རུང་ངོ་། །མོས་པས་སྤྱོད་པ་ཞེས་བྱ་བ་དཀོན་མཆོག་སྤྲིན་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་བཤད་ལ། སློབ་དཔོན་ངོ་བོ་ཉིད་མེད་པས་ཀྱང་དེ་ལྟར་བཤད་དེ། དེ་ཡང་ཤིན་དུ་ལེགས་པ་ནི་ཡིན་ཏེ། འོན་ཀྱང་རྣམ་སྣང་མངོན་བྱང་དུ་མོས་སྤྱོད་ལས་འདས་ནས་ས་ལ་འཇུག་པ་ཞེས་བྱ་བའི་མིང་ཅན་སྦྱོར་བའི་ལམ་ལ་བསྐལ་པའི་བཞི་ཆས་འཛེག་པར་གསུངས་པས་ཚོགས་ལམ་ཉིད་ལ་བྱ་བར་མངོན་ནོ། །རྣམ་བཞག་ཐ་དད་པར་གྱུར་བ་ལ་འགལ་བར་ཡང་མི་བསམ་སྟེ། ལས་དང་པོ་པའི་སྔོན་རོལ་གྱི་སེམས་བསྐྱེད་དང་ས་དང་པོ་

(༡༦༩)གཉི་ག་ལ་སེམས་དང་པོ་བསྐྱེད་པར་བཤད་པ་དག་མི་འགལ་བ་བཞིན་ཏེ། འཁོར་ལོ་ཕྱི་མ་གཉིས་ལས་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་ཁྱད་པར་ནི། འཁོར་ལོ་ཕྱི་མའི་འབྲས་བུའི་ས་དག་པ་ས་དང་། འཁོར་ལོ་གཉིས་པའི་འབྲས་བུའི་ས་ས་བདུན་པ་མན་ཆད་ཡིན་པར་བརྗོད་པ་ཁོ་ནའོ། །དེ་ལྟར་སྦྱོང་བྱེད་བཤད་པས་སྦྱང་བྱ་རྟོགས་པར་འགྱུར་བའི་ཚུལ་བཤད་པ་དེ་ལ་སངས་རྒྱས་ཀྱི་ཁམས་དྲི་མ་གསུམ་ཡོངས་སུ་དག་པར་བྱེད་པའི་ཡོངས་སུ་སྦྱོང་བ་རྣམས་ནི་ཡོན་ཏན་ཡིན་ཏེ། རྗེས་སུ་མཐུན་པར་གོམས་པར་བྱ་བ་ཡིན་པའི་ཕྱིར་དང་། ཡུང་བ་དང་རྡོ་ཐལ་གྱི་སྦྱོར་བས་ཡོན་ཏན་དམར་པོ་ཉིད་ཅེས་བྱ་བ་བཞིན་དུ་སྦྱོང་བྱེད་དྲུག་བཅུ་དང་། སེམས་ཅན་གྱི་ཁམས་སྦྱར་བས་ཡོན་ཏན་རྣམ་པར་དག་པའི་འོད་དང་ལྡན་པ་ཐོབ་པའི་ཕྱིར་ཏེ། དེའི་རྣམ་པའི་རབ་ཏུ་དབྱེ་བ་དྲུག་བཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་དང་། བྱང་ཆུབ་སེམས་དཔའི་སྣང་བ་རྣམ་པ་བརྒྱད་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་རྣམ་པ་བཅུ་དྲུག་དང་། བྱང་ཆུབ་སེམས་དཔའི་ཕྲིན་ལས་རྣམ་པ་སུམ་བཅུ་རྩ་གཉིས་སོ། །དེ་ལས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་གཙོ་བོ་ནི་ཆོས་སྟོན་པ་ཡིན་ཏེ། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་བར་མི་མཛད་ཅིང་། །འགྲོ་བའི་དྲི་མ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོང་བའང་མ་ཡིན་ཏེ། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་མཛད་པ་ཡིན། །ཞེས་བྱ་བ་དང་། སྲིད་པའི་འཇིགས་པ་གཅོད་བྱེད་པའི། །ལམ་ནི་ཁྱེད་ལ་ངས་བཤད་བྱ། ཁྱེད་ཉིད་ཀྱིས་ནི་བསྒྲུབ་བྱ་སྟེ། །དེ་བཞིན་

(༡༧༠)གཤེགས་པ་སྟོན་མཛད་ཡིན། །ཞེས་འབྱུང་བའི་ཕྱིར་ཏེ། ཆོས་སྟོན་པ་ན་ཡང་སྟོན་པ་པོ་ཤིང་མཁན་ལྟ་བུ་དང་། སྟོན་པའི་བྱེད་པའམ་ལག་ཆ་སྟེའུ་དང་སོག་ལེ་ལྟ་བུ་དང་། བཟོས་པའི་བྱ་བའམ་འབྲས་བུ་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ལྟ་བུ་སྟེ་ཆོས་གསུམ་དུ་གནས་པ་ལས། ཆོས་སྟོན་པ་པོའི་ཡོན་ཏན་ནི། རྒྱན་ལས། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བྱས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པར་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་པ་ལྟར་རྒྱན་བཞི་པོའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ནི་དུལ་བ་དང་ཞི་བ་དང་ཉེ་བར་ཞི་བ་ཡིན་ལ། གཟུངས་ནི་དྲན་པ་ཕུན་སུམ་ཚོགས་པས་ཚིག་གཟུང་བར་འོས་ཤིང་སྤོབས་པ་དང་ལྡན་པ་ལ་བཤད་པའི་ཕྱིར་སྨྲ་མཁས་པའོ། །དྲན་པ་ལ་སོགས་པའི་སྣང་བ་བརྒྱད་ནི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ་ཡིན་ལ། སྙིང་རྗེ་བཅུ་དྲུག་ནི་བརྩེ་བའི་བདག་ཉིད་ཡིན་ཞིང་། དེ་དག་ནི་ཆོས་འཆད་པ་པོའི་ཆེ་བའོ། །ཚུལ་ཁྲིམས་ལ་སོགས་པ་གསུམ་ནི་བསླབ་པ་གསུམ་པོ་ཡིན་པ་ལས། ཤེས་རབ་ནི་དོན་ངེས་པ་ཞེས་མདོ་ལས་གསུངས་པའི་ཕྱིར་རྗོད་པར་བྱེད་པའི་དོན་ངེས་པའི་ཤེས་རབ་ཡིན་ལ། གཟུངས་ནི་རྗོད་པར་བྱེད་པའི་ཚིག་མི་བརྗེད་པར་འཛིན་པའི་དྲན་པའོ། །ལུས་རྒྱན་གྱིས་བརྒྱན་ན་སྐྱེ་བོ་རབ་ཏུ་དགའ་བར་འགྱུར་བ་ལྟར་རྒྱན་བཞི་པོ་འདི་དག་དང་ལྡན་ན་ཡང་འཁོར་གྱི་དཀྱིལ་འཁོར་རབ་ཏུ་དགའ་བར་འགྱུར་བའི་ཕྱིར་རྒྱན་ཞེས་བྱའོ། །ཆོས་སྟོན་པའི་ལག་ཆ་ནི་ཤེས་རབ་དང་སྙིང་རྗེ་གཉིས་ཡིན་པའི་ཕྱིར་སྣང་བ་བརྒྱད་ནི་ཤེས་རབ་ཡིན་ལ། སྙིང་རྗེ་བཅུ་

(༡༧༡)དྲུག་ནི་སྙིང་རྗེའོ། །སྣང་བ་བརྒྱད་ནི། དྲན་པའི་སྣང་བ་དང་། བློ་གྲོས་ཀྱི་སྣང་བ་དང་། རྟོགས་པའི་སྣང་བ་དང་། ཆོས་ཀྱི་སྣང་བ་དང་། ཤེས་པའི་སྣང་བ་དང་། བདེན་པའི་སྣང་བ་དང་། མངོན་པར་ཤེས་པའི་སྣང་བ་དང་། སྒྲུབ་པའི་སྣང་བ་རྣམས་སོ། །དེ་ལ་དྲན་པའི་སྣང་བ་ནི་བྱང་ཆུབ་སེམས་དཔའི་དགེ་བ་བྱས་པ་ཆུད་མི་ཟ་ཞིང་མ་བྱས་པ་གསར་དུ་བྱེད་པའི་ཚུལ་དྲན་པ་དང་། མི་དགེ་བ་སྤངས་པ་ཆུད་མི་ཟ་ཞིང་མ་སྤངས་པ་སྤོང་བའི་དྲན་པ་ཕུན་སུམ་ཚོགས་པ་ཡང་དག་པར་སྤོང་བའི་ངོ་བོའོ། །སྤོང་བའི་ངོ་བོ་ལས་སྐྱེས་པའི་ཤེས་རབ་ཕུན་སུམ་ཚོགས་པས་སངས་རྒྱས་ཀྱི་ཆོས་ཀྱི་གྲོང་ཁྱེར་བསྲུང་ནུས་ལ། དྲན་པ་ལ་བརྟེན་ནས་ཤེས་བྱ་ལ་སྣང་བ་རྒྱ་ཆེན་པོ་སྐྱེ་བའོ། །བློ་གྲོས་ནི་ཆོས་སྟོན་པའི་བྱ་བ་ལ་ངེས་པར་རྟོགས་པ་ལ་བྱ་ལ། བྱ་བ་དེ་ཡང་རྟོན་པ་བཞིའི་བློ་གྲོས་དང་ལྡན་པས་ཐེག་པ་དམན་པ་དང་བདུད་ཀྱི་ལས་ཀྱི་མུན་པ་འཇོམས་པའི་ཕྱིར་སྣང་བའོ། །རྟོགས་པ་ནི་བསྟན་པར་བྱ་བའི་ཆོས་དེ་དག་རང་ཉིད་ཀྱིས་མངོན་སུམ་དུ་རྟོགས་པས་གཞན་ལ་ཆོས་སྟོན་པའི་ཚུལ་ལ་མཁས་པའོ། །ཆོས་ཀྱི་སྣང་བ་ནི་ཆོས་ཤེས་བྱ་བ་ནི་འདིར། ཆོས་ནི་ཤེས་བྱ་ཞེས་བྱ་བའི་ཚུལ་གྱིས་ཤེས་བྱའི་ཚུལ་རྣམས་ཀྱི་ཁྱད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་འཕགས་པའི་བདེན་པ་བཞི་རྟོགས་ཤིང་ཀུན་ནས་ཉོན་མོངས་པའི་ཆོས་བློ་བུར་བར་རྟོགས་ལ། སེམས་རང་བཞིན་གྱིས་འོད་གསལ་བས་རྣམ་པར་བྱང་བའི་ཆོས་མྱ་ངན་ལས་འདས་པ་ཤེས་པའོ། །ཤེས་པའི་སྣང་བ་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་འཕགས་པ་རྣམས་ཀྱིས་ཤེས་བྱ་ཇི་ལྟར་

(༡༧༢)ཤེས་པ་རྒྱུན་དུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་གྱི་མཁྱེན་པ་རྣམས་ཤེས་པའོ། །བདེན་པའི་སྣང་བ་ཞེས་བྱ་བ་ལ་བདེན་པ་ནི་འཕགས་པའི་བདེན་པ་བཞི་དང་དེ་བསྒོམས་པའི་ཡོན་ཏན་ཤེས་པ་ཡིན་པས་ངེས་པ་ལ་འཇུག་པ་དང་། འབྲས་བུ་བཞི་འཐོབ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་བཟོད་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའི་རྒྱུའི་བདེན་པ་བཞི་པོ་སྒོམ་ཚུལ་སོ་སོར་ཤེས་པའོ། །མངོན་པར་ཤེས་པའི་སྣང་བ་ནི་མངོན་ཤེས་དྲུག་དང་དེ་ལ་བརྟེན་ནས་ཚོགས་གཉིས་སོག་པའི་ཐབས་ཤེས་པའོ། །སྒྲུབ་པའི་སྣང་བ་ནི་རང་རྒྱུད་ལ་ཞི་ལྷག་དང་བློ་གྲོས་ཕུན་སུམ་ཚོགས་པ་སྒྲུབ་ཅིང་། གཞན་སྨིན་གྲོལ་གྱི་ཐབས་སྒྲུབ་པའོ། །བརྒྱད་པོ་འདི་དག་གིས་ཐེག་པ་ཆེན་པོའི་ལམ་མཐའ་དག་མཐོང་བར་འགྱུར་བའི་ཕྱིར་སྣང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་བཅུ་དྲུག་ནི། ལྟ་བ་སྣ་ཚོགས་དང་། ཕྱིན་ཅི་ལོག་བཞི་དང་། ང་ཡིར་འཛིན་པ་དང་། སྒྲིབ་པ་ལྔ་དང་། སྐྱེ་མཆེད་དྲུག་གི་ཡུལ་ལ་ཆགས་པ་དང་། ང་རྒྱལ་བདུན་དང་། འཕགས་པའི་ལམ་ལས་ཉམས་པ་དང་། རང་དབང་མེད་པ་དང་། ཁོང་ཁྲོ་བ་དང་། སྡིག་པའི་གྲོགས་པོས་ཟིན་པ་དང་། འཕགས་པའི་རིས་མེད་པ་དང་། ལོག་པར་ལྟ་བ་དང་། མ་རིག་པས་བདག་ཏུ་ལྟ་བ་དང་། ཕུང་པོའི་གཤེད་མས་ཟིན་པ་དང་། བདུད་ཀྱི་ཞགས་པས་བཅིངས་པ་དང་། མཐོ་རིས་དང་ཐར་བ་ལས་ཉམས་པ་དག་ལ་དམིགས་ནས་དེ་དག་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ལྟ་བ་སྣ་ཚོགས་དང་འདྲེས་པ་ནི་ལོག་པར་ཞུགས་པའི་མུ་སྟེགས་བྱེད་ཀྱི་ཡིན་ལ། ཕྱིན་ཅི་

(༡༧༣)བཞི་དང་ང་དང་ང་ཡིར་འཛིན་པའི་འཇིག་ལྟ་ནི་ལྷན་སྐྱེས་ཏེ། གྲུབ་པའི་མཐའ་ལ་མ་ཞུགས་པ་དག་ལ་ཡང་ཡོད་ལ། གསུམ་པོ་དེ་དག་ནི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་སོ། །སྒྲིབ་པ་ལྔས་བསྒྲིབས་པ་དང་། སྐྱེ་མཆེད་དྲུག་གི་ཡུལ་ལ་ཆགས་པ་གཉིས་ནི་བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ཏེ་འདོད་པའི་ཉོན་མོངས་སོ། །ང་རྒྱལ་བདུན་ནི་ཁྱད་པར་དུ་འགྱུར་བ་ལ་གེགས་བྱེད་པས་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ཏེ། འཕགས་ལམ་དང་མི་མཐུན་པའི་ལམ་ངན་ལ་བརྩོན་པ་དང་། ཁྱིམ་ལ་ཆགས་པས་རང་དབང་མེད་པ་ཡང་དགེ་བ་ལ་མི་སྤྲོ་བའི་ཕྱིར་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ། ཁོང་ཁྲོ་དང་ཞེ་སྡང་དང་གནོད་སེམས་ནི་བཟོད་པའི་མི་མཐུན་པའི་ཕྱོགས་སོ། །དགེ་བའི་བཤེས་གཉེན་དང་བྲལ་ཞིང་སྡིག་པའི་ལས་བྱེད་པ་ནི་སྡིག་གྲོགས་ཀྱིས་ཟིན་པ་ཞེས་བྱ་སྟེ། ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་སོ། །བརྐམ་ཆགས་ཀྱིས་ཟིལ་གྱིས་ནོན་པས་མ་ཆགས་འཕགས་པའི་རིགས་མེད་པ་ནི་སྦྱིན་པའི་མི་མཐུན་པའི་ཕྱོགས་སོ། །ལས་འབྲས་མེད་པར་ལྟ་བའི་ལོག་ལྟ་དང་མ་རིག་པས་བདག་ཏུ་ལྟ་བ་ནི་གོ་རིམས་བཞིན་དུ་མཐོ་རིས་དང་ཐར་བར་འགྲོ་བའི་ལམ་གྱི་གེགས་ཡིན་ལ། ཕུང་པོའི་གཤེད་མས་ཟིན་པ་ནི་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་མི་མཐུན་ཕྱོགས་དང་། གཡོ་བ་དང་རློམ་སེམས་བདུད་ཀྱི་ཞགས་པ་ཡིན་པས་ལྷག་བཅས་ཀྱི་མི་མཐུན་པའི་ཕྱོགས་ཏེ། དེ་ལྟར་སྡུག་བསྔལ་བཅོ་ལྔ་པོ་དག་ནི་ཇི་ལྟར་རིགས་པར་མཐོ་རིས་དང་ཐར་བའི་གེགས་མིན་པས་སྡུག་བསྔལ་བཅུ་དྲུག་པ་ནི་སྤྱིར་

(༡༧༤)སྡོམས་པ་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་ཕྲིན་ལས་ནི་རྟེན་སེམས་ཅན་ལ་དགེ་བའི་ལམ་བཟང་པོ་སྐྱེས་པ་ནི་བྱ་བའི་ངོ་བོའི་ལས་ཡིན་ལ། དེ་དག་ནི་ཆོས་སྟོན་པས་བྱེད་པ་ཡིན་ཏེ། ལྟ་བ་ཐམས་ཅད་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ། ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །དེ་ལ་གཏི་མུག་གི་གཉིད་སད་པར་བྱེད་པ་དང་། ཐེག་པ་དམན་པ་ལས་ཡོངས་སུ་འཛིན་པ་དང་། ཆོས་མ་ཡིན་པ་འདོད་པ་ཆོས་འདོད་པ་ལ་འགོད་པ་དང་། འཚོ་བ་མ་དག་པ་འཚོ་བ་དག་པ་ལ་སྦྱོར་བ་དང་། ལྟ་བར་བྱིང་བ་འཕགས་པའི་ཡང་དག་པའི་ལམ་ལ་འགོད་པ་དང་། མ་རིག་པས་ཚུལ་མིན་ཡིད་ལ་བྱེད་པ་ཚུལ་བཞིན་ཡིད་བྱེད་ལ་འགོད་པ་དང་། ལོག་པའི་ཆོས་ལ་གནས་པ་ཡང་དག་པའི་ཆོས་ལ་འགོད་པ་དང་། སེར་སྣ་ཅན་སྦྱིན་པ་ལ་འགོད་པ་དང་། ཚུལ་ངན་པ་ཚུལ་ཁྲིམས་ལ་འགོད་པ་དང་། གནོད་སེམས་མང་བ་བཟོད་པ་ལ་འགོད་པ་དང་། ལེ་ལོ་ཅན་བརྩོན་འགྲུས་ལ་འགོད་པ་དང་། གཡེང་བ་ཅན་བསམ་གཏན་ལ་འགོད་པ་དང་། ཤེས་རབ་འཆལ་པ་ཤེས་རབ་ལ་འགོད་པ་དང་། མི་རིགས་པའི་ལས་བྱེད་པ་ཡང་དག་པའི་ལས་ལ་འགོད་པ་དང་། ཉོན་མོངས་པས་བཅོམ་པ་ཉོན་མོངས་པ་སྤོང་བ་ལ་འགོད་པ་དང་། འཇིག་ལྟས་བཅིངས་པ་དམིགས་པ་མེད་པ་ལ་སྦྱོར་བ་དང་། མ་དུལ་བ་དུལ་བ་ལ་འགོད་པ་དང་། བྱས་པ་མི་གཟོ་བ་བྱས་པ་གཟོ་བ་ལ་འགོད་པ་དང་། ཆུ་བོར་ལྷུང་བ་དེ་ལས་འདོན་པ་དང་། བཀའ་ལོ་མི་བདེ་བ་མཐུན་པར་འཛིན་དུ་འཇུག་པ་དང་། དགེ་བས་འཕོངས་པ་དགེ་བའི་རྩ་བ་ལ་སྦྱོར་བ་དང་།

(༡༧༥)འཕགས་པའི་ནོར་མེད་པ་འཕགས་པའི་ནོར་འཐོབ་པ་ལ་སྦྱོར་བ་དང་། ཁམས་བཞིའི་ནད་ཀྱིས་ཟིན་པ་ནད་མེད་པ་ལ་སྦྱོར་བ་དང་། མ་རིག་པའི་མུན་པ་ཅན་ཡེ་ཤེས་ཀྱིས་སྣང་བར་བྱེད་པ་དང་། ཁམས་གསུམ་ལ་ཆགས་པ་ཁམས་གསུམ་ཡོངས་སུ་ཤེས་པ་ལ་སྦྱོར་བ་དང་། གཡོན་ཕྱོགས་ཀྱི་ལམ་ལ་གནས་པ་གཡས་ལམ་ལ་སྦྱོར་བ་དང་། ལུས་སྲོག་ལ་ཆགས་པ་དེའི་ཉེས་དམིགས་མཐོང་བ་ལ་འགོད་པ་དང་། དཀོན་མཆོག་གསུམ་དང་བྲལ་བ་དཀོན་མཆོག་གསུམ་གྱི་གདུང་མི་འཆད་པ་ལ་འཛུད་པ་དང་། དམ་པའི་ཆོས་ལས་ཉམས་པ་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་སྦྱོར་བ་དང། རྗེས་དྲན་དྲུག་དང་བྲལ་བ་རྗེས་དྲན་དྲུག་ལ་འགོད་པ་དང་། ལས་དང་ཉོན་མོངས་པའི་སྒྲིབ་པ་ཅན་དེའི་གཉེན་པོ་ལ་འགོད་པ་དང་། མི་དགེ་བ་ཐམས་ཅད་དང་ལྡན་པ་དགེ་བའི་ཆོས་ཡོངས་སུ་རྫོགས་པ་ལ་འགོད་པ་རྣམས་སོ། །དེ་དག་ཀྱང་སྙིང་རྗེ་ཆེན་པོ་བཅུ་དྲུག་པོ་དེ་དག་གི་བྱ་བའི་ལས་ཡིན་པས་ཇི་ལྟར་རིགས་རིགས་སུ་སྦྱར་བར་བྱ་ལ། ཐེག་དམན་ལ་མོས་པ་ཐེག་ཆེན་ལ་འཛུད་པ་ནི་ཐེག་ཆེན་ལ་ལྟོས་ནས་ཐེག་དམན་ལམ་ངན་ཡིན་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་སྡིག་གྲོགས་དང་བདུད་ཀྱིས་ཐེག་དམན་དུ་ལྷུང་དུ་འཇུག་པའི་ཕྱིར་སྙིང་རྗེ་བདུན་པ་དང་། བཅུ་པ་དང་། བཅོ་ལྔ་པའི་བྱེད་ལས་ཏེ། གཞན་རྣམས་ནི་རྟོགས་པར་སླའོ། །ལས་སོ་གཉིས་པོ་དེ་བསྟན་པའི་རྗེས་ཐོགས་སུ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་དག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་འཇུག་ཅེས་གསོལ་བའི་ལན་དུ། རིགས་ཀྱི་བུ་སེམས་ཅན་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་

(༡༧༦)རྗེ་ཆེན་པོ་ནི་སྐྱེ་བ་ཡང་མེད། འཇུག་པ་ཡང་མེད་དོ། །ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་དྲུག་བསྟན་པས་སངས་རྒྱས་ཀྱི་བྱང་ཆུབ་གསལ་བར་མཛད་དོ། །དེ་ལ་བྱང་ཆུབ་བཅུ་དྲུག་ནི། རྩ་བ་མེད་པ་དང་གནས་མེད་པར་བྱང་ཆུབ་པ་དང་། ༡ ཞི་བ་དང་ཉེ་བར་ཞི་བར་བྱང་ཆུབ་པ་དང་། ༢ སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་བྱང་ཆུབ་རང་བཞིན་གྱིས་འོད་གསལ་བར་བྱང་ཆུབ་པ་དང་། ༣ བླང་བ་དང་དོར་བ་མེད་པར་བྱང་ཆུབ་པ་དང་། ༤ མཚན་མ་མེད་པ་དང་དམིགས་པ་མེད་པར་བྱང་ཆུབ་པ་དང་། ༥ འཁོར་གསུམ་ཡོངས་སུ་ཆད་པར་བྱང་ཆུབ་པ་དང་། ༦ ལུས་མེད་ཅིང་འདུས་མ་བྱས་པར་བྱང་ཆུབ་པ་དང་། ༧ གནས་དང་དབྱེར་མེད་པར་བྱང་ཆུབ་པ་དང་། ༨ ལུས་དང་སེམས་སུ་བརྗོད་དུ་མེད་པར་བྱང་ཆུབ་པ་དང་། ༩ གཟུང་དུ་མེད་པ་དང་གཞི་མེད་པར་བྱང་ཆུབ་པ་དང་། ༡༠ སྟོང་པ་ཉིད་དུ་བྱང་ཆུབ་པ་དང་། ༡༡ ནམ་མཁའ་དང་མཉམ་པར་བྱང་ཆུབ་པ་དང་། ༡༢ ཇི་ལྟ་བ་བཞིན་གྱི་གནས་སུ་བྱང་ཆུབ་པ་དང་། ༡༣ རྣམ་པ་ལ་འཇུག་པས་རྣམ་པ་མེད་པར་བྱང་ཆུབ་དང་། ༡༤ ཟག་པ་མེད་པ་དང་ཉེ་བར་ལེན་པ་མེད་པར་བྱང་ཆུབ་དང་། ༡༥ དག་པ་དང་དྲི་མ་མེད་པ་དང་ཉོན་མོངས་པ་མེད་པར་བྱང་ཆུབ་པ་རྣམས་མ་རྟོགས་པས་སེམས་ཅན་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཐུགས་རྗེ་ཆེན་པོ་སྐྱེའོ། །བྱང་ཆུབ་བཅུ་དྲུག་བཤད་པས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱང་བཤད་པ་ཡིན་ཏེ། དེའི་ཕྱིར་འདི་དག་དྲི་མ་དང་བཅས་པའི་དེ་བཞིན་ཉིད་བཤད་པའི་སྐབས་དང་། དྲི་མ་མེད་པའི་བྱང་ཆུབ་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །བྱང་ཆུབ་དེ་བསྟན་པའི་རྗེས་ཐོགས་སུ། །རིགས་

(༡༧༧)ཀྱི་བུ་དེ་ལ་དེ་བཞིན་གཤེགས་པའི་ལས་གང་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ལས་ནི་སུམ་བཅུ་རྩ་གཉིས་པོ་འདི་དག་གོ །སུམ་བཅུ་རྩ་གཉིས་གང་ཞེ་ན། རིགས་ཀྱི་བུ་འདི་ལ་དེ་བཞིན་གཤེགས་པས་ཡེ་ཤེས་བླ་ན་མེད་པས་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་བྱ་བ་ལ་སོགས་པས་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པས་སངས་རྒྱས་ཀྱི་ཡོན་ཏན་གསལ་བར་མཛད་དོ། །དེ་བསྟན་པའི་རྗེས་ལ་ཞེས་བྱ་བ་ལ། ཡོན་ཏན་སུམ་བཅུ་རྩ་གཉིས་རྫོགས་པར་བསྟན་པའི་རྗེས་ཐོགས་སུ་ཕྲིན་ལས་བསྟན་པ་མ་ཡིན་གྱི། ཡོན་ཏན་རེ་རེ་ཞིང་བཤད་པའི་རྗེས་ཐོགས་སུ་ཆོས་སྟོན་པའི་ཕྲིན་ལས་མཛད་པར་བཤད་པས་དེ་བཞིན་གཤེགས་པའི་ཕྲིན་ལས་བླ་ན་མེད་པ་བསྟན་པས་སངས་རྒྱས་ཀྱི་ཕྲིན་ལས་རྣམ་པ་སུམ་བཅུ་རྩ་གཉིས་གསལ་བར་མཛད་དོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་རྡོ་རྗེའི་གནས་བདུན་པོ་འདི་དག་རང་གི་མཚན་ཉིད་བསྟན་པའི་སྒོ་ནས་ནི་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །གནས་བདུན་པོ་གཞན་རྣམས་ཀྱི་རང་གི་མཚན་ཉིད་བསྟན་ཀྱང་ཁམས་ཡོན་ཏན་བཅུ་དྲུག་བསྟན་པའི་སྒོ་ནས་ཁམས་ཤིག་ཡོད་པར་སྒྲུབ་པ་མ་ཡིན་ནམ། དེའི་རང་གི་མཚན་ཉིད་ཇི་ལྟར་བསྟན་ཞེ་ན། ཏིང་ངེ་འཛིན་གྱི་རྒྱན་གྱི་སྐབས་སུ་འཕགས་པའི་རིགས་བཤད་པ་དང་། ཤེས་རབ་ཀྱི་རྒྱན་གྱི་སྐབས་སུ་ནམ་མཁའ་དང་མཉམ་པའི་ཁམས་ཤེས་པས་ཁམས་ཤེས་པར་བསྟན་པ་ལ་སོགས་པས་ཁམས་ཀྱི་རང་གི་མཚན་ཉིད་ཀྱང་མང་དུ་

(༡༧༨)བསྟན་པ་ཡིན་ཏེ། གསུམ་པ་དོན་གྱི་སྔ་ཕྱིའི་འབྲེལ་ནི། འདི་དག་གི་འབྲེལ་བ་གང་ཞེ་ན། ཞེས་བྱ་བ་ལ། འབྲེལ་བ་ནི་རྣམ་པ་གཉིས་ཏེ། བརྗོད་བྱ་དང་རྗོད་པར་བྱེད་པའི་འབྲེལ་བ་དང་། བརྗོད་པར་བྱ་བའི་དོན་རྣམས་ཉིད་ཕན་ཚུན་ཇི་ལྟར་འབྲེལ་བའོ། །དེ་ལ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་འབྲེལ་བ་ནི་དེང་ཉིད་དུ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར་དོན་བདུན་པོ་རང་གི་མཚན་ཉིད་བསྟན་པའི་སྒོ་ནས་དེ་དག་བཤད་པར་བརྗོད་ཟིན་པ་ཉིད་དེ། བརྗོད་པར་བྱ་བའི་དོན་ཉིད་ཀྱི་འབྲེལ་བ་ཡང་སངས་རྒྱས་ལ་སོགས་པ་ཆོས་བདུན་པོ་སྔ་མ་དང་ཕྱི་མ་རྒྱུ་དང་འབྲས་བུའི་ཚུལ་གྱིས་འབྲེལ་བས་བརྗོད་དེ། དེ་ཡང་སྤྱི་ཙམ་དུ་སངས་རྒྱས་འཇིག་རྟེན་དུ་བྱོན་ན་དེ་ལས་བ་ར་ཎཱ་སི་ལ་སོགས་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་འབྱུང་ཞིང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་འཕགས་པའི་ཚོགས་སམ་དགེ་འདུན་འབྱུང་བ་ཡིན་ཏེ། ཚོགས་དེ་དག་ཡོངས་སུ་སྨིན་པ་ལས་སྙིང་པོ་རྟོགས་པའི་ཡེ་ཤེས་ཀྱི་ཁམས་ཐོབ་ཅིང་རྟོགས་པར་བརྗོད་ལ། དེ་ལས་མཐར་གྱིས་ཡེ་ཤེས་དེ་ཐོབ་པའི་རྒྱུ་མཚན་གྱིས་བྱང་ཆུབ་ཏུ་ལུང་སྟོན་ཞིང་། དེ་ལས་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་གྱི་མཆོག་སངས་རྒྱས་ཉིད་འཐོབ་ལ། བྱང་ཆུབ་དེའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གསུངས་པའི་ཕྱིར་སྟོབས་ལ་སྩོགས་།།།པའི་ཡོན་ཏན་རྣམས་ཐོབ་ཅིང་། ཡོན་ཏན་དེ་དག་གིས་སེམས་ཅན་མ་ལུས་པ་ཀུན་གྱི་དོན་བྱེད་པའི་ཆོས་ཕྲིན་ལས་རྣམས་འབྱུང་བས་དོན་བདུན་པོ་རྣམས་ཡང་དག་པར་ལྡན་ཞིང་འབྲེལ་བ་ཡིན་ཏེ། དེ་ལྟར་ན་གཞུང་འདིས་ནི་དོན་བདུན་པོ་འདི་དག་གི་འབྲེལ་བ་ཙམ་མ་ཡིན་གྱི་

(༡༧༩)གོ་རིམས་ཇི་ལྟ་བ་བཞིན་དུ་འབྲེལ་བར་བསྟན་པ་ཡིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ལ་ཆོས་སུ་བརྗོད་པ་ནི་ཆོས་ཀྱི་སྒྲ་དོན་བཅུ་ལ་འཇུག་པར་གསུངས་པ་ལས་ཆོས་ལུགས་ཏེ། སངས་རྒྱས་ནས་གཞན་གྱི་དོན་མཛད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཆོས་ཡིན་ཞེས་བྱའོ། །དེ་ཡང་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞག་བཞི་བཅུ་རྩ་དགུ་ལོན་པ་ན་བ་ར་ཎཱ་སིར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ཀུན་ཤེས་ཀཽ་དི་ནྱ་ལ་མཐོང་བའི་ལམ་སྐྱེས་པ་ཐོག་མར་བྱས་ཏེ། གཞན་རྣམས་ལ་ཡང་རིམ་པ་བཞིན་དུ་འཕགས་པའི་ལམ་རྣམས་ཐོབ་པ་ན་ལྷ་རྣམས་ཀྱིས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །མ་འོངས་པ་ན་འབྱུང་བར་འགྱུར་བའི་དགེ་འདུན་ལ་ཡང་སྐྱབས་སུ་མཆིའོ་ཞེས་པའི་དོན་ཅན་ལུང་ལས་འབྱུང་བ་ཉིད་དེ། འཕགས་པ་དེ་རྣམས་ཉན་ཐོས་ལྟ་བུར་མངོན་པ་ལ་སྟོན་པས་ཐེག་པ་ཆེན་པོར་རིམ་གྱིས་སྨིན་པར་མཛད་ཅིང་། ཁམས་ཇི་ལྟ་བ་བཞིན་དུ་རྟོགས་པ་ན་དམ་པའི་ཆོས་པདྨ་དཀར་པོར་ཤཱ་རིའི་བུ་ལ་སོགས་པ་སངས་རྒྱས་སུ་ལུང་སྟོན་པར་མཛད་དེ། དེ་དག་སངས་རྒྱས་ནས་ཀྱང་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་སེམས་ཅན་གྱི་དོན་མཛད་དོ་ཞེས་བྱ་བ་ཡིན་ཏེ། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་རིམས་ཀྱང་སངས་རྒྱས་གསང་བས་བསྡུས་པའི་དོན་གྱི་འགྲེལ་བ་ལས། ཉེ་བའི་རྒྱུ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་།།། དེ་ལ་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ནི་སངས་རྒྱས་ཀྱི་སའི་མདོ་ལས་གསུངས་ཏེ། འདི་ལྟ་སྟེ། བྱང་ཆུབ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་མཁྱེན་པ་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་

(༡༨༠)སོགས་པ་ཡིན་ཏེ། ཞེས་བྱ་བ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཡུན་རིང་མོ་ནས་འགྲོ་བ་སྣ་ཚོགས་སྒྱུ་མ་ལྟ་བུར་གོམས་པ་དང་། ཡང་དག་པར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གོམས་པ་གཉི་ག་མཛད་དེ། དེ་ལྟ་བས་ན་རྒྱུ་རྣམ་པ་གཉིས་ཀྱི་འབྲས་བུ་ནི་སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་རྣམ་པ་གཉིས་ཁོ་ན་ཡིན་ཏེ། མངོན་པར་རྟོགས་པའི་དུས་ན་སྐད་ཅིག་མ་དང་མོ་ལ་མཉམ་ཉིད་དང་སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་ལྔ་པོ་རྣམ་པ་མེད་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པ་བྱུང་བ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། དེའི་འོག་ཏུ་ནི་ཆོས་ཀྱི་སྐུའི་།།།འཐོབ་བོ། །ཞེས་འབྱུང་བས་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་དག་ཆོས་ཀྱི་སྐུའི་ཉེ་རྒྱུར་བཤད་པས་ན་འདིར་བྱང་ཆུབ་དང་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་འདི་ལས་བྱུང་བའི་འབྲེལ་བ་བཤད་པ་ཡིན་ཏེ། སྐབས་འདིར་ལོ་ཙཱ་བས་ཐེག་པ་ཆེན་པོ་རྒྱུད་བླ་མའི་བརྗོད་པར་བྱ་བའི་དོན་བདུན་པོ་འདི་དག་ལ་འཁོར་ལོ་རྣམ་པ་གཉིས་སུ་མཛད་དེ། མི་གནས་པའི་མྱ་ངན་ལས་འདས་པའི་འཁོར་ལོ་དང་། དཀོན་མཆོག་གི་འཁོར་ལོའོ། །དེ་ལ་སེམས་ཅན་འགའ་ཞིག་གི་ཁམས་ཀྱིས་རྒྱུ་བྱས། དཀོན་མཆོག་གསུམ་གྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ཏེ་བསྒོམས་པ་ལས་བྱང་ཆུབ་ལ་སོགས་པའི་ཆོས་གསུམ་པོ་ཐོབ་པར་འགྱུར་ལ། གསུམ་པོ་དེས་ཀྱང་གདུལ་བྱ་གཞན་འདྲེན་ཞིང་། དེས་ཀྱང་གཞན་འདྲེན་པའི་ཕྱིར་འཁོར་ལོ་ཞེས་བྱ་སྟེ། དེ་ནི་གོ་རིམས་ཀྱི་ཚིགས་སུ་བཅད་པ་འདིས་བསྟན་པ་ཡིན་ཏེ།

(༡༨༡)ཡང་སེམས་ཅན་གྱི་ཁམས་རྒྱུར་བྱས་ཤིང་། གཞན་གྱི་བྱང་ཆུབ་ལ་སོགས་པ་གསུམ་གྱིས་རྐྱེན་བྱས་ཏེ་བསྒོམས་པ་ལས་འབྲས་བུ་དཀོན་མཆོག་གསུམ་འགྲུབ་པར་འགྱུར་ཏེ། དཀོན་མཆོག་གསུམ་གྲུབ་ནས་དེས་ཀྱང་དེ་བཞིན་དུ་བྱེད་པའི་ཕྱིར་དཀོན་མཆོག་གི་འཁོར་ལོ་ཞེས་བྱའོ། །དེ་ནི། དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །ཞེས་བྱ་བ་ལ་སོགས་པས་བསྟན་པར་འདོད་པ་ལ་ཡང་ཉེས་པ་མ་མཐོང་ངོ་། །མདོའི་གླེང་གཞིར། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་སངས་རྒྱས་པ་ལ་སོགས་པའི་དོན་ས་བརྒྱད་པར་སངས་རྒྱས་དང་། དགུ་པར་ཆོས་དང་བཅུ་པར་དགེ་འདུན་གྲུབ་པར་བཤད་པ་དེའི་ཚེ་བཅུ་པ་ཐོབ་པའི་འཁོར་དུ་གྱུར་བའི་དགེ་འདུན་རྣམས་ཀྱིས་རང་གི་ཁམས་མཐོང་ཞིང་། དེ་ཡོན་ཏན་དྲུག་བཅུས་སྦྱངས་པས་བྱང་ཆུབ་ལ་སོགས་པ་གསུམ་འཐོབ་པར་འགྱུར་རོ། །ཞེས་བྱ་བ་འདི་ཡང་བཤད་པར་འགྱུར་རོ། །དེ་དག་གིས་ནི་བསྟན་བཅོས་ཀྱི་འབྲེལ་བ་བཤད་ཟིན་ཏོ།། །།ད་ནི་དབང་པོ་ཐ་མ་རྣམས་ལ་ཚིགས་སུ་བཅད་པ་རྣམས་ཀྱི་དོན་བརྗོད་པས་ཡན་ལག་གི་དོན་རྒྱ་ཆེར་བཤད་པ་ལ་འཇུག་པར་བྱ་སྟེ། འདི་ལ་དཀོན་མཆོག་གསུམ་གྱི་རང་བཞིན་བཤད་པས་སྐྱབས་སུ་འགྲོ་བ། སྐྱབས་སུ་སོང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བསླབ་པ། ཆོས་དེ་ཐོས་པའི་ཕན་ཡོན། ཕན་ཡོན་ཅན་གྱི་ཆོས་དེའི་དགོས་པ་ལ་སོགས་པ་བཤད་པ། བཤད་པའི་དགེ་བ་བསྔོ་བ་སྟེ་དོན་རྣམ་པ་ལྔ་ལས། དང་པོ་ལ་

(༡༨༢)དོན་དམ་པའི་དཀོན་མཆོག་གསུམ་དང་། ཀུན་རྫོབ་པའི་དཀོན་མཆོག་གསུམ། དཀོན་མཆོག་གི་སྒྲའི་དོན་བཤད་པའོ། །དང་པོ་ལ། སངས་རྒྱས་དང་། ཆོས་དང་། དགེ་འདུན་བཤད་པའོ། །དང་པོ་ལ། བཤད་པའི་གཞི་དགོད་པ། དེ་ཉིད་ལེགས་པར་བཤད་པའོ། །དང་པོ་ནི། སེམས་ཅན་གྱི་ཚོགས་གསུམ་ལས་སེམས་ཅན་ཁ་ཅིག་ནི་ཚངས་པ་དང་། ཁ་ཅིག་ནི་དབང་ཕྱུག་དང་། ཁ་ཅིག་ནི་ཁྱབ་འཇུག་ལ་སོགས་པ་རྣམས་ལ་སྐྱབས་སུ་འགྲོ་ཞིང་སྟོན་པར་ཁས་ལེན་ལ། ཡང་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་སྟོན་པར་མཐོང་ནས་དེ་བཞིན་གཤེགས་པས་ཇི་ལྟར་རིགས་པར་འདུལ་བ་དེ་དག་ནི་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོ་སྟེ། སུ་ཡང་རུང་སྟེ་སྐྱབས་སུ་འགྲོ་བ་ལས་ནི་འཇིགས་པ་ལས་སྐྱོབ་པའི་ཆེད་དུ་ཡིན་ལ། འཇིགས་པ་ཡང་། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཤེས་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་འཇིགས་པ་རྣམ་པ་ལྔ་ལས་སྐྱབ་པའི་ཕྱིར་ཏེ། ཚེ་འདི་ཉིད་ཀྱི་ནད་དང་དགྲ་ལ་སོགས་པའི་འཚེ་བ་རྣམས་བཟློག་པའི་ཕྱིར་སྐྱབས་སུ་འགྲོ་བ་ནི་བྱེད་གསུམ་ཞེས་འཆད་པར་འགྱུར་བའི་སྐྱབས་འགྲོ་སྟེ། དེ་བཞིན་གཤེགས་པ་ལ་མཆོག་ཏུ་འཛིན་པར་བྱེད་པའོ། །ངན་སོང་གི་འཇིགས་པ་ལས་སྐྱོབ་པའི་ཕྱིར་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་བས་ཕག་གི་སྐྱེ་གནས་ལས་བཟློག་པ་ལྟ་བུའོ། །ཐབས་མིན་ནི་ཐར་བ་དོན་དུ་གཉེར་བའི་བློ་ཡོད་ཀྱང་མེ་ལྔ་བསྟེན་པ་ལ་སོྭ་པ་ཐར་བའི་ཐབས་མ་ཡིན་པ་ལ་ཞུགས་པ་

(༡༨༣)ལས་བཟློག་པའི་ཕྱིར་དང་། སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །སངས་རྒྱས་ཀྱི་བསྟན་པ་ཡང་ཤེས་རབ་སྒྲོན་མར། བསྟན་པ་ཞེས་བྱ་བ་ལྷ་དང་མིས་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བ་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིན་ཏེ། ཞེས་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བས་འཕགས་པའི་བདེན་པ་བཞི་ཡིད་ལ་བྱེད་པ་དང་། བསླབ་པ་གསུམ་ལ་ཅི་རིགས་པར་སློབ་པ་ནི་དོན་གྱི་བསྟན་པ་ཡིན་ལ། དེ་སྟོན་པར་བྱེད་པའི་སྟོན་པ་དང་སློབ་མའི་གསུང་དག་ནི་ཚིག་གི་བསྟན་པ་སྟེ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པའི་ཕྱིར་ཏེ། གང་དེ་བཞིན་གཤེགས་པས་གསུངས་པ་ཡིན་དུ་ཟིན་ཀྱང་སྦྱིན་པ་ལ་སོྭ་པའི་གཏམ་ཅུང་ཟད་ཙམ་དང་། སྨན་དཔྱད་དང་། སྒྲ་ལ་སོྭ་པ་དང་། དེ་དག་སློབ་དཔོན་ཀླུ་སྒྲུབ་ལ་སོྭ་པས་སྦྱར་བ་ཡང་རུང་སྟེ། མུ་སྟེགས་བྱེད་དང་ཐུན་མོང་བ་ཡིན་པས་སངས་རྒྱས་ཀྱི་བསྟན་པ་ཞེས་ནི་མི་བྱའོ། །སངས་རྒྱས་ཀྱི་ཐེག་པ་ལྷག་པའི་ཚུལ་ཁྲིམས་ལ་ཞུགས་སུ་ཟིན་ཀྱང་གང་ཟག་ཏུ་ལྟ་བས་འཇིག་ཚོགས་ལ་ལྟ་བ་དང་ལྡན་པའི་མང་པོས་བཀུར་བ་ལ་སོྭ་པ་དག་ནི་ཇི་སྲིད་ལྟ་བ་དེ་མ་བཏང་བ་དེ་སྲིད་དུ་ཐར་བའི་སྐབས་མེད་པས་དེ་ལས་ཐར་བའི་ཕྱིར་སྐྱབས་སུ་

(༡༨༤)འགྲོའོ། །འཇིག་ཚོགས་ལ་ལྟ་བ་ཀུན་བརྟགས་པ་དང་ལྷན་ཅིག་སྐྱེས་པ་སྤངས་ཏེ། རང་གི་མི་སློབ་པ་ཐོབ་ཏུ་ཟིན་ཀྱང་ལམ་གོལ་བའི་ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་རང་གི་ལམ་དེ་ལས་བཟློག་སྟེ་ཐེག་ཆེན་དུ་འཇུག་པ་ན་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོའོ། །ཐེག་པ་ཆེན་པོ་ལ་འཇུག་པ་ན་ཡང་། །རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་གསུངས་པ་ལྟར་ཐེག་པ་དམན་པ་མན་ཆད་ཀྱི་འཇིགས་པ་ལྔ་པོ་དེ་དག་ལས་སྐྱབ་པའི་ཕྱིར་སྐྱབས་སུ་འགྲོའོ། །ཐེག་པ་ཆེན་པོ་ལ་ཞུགས་ནས་ཀྱང་མི་མཐུན་པའི་ཕྱོགས་རགས་པ་དང་ཕྲ་བ་དེ་དང་དེའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་གོང་ནས་གོང་དུ་སྐྱབས་སུ་འགྲོ་བའི་རིམ་པ་ཤིན་དུ་མང་དུ་ཡོད་པར་ཤེས་པར་བྱའོ། །བློ་བུར་བའི་ཉེས་པ་བཟློག་པའི་ཕྱིར་འཕྲལ་དུ་སྐྱབས་སུ་འགྲོ་བ་ནི་ཉན་ཐོས་ཀྱི་ཕྱོགས་ལ་ཡང་ཡོད་དེ། ཇི་ལྟར་འཕགས་པ་ཀུན་དགའ་བོ་སྨད་འཚོང་མའི་རིག་སྔགས་ཀྱི་མཐུས་ཉེན་པ་ན་སྟོན་པ་ལ་སྐྱབས་སུ་སོང་བས་འཇིགས་པ་དེ་ལས་གྲོལ་བ་ལྟ་བུའོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་སྐྱོབ་པ་ཡང་དེ་བཞིན་གཤེགས་པ་ལ་ཉེས་པ་ཇི་སྙེད་པ་ལས་སྐྱོབ་པའི་མཐུ་ཡོད་པར་ཤེས་པའི་དད་པ་དང་། རང་བཞིན་མེད་པའི་དེ་ཁོ་ན་ཉིད་ཤེས་པའི་དོན་དམ་པའི་སྐྱབས་སུ་འགྲོ་བས་སྤོང་བ་ཡིན་པའི་ཕྱིར་སྐྱབས་སུ་འགྲོ་བ་ནི་ལམ་གྱི་སྔོན་དུ་འགྲོ་བ་ཙམ་དུ་མ་ཟད་དངོས་གཞིར་ཡང་ལྟ་བར་བྱའོ། །མན་ངག་པ་དག་ནི་བླ་མ་དམ་པ་ལ་སངས་རྒྱས་སུ་འདུ་ཤེས་པ་ཉིད་ཀྱི་མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་རིམ་པས་བྱེད་པར་སྣང་ངོ་། །ཆོས་ཉིད་

(༡༨༥)ཀྱི་རྒྱུ་མཐུན་པའི་དང་བས་ཆོས་དང་དགེ་འདུན་ལ་ཡང་སྐྱབས་སུ་འགྲོའོ་ཞེས་བྱ་བ་ལ། མ་ཁོལ་གྱིས་དཀོན་མཆོག་གསུམ་ལ་བསྟོད་པའི། ཆོས་ཉིད་རྒྱུ་མཐུན་གསུང་རབ་བཅུ་གཉིས་དང་། །ཞེས་གསུངས་པའི་འགྲེལ་བར། ཆོས་ཉིད་ཅེས་བྱ་བ་ལ་ཆོས་ཉིད་བདག་རྣམ་པ་གཉིས་ཀྱིས་དབེན་པ་སྟོང་པ་ཉིད་དེ། བདག་མེད་པ་དང་བདག་དང་བྲལ་བའི་མཚན་ཉིད་འཛིན་པ་རང་བཞིན་གྱིས་འོད་གསལ་བའི་སྤྱིའི་མཚན་ཉིད་དོན་དམ་པའི་ངོ་བོའོ། །དེའི་རྒྱུ་མཐུན་པ་བསྟན་པའི་ཆོས་བདག་མེད་པར་སྟོན་པའི་གསུང་རབ་སྟེ། ཞེས་གསུངས་པ་ལྟར་ཆོས་ཉིད་དང་རྒྱུ་མཐུན་པའི་གསུང་རབ་ལ་དད་པའི་དང་བས་ཡོན་ཏན་ཤེས་ནས་ཆོས་ལ་སྐྱབས་སུ་འགྲོ་ཞིང་། ཆོས་ཀྱི་སྣོད་དུ་ཤེས་ནས་དགེ་འདུན་ལ་ཡང་སྐྱབས་སུ་འགྲོའོ། །དེས་ན་དད་པ་སྐྱེ་བའི་རིམ་པ་གསུམ་ལས་དེ་དད་པའི་ཡུལ་དང་པོ་ཉིད་ཡིན་པས་སངས་རྒྱས་དཀོན་མཆོག་གི་དབང་དུ་བྱས་ཏེ་ཚིགས་སུ་བཅད་པ། གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས། སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིགས་མེད་རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིག །སྣ་ཚོགས་ལྷ་ཐིབས་ཀྱིས་བསྐོར་ཐེ་ཚོམ་རྩིག་པ་འཇིག་མཛད་དེ་ལ་འདུད། །ཅེས་བྱ་བ་ནི་བཤད་པའི་གཞིའོ། །དེ་ཉིད་ལེགས་པར་བཤད་པ་ནི། འདིས་ཅི་བསྟན་ཞེ་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །འདིས་ནི་མདོར་བསྡུ་ན་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་བརྗོད་དོ། །ཡོན་ཏན་

(༡༨༦)བརྒྱད་གང་ཞེ་ན། འདུས་མ་བྱས་པ་ཉིད་དང་། ལྷུན་གྱིས་གྲུབ་པ་དང་། གཞན་གྱིས་རྐྱེན་གྱིས་མངོན་པར་རྟོགས་པ་མ་ཡིན་པ་དང་། ཡེ་ཤེས་དང་ཐུགས་རྗེ་དང་། ནུས་པ་དང་། རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམས་སོ། །ཇི་ལྟར་བསྟན་ཞེ་ན། སོ་སོར་བརྗོད་པར་བྱ་སྟེ། ཐོག་མ་དབུས་མཐའ་མེད་ཅེས་བྱ་བ་འདིས་ནི་འདུས་མ་བྱས་བསྟན་ཏེ། ཐོག་མ་སྐྱེ་བ་དང་། དབུས་གནས་པ་དང་མཐའ་འཇིག་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་གྱི་གཏན་ཚིགས་ཀྱི་དོན་གོ་བ་ན་འདུས་མ་བྱས་སུ་བརྗོད་པར་གོ་སྟེ་གདོང་ལྔ་པ་གོ་བས་སེང་གེར་གོ་བ་ལྟ་བུའོ། །ཞི་བས་ནི་ལྷུན་གྱིས་གྲུབ་པ་བརྗོད་དེ། སྤྲོས་པ་དང་རྣམ་པར་རྟོག་པ་ཞི་སྟེ་དེ་ཡང་སྤྲོས་པ་དང་རྟོག་པ་མེད་པར་དགག་པ་ཙམ་མ་ཡིན་པར་ཆོས་ཀྱི་སྐུ་ཅན་དུ་བརྗོད་པའི་ཕྱིར་གྱི་གཏན་ཚིགས་ལས་ལྷུན་གྱིས་གྲུབ་ཅེས་བྱ་བ་འདི་བརྗོད་པ་ཡིན་ཏེ། སངས་རྒྱས་ཉིད་རང་རྣམ་སངས་རྒྱས་ཤེས་བྱ་བ་འདིས་ནི་གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པ་བསྟན་ཏེ། སང་རྒྱ་བའི་ལྔ་ལོགས་སུ་སློབ་དཔོན་གཞན་གྱི་ངག་ལ་མ་ལྟོས་པར་སངས་རྒྱས་ཉིད་དེ་འཕགས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཤིང་རྟོགས་པར་བྱ་བའི་ཕྱིར་གྱི་གཏན་ཚིགས་ལས་གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པའི་ཐ་སྙད་གྲུབ་བོ། །སངས་རྒྱས་ནས་ནི་ཞེས་བྱ་བས་ནི་མཁྱེན་པ་དང་ལྡན་པ་བསྟན་ཏེ། བཤད་པའི་ཚུལ་དེ་ལྟར་སངས་རྒྱས་ཉིད་དེ་འདུས་མ་བྱས་པ་དང་། ལྷུན་གྱིས་གྲུབ་པ་དང་། སོ་སོ་རང་གིས་རིག་པའི་ཚུལ་གསུམ་གྱི་རྟོགས་པའི་ཕྱིར་གྱི་གཏན་ཚིགས་ཀྱིས་མཁྱེན་པ་དང་ལྡན་པའི་ཐ་སྙད་གྲུབ་བོ། །མ་རྟོགས་རྟོགས་ཕྱིར་འཇིགས་མེད་རྟག་པའི་ལམ་སྟོན་པ། ཞེས་བྱ་བ་

(༡༨༧)འདིས་ནི་བརྩེ་བ་དང་ལྡན་པ་བརྗོད་དེ། མ་རྟོགས་པའི་སྡུག་བསྔལ་ཞི་བའི་ཆེད་དུ་ལམ་སྟོན་པའི་ཕྱིར་གྱི་གཏན་ཚིགས་ཀྱིས་ཐུགས་བརྩེ་བ་ཅན་དུ་གྲུབ་བོ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་གཅིག །སྣ་ཚོགས་ལྷ་ཐིབས་ཀྱིས་སྐོར་ཐེ་ཚོམ་རྩིག་པ་འཇིག་མཛད་དེ་ལ་འདུད། །ཅེས་བྱ་བ་འདིས་ནི་ནུས་པར་ལྡན་པ་བརྗོད་དེ། ཡེ་ཤེས་དང་ཐུགས་རྗེ་འབྲས་བུ་སྡུག་བསྔལ་དང་དེའི་རྒྱུ་ཉོན་མོངས་སྤོང་བའི་ཕྱིར་གྱི་གཏན་ཚིགས་ལས་ནུས་པ་དང་ལྡན་པའི་ཐ་སྙད་གྲུབ་པ་ཡིན་ནོ། །གཅིག་ནི་འགྲན་ཟླ་མེད་པའོ། ཁྱད་པར་དྲུག་པོ་དེ་རྣམས་བསྡུས་པས་སངས་རྒྱས་ཉིད་དོན་གཉིས་དང་ལྡན་པར་བརྗོད་པ་ཡིན་ཏེ། ཁྱད་པར་དང་པོ་གསུམ་གྱིས་རང་གིས་དོན་བརྗོད་ལ། ཕྱི་མ་གསུམ་གྱིས་གཞན་གྱི་དོན་དང་ལྡན་པ་བརྗོད་པ་ཡིན་ནོ། །དེ་ལྟར་ཡོན་ཏན་བརྒྱད་དང་ལྡན་པས་སངས་རྒྱས་ནི་འདུད་པར་འོས་པ་ཉིད་དུ་གྲུབ་བོ།། །།དེ་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམ་པ་དྲུག་པོ་བརྗོད་པ་གང་ཡིན་པ་འདིས་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་ཡན་ལག་རགས་པ་ཐམས་ཅད་བསྟན་པ་ཡིན་ཏེ། དེ་ཡང་འདུས་མ་བྱས་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་བློ་བུར་བའི་རྒྱུ་དང་རྐྱེན་གྱིས་འཕྲལ་དུ་འདུས་བྱས་པ་མ་ཡིན་གྱི། ཐོག་མ་མེད་པའི་དུས་ནས་རང་གི་ངང་གིས་རྗེས་སུ་ཞུགས་པའི་རྟག་པ་ཡིན་པར་བསྟན་ལ། དེ་ཉིད་ནི་པདྨའི་སྦུབས་ན་དེ་བཞིན་གཤེགས་པའི་སྐུ་བཞུགས་པ་ལ་སོྭ་པའི་དཔེ་དགུས་བསྟན་པ་ཡིན་ཏེ། ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱིས་ནི་

(༡༨༨)ནམ་མཁའ་ཇི་སྲིད་དུ་སངས་རྒྱས་ཀྱི་ཡེ་ཤེས་རྗེས་སུ་ཞུགས་པ་ཕྱི་མའི་བ་ཋཱི་བར་དུ་རྟག་པར་བསྟན་པ་ཡིན་ཏེ། དེ་ནི་ངོ་བོ་དང་རྒྱུ་དང་འབྲས་བུ་ལ་སོྭ་པའི་རྣམ་པར་གཞག་པ་བཅུས་སྟོན་པ་ཡིན་ཏེ། གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པའི་རང་བྱུང་གི་ཡེ་ཤེས་བསྟན་པས་ནི་བྱང་ཆུབ་ཀྱི་ལེའུ་བསྟན་ལ། མཁྱེན་པས་ནི་སྟོབས་བཅུ་ལ་སོྭ་པའི་ཡོན་ཏན་རྣམས་བསྟན་ཞིང་། མཁྱེན་པ་དང་བརྩེ་བ་དང་ནུས་པ་ཚོགས་པ་དག་གིས་ནི། །སྲིད་ལ་མཁྱེན་དང་བརྩེ་ཆེན་འགྱུར་བ་དང་། །མི་འགྱུར་མ་གོས་ནམ་མཁའི་དཀྱིལ་གནས་པ། །ཞེས་བྱ་བ་ལ་སོྭ་པའི་རིམ་པས་ཕྲིན་ལས་བསྟན་པ་ཡིན་ཏེ། སངས་རྒྱས་བསྟན་པས་ནི་ཆོས་དང་དགེ་འདུན་ཡང་དོན་གྱིས་བསྟན་ཏེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པའི་ཕྱིར་ཏེ། འདུད་ཅེས་བྱ་བས་མཆོད་པར་བྱ་བའི་ཡུལ་དུ་བསྟན་པ་ཉིད་ཀྱིས་མཚོན་ནས་དེ་ལ་མོས་པའི་ཕན་ཡོན་ཡང་བསྟན་པ་ཡིན་ཏེ། ཡོན་ཏན་དྲུག་པོ་འདི་དག་གང་གི་ཡིན་པའི་བདག་པོ་ནི་སངས་རྒྱས་དཀོན་མཆོག་ཏུ་གསུངས་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོྭ་པ་ཀུན་རྫོབ་པ་དག་ནི་མ་ཡིན་གྱི་སངས་རྒྱས་ཉིད་ཅེས་བྱ་བ་དོན་དམ་པའི་སངས་རྒྱས་ཡིན་ཏེ། སངས་རྒྱས་ཉིད་ནི་འདུས་མ་བྱས་མ་བྱས་པ་ཡིན་ཞིང་། ལྷུན་གྱིས་གྲུབ་པ་ཡིན་ལ། རང་བྱུང་གི་བྱང་ཆུབ་ཡིན་ཞིང་། མཁྱེན་པ་དང་། བརྩེ་བ་དང་། ནུས་པའི་ངོ་བོ་ཉིད་ཡིན་པར་སྒྲུབ་པའི་ཕྱིར་ལ། གཟུགས་ཀྱི་སྐུ་ནི་འདུས་བྱས་པ་ཡིན་པའི་ཕྱིར་ཏེ། དོན་དམ་པའི་སངས་རྒྱས་དེ་ཡང་མདོ་སྡེའི་རྒྱན་ལས། སྐུ་གསུམ་དག་གི་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །ཞེས་གསུངས་

(༡༨༩)པ་ལས་ཆོས་ཀྱི་སྐུ་དང་འདིར་གསུངས་པའི་སྐུ་གསུམ་ལས་ངོ་བོ་ཉིད་ཀྱི་སྐུ་ལ་བྱའོ། །དེ་ཡང་དབུ་མ་རིགས་པའི་ཚོགས་ལས་གསུངས་པར་གྱུར་པ་རིགས་པའི་སྟོབས་ཀྱིས་རྙེད་པའི་སྟོང་པ་ཉིད་མེད་པར་དགག་པའི་མཚན་ཉིད་ཅན་ལ་བདེན་པ་གཉིས་རྣམ་པར་འབྱེད་པ་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་ཕུན་ཚོགས་ཀུན་རྟེན་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་འདོད། །ཅེས་འཐད་པ་གཞན་དང་གཞན་གྱིས་ཆོས་ཀྱི་སྐུར་གསུངས་ཏེ། དེ་ཡང་ཆོས་ནི་ཤེས་བྱ་ཞེས་བྱ་བའི་ཚུལ་གྱིས་ཤེས་བྱ་ཐམས་ཅད་ལ་བརྗོད་ལ། དེ་རྣམས་ཀྱི་རང་བཞིན་ཡིན་པས་སྐུ་ཞེས་བརྗོད་དེ། རང་བཞིན་དང་ངོ་བོ་ཉིད་དང་བདག་ཉིད་ཀྱི་སྒྲ་རྣམས་སྐབས་ཀྱིས་ལུས་ལ་ཡང་འཇུག་པས་དེ་སྐད་དུ་བརྗོད་དོ། །ཇི་ལྟར་ཞེ་ན། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ཞེས་བྱ་བ་དེར། རེ་རེའི་ལུས་ཀྱི་རུས་པའི་ཕུང་པོ་ནི། །ཞེས་བྱ་བ་ཡིན་པའི་ཕྱིར་དང་། ཀུན་དུ་བདག་གི་ངོ་བོ་ནི། །ཞེས་བྱ་བ་བདག་གི་ལུས་ལ་བརྗོད་པའི་ཕྱིར་ཏེ། ཡང་ཆོས་ཀྱི་སྒྲ་ལམ་ལ་འཇུག་པས་ལམ་གྱི་ཡོན་ཏན་གྱི་དམིགས་པ་ཡིན་ཞིང་། དམིགས་པ་ཡང་རྟེན་གྱི་དོན་ཡིན་ལ། རྟེན་ཞེས་བྱ་བ་ཡང་ལུས་དང་རྣམ་གྲངས་ཀྱི་སྒྲ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། རྒྱལ་པོ་ཆོས་བཞིན་སྤྱོད་པ་དང་། །ཞེས་གསུངས་པའི་ཆོས་ནི་རིགས་པ་སྟེ། རིགས་པས་ཆད་པས་གཅོད་ཅེས་བྱ་བ་ལ་སོྭ་པ་ཡིན་པའི་ཕྱིར་ཏེ། སྟོང་པ་ཉིད་ཀྱང་། རིགས་པའི་རྗེས་སུ་འགྲོ་བ་ཅན་གྱི་བདེན་པ་ཉིད། ཡིན་པས་ཆོས་རིགས་པའི་རྗེས་སུ་འབྲང་བའི་ངོ་བོའམ་སྐུའོ་ཞེས་བྱ་

(༡༩༠)བ་ཡིན་ཏེ། སྐུའི་སྐད་དོད་ཀཱ་ཡ་ཞེས་བྱ་བ་སྒྲོགས་པ་ལ་ཡང་འཇུག་པས་འགྲེལ་བར། ཆོས་རྣམས་འདིར་སྒྲོགས་པའི་དོན་གྱིས་སྐུ་སྟེ། ཞེས་གསུངས་པའི་ཕྱིར་ཆོས་ཀྱི་སྐུའི་སྒྲ་འཇུག་པའི་ཡུལ་བཞིར་བཤད་དོ། །རྟོག་གེ་འབར་བར་ཡང་། ཡུམ་ལས་ཆོས་དང་གཟུགས་ཀྱི་སྐུ་ཐོབ་པར་འདོད་པས། ཤེས་འབྱུང་བའི་ཆོས་ཀྱི་སྐུ་ནི་གསུང་རབ་ལ་བཞེད་ལ། འདི་ཉིད་དུ་ཡང་། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་དུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་གསུངས་པའི་ཕྱིར་དྲང་བ་དང་ངེས་པའི་དོན་གྱི་གསུང་རབ་ལ་ཆོས་ཀྱི་སྐུར་བརྗོད་དོ། །དབུ་མ་ཚིགས་གསལ་བར་ཡང་། དེ་ཉིད་བདེ་བར་གཤེགས་པ་རྣམས་ཀྱིས་དབུ་མའི་ལམ་དུ་ཡང་དག་བསྒྲགས་པར་གྱུར། དེ་ནི་ཐུབ་པའི་ཆོས་ཀྱི་རང་བཞིན་སྐུར་འདོད་དེ་ནི་སྟོང་པ་ཉིད་དུ་བརྗོད། ཅེས་སྟོང་པ་ཉིད་ལ་དབུ་མའི་ལམ་དང་ཆོས་ཀྱི་སྐུར་གསུངས་ཏེ། བདེན་གཉིས་རྣམ་པར་འབྱེད་པ་དང་མཐུན་པ་ཡིན་ཏེ། །སྟོང་པ་ཉིད་ནི་ཆོས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་ན། དེ་བཞིན་གཤེགས་པའི་ཡིན་ཏེ་ཞེས་བྱེ་བྲག་ཏུ་བརྗོད་པ་ཅི་ཡིན་སྙམ་ན། ཆོས་ཐམས་ཅད་ལ་ཡོད་པར་ཁྱད་པར་མེད་ཀྱང་དེ་མ་ལུས་པར་རྟོགས་པ་སངས་རྒྱས་ཁོ་ན་ཡིན་པའི་ཕྱིར་སངས་རྒྱས་ཀྱི་སྐུར་གཞག་སྟེ། དབུ་མ་སྙིང་པོར། དེ་ལས་དངོས་ཉིད་མི་གཞན་དང་། །དེས་ནི་ཐུགས་སུ་ཆུད་པའི་ཕྱིར། །དེ་བཞིན་གཤེགས་པའི་སྐུར་འདོད་དེ། །གཞན་གྱི་མ་ཡིན་དེ་མ་རྟོགས། །ཤེས་གསུངས་པའི་ཕྱིར་ལ། གཞན་གྱིས་མ་རྟོགས་པ་ཡང་། བཞི་བརྒྱ་པར་ཡང་། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །ཞེས་

(༡༩༡)གསུངས་སོ། །འཕགས་པ་རྣམ་པར་གྲོལ་བའི་སྡེ་དང་། སློབ་དཔོན་སེང་གེ་བཟང་པོ་ཡང་སྟོང་པ་ཉིད་ལ་ལམ་གྱི་དུས་ཀྱི་རིགས་དང་། འབྲས་བུའི་དུས་སུ་ངོ་བོ་ཉིད་ཀྱི་སྐུ་ཞེས་བརྗོད་པར་མཛད་དེ། ངོ་བོ་ཉིད་ཀྱི་དོན་བཅོས་མ་མ་ཡིན་པ་དང་། དེ་ཐོབ་པའི་དོན་བཅས་མི་མ་ཡིན་པ་དང་། དེ་ཐོབ་པའི་དོན་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་ཆོས་ཐམས་ཅད་རྟོགས་པས་ཐོབ་པ་ཡིན་ཏེ་ཞེས་ཐོབ་པའི་དོན་རྟོགས་པ་ལ་བཞེད་ཀྱི། གསར་དུ་བྱུང་བ་ལ་མི་བཞེད་དོ། །ཡང་སློབ་དཔོན་འཕགས་པས་སྤྱོད་པའི་དོན་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་འདུས་བྱས་སུ་ཐལ་བར་འགྱུར་རོ་ཞེས་གསུངས་ཏེ། མདོར་ན་སློབ་དཔོན་དེ་དག་སྟོང་པ་ཉིད་ལ་ཆོས་ཀྱི་སྐུར་བཞེད་ཅིང་། དེ་འདུས་མ་བྱས་སུ་ཡང་བཞེད་པས་འདིར་འདུས་མ་བྱས་ཤེས་པ་ནི་མེད་པར་དགག་པའི་སྟོང་པ་ཉིད་དེ་ཉིད་ལ་བརྗོད་པ་ཡིན་ཏེ་སྙམ་ན། སློབ་དཔོན་མཁས་པ་དེ་དག་གིས་སྟོང་པ་ཉིད་ལ་ཆོས་ཀྱི་སྐུར་རྣམ་པར་གཞག་པ་དེ་ཡང་ལེགས་པར་གཞག་པ་ཡིན་གྱི། འདིར་བཤད་པའི་འདུས་མ་བྱས་ནི་དེ་ལྟ་བུ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་སྐྱེ་བ་མེད་ཅིང་འགག་པ་མེད་པ་དེ་བཞིན་གཤེགས་པར་གསུངས་པའི་དོན་དེ་ཉིད་འདིར་འདུས་མ་བྱས་ཀྱི་སྒྲས་བརྗོད་པར་ནི་འགྲེལ་བ་འདི་ཉིད་ལས་ཤིན་དུ་གསལ་ལ། སྐྱེ་བ་མེད་པ་ཡང་ཡིད་ལས་བྱུང་བའི་ཆོས་སྐུ་ལ་བརྗོད་པར་ལང་ཀར་གཤེགས་པ་ལས་ཤིན་དུ་གསལ་བར་གསུངས་པའི་ཕྱིར་ཏེ། དེ་ལས་ཇི་སྐད་དུ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་འདི་བསྟན་པ་བརྗོད་པ་ལས་བཅོམ་ལྡན་འདས་ཀྱིས་སྐྱེ་བ་མེད་པ་དང་འགོག་པ་མེད་པ་ཞེས་སྨོས་པ་མཛད་དེ། བཅོམ་ལྡན་འདས་

(༡༩༢)ཀྱིས་སྐྱེ་བ་མེད་པ་དང་འགོག་པ་མེད་པ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ་ཞེས་ཀྱང་གསུངས་ན། གང་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་གསུངས་པ་དེ་སྐྱེ་བ་མེད་པ་དང་འགོག་པ་མེད་པ་འདི་དངོས་པོ་མ་མཆིས་པའམ། འོན་ཏེ་འདི་དེ་བཞིན་གཤེགས་པའི་རྣམ་གྲངས་གཞན་ལགས། ཡོད་པ་དང་མེད་པའི་ཕྱོགས་མི་མཐོང་བས་ཕྱོགས་ཐམས་ཅད་མ་སྐྱེས་མ་འགགས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཤད་ན། གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་ཤེས་བགྱི་ན་ནི་བཅོམ་ལྡན་འདས་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ཆོས་ཤེས་སྨོས་སུའང་མི་རུང་ངོ་། །དེ་སྟེ་དེར་ཆོས་ལ་ལ་ཞིག་གི་རྣམ་གྲངས་གཞན་ཞིག་ལགས་ན་ནི་བཅོམ་ལྡན་འདས་དེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་བློ་གྲོས་ཆེན་པོ་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་ངས་ཁྱོད་ལ་བཤད་དོ། །ལེགས་སོ་བཅོམ་ལྡན་འདས་ཤེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དེ་ནི་དངོས་པོ་མེད་པའང་མ་ཡིན་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགོག་པ་མེད་པ་སྨོས་པའང་མ་ཡིན་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པ་སྨོས་པའང་མ་ཡིན་ཏེ། རྐྱེན་ལ་ལྟོས་པའང་མ་ཡིན། ངས་སྐྱེ་བ་མེད་པ་སྨོས་པར་བྱ་བ་དོན་མེད་པའང་མ་ཡིན་གྱི། བློ་གྲོས་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་ཡིད་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུའི་ཚིག་བླ་དགས་ཏེ། མུ་སྟེགས་ཅན་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་དང་ས་བདུན་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་ཡིན་པ་མ་སྐྱེས་པ་དེ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་ཏེ་རྣམ་གྲངས་ཀྱི་ཚིག་གོ །ཞེས་གསུངས་པ་ལ། གང་འདི་བསྟན་པ་

(༡༩༣)བརྗོད་པ་ལས་ཤེས་པ་ནི་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་སོ། །བསྟན་པ་དེ་ལས་སྐྱེ་བ་མེད་པ་དང་འགོག་པ་མེད་པ་དེ་བཞིན་གཤེགས་པའི་བླ་དགས་སུ་གསུངས་ན། སྐྱེ་བ་མེད་པ་དང་འགོག་པ་མེད་པ་དེ་ནི་ཅུ་ཡིན། དངོས་པོ་མེད་པ་ཡིན་ནམ། དེ་བཞིན་གཤེགས་པའི་བླ་དགས་སོ་ཞེས་ཀྱང་གསུངས་པས་དེ་བཞིན་གཤེགས་པའི་མཚན་གྱི་རྣམ་གྲངས་ཡིན། ཕྱོགས་དང་པོ་དངོས་མེད་ཡིན་ཏེ། ཡོད་པ་དང་མེད་པའི་ཕྱོགས་མེད་པས་ཆོས་མ་སྐྱེས་པ་ཡིན་ན་རང་ཚིག་འགལ་ཏེ། ཆོས་ཤེས་སྨོས་པས་སྐྱེ་བ་ཡོད་པར་ཁས་བླངས་ན་དེ་མ་སྐྱེས་པ་དང་འགལ་བས་སོ། །མིང་གི་རྣམ་གྲངས་ཙམ་ཡིན་ན་གང་གི་མིང་གི་རྣམ་གྲངས་ཡིན་པ་གསུངས་ཤིག་ཅེས་ཞུས་སོ། །ལན་ནི་ཚིག་དེས་དེ་བཞིན་གཤེགས་པ་དངོས་མེད་དུ་བསྟན་པ་ཡང་མ་ཡིན། ཆོས་ཐམས་ཅད་སྐྱེ་འགག་མེད་པར་བསྟན་པ་ཡང་མ་ཡིན། རྐྱེན་མེད་པར་མི་སྐྱེ་བ་ལ་བསམས་ནས་སྐྱེ་འགག་མེད་པར་བཤད་པའང་མ་ཡིན། དེ་ལྟ་ན་ཡང་སྐྱེ་འགག་མེད་པའི་ཚིག་འདི་དོན་གྱིས་སྟོང་པའི་ཚིག་མ་ཡིན་ཏེ། འོ་ན་དོན་ཅི་ཡོད་ཅེ་ན། དེ་བཞིན་གཤེགས་པའི་ཡིད་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུ་སྟོན་པའི་ཚིག་བླ་དགས་ཡིན་ཏེ། གང་ལ་ཡིད་ཀྱི་རང་བཞིན་དུ་བཤད་པ་འདི་ཡང་མུ་སྟེགས་དང་ཉན་ཐོས་དང་དྲང་རྒྱལ་དང་ས་བདུན་པ་མན་ཆད་དུ་མ་ཐོབ་པའི་ལུས་ཁྱད་པར་ཅན་ཞིག་སྟོན་པ་ཡིན་ཏེ། ལང་ཀར་གཤེགས་པ་འདི་ཉིད་དུ། དེ་ལ་རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་སོ་སོ་རང་གིས་རིག་པ་བདེ་བའི་མཚན་ཉིད་ཁོང་དུ་ཆུད་པས་རིས་སུ་ལྷན་ཅིག་སྐྱེས་

(༡༩༤)པ་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་ཤེས་བྱའོ། །ཞེས་གསུངས་པས་ཆོས་ཀྱི་སྐུ་ལ་ཡང་ཡིད་ཀྱི་ལུས་ཡོད་པར་བསྟན་པ་ཡིན་ཏེ། དེས་ན་འདིར་ཡང་འདུས་མ་བྱས་སུ་བརྗོད་པའི་ཚིག་ཀྱང་ཆོས་ཀྱི་སྐུའི་ཡིད་ལུས་དེ་ཉིད་ལ་བཤད་པར་རིག་པར་བྱའོ། །དེ་བཞིན་དུ་ཡེ་ཤེས་སྣང་བ་རྒྱན་གྱི་མདོར་ཡང་། འཇམ་དཔལ་དེ་བཞིན་གཤེགས་པ་ནི་སྐད་ཅིག་པ་སྟེ་མི་ཟད་པའི་མཚན་ཉིད་དང་། མི་ཟད་པའི་མཐའ་དང་། ཡང་དག་པ་མཐར་ངེས་པ་ཡིན་ཏེ། ཞེས་སྐད་ཅིག་པ་ཡིན་ཡང་ཟད་མི་ཤེས་པའི་རྒྱུན་ཡིན་པར་གསུངས་སོ། །སངས་རྒྱས་གསང་བས་ཀྱང་། དེ་ལ་ཡེ་ཤེས་རྣམ་པར་རྟོག་པའི་རྟེན་ཐམས་ཅད་བསལ་བ། རྣམ་པ་ཐམས་ཅད་ལས་ངེས་པར་གྲོལ་བས་ཤིན་དུ་འོད་གསལ་བ། རང་རིག་པ་ཙམ་གྱི་མཐར་ཐུག་པས་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པ། སྐད་ཅིག་མའི་རྒྱུན་བརྒྱུད་པའི་ཚོགས་ཅན། མི་གནས་པའི་མྱ་ངན་ལས་འདས་པའི་གནས་སྐབས་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཡིན་ཏེ། ཆོས་ཀྱི་སྐུ་འདིའི་མཚན་ཉིད་ནི་འདི་ལས། འདུ་ཤེས་ཙམ་ཡང་སྤངས་པའི་ཕྱིར། །རང་གི་ངོ་བོ་བསྟན་དུ་མེད། །ཤེས་པ་རང་རིག་བྱ་བ་འདི། །དེ་བཞིན་གཤེགས་པ་ཡིན་ཞེས་བཤད། །ཅེས་འབྱུང་བ་ཡིན་ཏེ། ཞེས་ཆོས་ཀྱི་སྐུ་སྐད་ཅིག་མ་དང་རྒྱུན་གྱིས་འཇུག་པར་གསུངས་སོ། །དོན་བསྡུ་ན་སྐད་ཅིག་དང་ལྡན་པ་མ་ཡིན་པས་དོན་བྱ་བ་ཅི་ཡང་མི་ནུས་པའི་ཕྱིར་འདིར་ནུས་པར་ལྡན་པ་སྨོས་པས་ཤིན་དུ་འདུས་མ་བྱས་པར་ལྟ་བ་ལས་བཟློག་པར་བྱའོ། །དེ་ཉིད་འགྲེལ་བས་བཤད་པ་ནི། འདུས་མ་བྱས་ནི་འདུས་བྱས་ལས་བཟློག་པར་ཤེས་པར་བྱའོ། །དེ་ལ་འདུས་བྱས་ནི་གང་ལ་སྐྱེ་བ་ཡ་།།།

(༡༩༥)རབ་ཏུ་ཤེས་ཤིང་གནས་པ་དང་འཇིག་པ་ཡང་རབ་ཏུ་ཤེས་པ་ནི་འདུས་བྱས་ཤེས་བརྗོད་ལ། དེ་མེད་པའི་ཕྱིར་སངས་རྒྱས་ཉིད་ཐོག་མ་དང་དབུས་དང་ཐ་མ་མེད་པ་འདུས་མ་བྱས་པ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བར་བལྟ་བར་བྱའོ། །ཞེས་བྱ་བ་ལ་སངས་རྒྱས་ཉིད་ནི་ཁྱད་པར་གྱི་གཞི་ཡིན་ལ། དེ་ནི་ཆོས་ཀྱི་སྐུའི་ཁྱད་པར་གྱིས་ཆོས་གཞན་ལས་རབ་ཏུ་ཕྱེ་བར་བལྟ་བར་བྱ་སྟེ། ཆོས་ཀྱི་སྐུ་ནི་འཕྲལ་གྱི་རྐྱེན་མེད་ཀྱང་རང་གི་ངང་གིས་འབྱུང་བས་སྐྱེ་བ་དང་འགག་པ་དང་གནས་པ་སྤྲིན་ལྟ་བུ་མ་ཡིན་གྱི་ནམ་མཁའ་ལྟ་བུ་ཡིན་པས་འདུས་མ་བྱས་ཤེས་བརྗོད་དོ་ཞེས་པའོ། །སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ལྷུན་གྱིས་གྲུབ་པའོ། །ཞེས་བྱ་བ་ལ། སངས་རྒྱས་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་སོ་སོའི་སྐྱེ་བོ་དག་གི་ལྟར་སྤྲོས་པ་དང་རྣམ་རྟོག་གིས་ངག་འབྱུང་བ་མ་ཡིན་གྱི་ངང་ངམ་ལྷུན་གྱིས་གྲུབ་པར་འབྱུང་བ་ཡིན་ཏེ། དེ་ལ་སྤྲོས་པ་ནི་ལས་སུ་སྒྲུབ་པས་འདི་སྤྲོས་པ་ཡིན་པའི་ཕྱིར་སྤྲོས་པ་སྟེ། ངག་དང་ཚིག་ལ་སོྭ་པ་ཡིན་ལ། དེའི་རྒྱུ་ནི་རྣམ་པར་རྟོག་པ་ཡིན་ཞིང་རྣམ་པར་རྟོག་པ་དང་ངག་ཚིག་ཀྱང་དོན་གཅིག་ལ་འཇུག་པ་ཡིན་ཏེ། སྤྱི་བརྗོད་ངང་ཚུལ་ཅན་སྒྲ་དང་། །རྟོག་པའང་དེ་དང་དོན་གཅིག་ན། །ཞེས་གསུངས་པའི་ཕྱིར་ཏེ། རྣམ་པར་རྟོག་པ་ཡང་ཐོག་མ་མེད་པའི་མངོན་པར་བརྗོད་པའི་བག་ཆགས་ལས་བྱུང་བས་རྒྱུ་བག་ཆགས་གཏན་ལོག་པའི་ཕྱིར་སངས་རྒྱས་ཉིད་ནི་རྟོག་པ་དང་སྤྲོས་པ་ཉེ་བར་ཞི་བ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བའི་ཕྱིར་གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པའོ། །ཞེས་བྱ་བ་ལ། ཐུབ་པའི་སྐད་ཅིག་གཅིག་པ་ཡི།

(༡༩༦)།རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས་སྐད་ཅིག་མའི་མངོན་པར་རྟོགས་པ་ཡང་ཐུབ་པ་ཉིད་ཀྱི་ཡིན་པར་བསྙད་པའི་ཕྱིར་རང་ཞེས་བྱ་ལ། དེ་ལས་བླ་ན་མེད་པའི་བྱང་ཆུབ་འབྱུང་བའི་ཕྱིར་ན་བྱང་ཆུབ་དེ་ལ་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །བྱང་ཆུབ་སེམས་འགྲེལ་ལས། རྟོགས་བྱ་རྟོགས་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཀྱིས་མ་གཟིགས། །གང་ན་རྟོགས་བྱ་རྟོགས་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན། །མཚན་ཉིད་མེད་ཅིང་སྐྱེ་བ་མེད། །ཡོད་གྱུར་མ་ཡིན་ངག་ལམ་བྲལ། །མཁའ་དང་བྱང་ཆུབ་སེམས་དང་ནི། །བྱང་ཆུབ་གཉིས་མེད་མཚན་ཉིད་ཅན། །ཞེས་གསུངས་པའི་ཕྱིར་ཡེ་ཤེས་ཀྱིས་གཉིས་མེད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་གཞན་གྱི་ལུང་ལ་སོྭ་པའི་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡིན་པའོ། །དེ་ལ་སྔོན་པོ་འཛིན་པའི་མིག་གི་རྣམ་པར་ཤེས་པས་སྔོན་པོ་རྟོགས་སོ་ཞེས་བརྗོད་པ་ན་རྣམ་པར་ཤེས་པ་ནི་རྟོགས་པའི་བྱེད་པ་པོ་དང་། སྔོན་པོའི་རྣམ་པ་ནི་བྱེད་པ་དང་། སྔོན་པོ་རྟོགས་པ་ནི་བྱ་བའམ་འབྲས་བུ་ཡིན་ཏེ་ཞེས་གསུམ་དུ་རྣམ་འགྲེལ་ལ་སོྭ་པ་ལས་བརྗོད་དོ། །རྣམ་འགྲེལ་ཉིད་ཀྱི་ལུགས་ལ་ཡང་། །ཆོས་ཐ་དད་པ་ཁས་ལེན་ཕྱིར། །དངོས་སུ་ཐ་དད་མེད་པར་འདོད། །ཅེས་བྱ་བ་དང་བྱེད་པ་དངོས་མ་ཡིན་ཀྱང་ཆོས་ཐ་དད་པས་གཞག་པའི་བཏགས་པ་བར་འདོད་དོ། །བྱང་ཆུབ་ལ་ནི་དེ་ལྟ་བུའི་བཏགས་པ་བ་ཡང་མེད་དེ། བྱང་ཆུབ་ནི་རྣམ་པ་མེད་པས་རྣམ་པའི་སྒོ་ནས་ཡུལ་གཟིགས་པ་མ་ཡིན་ཞེས་པ་སྟེ། རྣམ་པས་ཡུལ་རྟོགས་པའི་བྱེད་པ་དང་ལྡན་པ་ཡིན་ན་དེ་ལ་བྱང་ཆུབ་མི་རུང་ངོ་། །དེས་ན་མཚན་ཉིད་ནི་རྣམ་པའི་མིང་གི་རྣམ་གྲངས་ཡིན་ཏེ། རྣམ་པ་དང་རྟགས་དང་མཚན་

(༡༩༧)མ་ཞེས་ལྷན་ཅིག་ཏུ་བརྗོད་པའི་ཚེའོ། །དེ་བས་ན་བྱང་ཆུབ་ནི་སྔོན་པོའི་རྣམ་པར་ཤེས་པ་ལྟ་བུའི་བྱ་བ་དང་བྱེད་པ་གཉིས་མེད་པའི་རང་བཞིན་ཡིན་པས་སྔོ་སྣང་དབང་ཤེས་ཀྱི་བྱ་བ་དང་བྱེད་པ་བརྗོད་པའི་བཏགས་པ་དེ་ཡང་འདིར་མི་འདོད་དོ། །དེ་བས་ན་ལང་ཀར་གཤེགས་པ་ལས། ཇི་ལྟར་སོར་མོས་རང་རྩེ་དང་། །ཇི་ལྟར་རལ་གྲིས་རང་སོ་ལ། །མི་གཅོད་རེག་པར་མི་བྱེད་པ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང་། །ཞེས་གསུངས་པས་མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་བས་རྣམ་པར་གཞག་པའི་རང་རིག་པའི་མངོན་སུམ་གྱི་མཚན་ཉིད་ཀྱང་བྱང་ཆུབ་ལ་མེད་དེ། དེ་གཉིས་ཀྱི་རང་རིག་པ་དགག་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བདེན་པ་གཉིས་རྣམ་པར་འབྱེད་པ་ལས་བཀག་པ་ལྟར་བལྟའོ། །ས་ར་ཧས། རྦ་རླབས་མེད་པའི་དབང་ཕྱུག་མཆོག །རྙོག་པ་མེད་པའི་བསམ་གཏན་འགྱུར། །ཆུ་དང་མར་མེ་རང་གསལ་གཅིག་པུ་ཞོག །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ། །ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱང་རང་ཉིད་སྒྲིབ་གཡོགས་མཐའ་དག་དང་བྲལ་བའི་གསལ་བར་གྱུར་བ་ཉིད་ཡིན་པས་འདིར་རང་བྱུང་གི་ཡེ་ཤེས་ཀྱིས་གཟིགས་པར་བརྗོད་པ་ནི་བྱ་བྱེད་མེད་པར་བརྗོད་པ་ཡིན་ཏེ། དཔེར་ན་རྫུས་ཏེ་སྐྱེས་པའི་མི་ཞིག་ལ་ཁྱོད་ཀྱི་ཕ་སུ་ཞེས་དྲིས་པ་ན་ཁོ་བོའི་ཕ་ནི་ཁོ་བོ་ཉིད་དེ་ཞེས་བརྗོད་པའི་ཚེ་ཕ་མེད་པར་རྟོགས་པར་བྱ་བ་ལྟ་བུའོ། །འོན་ཀྱང་བྱང་ཆུབ་འདི་ནི་མེད་པར་དགག་པ་ལས་གཞན་ཅི་ཡང་མ་གཟིགས་པའི་སྟོང་སྟོང་པོ་ཞིག་ཀྱང་མ་ཡིན་གྱི། ཤེས་པར་བྱ་བ་ཐམས་ཅད་ཀྱི་གཟུགས་བརྙན་ནོ། །དེ་ཡང་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་བསྟན་པ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་

(༡༩༨)པོ་ལ་གླིང་བཞི་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་གཟུགས་བརྙན་རྒྱ་ལྟ་བུར་སྣང་སྟེ་དེའི་ཕྱིར་རྒྱ་མཚོ་ཆེན་པོ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་དབང་པོ་དང་བསམ་པ་རྣམ་པ་ཐ་དད་པ་སྣང་བ་མེད་པའི་རང་བཞིན་གྱིས་ཡོངས་སུ་སྣང་བར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ། །ཞེས་གསུངས་པ་འདི་ཡིན་ཏེ། ཨུ་ད་ཡ་ནི་འདིར་མངོན་པར་རྟོགས་པ་ལ་འདོད་ཀྱི་སྐྱེ་བ་ལ་ནི་མ་ཡིན་ཏེ། ཞེས་བྱ་བ་ལ། རྐྱེན་གྱི་སྐད་དོད་པྲ་ཏྱ་ཡ་ནི་ཡིད་ཆེས་པ་ལ་འཇུག་པས་གཞན་ལ་ཡིད་ཆེས་པའི་ལུང་ཙམ་གྱིས་རྟོགས་པ་མ་ཡིན་པར་མངོན་སུམ་དུ་རྟོགས་པའོ། །རྐྱེན་གྱིས་རྟོགས་ཤེས་པའི་སྐད་དོད་པྲ་ཏྱ་ཡོ་ད་ཡ་ཞེས་པའི་མཚམས་སྦྱོར་ཕྲལ་ན་པྲ་ཏྱ་ཡ་ཨུ་ད་ཡ་ཞེས་པ་ཡིན་ཏེ། ཨུ་ད་ཡ་ནི་སྤྱིར་སྐྱེ་བ་དང་། དར་བ་དང་། རྟོགས་པ་སོྭ་ལ་འཇུག་མོད་ཀྱི། འདིར་མངོན་པར་རྟོགས་པ་ལ་འདོད་ཀྱི་སྐྱེ་བ་ལ་ནི་འཇུག་པ་མ་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་ལ་སོྭ་པ་རྣམས་ཀྱིས་དོན་གསུམ་པོ་བཤད་པར་གྱུར་བའི་མཇུག་བསྡུ་བར་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཉིད་ཅེས་བྱ་བ་དང་དོན་གཅིག་པའི་ཕྱིར་ཁྱད་པར་དྲུག་པོ་དག་གི་ཁྱད་པར་གྱི་གཞིའོ། །འདུས་མ་བྱས་ཤིང་འཇུག་པ་མེད་པ་ནི་རང་གི་ངང་ལས་མ་གཏོགས་པར་འཕྲལ་གྱི་རྐྱེན་གྱིས་འཇུག་ཅིང་སྐྱེ་བ་མེད་པའི་ཕྱིར་རྒྱུན་གྱིས་རྟག་པའི་མཚན་ཉིད་དམ་རང་བཞིན་དེ་ལས་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པར་རབ་ཏུ་འཇུག་གོ །དེ་ཡང་ཇི་ཙམ་ཞིག་འཇུག་པ་ནི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་དེ་སྐུ་དང་གསུང་དང་ཐུགས་ཀྱི་མཛད་པའོ། །ཇི་སྲིད་དུ་འཇུག་ན་

(༡༩༩)འཁོར་བ་ཇི་སྲིད་ཀྱི་མཐར་ཐུག་པར་རྒྱུན་མི་འཆད་པར་འཇུག་གོ །ཇི་ལྟ་བུར་འཇུག་ན་འགལ་བའི་རྐྱེན་གྱིས་ཐོགས་ཤིང་སྡོད་པ་མེད་པར་འཇུག་གོ ཁྱད་པར་གསུམ་པ་འདི་ནི་བྱང་ཆུབ་པ་ཡིན་ལ། བྱང་ཆུབ་པ་ཡང་རྟོགས་པའི་དོན་ཡིན་ཏེ། འདི་ལ་རྟོགས་པར་བྱ་བའི་ཡུལ་ནི་སངས་རྒྱས་ཉིད་དེ། སངས་རྒྱས་ཉིད་དེ་ཅི་འདྲ་བ་ཞིག་ཅེ་ན། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་མཁྱེན་ལགས་ཀྱི། ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཤེས་པའི་ཚུལ་དུ་དཔེར་རུང་བའི་གང་ཟག་གཞན་མེད་པས་ཤིན་དུ་རྨད་དུ་བྱུང་ཞིང་རྟོགས་པ་མེད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པས་བསམ་དུ་མེད་པའོ། །རྟོགས་པར་བྱེད་པ་ནི་རང་འབྱུང་གི་ཡེ་ཤེས་ཀྱིས་བརྗོད་པ་རྣམ་རྟོག་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་རྟོགས་སོ། །ཅིའི་ཕྱིར་རང་བྱུང་ཞེས་བྱ་ཞེ་ན། ཡེ་ཤེས་དེ་སྐྱེ་བའི་སྔ་ལོགས་སུ་སློབ་དཔོན་མེད་པས་གཞན་ལས་གདམས་པ་མ་ཐོས་པར་རང་ཉིད་ཀྱིས་རྟོགས་པས་སོ། །གཞན་གྱི་དོན་གྱི་ཡོན་ཏན་གསུམ་འཆད་དེ། འདི་ལ་དོན་བྱ་བའི་ཡུལ། གང་གིས་དོན་བྱེད་པའི་བྱེད་པ། བྱ་བའི་དོན་ཅི་ཞིག་ཡིན་པ་སྟེ་གསུམ་ལས་དོན་བྱ་བའི་ཡུལ་ནི། དེ་རྗེས་སུ་རྟོགས་པ་ལ་རྟོགས་པ་དང་མི་ལྡན་པ་དམུས་ལོངས་སུ་གྱུར་པ་གཞན་དག་ཀྱང་རྟོགས་པར་བྱ་བའི་ཕྱིར་ཡིན་པས་སེམས་ཅན་ཐམས་ཅད་དོ། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །ཞེས་བྱ་བས་རྟོགས་བྱ་སངས་རྒྱས་ཉིད་དེ་རྗེས་སུ་མཐུན་པར་རྟོགས་པའི་ཟག་མེད་ཀྱི་རྟོགས་པ་དང་མི་ལྡན་པའི་ཕྱིར་སོ་སྐྱེ་ཐམས་ཅད་ནི་དམུན་ལོང་དུ་གྱུར་བའོ། །བཙས་པའི་ཁྱིམ་ན་བུ་ཆུང་གིས། །ཉི་མའི་གཟུགས་

(༢༠༠)བཞིན་འཕགས་པས་ཀྱང་། །ཞེས་གསུངས་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་འཕགས་པ་རྣམས་དང་ས་བཅུ་པ་མན་ཆད་སངས་རྒྱས་ཉིད་ལས་གཞན་པ་དག་ནི་ལས་སུ་བྱ་བའི་ཡུལ་ལོ། །ཀྱང་ཞེས་པ་ནི་རང་ཉིད་ཀྱིས་རྟོགས་པ་དེས་ཐུགས་མ་ཚིམ་སྟེ། གཞན་ཡང་རྟོགས་པར་མཛད་ཅེས་པའོ། །གང་གིས་དོན་བྱེད་པའི་བྱེད་པ་ནི་རང་དོན་གྱི་ཁྱད་པར་གསུམ་དང་ལྡན་པའི་བླ་ན་མེད་པའི་ཡེ་ཤེས་དང་། གཞན་ལ་ཕན་པ་བཞེད་པའི་བརྩེ་བའོ། །གཞན་དག་གིས་དེ་བཞིན་གཤེགས་པ་ལ་མཁྱེན་པ་དང་བརྩེ་བ་དང་ལྡན་པར་ཚད་མ་གང་གིས་རྟོགས་པར་བྱ་ཞེ་ན། སངས་རྒྱས་ཉིད་དེ་རྗེས་སུ་རྟོགས་པའི་ལམ་སྟོན་པར་མཛད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ལས་མཁྱེན་པ་དང་བརྩེ་བ་དང་ལྡན་པར་རྗེས་སུ་དཔག་པས་རིག་པར་བྱའོ། །བརྩེ་བ་ཡང་རྟག་པ་རྒྱུན་གྱི་ཐུགས་རྗེ་ཡིན་གྱི། ཆད་ཅིང་འཇུག་པ་ཡང་མ་ཡིན་ལ། རླན་པའི་ངོ་བོའི་རང་བཞིན་ཕྱིར། །ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད། །ཅེས་གསུངས་པའི་ཕྱིར་དྲི་མ་དང་བཅས་པའི་སྙིང་པོ་ཉིད་སྟོབས་ལ་སོྭ་པའི་མཁྱེན་པའི་རིགས་སུ་གྱུར་པ་བཞིན་དུ་སྙིང་རྗེའི་རིགས་སུ་གྱུར་བ་ཡང་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་སྙིང་རྗེ་ཡང་། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་བྱ་བའི་ཁོངས་སུ་གཏོགས་པར་རིག་པར་བྱའོ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། རིགས་ཀྱི་བུ་སེམས་ཅན་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་སྐྱེ་བ་ཡང་མེད་འཇུག་པ་ཡང་མེད་དོ་ཞེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་རྟག་ཏུ་འཇུག་པའི་ཕྱིར་ཏེ། ཞེས་ཏེ་ཐུགས་རྗེ་ཆེན་པོའི་རིགས་གསར་དུ་སྐྱེ་ཞིང་སེམས་ཅན་གྱི་སྡུག་བསྔལ་མཐོང་

(༢༠༡)ནས་འཕྲལ་དུ་འཇུག་པ་ཡང་མེད་དེ། རྒྱུན་གྱིས་རྟག་པ་ཡིན་པའི་ཕྱིར་རོ་ཞེས་པའོ། ཁྱད་པར་འཕགས་བསྟོད་ལས། ཁྱོད་ནི་ལམ་གང་ནས་གཤེགས་པའི། །ལམ་དེ་ཉིད་ནས་སློབ་མའང་མཆི། །ཞེས་བྱ་བའི་ཚུལ་གྱིས་སྟོན་པས་སྔར་གཤེགས་པ་དང་རྗེས་སུ་མཐུན་པའི་ལམ་དུ་འཇུག་པ་ན་ལམ་དེ་ལ་དགྲ་དང་གཡང་སའི་འཇིགས་པ་མེད་དེ། དགྲ་ནི་ཕྱི་དང་ནང་གི་བདུད་ཡིན་ན་འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་ཐོབ་པའི་ཚེ་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཕྱི་ནང་གི་བདུད་མེད་དོ། །གཡང་ས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ལྷུང་བ་ལས་ཡིན་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ནི་ཐེག་པ་ཆེན་པོའི་འཕགས་པའི་ལམ་ལ་ལྟོས་ན་འཇིག་རྟེན་པ་ཡིན་པ་ལ། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ནི་ཕྱིར་མི་ལྡོག་པའི་ཕྱིར་འཇིག་རྟེན་ལས་འདས་པ་ཡིན་ནོ། །འགྲེལ་བས་བཤད་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་སོ། །དེ་ལ་མདོར་བསྟན་པ་ནི་རལ་གྲི་དང་རྡོ་རྗེའི་དཔེས་ནི་གོ་རིམས་ཇི་ལྟ་བར་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་འདི་གཉིས་ཉིད་གཞན་གྱི་སྡུག་བསྔལ་དང་ཉོན་མོངས་པའི་རྩ་བ་འཇོམས་པར་ནུས་པར་བསྟན་ཏོ། །ཞེས་བྱ་བ་ལ། མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་ཤེས་བྱ་བའི་རལ་གྲི་དང་རྡོ་རྗེའི་དཔེ་སྨོས་པས་ནི་མྱུ་གུ་དང་རྩིག་པ་འཇོམས་པའི་ལས་ཀྱི་གོ་རིམས་ཇི་ལྟ་བར་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་འདི་གཉིས་ཉིད་རལ་གྲི་དང་འདྲ་ལ། འདི་གཉིས་ཉིད་རྡོ་རྗེ་དང་ཡང་འདྲ་སྟེ། རལ་གྲིས་སྡུག་བསྔལ་གྱི་རྩ་བ་

(༢༠༢)འཇོམས་ནུས་པར་བསྟན་ལ། རྡོ་རྗེས་ཉོན་མོངས་པའི་རྩ་བ་འཇོམས་ནུས་པར་བསྟན་ཏོ། །རྒྱས་པར་བཤད་པ་ནི་དེ་ལ་ཞེས་བྱ་བ་ནི་འདི་ལྟར་ཞེས་བྱ་བའི་དོན་ཅན་འཆད་པར་འགྱུར་བ་འདྲེན་པར་བྱེད་པའི་ཚིག་གི་ཕྲད་དོ། །སྡུག་བསྔལ་གྱི་རྩ་བ་ཞེས་བྱ་བ་ལ་སྡུག་བསྔལ་ནི་མདོར་ན་སྡུག་བསྔལ་རྣམ་པ་གསུམ་མམ་བརྒྱད་ལས་གང་ཅི་ཡང་རུང་བ་ཇི་ལྟར་སྲིད་པ་དག་དང་། དེའི་རྩ་བ་ནི་གང་ཅི་ཡང་རུང་སྟེ་སྲིད་པ་གསུམ་པོ་རྣམས་ལས་འདོད་པ་དང་གཟུགས་སུ་མིང་དང་གཟུགས་མངོན་པར་གྲུབ་པ་སྐྱེ་མཆེད་དྲུག་མ་དོད་པ་ཚུན་ཆད་དོ། །གཟུགས་མེད་པའི་སྲིད་པར་གང་ཅི་ཡང་རུང་སྟེ་གཟུགས་མེད་པར་འདོད་པ་ལ་ནི་མིང་འབའ་ཞིག་གྲུབ་པའོ། །གཟུགས་ཡོད་པར་འདོད་པ་ལ་ནི་མིང་དང་གཟུགས་གཉི་ག་གྲུབ་སྟེ། དེ་ལ་ནི་སྐྱེ་མཆེད་དྲུག་མ་དོད་ཚུན་ཆད་ཅེས་སྦྱར་དུ་ནི་མེད་དོ། །དེ་བཞིན་དུ་འདོད་པ་དང་གཟུགས་སུ་ཡང་རྫུས་ཏེ། སྐྱེས་པ་ཐམས་ཅད་ལ་སྐྱེ་མཆེད་དྲུག་མ་དོད་ཚུན་ཆད་ཅེས་སྦྱར་དུ་མེད་ཅེས་བརྗོད་དེ། འདི་ལྟ་བུ་དག་ནི་གང་ཅི་ཡང་རུང་བའི་སྒྲས་བརྗོད་པ་ཡིན་ནོ། །འོ་ན་རང་གི་ལུགས་ལ་གཟུགས་མེད་པའི་ཁམས་ན་གཟུགས་ཡོད་དམ་མེད་ཅེ་ན། ཕྱི་རོལ་པའི་དྲང་སྲོང་དང་ཉན་ཐོས་དང་རང་སངས་རྒྱས་མངོན་པར་ཤེས་པ་ཐོབ་པ་རྣམས་ཀྱི་ལྷའི་མིག་གིས་ཀྱང་བལྟ་བར་མི་ནུས་ལ། དེ་བཞིན་གཤེགས་པས་གཟིགས་པའི་གཟུགས་ཕྲ་བ་ཡོད་ཅེས་བྱ་བ་ནི་དཔལ་ཕྲེང་གི་མདོའི་དགོངས་པར་རྟོགས་སོ། །ཉོན་མོངས་པའི་རྩ་བ་ནི་གང་ཅི་ཡང་རུང་འཇིག་ཚོགས་ལ་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་གྱི་ལྟ་བ་དང་ཐེ་ཚོམ་མོ། །ཞེས་

(༢༠༣)བྱ་བ་ལ། ཉོན་མོངས་པ་ནི་རྩ་བ་དང་ཉེ་བའི་ཉོན་མོངས་པ་དག་ཡིན་ལ། དེ་དག་གི་རྩ་བ་སྟེ་སྔོན་དུ་འགྲོ་བ་ནི། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་བྱ་བའི་ཚུལ་གྱིས་འཇིག་ཚོགས་ཕུང་པོ་ལ་དངོས་པོར་མངོན་པར་ཞེན་པ་སྔོན་དུ་འགྲོ་བའི་ལྟ་བ་ལྔ་དང་ཐེ་ཚོམ་ལས་གང་ཅི་ཡང་རུང་བ་སྐྱེས་པ་དེ་ཡིན་གྱི། ཉོན་མོངས་བསྐྱེད་པ་ཐམས་ཅད་ཀྱི་ཐོག་མར་ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ལོག་པར་ལྟ་བ་དག་སྐྱེ་བར་ནི་མ་ངེས་སོ། །དེ་ལ་མིང་དང་གཟུགས་ཀྱིས་བསྡུས་པའི་སྡུག་བསྔལ་ནི་མངོན་པར་གྲུབ་པའི་མཚན་ཉིད་ཀྱིས་ན་མྱུ་གུ་ལྟ་བུར་ཤེས་པར་བྱ་ལ། དེ་གཅོད་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་གཉིས་ཀྱི་ནུས་པ་རལ་གྲིའི་དཔེས་བསྟན་ཏོ། །ཞེས་བྱ་བ་ལ། དེ་ལ་མིང་ནི་ཚོར་བ་ལ་སོྭགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། དེ་དག་ནི་ནཱ་མ་ཞེས་བྱ་བ་གཞན་ལ་འདུད་པའི་ཕྱག་ལ་ཡང་འཇུག་པ་བཞིན་དུ་དོན་ནམ་ཡུལ་ལ་གཞོལ་ཞིང་འདུད་པར་བྱེད་པའི་ཕྱིར་རོ། །འབྱུང་བ་དང་འབྱུང་བ་ལས་གྱུར་བ་དག་ནི་གཟུགས་ཏེ། སྣ་ལ་མཛུབ་མོ་གཟུགས་པ་ལྟར་རེག་པ་དང་ཡུལ་དཔྱད་པ་གང་ཡང་རུང་བས་བསྟན་དུ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་ཕུང་པོ་ལྔས་བསྡུས་པའི་སྡུག་བསྔལ་ཐམས་ཅད་ལས་དང་པོར་འབྱུང་བ་དེ་ཉིད་ལ་སྤྱི་མིང་བྱེ་བྲག་ལ་བཏགས་ནས་མིང་དང་གཟུགས་ཤེས་བྱ་ལ། དང་པོར་མངོན་པར་ཏེ་གསལ་པོར་འགྲུབ་པའི་

(༢༠༤)མཚན་ཉིད་དམ་མཚུངས་ཆོས་ཀྱིས་ལྗོན་ཤིང་ལ་སོགས་པ་སྐྱེ་བའི་དང་པོར་དེའི་མྱུ་གུ་མངོན་པར་འགྲུབ་པ་དང་ཆོས་མཚུངས་པའི་མཚན་ཉིད་ཀྱིས་མྱུ་གུ་ལྟ་བུར་ཤེས་པར་བྱ་ལ། རལ་གྲིས་མྱུ་གུ་གཅོད་ནུས་པ་དང་འདྲ་བར་མིང་དང་གཟུགས་དེ་གཅོད་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་གཉིས་རལ་གྲིའི་དཔེས་བསྟན་ཏེ། རལ་གྲིས་མྱུ་གུ་གཅོད་པའི་ནུས་པ་རལ་གྲི་ཉིད་ཀྱི་བདག་ཉིད་ཀྱི་ཆོས་ཡིན་པ་ལྟར་ཡེ་ཤེས་དང་ཐུགས་རྗེའི་ནུས་པ་ཡང་དེ་གཉིས་ལས་ཕྱིས་བྱུང་བ་ནི་མ་ཡིན་ནོ། །དེ་ཡང་ལྗོན་ཤིང་གི་རྩ་བ་བཅད་པས་ཡལ་ག་ཡང་ཆོད་པར་བརྗོད་པ་ལྟར་ཀུན་འབྱུང་བ་སྤངས་པས་སྡུག་བསྔལ་སྤངས་པར་བརྗོད་པ་ཡིན་གྱི། སྡུག་བསྔལ་གྱི་དངོས་ཀྱི་གཉེན་པོ་ནི་མེད་དོ། །ལྟ་བ་དང་ཐེ་ཚོམ་གྱིས་བསྡུས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་འཇིག་རྟེན་པའི་ཤེས་པས་རྟོགས་པར་དཀའ་བ་དང་ཕིགས་པར་དཀའ་བའི་ཕྱིར་ནགས་ཐིབས་པོས་བསྐོར་བའི་རྩིག་པ་དང་འདྲ་ལ། དེ་འཇིག་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་དག་རྡོ་རྗེའི་དཔེ་དང་མཐུན་པར་རིག་པར་བྱའོ། །ཞེས་བྱ་བ་ལ་འཇིག་ཚོགས་ལ་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་དང་ཐེ་ཚོམ་སྟེ་གཙོ་བོ་གསུམ་གྱིས་བསྡུས་པའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ནི་ཇི་ལྟར་ནགས་ཐིབས་པོས་བསྐོར་བའི་རྩིག་པ་ནི་ནགས་ཐིབས་པོས་སྟིབས་པ་ཉིད་ཀྱིས་བ་ལང་རྫི་ལ་སོགས་པས་རྟོགས་པར་དཀའ་ལ། རྩིག་པ་དེ་སྲ་བ་ཉིད་ཀྱིས་ཕིགས་པར་དཀའ་བ་བཞིན་དུ་འཇིག་

(༢༠༥)རྟེན་པའི་ཤེས་པས་དང་པོར་སྤང་བྱར་རྟོགས་པར་དཀའ་ཞིང་། ཤེས་ནས་ཀྱང་ཕུགས་ཤིང་སྤོང་བར་དཀའ་བ་ཉིད་ཀྱིས་ནགས་ཐིབས་པོས་བསྐོར་བའི་རྩིག་པ་དང་འདྲའོ། །དེ་འཇིག་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་དག་རྡོ་རྗེའི་དཔེ་དང་མཐུན་པར་རིག་པར་བྱའོ། །དེ་ཡང་མཐོང་སྤངས་ཀྱི་ཉོན་མོངས་རྣམས་མཐོང་བའི་ལམ་གྱིས་སྤོང་ངོ་ཞེས་པ་ནི་རགས་པའི་གཏམ་སྟེ། ཕྲ་བར་ན་ཉོན་མོངས་རྣམས་ཀྱི་གནས་ངན་ལེན་རྣམས་དངོས་ཀྱི་སྤང་བྱ་ཡིན་པས་ཤེས་པར་དཀའ་ལ། བྱེ་བྲག་ཏུ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཀུན་དུ་སྦྱོར་བ་རགས་པ་རྣམས་ཀྱང་སྤང་བར་བྱ་བ་ཡིན་པར་རྟོགས་དཀའ་སྟེ། གསུམ་པོ་དེ་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡང་དང་ཡང་དུ་བསགས་ཤིང་བརྟན་པར་གནས་པས་རྩིག་པ་དང་འདྲ་བ་ལ། ལྟ་བ་སུམ་བརྒྱ་དྲུག་བཅུ་དང་། དྲུག་བཅུ་རྩ་གཉིས་ལ་སོགས་པའི་ནགས་ཐིབས་པོས་གཏིབས་པ་ལས་བྱུང་བའི་མ་རིག་པའི་མུན་པས་བསྒྲིབས་པའི་ཕྱིར་རོ། །གསུམ་པོ་དེ་ཇི་ལྟར་གཙོ་བོ་ཡིན་ཞེ་ན། ཐར་བར་འགྲོ་བའི་ལམ་ནི་བདག་མེད་རྟོགས་པ་ཡིན་ལ། འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པ་གཉིས་ཀྱིས་འགྲོ་བར་མི་འདོད་ཅིང་། བརྒྱ་ལ་ཐར་བར་འགྲོ་བའི་འདོད་པ་ཡོད་ཀྱང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ལམ་ནོར་བར་འགྱུར་ཞིང་། ཐེ་ཚོམ་གྱིས་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་འབྲས་གཉིས་དང་རྣམ་པར་བྱང་བའི་རྒྱུ་འབྲས་གཉིས་ལ་ཐེ་ཚོམ་ཟོས་པས་གཅིག་ཏུ་འགྲོ་བའི་འདུན་པ་བཟློག་པའི་ཕྱིར་རོ། །

(༢༠༦)དེ་ལ་མཁྱེན་པ་དང་ཐུགས་རྗེས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་བ་འཇོམས་སོ་ཞེས་པ་ཡང་དེ་རྣམས་སྐྱེ་བར་འགྱུར་བ་དང་མི་མཐུན་པའི་ལམ་སྟོན་པས་སྟོན་པས་དེ་རྣམས་འཇོམས་ཤེས་བཤད་པ་ཡིན་གྱི་ལམ་གྱིས་འཇོམས་པ་ཡང་སྐྱེས་ཟིན་ལ་གནོད་པ་མི་བྱེད་ཀྱི། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེས་བསྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་བཅོམ་པར་འགྱུར། ཞེས་བྱ་བས་སྡུག་བསྔལ་དང་ཀུན་འབྱུང་བ་ད་ལྟ་སྐྱེས་མ་ཟིན་ཞིང་སྐྱེ་བ་ལ་ཕྱོགས་པའི་མ་འོངས་པ་རྣམས་མི་སྐྱེ་བར་བྱེད་པས་ཡིན་ནོ། །མི་སྐྱེ་བ་ཞེས་བྱ་བའི་དགག་པ་འདི་ཡང་མེད་པ་དང་གཞན་པ་མ་ཡིན་གྱི་སྐྱེ་བ་ལ་གེགས་བྱེད་པའི་མཚན་ཉིད་ཅན་གྱི་གཉེན་པོ་ལ་བརྗོད་པས་འགལ་བ་མི་མཐུན་ཕྱོགས་སོ། །མཁྱེན་པ་དང་བརྩེ་བས་གཞོམ་པར་བྱ་བ་ཡང་མཐོང་བ་དང་སྒོམ་པའི་ལམ་གྱི་སྤང་བྱ་མཐའ་དག་ཡིན་ན། འདིར་མཐོང་སྤངས་ཁོ་ན་ཅིའི་ཕྱིར་སྨོས་སྙམ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱི་དབང་དུ་བྱས་ནས་མཐོང་སྤངས་སྤོང་བས་བསྒོམས་སྤངས་སྤོང་བ་ཡང་མཚོན་ཏེ་ཤེས་པར་བྱ་བ་ཉིད་ཡིན་ལ། ཐེག་པ་ཆེན་པོ་འདི་ལ་ནི་མཐོང་སྤངས་སྤངས་པ་ན་ཉོན་མོངས་པ་མཐའ་དག་སྤངས་པས་དེ་གོ་བར་བྱ་བའི་ཕྱིར་སྤངས་སྤོང་བ་ཉིད་གསུངས་པ་ཡིན་ནོ། །དེ་ལྟར་ན་ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་འདི་རྣམས་གོ་རིམས་འདི་ཉིད་ཀྱིས་རྒྱས་པར་རྣམ་པར་དབྱེ་བ་བསྟན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོའི་

(༢༠༧)རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་འདི་རྣམས་ནི་རང་གཟོར་བྱས་པ་མ་ཡིན་གྱི་འདིར་བཤད་པའི་གོ་རིམས་འདི་ཉིད་ཀྱིས་བསྟན་པ་དང་དོན་རྒྱས་པར་རྣམ་པར་དབྱེ་བ་འདི་བས་ལྷག་ཅིང་མང་བར་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོས་བསྟན་པ་དེའི་རྗེས་སུ་འབྲངས་ནས། འདིར་བསྡུས་ཏེ་བསྟན་པ་ཡིན་པས་རྒྱ་ཆེར་མདོ་དེ་ཉིད་ལས་རྟོགས་པར་བྱའོ། །དེ་ལ་སངས་རྒྱས་ཀྱི་སྤྱོད་ཡུལ་དང་ཡུལ་ནི་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བགྱི་བ་དང་། དེ་བཞིན་གཤེགས་པའི་ཡུལ་ཞེས་བགྱི་བ་ལ་བྱེ་བྲག་ཅི་མཆིས། འཇམ་དཔལ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་གི་བསམ་གྱིས་མི་ཁྱབ་པ་ཚད་མེད་པའི་ཡོན་ཏན་གྱི་རྒྱན་བཀོད་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །དེ་བཞིན་གཤེགས་པའི་ཡུལ་ནི་ཁམས་ལྔ་སྟེ། སེམས་ཅན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་དང་། ཆོས་ཀྱི་ཁམས་དང་། འདུལ་བའི་ཁམས་དང་། འདུལ་བའི་ཐབས་ཀྱི་ཁམས་རྣམ་པ་ཐམས་ཅད་དེ། དེ་གཉིས་ཀྱི་བྱེ་བྲག་ཏུ་བྱ་བ་ནི་འདིའོ། །ཞེས་གསུངས་པ་ལྟར་ཏེ། གོ་ཙ་ར་ཞེས་བྱ་བ་ནི་སྤྱོད་ཡུལ་གྱི་སྐད་དོད་དེ། དག་ཕྱོགས་ས་དང་འོད་ཟེར་དང་། །ཕྱུགས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་དང་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་གཟུང་། །

(༢༠༨)ཞེས་པའི་དོན་དགུ་ལས་འདིར་སའམ་ཕྱོགས་ཏེ་ཡུལ་ལོ། །ཙ་ར་ནི་སྤྱོད་པ་དང་རྒྱུ་བ་ཡིན་ཏེ། སངས་རྒྱས་གང་དུ་རྒྱུ་ཞིང་གཤེགས་པའི་ཞིང་ཕུན་སུམ་ཚོགས་པ་ལ་སྤྱོད་ཡུལ་ཞེས་བྱའོ། །ཡུལ་ནི་བྱ་བའི་ངོ་བོ་འཇུག་པའི་ཡུལ་ཏེ་ཁམས་ལྔ་པོའོ། །ཡུལ་དང་སྤྱོད་ཡུལ་དེ་དག་སྟོན་པ་འདི་ཉིད་ཀྱིའམ་སྙམ་ན་མ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་གི་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ས་ཐོབ་པ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་སུམ་དུ་སྣང་བ་ཉིད་ཀྱིས་ཞིང་དག་པར་ཡང་འཇུག་པར་འགྱུར་བའི་ཕྱིར་དང་། དེའི་མཛད་པ་ཡང་ཇི་ལྟར་རིགས་པར་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང་ཡུལ་ལ་ཞུགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་མདོ་སྡེ་འདི་ཐོས་པའི་ཤེས་རབ་ནི་ཡུལ་རྒྱ་ཆེན་པོ་སྣང་བར་བྱེད་པས་ཡེ་ཤེས་ཆེན་པོ་ཡིན་ཏེ། དེས་བརྒྱན་པར་བྱས་ན་སངས་རྒྱས་ཀྱི་སྤྱོད་ཡུལ་དང་ཡུལ་ཀུན་ལ་འཇུག་པ་ཐོབ་པར་འགྱུར་བའི་ཕྱིར་མདོ་སྡེའི་མིང་གིས་མདོ་སྡེའི་དགོས་པ་བསྟན་པ་ཡིན་ནོ། །ཇི་ལྟར་གོ་རིམས་ཇི་ལྟ་བས་བསྟན་སྙམ་ན། དེ་ཉིད་ལས་ཇི་སྐད་དུ། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དགས་ཏེ། ཞེས་གསུངས་པ་སྟེ། འདིས་ནི་རེ་ཤིག་དེ་བཞིན་གཤེགས་པ་འདུས་མ་བྱས་པའི་མཚན་ཉིད་དོ་ཞེས་བསྟན་ཏོ། །རེ་ཤིག་ཅེས་བྱ་བ་ནི་དང་པོར་འདི་བསྟན་ལ། ཕྱི་ནས་གཞན་བསྟན་ཞེས་པའོ། །གང་ལ་ནི་གང་དུའམ་གང་ལས་

(༢༠༩)ཏེ། མཚན་ཉིད་དང་པོ་བསྟན་པ་དེའི་རྗེས་ཐོགས་བར་མ་ཆད་པ་ཉིད་ལ་འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ས་གཞི་ཆེན་པོ་འདི་བམ་དུ་རྒྱ་རིན་པོ་ཆེའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཅིང་། དེ་ཡང་ཇི་ལྟར་བཻ་ཌཱུརྱ་ཆེན་པོའི་རང་བཞིན་གྱི་ས་གཞི་ཆེན་པོ་དེ་ལ་སུམ་བཅུ་རྩ་གསུམ་པའི་གནས་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ཁང་བཟང་རྣམ་པར་རྒྱལ་བྱེད་ཀྱི་གཟུགས་བརྙན་ཀུན་དུ་སྣང་བར་འགྱུར་བ་དེ་ལྟར། ཞེས་བྱ་བ་ལ་སོགས་པས་བཻ་ཌཱུརྱའི་ས་གཞི་དྲི་མ་མེད་པའི་བརྒྱ་བྱིན་གྱི་གཟུགས་བརྙན་གྱི་དཔེ་ཐོག་མར་བྱས་ཏེ། ཇི་སྲིད། བརྒྱ་བྱིན་ཌ་།།།སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་བྱ་བའི་དཔེ་དགུས་དོན་འདི་ཉིད་ཀྱི་དབང་དུ་མཛད་ནས་ཏེ། འདུས་མ་བྱས་པའི་ཆོས་ཅན་དེ་ཉིད་ལྷུན་གྱིས་གྲུབ་པའི་ཆོས་ཅན་ཡང་ཡིན་པའི་དབང་དུ་མཛད་ནས། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ལུས་གཡོ་བར་མི་མཛད། ཐུགས་སེམས་པར་མི་མཛད། གསུང་སྤྲོ་བར་མི་མཛད། སེམས་པར་མི་མཛད་པ་ཡང་སྤྱིར་རྟོག་པར་མི་མཛད། བྱེ་བྲག་ཏུ་རྣམ་པར་རྟོག་པར་མི་མཛད། དེ་བས་ན་རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པ། སེམས་པ་མེད་པ་སེམས་པའི་རྣམ་གྲངས་ཡིད་ལ་བྱེད་པ་མེད་པ། ཉོན་མོངས་པའི་གདུང་བ་མེད་པས་བསིལ་བར་གྱུར་པ། སྐྱེ་བ་དང་འཆི་འཕོ་བའི་མཚན་ཉིད་ཅན་གྱི་སྐྱེ་བ་དང་འགག་པ་མེད་པ། མིག་

(༢༡༠)གིས་བལྟར་མེད་པ། རྣ་བས་མཉན་དུ་མེད་པ། སྣས་བསྣམ་དུ་མེད་པ། ལྕེས་མྱང་དུ་མེད་པ། ལུས་ཀྱིས་རེག་ཏུ་མེད་པ། ཡིད་ལ་གནས་པའི་མཚན་མ་མེད་པ། གཞན་གྱིས་ཀུན་ནས་སློང་བ་རྣམ་པར་རིག་པ་མེད་ཅིང་། རང་ཉིད་ཀྱང་གཞན་གྱི་རྣམ་པར་རིག་པར་བྱ་བ་མ་ཡིན་པ་ཞེས་གསུངས་ཏེ། དེ་ལ་སོགས་པ་དཔེ་དགུ་པའི་སྐབས་སུ། འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྟོག་པ་དང་རྣམ་པར་རྟོག་པ་དང་། དམིགས་པ་དང་ཡིད་ལ་བྱེད་པ་ཐམས་ཅད་རྒྱུན་ཆད་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ། རྟོག་གེ་མ་ཡིན། རྟོག་གེའི་སྤྱོད་ཡུལ་མ་ཡིན། མི་སྣང་བ། མི་མཐོང་བ། བསམ་དུ་མེད་པ། བསམ་པར་བྱ་བ་མ་ཡིན་པ། ཡིད་ལ་བྱེད་པ་མེད་པ། སེམས་པ་མེད་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་ཐམས་ཅད་དུ་མཉམ་ཞིང་བཏང་སྙོམས་ལ་རྣམ་པར་མི་རྟོག་ཅིང་བྱེ་བྲག་མི་འབྱེད་དོ། །ཞེས་བྱ་བའི་བར་ཐམས་ཅད་ནི་ཉེ་བར་ཞི་བའི་ཚིག་གི་རབ་ཏུ་དབྱེ་བ་རྣམ་པ་དགུ་བསྟན་པའོ། །འདིས་ནི་རང་གི་མཛད་པ་དག་ལ་རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་ཞི་བའི་ཕྱིར་དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་ཉིད་བསྟན་ཏོ། །དེའི་འོག་ཏུ་གཞུང་ལྷག་མ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཐམས་ཅད་དུ་མཉམ་ཞིང་རྣམ་པར་མི་རྟོག་ལ་བྱེ་བྲག་མི་འབྱེད་དེ། ཞེས་བྱ་བ་ལ་སོགས་པ་ནས། འཇམ་དཔལ་གང་ལ་སྐྱེ་བའམ་འགག་པར་འགྱུར་བའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ། །ཞེས་བྱ་

(༢༡༡)བའི་བར་གྱིས་ནམ་མཁའི་དཔེས་དེ་བཞིན་གཤེགས་པ་བསྟན་ཞིང་། དེ་བཞིན་གཤེགས་པའི་དཔེས་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པས་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མ་ལུས་པར་མངོན་པར་རྫོགས་པར་རྟོགས་པ་ནི་བྱང་ཆུབ་པ་ཡིན་ལ། དེའི་སྒོ་ནི་རྣམ་ཐར་གསུམ་ལ་སོགས་པས་དེ་བཞིན་ཉིད་གོམས་པའི་སྟོབས་ཀྱིས་དེ་བཞིན་སྒོམ་པ་སྟེ་མངོན་སུམ་གྱི་ལམ་དེ་ལ་གོམས་པས་འཐོབ་པ་ཡིན་ནོ་ཞེས་བྱས་ནས་གཞན་ལུང་གི་ཚིག་ལ་སོགས་པའི་རྐྱེན་གྱིས་མངོན་པར་རྟོགས་པ་མ་ཡིན་པ་ཉིད་བསྟན་ཏོ། གང་ཡང་འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་འོ་ན་དེ་བཞིན་གཤེགས་པས་བྱང་ཆུབ་ཇི་ལྟར་བརྙེས་ལགས། ཤེས་བྱ་བ་ནས། གཉེན་པོ་མེད་པའི་ཕྱིར་གཟོད་མ་ནས་དག་པ་དང་། གཟོད་མ་ནས་དྲི་མ་མེད་པ་དང་། གཟོད་མ་ནས་ཉོན་མོངས་པ་མེད་པ་ཡིན་ནོ། །ཞེས་བྱ་བའི་བར་གྱིས་དེ་བཞིན་གཤེགས་པའི་བྱང་ཆུབ་རྣམ་པ་བཅུ་དྲུག་པོ་རྩ་བ་མེད་པ་དང་གནས་མེད་པར་བྱང་ཆུབ་པ་དང་། ༡ ཞི་བ་དང་ཉེ་བར་ཞི་བར་བྱང་ཆུབ་པ་དང་། ༢ སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་བྱང་ཆུབ་རང་བཞིན་གྱིས་འོད་གསལ་བར་བྱང་ཆུབ་པ་དང་། ༣ བླང་བ་དང་དོར་བ་མེད་པར་བྱང་ཆུབ་པ་དང་། ༤ མཚན་མ་མེད་པ་དང་དམིགས་པ་མེད་པར་བྱང་ཆུབ་པ་དང་། ༥ འཁོར་གསུམ་ཡོངས་སུ་ཆད་པར་བྱང་ཆུབ་པ་དང་། ༦ ལུས་མེད་ཅིང་འདུས་མ་བྱས་པར་བྱང་ཆུབ་པ་དང་། ༧ གནས་དང་དབྱེར་མེད་པར་བྱང་ཆུབ་པ་དང་། ༨ ལུས་དང་སེམས་སུ་བརྗོད་དུ་མེད་པར་བྱང་ཆུབ་པ་

(༢༡༢)དང་། ༩ གཟུང་དུ་མེད་པ་དང་གཞི་མེད་པར་བྱང་ཆུབ་པ་དང་། ༡༠ སྟོང་པ་ཉིད་དུ་བྱང་ཆུབ་པ་དང་། ༡༡ ནམ་མཁའ་དང་མཉམ་པར་བྱང་ཆུབ་པ་དང་། ༡༢ ཇི་ལྟ་བ་བཞིན་གྱི་གནས་སུ་བྱང་ཆུབ་པ་དང་། ༡༣ རྣམ་པ་ལ་འཇུག་པས་རྣམ་པ་མེད་པར་བྱང་ཆུབ་པ་དང་། ༡༤ ཟག་པ་མེད་པ་དང་ཉེ་བར་ལེན་པ་མེད་པར་བྱང་ཆུབ་པ་དང་། ༡༥ དག་པ་དང་དྲི་མ་མེད་པ་དང་ཉོན་མོངས་པ་མེད་པར་བྱང་ཆུབ་པ་ཞེས་བྱ་བ་རྣམས་བསྟན་ནས་མཐར་འདི་སྐད་དུ། འཇམ་དཔལ་དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་སྟེ། སེམས་ཅན་རྣམས་ལ་ཡང་མ་དག་པ་།།།དང་དྲི་མ་དང་མ་བྲལ་བ་སྐྱོན་དང་བཅས་པའི་ཆོས་ཀྱི་དབྱིངས་གཟིགས་ནས་སེམས་ཅན་རྣམས་ལ་རྣམ་པར་བརྩེན་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ་ཞེས་བྱ་བ་དག་ལས་གཟིགས་ནས་ཤེས་བྱ་བ་ཡན་ཆད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པ་བསྟན་ལ། དེའི་རྗེས་ནས་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ་ཞེས་བྱ་བའི་བར་གྱིས་ཐུགས་རྗེ་དང་ལྡན་པ་ཉིད་བརྗོད་དོ། །སྐབས་འདིར་ཡེ་ཤེས་སྡེའི་འགྱུར་དང་ཚིག་ཅུང་ཟད་མི་མཐུན་ཡང་དོན་མི་མཐུན་པ་མེད་དོ། །མདོའི་ཚིག་དེ་ཉིད་འགྲེལ་བས་བཤད་པ་ནི། དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་ཞེས་བྱ་བ་ནི་སྔར་རྒྱས་པར་བསྟན་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རང་བཞིན་དུ་གཟིགས་པའོ། །གོ་རིམས་ཇི་ལྟ་བ་བཞིན་དུ་བསྟན་པ་ཞེས་རྔོག་གིས་མཛད་པ་ནི་འགྱུར་ཅུང་ཟད་མི་ལེགས་ཏེ། རྒྱ་དཔེར་ཡ་ཐཱ་པཱུརྦ་ནི་དྷིཥྚ་

(༢༡༣)ཞེས་འབྱུང་བའི་ཕྱིར་རོ། །མངོན་པར་རྫོགས་པར་བྱང་ཆུབ་སྟེ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་ནས་སོ། །ཞེས་བྱ་བ་ལ། ངོ་བོ་ཉིད་དེ་སུ་ཞིག་གིས་མཁྱེན་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་ནོ། །ཇི་ལྟར་མཁྱེན་ན་གཞན་ལ་མ་ལྟོས་པར་མངོན་པར་ཏེ་མངོན་སུམ་དུ་བྱང་ཆུབ་པ་སྟེ་རྟོགས་པའོ། །རྫོགས་པ་ནི་མ་ལུས་པ་སྟེ་དངོས་པོའི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པའི་མངོན་སུམ་གྱིས་མཁྱེན་པས་ལུས་ལ་མེད་པའོ། །ནས་ཤེས་བྱ་བ་ནི་སྔ་ཕྱིའི་རིམ་པ་སྟོན་པའོ། །སེམས་ཅན་རྣམས་ལ་ཞེས་བྱ་བ་ནི་ངེས་པ་དང་མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པའི་ཕུང་པོར་གནས་པ་རྣམས་ལའོ། །ཞེས་བྱ་བ་ནི་ཡུལ་ལམ་རྟེན་གང་ལ་གཟིགས་པའོ། །ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི་རང་གི་ཆོས་ཉིད་ཀྱི་རང་བཞིན་དང་ཁྱད་པར་མེད་པའི་དེ་བཞིན་གཤེགས་པའི་སྙིང་པོའོ། །ཞེས་བྱ་བ་ནི་ཆོས་ཅན་དེ་ལ་ཆོས་ཅི་ཞིག་གཟིགས་པའི་ཆོས་སོ། །གཟིགས་ནས་ཤེས་བྱ་བ་ནི་རྣམ་པ་ཐམས་ཅད་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་གཟིགས་ནས་སོ། །ཞེས་བྱ་བ་ནི་ཆོས་ཅན་དེ་ལ་ཆོས་དེ་ཤེས་པ་གང་གིས་མཐོང་བའོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་ཉོན་མོངས་པའི་སྒྲིབ་པས་མ་དག་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཤེས་བྱའི་སྒྲིབ་པས་དྲི་མ་དང་མ་བྲལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་དེ་གཉིས་གང་ཡང་རུང་བའི་ལྷག་མས་སྐྱོན་དང་བཅས་

(༢༡༤)པའོ། །ཞེས་བྱ་བ་ནི་ཆོས་ཅན་ལ་གཟིགས་པའི་ཆོས་དེའི་ཁྱད་པར་རོ། །རྣམ་པར་བརྩེན་པ་ནི་གདུལ་བྱའི་ཐབས་ཀྱི་སྒོ་སྣ་ཚོགས་པ་སྒྲུབ་པ་ལ་ཞུགས་པའི་ཕྱིར་རོ། །ཞེས་བྱ་བ་ནི་གཟིགས་ཤིང་མཐོང་བའི་འབྲས་བུ་ཐུགས་རྗེའོ། །སེམས་ཅན་རྣམས་ལ་རབ་ཏུ་འཇུག་པ་ནི་མཉམ་པ་ཉིད་དུ་སེམས་ཅན་ཐམས་ཅད་ཀྱི་རྒྱུ་མཚན་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་ན་རང་གི་ཆོས་ཉིད་རྟོགས་པ་ཐོབ་པར་དགོངས་པའི་ཕྱིར་རོ། །ཞེས་བྱ་བ་ནི་ཐུགས་རྗེ་དེའི་ཡང་འབྲས་བུའོ། །དེ་ལྟར་རྣམ་པ་དྲུག་ལས་དང་པོ་ལ་ཆོས་ཅན་སེམས་ཅན་རྣམས་ཤེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱི་འདོད་པ་ལྟར་མ་ཡིན་པར་ཕུང་པོ་གསུམ་དུ་གནས་པའི་སེམས་ཅན་གྱི་ཕུང་པོ་མ་ལུས་པ་ནི་འདིར་ཆོས་ཅན་ནོ། །དེ་ཡང་ལང་ཀར་གཤེགས་པ་ལས་རིགས་ལྔ་གསུངས་པའི་ཐེག་པ་གསུམ་གྱི་རིགས་ཅན་ནི་ངེས་པའི་ཕུང་པོའོ། །མ་ངེས་པའི་རིགས་ཅན་ནི་མ་ངེས་པའི་ཕུང་པོའོ། །རིགས་མེད་པའི་རིགས་ཅན་རྣམས་ནི་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་སྟེ། ཕུང་པོ་དེ་རྣམས་ནི་ཚད་མས་གནས་ཤིང་གྲུབ་པས་ཆོས་ཅན་དུ་གྲུབ་བོ། །མཛོད་ལས། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཤེས་བཤད་པ་ནི་ཉན་ཐོས་ཀྱི་ཐེག་པའི་དབང་དུ་བྱས་པ་སྟེ། ཐེག་པ་ཆེན་པོ་ལ་ནི་འདི་ཉིད་དུ། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་

(༢༡༥)ཐར་འགྱུར་གྱི། །ཞེས་གསུངས་པ་དང་། དཔའ་བར་འགྲོ་བའི་མདོ་ལ་སོགས་པ་རྣམས་ལས་མཚམས་མེད་པ་བྱས་པ་རྟེན་དེ་ཉིད་ཀྱིས་བདེན་པ་མཐོང་བ་མང་དུ་གསུངས་པའི་ཕྱིར་མཚམས་མེད་པ་བྱས་ཀྱང་ཐེག་ཆེན་གྱི་རིགས་སུ་ངེས་པ་ཡོད་པས་ན་འདི་ནི་སྦྱོང་བྱེད་ཐེག་པའི་ནུས་པའི་ཁྱད་པར་རོ། །གཉིས་པ་ནི་དེ་བཞིན་གཤེགས་པ་རང་གི་ཆོས་ཉིད་དང་རང་བཞིན་ནམ་ངོ་བོ་ཉིད་ལ་སེམས་ཅན་རྣམས་དང་ཁྱད་པར་ཅི་ཡང་མེད་པའི་སྙིང་པོ་དེ་ནི་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་དང་འབྲལ་མི་ཤེས་པས་ཆོས་ཀྱི་དབྱིངས་སོ། །གསུམ་པ་ནི་གཟིགས་ནས་ཤེས་བྱ་བ་ནི་ཤ་ལ་སོགས་པའི་སྤྱན་ལྔ་པོ་ཐམས་ཅད་སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་ནི་སངས་རྒྱས་ཀྱི་སྤྱན་ཏེ། སྒྲིབ་པ་མེད་པས་ཤེས་བྱ་བ་ནི་ར་རི་མེད་པ་སྟེ། ཅུང་ཟད་ཀྱང་མ་ལུས་པར་གཟིགས་ཤེས་པའོ། །ངོ་བོ་ལ་ཁྱད་པར་མེད་ན་ཁྱད་པར་གཞན་ཅི་ཡོད་སྙམ་པ་ལ་བཞི་པ་འཆད་དེ། དེ་བཞིན་ཉིད་ནི་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་བ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པའི་ཕྱིར་བློ་བུར་གྱི་དྲི་མ་དག་པ་དང་མ་དག་པའི་ཁྱད་པར་ནི་ཡོད་དེ། དེ་ཡང་དགེ་བ་འབའ་ཞིག་གི་ཤེད་དང་མི་ལྡན་པའི་བྱིས་པ་སྲིད་པ་བརྒྱད་པ་མངོན་པར་མི་སྒྲུབ་པ་ལ་སོགས་པའི་ངེས་པ་དང་བྲལ་བས་སྐྱེ་བ་སྣ་ཚོགས་སུ་འཇུག་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་དབྱིངས་ནི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པས་འདོད་ཆགས་ལ་སོགས་པ་རྣམས་ལ་ཉོན་མོངས་སུ་བརྗོད་དེ། དེ་མངོན་གྱུར་རྣམས་ཀྱིས་འཁོར་བ་ལས་ཐར་།།།བ་ལ་

(༢༡༦)གེགས་བྱེད་པས་སྒྲིབ་པ་ཡིན་ཏེ། དེས་མ་དག་གོ །ཉོན་མོངས་པའི་བག་ཆགས་ནི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་གནས་སྐབས་གཉི་ག་ན་ཡོད་པས་དམན་པའི་ཐར་པ་ལ་མི་སྒྲིབ་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པར་མ་བགྲངས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དབྱིངས་ནི་ཤེས་བྱའི་སྒྲིབ་པས་དྲི་མ་དང་བྲལ་བ་སྟེ། དེ་ཡང་དུས་གསུམ་དང་གཞི་ལྔ་ལ་སོགས་པའི་ཆོས་ཐམས་ཅད་ནི་ཤེས་བྱ་ཡིན་ལ། དེ་ཤེས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡུལ་གྱི་མིང་གིས་ཡུལ་ཅན་ལ་བཏགས་པས་ཤེས་བྱ་ཞེས་བྱའོ། །དེ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་ཤེས་བྱའི་སྒྲིབ་པ་ཞེས་བྱ་སྟེ་རྒྱུ་མཚན་དང་རྣམ་པར་རྟོག་པ་དང་དེ་དག་གི་བག་ཆགས་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབྱིངས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དེ་གཉིས་གང་ཡང་རུང་བའི་ལྷག་མས་སྐྱོན་དང་བཅས་པ་སྟེ། ས་དང་པོར་ཉོན་མོངས་པ་མཐའ་དག་སྤངས་ཀྱང་དེའི་ལྷག་མ་བདག་ཏུ་ལྟ་བ་ལ་སོགས་པའི་བག་ཆགས་ནི་ས་བདུན་པའི་བར་དུ་ཡོད་ཅིང་ས་བརྒྱད་པ་ནས་ནི་མེད་དེ། ས་བརྒྱད་པ་ལ་དྲི་མ་དེ་དག་རྩར་བཅས་ཉེ་བར་ཞི་གྱུར་ཅིང་། ཞེས་གསུངས་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་ཡང་ཆོས་ཀྱི་དབྱིངས་ཤེས་པ་ལ་སྒྲིབ་པར་བྱེད་པའི་ས་རེ་རེ་ལ་རྨོངས་པ་གཉིས་དང་གནས་ངན་ལེན་རེ་རེ་སྟེ་དེ་དག་ལས་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་དུ་རྟོགས་པ་ལ་སྒྲིབ་པར་བྱེད་པའི་རྨོངས་པ་དང་གནས་ངན་ལེན་གྱི་ཤེས་བྱའི་སྒྲིབ་པ་སྤངས་ཀྱང་དེའི་ལྷག་མ་དག་ས་བཅུ་པའི་བར་དུ་ཅི་རིགས་པར་ཡོད་པས་དེ་དག་གིས་སྐྱོན་དང་བཅས་པར་གདགས་ཏེ། སྐྱོན་ནི་ཉོན་མོངས་པའི་མིང་

(༢༡༧)གི་རྣམ་གྲངས་ཡིན་པས་ས་རྣམས་སུ་བཏགས་པ་བར་གཞག་གོ །ལྔ་པ་ནི་རྣམ་པར་བརྩེ་བ་དང་བརྩེན་པ་དང་རོལ་པ་རྣམས་མིང་གི་རྣམ་གྲངས་ཏེ་སྙིང་རྗེའི་བྱ་བ་ཡིན་ལ། དེས་ནི་བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཅེས་པའི་ཚུལ་གྱིས་གདུལ་བྱའི་སྡུག་བསྔལ་སེལ་བའི་ཐབས་རྣམས་གང་ལས་འཇུག་པར་འགྱུར་བའི་སྒོ་ཆོས་གསུང་བ་དང་མཉམ་པར་གཞག་པ་ལ་སོགས་པ་སྣ་ཚོགས་ཤིང་མཐའ་ཡས་པ་སྒྲུབ་པ་ལ་ཞུགས་པའི་ཕྱིར་གདུལ་བྱུ་འདུལ་བའི་ཐབས་དང་དེའི་སྒོ་ནི་ཐུགས་རྗེའི་བྱ་བ་ཡིན་ནོ། །དྲུག་པ་ནི་སེམས་ཅན་རྣམས་ལ་ཐུགས་རྗེ་རབ་ཏུ་འཇུག་ཅིང་སྐྱེ་བ་ནི་སངས་རྒྱས་རང་ཉིད་ཀྱི་རང་གི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བྱང་ཆུབ་དེ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་དགོངས་ཤིང་བཞེད་པ་ཡིན་ཏེ། དེ་ཡང་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་བྱང་ཆུབ་དེ་ཐོབ་ན་ཅི་མ་རུང་སྙམ་ནས་ཕུང་པོ་གསུམ་པོ་ཐམས་ཅད་མཉམ་པ་ཉིད་དུ་ཡིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་རྒྱུ་མཚན་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་ནའོ། །དེའི་འོག་ཏུ་བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་རབ་ཏུ་ཞུགས་པ་ལས་མཚུངས་པ་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་འཇུག་པ་མངོན་པར་སྒྲུབ་པའི་སྦྱོར་བ་རྒྱུན་མི་འཆད་པ་གང་ཡིན་པ་འདི་ནི་དེ་གཉིས་ཀྱི་གཞན་གྱི་དོན་བྱེད་པར་ནུས་པར་རིག་པར་བྱའོ། །ཞེས་བྱ་བ་ལས། དེའི་འོག་ཏུ་ཞེས་པ་ཏ་དུརྡྷཾ་།།།ཞེས་པ་དེའི་སྟེང་དུ་ཞེས་པ་ཡིན་ཏེ། མཁྱེན་པ་དང་བརྩེ་བ་དེའི་ཁྱད་པར་གྱི་ཆོས་ཏེ་ཕྱེ་མ་

(༢༡༨)ལེབ་ཀྱི་སྟེང་གི་ཁྲ་བོ་ཞེས་པ་བཞིན་ནོ། །བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་རབ་ཏུ་ཞུགས་པ་ལས་སྔོན་ལྷར་གྱུར་བའམ་མིར་གྱུར་བ་སུས་ཀྱང་མ་བསྐོར་བས་མཚུངས་པ་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་འཇུག་ཅིང་བསྐོར་བ་ནི་གཞན་གྱི་རྒྱུད་ལ་འཕགས་པའི་ལམ་བསྐྱེད་པ་ཡིན་ལ། དེ་མངོན་པར་སྒྲུབ་པའི་སྦྱོར་བ་ནི་བསྟན་པའི་ངོ་བོའི་གསུང་རབ་བོ། །དེ་ལན་ཅིག་ཙམ་མ་ཡིན་པར་རྒྱུན་མི་འཆད་པར་གསུང་བ་གང་ཡིན་པ་འདི་ནི་གཏན་ཚིགས་ཏེ། དེས་མཁྱེན་པ་དང་བརྩེ་བ་འདི་གཉིས་ཀྱི་གཞན་གྱི་དོན་བྱེད་པར་ནུས་པ་རྟོགས་པར་བྱེད་པས་ཆོས་ཀྱི་འཁོར་ལོའི་ངག་ནི་མཁྱེན་པ་དང་བརྩེ་བའི་ནུས་པ་དཔོག་པའི་རྟགས་ཡིན་ཞེས་པའོ། །དེ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་དེ་དག་ཉིད་ལས་གོ་རིམས་ཇི་ལྟ་བར་འདུས་མ་བྱས་པ་ལ་སོགས་པ་དང་པོ་གསུམ་དང་ལྡན་པ་ནི་རང་དོན་ཕུན་སུམ་ཚོགས་པ་ཡིན་ལ། ཡེ་ཤེས་ལ་སོགས་པ་ལྷག་མ་གསུམ་དང་ལྡན་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཞེས་བྱ་བའི་དོན་ནི་ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། གང་ཞིག་རང་ཉིད་མ་དུལ་བཞིན་དུ་རིགས་པར་ལྡན་པའི་ཚིག་སྨྲས་པས། རང་གི་ཚིག་དང་འགལ་བར་སྤྱོད་པས་གཞན་དག་གདུལ་བར་མི་ནུས་ཤེས། ཁྱོད་ཀྱིས་དགོངས་ནས་དེ་སླད་འགྲོ་བ་མཐའ་དག་ཐུགས་ལ་གཞག་མཛད་ནས། རེ་ཤིག་བདག་ཉིད་མ་དུལ་བ་ཉིད་དུལ་བར་མཛད་ཕྱིར་བརྩོན་པ་ལགས། ཞེས་གསུངས་པ་ལྟར་གཞན་འདུལ་བའི་དང་པོར་རང་འདུལ་དགོས་པས་དང་པོ་གསུམ་རང་དོན་ཡིན་ལ། ཕྱི་མ་གསུམ་གཞན་གྱི་

(༢༡༩)དོན་ཡིན་ནོ། །ཡང་ན་ཡེ་ཤེས་ཀྱིས་ནི་མཆོག་ཏུ་རྟག་པ་དང་ཉེ་བར་ཞི་བའི་གནས་རང་ཉིད་མངོན་པར་བྱང་ཆུབ་པས་གནས་པའི་ཡོན་ཏན་གྱིས་ན་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ལ། ཐུགས་རྗེ་དང་ནུས་པ་དང་གིས་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་འཇུག་པའི་ཡོན་ཏན་གྱིས་ན་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྟན་ཏོ།། །།སངས་རྒྱས་དཀོན་མཆོག་དེས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་མངོན་པར་རྟོགས་པ་སྐྱེ་བའི་རིམ་པས་ཆོས་དཀོན་མཆོག་འབྱུང་བའི་ཕྱིར་དེའི་རྗེས་ཐོགས་ལ་དེའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ། གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ། ཡིན་ཡོད་མེད་ལས་གཞན་དུའང་། བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ། དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང་། སྡང་དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། ཅེས་བྱ་བ་ནི་བཤད་བྱ་ཡིན་ནོ། །འདིས་ཅི་བསྟན་ཞེ་ན། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་ཏེ་ཆོས། །འདིས་ནི་མདོར་བསྡུ་ན་ཡོན་ཏན་བརྒྱད་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་བརྗོད་དོ། །ཡོན་ཏན་བརྒྱད་གང་ཞེ་ན་

(༢༢༠)བསམ་དུ་མེད་པ་ཉིད་དང་། གཉིས་སུ་མེད་པ་ཉིད་དང་། རྣམ་པར་རྟོག་པ་མེད་པ་ཉིད་དང་། དག་པ་དང་། མངོན་པར་གསལ་བར་བྱེད་པ་དང་། གཉེན་པོའི་ཕྱོགས་ཉིད་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བའི་རྒྱུའོ། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམས་ཇི་བཞིན་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །གོ་རིམས་ཇི་ལྟ་བ་བཞིན་དུ་ཡོན་ཏན་དྲུག་པོ་དེ་རྣམས་ཉིད་ལས་བསམ་དུ་མེད་པ་དང་། གཉིས་སུ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་སྟེ་ཡོན་ཏན་དང་པོ་གསུམ་གྱིས་ནི་འགོག་པའི་བདེན་པ་བསྟན་པའི་ཕྱིར་འདོད་ཆགས་དང་བྲལ་བ་བསྡུས་པར་རིག་པར་བྱ་ལ། དག་པ་དང་མངོན་པར་གསལ་བ་དང་། གཉེན་པོའི་ཕྱོགས་ཉིད་དེ་ཡོན་ཏན་ལྷག་མ་གསུམ་གྱིས་ནི་ལམ་གྱི་བདེན་པ་བསྟན་པའི་ཕྱིར་འདོད་ཆགས་དང་བྲལ་བའི་རྒྱུ་བསྡུས་པ་ཡིན་ནོ། །འདོད་ཆགས་དང་བྲལ་བ་གང་ཡིན་པ་འགོག་པའི་བདེན་པ་དང་། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་བདེན་པ་དེ་གཉི་ག་མངོན་པར་བསྡུས་ཏེ་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཀྱི་འདོད་ཆགས་དང་བྲལ་བ་ནི་ཆོས་ཡིན་ནོ་ཞེས་སྟོན་ཏོ། །ཇི་ལྟར་བསྟན་ཞེ་ན། བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་མེད་པ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་བྱ་བ་སྟེ། གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་། བརྟག་པར་མི་

(༢༢༡)ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཅེས་བྱ་བ་འདིས་བསམ་དུ་མེད་པ་ཉིད་ཀྱི་ཡོན་ཏན་བསྟན་ཏེ། གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་། བརྟག་པར་མི་ནུས་ཤེས་བྱ་བས་མཐའ་བཞིར་བརྟག་པར་ནུས་པ་མ་ཡིན་པ་བསྟན་པའི་ཕྱིར་དང་། ངེས་ཚིག་དང་བྲལ་ཞེས་བྱ་བས་ཀྱང་བསམ་དུ་མེད་པའི་ཡོན་ཏན་བསྟན་ཏེ། སྒྲས་བརྗོད་དུ་མེད་པར་བསྟན་པའི་ཕྱིར་དང་། སོ་སོ་རང་གིས་རིག་ཅེས་བྱ་བ་འདིས་ཀྱང་བསམ་དུ་མེད་པའི་ཡོན་ཏན་བསྟན་ཏེ། འཕགས་པ་ཁོ་ནའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མཁྱེན་པར་བསྟན་པའི་ཕྱིར་རོ། །ཞི་བའི་ཚིག་ཉིད་ཀྱིས་གཉིས་སུ་མེད་པ་དང་རྟོག་པ་མེད་པའི་ཡོན་ཏན་བསྟན་ཏེ། རྒྱུ་སྤྲོས་པ་དང་འབྲས་བུ་སྡུག་ཀུན་སྤངས་པར་བསྟན་པའི་ཕྱིར་རོ། །དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང་། སྡང་དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་ཞེས་བྱ་བ་འདིས་དག་པ་དང་གསལ་བ་དང་གཉེན་པོའི་ཕྱོགས་ཉིད་ཀྱི་ཡོན་ཏན་བསྟན་ཏེ། དག་པ་ལ་སོགས་པའི་ཡོན་ཏན་གསུམ་ཉི་མའི་དཔེས་ཉི་མ་བཞིན་དུ་མཚོན་ནུས་པར་བསྟན་པའི་ཕྱིར་རོ། །ཆོས་ནི་འདོད་ཆགས་དང་བྲལ་བའོ་ཞེས་བྱ་བའི་ཆགས་བྲལ་གྱི་སྒྲ་ལས་སུ་སྒྲུབ་པས་གང་འདོད་ཆགས་དང་བྲལ་བ་འགོག་པའི་བདེན་པ་དང་། བྱེད་པར་སྒྲུབ་པས་གང་གིས་འདོད་ཆགས་དང་བྲལ་བའི་རྒྱུ་ལམ་གྱི་བདེན་པ་བསྟན་པ་ཡིན་ཏེ། ཕྱི་མ་གཉིས་པོ་དེ་ལ་སྟོན་པར་བྱེད་པའི་རྩ་བའི་ཚིག་ལོགས་ཤིག་པ་མེད་ཀྱི། ཆགས་བྲལ་གཉིས་པོ་ཉིད་འགོག་བདེན་སྟོན་

(༢༢༢)པའི་ཡོན་ཏན་དང་ལམ་གྱི་བདེན་པ་སྟོན་པའི་ཡོན་ཏན་དག་གིས་བསྡུས་པ་ཡིན་ནོ། །གོ་རིམས་ཇི་ལྟ་བ་བཞིན་དུ་ཡོན་ཏན་དྲུག་པོ་དེ་རྣམས་ཉིད་ལས་བསམ་དུ་མེད་པ་དང་། གཉིས་སུ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་སྟེ། ཡོན་ཏན་དང་པོ་གསུམ་གྱིས་ནི་འགོག་པའི་བདེན་པ་བསྟན་པའི་ཕྱིར་འདོད་ཆགས་དང་བྲལ་བ་བསྡུས་པར་རིག་པར་བྱ་ལ། དག་པ་དང་མངོན་པར་གསལ་བ་དང་གཉེན་པོའི་ཕྱོགས་ཉིད་དེ་ཡོན་ཏན་ལྷག་མ་གསུམ་གྱིས་ནི་ལམ་གྱི་བདེན་པ་བསྟན་པའི་ཕྱིར་འདོད་ཆགས་དང་བྲལ་བའི་རྒྱུ་བསྡུས་པར་རིག་པར་བྱ་བ་ཡིན་ནོ། །གང་འདོད་ཆགས་དང་བྲལ་བ་འགོག་པའི་བདེན་པ་ནི་མྱ་ངན་ལས་འདས་པ་ཡིན་པས་ཆོས་ཤེས་བརྗོད་ལ། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་བདེན་པ་ནི་ལམ་ཡིན་པས་ཆོས་སུ་བརྗོད་དོ། །དེ་གཉི་ག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་གཉིས་ལས་རྣམ་པར་བྱང་བར་བསྡུས་ཏེ། དེ་ཡང་གང་རྣམ་པར་བྱང་བ་འགོག་པའི་བདེན་པ་དང་། གང་གིས་རྣམ་པར་བྱང་བ་ལམ་གྱི་བདེན་པ་སྟེ་དེ་གཉིས་ཀྱི་མཚན་ཉིད་དམ་རང་བཞིན་ལ་འདོད་ཆགས་དང་བྲལ་བ་ནི་ཆོས་ཡིན་ནོ་ཞེས་སྟོན་ཏོ། །ཡོན་ཏན་ཞེས་བྱ་བའི་སྒྲས་ཅི་ཞིག་བརྗོད་ན་ཡོན་ཏན་གྱི་སྐད་དོད་གུ་ཎ་ཞེས་བྱ་བ་གྱུར་པའམ་འཕེལ་བ་ལ་འཇུག་སྟེ། དཔེར་ན་ཏྲི་གུ་ཎ་ཞེས་བྱ་བ་སུམ་འགྱུར་ཡིན་པ་ལྟ་བུའོ། །དེ་ཡང་དེ་ལས་བྱུང་བའི་འབྲེལ་བས་བརྗོད་པ་ན་ཡུང་བ་དང་རྡོ་ཐལ་གྱི་སྦྱོར་བས་དམར་པོ་ཉིད་བཞིན་དུ་འབྲས་བུའམ་ཕན་ཡོན་ལ་ཡོན་ཏན་ཞེས་བྱའོ། །བདག་གཅིག་

(༢༢༣)པའི་འབྲེལ་བས་བརྗོད་པ་ན་སྒྲའི་མི་རྟག་པ་ཞེས་པ་ལྟར་གཞི་དེའི་སྟེང་གི་བྱེ་བྲག་དང་ཁྱད་པར་ཡིན་པས་ཡོན་ཏན་ཞེས་བྱ་སྟེ་སྒྲ་ཙམ་གོ་བའི་སྟེང་དུ་མི་རྟག་པ་བརྗོད་པས་བསྐྱེད་ཅིག་བྱུང་ཞེས་པའོ། །དེ་བས་ན་འདིར་དཀོན་མཆོག་གསུམ་ལ་སྡུག་བསྔལ་ལས་སྐྱོབ་པར་མི་ནུས་པའི་ཆོས་རྣམས་ལས་ཁྱད་པར་དུ་གྱུར་ཅིང་མཆོག་ཏུ་གྱུར་བའི་ཆོས་སོ། །དེ་བཞིན་དུ་དཀོན་མཆོག་གི་གྲངས་སུ་ཆོས་ཤེས་སྨོས་པ་ལ་དེའི་སྐད་དོད་དྷརྨ་ཞེས་བྱ་བ་ནི་དྷྲྀ་ཞེས་བྱ་བ་འཛིན་པའི་བྱིངས་ལས་གྱུར་པ་དྷརྨ་ཞེས་བྱ་བ་ཡིན་ཏེ། ལས་ལ་བསྒྲུབས་པས་གཟུང་བར་བྱ་བས་ན་ཆོས་ཤེས་བྱའོ། །རྒྱུ་མཚན་ཅི་ལས་གཟུང་བར་བྱ་ན་མི་འཚེ་བས་གཞན་ལ་ཕན་པའི་ཕྱིར་ཆོས་ཤེས་བྱ་བ་ཡིན་ལ། མི་རིགས་པ་གཞན་ལས་ལྡོག་པའི་ཡོན་ཏན་དང་ལྡན་པས་ཀྱང་ཆོས་ཤེས་བྱ་བ་ཡིན་ཏེ། བཞི་བརྒྱ་པར། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །དེ་དང་རང་བཞིན་མེད་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ །ཞེས་པ་དང་། བདག་ཉིད་ལེགས་པར་སྡོམ་པ་དང་། །གཞན་ལ་ཕན་འདོགས་བྱམས་སེམས་གང་། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གི་ས་བོན་ཡིན། །ཞེས་རྩ་ཤེར་གསུངས་པའི་ཕྱིར་རོ། །ད་ནི་འགྲེལ་བ་ཉིད་ཀྱིས་དེ་དག་བཤད་པར་བྱ་བ་ལ། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་འཕགས་པའི་གོ་འཕང་འདོད་པ་ཐམས་ཅད་ཀྱིས་འཕགས་པའི་བདེན་པ་བཞི་བསྒོམ་པར་བྱ་བ་ཡིན་ནོ། །དེ་ཡང་འདི་ཉིད་དུ། ནད་ནི་ཤེས་བྱ་

(༢༢༤)ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་།།།ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་བདེན་པ་བསྒོམས་པའི་འབྲས་བུ་འགོག་པའི་བདེན་པ་ཡང་ཐོབ་བྱར་འདོད་ན་ཇི་ལྟར་ནད་པ་སྨན་བསྟེན་པས་ནད་མེད་ཙམ་མ་ཡིན་པར་ལུས་དང་སེམས་ཀྱི་བདེ་བ་འདོད་པ་ཡིན་ན་འདིར་ལམ་གྱིས་སྡུག་བསྔལ་དང་ཀུན་འབྱུང་ལྡོག་སྟེ་མེད་པར་བྱས་པ་ཙམ་གྱིས་མ་ཚིམ་པར་འགོག་པ་ཞེས་བྱ་བའི་འབྲས་བུ་འདི་ཡོན་ཏན་ཅི་ཞིག་མཐོང་ནས་དོན་དུ་གཉེར་བ་ཡིན་སྙམ་པ་ལ། འགོག་པའི་རྣམ་པ་བཞི་པོ་འགོག་པ་དང་ཞི་བ་གཉིས་ཀྱིས་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་བྲལ་བ་ཙམ་བསྟན་ལ། དེའི་ལྷག་མར་གྱུར་བ་གྱ་ནོམ་པ་ཞེས་བྱ་བ་འདིས་ཚིམ་པར་བྱ་བའི་འབྲས་བུར་བསྟན་ཞིང་། ངེས་པར་འབྱུང་བ་ཞེས་བྱ་བ་འདིས་འབྲས་བུ་དེ་རྟག་པར་ཡང་བསྟན་གྲང་ན། གྱ་ནོམ་པ་ཉིད་ཅི་ཡིན་སྙམ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པའི། །བདེ་བ་བདག་པོ་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་དག་ན། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །ཅེས་སྲེད་པ་ཟད་པའི་བདེ་བ་ཞིག་ཀྱང་ཡོད་པ་སྐད་ན། ཇི་ལྟ་བུ་ཞིག་ཡོད་ཅེ་ན། འདི་ལ་བྱེ་བྲག་ཏུ་སྨྲ་བས་སྡུག་བསྔལ་དང་ཀུན་འབྱུང་བ་མེད་པ་ཙམ་གྱི་མེད་པར་དགག་པ་མ་ཡིན་པར་སྡུག་བསྔལ་དང་ཀུན་འབྱུང་གི་ཆུ་བོ་བཟློག་པའི་ཆུ་ལོན་དུ་གྱུར་པ་སོ་སོར་བརྟགས་པའི་འགོག་པ་དང་། བརྟགས་པ་མ་ཡིན་པའི་འགོག་པ་གཉིས་འདོད་པར་གཞུང་དག་ལས་

(༢༢༥)འབྱུང་སྟེ། འགོག་པ་གཉིས་ཀྱི་མཚན་ཉིད་ནི་མཛོད་དུ། སོ་སོར་བརྟགས་པས་འགོག་པ་གང་། བྲལ་བའོ། །གང་ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བ་དེ་ནི་སོ་སོར་བརྟགས་པས་འགོད་པའོ། །སྡུག་བསྔལ་ལ་སོགས་པའི་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ་ཤེས་རབ་ཀྱི་བྱེ་བྲག་གོ །དེས་ཐོབ་པར་བྱ་བའི་འགོག་པ་ནི་སོ་སོར་བརྟགས་པས་འགོག་པའོ། །བར་གྱི་ཚིག་མི་མངོན་པར་བྱས་པ་སྟེ། དཔེར་ན་བ་ལང་དག་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་བྱ་བ་ལྟ་བུའོ། །ཅི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་སོ་སོར་བརྟགས་པས་འགོག་པ་ཅིག་ཁོ་ནའམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཅི་ལྟ་བུ་ཞེ་ན། སོ་སོ་སོ་སོ་ཡིན། ལྡན་པའི་རྫས་རྣམས་ཇི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ་སྙེད་དོ། །དེ་ལྟ་མ་ཡིན་ན་སྡུག་བསྔལ་མཐོང་བས་སྤངས་བའི་ཉོན་མོངས་པའི་འགོག་པ་མངོན་སུམ་དུ་བྱས་པས་ཉོན་མོངས་པ་ཐམས་ཅད་འགོག་པ་མངོན་སུམ་དུ་བྱེད་པར་ཐལ་པར་འགྱུར་རོ། །དེ་ལྟ་ཡིན་ན་ལྷག་མའི་གཉེན་པོ་སྒོམ་པ་དོན་མེད་པར་འགྱུར་རོ། །འོ་ན་འགོག་པ་དང་འདྲ་བ་མ་ཡིན་ནོ་ཞེས་བཤད་པ་འདིའི་དོན་ཇི་ལྟ་བུ་ཡིན་ཞེ་ན། ཚིག་དེའི་དོན་ནི་འདི་འདྲ་བའི་རྒྱུ་གང་ཡང་མ་ཡིན་ལ། འདི་ཡང་གང་གི་འདྲ་བའི་རྒྱུ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ལ་འདྲ་བ་གང་ཡང་མེད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །ཞེས་འབྱུང་ལ། རྒྱན་གྱི་འགྲེལ་བཤད་དུ། རང་གི་སྡེ་པ་གང་དག་ཅེས་བྱ་བ་ལ་སོགས་པས་ནི་

(༢༢༦)བྱེ་བྲག་ཏུ་སྨྲ་བའི་གཞུང་གིས་མ་གྲུབ་པ་ཉིད་རྗོད་པར་བྱེད་དོ། །དེ་དག་ནི་སོ་སོར་བརྟགས་པ་ལ་སོགས་པ་འདུས་མ་བྱས་འདུས་བྱས་ཀྱི་འཇུག་པ་ཐམས་ཅད་དང་མི་མཐུན་པ་རྫས་སུ་ཡོད་པ་ཐ་ན་རང་གི་ཡུལ་ཅན་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་དགོས་པ་མེད་པའི་ཕྱིར་ནུས་པ་ཐམས་ཅད་ཀྱིས་སྟོང་པར་འདོད་དེ། རྒྱུ་དང་འབྲས་བུ་དག་ནི་འདུས་བྱས་ཀྱི་ཡིན་གྱི། དེ་དག་འདུས་མ་བྱས་ཀྱི་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་འབྱུང་བ་ལྟར་མེད་དགག་ཙམ་ཡང་མ་ཡིན་པའི་རྫས་ཀྱི་དངོས་པོ་ཞིག་ཡོད་པས་གྱ་ནོམ་པ་ཡིན་ནོ་སྙམ་དུ་འདོད་དོ། །མངོན་པ་ཀུན་ལས་བཏུས་ལས་ནི་དེ་བཞིན་ཉིད་ལ་འགོག་པ་ཞེས་བྱ་སྟེ། དེ་ལ་དམིགས་པས་སྡུག་བསྔལ་དང་ཀུན་འབྱུང་ཐམས་ཅད་འགག་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་ནི་འཕགས་པ་རྣམས་ཀྱི་དོན་དུ་གཉེར་བྱ་ཡིན་ལ། དེ་ཡང་སྡུག་བསྔལ་མེད་པས་བདེ་བར་བརྗོད་ཅིང་། ཀུན་འབྱུང་མེད་པས་གཙང་བར་བརྗོད་དེ། གཉིས་པོ་དེའི་དམིགས་པ་ཡིན་པས་དེ་བཞིན་ཉིད་ལ་ཡང་བདེ་བ་དང་གཙང་བར་གཞག་གོ །དེ་བས་ན་དེ་ནི་གྱ་ནོམ་པ་ཡིན་ཞེས་བྱ་བའི་དོན་འདི་དག་ནི་གཞུང་གི་དགོངས་པ་ཡིན་ནོ། །འཕགས་པ་དང་སེང་གེ་བཟང་པོས་ཀྱང་དེ་བཞིན་ཉིད་རྒྱུའི་དུས་སུ་རིགས་དང་འབྲས་བུའི་དུས་སུ་ངོ་བོ་ཉིད་ཀྱི་སྐུར་བཞེད་པས་དེ་ཉིད་ལ་འགོག་པར་བཞེད་པར་ཡང་མངོན་ནོ། །སློབ་དཔོན་ཟླ་བས་ཀྱང་མྱ་ངན་ལས་འདས་པ་དང་སྟོང་པ་ཉིད་དང་འགོག་པ་ཞེས་བྱ་བ་དག་མིང་གི་རྣམ་གྲངས་ཙམ་ཡིན་པས་དེ་བཞིན་ཉིད་ཁོ་ན་ལ་བྱ་ལ། བདག་གི་སྐྱེ་བ་ཟད་དོ་ཞེས་

(༢༢༧)བྱ་བ་ལ་སོགས་པ་ཡང་གདོད་མ་ནས་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད་པར་རྟོགས་པ་ལ་བརྗོད་ཀྱི། དེ་ལྟ་མ་ཡིན་པར་ལྷག་མེད་ཀྱི་སྐབས་སུ་འདུས་བྱས་གཏན་མེད་པ་ཡིན་ན་ཤེས་པ་མེད་པའི་ཕྱིར་མྱང་འདས་དེ་མངོན་དུ་བྱེད་པ་མེད་པར་འགྱུར་ན་དེ་མངོན་དུ་བྱེད་པ་ཡོད་པར་ཡང་མདོ་ལས་གསུངས་སོ་ཞེས་བཞེད་དོ། །མདོ་སྡེ་པ་ཡང་ནམ་མཁའ་དང་འགོག་པ་གཉིས་པོ་དག་མེད་པར་དགག་པ་ལ་བཞེད་པས་འགོག་པའི་བདེན་པ་ཡང་མེད་པར་དགག་པ་ལ་བཞེད་པར་མངོན་ནོ། །སློབ་དཔོན་ཆོས་ཀྱི་གྲགས་པས་ནི། །སྡུག་བསྔལ་བསྐྱེད་པའི་རྒྱུ་ཉིད་ནི། །འཆིང་ཡིན་རྟག་ལ་དེ་གང་ལས། །སྡུག་བསྔལ་མི་བསྐྱེད་རྒྱུ་ཉིད་ནི། །ཐར་ཡིན་རྟག་ལ་དེ་གང་ལས། །ཤེས་བྱ་བས་ཐར་པ་དང་འགོག་པ་འདུས་བྱས་སུ་བཞེད་ཅིང་། སློབ་དཔོན་ཆོས་མཆོག་གིས་ཀྱང་རྣམ་པར་གྲོལ་བའི་རང་བཞིན་གྱི་སེམས་ནི་འགོག་པའི་བདེན་པའོ་ཞེས་བཞེས་སོ། །དེ་དག་ལས་ཉན་ཐོས་ཀྱི་འགོག་པ་འདུས་མ་བྱས་ཀྱི་རྫས་སུ་ཡོད་པ་ལ་ནི་ཐ་སྙད་པ་དང་དོན་དམ་པའི་ཚད་མ་གཉི་གས་གནོད་པའི་ཕྱིར་མི་འཐད་ལ། མེད་པར་དགག་པར་བཞེད་པ་དག་ལ་ཡང་ཡུལ་ལ་མངོན་སུམ་གྱི་སྒྲས་བཏགས་པ་ལྟར་སྐྱབས་སུ་གྱུར་པའི་ཡེ་ཤེས་ཀྱི་དམིགས་པ་ལ་སྐྱབས་སུ་འདོགས་པ་དེ་དག་གི་བཞེད་པ་ཡང་ཡིན་ཞིང་འགོག་པར་ཡང་མི་བྱེད་དོ། །སྐྱབས་དངོས་ཡིན་པར་འདོད་ན་ནི་འོག་ནས། མེད་པ་ན་སྐྱབས་སམ་སྐྱབས་མ་ཡིན་པར་འགྱུར་བར་འོས་པ་མ་ཡིན་ནོ་ཞེས་བྱ་བས་འགོག་གོ །ཚད་མ་ལས་འབྱུང་བའི་སེམས་སམ་ཤེས་པ་འགོག་པར་བརྗོད་པ་ཡང་

(༢༢༨)ལམ་གྱི་བདེན་པ་ཉིད་འགོག་པའི་བདེན་པར་བརྗོད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ས་ན་སེམས་ཀྱི་རྒྱུ་བ་འགགས་པར་བཤད་པ་གཉིས་ཀྱིས་གནོད་དེ། རྣམ་འགྲེལ་དུ། རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཇི་ལྟར་ཡོད་དེ་འཛིན་པ་དང་། །ཡོད་པ་ཡི་ནི་བདག་ཉིད་དེ། །འདི་ཡི་སྐྱེད་པར་བྱེད་པའང་ཡིན། །ཞེས་གཟུང་དོན་ཅན་གྱི་ཤེས་པ་བཞེད་པ་ལ་དབུ་མ་པ་དག་གིས་དངོས་པོ་ཙམ་སྣང་བའི་ངང་ཅན་གྱི་སེམས་དེ་སེམས་ཀྱི་རྒྱུ་བ་ཡིན་པ་དང་། རྒྱུ་བ་དེ་སངས་རྒྱས་ལ་གཏན་མེད་པར་བཞེད་ཅིང་། དེ་ནི་ཡེ་ཤེས་སྣང་བ་རྒྱན་གྱི་མི་དགོངས་པ་ཡང་ཡིན་ནོ། །དཔལ་ཕྲེང་གིས་ཞུས་པ་དང་འདི་ཉིད་དུ་མྱ་ངན་ལས་འདས་པ་དང་སངས་རྒྱས་གཉིས་གཞི་གཅིག་ལ་བཤད་པས་རིག་པ་ཙམ་དུ་བཤད་མོད་ཀྱི། དེ་ནི་སྙིང་པོ་ཉིད་ཀྱི་རིག་པའི་ཆ་ལ་བཞེད་པ་ཡིན་པས་ལམ་གྱི་ཡེ་ཤེས་སུ་མི་བཞེད་དོ། །འདིར་ཆོས་དཀོན་མཆོག་འགོག་པའི་བདེན་པ་ནི་སློབ་པ་ས་བཅུའི་གནས་སྐབས་སུ་ཡང་བཞེད་པས་དེ་དག་ནི་ལམ་བདེན་གྱིས་དྲི་མ་དག་པར་བྱས་པའི་རྟེན་གཞིར་གྱུར་བའི་སྙིང་པོ་ཉིད་ཀྱི་ཆ་ལ་འདོད་པ་ཡིན་ནོ། །ཡང་ལྷ་མོ་དཔལ་ཕྲེང་གི་མདོ་དང་དམ་པའི་ཆོས་པདྨ་དཀར་པོ་ལས་ཉན་ཐོས་དང་རང་རྒྱལ་གྱི་མྱ་ངན་ལས་འདས་པ་ནི་དགོངས་པ་ཅན་གྱི་མྱང་འདས་སུ་གསུངས་ཤིང་། ཁྱད་པར་དུ་དཔལ་ཕྲེང་ལས་ལས་དང་ཉོན་མོངས་པས་བསྒྲུབས་པའི་འཁོར་བ་ལ་ལྟོས་ནས་འདུས་མ་བྱས་སུ་བཤད་ཅིང་། རྒྱན་སྟུག་པོའི་མདོ་ལས། སངས་རྒྱས་ཀྱི་ཞིང་སྟུག་པོ་ཡང་སངས་རྒྱས་ཀྱི་ཞིང་གཞན་གྱི་རང་བཞིན་རྡུལ་གྱི་ཕྲ་བ་ཉིད་ལས་འདས་ཏེ་གནས་སོ། །སངས་རྒྱས་ཀྱི་ཞིང་

(༢༢༩)སྟུག་པོ་འོད་དང་གཟི་དང་ཟླ་བ་སྤངས་པ་སྟེ་འདུས་མ་བྱས་ཀྱི་རང་བཞིན་ཉིད་ཀྱིས་ཤིན་དུ་ཕྲ་བའི་རྡུལ་གྱི་ཕྲ་བ་ཉིད་དུ་མི་སྣང་གི་གཞན་དུ་མྱ་ངན་ལས་འདས་པ་དང་ནམ་མཁའ་དང་མ་བརྟགས་པར་འགོག་པ་ལྟ་བུར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་སངས་རྒྱས་ཀྱི་ཞིང་གཞན་དག་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གཟིགས་སོ། །ཞེས་གསུངས་པའི་ཕྱིར་འཕགས་པ་རྣམས་ཀྱི་ཡིད་ཀྱི་ལུས་དང་སྟུག་པོ་ལ་སོགས་པའི་དག་པའི་ཞིང་རྣམས་ལ་ཡང་འདུས་མ་བྱས་དང་མྱ་ངན་ལས་འདས་པ་དང་འགོག་པ་ལ་སོགས་པའི་ཐ་སྙད་མཛད་པར་ངེས་ཏེ། དེའི་ཚེ་ལམ་གྱི་བདེན་པ་ནི་ཉན་ཐོས་དང་རང་སངས་རྒྱས་སློབ་པ་དང་མི་སློབ་པ་དག་དང་མོས་པས་སྤྱོད་པ་ནས་ཆོས་ཀྱི་མཆོག་གི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་བཞེད་དམ་སྙམ་སྟེ། ཟབ་མོའི་མདོ་སྡེ་ལས་འབྱུང་བའི་ཐུན་མོང་མ་ཡིན་པའི་གཏམ་རྣམས་ལ་མཁས་པ་རྣམས་ཀྱིས་རང་རང་གི་ཐེ་ཚོམ་བཅད་པའི་ཕྱིར་འབད་པར་རིགས་སོ། །མདོར་བསྡུ་ན་འགོག་པའི་བདེན་པ་ནི་རྒྱུ་གསུམ་གྱིས་བསམ་དུ་མེད་པ་ཉིད་དུ་རིག་པར་བྱའོ། །གསུམ་པོ་གང་དག་གིས་ཤེ་ན། མེད་པ་དང་ཡོད་པ་དང་ཡོད་མེད་དང་གཉི་ག་མ་ཡིན་པ་སྟེ། རྣམ་པ་བཞི་ག་ལྟར་ཡང་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་དང་། སྒྲ་དང་སྐད་དང་བརྗོད་པ་དང་ངག་གི་ཡུལ་དང་ངེས་ཚིག་དང་བརྡ་དང་ཐ་སྙད་དང་མངོན་པར་བརྗོད་པ་དག་གིས་བརྗོད་དུ་མེད་པའི་ཕྱིར་དང་། འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་

(༢༣༠)པའི་ཕྱིར་རོ། །ཞེས་བྱ་བ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་བཤད་པའི་འགོག་པ་ནི་ལྷག་བཅས་ཀྱི་སྐབས་སུ་ཀུན་འབྱུང་བ་ཞིག་ཅིང་ཆད་པ་དང་ལྷག་མེད་ཀྱི་སྐབས་སུ་སྡུག་བསྔལ་ཆད་པའི་མི་རྟག་པའི་འགོག་པ་ལ་འདོད་མོད་ཀྱི། ཐེག་པ་ཆེན་པོ་ལས་ནི་སྟོང་པ་ཉིད་དམ་དེ་བཞིན་ཉིད་ལ་ཤེས་བྱའི་ཆོས་རྣམས་ཀྱི་ངོ་བོ་ཉིད་མཐའ་དག་བཀག་པ་ནི་ཡུལ་གྱི་འགོག་པ་ཡིན་ལ། དེ་རྟོགས་པའི་རྟོགས་པ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་ཡེ་ཤེས་ཀྱིས་རྟོག་པའི་དྲ་བ་མཐའ་དག་འགོག་པས་རྟོག་པའི་དྲ་བས་དབེན་པའི་དེ་བཞིན་ཉིད་ལ་འགོག་པར་བརྗོད་ཀྱི། མི་རྟག་པའི་འགོག་པ་ནི་མ་ཡིན་ཏེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ལས། །ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །གདོད་ནས་ཟད་པས་དེ་ཕྱིར་ཟད་ཅེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྤྲོས་པའི་མཚན་མ་མཐའ་དག་གིས་སྟོང་ཞིང་རིག་པའི་ཆོས་ཙམ་དུ་གནས་པའི་དེ་བཞིན་ཉིད་དེ་ཉིད་ལ་སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་མིང་གིས་བཏགས་ཏེ། བྱང་ཆུབ་སེམས་འགྲེལ་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་གསུངས་པའི་ཕྱིར་རོ། ཁྱད་པར་དུ་གཞུང་འདིར་གཏན་ལ་དབབ་པར་བྱ་བའི་སྟོང་པ་ཉིད་ནི་གཉིས་ཡོད་དེ། དངོས་པོའི་ངོ་བོ་ཉིད་མཐའ་དག་གིས་སྟོང་པའི་མེད་པར་དགག་པ་དང་། རང་ཉིད་ཡུལ་ཅན་གྱི་ཚད་མས་མཐོང་བ་ན་དངོས་པོར་

(༢༣༡)མངོན་པར་ཞེན་པ་སྐྱེ་བར་མི་འགྱུར་བར་མ་ཟད་ཀྱི། མཐོང་ན་མཚན་མ་ཅན་གྱི་བློ་མཐའ་དག་གི་གཉེན་པོར་འགྱུར་བའི་རིག་ཆོས་ཙམ་ཞིག་ནི་སངས་རྒྱས་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་གནས་པ་ཉིད་པས་དེ་ལ་གནས་ལུགས་ཤེས་བརྗོད་ལ། རྣམ་པར་རྟོག་པ་དང་དེ་ལས་བྱུང་བའི་ཉོན་མོངས་པ་དང་། དེ་ལས་བྱུང་བའི་ཕུང་པོ་ལ་སོགས་པ་རྣམས་ནི་གཤིས་མ་ཡིན་གྱི་མཐོང་ན་ཡང་ཉོན་མོངས་དང་རྣམ་རྟོག་གི་རྟེན་དུ་འགྱུར་རོ། །དེས་ན་སྟོང་པ་ཉིད་སྟོན་པ་ན། གང་ཞིག་གང་གིས་སྟོང་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ལ། དེ་ལ་ལྷག་མར་གྱུར་བ་གང་ཡིན་པ་དེ་ནི་ཡོད་དོ། །ཞེས་གསུངས་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱང་སྟོང་པ་ཉིད་གཉི་ག་ལ་གནས་པ་ཡིན་ཏེ། རྗེས་སུ་དཔག་པའི་རིག་པས་བཙལ་བས་དངོས་པོའི་ངོ་བོ་ཉིད་ཅི་ཡང་མ་མཐོང་ཞིང་། ལྷག་མ་ངོ་བོ་ཉིད་མེད་པ་དེ་ནི་དེའི་ཡུལ་དུ་གནས་སོ། །དེ་མངོན་སུམ་ཡང་དག་པས་བཙལ་བ་ན་བློ་བུར་བའི་ཆོས་ཅི་ཡང་མ་མཐོང་བས་ཆོས་དེ་དག་གིས་ལྷག་མ་མཚན་མ་མེད་པའི་རིག་ཙམ་ནི་གནས་པ་ཡིན་ནོ། །དེ་ལྟར་སྟོང་པ་ཉིད་གཉིས་པོ་དེ་ཉིད་ཚད་མ་གཉིས་ཀྱི་ངོར་གནས་པས་དེས་ནམ་ཡང་བསླུ་བར་མི་འགྱུར་བའི་ཕྱིར་བདེན་པ་ཞེས་བྱའོ། །མེད་པར་དགག་པའི་སྟོང་པ་ཉིད་ཀྱི་དབང་དུ་བྱས་ནས་གཟུགས་ལ་སོགས་པ་དངོས་པོའི་ངོ་བོ་ཉིད་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང་། དངོས་པོ་གཞན་དུ་གྱུར་བ་ལ། །དངོས་མེད་ཅེས་ནི་སྐྱེ་བོ་སྨྲ། །ཞེས་པས་

(༢༣༢)སྔར་ངོ་བོ་ཉིད་ཡོད་འཕྲོ་ལ་དེ་ཞིག་པའི་དངོས་མེད་དང་ཕྱོགས་གཅིག་ནི་དངོས་པོར་ཡོད་ལ། ཕྱོགས་གཅིག་ནི་མེད་པའི་གཉི་ག་དང་། དེ་གཉི་ག་མ་ཡིན་པའི་དངོས་པོའི་ངོ་བོ་ཉིད་དུ་གནས་པ་སྟེ་རྣམ་པ་བཞི་ག་ལྟར་ཡང་མེད་པས་རྣམ་པ་བཞི་པོ་དེ་དག་ལྷན་ཅིག་སྐྱེས་པའི་ལྟ་བས་གཟུང་བ་ལྟར་མེད་ཅིང་། གཏན་ཚིགས་ལྟར་སྣང་བས་ནན་གྱིས་རྟོག་པར་བྱེད་པའི་རྟོག་གེའི་བློ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར། དོན་དམ་པའི་བདེན་པ་ནི་དངོས་པོ་འདི་ལྟ་བུའོ་ཞེས་སྒྲུབ་པའི་ཚུལ་གྱིས་བསམ་དུ་མེད་པ་ཉིད་དུ་རིག་པར་བྱ་སྟེ། བསྡུ་ན་ལྷན་ཅིག་སྐྱེས་པའི་ལྟ་བ་དང་ཀུན་བརྟགས་པའི་རྟོག་གེའི་བློ་གཉི་ག་དོན་དམ་པའི་བདེན་པའི་ཡུལ་ཅན་མ་ཡིན་ཞེས་པའོ། །རིག་སྟོང་གི་དབང་དུ་བྱས་ནས་ནི་ཕུང་པོ་ལ་སོགས་པའི་དངོས་པོ་རྣམས་ཡང་དག་པའི་མངོན་སུམ་གྱི་ངོ་ན་ཡོད་པ་སྐྱེ་བ་དང་། མེད་པ་འཇིག་པ་དང་གཉི་གའི་ཆ་འཛིན་པ་དང་། གཉི་ག་མ་ཡིན་པར་གནས་པའི་ཆ་འཛིན་པ་མེད་པའི་ཕྱིར་ཕུང་པོ་ལ་སོགས་པ་རྣམས་བློ་བུར་བ་སྟེ་འཕྲལ་ཐབས་སམ་བཙན་དང་པོ་ཉིད་ཡིན་པས་གཉུག་མའི་སེམས་ཀྱི། གཤིས་མ་ཡིན་ཞེས་བྱའོ། །བསྡུ་ན་གཉུག་མའི་སེམས་ནི་ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པའི་རྟོག་གེའི་ཡུལ་མ་ཡིན་པར་མ་ཟད། རྣམ་རྟོག་མཐའ་དག་བློ་བུར་བ་ཡིན་པས་དེ་དག་གིས་བསམ་དུ་མེད་ཅིང་མཚོན་དུ་མེད་དེ། མ་བཅོས་པའི་མངོན་སུམ་ཉིད་ཀྱི་རྟོགས་པར་བྱ་བ་ཡིན་ཞེས་པའོ། །དེ་བཞིན་དུ་མེད་པར་དགག་པའི་སྟོང་པ་ཉིད་ནི། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་

(༢༣༣)སྤྱོད་ཡུལ་ལྡོག་པས་སོ། །ཞེས་པའི་ཚུལ་གྱིས་སྤྱིར་སྒྲ་ཙམ་དང་། བྱེ་བྲག་ཏུ་ཡུལ་སོ་སོའི་སྐད་དང་། ཚིག་ཏུ་བརྗོད་པ་དང་། ཚིག་དུ་མ་ལས་དོན་གྱི་སྡེར་ལོངས་པའི་ངག་གི་ཡུལ་དང་སྣས་ལག་པའི་བྱ་བ་བྱེད་པའི་ཕྱིར་གླང་པོ་ཆེ་ནི་ལག་ལྡན་ནོ་ཞེས་བྱ་བ་ལ་སོགས་པའི་ངེས་པའི་ཚིག་དང་། རྭ་ཅན་གྱི་གོང་བུ་འདི་ལ་བ་ལང་ཞེས་ཟུང་ཞིག་ཅེས་རྒན་པོས་བརྡ་བཏགས་པ་དང་། ཕྱི་ནས་བ་ལང་གི་མིང་གིས་གོང་བུ་དེ་ཉིད་གོ་བར་འགྱུར་བའི་ཐ་སྙད་དང་། མངོན་པར་བརྗོད་པའི་རྟོག་པ་དག་གིས་བརྗོད་དུ་མེད་པའི་ཕྱིར་མེད་པར་དགག་པ་ནི་སྒྲུབ་པའི་ཚུལ་དུ་བསམ་དུ་མེད་ལ། གཉུག་མའི་ཡིད་ཀྱང་སྒྲ་དང་རྟོག་པས་དངོས་སུ་བསམ་དུ་མེད་པར་རིག་པར་བྱའོ། །འདིར་བསམ་དུ་མེད་ཅེས་བྱ་བ་ནི་མེད་པ་དང་གཞན་པ་ལ་མི་བརྗོད་ཀྱི་བསམ་པའི་གཉེན་པོ་བརྗོད་པ་སྟེ། འཕགས་པ་རྣམས་ཀྱིས་ཤེས་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་ལྟ་ནམ་ཡང་མ་ཡིན་མོད་ཀྱི། འཕགས་པས་རིག་པ་ན་ཡང་གཅིག་གིས་གཅིག་ལ་བརྗོད་པའི་ཚུལ་གྱིས་མ་ཡིན་པར་སོ་སོ་རང་རང་གི་མངོན་སུམ་གྱིས་རིག་པར་བྱ་བ་ཡིན་པའི་ཕྱིར་བསམ་དུ་མེད་པར་རིག་པར་བྱ་སྟེ། ལང་ཀར་གཤེགས་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་གཅིག་པུ་དབེན་པར་སོང་སྟེ་ཚད་མ་དང་ཡིད་བརྟན་པའི་ལུང་ལ་རྣམ་པར་རྟོག་པ་མེད་པས་སོ་སོ་རང་གི་བློས་རྣམ་པར་དཔྱོད་དེ། གཞན་གྱི་དྲིང་ལ་མི་འཇོག་ཅིང་། ལྟ་བ་དང་རྣམ་པར་རྟོག་པ་སྤངས་ནས་གོང་ནས་གོང་དུ་དེ་བཞིན་གཤེགས་པའི་ས་ལ་རབ་ཏུ་

(༢༣༤)འཇུག་པར་འབད་དོ། །བློ་གྲོས་ཆེན་པོ་དེ་ནི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་རྟོགས་པའི་མཚན་ཉིད་དོ། །ཞེས་གསུངས་ཏེ། དོན་ནི་ཉན་ཐོས་དད་པས་རྗེས་སུ་འབྲང་བ་ལྟར་ལུང་ལ་བརྟེན་ནས་རྟོགས་པ་ཡང་མ་ཡིན་ཞིང་། ཆོས་ཀྱི་རྗེས་སུ་འབྲང་བ་ལྟར་ཚད་མའམ་རིགས་པས་རྟོགས་པ་ཡང་མ་ཡིན་གྱི། དེ་སྒོམ་པ་ན་རིགས་པ་དང་ལུང་ལ་བརྟེན་པའི་ཡིད་ལ་བྱེད་པ་སྤངས་ནས་སེམས་ཀྱིས་སེམས་ལ་བལྟ་བ་གོམས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེས་ན་བརྟག་མིན་ནི་རིགས་པ་ལ་མི་ལྟོས་པ་ཡིན་ལ། བརྗོད་མིན་ཕྱིར་ནི་ལུང་ལ་མི་ལྟོས་པ་ཡིན་ནོ། །དེ་ལྟར་ན་རྒྱུའམ་གཏན་ཚིགས་གསུམ་གྱིས་བསམ་པ་མེད་པའི་ཡུལ་ལ་ངེས་པ་དྲང་བར་བྱའོ། །འདི་ལ་འགའ་ཞིག་རང་བཞིན་མེད་པའི་དོན་དེ་བརྗོད་པར་བྱ་བ་མ་ཡིན་ཞིང་སེམས་འཇུག་པ་མེད་པར་གསུངས་པ་ན་སེམས་རྒྱུན་ཆད་དེ་སངས་རྒྱས་ལ་ཡང་ཡེ་ཤེས་མེད་དོ་ཞེས་འདོད་པར་འགྱུར་བ་དག་ཡོད་དོ། །དེ་འགོག་པའི་ཕྱིར་བྱང་ཆུབ་སེམས་འགྲེལ་ལས། དངོས་པོ་རང་བཞིན་གྱིས་གྲུབ་པ། །རང་བཞིན་མེད་ཉིད་བརྗོད་པ་མིན། །དེ་སྐད་བརྗོད་ན་སེམས་ཀྱིས་ནི། །བདག་གི་གནས་པ་སྤངས་སམ་ཅི། །ཞེས་གསུངས་པ་ཡིན་ཏེ། ཆོས་རྣམས་རང་བཞིན་མེད་ཅེས་བརྗོད་པ་ན་རང་བཞིན་མེད་པ་ཉིད་དེ་ཁོ་ན་བརྗོད་ནས་སེམས་ཙམ་ཞིག་ལྡོག་པར་འགྱུར་བ་མ་ཡིན་ཏེ། དེ་ལྟར་ཡིན་ན་ནི་སེམས་རང་བཞིན་མེད་དོ་ཞེས་དེ་སྐད་བརྗོད་པ་ན་རང་བཞིན་མེད་པར་གོ་བའི་སེམས་ཀྱིས་སེམས་དེ་རང་གི་གནས་པ་སྤངས་སམ་ཅི་ཞེས་པ་སྟེ། མདོར་ན་རང་བཞིན་མེད་

(༢༣༥)པ་རྟོགས་པས་སེམས་ལྡོག་ན་རང་བཞིན་མེད་པར་གོ་བའི་སེམས་ཀྱིས་རང་བཞིན་མེད་པར་གོ་བའི་སེམས་ཉིད་སྤངས་པར་ཐལ་བར་འགྱུར་ཞེས་པའོ། །ཆོས་ཀྱི་དབྱིངས་སུ་བསྟོད་པར་ཡང་། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དག །དེ་དག་ཀུན་གྱིས་ཉོན་མོངས་ལྡོག ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་པས་ཀྱང་དོན་དེ་ཉིད་བསྟན་ལ་འདིར་བརྟག་ཏུ་མེད་པ་དང་བརྗོད་དུ་མེད་པའི་རྗེས་ཐོགས་སུ་སོ་སོ་རང་རིག་བསྟན་པའི་དོན་ཡང་དེ་ཁོ་ནར་གོ་བར་བྱའོ། །དེ་ལ་འགོག་པའི་བདེན་པ་ཇི་ལྟར་ན་གཉིས་སུ་མེད་པ་ཉིད་དང་། རྣམ་པར་རྟོག་པ་མེད་པ་ཉིད་དུ་རིག་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ་བཞིན་ཏེ། ཤཱ་རིའི་བུ་འགོག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུ་སྟེ། གཉིས་སུ་མེད་པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ཆོས་སོ་ཞེའོ། །ཞེས་བྱ་བས་ནི་མདོར་བསྟན་པ་ཡིན་ཏེ། མདོ་ལས་གཉིས་སུ་མེད་པ་དང་རྟོག་པ་མེད་པར་གསུངས་པ་དེ་ཉིད། ཞི་ཉིད་གཉིས་མེད་རྟོག་མེད་དེ། །ཚིག་ཏུ་སྡེབས་པ་ཡིན་ཞེས་པའོ། །མདོ་འདི་ཡང་འཕེལ་བ་མེད་པ་དང་འགྲིབ་པ་མེད་པ་བསྟན་པའི་མདོ་ཡིན་ནམ་སྙམ་མོ། །དེ་ལ་གཉིས་ནི་ལས་དང་ཉོན་མོངས་པ་ལ་བརྗོད་ལ། རྣམ་པར་རྟོག་པ་ནི་ལས་དང་ཉོན་མོངས་པ་ཀུན་འབྱུང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྗོད་དོ། །དེ་རང་བཞིན་གྱིས་འགགས་པར་སོ་སོར་རིག་པའི་ཕྱིར་རྣམ་པར་རྟོག་པ་དང་གཉིས་ཀུན་དུ་སྤྱོད་པ་མེད་པའི་

(༢༣༦)ཚུལ་གྱིས་སྡུག་བསྔལ་གཏན་འབྱུང་བ་མེད་པ་གང་ཡིན་པ་འདི་ནི་སྡུག་བསྔལ་འགོག་པའི་བདེན་པ་ཞེས་བྱའི། ཞེས་བྱ་བས་ནི་རྒྱས་པར་བཤད་པ་ཡིན་ནོ། །འདི་ལ་འགོག་པ་ཞེས་ནི་བཤད་ན། ཅི་ཞིག་འགོག་སྙམ་ན། མ་རིག་པ་ནས་རྒ་ཤི་ལ་ཐུག་པའི་འཁོར་བའི་འཁོར་ལོ་ཆ་བཅུ་གཉིས་པ་འདི་དངོས་དང་བཏགས་པ་གཉིས་འགོག་གོ །ཇི་ལྟར་འགོག་ན་འཁོར་ལོ་དེ་བསྐོར་བར་བྱེད་པའི་ལག་པ་ལྟ་བུར་གྱུར་བ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཡིན་པས་དེ་འགོག་པས་འགོག་གོ །སྐོར་བ་པོའི་སྐྱེས་བུ་ལྟ་བུ་ནི་དྲི་མ་དང་བཅས་པའི་རྣམ་པར་ཤེས་པའི་ཁམས་ཏེ། སློབ་དཔོན་ཟླ་བས་འཁྲུལ་འཁོར་མཁན་རྣམ་པར་ཤེས་པའི་བསྐྱོད་པ་ལ་རག་ལས་ཤེས་གསུངས་པ་དང་། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་དུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་གསུངས་ཏེ། སློབ་དཔོན་གྱི་གཞུང་འདི་ཡང་ལང་ཀར་གཤེགས་པ་ལས། གང་ཟག་རྒྱུན་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དབང་པོ་བྱེད་པ་དག །སེམས་ཙམ་པོ་ལ་རྣམ་པར་བརྟགས། །ཤེས་གསུངས་པ་འདི་ཤེས་བྱེད་དུ་འཇུག་པའི་རང་འགྲེལ་དུ་དྲངས་སོ། །དེའི་དོན་ནི་རང་དང་གཞན་གྱི་སྡེ་བ་ལ་ལས་བྱེད་པ་པོ་དང་འབྲས་བུ་ལ་ལོངས་སྤྱོད་པ་པོའི་འདོད་པ་ཐ་དད་པ་ཡོད་པ་རྣམས་བཀོད་པ་སྟེ། དེ་རྣམས་ཀྱི་འདོད་པ་ལྟར་མ་ཡིན་པར་དྲི་མ་དང་བཅས་པའི་ཁམས་ཉིད་ལ་བྱེད་པ་པོའི་མིང་རྣམས་ཐོགས་ཤིག་

(༢༣༧)ཅེས་པའམ། རྣམ་པར་ཤེས་པའི་ཁམས་བྱེད་པ་པོར་མ་ཤེས་པས་འདོད་པ་མང་པོ་བྱུང་ཞེས་པའོ། །དེ་ཡང་གང་ཟག་ནི་གནས་མའི་བུ་།།།རྣམས་དང་རྒྱུན་ནི་ཡིད་ཤེས་ཀྱི་རྒྱུན་ཏེ་མདོ་སྡེ་པ་རྣམས་དང་། བདག་མེད་པའི་ཕུང་པོ་ཙམ་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་དང་། རྐྱེན་ནི་རྒྱང་པན་པ་རྣམས་ཀྱི་འགྲོ་བ་འབྱུང་བའི་རྐྱེན་ཅན་དུ་དང་། བྱེ་བྲག་པ་རྣམས་ཀྱི་འཇིག་རྟེན་རྟག་པའི་རྡུལ་གྱིས་བརྩམས་པ་དང་། གྲངས་ཅན་གྱི་གཙོ་བོ་དང་། དབང་ཕྱུག་པ་རྣམས་ཀྱི་དབང་ཕྱུག་དང་། རིག་བྱེད་མཐའ་པ་རྣམས་ཀྱི་བྱེད་པའི་སྐྱེས་བུར་འདོད་པ་རྣམས་ཏེ་དེ་ལ་སོགས་པ་དག་ནི་བྱེད་པ་པོར་རྟོག་པའི་རྣམ་པར་དབྱེ་བའོ། །རྩ་བའི་ཤེས་རབ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཞེས། ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་གི་སྔོན་དུ་སྤྲོས་པའི་རྣམ་པར་རྟོག་པ་འགྲོ་བར་གསུངས་པ་ཡིན་ན་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་དེ་མིའི་ལག་པ་ལྟར་བྱེད་པ་པོའི་རྣམ་ཤེས་ལ་དངོས་སུ་འབྲེལ་བར་མི་འཐང་།།།ངོ་སྙམ་ན། འདི་ནི་མ་ངེས་ཏེ། རེས་འགའ་ནི་སྤྲོས་པའི་རྣམ་རྟོག་ལས་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་སྐྱེ་ལ། རེས་འགའ་ནི་རྣམ་ཤེས་ཀྱི་ཁམས་ལས་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་དངོས་སུ་སྐྱེ་བ་ཡང་ཡོད་དེ། འདི་ནི་འོག་ནས་ནམ་མཁའ་དང་རླུང་གི་དཔེས་བསྟན་པ་ཡིན་ནོ། །ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་ཀྱང་མི་རྟག་པ་ལ་རྟག་པར་འཛིན་པ་དང་སྡུག་བསྔལ་ལ་བདེ་བར་འཛིན་པ་དང་བདག་མེད་པ་ལ་བདག་ཏུ་འཛིན་པ་རྣམས་ལ་བྱ་མོད་ཀྱི་དེ་དག་ཀྱང་གང་སྤངས་པས་ཐམས་ཅད་སྤངས་པར་འགྱུར་བའི་གཙོ་བོ་ནི་བདག་ཏུ་ལྟ་བ་སྟེ། གཏི་མུག་ཉེས་པའི་རྩ་བ་སྟེ། །

(༢༣༨)དེ་ཡང་སེམས་ཅན་འཛིན་པ་ཡིན། །གཞན་ལས་འཇིག་ཚོགས་ལྟ་བ་སྟེ། །དེ་སྤངས་པ་ན་སྤོང་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཞི་བའི་དགག་བྱ་གཉིས་ནི་ལས་འདུ་བྱེད་དང་ཉོན་མོངས་པ་མ་རིག་པ་སྟེ། ཀུན་འབྱུང་བའི་བདེན་པའོ། །རྣམ་པར་རྟོག་པ་ནི་སྤྱི་སྒྲ་བྱེ་བྲག་ལ་བཏགས་ནས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་བརྗོད་ལ། དེ་ཡང་ལས་དང་ཉོན་མོངས་པ་ཀུན་འབྱུང་བའི་རྒྱུ་ཡིན་པས་འཕགས་པའི་བདེན་པ་བཞི་ལས་ཀུན་འབྱུང་བའི་བདེན་པར་གཏོགས་ཤིང་ཡན་ལག་བཅུ་གཉིས་ཀྱི་དང་པོ་མ་རིག་པ་ཉིད་དུ་ཡང་བསྡུའོ། །ལས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་ཏེ་འདི་དག་ནི་ཡན་བཅུ་གཉིས་ལས་འདུ་བྱེད་ཡིན་ནོ། །རྩ་ཤེར། སྲིད་པའི་རྩ་བ་འདུ་བྱེད་དེ། །ཞེས་རྩ་བར་གསུངས་པས་དེ་གཉིས་ནི་དགག་པར་བྱ་བའི་ཡན་ལག་ཕྱི་མ་བཅུ་པོ་རྣམས་ཀྱི་མཚོན་བྱེད་དོ། །གསུམ་པོ་དེ་དག་ཉིད་ངོ་བོ་ཉིད་ཡོད་པ་ཞིག་འཇིག་པ་མ་ཡིན་པར་གདོད་མ་ནས་རང་བཞིན་གྱིས་འགགས་ཤིང་མ་གྲུབ་པར་སོ་སོ་རང་གིས་རིག་པའི་སྟོབས་ཀྱིས་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ལོག་པ་ལས་རྣམ་པར་རྟོག་པ་དང་ལས་ཉོན་གཉི་ག་ཀུན་དུ་སྤྱོད་པའམ་འབྱུང་བ་མེད་པའི་ཚུལ་གྱིས་སྡུག་བསྔལ་འབྱུང་བ་མེད་དེ། དེ་ཡང་གཟུགས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་གིས་ཉོན་མོངས་པ་རེ་ཤིག་སྤོང་བ་ལྟ་བུ་མ་ཡིན་པར་གཏན་དུ་འབྱུང་བ་མེད་པའོ། །འབྱུང་བ་མེད་ཅེས་བྱ་བ་འདི་ཡང་ནི་མེད་པར་དགག་པ་མ་ཡིན་གྱི། སྡུག་བསྔལ་འབྱུང་བ་དང་ཆོས་མི་མཐུན་པའི་ཁམས་ཉིད་ལ་འགོག་པའི་

(༢༣༩)བདེན་པ་ཞེས་བྱའོ། །།།ཞེས་བྱ་བ་ནི་ཚིག་ཕྱི་མ་འདྲེན་པའི་ཕྲད་དོ། །ཆོས་འགའ་ཞིག་ཞིག་པའི་ཕྱིར་ནི་སྡུག་བསྔལ་འགོག་པའི་བདེན་པར་མ་བསྟན་ཏེ། ཞེས་བྱ་བས་ནི་ཉན་ཐོས་ལ་གྲགས་པའི་འཕགས་པའི་བདེན་པ་བཞི་པོ་དོན་དམ་པའི་བདེན་པ་མ་ཡིན་ཞིང་། དེ་རྣམས་ཀྱི་འཕགས་པ་ཡང་དོན་དམ་པའི་འཕགས་པ་མ་ཡིན་ལ། དེ་རྣམས་ཀྱི་འགོག་པ་ཡང་ཆོས་འགའ་ཞིག་ཞིག་པ་ལས་འགོག་པར་གཞག་པ་ཡིན་ན། དེ་ལྟ་བུའི་ཞིག་པ་ལས་དོན་དམ་པའི་འགོག་པའི་བདེན་པ་ཡིན་པར་ནི་མ་བསྟན་ནོ། །འཇིག་པས་འགོག་པ་འགོག་པའི་དོན་དུ་ཉན་ཐོས་པས་འདོད་པར་ནི་རིགས་པ་དྲུག་བཅུ་པ་ལས། རྣམ་པར་འཇིག་པས་འགོག་འགྱུར་གྱི། །འདུས་བྱས་ཡོངས་སུ་ཤེས་པས་མིན། །ཞེས་བྱ་བས་བསྟན་པ་ཡིན་ནོ། །དོན་དེ་ནི་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་དོན་དམ་པའི་བདེན་པ་ཉིད་སྒྲུབ་པའི་ཚུལ་དུ་སྟོན་པར་མཛད་ལ། དཔལ་ཕྲེང་གི་མདོ་ལས་ནི་གཞན་གྱི་འགོག་པ་དོན་དམ་པ་ཡིན་པ་བཀག་ནས་དེའི་རྗེས་སུ་རང་གི་གཞུང་འཛུགས་པར་བྱེད་པ་ཡིན་ནོ། །དང་པོ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ནི་ཇི་སྐད་དུ། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ལ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་གོ །གང་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ནི་ཀུན་དུ་རྟོག་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བ་ཀུན་དུ་རྟོག་པ་འགའ་ཡང་མེད་དོ། །ཚུལ་བཞིན་ཡིད་ལ་བྱེད་པ་རབ་ཏུ་སྦྱོར་བ་དེ་ནི་མ་རིག་པ་ཀུན་

(༢༤༠)ནས་སློང་བར་མི་བྱེད་དོ། །མ་རིག་པ་ཀུན་ནས་ལྡང་བ་མེད་པ་གང་ཡིན་པ་དེ་ནི་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་ལྡང་བར་མི་བྱེད་དོ། །དེ་ནི་མི་སྐྱེ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །ཞེས་བྱ་བ་དེ་ལ། མདོ་འདིར་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་མིང་གི་རྣམ་གྲངས་སུ་བརྗོད་ལ། དེ་བཞིན་གཤེགས་པའི་སྒྲ་ཡང་དེ་བཞིན་དུ་རྟོགས་པའི་རྫོགས་པར་བྱང་ཆུབ་པ་དང་། དེ་བཞིན་དུ་སོང་བའི་སྤངས་པ་ལ་འཇུག་པས་དོན་ནི་བྱང་བ་དང་ཆུབ་པའི་འགོག་པའི་བདེན་པ་སྟེ། དེ་ལ་ནི་སེམས་previous hit ཀུནགཞིརྣམཤེས next hit་དང་ཡིད་ཉོན་མོངས་ཅན་དང་རྣམ་པར་ཤེས་པ་དྲུག་པོ་དངོས་པོ་ཙམ་སྣང་བའི་ངང་ཅན་དག་མི་འཇུག་སྟེ། བག་ཆགས་ཀྱི་གཞིའམ་རྟེན་མ་ཡིན་ནོ། །ཆོས་གང་ལ་རྒྱུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ནི་འབྲས་བུ་ཀུན་དུ་རྟོག་པ་གང་གིས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པར་འགྱུར་བ་ཀུན་དུ་རྟོག་པ་འགའ་ཡང་མེད་དོ། །ཀུན་དུ་རྟོག་པ་མེད་ཅེས་བྱ་བ་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་སྦྱོར་བ་ཡིན་པས་དེ་ནི་མ་རིག་པ་དང་འགལ་བ་ལྷན་ཅིག་མི་གནས་པ་ཡིན་པའི་ཕྱིར་ཀུན་གཞི་ལས་ཀུན་ནས་ལྡང་བའི་ངོ་བོར་ཀུན་ནས་སློང་བར་མི་བྱེད་དོ། །མ་རིག་པ་འགགས་ན་འདུ་བྱེད་འགག་པ་ལ་སོགས་པའི་རིམ་པས་མ་རིག་པ་ཀུན་ནས་ལྡང་བ་མེད་པ་གང་ཡིན་པ་དེ་ནི་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་ལྡང་བར་མི་བྱེད་དོ། །དེ་ནི་མི་སྐྱེ་ཞེས་བྱ་བ་དང་། སོགས་པ་སྐྱོན་མེད་པ་དང་། ངེས་པའི་དོན་དང་། དོན་དམ་པ་དང་། གང་ཟག་

(༢༤༡)མེད་པའི་དོན་དང་། བརྗོད་དུ་མེད་པའི་དོན་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དང་། ཆོས་ཀྱི་དོན་དང་། དེ་བཞིན་གཤེགས་པའི་དོན་གྱི་བར་དུ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྒྲུབ་པར་མཛད་ཅིང་། དེའི་ཕྱིར་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །གང་གིས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་གསུངས་ཏེ། ཇི་ལྟར་ཡོངས་སུ་ཚོལ་བ་ན་ཅི་ཡང་མི་མཐོང་བ་དེ་ལྟར་མཐོང་ངོ་། །འཇམ་དཔལ་དེ་ལ་ཅི་ཡང་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ་སེམས་དང་དམིགས་པ་སྟེ། དེས་གང་གི་ཚེ་སེམས་དང་དམིགས་པ་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་ན་ཡང་དག་པ་མཐོང་བ་ཡིན་པས་དེ་བཞིན་གཤེགས་པས་ནི་ཆོས་དེ་དག་དེ་ལྟར་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལ་དབུ་མ་སྙིང་པོ་ལས། །བདེན་པ་གཉིས་ལ་བརྟེན་པ་ཡི། །རྟེན་ཅིང་འབྲེལ་འབྱུང་ཉི་བཤད་ཟློས། །ཤེས་རྒྱུ་དང་རྐྱེན་ལས་སྐྱེས་པའི་རྟེན་འབྲེལ་གྱི་ཆོས་ཉིད་ལ་ཡང་རྟེན་འབྲེལ་ཞེས་བྱ་བའི་མིང་གིས་སྨོས་པས་དེ་མཐོང་ན་འགོག་པའི་མཚན་ཉིད་ཀྱི་ཆོས་དང་། དེ་མཐོང་ན་དེ་བཞིན་གཤེགས་པ་མཐོང་ཞེས་བྱ་སྟེ། དེ་ཡང་ཅི་ཡང་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་ཡིན་ནོ། །ཅི་ཡང་མཐོང་བ་མེད་པ་ཞེས་བྱ་བ་ཡང་མེད་པར་དགག་པ་མ་ཡིན་གྱི་དམིགས་བྱ་དམིགས་བྱེད་དུ་མཐོང་བའི་ཤེས་པའི་གཉེན་པོ་བརྗོད་པ་ཡིན་པས་ལམ་གྱི་ཚེ་སེམས་དང་དེའི་དམིགས་པ་ཡོངས་སུ་ཚོལ་བ་ན་གཉིས་

(༢༤༢)པོ་དེ་མེད་པར་མཐོང་བ་ལས་བྱུང་བའི་ཡེ་ཤེས་ཏེ་སངས་རྒྱས་ཀྱི་འགོག་པ་གང་ཡིན་པ་དེ་ནི་རིག་པ་ཙམ་ཡིན་ཡང་དམིགས་པའི་རྐྱེན་ལས་སྐྱེ་བ་མ་ཡིན་ཞེས་པའོ། །འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ནས། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །ཅེས་དམིགས་པ་དང་བདག་པོའི་རྐྱེན་གཉི་ག་བརྗོད་མོད་ཅེ་ན། དེ་ནི་སངས་རྒྱས་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྐྱེན་གཉིས་པོ་བརྗོད་པ་མ་ཡིན་གྱི། དེ་ལ་དང་པོ་སློབ་པའི་དུས་ཀྱི་རྐྱེན་གཉིས་བརྗོད་པ་ཡིན་པར་གནོད་འཇོམས་ལས་བཤད་ལ། སྐབས་དེ་ཉིད་ཀྱི་མདོ་ལས་ཀྱང་ཤིན་དུ་གསལ་བ་ཡིན་ནོ། །དེ་བས་ན་རྣམ་འགྲེལ་ལས་བཤད་པའི་དངོས་པོ་ཇི་ལྟར་ཡོད་པ་དེས་རང་འཛིན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་དོ་ཞེས་བྱ་བ་ནི་གྲུབ་མཐའ་འོག་མ་སྨྲ་བ་དག་དང་ཚུལ་བསྟུན་ནས་གསུངས་པར་ཟད་དེ། གཞན་དུ་ན་གཟུང་བའི་དོན་གྱི་།།།པ་ཅན་གྱི་བློ་ཡིན་ན་དངོས་པོ་ཙམ་སྣང་བའི་ངང་ཅན་གྱི་སེམས་ཀྱི་རྒྱུ་བ་ཡིན་ཞིང་། དེ་ལྟ་བུའི་སེམས་ཀྱི་རྒྱུ་བ་དེ་དོན་དམ་པ་མངོན་སུམ་དུ་བྱེད་པའི་ཤེས་པ་ལས་ལོག་པར་སློབ་དཔོན་ཡེ་ཤེས་སྙིང་པོས་བཤད་དེ། དེ་ཉིད་ནི་མགོན་པོ་ཀླུ་སྒྲུབ་ཀྱི་ཡང་དགོངས་པ་ཡིན་པར་མཐོང་ངོ་། །ད་ནི་གཞན་གྱི་འགོག་པ་དོན་དམ་པ་ཡིན་པ་བཀག་ནས་དེའི་རྗེས་སུ་རང་གི་གཞུང་འཛུགས་པའི་ཕྱིར་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་འཇིག་པ་ནི་སྡུག་བསྔལ་འགོག་པ་མ་ལགས་སོ། །ཞེས་བྱ་བ་ལ་སོགས་པ་དཔལ་ཕྲེང་གི་མདོ་ལ་འཇུག་པར་མཛད་དོ། །དཔལ་ཕྲེང་གི་མདོ་ལས་དོན་འདི་ཉིད་གཞིར་བྱས་པའི་མདོའི་ཚིག་གཞན་དག་ཀྱང་དྲངས་ཏེ་

(༢༤༣)བཤད་ན་ཚིམ་པར་འགྱུར་བའི་ཕྱིར་དྲང་བར་བྱ་སྟེ། དེ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་འཚལ་བ་དང་པོ་ནི་མཐར་ཕྱིན་པའི་ཤེས་པ་མ་ལགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པའི་ཤེས་པ་ལགས་སོ། །བཅོམ་ལྡན་འདས་འཕགས་པའི་དོན་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚིག་བླ་དགས་མ་ལགས་སོ། །བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཡོན་ཏན་ཚད་མ་མཆིས་པ་ལགས་ཏེ། བཅོམ་ལྡན་འདས་དེའི་ཡན་ལག་གི་ཡོན་ཏན་དང་ལྡན་པའི་སླད་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་འཕགས་པ་ཞེས་བགྱིའོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་ཞེས་བགྱི་བ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་བདེན་པ་མ་ལགས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡོན་ཏན་མ་ལགས་ཏེ། བདེན་པ་འདི་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐོག་མར་མངོན་པར་རྫོགས་པར་སངས་རྒྱས་ཤིང་མངོན་པར་མཁྱེན་ལ་སོ་སོར་རྟོགས་ནས་དེ་མངོན་པར་མཁྱེན་པའི་འོག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་རིག་པའི་སྒོ་ངའི་སྦུབས་སུ་བཅུག་པའི་འཇིག་རྟེན་ལ་བསྟན་ཅིང་བཏགས་ཏེ། དེའི་སླད་དུ་འཕགས་པའི་བདེན་པ་རྣམས་ཤེས་བགྱིའོ། །བཅོམ་ལྡན་འདས་འཕགས་པའི་བདེན་པའི་དོན་བཤད་པ་ནི་ཟབ་ཅིང་ཕྲ་ལ་བརྟག་པར་དཀའ་སྟེ། ཁོང་དུ་ཆུད་པར་དཀའ་ཞིང་བརྟག་མི་ནུས་ལ་རྟོག་གེའི་སྤྱོད་པ་མ་ལགས་ཏེ། མཁས་ཤིང་འཛངས་པས་

(༢༤༤)རིག་པ་དང་། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཟབ་མོ་བསྟན་པ་བཤད་པ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལགས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འཕགས་པའི་བདེན་པའི་དོན་བཤད་པ་འདིའི་གནས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་གནས་ཟབ་པ་ན་འཕགས་པའི་བདེན་པའི་དོན་ཡང་ཟབ་ཅིང་ཕྲ་བ་ལ་བཏགས་པ་སྟེ། རྟོགས་པར་དཀའ་ཞིང་བརྟག་མི་ནུས་ལ། རྟོག་གེའི་སྤྱོད་ཡུལ་མ་ལགས་ཏེ། མཁས་ཤིང་འཛངས་པས་རིག་པ་དང་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཞེས་བགྱིའོ། །བཅོམ་ལྡན་འདས་གང་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་ཀྱི་མཐས་དཀྲིས་པ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཐེ་ཚོམ་མ་མཆིས་པ་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་ནས་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡང་ཐེ་ཚོམ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་གང་གི་ཡིད་དེ་བཞིན་གཤེགས་པའི་སྙིང་པོ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་དགོངས་པའི་མཐར་ཕྱིན་པ་དེ་ནི་བཅོམ་ལྡན་འདས་འཕགས་པའི་བདེན་པའི་དོན་བཤད་པ་རྣམ་པ་འདི་གཉིས་ལ་ཡིད་ཆེས་ཤིང་དད་དེ་མོས་པ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ན་འཕགས་པའི་བདེན་པའི་དོན་བཤད་པ་རྣམ་

(༢༤༥)པ་གཉིས་ནི་རིག་པར་དཀའ་ཞིང་རྟོགས་པར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་འཕགས་པའི་བདེན་པའི་དོན་བཤད་པ་རྣམ་པ་གཉིས་གང་ཞེ་ན། འཕགས་པའི་བདེན་པའི་དོན་བཤད་པ་བགྱི་བ་མཆིས་པ་དང་། བགྱི་བ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དེ་ལ་འཕགས་པའི་དོན་བཤད་པ་བགྱི་བ་མ་མཆིས་པ་ནི་འཕགས་པའི་བདེན་པ་བཞི་བསྟན་པ་དང་། བཏགས་པ་ཚད་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཞན་གྱིས་བགྱིད་དུ་སྩལ་ཀྱང་སྡུག་བསྔལ་ཐམས་ཅད་ཡོངས་སུ་འཚལ་བ་དང་། སྡུག་བསྔལ་ཀུན་འབྱུང་བ་ཐམས་ཅད་སྤང་བ་དང་། སྡུག་བསྔལ་འགོག་པ་ཐམས་ཅད་མངོན་སུམ་དུ་བགྱི་བ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཐམས་ཅད་སྒོམ་པར་མི་ནུས་ཏེ། བཅོམ་ལྡན་འདས་དེ་ལྟ་ལག་པས་འཁོར་བ་ལ་ཡང་འདུས་བྱས་དང་འདུས་མ་བྱས་པ་མཆིས་སོ། །མྱ་ངན་ལས་འདས་པ་ལ་ཡང་འདུས་བྱས་དང་འདུས་མ་བྱས་པ་མཆིས་སོ། །བཅོམ་ལྡན་འདས་འཕགས་པའི་བདེན་པའི་དོན་བཤད་པ་བགྱི་བ་མ་མཆིས་པ། གང་ལགས་པ་ནི་བཅོམ་ལྡན་འདས་དེ་ལ་འཕགས་པའི་བདེན་པ་བཞི་བསྟན་པ་དང་། བཏགས་པ་དག་དཔག་ཏུ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཉིད་ཀྱིས་བཙལ་ཀྱང་ཟིན་པའི་སྡུག་བསྔལ་ཐམས་ཅད་ཡོངས་སུ་འཚལ་བ་དང་། ཟིན་པའི་སྡུག་བསྔལ་ཀུན་འབྱུང་བ་ཐམས་ཅད་སྤང་བ་དང་། ཟིན་པའི་སྡུག་བསྔལ་འགོག་པ་ཐམས་ཅད་མངོན་སུམ་དུ་བགྱི་བ་དང་། ཟིན་

(༢༤༦)པའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་སྒོམ་པར་ནུས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་ལྟར་ན་དེ་བཞིན་གཤེགས་པས་འཕགས་པའི་བདེན་པ་བཞི་བསྟན་པ་བཤད་པ་གང་ལགས་པ་དེ་དག་ནི་འཕགས་པའི་བདེན་པ་རྣམ་པ་བརྒྱད་དུ་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འཕགས་པའི་བདེན་པའི་དོན་བསྟན་པ་བགྱི་བ་མ་མཆིས་པ་བཞི་པོ་དག་ལ་རྫོགས་པར་མཛད་པ་ལགས་སོ། །ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ནི་རྫོགས་པར་བགྱིད་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རབ་འབྲིང་ཐ་མའི་ཆོས་རྟོགས་པས་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པ་མ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཅིའི་སླད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཕགས་པའི་བདེན་པ་བཞིའི་དོན་བཤད་པ་བགྱི་བ་མ་མཆིས་པ་དག་ལ་རྫོགས་པར་མཛད་པ་ལགས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་མ་འོངས་པའི་སྡུག་བསྔལ་ཐམས་ཅད་ནི་ཡོངས་སུ་མཁྱེན། བཅོམ་ལྡན་འདས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་འདུ་བའི་སྡུག་བསྔལ་ཀུན་འབྱུང་བ་ཐམས་ཅད་ནི་སྤངས། བཅོམ་ལྡན་འདས་ཡིད་ཀྱི་ཕུང་པོ་ཐམས་ཅད་འགོག་པ་སྡུག་བསྔལ་ཐམས་ཅད་འགོག་པ་ནི་མངོན་སུམ་དུ་མཛད་དེ། བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ནི་ཆོས་ཆུད་གཟོན་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་

(༢༤༧)ཆོས་ཀྱི་སྐུ་ཐོག་མ་མ་མཆིས་པའི་དུས་ནས་མཆིས་པ། མ་བགྱིས་པ། མ་སྐྱེས་པ། མི་བས་པ། བས་པ་མ་མཆིས་པ། རྟག་པ། བརྟན་པ། རང་བཞིན་གྱིས་ཡོངས་སུ་དག་པ། ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་ནས་ངེས་པར་གྲོལ་བ། སངས་རྒྱས་ཀྱི་ཆོས་ཐ་དད་དུ་མི་གནས་པ། གྲོལ་བར་ཤེས་པ། བསམ་གྱིས་མི་ཁྱབ་པ། གང་གའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད་དང་ལྡན་པ་ནི་སྡུག་བསྔལ་འགོག་པའི་མིང་གིས་བསྟན་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་སྐུ་ཉོན་མོངས་པའི་སྦུབས་ནས་ངེས་པར་གྲོལ་བ་ཞེས་བགྱིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཤེས་པ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལགས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་མ་མཐོང་མ་རྟོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་ནི་ཐུགས་སུ་ཆུད་ཅིང་མངོན་སུམ་དུ་མཛད་དོ། །ཞེས་རྒྱ་ཆེར་གསུངས་པ་འདི་དང་། ཕྱོགས་ཤིན་དུ་ཉེ་བ་ཞིག་སློབ་དཔོན་ཟླ་བ་གྲགས་པས་རིགས་པ་དྲུག་བཅུ་པའི་འགྲེལ་བར་གསུངས་ཏེ། དེ་ལས། མྱ་ངན་ལས་འདས་པ་དང་ཐར་བ་ཞེས་བྱ་བ་ནི་འཁོར་བ་ཟད་པའི་ངོ་བོ་སྡུག་བསྔལ་སླར་ཡང་མི་སྐྱེ་བ་སྟེ། དེ་ནི་དངོས་པོ་མེད་པའོ། །དེའི་ཕྱིར་འཁོར་བ་དངོས་པོ་མེད་པའི་ངོ་བོ་མྱ་ངན་ལས་འདས་པ་སྲིད་པ་ཡང་ཡོད་དོ། །བཤད་པ། གལ་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཡོད་ན་ནི་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པར་འགྱུར་བ་ཞིག་ན་དེ་དག་ནི་མེད་དོ། །

(༢༤༨)དེ་གཉི་ག་ཡོད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནམ། འདི་ལྟར་འཁོར་བ་ཡོངས་སུ་ཟད་པར་བྱ་བ་དང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །གལ་ཏེ་དེ་དག་མེད་ན་ནི་དེ་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་དོན་མེད་པ་ཉིད་དུ་འགྱུར་བ་ཞིག་ན། དོན་མེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་ཡོད་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་གྲུབ་བོ། །བཤད་པ། འཁོར་བ་དང་མྱ་ངན་ལས་འདས་པ་འདི་གཉིས་སུ་དག་ལ་བསྟན། སྨྲས་པ། འཕགས་པ་རྣམས་ལའོ། །གལ་ཏེ་འཕགས་པ་རྣམས་ལ་ཡིན་ན་འོ་ན་ནི་གང་འཕགས་པར་གྱུར་བ་དེ་རྣམས་ལ་བསྟན་ཏོ་སྙམ་དུ་སེམས་པ། བསྟན་པ་གང་གིས་དེ་རྣམས་འཕགས་པར་འགྱུར། དེ་ལྟར་ན་འོ་ན་ནི་ཐོས་པ་དང་བསམ་པ་ལ་སོགས་པའི་རིམ་པས་འཕགས་པའི་དོན་ཅན་དུ་འགྱུར་བ་ཉིད་ཀྱི་ཕྱིར་འདི་ནི་འཕགས་པ་མ་ཡིན་པ་རྣམས་ཁོ་ན་ལའོ་ཞེས་བྱ་བར་འགྱུར་རོ། །འཕགས་པ་མ་ཡིན་པ་ཐོག་མ་དང་མི་ལྡན་པའི་འཁོར་བ་ན་དངོས་པོར་ལྟ་བ་ལ་གོམས་པ་དེ་རྣམས་ནི་དེའི་གཉེན་པོ་འཁོར་བ་ལྡོག་པའི་མཚན་ཉིད་ཅན་ཆོས་ཤིན་དུ་གྱ་ནོམ་པ་མྱ་ངན་ལས་འདས་པ་མ་བསྟན་པར་དངོས་པོ་ལ་ཆགས་པ་ལས་བཟློག་པར་མི་ནུས་སོ། །འདི་ལྟར་འཇིག་རྟེན་བདེ་བ་ཆེས་རྒྱ་ཆེན་པོ་དང་ལྡན་པར་འདོད་པ་དེ་ནི་ཉེ་བར་བསྟན་པ་ལས་རེ་ཤིག་བདེ་བ་ཙམ་ལས་ཀྱང་ལྡོག་པར་ནུས་ན་ཤིན་དུ་སྡུག་བསྔལ་བ་ལས་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་མྱ་ངན་ལས་འདས་པ་བསྟན་པ་དེ་ནི་སྐྱེ་བོ་བྱིས་པའི་ངོ་བོར་ཞུགས་པ་ཁོ་ན་ཡིན་ནོ་ཞེས་

(༢༤༩)བསྟན་པའི་ཕྱིར་གསུངས་པ། དེ་ཉིད་མ་མཐོང་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་སེམས་ཏེ། །དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ནི་འཇིག་རྟེན་འཁོར་བ་ཞེས་བྱ་བ་དང་། མྱ་ངན་ལས་འདས་པ་དེ་ལྡོག་པ་ཞེས་བྱ་བ་འདི་དག་མི་མཐུན་ཕྱོགས་དང་གཉེན་པོའི་དངོས་པོར་གནས་ཤིང་གཅིག་ནི་བླང་བྱ། གཅིག་ནི་དོར་བྱ་རློམ་སེམས་སོ། །དེའི་ཕྱིར་སྐྱེ་བོ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་རྙེད་ཅིང་དེ་ལྡོག་པ་ལ་དགའ་བ་ཡང་དག་པར་སྐྱེས་པ་རྣམས་ཀྱིས་རྟེན་ཅིང་འབྲེལ་བར་འབྲེལ་བར་འབྱུང་བའི་རྟོག་པས་དོར་བ་བྱ་བའི་སྐྱེ་བ་མེད་པ་བདེ་བླག་ཏུ་རྟོགས་པར་ནུས་ལ། དངོས་པོ་སྐྱེ་བ་མེད་པར་ངེས་པ་རྣམས་ཀྱིས་ཀྱང་དངོས་པོ་ཡོད་པ་མ་ཡིན་ན་གང་གི་དངོས་པོ་མེད་པ་མྱ་ངན་ལས་འདས་པར་བརྟག་ཅེས་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་ཡང་བདེ་བླག་ཏུ་དོར་བར་ནུས་སོ། །དེའི་ཕྱིར་དེ་ཁོ་ན་མཐོང་བ་ལ་ཞུགས་པ་འཕགས་པར་གྱུར་བ། དེ་ཉིད་གཟིགས་པ་རྣམས་དེའི་ཚེ་ངེས་པར་འཇིག་རྟེན་དང་མྱ་ངན་ལས་འདས་པར་རློམ་སེམས་མེད། འཕགས་པ་རང་བཞིན་མི་དམིགས་པའི་ཆོས་རྟོགས་པས་རབ་ཏུ་ཕྱེ་བ་རྣམས་ཀྱིས་ནི་འདི་གཉི་ག་མི་དམིགས་ཏེ། རྟོག་པར་མི་མཛད་དོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་སྐྱེ་བོ་བྱིས་པའི་རྟོག་པའི་དབང་གིས་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཡོད་པ་ཉིད་དུ་བསྟན་པ་ལས་དངོས་པོ་དང་དངོས་པོ་མེད་པ་དག་ནི་ཡོད་པ་ཉིད་དོ་ཞེས་གང་སྨྲས་པ་དེ་མི་རིགས་སོ། །གལ་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་དག་འཕགས་པ་རྣམས་ལ་བསྟན་པ་མ་ཡིན་ན་

(༢༥༠)དེའི་ཕྱིར་འཕགས་པའི་བདེན་པ་བཞི་པོ་དེ་དག་བསྟན་པ་ཇི་ལྟར་རིགས་པར་འགྱུར། གལ་ཏེ་འདི་དག་འཕགས་པ་ལ་བདེན་པ་ཡིན་ན་ནི་དེའི་ཚེ་འཕགས་པའི་བདེན་པ་དག་ཏུ་རིགས་པར་འགྱུར་རོ། །གལ་ཏེ་འདི་དག་འཕགས་པ་མ་ཡིན་པ་ལ་ལྟོས་པ་ཁོ་ནས་ཡིན་ན་ནི་དེའི་ཚེ་འཕགས་པའི་བདེན་པ་དག་ཅེས་བྱ་བར་མི་རིགས་སོ། །གལ་ཏེ་དེ་ལྟར་ན་ད་ནི་འཕགས་པའི་ཐ་སྙད་བརྒྱད་ཇི་ལྟར་རིགས་པར་འགྱུར། དེ་དག་ནི་འཕགས་པ་རྣམས་ཁོ་ནའི་མ་ཡིན་ཏེ། འོ་ན་ཇི་ལྟ་ཞེ་ན། འཇིག་རྟེན་གྱི་ཡང་ཡིན་ཏེ། ཐ་སྙད་དེ་དག་ནི་ཟག་པ་དང་བཅས་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་གྱི་དངོས་པོ་ལ་ཡང་གང་གི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་གནས་པ་ལས་མ་འདས་པར་གནས་པ་དེས་ནི་འཕགས་པའི་བརྗོད་པ་འཐོབ་པའོ། །ཡང་ན་འཕགས་པར་བྱེད་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་དག་གོ །ཡང་ན་འཕགས་པས་བསྟན་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་དག་སྟེ། གང་ལ་དམིགས་པ་དེ་ཡོད་པའོ། །དམིགས་པ་དེ་ཡང་རྣམ་པ་གཉིས་ཏེ། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའོ། །དེ་ལ་ཕྱིན་ཅི་ལོག་ནི་བདེ་བ་ལ་སོགས་པ་ཉིད་དུ་འཛིན་པ་གང་ཡིན་པ་སྟེ། ཀུན་རྫོབ་ཏུ་ཡང་བདག་ཉིད་དེར་དངོས་པོ་དེ་རྣམ་པར་མི་གནས་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ནི་སྡུག་བསྔལ་ལ་སོགས་པ་ཉིད་དུ་འཛིན་པ་སྟེ། དངོས་པོ་དེ་ཀུན་རྫོབ་ཏུ་བདག་ཉིད་དེར་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་ཙམ་ཞིག་ལ་ལྟོས་ནས་འཕགས་པའི་ཐ་སྙད་བཞིན་དུ་འཕགས་པའི་བདེན་པ་

(༢༥༡)དག་ཅེས་བྱའོ། །ཞེས་གསུངས་སོ། །དེ་ལྟར་མདོ་དང་བསྟན་བཅོས་ཀྱི་ལུང་དེ་དག་གི་དོན་ཕྱོགས་འདི་ན་མ་གྲགས་པའི་གཏམ་གསར་པ་ལྟ་བུ་ཡིན་པས་ངེས་པ་སྐྱེ་བར་བྱ་བའི་ཕྱིར་གཞུང་མང་རབ་ཞིག་དྲངས་པ་ཡིན་ནོ། །མདོའི་དོན་ཉན་ཐོས་དང་རང་སངས་རྒྱས་དགྲ་བཅོམ་པས་ཤེས་ཤིང་མངོན་སུམ་དུ་བྱས་པའི་བདེན་པ་བཞི་ལས་སྡུག་བསྔལ་དང་ཀུན་འབྱུང་བ་ནི་འཁོར་བ་དངོས་ཡིན་ཞིང་། འདུས་བྱས་ཤེས་ཀྱང་བྱ་ལ། དེ་དག་ལས་སྡུག་ཀུན་དུ་མ་ཟད་ལམ་ཡང་བསམ་པ་རྒྱ་ཆེ་ཆུང་སོགས་མ་ཡིན་པར་གང་ཞིག་མངོན་སུམ་དུ་རྟོགས་པས་དམན་པའི་ལམ་དུ་འཕགས་པར་བརྗོད་ཀྱང་། ཐེག་པ་ཆེན་པོའི་ལམ་དང་སྦྱར་ན་འཕགས་པའི་ལམ་མ་ཡིན་པས་བྱིས་པའི་ལམ་ཉིད་ཡིན་ཞེས་བྱ་བ་དང་། ཐེག་པ་ཆེན་པོའི་ས་དང་པོ་ཐོབ་ཕྱིན་ཆད་འཁོར་བའི་སྡུག་ཀུན་དེ་དག་ལས་འདས་པ་ཟག་པ་མེད་པའི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལུས་ལ་སྡུག་ཀུན་དུ་བཏགས་པ་ཙམ་ཞིག་བྱེད་པས་འདུས་མ་བྱས་དང་མྱ་ངན་ལས་འདས་པའི་གྲངས་སུ་བགྲང་སྟེ་དེ་ལྟར་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་དགྲ་བཅོམ་པས་གང་སྤངས་པ་དང་རྟོགས་པ་དེ་ཐམས་ཅད་ཐེག་ཆེན་གྱི་ས་དང་པོ་ཐོབ་པའི་ཚེ་སྤངས་ཤིང་རྟོགས་ཟིན་པས་དེ་མན་ཆད་དུ་གཞག་པའི་བདེན་པ་བཞི་ནི་རྣམ་པར་གཞག་པ་གཅིག་གོ །ས་དང་པོ་ཡན་ཆོད་དུ་མ་རིག་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་དང་ཡིད་ཀྱི་རང་བཞིན་གྱི་ལུས་དང་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་རྣམས་ཀུན་འབྱུང་དང་སྡུག་བསྔལ་དུ་རྣམ་པར་གཞག་ཅིང་། དེ་དག་རིམ་གྱིས་

(༢༥༢)སྤོང་བའི་གཉེན་པོའི་ཕྱོགས་ཀྱི་ལམ་དང་འགོག་པ་ཡང་ཡོད་པས་དེ་དག་གི་དབང་དུ་བྱས་པའི་བདེན་པ་བཞིའི་རྣམ་པར་གཞག་པ་ནི་གཉིས་པ་སྟེ། དོན་འདི་ལས་ནི་དཔལ་ཕྲེང་གི་མདོ་ལ་འཕགས་པའི་བདེན་པ་བརྒྱད་བསྟན་པ་ཞེས་བྱ་བའི་མིང་དུ་ཡང་བྱས་སོ། །སློབ་དཔོན་ཟླ་བས་གསུངས་པའི་དོན་སངས་རྒྱས་ཀྱི་བསྟན་པ་ལ་མི་རྟག་པ་ལ་སོགས་པའི་བདེན་པའི་རྣམ་པ་བཅུ་དྲུག་ནི་དོན་དམ་པའི་བདེན་པ་མ་ཡིན་པའི་ཕྱིར་གང་རྟོགས་ན་འཕགས་པར་འགྱུར་བའི་བདེན་པ་ནི་ཡིན་ལ། སྐྱེ་བོ་ཐ་མལ་པས་མ་རྟོགས་པའི་ཡང་དག་པའི་ཀུན་རྫོབ་ཁྱད་པར་ཅན་ཡིན་པས་དེ་རྟོགས་ན་ཡང་འཕགས་པའི་མིང་ཙམ་ནི་འཐོབ་ཅེས་བཞེད་ཅིང་བྱེ་བྲག་ཏུ་འཕགས་པའི་མིང་ཅན་དེས་ཐོབ་པའི་འགོག་པ་ཡང་དེ་བཞིན་ཉིད་ལ་མི་བྱ་བར་ཀུན་འབྱུང་ཟད་པ་ཙམ་དང་སྡུག་བསྔལ་མ་འོངས་པ་མི་སྐྱེ་བ་ཙམ་ལ་བཞེད་དོ། །དོན་འདི་ཉིད་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་ཡང་། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང་། །ཞེས་སྐད་ཅིག་མ་དོན་དམ་མ་ཡིན་པར་རྣལ་འབྱོར་ཀུན་རྫོབ་སྟེ། དེ་འཇིག་རྟེན་ཐ་མལ་པ་ལ་ལྟོས་ན་ནི་དོན་དམ་པ་ཡིན་ཞེས་བྱ་བས་སློབ་དཔོན་ཟླ་བ་དང་ཞི་བའི་ལྷ་དགོངས་པ་མཐུན་ནོ། །རྣལ་འབྱོར་ཡང་ཤེས་རབ་འབྱུང་གནས་བློ་གྲོས་ཀྱི་འགྲེལ་བར་གང་ཟག་གི་བདག་མེད་པ་རྟོགས་པའི་རྣལ་འབྱོར་བ་ལ་བཤད་དེ། སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་དང་པོ་གཉིས་སོ། །འོན་ཀྱང་སློབ་དཔོན་ཟླ་བས་ཆོས་ཀྱི་བདག་མེད་པ་རྟོགས་པའི་ཉན་ཐོས་དང་རང་རྒྱལ་བ་ཡོད་པར་ཡང་བཤད་དེ། དེ་ཡང་

(༢༥༣)མངོན་སུམ་དུ་རྟོགས་པར་བཞེད་ན་ནི་འཕགས་པའི་མིང་ཅན་གྱི་ཉན་རང་དང་འཕགས་པ་དངོས་སུ་གྱུར་བའི་ཉན་རང་གཉིས་བཞེད་པར་གསལ་ལོ། །འཁོར་ལོ་བར་པར་གསུངས་པའི་མེད་པར་དགག་པའི་སྟོང་པ་ཉིད་དང་། ཐ་མར་གསུངས་པའི་སྙིང་པོའི་བདེན་པ་དག་གོ་བའི་ཡུལ་ལ་ཁྱད་པར་ཤིན་དུ་ཆེ་ཡང་མེད་པར་དགག་པ་མངོན་སུམ་དུ་རྟོགས་ལ། སྙིང་པོ་མངོན་སུམ་དུ་མ་རྟོགས་པའི་ཁྱད་པར་ཡོད་པར་ནི་ཁོ་བོ་ཅག་མི་འདོད་དེ། འདི་དག་ཚིག་གི་ཡུལ་ལ་ཁྱད་པར་ཡོད་ཀྱང་མངོན་སུམ་པའི་བདེ་བ་རྟོགས་པའི་ཚེ་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་མན་ངག་མཆོག་འགའ་ཞིག་ལས་འབྱུང་བ་ལ་ཡིད་ཆེས་པར་བྱས་པ་ཡིན་ནོ། །ལང་ཀར་གཤེགས་པ་ལས་ཀྱང་། དེ་ལ་འཇིག་རྟེན་པའི་ཡེ་ཤེས་ནི་ཡོད་པ་དང་མེད་པའི་ཕྱོགས་ལ་མངོན་པར་ཆགས་པ་མུ་སྟེགས་བྱེད་དང་བྱིས་པ་སོ་སོ་སྐྱེ་བོ་ཐམས་ཅད་ཀྱིའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་རང་རང་སྤྱིའི་མཚན་ཉིད་དུ་ལྷུང་བའི་བསམ་པ་ལ་མངོན་པར་ཆགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིའོ། །དེ་ལ་འཇིག་རྟེན་ལས་འདས་པ་མཆོག་གི་ཡེ་ཤེས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་མེད་པའི་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པ་དང་སྐྱེ་བ་མེད་པ་དང་འགོག་པ་མེད་པར་མཐོང་བ་དང་ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་དེ་བཞིན་གཤེགས་པའི་ས་བདག་མེད་པ་ཐུགས་སུ་ཆུད་པའི་ཕྱིར་འབྱུང་བའོ། །ཞེས་གསུངས་པ་འདིས་ཀྱང་འཇིག་རྟེན་ལས་འདས་པ་ལ་མཆོག་དང་མཆོག་མ་ཡིན་པ་གཉིས་སུ་ཕྱེ་བས་ཐེག་ཆེན་གྱིས་འཕགས་

(༢༥༤)པ་ལ་ལྟོས་ན་མི་རྟག་སོགས་བཅུ་དྲུག་ཙམ་མཐོང་བའི་འཕགས་པ་དེ་བྱིས་པའོ་ཞེས་བྱ་བར་དགོངས་སོ། །དེ་དག་ལས་དཔལ་ཕྲེང་གི་མདོའི་དབང་དུ་བྱས་ནས་འཕགས་པའི་བདེན་པ་འཚལ་བ་དང་པོ་ནི་མཐར་ཕྱིན་པའི་ཤེས་པ་མ་ལགས་ཏེ་ཞེས་པ་ནི་ཉན་རང་གི་ལམ་གྱི་བདེན་པས་མཐར་ཐུག་གི་འགོག་པ་མི་རྟོགས་ཤིང་དེ་རྟོགས་པའི་བརྒྱུད་པའི་རྒྱུ་མཚན་ཙམ་ཡིན་ཞེས་པའོ། །འཕགས་པའི་དོན་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚིག་བླ་དགས་མ་ལགས་སོ་ཞེས་བྱ་བ་ནི་མཐའི་འགོག་པ་མི་རྟོགས་པ་དེ་བས་ན་ཉན་ཐོས་དང་རང་རྒྱལ་བ་ལ་བཏགས་པའི་འཕགས་པ་ཡོད་ཀྱི་དོན་དངོས་ཀྱི་འཕགས་པ་མེད་ཅེས་པའོ། །འོན་ཀྱང་འཕགས་པ་དངོས་དེའི་ཡན་ལག་གམ་ཚད་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་འཕགས་པའི་མིང་ནི་འཐོབ་བོ་ཞེས་བྱའོ། །འཕགས་པའི་བདེན་པ་རྣམས་ཤེས་བགྱི་བ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་བདེན་པ་མ་ལགས་ཤེས་བྱ་བ་ལ་སོགས་པ་ནི་འཕགས་པའི་བདེན་པ་དངོས་ནི་དོན་དམ་པའི་བདེན་པ་ཡིན་པས་ཉན་རང་ལ་འཕགས་པའི་བདེན་པ་དངོས་མེད་ཅེས་པ་སྟེ། དངོས་ནི་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་ནས་སེམས་ཅན་རྣམས་ལ་བསྟན་ཞེས་པའོ། །འཕགས་པའི་བདེན་པའི་དོན་བཤད་པ་ནི་ཟབ་ཅིང་ཕྲ་ལ་བརྟག་པར་དཀའ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་འཕགས་པའི་བདེན་པ་ཞེས་སྤྱིར་བརྗོད་ཀྱང་འགོག་པའི་དབང་དུ་བྱས་པ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ལ་བྱའོ་ཞེས་པའོ། ་།གང་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་ཀྱི་མཐས་དཀྲིས་པ་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་

(༢༥༥)གྱི་དེ་བཞིན་གཤེགས་པའི་སྙིང་པོ་དང་དེ་བཞིན་གཤེགས་པའི་བྱང་ཆུབ་ལ་དྲི་མ་དག་མ་དག་གི་ཆ་ལས་གཞན་དུ་ངོ་བོ་ལ་ཁྱད་པར་མེད་དེ། སེམས་ཅན་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་རྙེད་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ལ་ཡིད་ཆེས་རྙེད་པར་འགྱུར་བའི་ཕྱིར་སེམས་ཅན་གྱི་སྙིང་པོ་ཉིད་བརྟག་ཅིང་དཔྱད་པར་བྱའོ་ཞེས་པ་སྟེ། འཕགས་པའི་བདེན་པའི་དོན་མཐར་ཐུག་པས་སློབ་པའི་བྱ་བ་མེད་པ་དང་མཐར་མ་ཐུག་པ་སློབ་པའི་བྱ་བ་དང་བཅས་པའི་ཁྱད་པར་ཡང་དབྱེ་དཀའ་བཤེས་པར་བྱ་དགོས་སོ་ཞེས་པའོ། །ཟིན་པའི་ཕུང་པོ་ནི་སེམས་ཀྱིས་ཟིན་པ་ཟག་པ་དང་བཅས་པའི་ཕུང་པོ་སྟེ་དེ་ཉིད་ཟིན་པའི་སྡུག་བསྔལ་ཡིན་ཞིང་དེས་གཞན་རྣམས་ཤེས་པར་བྱ་ལ། བདག་ཉིད་ཀྱིས་བརྩལ་ཀྱང་ནི་བདག་ཉིད་བརྩོན་པས་ཤེས་པར་ནུས་པ་སྟེ། བདེན་པ་གཉིས་པ་ལ་ལྟོས་ན་བདེན་པ་དང་པོ་འདི་ཤེས་པར་སླ་ཞེས་པའོ། །རབ་འབྲིང་ཐ་མའི་ཆོས་རྟོགས་པས་མྱ་ངན་ལས་འདས་པ་མ་ལགས་ཤེས་པ་ནི་མཐར་ཐུག་གི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ལ་ནི་གང་ཟག་སོ་སོའི་མྱ་ངན་ལས་འདས་པ་ལ་མཆོག་དམན་གྱི་དབྱེ་བ་མེད་ཀྱི། རྒྱན་ཅན་དང་རྒྱན་མེད་ལ་སོགས་པའི་དབྱེ་བས་ཕྱེ་བའི་མྱ་ངན་ལས་འདས་པ་རྣམས་ནི་མཐར་ཐུག་གི་མ་ཡིན་པས་བཏགས་པ་བའོ། །ཅིའི་སླད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཕགས་པའི་བདེན་པ་བཞིའི་དོན་བཤད་པ་བགྱི་བ་མ་མཆིས་པ་དག་ལ་རྫོགས་པར་མཛད་པ་ལགས་ཤེས་བྱ་བ་ལ་སོགས་པ་ནི་འཕགས་པའི་

(༢༥༦)བདེན་པ་མཐར་ཐུག་ཅིང་བྱ་བ་མེད་པར་རྟོགས་པའི་ཚེ་ཟག་བཅས་ཀྱི་ཆོས་རྣམས་ཀྱི་རང་བཞིན་གདོད་མ་ནས་མ་གྲུབ་པར་ཤེས་པས་འགོག་ཅེས་བྱའི། ཆོས་རྣམས་པར་འཇིག་པའམ་ཆུད་གཟོན་པའམ་ཟད་པ་ཙམ་ལ་མཐའི་འགོག་པར་མི་གཞག་ཅེས་པའོ། །འདི་མན་ཆད་ཀྱི་གཞུང་རྣམས་ནི་མདོ་དང་འགྲེལ་བའི་འདོན་པ་ཐ་དད་པར་སྣང་བས་མདོའི་འགྱུར་བཏང་སྙོམས་སུ་བྱས་ཏེ་འགྲེལ་བར་འབྱུང་བ་ཉིད་རྣམ་པར་དབྱེའོ། །བཅོམ་ལྡན་འདས་ཆོས་འཇིག་པ་ནི་སྡུག་བསྔལ་འགོག་པ་མ་ལགས་སོ། །བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི་ཐོག་མ་མེད་པའི་དུས་ཅན་མ་བྱས་པ་མ་སྐྱེས་པ་མ་བྱུང་བ་ཟད་པ་མེད་པ་ཟད་པ་དང་བྲལ་བ་རྟག་པ་བརྟན་པ་ཞི་བ་མི་འཇིག་པ་རང་བཞིན་གྱིས་ཡོངས་སུ་དག་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་བ། རྣམ་པར་དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ་གསུངས་པ་བཞིན་ཏེ། ཐམས་ཅད་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་འགོག་པའི་བདེན་པ་རྣམ་པར་གཞག་པར་རྟོགས་པར་བྱའོ། །ཞེས་གསུངས་པ་ལ། ཆོས་འཇིག་པ་ནི་སྡུག་བསྔལ་འགོག་པ་མ་ལགས་སོ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་ཀུན་འབྱུང་བ་འཇིག་ཅིང་ཟད་པ་ནི་བྱེ་བྲག་ཏུ་སྨྲ་བས་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པའི་སོ་སོ་

(༢༥༧)བརྟགས་འགོག་ཅེས་བྱ་བ་དང་ཤེས་རབ་ཀྱི་སྟོབས་ཀྱིས་བཀག་པ་མ་ཡིན་ཀྱང་རྐྱེན་མ་ཚང་བས་མི་སྐྱེ་བའི་འགོག་པ་གཉིས་པོ་མིང་ཙམ་མ་ཡིན་པའི་རྫས་སུ་ཡོད་པར་འདོད་ལ། མདོ་སྡེ་པས་སྔར་བྱུང་གི་ཀུན་འབྱུང་རྒྱུན་ཆད་ཅིང་མེད་པའི་མེད་པར་དགག་པ་ལ་འདོད་པས་དེ་གཉི་ག་མཐར་ཐུག་གི་འགོག་པ་མ་ཡིན་ཏེ། གཉི་གས་སྐྱབས་ཀྱི་བྱ་བ་བྱེད་མི་ནུས་པའི་ཕྱིར་རོ། །འོ་ན་གང་ཡིན་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་དེས་སྡུག་བསྔལ་མཐའ་དག་སྐྱོབ་པས་སྐྱབས་ཡིན་ཞིང་། དེ་ཉིད་ལ་འགོག་པའི་བདེན་པའི་ཆོས་རྣམས་ཚང་བས་འགོག་པའི་བདེན་པ་ཡིན་ནོ། །བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི་སོ་སོར་བརྟགས་པའི་འགོག་པ་དང་མེད་པར་དགག་པ་གཉི་ག་མ་ཡིན་ཏེ། ཐོག་མ་མེད་པ་ནས་རྒྱུན་མ་ཆད་པའི་དུས་ཅན་ཡིན་པའི་ཕྱིར་རོ། །ཐོག་མ་མེད་པའི་དུས་ཅན་ཡིན་པས་བློ་བུར་གྱི་རྒྱུས་མ་བྱས་ཤིང་བློ་བུར་གྱི་འབྲས་བུར་མ་སྐྱེས་པ། དོན་དེ་ཉིད་ཀྱི་སྐྱེ་བའི་ངོ་བོར་མ་བྱུང་ཞིང་འགག་པའི་ངོ་བོས་ཟད་པ་མེད་པ། དེ་ཡང་ཟད་པ་ཉིད་བློ་བུར་བ་ཡིན་པས་གདོད་མ་ནས་བྲལ་བ་ཡིན་ནོ། །ཞེས་བྱ་བ་དག་གིས་ནི་ཀུན་འབྱུང་བའི་བདེན་པའི་རྒྱུ་ལ་སོགས་པའི་རྣམ་པ་བཞི་དང་། དེ་དག་གི་སྔར་བྱུང་ཟད་པ་རྣམས་གདོད་མ་ནས་འགགས་པར་བསྟན་ལ། རྟག་པ་ཞེས་སོགས་ཀྱིས་ནི་སྡུག་བསྔལ་གྱི་རྣམ་པས་མ་གོས་པར་བསྟན་ཏོ། །རྟག་པ་བརྟན་པ་ཞི་བ་མི་འཇིགས་པ་ཞེས་བྱ་བ་ནི་འོག་ནས། འཇིག་པ་རྣམ་བཞིར་ཤེས་བྱ་སྟེ། །བརྟན་སོགས་

(༢༥༨)དག་ལས་བཟློག་ཕྱིར་རོ། །མྱགས་དང་རྣམ་འགྱུར་ཆད་པ་དང་། །བསམ་མི་ཁྱབ་པར་འཕོ་བ་སྟེ། །དེ་མེད་ཕྱིར་ན་བརྟན་ཞི་དང་། །རྟག་དང་འཕོ་མེད་ཤེས་པར་བྱ། །ཞེས་བྱ་བ་དག་གིས་འཆད་པར་འགྱུར་རོ། །འགོག་པ་ཉིད་བྱང་ཆུབ་ཡིན་པའི་ཕྱིར་སེམས་ཅན་གྱི་དུས་ན་དྲི་མ་ཡོད་ཀྱང་བློ་བུར་བ་ཡིན་གྱི་རང་བཞིན་མ་ཡིན་པས་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་ལ། ལམ་གྱི་སྟོབས་ཀྱིས་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་ཏེ་བློ་བུར་གྱི་དྲི་མ་དང་ཡང་བྲལ་བས་བྱང་བ་ཡིན་ཞིང་། གྲངས་དང་མཐུ་བསམ་གྱིས་མི་ཁྱབ་པའི་སྟོབས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་གང་གི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་ཡང་བློ་བུར་མ་ཡིན་གྱི་རྣམ་པར་དབྱེར་མེད་པའི་ངོ་བོ་ཉིད་ཡིན་པའི་ཆུབ་པ་ཡིན་ནོ། །དེ་ལྟར་བློ་བུར་གྱི་དྲི་མས་དག་པ་ན་ཆོས་ཀྱི་སྐུ་ཞེས་བརྗོད་པ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ན་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱི་སྟེ། གརྦྷ་།།།ཞེས་བྱ་བ་ནང་ན་གནས་པའི་དོན་ཡིན་པས་མངལ་ན་བྱིས་པ་གནས་པ་ལ་གརྦྷི་།།།ཞེས་ཟེར་བ་ལྟ་བུ་ཡིན་ཞིང་། སྦུབས་ཀྱི་སྐད་དོད་ཀོ་ཥ་ཞེས་བྱ་བ་ཡང་སྦུབས་དང་མཛོད་དང་ཤུབས་རྣམས་ལ་འཇུག་གོ །བསྡུ་ན་འགོག་པ་ནི་འདིར་གཉིས་ཏེ། རང་བཞིན་གྱིས་འགོག་པ་དང་རྣམ་པར་བྱང་བའི་འགོག་པའོ། །ཞེས་གསུངས་པ་ཡིན་ནོ། །འགོག་པ་འདིའི་ཁྱད་པར་ཐམས་ཅད་རྒྱས་པར་བཤད་པ་ནི་རང་གཟོ་མ་ཡིན་གྱི་སྟོན་པའི་མདོ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་འགོག་པའི་བདེན་པ་རྣམ་པར་གཞག་པར་རྟོགས་པར་བྱའོ། །

(༢༥༩)ད་ནི་ལམ་གྱི་བདེན་པ་བཤད་པའི་ཕྱིར། སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང་སྒོམ་པའི་ལམ་ནི་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། དཀྱིལ་འཁོར་རྣམ་པར་དག་པར་ཆོས་མཐུན་པས་ནི་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གཟུགས་གསལ་བར་བྱེད་པ་དང་ཆོས་མཐུན་པས་ནི་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་སྣང་བར་བྱེད་པའི་ཕྱིར་རོ། །མུན་པའི་གཉེན་པོར་ཆོས་མཐུན་པས་ནི་དེ་ཁོ་ན་མཐོང་བའི་གེགས་ཀྱི་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་བའི་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ། འདི་དག་ཀྱང་ལམ་དུ་བརྗོད་པའི་རྒྱུ་མཚན། ངོ་བོ་ཉིད་གང་ཡིན་པ། དེའི་རྣམ་པ་གཏན་ལ་དབབ་པ་རྣམ་པ་གསུམ་དུ་འགྱུར་རོ། །དེ་ལས་ངོ་བོ་ཉིད་ནི་བྱང་ཆུབ་སེམས་དཔའི་མཐོང་སྒོམ་གྱི་ལམ་མོ། །ལམ་དུ་བརྗོད་པའི་རྒྱུ་མཚན་ནི་མཐོང་སྒོམ་གཉིས་པོ་དེ་སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་རྟོགས་པས་འཐོབ་པའི་རྒྱུ་ཡིན་པས་འདིས་ཚོལ་བའི་ཕྱིར་ལམ་མོ། །ངོ་བོ་ནི་བྱང་ཆུབ་སེམས་དཔའི་སས་བསྡུས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱ་ལ། དེ་ཡང་མཐོང་བ་དང་སྒོམ་པའི་ལམ་གྱི་དབྱེ་བས་རྣམ་པ་གཉིས་སུ་འགྱུར་རོ། །དེ་ནི་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པར་མཚན་ཉིད་ལྔས་གཏན་ལ་ཕབ་སྟེ། དེ་ལས་ཇི་སྐད་དུ།

(༢༦༠)དེ་ལ་མཚན་ཉིད་ཡོངས་སུ་ཤེས་པ་ནི་ཡིད་ལ་མི་བྱེད་པ་དང་། ཡང་དག་པར་འདས་པ་དང་། ཉེ་བར་ཞི་བ་དང་། ངོ་བོ་ཉིད་ཀྱི་དོན་དང་། མངོན་རྟགས་སུ་བྱེད་པ་སྟེ། རྣམ་པ་ལྔ་སྤངས་པའི་རང་གི་མཚན་ཉིད་ཀྱིས་སོ། །རེ་ཤིག་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་རྣམ་པར་རྟོག་པའི་ཡིད་ལ་མི་བྱེད་པས་ནི་རྣམ་པར་མི་རྟོག་པའི་རང་བཞིན་དུ་མི་རིགས་སོ། །གལ་ཏེ་རྣམ་རྟོག་ཡིད་ལ་མི་བྱེད་པས་རྣམ་པར་མི་རྟོག་པ་ཡིན་ན་ནི་དེ་ལས་བུ་ཆུང་དང་བྱིས་པ་ལ་སོགས་པའི་ཤེས་པ་ཡང་རྣམ་པར་མི་རྟོག་པར་འགྱུར་ཏེ། གང་གི་ཕྱིར་དེ་དག་ཀྱང་གནས་སྐབས་དེའི་ཚེ་རྣམ་པར་རྟོག་པར་མི་བྱེད་པས་སོ། །རྣམ་པར་རྟོག་པ་ལས་ཡང་དག་པར་འདས་པའི་རང་བཞིན་ཡིན་པར་རིགས་པ་མ་ཡིན་ཏེ། གལ་ཏེ་ཡང་དག་པར་འདས་པའི་རང་བཞིན་དེ་ཡིན་ན་ནི། དེ་ལས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ཡང་དེར་འགྱུར་ཏེ། རྟོག་དཔྱོད་མེད་པ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཉེ་བར་ཞི་བའི་རང་བཞིན་ཡང་ཡིན་པར་མི་རིགས་ཏེ། གལ་ཏེ་རྣམ་པར་རྟོག་པ་ཉེ་བར་ཞི་བས་རྣམ་པར་མི་རྟོག་པ་ཡིན་ན་ནི། དེས་ན་གཉིད་ལོག་པ་དང་སྨྱོས་པ་དང་བརྒྱལ་བ་རྣམས་ཀྱང་དེར་འགྱུར་ཏེ། གང་གི་ཕྱིར་དེ་དག་ཀྱང་གནས་སྐབས་དེའི་ཚེ་རྣམ་པར་རྟོག་པར་མི་བྱེད་པས་སོ། །འོན་ཏེ་ངོ་བོ་ཉིད་ཀྱི་དོན་ཁོ་ནས་རྣམ་པར་མི་རྟོག་པ་ཡིན་ན་ནི་གཟུགས་ལ་སོགས་པའི་ཡུལ་ཡང་རྣམ་པར་མི་རྟོག་པར་འགྱུར་ཏེ། གང་གི་ཕྱིར་དེ་དག་ཀྱང་གཡོ་བ་མེད་པའི་ཕྱིར་རྣམ་པར་རྟོག་པར་མི་བྱེད་

(༢༦༡)པས་སོ། །རྣམ་པར་མི་རྟོག་པ་ཉིད་མངོན་རྟགས་སུ་བྱེད་པ་ཡང་དེ་ཡིན་པར་མི་རིགས་སོ། །འདི་ལྟར་རྣམ་པར་མི་རྟོག་པ་ནི་རྣམ་པར་མི་རྟོག་པའོ་ཞེས་ཡིད་ལ་བྱེད་བཞིན་ཡིན་ན་ནི་ཤེས་པ་དེ་སྐྱེ་བ་མ་ཡིན་ཏེ། རྣམ་པར་མི་རྟོག་པར་བརྗོད་པའི་ཡིད་ལ་བྱེད་བཞིན་ན་ནི་ཤེས་པ་དེ་སྐྱེ་བ་མ་ཡིན་ཏེ། རྣམ་པར་མི་རྟོག་པར་བརྗོད་པའི་ཡིད་ལ་བྱེད་པ་ཡང་རྣམ་པར་རྟོག་པའི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་ནི་རྣམ་པ་འདི་ལྔའི་རང་བཞིན་མཚན་ཉིད་ལས་གྲོལ་བར་རིག་པར་བྱའོ། །ཞེས་གསུངས་པ་ལ། རྣམ་པར་མི་རྟོག་པ་ཞེས་བྱ་བའི་དགག་པའི་ཚིག་འདི་མེད་པ་དང་གཞན་པ་དང་གཉེན་པོ་གསུམ་ལས་མེད་པ་ལ་བྱ་ན་མེད་པ་ནི་ཤེས་པ་མ་ཡིན་པས་དེ་བཞིན་ཉིད་ལ་འཇུག་པ་མི་རུང་བའི་ཕྱིར་མི་འཐད་ལ། གཞན་པ་ལ་ཡང་རྣམ་པ་ལྔ་ལས་འབྲས་བུ་རྣམ་པར་རྟོག་པའི་ཤེས་པ་མི་བསྐྱེད་པ་ལ་བྱ་ན་བུ་ཆུང་གི་སྒོ་ལྔའི་ཤེས་པ་ཡང་དོར་ཐལ་བར་འགྱུར་ལ། རྣམ་རྟོག་གིས་མ་བསྐྱེད་པའི་ཤེས་པ་ལ་བྱ་ན་གཉིད་འཐུག་པོ་ལོག་པའི་ཤེས་པ་ཡང་དེར་འགྱུར་ཞིང་། རེ་ཤིག་པའི་གཉེན་པོས་རྣམ་རྟོག་ལས་འདས་ཤིང་བྲལ་བའི་ཤེས་པ་ལ་བྱ་ན་མུ་སྟེགས་བྱེད་དག་གི་རྒྱུད་ལ་ཡོད་པའི་བསམ་གཏན་གཉིས་པའི་སྙོམས་འཇུག་ཀྱང་དེར་འགྱུར་ལ། རྣམ་པར་རྟོག་པ་ལས་གཞན་པའི་དངོས་པོ་ལ་བྱ་ན་གཟུགས་ལ་སོགས་པ་ཡང་དེར་ཐལ་བར་འགྱུར་རོ། །འདྲ་བ་ཙམ་ལ་བྱ་ན་ཁོ་བོ་ནི་དེ་བཞིན་ཉིད་ལ་རྣམ་པར་རྟོག་པར་མི་བྱའོ་སྙམ་པ་ཡང་དེར་འགྱུར་ན། སྔ་མ་བཞི་ནི་དེ་བཞིན་ཉིད་ལ་འཇུག་

(༢༦༢)པའི་ཤེས་པ་མ་ཡིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་ཡིན་ལ། ཕྱི་མ་ནི་དེ་བཞིན་ཉིད་ལ་ཤེས་པའི་ཁ་ཕྱོགས་ཀྱང་རང་ཉིད་རྟོག་པ་ཡིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་ཡིན་ནོ་ཞེས་པ་སྟེ། འདིར་སྤྱད་པ་རྣམ་པ་ལྔ་ག་སྒྲ་དོན་ཅན་གྱི་རྟོག་པ་ལ་དཔྱད་པ་ཡིན་གྱི། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ལ་ནི་མ་ཡིན་ཏེ། བུ་ཆུང་གི་དབང་པོའི་ཤེས་པ་ཁམས་གསུམ་པ་ཡིན་པའི་ཕྱིར་རོ། །དོན་ནི་འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སྒྲ་དོན་ཅན་གྱི་རྟོག་པ་དང་བྲལ་བའི་མངོན་སུམ་ཞིག་ལ་བྱ་དགོས་པས་སྒྲ་དོན་ཅན་གྱི་རྟོག་པ་ལ་དཔྱད་པ་བྱས་པ་ཡིན་ལ། དེའི་མི་རྟོག་པ་ཞེས་བྱ་བའི་དགག་པ་ནི་གཉེན་པོ་སྟེ། མཚན་མར་འཛིན་པ་རྣམ་པ་བཞིའི་གཉེན་པོའོ། །མཚན་མར་འཛིན་པ་རྣམ་པ་བཞི་ནི་མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། དེ་བཞིན་ཉིད་དང་། རྟོགས་པའི་ཆོས་ཀྱི་མཚན་མ་སྟེ། མཚན་མ་བཞི་པོ་དེ་ལ་མངོན་པར་ཞེན་པ་ལ་ནི་རྣམ་པར་རྟོག་པ་ཞེས་བྱ་ལ། དེའི་གཉེན་པོ་ཡིན་པས་རྣམ་པར་མི་རྟོག་པའོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །དེ་ལྟར་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས་གསུངས་པ་ནི་རྣམ་པར་མི་རྟོག་པ་ལ་འཇུག་པའི་དོན་བཀོད་པ་ཡིན་ལ། མདོ་དེའི་དོན་ལ་འཇུག་པ་ན་ལུགས་གཉིས་སྣང་སྟེ། སློབ་དཔོན་ཀ་མ་ལ་ཤཱི་ལས་ནི་སྤང་བར་བྱ་བའི་རྣམ་པར་རྟོག་པ་དེ་རྣམས་སོ་སོར་རྟོག་པའི་ཤེས་རབ་ཁོ་ནས་སྤོང་བར་བཞེད་དོ། །མཻ་ཏྲི་བའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་བར་ནི་སོ་སོར་རྟོག་པས་སྤོང་བ་མ་

(༢༦༣)ཡིན་གྱི། སྤང་བྱ་དེ་དག་གི་ངོ་བོ་ཉིད་འོད་གསལ་དུ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཏིང་ངེ་འཛིན་གྱིས་སྤོང་བར་བཞེད་དོ། །འདིར་ནི་གཞུང་འདི་གང་གིས་རྙེད་པ་མཻ་ཏྲི་བའི་རྗེས་སུ་འབྲང་བར་རིགས་སོ། །མི་རྟོག་པ་དེའི་དབྱེ་བ་མཐོང་བ་དང་སྒོམ་པའི་ལམ་གཉིས་ཏེ། མཐོང་བའི་ལམ་ནི་སྔོན་མ་མཐོང་བའི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་དེ་སྐད་དུ་བརྗོད་པར་གྲགས་ན་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་བརྟེན་ནས་མོས་པས་སྤྱོད་པའི་གནས་སྐབས་ན་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཡོད་པས་ས་དང་པོར་ཆོས་ཉིད་མཐོང་བའི་ཤེས་པ་རང་རིག་པའི་མངོན་སུམ་དུ་སྐྱེས་པ་ཉིད་ལ་བྱའོ། །མཐོང་བ་དེའི་རྒྱུན་གོམས་པར་བྱེད་པ་ལ་མངོན་སུམ་མ་ཡིན་པའི་ཤེས་པ་ཡང་ཡོད་མོད་ཀྱི། འདིར་ལམ་གྱི་བདེན་པའི་མཚན་གཞིར་གཟུང་བ་ནི་མངོན་སུམ་ཁོ་ན་ལ་བྱའོ། །གསུམ་པ་རྣམ་པ་གཏན་ལ་དབབ་པ་ནི། ལམ་གྱི་བདེན་པའི་རྣམ་པ་ལ་ལམ། རིགས་པ། སྒྲུབ་པ། ངེས་པར་འབྱིན་པ་སྟེ་རྣམ་པ་བཞི་ཡོད་པ་ལས་ལམ་གྱི་རྣམ་པ་དང་པོ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པ་ནི་འགོག་པའི་བདེན་པའི་རྒྱུར་བཤད་པ་དེ་ཉིད་ཀྱིས་གོ་བར་བྱ་བ་ཡིན་ལ། མི་རིགས་པ་ཉོན་མོངས་ཀྱི་གཉེན་པོ་བྱེད་པས་རིགས་པ་ཡིན་པ་ནི་འདིར་གཉེན་པོའི་ཕྱོགས་སུ་བཤད་པ་ཉིད་ཀྱིས་བསྟན་ཏོ། །སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པས་སྒྲུབ་པ་ཡིན་པ་ནི་དག་པའི་ཁྱད་པར་བཤད་པ་ཉིད་ཀྱིས་སེམས་དེ་ཕྱིན་ཅི་མ་ལོག་པའི་རྣམ་པ་ཅན་དུ་གོ་བར་འགྱུར་བའི་ཕྱིར་རོ། །

(༢༦༤)ངེས་པར་འབྱིན་པ་ནི་ཤེས་བྱ་ཐམས་ཅད་སྣང་བར་བྱེད་པས་བོགས་དབྱུང་དུ་མེད་པའི་ཤེས་པའི་རྒྱུ་ཡིན་པར་གོ་བའི་ཕྱིར་ངེས་པར་འབྱིན་པའི་རྣམ་པ་བསྟན་པ་ཡིན་ནོ། །ཆོས་མཐུན་པ་རྣམ་པ་གསུམ་གྱིས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ་ཞེས་པ་ནི་སྤྱིར་བརྗོད་པ་ཡིན་ནོ། །ཆོས་མཐུན་དང་པོ་དཀྱིལ་འཁོར་རྣམ་པར་དག་པར་ཆོས་མཐུན་པས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། དཀྱིལ་འཁོར་རྣམ་པར་དག་པར་ཆོས་མཐུན་པའི་རྒྱུ་མཚན་ཡང་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །སྒོམ་ལམ་ཡིན་ནོ་ཅོག་ཉོན་མོངས་པའི་དྲི་མ་དང་མ་བྲལ་ཏེ། སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་རིམ་གྱིས་སྤོང་བའི་ཕྱིར་རོ་སྙམ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྒོམ་པའི་ལམ་ལ་ཉོན་མོངས་པ་རིམ་གྱིས་སྤོང་བ་ཡོད་ཀྱང་ཐེག་པ་ཆེན་པོའི་ས་དང་པོ་ཐོབ་པ་ན་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་མཐའ་དག་སྤངས་པར་ཡང་དང་ཡང་དུ་བརྗོད་པ་ཉིད་དྲན་པར་བྱ་སྟེ། འོན་ཀྱང་འདིར་སྒོམ་པས་སྤང་བར་བྱ་བ་ནི་འཕགས་པའི་བདེན་པ་གཉིས་པའི་ཁོངས་སུ་གཏོགས་པའི་མ་རིག་བག་ཆགས་ཀྱི་ས་ལ་སོགས་པ་ཡིན་པར་བལྟའོ། །གཟུགས་གསལ་བར་བྱེད་པ་དང་ཆོས་མཐུན་པས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། དེའི་རྒྱུ་མཚན་ཡང་ས་ནས་སར་ཤེས་བྱའི་རྣམ་པ་ཇེ་མང་དང་ཇེ་གསལ་དུ་འཕེལ་བ་ལ་བརྟེན་ནས་མཐར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་སྣང་བར་བྱེད་པའི་ཕྱིར་རོ། །འདིས་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་ཐོབ་པ་ན་ཡང་དེ་དག་གི་རྣམ་པའམ་གཟུགས་བརྙན་ཤར་

(༢༦༥)བ་ལས་མཁྱེན་ཞེས་བརྗོད་པར་བལྟའོ། །མུན་པའི་གཉེན་པོར་ཆོས་མཐུན་པས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། དེའི་རྒྱུ་མཚན་ཡང་དེ་ཁོ་ན་མཐོང་བ་ལ་བར་དུ་གཅོད་པའི་གེགས་ཀྱི་རྣམ་པ་བྱེ་བྲག་ཏུ་གྱུར་བ་ཐམས་ཅད་ཀྱི་གཏན་སྤོང་བའི་གཉེན་པོ་བྱེད་པའི་ཕྱིར་རོ། །ཉི་མས་མུན་པའི་གཉེན་པོ་བྱེད་ཅེས་བྱ་བ་ཡང་མུན་པ་སྐྱེས་ཟིན་པ་ཉི་མས་གནོད་པ་བྱས་ཏེ་སེལ་བ་ནི་མ་ཡིན་གྱི་རྟོག་གེ་འབར་བར། ཀུན་རྫོབ་ཏུ་ཡང་མར་མེས་ནི། །བུམ་པ་སྣང་དང་བཅས་པའམ། །དེ་ཡི་བློའམ་གཉེན་པོ་དག །སྐྱེད་པར་བྱེད་པ་ཉིད་ཡིན་ནོ། །ཞེས་གསུངས་པ་གཟུང་བར་བྱ་སྟེ། མར་མེས་མུན་པ་སེལ་བའི་དོན་མར་མེའི་སྣང་བ་དང་བཅས་པའི་བུམ་པ་ལ་ཡང་མུན་པ་སེལ་བ་ཞེས་བྱ། བུམ་པ་རྟོགས་པའི་བློ་ལ་ཡང་མུན་པ་སེལ་བ་ཞེས་བྱ། བུམ་པའི་རིགས་རྒྱུན་ལ་མུན་པ་སྐྱེ་བའི་རེ་ཤིག་གེགས་བྱས་ཏེ་སྐྱེ་བ་འགོག་པ་ལ་ཡང་མུན་པ་སེལ་བ་ཞེས་བྱ་བ་ཡིན་པའི་ཕྱིར། མུན་པ་སེལ་བ་ཞེས་བྱ་བའི་དགག་སྒྲ་ནི་མ་ཡིན་པར་དགག་པ་གསུམ་པོ་དེ་ལ་འཇུག་པར་ཤེས་པར་བྱ་བ་ཡིན་ལ། ཚུལ་དེ་ཉིད་ཀྱིས་ལམ་གྱི་བདེན་པའི་གཉེན་པོའི་ཕྱོགས་ཀྱང་ཤེས་པར་བྱ་བ་ཡིན་ཏེ། ཀུན་རྫོབ་ཏུ་ཡང་ལམ་བདེན་གྱིས། །ཡེ་ཤེས་རྣམ་པ་དང་བཅས་པའམ། །དེ་ཡི་བློའམ་གཉེན་པོ་དག །སྐྱེད་པར་བྱེད་པ་ཉིད་ཡིན་ནོ། །ཞེས་སྦྱར་རོ། །དོན་དེ་དག་ཉིད་རྒྱས་པར་བཤད་པའི་ཕྱིར། གེགས་ཀྱང་ཡང་དག་པ་མ་ཡིན་པའི་དངོས་པོའི་རྒྱུ་མཚན་གྱི་ཡུལ་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བ་ཅན་བག་ལ་ཉལ་

(༢༦༦)དང་ཀུན་ནས་ལྡང་བ་དང་ལྡན་པ་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྐྱེ་བའོ། །བག་ལ་ཉལ་ལས་ནི་ཡང་དག་པ་མ་ཡིན་པ་དེའི་རང་བཞིན་མ་ཡིན་པའི་དངོས་པོ་བྱིས་པ་རྣམས་ལ་འདོད་ཆགས་བསྐྱེད་པས་ན་སྡུག་པའི་རྣམ་པར་རམ། ཞེ་སྡང་བསྐྱེད་པས་ཆ་།།།ཁོང་ཁྲོ་བའི་རྣམ་པར་།།། གཏི་མུག་བསྐྱེད་པས་མ་རིག་པའི་རྣམ་པས་རྒྱུ་མཚན་དུ་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྒྱུ་མཚན་ཡང་དག་པ་མ་ཡིན་པ་དེ་ཡང་དམིགས་པར་བྱེད་པ་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སེམས་ཡོངས་སུ་ལེན་ཏོ། །སེམས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པར་གནས་པ་དེ་དག་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ལས་གང་ཡང་རུང་བའི་ཉོན་མོངས་པ་ཀུན་དུ་སྤྱོད་པར་འགྱུར་རོ། །དེ་དག་གཞི་དེ་ལས་ལུས་དང་ངག་དང་ཡིད་ཀྱིས་འདོད་ཆགས་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད། ཞེ་སྡང་ལས་སྐྱེས་པ་དང་གཏི་མུག་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །ལས་ལས་ཀྱང་ཡང་སྐྱེ་བ་རྗེས་སུ་འབྲེལ་བ་ཁོ་ནར་འགྱུར་རོ། །དེ་ལྟར་བྱིས་པ་བག་ལ་ཉལ་དང་ལྡན་པ་མཚན་མར་འཛིན་པ་ཅན་དམིགས་པ་ལ་སྤྱོད་པ་དེ་དག་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་འབྱུང་བ་ལས་ནི་ཉོན་མོངས་པ་ཀུན་འབྱུང་ངོ་། །ཉོན་མོངས་པ་ཀུན་འབྱུང་བ་ལས་ནི་ལས་ཀུན་འབྱུང་ངོ་། །ལས་ཀུན་འབྱུང་བ་ལས་ནི་སྐྱེ་བ་ཀུན་འབྱུང་བར་འགྱུར་རོ། །བྱིས་པ་རྣམས་ཀྱི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་རྣམ་པ་འདི་ཐམས་ཅད་ཀྱང་ཁམས་གཅིག་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པས་རབ་ཏུ་འཇུག་གོ །དེ་ཡང་ཇི་ལྟར་ཡོངས་སུ་བཙལ་

(༢༦༧)བ་ན་དེའི་རྒྱུ་མཚན་ནམ་དམིགས་པ་འགའ་ཡང་མི་མཐོང་བ་དེ་ལྟར་བལྟ་བར་བྱའོ། །གང་གི་ཚེ་རྒྱུ་མཚན་ནམ་དམིགས་པ་མ་མཐོང་བ་དེའི་ཚེ་ཡང་དག་པ་མཐོང་བ་ཡིན་ནོ། །དེ་ལྟར་ཆོས་དེ་དག་དེ་བཞིན་གཤེགས་པས་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །གང་ཞིག་དེ་ལྟར་མེད་པའི་རྒྱུ་མཚན་གྱི་དམིགས་པ་མ་མཐོང་བའི་ཕྱིར་དང་། ཡོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་དོན་དམ་པའི་བདེན་པ་མཐོང་བའི་ཕྱིར་དེ་གཉི་ག་བསལ་བ་མེད་པ་དང་གཞག་པ་མེད་པར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་པ་དེ་ནི་གང་ཞིག་སྐྱེས་པས་ཅིག་ཤེས་གཏན་བྲལ་བ་དང་། མེད་པར་རྟོགས་པར་འགྱུར་བ་དེ་ཁོ་ན་མཐོང་བའི་གེགས་ཀྱི་རྣམ་པ་འདི་མཐའ་དག་གི་གཉེན་པོར་རིག་པར་བྱའོ། །ཆོས་ཀྱི་སྐུ་འཐོབ་པའི་རྒྱུ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་མཐོང་བ་དང་སྒོམ་པའི་ལམ་དེ་ཡང་རྒྱས་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྗེས་སུ་འབྲངས་ཏེ་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །ཞེས་བྱ་བ་ལ། གེགས་ཀྱང་ཞེས་བྱ་བ་ནས། ཁམས་གཅིག་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པས་རབ་ཏུ་འཇུག་གོ །ཞེས་བྱ་བའི་བར་གྱིས་སྡུག་བསྔལ་དང་ཀུན་འབྱུང་གི་བདག་ཉིད་ཀྱི་འཁོར་བ་ཇི་ལྟར་འཇུག་པ་བསྟན་ཏོ། །དེ་ཡང་ཇི་ལྟར་ཡོངས་སུ་བཙལ་བ་ན་ཞེས་བྱ་བ་ནས། མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །ཞེས་བྱ་བའི་བར་གྱིས་ནི་འཁོར་བ་ལྡོག་པའི་རིམ་པ་བསྟན་ནོ། །སླར་ཡང་བཤད་དེ། གེགས་ཀྱང་

(༢༦༨)ཡང་དག་པ་མ་ཡིན་པའི་དངོས་པོའི་རྒྱུ་མཚན་གྱི་ཞེས་བྱ་བ་ནས། ལས་ཀྱང་མངོན་པར་འདུ་བྱེད་དོ། །ཞེས་བྱ་བའི་བར་གྱིས་ཀུན་འབྱུང་བའི་བདེན་པ་བསྟན་ཏོ། །ལས་ལས་ཀྱང་སྐྱེ་བ་རྗེས་སུ་འབྲེལ་བ་ཁོ་ནར་འགྱུར་རོ། །ཞེས་བྱ་བས་ནི་སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །དེ་ལྟར་བྱིས་པ་ཞེས་བྱ་བ་ནས། ཁམས་གཅིག་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པས་རབ་ཏུ་འཇུག་གོ །ཞེས་བྱ་བའི་བར་གྱིས་ནི་ཀུན་འབྱུང་དང་སྡུག་བསྔལ་གྱི་རིམ་པ་དེ་མདོར་བསྡུས་ནས་དེ་ཐམས་ཅད་མ་རིག་བག་ཆགས་ཀྱི་ས་ལས་བྱུང་བར་བསྟན་ཏོ། །གེགས་ཀྱང་ཞེས་བྱ་བ་ནི་གེགས་ཀྱི་གཉེན་པོ་མཐོང་བ་དང་སྒོམ་པའི་ལམ་དུ་བཤད་ཟིན་པས་ད་ནི་གེགས་ཀྱང་བཤད་པར་བྱ་སྟེ་ཞེས་པའོ། །གེགས་ནི་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དང་དེ་ལས་བྱུང་བའི་ཉོན་མོངས་པ་གསུམ་མོ། །དེ་ལ་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ནི་རྩ་བའི་དམིགས་པ་ཀུན་ལ་ཞེས་པས་བསྟན་ཏོ། །ཉོན་མོངས་པ་ནི་ཆགས་པ་དང་སྡང་དང་རབ་རིབ་ཅེས་བྱ་བས་བསྟན་ཏོ། །ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཅེས་བྱ་བ་ལ། སྨྲ་སྒོར། ཚུལ་གྱི་སྒྲ་ནི་བདེན་པ་དང་། །སྒོ་དང་རིགས་པ་དོན་དང་འདོད། །ལེགས་པ་དག་ལ་འཇུག་པ་ལས། །འདྲ་བར་སྦྱོར་བ་ཕྲད་དུ་འདོད། །ཅེས་བཤད་པ་ལྟར་ཚུལ་ནི་བདེན་པའམ་ཡང་དག་པ་ལ་བྱ་ལ། བས་ཏུ་ནི་དམིགས་པ་དང་དངོས་པོ་དང་གཞི་རྣམས་ལ་འཇུག་པ་ལས་འདིར་ནི་དམིགས་པའོ། །ཡུལ་ཞེས་པ་ནི་།།།ཚབ་དང་ནག་ཚོ་དང་རྒྱ་དཔེ་ལ་མི་སྣང་ངོ་། །འདིར་རྔོག་གི་འགྱུར་ལྟར་ན་ཉོན་མོངས་ལས་

(༢༦༩)ཉོན་མོངས་སྐྱེ་ཞེས་པ་ལྟར་གྱུར་ཅིང་། བག་ལ་ཉལ་ལས་ཀྱང་ཉོན་མོངས་སྐྱེ་བར་བསྒྱུར་ཏེ། འདིར་བཤད་པའི་བག་ལ་ཉལ་ནི་མཛོད་དུ་བཤད་པའི་ཕྲ་རྒྱས་ཤེས་བྱ་བ་ཉོན་མོངས་བསྐྱེད་པའི་ས་བོན་དུ་གནས་པ་དེ་ལ་མི་ཟེར་གྱི། གཟུགས་དང་གཟུགས་མེད་པ་སྒྲུབ་པར་བྱེད་པའི་ཉོན་མོངས་པ་ཉིད་ལ་བྱ་བར་འོག་ནས། ཀུན་ལྡང་དྲག་དང་ཞེས་བྱ་བའི་འགྲེལ་བར་བཤད་པ་དེ་ཡིན་ནོ། །དེ་བས་ན་གེགས་ཀྱང་ཡང་དག་པ་མ་ཡིན་པའི་དངོས་པོ་ལ་དམིགས་ཤིང་ཡིད་ལ་བྱེད་པའི་རྒྱུ་མཚན་སྔོན་དུ་སོང་བ་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བག་ལ་ཉལ་དང་ཀུན་ནས་ལྡང་བའི་ཚུལ་གྱིས་འབྱུང་ངོ་། །བག་ལ་ཉལ་དེ་རྣམས་ལ་ཡང་བྱིས་པ་རྣམས་ལ་དངོས་པོ་ཡང་དག་པ་མ་ཡིན་ཞིང་དེ་མེད་པ་མ་ཡིན་པ་རྣམས་སྡུག་པའི་རྣམ་པས་འདོད་ཆགས་བསྐྱེད་པའམ། ཕྱིར་འཚེ་བའི་རྣམ་པས་ཞེ་སྡང་བསྐྱེད་པའམ་ཡོད་པ་མ་ཡིན་པའི་རྣམ་པས་གཏི་མུག་བསྐྱེད་པས་ན་རྒྱུ་མཚན་དུ་འགྱུར་རོ། །ཞེས་བསྒྱུར་ཏེ། དེ་ལ་ཡང་དག་པ་མ་ཡིན་པའི་དངོས་པོར་དམིགས་པ་ཡིད་ལ་བྱེད་པ་ནི་ཉོན་མོངས་རྣམས་ཀྱི་རྒྱུའི་མཚན་ཉིད་དེ། དེ་སྔོན་དུ་སོང་བ་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཁམས་གོང་མའི་སྒྲུབ་བྱེད་བག་ལ་ཉལ་གྱི་ཚུལ་གྱིས་འབྱུང་བ་གསུམ་དང་འདོད་པའི་ཁམས་ཀྱི་སྒྲུབ་བྱེད་ཀུན་ནས་ལྡང་བ་དྲག་པོའི་ཚུལ་གྱིས་ཉོན་མོངས་པ་རྣམ་པ་དྲུག་འབྱུང་ངོ་། །བག་ལ་ཉལ་ནི་ཕྲ་རྒྱས་ཤེས་བྱ་བ་ཉོན་མོངས་པའི་ས་བོན་གྱི་ཆོས་མ་ཡིན་ནམ། འདིར་ཉོན་མོངས་ཉིད་དུ་ཇི་ལྟར་འགྱུར་སྙམ་ན། ས་

(༢༧༠)བོན་གྱི་ཆོས་སུ་གནས་པ་ལ་བག་ལ་ཉལ་དུ་བརྗོད་པ་བདེན་མོད་ཀྱི། འདིར་ཁམས་གོང་མའི་རྒྱུར་གྱུར་བའི་ཉོན་མོངས་ནི་འདོད་པའི་ཉོན་མོངས་པ་ལ་ལྟོས་ན་ཕྲ་བར་གནས་པས་བག་ལ་ཉལ་ཞེས་བརྗོད་ལ་དེ་དག་ལ་ཡང་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱི་རྣམ་པ་གསུམ་ལས་ཉོན་མོངས་པ་གསུམ་ངོ་བོར་གྱུར་བ་སྐྱེ་སྟེ། འདི་ལྟར་བྱིས་པ་ཕྱི་རོལ་བའི་བསམ་གཏན་པ་དག་དང་ཕྱིར་མི་འོང་བ་མན་ཆད་ཀྱི་ཉན་ཐོས་དང་རང་རྒྱལ་བ་སློབ་པ་ལ་ཡང་ཁམས་གོང་མའི་ཉོན་མོངས་སྐྱེ་སྟེ། ཁམས་གོང་མའི་སས་བསྡུས་པའི་དངོས་པོ་བཅོས་མིན་གྱི་ཡང་དག་པ་མ་ཡིན་ཡང་ཡང་དག་པ་ལྟ་བུར་ནི་སྣང་ལ། གཏན་ནས་མེད་པ་མ་ཡིན་པ་རྣམས་ཉིད་སྡུག་པའི་རྣམ་པར་སྣང་བས་འདོད་ཆགས་བསྐྱེད་པའམ། ཕྱིར་འཚེ་བའི་རྣམ་པས་ཞེ་སྡང་བསྐྱེད་པའམ། ཡོད་པ་མ་ཡིན་ཡང་ཡོད་པར་སྣང་བའི་རྣམ་པས་གཏི་མུག་བསྐྱེད་པས་ན་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ནི་ཉོན་མོངས་པ་སྐྱེ་བའི་རྒྱུ་མཚན་དུ་འགྱུར་རོ། །འདིར་སྡུག་པ་ཞེས་པའི་སྐད་དོད་ཤུ་བྷ་ཞེས་བྱ་བ་ནི་དགེ་བའམ་ལེགས་པ་ཡིན་པས་མཛེས་པ་སོགས་སུ་སྣང་བའོ། །རྔོག་།།།གིས་ཁོང་ཁྲོ་བ་ཞེས་བསྒྱུར་བའི་སྐད་དོད་པྲ་ཏི་གྷ་ན་ཞེས་པ་ཡོད་དེ། པྲ་ཏི་ནི་ཕྱི་ཕྱིར་ཞེས་པའི་དོན་ལ་འཇུག་ཅིང་། གྷ་ན་ནི་འཚེ་བའམ་གསོད་པའི་དོན་ལ་འཇུག་པས་ཕྱིར་འཚེ་བ་ཞེས་བྱས་པ་ཡིན་ནོ། །མ་རིག་པའི་སྐད་དོད་ཨ་བིརྱ་ཞེས་པ་ཡོད་པ་མ་ཡིན་པ་ལ་ཡང་འཇུག་པས་དང་། འཇམ་དཔལ་དོན་དུ་ཡོད་པར་མ་གྱུར་བས་དེའི་ཕྱིར་མ་རིག་པ་ཞེས་

(༢༧༡)བྱའོ། །ཞེས་བྱ་བའི་བཤད་དང་ལེགས་པར་མཐུན་པས་ཡོད་པ་མ་ཡིན་པ་ཞེས་བྱ་བ་ཡིན་ནོ། །དེ་དག་གིས་ནི་ཉོན་མོངས་པ་རྣམས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་འབྱུང་བར་བསྟན་ལ། ད་ནི་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱིས་བསྐྱེད་པའི་ཉོན་མོངས་ཀྱིས་ལས་སོག་པར་བསྟན་པའི་ཕྱིར། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ལས་ཉོན་མོངས་འབྱུང་བར་སླར་ཡང་བཟླས་ཏེ་བརྗོད་པ་ནི། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དང་ཉོན་མོངས་ལ་རྒྱུ་དང་འབྲས་བུའི་རིམ་པ་ཡོད་པར་མ་ཟད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྒྱུ་མཚན་ཡང་དག་པ་མ་ཡིན་པ་དེ་ཉིད་ལ་ཡང་རིམ་པ་གཉིས་ཡོད་དེ། དངོས་པོར་དམིགས་པར་བྱེད་པ་ན་ཚུལ་བཞིན་མ་ཡིན་པའི་རྟོག་པ་ཡིན་ལ། དེས་བསྒོས་པས་སེམས་ཡིད་ཀྱི་རྣམ་པར་ཤེས་པ་ལེན་ཞིང་གཟུང་བས་སེམས་བྱུང་རྟོག་པར་མ་ཟད་སེམས་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པར་གནས་པ་དེ་དག་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ལས་གང་ཡང་རུང་བའི་ཉོན་མོངས་པ་ཀུན་དུ་སྤྱོད་པར་འགྱུར་རོ། །དེ་དག་གིས་ཉོན་མོངས་པའི་ཀུན་དུ་འབྱུང་བ་བསྟན་ནས། ད་ནི་ལས་ཀྱི་ཀུན་འབྱུང་བ་སྟོན་ཏེ། ཉོན་མོངས་པ་དང་ལྡན་པའི་གང་ཟག་དེ་དག་སེམས་ཚུལ་བཞིན་མ་ཡིན་པ་དང་དེ་ལས་ཉོན་མོངས་པར་གྱུར་བའི་གཞིའམ་རྒྱུ་མཚན་དེ་ལས་ལུས་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་ལས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་

(༢༧༢)གཡེམ་པ་སྟེ་མི་དགེ་བའི་ལས་གསུམ་དང་། དེ་དག་སྤོང་བའི་དགེ་བའི་ལས་གསུམ་དང་། ལུང་དུ་མ་བསྟན་པ་གསུམ་དང་། ངག་ལས་སྐྱེས་པའི་ཉོན་མོངས་པ་གསུམ་གྱིས་བརྫུན་དང་ཕྲ་མ་དང་ཚིག་རྩུབ་དང་ཀྱལ་པ་བཞི་དང་དེ་དག་སྤོང་བ་བཞི་དང་ལུང་དུ་མ་བསྟན་པ་བཞི་དང་། ཡིད་ཀྱིས་ཉོན་མོངས་པ་གསུམ་གྱིས་བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་སྟེ་གསུམ་དང་དེ་དག་སྤོང་བ་གསུམ་དང་ལུང་དུ་མ་བསྟན་པ་གསུམ་སྐྱེ་བས་ན་ལས་བཅུ་ཕྲག་གསུམ་སྐྱེའོ། །མངོན་པར་འདུ་བྱེད་ཅེས་བྱ་བ་ལ་མངོན་པར་ནི་ལས་དེ་ལ་ཕྱོགས་པའི་འདུན་པའོ། །འདུ་བྱེད་ནི་རྩོལ་བའོ། །དེ་དག་གིས་ནི་ལས་ཀྱི་ཀུན་འབྱུང་བ་བཤད་ཟིན་ཏོ། །ལས་ལས་ཀྱང་སྐྱེ་བ་རྗེས་སུ་འབྲེལ་བ་ཁོ་ནར་འགྱུར་རོ། །ཞེས་བྱ་བས་ནི་སྡུག་བསྔལ་གྱི་བདེན་པ་བསྟན་ཏེ། མངོན་པ་ཀུན་ལས་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྐྱེ་འདི་སྡུག་བསྔལ། ཞེས་སྐྱེ་བས་མཚོན་ནས་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ཏེ། དེ་དག་ཀྱང་ལས་མེད་པར་མི་འབྱུང་གི །ལས་དང་རྗེས་སུ་འབྲེལ་བ་ཁོ་ན་ཡིན་ནོ། །དེ་ལྟར་བྱིས་པ་བག་ལ་ཉལ་དང་ལྡན་པ་མཚན་མར་འཛིན་པ་ཅན་དམིགས་པ་ལ་དཔྱོད་པ་དེ་དག་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་འབྱུང་བ་ལས་ནི་ཉོན་མོངས་པ་ཀུན་འབྱུང་ངོ་། །ཉོན་མོངས་པ་ཀུན་འབྱུང་བ་ལས་ནི་ལས་ཀུན་འབྱུང་ངོ་། །

(༢༧༣)ལས་ཀུན་འབྱུང་བ་ལས་ནི་སྐྱེ་བ་ཀུན་འབྱུང་བར་འགྱུར་རོ། །ཞེས་བྱ་བས་ནི་སྔར་བཤད་པ་དེ་དག་གི་འཇུག་བསྡུས་སོ། །བྱིས་པ་རྣམས་ཀྱི་ཞེས་བྱ་བས་ནི་སོ་སོའི་སྐྱེ་བོ་དང་ཉན་ཐོས་རང་སངས་རྒྱས་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་པ་རྣམས་ཀྱི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་རྣམ་པ་འདི་དག་ལས་ཁ་ཅིག་མ་རིག་པ་མེད་པར་ཡང་སྐྱེ་ལ། ཁ་ཅིག་མ་རིག་པ་དང་བཅས་ཏེ་སྐྱེ་བ་མ་ཡིན་གྱི། ཐམས་ཅད་ཀྱང་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་སྤྲོས་པ་མེད་ཅིང་སྐྱེ་བ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པའི་མ་རིག་པ་ལས་མཐའ་གཅིག་ཏུ་འབྱུང་བར་འགྱུར་རོ། །འདིར་མ་རིག་པ་ལ་ཡང་རྣམ་པ་བཞི་ཡོད་དེ། བག་ཆགས་ཀྱི་སའི་མ་རིག་པ་དང་། མཚན་མའི་ཆོས་རྣམས་ཀུན་དུ་སྣང་ཡང་ཞེན་པར་མ་བྱས་པའི་སྣང་བ་ཙམ་དང་། མཚན་མར་ཞེན་ཅིང་ལྟ་བ་དང་བཅས་པའི་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དང་། མ་རིག་ཉོན་མོངས་སྔོན་གནས་སྐབས། ཤེས་བཤད་པ་འདུ་བྱེད་ཀྱི་ཉེ་བའི་རྒྱུར་གྱུར་བའོ། །འདི་ཐམས་ཅད་ཀྱང་ཞེས་གསུངས་པས་རྩ་བ་དག་གི་ཡང་རྩ་བ་ཕྲ་བ་ནི་མ་རིག་བག་ཆགས་ཀྱི་ས་སྟེ། དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་སྤང་བར་བགྱི་བའི་ཆོས་གང་གའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད་གང་དག་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་ཞིང་སྤང་བར་བགྱི་བའི་ཆོས་དེ་དག་ཐམས་ཅད་ཀྱི་གཞི་དང་རྟེན་ནི་འདི་ལྟར་མ་རིག་པའི་གནས་ཀྱི་ས་ལགས་

(༢༧༤)སོ། །བཅོམ་ལྡན་འདས་དཔེར་ན་ས་བོན་གྱི་རྣམ་པ་གང་ཅི་ལགས་པ་དང་། རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་ས་ལ་བརྟེན་ཅིང་ས་ལ་གནས་ཏེ། སྐྱེ་ཞིང་འཕེལ་ལ་རྒྱས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ས་ཆེན་པོ་འདི་ཚིག་ཅིང་ཞིག་ལ་མི་གདའ་བར་གྱུར་ཏེ། མ་མཆིས་པར་གྱུར་ན་ནི་ས་བོན་གྱི་རྣམ་པ་གང་ཅི་ལགས་པ་དག་དང་རྩྭ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་དེ་དག་ཐམས་ཅད་ཀྱང་ཚིག་ཅིང་ཞིག་ལ་མི་གདའ་བར་འགྱུར་ཞིང་མ་མཆིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་སྤང་བར་བགྱི་བའི་ཆོས་གང་གའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བགྱི་བ་དེ་དག་ཐམས་ཅད་ཀྱང་མ་རིག་པའི་གནས་ཀྱི་ས་ལ་བརྟེན་ཅིང་མ་རིག་པའི་གནས་ཀྱི་ས་ལ་གནས་ཏེ། སྐྱེ་ཞིང་འཕེལ་ལ་རྒྱས་པར་འགྱུར་ལགས་སོ། །ཞེས་གསུངས་པའི་ཕྱིར་རོ། །འགྲེལ་བ་འདིར་མ་དག་པའི་གནས་སྐབས་ཀྱི་འཁོར་ལོ་ཇི་ལྟར་འབྱུང་བ་དང་ལྡོག་པ་ཙམ་ལས་གཞན་རྒྱས་པར་མ་གསུངས་ན་ཡང་། མ་དག་པ་དང་། དག་པའི་སྐབས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་བ་གང་ཡིན་པ་རྣམས་ཀྱང་འདིའི་རྗེས་སུ་གོ་བར་བྱ་བ་ཡིན་ཏེ། དེའི་དབང་དུ་མཛད་ནས་མ་རིག་བག་ཆགས་ཀྱི་ས་དང་དེ་ལ་བརྟེན་པའི་སྤང་བར་བྱ་བ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་སྤང་བར་བཤད་པ་ཡིན་ནོ། །དེ་ལྟར་འཁོར་བ་འཇུག་པ་དང་ལྡོག་པ་དག་རགས་པ་བཤད་ཟིན་མོད་ཀྱི་ཞིབ་པར་རྣམ་པར་དབྱེ་བར་བྱ་སྟེ། དེ་ཡང་སློབ་དཔོན་ཟླ་བ་གྲགས་པས། འདི་ན་རྣལ་འབྱོར་

(༢༧༥)བ་དེ་ཁོ་ན་ཉིད་ལ་འཇུག་པར་འདོད་ཅིང་། ཉོན་མོངས་པ་དང་སྐྱོན་མ་ལུས་པ་སྤོང་བར་འདོད་པ་ནི་འཁོར་བ་འདི་ཅིའི་རྩ་བ་ཅན་ཡིན་ཞེས་དེ་ལྟར་ཉེ་བར་རྟོག་པར་བྱེད་ལ། དེ་དེ་ལྟར་ཉེ་བར་རྟོག་པ་ན་འཁོར་བ་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཉིད་དུ་མཐོང་ཞིང་། ཞེས་འབྱུང་བ་འདི་ལ་སྤྱིར་རྣལ་འབྱོར་པ་ཐམས་ཅད་དང་། བྱེ་བྲག་ཏུ་བདག་པས་སེམས་ཅན་ཐམས་ཅད་གཅེས་།།།པར་མཐོང་ནས་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ལྡོག་པར་འདོད་པའི་རྩ་བ་ཕྲ་ཞིང་ཕྲ་བ་དག་ཀྱང་ཤེས་པར་བྱས་ནས་དེ་སྤངས་པའི་བྱང་ཆུབ་འཐོབ་པའི་ཕྱིར་འབད་པར་བྱ་དགོས་སོ། །དེ་ལ་སློབ་དཔོན་ཟླ་བས་འཇིག་ཚོགས་ལ་ལྟ་བ་རྩ་བ་ཉིད་དུ་ད་ལྟ་བཤད་ལ། སློབ་དཔོན་ཆོས་ཀྱི་གྲགས་པས་ཀྱང་། །གཏི་མུག་ཉེས་པའི་རྩ་བ་སྟེ། །དེ་ཡང་སེམས་ཅན་འཛིན་པ་ཡིན། །ཞེས་འཇིག་ཚོགས་ལ་ལྟ་བ་རྩ་བར་བཤད་ཅིང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ཤིང་རྩ་བ་ནས་བཅད་ན་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲ་མོ་ཐམས་ཅད་སྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ། །ཞེས་འཇིག་ཚོགས་ལ་ལྟ་བ་རྩ་བར་གསུངས་སོ། །རྩ་བའི་ཤེས་རབ་ལས། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །ཅེས་འདུ་བྱེད་རྩ་བར་གསུངས་སོ། །མཛོད་ལས་ནི། སྲིད་པའི་རྩ་བ་ཕྲ་རྒྱས་ཏེ། །ཞེས་པ་ལ་སོགས་པ་མང་དུ་འབྱུང་ན། རྩ་བ་ཤིན་དུ་ཕྲ་བ་དེ་གང་

(༢༧༦)ཡིན་ཞེ་ན། འདི་ནི་གཉིས་ཡིན་ཏེ་རྟེན་གཞིའི་རྩ་བ་དང་། ས་བོན་གྱི་རྩ་བའོ། །དེ་ཡང་བྲམ་ཟེ་ཞིག་གིས་བཅོམ་ལྡན་འདས་ལ། ཀྱེ་གཽ་ཏ་མ་ས་ཅི་ལ་བརྟེན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྲམ་ཟེ་ཆུ་ལའོ། །ཀྱེ་གཽ་ཏ་མ་ཆུ་ཅི་ལ་བརྟེན། བྲམ་ཟེ་རླུང་ལའོ། །ཀྱེ་གཽ་ཏ་མ་རླུང་ཅི་ལ་བརྟེན། བྲམ་ཟེ་ནམ་མཁའ་ལའོ། །ཀྱེ་གཽ་ཏ་མ་ནམ་མཁའ་ཅི་ལ་བརྟེན། བྲམ་ཟེ་ཁྱོད་ནི་ཤིན་དུ་འདའ་བར་བྱེད་དེ། ནམ་མཁའ་ལ་རྟེན་གྱིས་ཅི་ཞིག་བྱ་སྟེ། ནམ་མཁའ་ལ་ནི་རྟེན་མེད་པའོ། །ཞེས་འབྱུང་བ་ལྟར་ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་རྟེན་ནི་ནམ་མཁའ་ཡིན་ལ། ནང་གི་ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱི་རྟེན་ནི་མ་རིག་བག་ཆགས་ཀྱི་སའི་མིང་ཅན་previous hit ཀུནགཞིརྣམ་པར་ཤེས next hit་པའོ། །དེའི་རྟེན་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་ཡིན་ཞིང་། དེ་ཉིད་ནི་མྱ་ངན་ལས་འདས་པའི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་ཡང་རྟེན་ཡིན་ཏེ། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ལོ་ཏོག་གི་ས་དང་འདྲ་བར་གཞིའི་རྟེན་ཡིན་ནོ། །མ་རིག་བག་ཆགས་ཀྱི་ས་ནི་ལོ་ཏོག་གི་ས་བོན་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་རྟེན་ཡིན་ནོ། །རགས་པར་ནི་སྙིང་པོ་དེ་ཉིད་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ས་བོན་དང་རྟེན་ཡིན་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །

(༢༧༧)ས་བོན་གྱུར་བ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་པར་གྱུར་བ་ལས། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །ཞེས་གསུངས་པས་སྙིང་པོ་དེ་ཉིད་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱི་ས་བོན་དང་རྟེན་དུ་ཡང་བརྗོད་པར་བྱའོ། །འོ་ན་རྣམ་བྱང་གི་ཕྱོགས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ས་བོན་དུ་བརྗོད་ན། སྣོད་ཀྱི་འཇིག་རྟེན་དུ་ཡང་ནམ་མཁའ་ཉིད་འབྲས་ལ་སོགས་པའི་ས་བོན་དུ་འགྱུར་གྱི། སའི་འོག་ཏུ་བཙུད་པའི་འབྲུ་ཇི་ལྟར་ས་བོན་དུ་འགྱུར། འབྲས་ཀྱི་འབྲུ་དེ་ཉིད་ས་བོན་དུ་འགྱུར་ན་རྣམ་པར་བྱང་བའི་ཕྱོགས་ཀྱི་ས་བོན་ཡང་སྙིང་པོ་མ་ཡིན་པ་གཞན་ཞིག་བསམ་དགོས་སོ་ཞེ་ན། དྲི་བ་དེ་ནི་དཔྱོད་པ་དང་ལྡན་ཏེ། ཕྱི་རོལ་གྱི་འབྲུ་རྣམས་ལ་ཡང་ས་བོན་ཕྲ་བ་དང་རགས་པ་གཉིས་ཡོད་དོ། །དེ་ལ་ཕྲ་བ་ནི་བཞི་བརྒྱ་པར། ཇི་ལྟར་ས་བོན་མཐའ་མཐོང་ཞིང་། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པའི་འགྲེལ་བར། ཇི་ལྟར་དུས་ཡུན་རིང་པོ་ནས། ཞུགས་ཤིང་རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ་བརྒྱུད་པས་འཇུག་པའི་ས་བོན་གྱི་རྒྱུན་ཐོག་མ་དང་མི་ལྡན་པ། ཞེས་འབྱུང་བ་ལྟར་འབྲས་ཀྱི་འབྲུའི་རྒྱུན་འདི་ཡང་འཇིག་རྟེན་ཞིག་ནས་སྟོངས་པའི་ནམ་མཁའ་སླར་ཡང་འཇིག་རྟེན་ཆགས་སུ་རུང་བ་དེ་ལ་ཕྲ་བའི་ཚུལ་གྱིས་ཡོད་པར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་རྒྱུན་མི་འཆད་པ་ཉིད་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་བྱང་བས་ཕྱོགས་ཀྱི་ས་

(༢༧༨)བོན་ཕྲ་བ་ནི་སྙིང་པོ་ལ་གཞག་ལ། རགས་པའི་ས་བོན་ནི་ཕྲ་བ་དེ་ཉིད་འདུས་བྱས་ཀྱི་དགེ་བའི་རྩ་བར་གྱུར་པས་བྱས་པའི་རྒྱས་པའི་རིགས་ལ་འདོད་དོ། །འོ་ན་ཡང་སྙིང་པོ་ས་བོན་དུ་བརྗོད་ན་འབྲས་བུ་རྣམ་པར་འགྱུར་བ་ཅན་རྣམས་ཀྱི་ཉེ་བར་ལེན་པ་ཡིན་པས་རྣམ་པར་འགྱུར་བ་དང་བཅས་དགོས་ཏེ། ཉེར་ལེན་འགྱུར་བ་མེད་པར་ནི། །ཉེར་ལེན་ཅན་དག་འགྱུར་བར་ནི། །བྱེད་པར་མི་ནུས་དཔེར་འཇི་བ། །འགྱུར་བ་མེད་པར་བུམ་སོགས་བཞིན། །ཞེས་བཤད་པ་ཡིན་ནོ་ཞེ་ན། གསུངས་པ་དེ་ནི་འཇི་བ་དང་རྫ་བུམ་ལྟར་རགས་པའི་རྒྱུ་དང་འབྲས་བུ་ལ་འདོད་ཀྱི་ཕྲ་བ་ལ་ནི་མ་ཡིན་ཏེ། ཕྱི་རོལ་དུ་ཡང་རང་གི་ངང་གིས་འབྱུང་བའི་རྒྱུན་སྔ་ཕྱི་བཞིན་ནོ། །ནམ་མཁའ་ཤིན་དུ་འདུས་མ་བྱས་པ་ཡིན་ན་དེ་ལ་རྒྱུན་ཇི་ལྟར་ཡོད་ཅེ་ན། ནམ་མཁའི་སྒྲས་བརྗོད་པ་ཐམས་ཅད་ནི་ཤིན་དུ་འདུས་མ་བྱས་པ་མ་ཡིན་ཏེ། མིག་གིས་མཐོང་བའི་བར་གྱི་སྣང་བ་ལ་ཡང་ནམ་མཁའ་ཞེས་བརྗོད་ལ། གོ་སྐབས་ཙམ་གྱི་བདག་ཉིད་ཆོས་ཀྱི་སྐྱེ་མཆེད་པ་ལ་ཡང་ནམ་མཁའ་ཞེས་བརྗོད་དེ། འདིའི་དབང་དུ་བྱས་ནས་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་བར། གནས་ཡོངས་སུ་གྱུར་བ་ཡིན་ཡང་ཅི་ལྟར་རྣམ་པར་འགྱུར་བའི་ཆོས་ཅན་མ་ཡིན་པ་དེ་ལྟར་དཔེས་བསྒྲུབས་པས་གསུངས་པ་ནི་གནས་ཡོངས་སུ་གྱུར་བའི་དཔེ་ནི་ནམ་མཁའ་དང་གསེར་དང་ཆུ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའོ། །དཔེར་ན་ནམ་མཁའ་རང་བཞིན་གྱིས་དག་པ་ཁོ་ན་སྟེ། བློ་བུར་གྱི་ཞུག་སྣ་ལ་སོགས་པ་དང་འབྲེལ་བ་ལས་དེ་མ་རྟོགས་པར་ཟད་ལ། དེ་དག་བྲལ་བ་ལས་

(༢༧༩)ནི་དག་པ་ཡིན་ནམ། །མ་དག་པ་ནི་དག་པར་འགྱུར་བ་མ་ཡིན་ནོ། །ཞེས་བྱ་བས་དག་པ་ཉིད་སྐྱེ་བ་ནི་མ་ཡིན་གྱི། འོན་ཀྱང་མ་དམིགས་པའི་རྒྱུ་དང་བྲལ་བས་དམིགས་པར་ཟད་དོ། །རབ་ཏུ་དག་པར་དམིགས་པས་ནམ་མཁའ་རྣམ་པར་འགྱུར་བའི་ཆོས་ཅན་དུ་ཁས་བླང་བར་བྱ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་གསེར་བཟང་བ་ཉིད་དུ་གནས་པ་ཁོ་ན་སྟེ། བློ་བུར་གྱི་དྲི་མས་ཟིལ་གྱིས་མནན་པས་དེ་མ་དམིགས་པར་ཟད་ལ། དེ་དང་བྲལ་བ་ལས་ནི་དམིགས་པ་ཡིན་ནོ། །དམིགས་པས་སྐྱེས་པར་འགྱུར་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆུ་ནི་དང་བར་གནས་པ་ཁོ་ན་སྟེ། ཆུ་དེ་ལ་སའི་རྫས་དང་འབྲེལ་བས་དེ་ལ་དམིགས་པར་ཟད་ལ། སའི་རྫས་དང་བྲལ་བ་ལས་ནི་དམིགས་པ་ཡིན་ནོ། །དམིགས་པ་ལས་རྒྱུན་གྱིས་འཇུག་པའི་ཆུའི་རྫས་དེར་མ་བྱུང་བ་ལས་སྐྱེས་བ་ཡང་མ་ཡིན་ལ། དང་བ་ཉིད་དམིགས་པས་ཆུའི་རྫས་རྣམ་པར་འགྱུར་བའི་ཆོས་ཅན་དུ་ཁས་བླང་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་གནས་ཡོངས་སུ་གྱུར་བ་ལ་ཡང་རང་བཞིན་གྱིས་འོད་གསལ་བ་གང་ཡིན་པ་ད་སྔར་མེད་པ་མ་ཡིན་ཏེ། འོན་ཀྱང་བློ་བུར་གྱི་སྒྲིབ་པ་སྣང་བས་མི་སྣང་བར་ཟད་དེ། མ་དག་པ་དང་བཟང་བ་མ་ཡིན་པ་དང་། མ་དང་བ་ཉིད་བཞིན་ནོ། །དེ་དང་བྲལ་བ་ལས་ནི་སྣང་བ་ཡིན་ལ། གང་ལས་ཆོས་ཉིད་རྣམ་པར་འགྱུར་བ་སྣང་བ་ལས་མ་བྱུང་བ་ལས་སྐྱེས་པ་ཡང་མ་ཡིན་ནོ། །དེ་མེད་པས་ནི་ཆོས་ཉིད་དང་

(༢༨༠)དེས་རབ་ཏུ་ཕྱེ་བའི་གནས་ཡོངས་སུ་རྟག་པ་ཡིན་ནོ། །འདིར་གསེར་དང་ཆུའི་དཔེས་ནི་རྫས་ལ་མ་ལྟོས་པར་ཡོན་ཏན་ཙམ་ཆོས་མཐུན་པར་བསྟན་པ་ཡིན་ལ། ནམ་མཁའི་དཔེས་ནི་ཐམས་ཅད་བསྟན་པ་ཡིན་ནོ། །ཞེས་བྱ་བས་ནམ་མཁའ་ལ་རྒྱུན་གྱི་རྫས་གསུངས་པ་གང་ཡིན་པ་དེ་གོ་བར་གྱིས་ཤིག །འོན་ཏེ་སྙིང་པོའི་ཆོས་ཀྱི་ཁྱད་པར་ཅི་འདྲ་བ་ཞིག་ས་བོན་དུ་བརྗོད་ཅེ་ན། འདིར་སྙིང་པོའི་མདོ་དང་བསྟན་བཅོས་རྣམས་ལས་སེམས་ཅན་གྱི་སྙིང་པོ་ལ་སྟོབས་ལ་སོགས་པའི་ཡོན་ཏན་རང་བཞིན་གྱིས་ལྡན་པར་གསུངས་པ་དེ་ས་བོན་དུ་འདོད་དོ། །རང་བཞིན་གྱིས་ལྡན་པའི་དོན་ཡང་འགའ་ཞིག་ནི་འདི་ལ་དམིགས་ཤིང་བསྒོམས་པས་ཡོན་ཏན་འབྱུང་བའི་ཕྱིར་དམིགས་པའི་ཡོན་ཏན་དུ་འདོད་དོ། །འགའ་ཞིག་ནི་སྟོབས་ལ་སོགས་པའི་ལུས་ཚང་བར་ཡོད་ཅིང་དེ་ནི་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་ཀྱང་སྨྲ་བ་ཡིན་ནོ། ཁ་ཅིག་ནི་ལུས་དེ་རྫོགས་པར་ཡོད་མོད་ཀྱི་དེ་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་འདོད་དོ། ཁ་ཅིག་ནི་སེམས་ཀྱི་རྒྱུན་འདི་ལ་སྟོབས་ལ་སོགས་པ་སྐྱེར་རུང་བས་རུང་བ་ཙམ་དེ་ལ་ཡོན་ཏན་ཐམས་ཅད་ལྡན་ནོ་ཞེས་བརྗོད་དོ་ཞེས་ཟེར་རོ། ཁ་ཅིག་ནི་སེམས་ཅན་ཐམས་ཅད་སངས་རྒྱ་བར་རུང་བ་མ་ཡིན་ཏེ། སངས་རྒྱ་བའི་རྒྱུ་ཚོགས་མ་ཚང་བའི་ཕྱིར་རོ། །དེས་ན་རུང་བའི་དོན་ནི་ཚོགས་པ་ཚང་བ་ཁོ་ན་ལ་བྱའི་སྲིད་པ་ཙམ་ལ་མི་བྱའོ་ཞེས་ཟེར་རོ། །འཇིག་རྟེན་ལས་འདས་པའི་ལེའུ་ལས་མའི་མངལ་དུ་ཁུ་བ་དང་ཁྲག་འོ་མ་གདུ་བ་ལྟ་བུར་གྱུར་བ་དེ་ལ་དབང་པོ་དྲུག་མེད་པ་མ་ཡིན་ཏེ་ཕྲ་བའི་ཚུལ་དུ་ཡོད་དོ་ཞེས་

(༢༨༡)བརྗོད་པ་བཞིན་དུ་དང་། སྟོང་གསུམ་དར་ཡུག་གི་དཔེས་བསྟན་པའི་དོན་སེམས་ཅན་རྣམས་ལ་སྟོབས་ལ་སོགས་པའི་ལུས་ཚང་བ་མེད་ཀྱང་ཤིན་དུ་ཕྲ་མོར་ཡོད་དེ། ཤིང་གི་སྡོང་པོ་འདི་ནི་ཁམས་སྣ་ཚོགས་པ་ཡིན་ནོ་ཞེས་པའི་རིགས་པ་དང་། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱི་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་བྱ་བས་མིག་ལས་སྐྱེས་པའི་རྣམ་པར་ཤེས་པ་སྔོན་པོའི་ཡུལ་ཅན་དེས་སྔོན་པོའི་ཁྱད་པར་གྱི་ཆོས་མཐའ་དག་མ་ངེས་སུ་ཟིན་ཀྱང་མཐོང་བར་བཤད་ལ། མཐོང་བ་དེ་ནི་སྟོབས་བཅུའི་ལུས་ཚང་བ་མ་ཡིན་ཀྱང་སྟོབས་བཅུ་ཕྲ་མོ་ནི་ཡིན་ཏེ། བུད་མེད་ངན་མའི་ལྷོའི་ནུར་ནུར་པོ་ལ་ཡོད་པའི་འཁོར་ལོས་བསྒྱུར་བའི་དབང་པོ་དྲུག་བཞིན་ནོ་ཞེས་ནི་བདག་ཅག་འདོད་དོ། །དེ་ལྟ་བུའི་སྟོབས་ཕྲ་མོ་དེ་ས་གོང་ནས་གོང་དུ་འཕེལ་བས་ལུས་ཡོངས་སུ་རྫོགས་པའི་སྟོབས་བཅུར་འགྱུར་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །ཇི་ལྟར་ཟླ་བ་ཕྲ་མོ་ནི། །ཉིན་དང་ཉིན་ལ་འཕེལ་བར་མཐོང་། །དེ་བཞིན་ས་ལ་ཞུགས་རྣམས་ཀྱང་། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང་། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་བྱ་བ་དང་། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །

(༢༨༢)ཆོས་ཀྱི་དབྱིངས་ཀྱང་སྣང་མ་ཡིན། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པ་བུ་ག་གཏོད་གྱུར་བ། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་བ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་སྟོབས་ཕྲ་མོ་དེ་འཕེལ་ཞིང་རྒྱས་པར་འགྱུར་བར་གསུངས་པས་འགྱུར་བའི་ཆོས་ཅན་ཇི་ལྟར་མ་ཡིན་།།།འགྱུར་བའི་ཆོས་ཅན་ཡིན་ན་ནི་འགྱུར་བ་མེད་པའི་སྙིང་པོའི་ངོ་བོར་ཡང་ཇི་ལྟར་འགྱུར་ཞེ་ན། བློ་བུར་གྱི་དྲི་མ་དག་པ་དང་མ་དག་པའི་ཆས་ཕྲ་བ་དང་འཕེལ་བའི་ཁྱད་པར་ཡོད་ཀྱང་རང་བཞིན་འགྱུར་བའི་ཆོས་ཅན་དུ་མི་འགྱུར་ཏེ། ཁྱིམ་གྱི་ཕུགས་ཀྱི་ནམ་མཁའ་ཁྱིམ་རྡིབ་པས་ནམ་མཁའ་ཡངས་པར་འགྱུར་ཡང་དེ་ཙམ་གྱིས་ནམ་མཁའི་ངོ་བོ་ཉིད་འགྱུར་བའི་ཆོས་ཅན་དུ་མི་འགྱུར་བ་དེ་བཞིན་དུ་རིག་པར་བྱའོ། །དེ་བས་ན། དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་པའི་མཇུག་ཐོགས་ཉིད་དུ། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་རྟག་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐར་དྲི་མ་བྲལ། །ཞེས་བྱ་བ་འདི་ཁྱེད་ཀྱི་དོགས་པ་དེ་བཅད་པའི་དོན་དུ་གསུངས་པ་ཡིན་ནོ། །དེ་ལྟར་ན་འཁོར་བ་དང་མྱ་ངན་ལས་འདས་པ་དག་རྩ་བའི་རྒྱུ་གཅིག་ཉིད་ལས་རྐྱེན་གྱིས་ཐ་དད་དུ་བྱེ་བ་ཡིན་ལ། དེ་ལས་འཁོར་བ་ནི་འཁྲུལ་བའི་རང་བཞིན་མི་བརྟན་པ་ཡིན་པས་མཐར་ནི་མྱ་ངན་ལས་འདས་པར་མི་འགྱུར་བ་

(༢༨༣)མེད་དོ། །དེའི་དབང་དུ་མཛད་ནས་ས་ར་ཧས། ས་བོན་གཅིག་ལས་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །དེ་ཡང་དབྱེར་མེད་གང་སེམ་པ། །འཁོར་དང་མྱ་ངན་འདས་རྣམ་གྲོལ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྩ་བ་མཐར་ཐུག་པ་བཤད་ཟིན་ཏོ། །རྩ་བ་གཉིས་པ་ནི་previous hit ཀུནགཞིརྣམ་པར་ཤེས next hit་པ་སྟེ། དེ་ཡང་འཁོར་བ་གཅིག་པུའི་རྒྱུ་མ་ཡིན་གྱི་བརྒྱུད་པས་ནི་འཁོར་བ་ལྡོག་པའི་རྒྱུར་ཡང་འགྱུར་རོ། །དོན་འདི་ཉིད་ནི་ལང་ཀར་གཤེགས་པ་ལས། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འཇུག་པ་དང་ལྡོག་པ་བདག་ལ་བཤད་དུ་གསོལ། བདེ་བར་གཤེགས་པས་བདག་ལ་བཤད་དུ་གསོལ། བདག་མ་མཆིས་ན་གང་ཞིག་འཇུག་པའམ་ལྡོག་པར་འགྱུར་བ་བྱིས་པ་རྣམས་ནི་འཇུག་པ་དང་ལྡོག་པ་ལ་གནས་པས་སྡུག་བསྔལ་ཟད་པ་ཁོང་དུ་མ་ཆུད་པའི་ཕྱིར་མྱ་ངན་ལས་འདས་པ་རབ་ཏུ་མི་ཤེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །ལེགས་སོ་བཅོམ་ལྡན་འདས་ཤེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་

(༢༨༤)པའི་སྙིང་པོ་དགེ་བ་དང་མི་དགེ་བའི་རྒྱུར་གྱུར་བ་སྐྱེ་བ་དང་འགྲོ་བ་ཐམས་ཅད་བྱེད་པ་བདག་དང་བདག་གི་སྤངས་པ་ནི་གར་མཁན་བཞིན་དུ་འགྲོ་བ་ཉམས་པར་འཇུག་སྟེ། དེ་ཁོང་དུ་མ་ཆུད་པས་གསུམ་འདུས་པའི་རྐྱེན་གྱི་བྱ་བ་དང་ལྡན་པར་འཇུག་ན། རྒྱུ་ལ་མངོན་པར་ཆགས་ཤིང་ཞེན་པའི་མུ་སྟེགས་ཅན་རྣམས་ཀྱིས་ནི་ཁོང་དུ་མི་ཆུད་དོ། །ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་རྣམ་པ་མང་པོས་བསྒོས་པ། previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་བསྒྲགས་པ། མ་རིག་པའི་གནས་ཀྱི་ས་ལས་སྐྱེས་པའི་རྣམ་པར་ཤེས་པ་བདུན་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོའི་རླབས་བཞིན་དུ་རྟག་ཏུ་ལུས་རྒྱུན་མི་འཆད་པ་མི་རྟག་པའི་ཉེས་པ་དང་བྲལ་བ། བདག་ཏུ་སྨྲ་བ་ལས་རྣམ་པར་ལོག་པ། ཤིན་དུ་རང་བཞིན་གྱིས་ཡོངས་སུ་དག་པ་འཇུག་གོ །དེ་མ་ཡིན་པའི་རྣམ་པར་ཤེས་པ་སྐྱེས་ནས་འཇིག་པ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་བདུན་པོ་སྐད་ཅིག་པ་ཡིན་ཏེ། ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པའི་རྒྱུ་ལས་སྐྱེས་པ། དབྱིབས་ཀྱི་བྱད་།།།དང་བྱེ་བྲག་ལ་དམིགས་པ། མིང་དང་མཚན་མ་ལ་མངོན་པར་ཆགས་ཤིང་ཞེན་པ། རང་གི་སེམས་སྣང་བའི་གཟུགས་དང་། མཚན་ཉིད་དུ་ཁོང་དུ་མ་ཆུད་པ། བདེ་བ་དང་སྡུག་བསྔལ་མི་མྱོང་བས་ཐར་བའི་རྒྱུ་མ་ཡིན་པ། མིང་དང་མཚན་མ་དང་ཀུན་ནས་ལྡང་བའི་འདོད་ཆགས་ཀྱིས་བསྐྱེད་ཅིང་སྐྱེད་པར་བྱེད་པ། དེའི་རྒྱུ་ལ་དམིགས་པའོ། །ཟིན་པའི་དབང་པོ་ཞེས་བྱ་བ་དེ་དག་ཡོངས་སུ་ཟད་ཅིང་འགགས་ནས། དེ་མ་ཐག་ཏུ་མི་སྐྱེ་ཞིང་གཞན་དག་ཀྱང་མི་འཇུག་

(༢༨༥)པའི་ཕྱིར་རང་གི་བློའི་རྣམ་པར་རྟོག་པའི་བདེ་བ་དང་སྡུག་བསྔལ་མི་མྱོང་བ། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ། བསམ་གཏན་བཞི་དང་བདེན་པ་དང་རྣམ་པར་ཐར་བ་ལ་མཁས་པའི་རྣལ་འབྱོར་ཅན་རྣམས་ནི་རྣམ་པར་ཐར་བའི་བློར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ། previous hit ཀུནགཞིརྣམ་པར་ཤེས next hit་པ་རབ་ཏུ་མ་གྱུར་ན་འཇུག་པའི་རྣམ་པར་ཤེས་པ་བདུན་རྣམས་འགག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་རྣམས་དེའི་རྒྱུ་དང་དེ་ལ་དམིགས་པས་ཞུགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་ཅན་གྱི་རྣལ་འབྱོར་ལ་རྣལ་འབྱོར་བ་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཏེ། གང་གིས་གང་ཟག་ལ་བདག་མེད་པར་རྟོགས་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཡོངས་སུ་གཟུང་བས་དེ་བཞིན་གཤེགས་པའི་སྙིང་པོ་འཇུག་སྟེ། ཆོས་ལྔ་དང་རང་བཞིན་དང་ཆོས་ལ་བདག་མེད་པར་མཐོང་བས་སའི་རིམ་པ་མཚམས་སྦྱར་བ་གཞན་དུ་འཕོས་ན་ལྡོག་པར་འགྱུར་ཏེ། གཞན་མུ་སྟེགས་ཅན་གྱི་ལམ་ལ་ལྟ་བ་རྣམས་ཀྱིས་བསྐྱོད་མི་ནུས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ས་མི་གཡོ་བ་ལ་རབ་ཏུ་གནས་པ་ནི་ཏིང་ངེ་འཛིན་བདེན་པའི་སྒོའི་ལམ་བཅུ་རབ་ཏུ་འཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་གྱི་སངས་རྒྱས་རྣམས་ཀྱིས་ཡང་དག་པར་གཟུང་བ་དེའི་ཕྱིར་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་། རང་གི་སྨོན་ལམ་ལ་རྣམ་པར་ལྟ་བས་ཏིང་ངེ་འཛིན་གྱི་སྒོ་ཡང་དག་པའི་མཐའ་ལས་བཟློག་ནས། བདག་གི་

(༢༨༦)འཕགས་པ་སོ་སོ་རང་གིས་རིག་པས་ཤེས་པར་བྱ་བ་ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་རྣལ་འབྱོར་གྱི་ལམ་གྱིས་འཕགས་པའི་རིགས་ཀྱི་ལམ་བཅུ་དང་། ཡེ་ཤེས་དང་ཡིད་ཀྱི་ལུས་དང་ཏིང་ངེ་འཛིན་མངོན་པར་འདུ་བྱེད་པ་མེད་པ་རབ་ཏུ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཁྱད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་བསྒྲགས་པ་རྣམ་པར་སྦྱང་བར་བྱའོ། །བློ་གྲོས་ཆེན་པོ་གལ་ཏེ་previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་བསྒྲགས་པ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ལ་མེད་དུ་ཟིན་ན། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་བསྒྲགས་པ་མེད་པས་འཇུག་པའང་མེད་ལྡོག་པའང་མེད་པར་འགྱུར་ན། བློ་གྲོས་ཆེན་པོ་བྱིས་པ་དང་འཕགས་པ་རྣམས་ལ་འཇུག་པ་དང་ལྡོག་པ་ཡང་ཡོད་དེ། རྣལ་འབྱོར་ཅན་བརྩོན་པ་མི་འདོར་བ་རྣམས་བདག་གི་སོ་སོ་རང་གིས་རིག་པ། ཚེ་འདི་ལ་བདེ་བར་སྤྱོད་པས་གནས་སོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པའི་སྤྱོད་ཡུལ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་ཅན་རྣམ་པར་སྤྱོད་པའི་ལྟ་བ་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་དཀའོ། །རང་བཞིན་ཡོངས་སུ་དག་པ་ཡིན་མོད་ཀྱི་བློ་བུར་གྱི་ཉོན་མོངས་པས་ཉེ་བར་ཉོན་མོངས་པའི་ཕྱིར་དེ་རྣམས་ལ་མ་དག་པ་ལྟར་སྣང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ནི་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ལ་ནི་ལག་

(༢༨༧)མཐིལ་དུ་སྐྱུ་རུ་རའི་འབྲུ་བཞིན་དུ་མངོན་སུམ་གྱི་སྤྱོད་ཡུལ་དུ་འགྱུར་རོ། །བློ་གྲོས་ཆེན་པོ་དེ་ཉིད་ལྷ་མོ་དཔལ་གྱི་ཕྲེང་བའི་ཕྱིར་བསྟན་པ་བརྗོད་པ་དང་། བློ་རྣམ་པར་དག་ཅིང་ཞིབ་མོ་ཡངས་པ་མཁས་པའི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པར་བསྒྲགས་པ་རྣམ་པར་ཤེས་པ་བདུན་དང་བཅས་པ་འཇུག་པ་ལ་མངོན་པར་ཆགས་པའི་ཉན་ཐོས་རྣམས་ལ། ཆོས་བདག་མེད་པ་བསྟན་པའི་ཕྱིར་ལྷ་མོ་དཔལ་གྱི་ཕྲེང་བའི་ཆེད་དུ་དེ་བཞིན་གཤེགས་པའི་ཡུལ་བཤད་དེ། ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་བྱེད་གཞན་རྣམས་ཀྱི་རྟོག་པའི་ཡུལ་མ་ཡིན་ནོ། །གཞན་དུ་ན་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པའི་ཡུལ་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། ཁྱོད་ལྟ་བུ་ཞིབ་ཅིང་མཁས་པའི་མོས་པ་དང་བློས་རབ་ཏུ་འབྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ལ་རྟོན་པ་རྣམས་ཀྱི་ཡང་ཡུལ་ཏེ། བསྟན་པ་བརྗོད་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཆགས་པའི་མུ་སྟེགས་ཅན་གཞན་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཁྱོད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པ་ཡོངས་སུ་ཤེས་པར་བྱ་བ་འདི་ལ་བརྩོན་པར་བྱ་སྟེ། ཐོས་པ་ཙམ་གྱིས་ཆོག་པར་ནི་མི་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།

(༢༨༨)དེ་བཞིན་གཤེགས་པའི་སྙིང་པོ་ནི། །རྣམ་ཤེས་བདུན་དང་ལྡན་པར་ཡང་། །འཛིན་པ་གཉིས་ཀྱིས་རབ་འཇུག་སྟེ། །ཡོངས་སུ་ཤེས་པས་ལྡོག་པར་འགྱུར། །གཟུགས་བརྙན་བཞིན་དུ་སེམས་སྣང་སྟེ། །ཐོག་མ་མེད་ནས་ཡོངས་སུ་བསྒོས། །ཡང་དག་ཇི་བཞིན་རྣམ་ལྟས་ན། །དོན་དང་འདྲ་ཡང་དོན་མེད་དོ། །ཇི་ལྟར་བྱིས་པས་སོར་མོའི་རྩེར། །འཛིན་ཅིང་ཟླ་བ་མི་ལྟ་བ། །དེ་བཞིན་ཡི་གེར་འབྲེལ་བ་རྣམས། །ང་ཡི་ཡང་དག་ཉིད་མི་ཤེས། །སེམས་ནི་གར་མཁན་བཞིན་དུ་གནས། །ཡིད་ནི་བཞད་གད་པ་འདྲ་སྟེ། །ལྔ་དང་བཅས་པའི་རྣམ་པར་ཤེས། །སྣང་བ་ཚོན་དང་འདྲ་བར་རྟོགས། །ཤེས་བྱ་བ་ལ། དེ་ནས་བྱང་ཆུབ་སེམས་དཔའ་ཅེས་བྱ་བ་ལ་སོགས་པ་ནས་རབ་ཏུ་མི་ཤེས་སོ་ཞེས་བྱ་བའི་བར་གྱིས་ནི་དྲིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། སྣང་བ་ཚོན་དང་འདྲ་བར་རྟོགས་ཤེས་བྱ་བའི་བར་གྱིས་ལན་ཏེ་དེ་ཡང་། ཐོས་པ་ཙམ་གྱིས་ཆོག་པར་ནི་མི་བྱའོ་ཞེས་བྱ་བའི་བར་གྱིས་རྒྱས་པ་དང་། དེ་ལ་འདི་སྐད་ལ་སོགས་པས་ནི་དོན་བསྡུ་བའོ། །དེ་ལ་བཅོམ་ལྡན་འདས་ཀྱིས། བདག་དང་བདག་གི་ཆོས་གཉིས་ཡང་དག་མིན་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟོག་ཡེ་

(༢༨༩)ཞིང་འཆི། །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། ཤེས་བདག་མེད་པར་དག་ཏུ་རྟོག་པས་ཀུན་ནས་ཉོན་མོངས་པ་དང་བདག་མེད་པར་ལྟ་བས་རྣམ་པར་བྱང་བར་བཀའ་སྩལ་ཏེ། བདག་མེད་ན་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ཏེ་སུམ་བཅུ་རྩ་ལྔ་པོ་རྣམས་འཁོར་བར་འཇུག་པ་ལས་འོས་མེད་ལ། དེ་རྣམས་ལྡོག་པ་ལས་རྣམ་པར་བྱང་བར་གཞག་དགོས་ན། འཇུག་པ་དང་ལྡོག་པ་ཡང་བྱ་བ་ཡིན་པའི་ཕྱིར་འདི་ལ་བྱེད་པ་པོ་ཞིག་བརྟག་པར་བྱ་དགོས་ན་དེ་བཅོམ་ལྡན་འདས་ཀྱིས་གསུངས་ཤིག །བྱེད་པ་པོའི་བདག་ནི་མ་མཆིས་པར་བཀའ་སྩལ་ན། ད་བྱེད་པ་པོ་གང་ཞིག་འཇུག་པ་དང་ལྡོག་པའི་བྱ་བ་བྱེད་པར་འགྱུར་ན། དེ་གསུང་བར་འོས་ཏེ། བྱིས་པ་རྣམས་ནི་དེ་མ་ཤེས་པར་བདག་དེ་བྱེད་པ་པོ་ཡིན་སྙམ་ནས་འཇུག་པ་དང་ལྡོག་པ་ལ་གནས་ཤིང་ཆགས་པས་སྡུག་བསྔལ་ཟད་པའི་རྣམ་པར་བྱང་བ་ཁོང་དུ་མ་ཆུད་པའི་ཕྱིར་མྱ་ངན་ལས་འདས་པ་རབ་ཏུ་མི་ཤེས་སོ། །བློ་གྲོས་ཆེན་པོ་འཁོར་བར་འཇུག་ལྡོག་གི་བྱ་བ་མཐོང་ནས་དེའི་བྱེད་པ་པོ་འདྲི་བ་ནི་ཁྱོད་བདེན་ཏེ། བྱེད་པ་པོ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ལ། དེས་དགེ་བ་དང་མི་དགེ་བའི་ལས་བྱེད་པས་རྒྱུར་གྱུར་བ་ཡང་ཡིན་ལ། སྲིད་པར་སྐྱེ་བ་དང་འགྲོ་བ་རིགས་ལྔ་པོ་ཐམས་ཅད་བྱེད་པས་བྱེད་པ་པོ་ཡིན་ནོ། །བདག་དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོའི་མིང་གིས་བརྗོད་པ་མ་ཡིན་ནམ་སྙམ་ན། སྙིང་

(༢༩༠)པོ་འདི་ནི་བདག་དང་བདག་གི་སྤངས་པ་ཡིན་པས་བདག་གི་རྣམ་གྲངས་ནི་མ་ཡིན་ནོ། །འགྲོ་བ་ཐམས་ཅད་བྱེད་པ་ཡང་འགྲོ་བ་བཟང་པོ་ལྟ་ཅི་སྨོས་ཀྱི་འགྲོ་བ་ཉམ་ང་བ་ངན་སོང་དུ་ཡང་འཇུག་སྟེ། འཇུག་ན་ཆས་བསྒྱུར་བའི་གར་མཁན་བཞིན་དུ་འཇུག་གོ །ཆས་བསྒྱུར་བས་བསྒྲིབས་ཏེ་སྙིང་པོ་བདག་མེད་པ་དེ་ཁོང་དུ་མ་ཆུད་པའི་མ་རིག་པས་དང་། ཕ་དང་མ་དང་དྲི་ཟ་གསུམ་པོ་སྲེད་པས་ཚོགས་པ་གཅིག་ཏུ་འདུས་པའི་རྐྱེན་གྱི་བྱ་བ་དང་ལྡན་པར་བདག་མེད་བཞིན་དུ་འཇུག་པ་ཡིན་ནོ། འགྲོ་བ་རྣམས་ཀྱི་རྒྱུ་བདག་ཡིན་པར་མངོན་པར་ཆགས་ཤིང་ཞེན་པའི་མུ་སྟེགས་ཅན་རྣམས་ཀྱིས་ནི་ཁོང་དུ་མི་ཆུད་དོ། །བྱེད་པ་པོ་སྙིང་པོ་དེ་ཇི་ལྟ་བུ་ཞིག་ཅེ་ན། དེ་ནི་previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་བསྒྲགས་པ་དེ་ཡིན་ནོ། །རྒྱུ་མཚན་ཅིས་ཀུན་གཞི་ཞེས་བྱ་ཞེ་ན། སྤྲོས་པའི་གནས་ངན་ལེན་དང་སྣོད་དང་བཅུད་དུ་སྣང་བའི་བག་ཆགས་རྣམ་པ་མང་པོས་བསྒོས་པའི་གཞི་ཡིན་པས་ཀུན་གཞི་ཞེས་བྱའོ། །ནམ་གྱི་ཚེ་བསྒོས་ཤེ་ན་ཐོག་མ་མེད་པའི་དུས་ནས་སོ། །བྱེད་པ་པོ་དེ་གཅིག་པུའམ་གྲོགས་དང་བཅས་སྙམ་ན་རང་རང་ལས་སྔ་བའི་མ་རིག་པའི་གནས་ཀྱི་ས་ལས་སྐྱེས་པའི་རྣམ་པར་ཤེས་པ་བདུན་དང་ལྷན་ཅིག་ཏུ་འཇུག་པས་གྲོགས་དང་བཅས་པ་ཡིན་ནོ། །རྒྱ་མཚོ་ཆེན་པོའི་རླབས་རྒྱ་མཚོ་ལས་ཐ་དད་པ་ལྟ་བུར་འཇུག་ཀྱང་ཆུའི་རིགས་སུ་གཅིག་པ་བཞིན་དུ་ཀུན་གཞིའམ་བག་ཆགས་ཀྱི་ས་དང་རིགས་ཐ་མི་དད་པ་ཡིན་ནོ། །བྱེད་པ་པོ་ཀུན་གཞི་དེ་ནི་མི་རྟག་པ་ཡིན་ན། དེས་ལས་བྱས་པའི་ཕྱི་ནས་ཞིག་པས་བྱེད་པ་པོས་

(༢༩༡)འབྲས་བུ་མི་མྱོང་བར་ཐལ་བའི་མི་རྟག་པའི་ཉེས་པར་འགྱུར་རོ་སྙམ་ན། ཉེས་པ་དེ་དང་བྲལ་བ་ཡིན་ཏེ། ཀུན་གཞི་དེའི་ལུས་སམ་རང་བཞིན་རྟག་ཏུ་རྒྱུན་མི་འཆད་པ་ཡིན་ཞིང་། དེ་ལ་བརྟེན་ནས་རྒྱུན་གཅིག་པ་ཉིད་ཀྱིས་བྱེད་པ་པོ་དང་མྱོང་བ་པོ་གཅིག་པར་ཡང་འདོགས་ཏེ། རྒྱུན་གཅིག་ལ་ནི་བརྟེན་ནས་སུ། །བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན། །ཞེས་གསུངས་པ་ལྟར་རོ། །རྒྱུན་ཡང་སྐད་ཅིག་མའི་ཕྲེང་བར་སྨྲ་བས་རྟག་པའི་བདག་ཏུ་སྨྲ་བ་ལས་རྣམ་པར་ལོག་པ་མ་ཡིན་ནམ། བག་ཆགས་བསྒོ་བའི་གཞི་དེ་ནི་བག་ཆགས་ཀྱིས་བསྒོས་ཀྱང་བློ་བུར་བ་ཡིན་པ་ཉིད་ཀྱིས་ངོ་བོ་ལ་མ་རེག་སྟེ། རས་ཡུག་དཀར་པོ་ལྟར་ཤིན་དུ་རང་བཞིན་གྱིས་ཡོངས་སུ་དག་པར་འཇུག་པས། ཀུན་གཞི་རས་ཡུག་དཀར་པོ་འདྲ། །བག་ཆགས་རྣམས་ཀྱིས་མི་མཛེས་སོ། །ཞེས་སྟུག་པོར་གསུངས་པ་ཡིན་ལ། མདོར་ན་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་སུ་གྱུར་བ་དེ་ཉིད་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ལས་ལོགས་ཤིག་ན་ཅུང་ཟད་ཀྱང་མེད་དེ། གལ་ཏེ་ཡོད་ན་ནི་དེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་འགྱུར་རོ། །དེ་བས་ན་སྤྲོས་པ་མེད་ཅིང་མཚན་མ་མེད་པའི་ཆོས་ད་མ་རིག་པའི་རྣམ་པར་གནས་པ་དེ་འཕགས་པ་མ་ཡིན་པས་གསལ་པོར་རྟོགས་དཀའ་བ་ཉིད་ཀྱི་ཕྱིར་ཟབ་ཅིང་ཕྲ་བར་ཡང་གསུངས་ཏེ། འདི་ནི་དགོངས་པ་ངེས་འགྲེལ་ལས། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །ངས་

(༢༩༢)ནི་བྱིས་པ་རྣམས་ལ་དེ་མ་བསྟན། །ཞེས་གསུངས་པ་དེ་ཉིད་དོ། །previous hit ཀུནགཞི་དེ་མ་ཡིན་པའི་རྣམ་པར་ཤེས next hit་པ་ཉོན་མོངས་པ་ཅན་གྱི་ཡིད་དང་། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་དང་། སོགས་པས་དབང་པོའི་previous hit རྣམ་པར་ཤེས་པ་ལྔ་སྟེ། བདུན་པོ་ནི་ཀུནགཞི next hit་རྟག་ཏུ་རྒྱུན་མི་འཆད་པ་དེ་ལ་བཟློག་སྟེ་རྒྱུན་སྐྱེ་ཞིང་འཇིག་པ་ཡིན་ལ། སྐབས་སྐབས་སུ་ཆད་ཅིང་འཇུག་པས་སྐད་ཅིག་པ་ཞེས་བརྗོད་པ་ཡིན་ཏེ། ཀུན་གཞི་ནི་དེ་ལྟ་མ་ཡིན་པར་ཐོག་མ་མེད་པ་ནས་ཡེ་ཤེས་ཀྱིས་ལྡོག་པར་མ་བྱས་ཀྱི་བར་དུ་སྐབས་སུ་ཆད་ཅིང་ཆད་ཅིང་འཇུག་པ་མེད་དོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཉན་ཐོས་དང་རང་རྒྱལ་གྱི་མཐོང་ལམ་སྐྱེས་ནས་མི་སློབ་པའི་ལམ་མ་སྐྱེས་ཀྱི་བར་དེར་འཇིག་རྟེན་ལས་འདས་པའི་ལམ་གྱི་ཚེ་ཆད་ཅིང་འཇིག་རྟེན་པའི་སེམས་སྐྱེས་པའི་ཚེ་འཇུག་གོ །གཞན་ཚོགས་དྲུག་པོ་ནི་སེམས་མེད་པའི་གཉིད་དང་དྲག་ཏུ་བརྒྱལ་བ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པ་པའི་གནས་སྐབས་སུ་ཆད་ཅིང་སླར་ཡང་འཇུག་པར་འགྱུར་བ་ཡིན་ནོ། །ཉོན་མོངས་པའི་རྟེན་གྱི་ཀུན་གཞི་ནི་དགྲ་བཅོམ་པ་ཐོབ་པ་ཉིད་ན་ལྡོག་ཅིང་། དེའི་སྔ་རོལ་བར་སྐབས་སུ་འཆད་པ་ནི་ཡེ་མེད་དོ། །རྣམ་པར་རྟོག་པ་དང་བག་ཆགས་ཀྱི་རྟེན་གྱི་ཀུན་གཞི་ནི་དགྲ་བཅོམ་ཐོབ་ཀྱང་ཡོད་ཅིང་། དེ་ལས་རྣམ་པར་རྟོག་པའི་རྟེན་ནི་ས་བདུན་པའི་བར་དུ་ཡོད་ལ་བག་ཆགས་ཀྱི་རྟེན་ནི་ས་བཅུ་པའི་བར་དུ་ཡོད་དོ། །བདུན་པོ་དེ་ཐོག་མ་མེད་པ་ནས་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་ཏུ་རྟོག་པའི་རྒྱུ་ལས་སྐྱེས་པ་ཡིན་པས་ཇི་སྲིད་རྣམ་པར་རྟོག་པ་དང་སྒོ་ལྔའི་རྣམ་པར་ཤེས་

(༢༩༣)པ་ཡོད་པ་དེ་སྲིད་དུ་ཕྱིན་ཅི་ལོག་གི་ཀུན་དུ་རྟོག་པ་ཡོད་དོ། །དེ་ཡང་འཇུག་པའི་ཤེས་པ་དྲུག་ནི་དབྱིབས་ཀྱི་བྱེད་།།།དེ་ལུས་སུ་སྣང་བའི་རྣམ་པར་རིག་པ་ཡིན་ལ། གནས་ཀྱི་བྱེ་བྲག་སོ་སོ་ཡང་རྣམ་པར་རིག་པ་ཡིན་ཞིང་། ཉོན་མོངས་པ་ཅན་གྱི་ཡིད་ནི་ཀུན་གཞི་ལ་དམིགས་ནས་ངའོ་སྙམ་པ་ཡིན་པར་བཤད་དེ། previous hit ཀུནགཞི་ལ་གནས་པའི་བག་ཆགས་རྣམས་ཀྱང་ལུས་དང་། གནས་ཀྱི་རྣམ་པ་ཕྲ་མོར་ཡོད་པ་དེ་ལ་དམིགས་ཤེས next hit་པའོ། །དེ་དག་ལས་ཡིད་ཀྱི་རྣམ་པར་ཤེས་པ་རྟོག་པ་དང་བཅས་པ་ནི་རྟོག་པ་ལ་ཤར་བའི་མིང་གི་རྣམ་པ་དང་དོན་གྱི་མཚན་མའམ་རྣམ་པ་ལ་མིང་དང་དོན་ནོ་སྙམ་དུ་ཆགས་ཤིང་མངོན་པར་ཞེན་པ། ཚོགས་དྲུག་པོ་ལ་རང་དུས་སུ་གང་དང་གང་སྣང་བ་དེ་དག་རང་གི་སེམས་སྣང་བའི་རྣམ་པ་གཟུགས་ལྟ་བུར་གྱུར་བའི་མཚན་ཉིད་ཅན་དུ་གསལ་བར་ཁོང་དུ་མ་ཆུད་པ་ཡིན་ནོ། །ཀུན་གཞི་བརྟན་པོ་ཡིན་པས་དེའི་སྟེང་དུ་ལས་དགེ་བ་དང་མི་དགེ་བའི་བག་ཆགས་བཞག་པ་ལས་འབྲས་བུ་བདེ་སྡུག་གི་ཚོར་བ་མྱོང་ངོ་། །དེ་ལ་བདེ་སྡུག་གི་ཚོར་བ་ཚོགས་དྲུག་གི་previous hit རྣམ་པར་ཤེས་པས་མྱོང་བ་ཡིན་ཀྱང་ཚོགས་དྲུག་པོའི་བདག་པོ་ཀུནགཞི next hit་ཡིན་པས་ཀུན་གཞིས་མྱོང་ཞེས་བྱ་སྟེ། ལྕེས་བུ་རམ་གྱི་རོ་མྱོང་བ་ན་ལྕེ་དེ་སུའི་ཡིན་པའི་ལྷ་སྦྱིན་གྱིས་བྱང་བུ་རམ་མྱོང་ཞེས་བརྗོད་པ་ཡིན་ནོ། །དེ་བས་ན་ཚོགས་བདུན་ནི་བདེ་སྡུག་མྱོང་བའི་བྱེད་པ་པོ་མ་ཡིན་ནོ། །དེས་ན། སྡུག་བསྔལ་མེད་པར་ངེས་འབྱུང་མེད་དམ། ཅེས་སྡུག་བསྔལ་ལ་སྐྱོ་བ་ལས་ཐར་བ་ཐོབ་པར་འགྱུར་བ་ཡིན་

(༢༩༤)ན། ཀུན་གཞི་མེད་ན་ནི་སྡུག་བསྔལ་མེད་ལ། དེ་མེད་ན་སྐྱོ་བ་མེད་པས་ཐར་བ་ཐོབ་པར་འགྱུར་བ་མེད་དོ། །དེ་དག་གིས་ནི་ཀུན་གཞི་བྱེད་པ་པོ་དང་མྱོང་བ་པོར་གཞག་པའི་དོན་འཆད་པ་ཡིན་ནོ། །མིང་དང་མཚན་མ་དང་བག་ལ་ཉལ་ལས་ལངས་པའི་ཀུན་ནས་ལྡང་བའི་འདོད་ཆགས་ཀྱིས་གང་ལ་བག་ཆགས་བཞག་ཅིང་། བག་ཆགས་བཞག་པ་དེ་ལས་སླར་ཡང་མིང་དོན་ཅན་གྱི་རྟོག་པ་དང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེད་པར་བྱེད་པ་དེའི་རྒྱུ་ཀུན་གཞི་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་དམིགས་པའོ། །ད་ནི་ཀུན་གཞི་ཐར་བའི་རྒྱུར་ཇི་ལྟར་འགྱུར་བ་དེ་སྟོན་ཏེ། ཀུན་གཞི་མ་གྱུར་ན་གཞན་དུ་ཐར་བ་མེད་དོ། །བསམ་གཏན་པའི་དཔེ་ཁྱུད་ཀྱི་མདོ་ལས། དེ་ནས་དེ་གང་ཞིག་བདག་འདུ་བྱེད་ཐམས་ཅད་ལས་འབྱོལ་བར་འགྱུར་བ། འདུ་བྱེད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་ཀུན་དུ་འབར་བའོ་སྙམ་དུ་རྟོག་པར་བྱེད་དོ། །དེ་ལྟར་རྟོག་པ་དེ་ལ་སྐྱོ་བ་དང་ལྷན་ཅིག་ཏུ་གྱུར་བ་ཡིད་ལ་བྱེད་པ་མཚན་མ་མེད་པ་སྔོན་དུ་འགྲོ་བ་སྐྱེ་བར་འགྱུར་རོ། །དེ་འདི་སྙམ་དུ་ཆོས་འདི་དག་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ་སྙམ་དུ་སེམས་སོ། །དེ་འདི་སྙམ་དུ་སེམས་སོ། །དེ་འདི་སྙམ་དུ་གང་བདག་གིས་ཀུན་འབྱུང་བ་སྤང་བར་བྱའོ་སྙམ་དུ་སེམས་པར་འགྱུར་ཞིང་ཆོས་དག་གིས་ཉེན་པར་འགྱུར་ཆེས་ངོ་མཚར་བར་འགྱུར། མི་དགའ་བར་འགྱུར། སྨོད་པར་འགྱུར། སྐྲག་ཅིང་དངང་ལ་ཀུན་དུ་དངང་བར་འགྱུར་རོ། །དེ་འདི་སྙམ་དུ་གང་ཆོས་འདི་དག་གིས་ཉེན་པ་དེ་ནི་ཆོས་འདི་དག་མངོན་དུ་བྱས་པ་

(༢༩༥)ཡིན་ཞིང་འདི་ནི་ཀུན་སྤང་འབྱུང་བ་སྤང་བའོ་སྙམ་དུ་སེམས་པར་འགྱུར་རོ། །དེ་འདི་སྙམ་དུ་འགོག་པ་མངོན་དུ་བྱའོ་སྙམ་དུ་སེམས་ཏེ། དེ་གཉིས་སུ་བཏགས་ནས་འགོག་མངོན་དུ་ཤེས་པ་ཡིན་ནོ། །དེ་འདི་སྙམ་དུ་འགོག་པ་མངོན་དུ་བྱས་པ་དེ་ནི་འདི་ཡིན་ནོ་སྙམ་དུ་སེམས་སོ། །དེ་འདི་སྙམ་དུ་གང་བདག་གིས་ལམ་སྒོམ་མོ་སྙམ་དུ་སེམས་ཤིང་། དེ་གཅིག་པུ་།།།པར་སོང་ནས་ཆོས་དེ་དག་ཡིད་ལ་བྱེད་པ་ན་ཞི་གནས་འཐོབ་པར་འགྱུར་རོ། །སྐྱོ་བ་དང་ལྷན་ཅིག་ཡིད་ལ་གྱུར་བའི་ཡིད་ལ་བྱེད་པ་དེས་དེ་ལ་ཞི་གནས་སྐྱེ་བར་འགྱུར་རོ། །དེ་ཆོས་ཐམས་ཅད་ལ་སེམས་ཕྱིར་འབྱུང་བར་འགྱུར་ཏེ་ཕྱིར་འདྲེན་ཅིང་ཕྱིར་ལྡོག་པར་འགྱུར་རོ། །དེ་དག་གིས་ཉེན་པར་འགྱུར། ཆེས་ངོ་ཚ་བར་འགྱུར། མངོན་པར་མི་དགའ་བའི་སེམས་སྐྱེ་བར་འགྱུར་རོ། །།།འདི་སྙམ་དུ་བདག་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། ཡང་ཕྱིས་བྱ་བ་ཅི་ཡང་མེད་ཅིང་བདག་ནི་དགྲ་བཅོམ་པར་གྱུར་ཏོ་ཞེས་བྱ་བར་བདག་ཉིད་ཤེས་སོ། །དེ་འཆི་བའི་དུས་བྱེད་པའི་ཚེ་བདག་ཉིད་སྐྱེ་བར་མཐོང་བས་དེ་སངས་རྒྱས་ཀྱི་བྱང་ཆུབ་ལ་ཐེ་ཚོམ་དང་སོམ་ཉི་ཟ་བར་འགྱུར་རོ། །དེ་སོམ་ཉིར་ལྷུང་སྟེ་འཆི་བའི་དུས་བྱས་ནས་དམྱལ་བ་ཆེན་པོ་དག་ཏུ་ལྷུང་བར་འགྱུར་རོ། །ཞེས་གསུངས་ཏེ། འདི་འདྲ་བའི་གང་ཟག་ནི་ནང་པ་ནི་ཡིན་ཏེ། འཕགས་པའི་བདེན་པ་བཞི་ལ་སློབ་པར་འདོད་ཅིང་། འཕགས་པ་བདེན་པ་བཞིའི་གཏམ་ཡང་ཕྱི་རོལ་པ་ལ་མེད་པའི་ཕྱིར་རོ། །དེས་འདུ་བྱེད་ཀྱི་སྡུག་

(༢༩༦)བསྔལ་མ་ཤེས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་ལ་སྐྱོ་བ་བསྒོམས་པས་ཞི་གནས་ཀྱི་སེམས་མཚན་མ་མེད་པ་སྐྱེས། དེ་ལ་བརྟེན་ནས་འདུ་བྱེད་ལ་ཉེས་དམིགས་སུ་ལྟ་བའི་ལྷག་མཐོང་གིས་ཉོན་མོངས་པ་མངོན་དུ་རྒྱུ་ནོན། དེ་ལ་བརྟེན་ནས་དགྲ་བཅོམ་འཐོབ་པར་མངོན་པའི་ང་རྒྱལ་སྐྱེས། འཆི་བའི་ཚེ་སྐྱེ་བ་ལེན་པར་མཐོང་ནས་སངས་རྒྱས་དང་ཉན་ཐོས་དགྲ་བཅོམ་པ་ཡང་མི་སྲིད་པར་ལྟ་བའི་ལོག་ལྟ་སྐྱེས་པས་དམྱལ་བར་ལྷུང་བ་ཡོད་དོ་ཞེས་པ་སྟེ། འདི་ནི་གང་ཟག་ལ་བདག་མེད་པ་ཡང་མ་ཤེས་པ་ཡིན་པས་མང་པོས་བཀུར་བ་ལྟ་བུ་ནང་པའི་བདག་ཏུ་སྨྲ་བ་དག་གོ །དེ་ལྟ་བུར་བདེན་པའི་རྣམ་པ་བཅུ་དྲུག་ཤེས་པའི་བསམ་གཏན་ཐོབ་པས་ཉོན་མོངས་པ་ནོན་པ་ན་དེ་ཙམ་གྱིས་ཐར་བ་ཐོབ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཟིན་པའི་དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་ཟླ་བས་རིགས་པ་དྲུག་བཅུ་པའི་འགྲེལ་བར་གསུངས་པ་བདེན་པའི་རྣམ་པ་བཅུ་དྲུག་རྟོགས་པས་རྣམ་པར་ཆད་པའི་འཆི་འཕོ་སྤངས་ཀྱང་དེས་ཐར་བ་མཆོག་ཐོབ་པ་མ་ཡིན་ཏེ། ཆོས་ལ་བདག་མེད་པ་མ་ཤེས་པའི་ཕྱིར་རོ་ཞེས་བྱ་སྟེ། ཟིན་པའི་དབང་པོ་ནི་སེམས་ཀྱིས་ཟིན་པ་ནང་གི་ཉེ་བར་ལེན་པའི་དབང་པོའོ། །ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་མཇུག་ཏུ་དེ་དག་ཡོངས་སུ་ཟད་ཅིང་འགགས་པའི་དེ་མ་ཐག་ཏུ་ཟིན་པའི་དབང་པོ་ཕྱི་མ་མི་སྐྱེ་ཞིང་གཞན་ཉོན་མོངས་པ་དག་ཀྱང་མི་འཇུག་པའི་ཕྱིར་ཤེས་བྱའི་སྒྲིབ་པ་དང་བཅས་པ་རང་གི་བློའི་རྣམ་པར་རྟོག་པའི་འདུ་ཤེས་འགོག་ཅིང་བདེ་བ་དང་སྡུག་བསྔལ་

(༢༩༧)གྱི་ཚོར་བ་མི་མྱོང་བས་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་སྟེ། སྙོམས་འཇུག་དེ་ནི་རྣལ་འབྱོར་བ་དེའི་ཚོགས་བདུན་གྱི་སེམས་འགགས་ཟིན་པ་previous hit ཀུནགཞིརྣམ་པར་ཤེས next hit་པ་མ་འཕོས་པའི་བར་གྱི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཡིན་ལ། འགོག་པའི་སྙོམས་འཇུག་དེ་འགགས་མ་ཐག་ཏུ་རྣམ་པར་ཤེས་པ་འཕྱན་པར་བཟང་སྐྱོང་གི་མདོ་ལས་བཤད་དེ། དེ་ནི་ལྷག་མེད་ཀྱི་གནས་སྐབས་སོ། །དེ་ལྟ་བུའི་འཕགས་པ་དེ་ནི་ལྷག་བཅས་ལ་གནས་པའི་ཚེ་བསམ་གཏན་བཞི་དང་བདེན་པ་དང་རྣམ་པར་ཐར་བ་བརྒྱད་ལ་མཁས་པའི་རྣལ་འབྱོར་ཅན་རྣམས་ནི་རྣམ་པར་ཆད་པའི་སྐྱེ་བ་ཟད་པ་དེ་ཙམ་གྱིས་ཡོངས་སུ་རྫོགས་པའི་ཐར་བ་ཐོབ་པའི་བློར་འགྱུར་ཏེ། ཟག་པ་དང་བཅས་པའི་ལུས་དང་སེམས་ནི་རྒྱུན་འཆད་པར་ཤེས། དེ་ལས་གཞན་པའི་མ་རིག་བག་ཆགས་ཀྱི་ས་ལ་སོགས་པ་ནི་མི་ཤེས་པས་དེ་ཙམ་གྱིས་ཐུགས་ཚིམ་མོ་ཞེས་པའོ། །དེ་འདྲ་བའི་ཐར་བས་དགྲ་བཅོམ་པ་དག་བདག་ཉིད་བློ་ཚིམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་མ་ཚིམ་སྟེ། དེ་དག་གིས་ཐར་བ་མཆོག་ཉིད་མ་ཐོབ་པས་ཐོབ་པར་བྱ་བའི་ཕྱིར་འབད་པ་མཛད་དོ། །ཇི་ལྟར་མ་ཐོབ་ཅེ་ན། མ་རིག་བག་ཆགས་ཀྱི་ས་དང་ཡིད་ཀྱི་ལུས་ལ་སོགས་པ་ལས་མ་གྲོལ་བ་ལྟ་ཞོག་གི་འཁོར་བའི་སྡུག་བསྔལ་གྱི་ཕུང་པོ་ཡང་མ་འགགས་པའི་ཕྱིར་ཏེ། དེ་ཡང་རིགས་པ་དྲུག་བཅུ་པ་ལས། གལ་ཏེ་ཕུང་པོ་མ་འགགས་ན། །ཉོན་མོངས་ཟད་ཀྱང་འདས་མི་འགྱུར། །གང་ཚེ་ཕུང་

(༢༩༨)པོའང་འགག་འགྱུར་བ། །དེ་ཡི་ཚེ་ན་གྲོལ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་previous hit ཀུནགཞིརྣམ་པར་ཤེས next hit་པ་དེ་ལྷན་ཅིག་བྱེད་པའི་རྐྱེན་མ་ཚང་བས་ཉོན་མོངས་པ་བསྐྱེད་པར་མ་ནུས་པ་ན། དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་ཀུན་གཞི་ལོག་པར་བཤད་པ་ཡིན་གྱི། དེའི་ཚེ་ཀུན་གཞི་གནས་རབ་ཏུ་གྱུར་བ་ནི་མ་ཡིན་ཏེ། གལ་ཏེ་གནས་རབ་ཏུ་གྱུར་བ་ཡིན་ན་ནི་སྔར་ཉོན་མོངས་པའི་གནས་པོ་བྱེད་པ་ལས་གཞན་དུ་གྱུར་ཏེ་གཉེན་པོའི་ངོ་བོར་འགྱུར་དགོས་པ་ཞིག་ན་དགྲ་བཅོམ་པ་འདི་དག་གི་འཇུག་པའི་previous hit རྣམ་པར་ཤེས་པ་བདུན་པོ་ཀུནགཞི next hit་ཉིད་ལས་སྐྱེ་བའི་ཆོས་ཅན་རྣམས་འགག་པ་མེད་པའི་ཕྱིར་ཏེ། འཕྱུར་།།།བཞིན་པའི་དུ་བ་མ་ལོག་པས་མེ་མ་ལོག་པར་མཚོན་ནུས་པ་བཞིན་ནོ། །དེའི་ཁྱབ་པ་སྒྲུབ་པ་ནི་དེ་ཅིའི་ཕྱིར་ཞེ་ན། previous hit རྣམ་པར་ཤེས་པ་དྲུག་པོ་རྣམས་ཀུནགཞི next hit་དེའི་རྒྱུ་ཅན་ཡིན་པ་དང་ཉོན་མོངས་པ་ཅན་གྱི་ཡིད་ནི་དེ་ལ་དམིགས་པས་ཞུགས་པའི་ཕྱིར་ཞེས་བྱའོ། །གལ་ཏེ་ཀུན་གཞི་གནས་གྱུར་ན་དང་པོར་ཀུན་གཞི་དེ་མངོན་སུམ་གྱིས་ཤེས་ནས་དེའི་གཉེན་པོ་བསྟེན་པ་ཞིག་དགོས་པ་ཡིན་ན་ཀུན་གཞི་དེ་ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་ཅན་གྱི་རྣལ་འབྱོར་ལ་རྣལ་འབྱོར་དུ་བྱེད་པ་ཐམས་ཅད་ཀྱི་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་ཏེ། ཆོས་ལ་བདག་མེད་པའི་མཚན་ཉིད་ཅན་གྱི་བདེན་པ་མ་མཐོང་བའི་ཕྱིར་རོ། །དེ་ཡང་བཟང་སྐྱོང་གིས་ཞུས་པ་ལས། བཟང་སྐྱོང་བདེན་པ་མ་མཐོང་བས་ནི་རྣམ་པར་ཤེས་པའི་ཁམས་དེ་མི་ཤེས་སོ། །

(༢༩༩)ཞེས་གསུངས་པས་སོ། །དེ་དག་གིས་གང་ཟག་གི་བདག་མེད་པ་གཙོ་བོར་གྱུར་པའི་འཕགས་པའི་བདེན་པ་བཞི་མཐོང་བའི་ཕྱིར་བདེན་པ་མཐོང་བ་ཡིན་མོད་སྙམ་ན། གང་གིས་གང་ཟག་ལ་བདག་མེད་པར་རྟོགས་པ་ཡོད་ཀྱང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་སུ་ཡོངས་སུ་གཟུང་བས་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞིའི་རྣམ་ཤེས་དེ་མི་ལྡོག་པར་འཇུག་གོ །འོ་ན་ཅིས་ལྡོག་ཅེ་ན། ཆོས་ལྔ་དང་རང་བཞིན་གསུམ་དང་ཆོས་ལ་བདག་མེད་པ་མཐོང་བས་ལྡོག་གོ །དེ་ཡང་ཉན་ཐོས་ཀྱི་ས་བརྒྱད་པོའི་རིམ་པ་གཅིག་ནས་གཅིག་ཏུ་མཚམས་སྦྱར་བ་ལས་གཞན་ཐེག་པ་ཆེན་པོའི་སར་འཕོས་ན་ལྡོག་པར་འགྱུར་ཏེ། གཞན་སྒོམ་པས་སྤང་བར་བྱ་བ་རྣམས་སྤང་བའི་ཕྱིར་མུ་སྟེགས་བྱེད་ཀྱི་བསམ་གཏན་དང་གཟུགས་མེད་པའི་ལམ་ཟག་པ་དང་བཅས་པ་ལ་ལྟ་ཞིང་གནས་པ་རྣམས་ཀྱིས་རང་གི་གནས་ལས་ཐེག་ཆེན་དུ་བསྐྱོད་མི་ནུས་ལ། དེར་མ་བསྐྱོད་པར་ནི་ཀུན་གཞི་མི་ལྡོག་གོ །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ས་མི་གཡོ་བ་ལ་རབ་ཏུ་གནས་པ་ནི་ཏིང་ངེ་འཛིན་བདེན་པའི་སྒོའི་ལམ་བཅུ་རབ་ཏུ་འཐོབ་པར་འགྱུར་ཏེ། ས་བཅུ་པའི་ས་བརྒྱད་པ་ལས། ཡེ་ཤེས་ཀྱི་ལམ་ཚད་མེད་པ་དང་ལྡན་པ་དེ་ཆོས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་གོ །མ་སྐྱེས་པ་ཉིད་དང་། མཚན་ཉིད་མེད་པ་ཉིད་དང་། བྱུང་བ་མེད་པ་ཉིད་དང་། འཇིག་པ་མེད་པ་ཉིད་དང་། ཐུག་པ་མེད་པ་ཉིད་དང་། འཇུག་པ་

(༣༠༠)མེད་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཐོག་མ་དང་དབུས་དང་ཐ་མ་མཉམ་པ་ཉིད་དང་། དེ་བཞིན་ཉིད་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་རྟོགས་པར་བྱ་བ་ཉིད་ལས་བརྩམས་ནས་འཇུག་གོ །ཞེས་གསུངས་པ་དག་གོ །ཆོས་ཡང་དག་པར་སྡུད་པ་ལས་སངས་རྒྱས་བཅུ་གསུངས་པའི་ཏིང་ངེ་འཛིན་གྱི་སངས་རྒྱས་རྣམས་ཀྱིས་འགོག་པར་བྱིང་བ་ལས་ཡང་དག་པར་གཟུང་བ་དེའི་ཕྱིར་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་ལ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ན། འོན་ཀྱང་གང་ངེད་ཀྱི་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཁྱེད་ལ་མེད་ཀྱིས་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་བཙལ་བའི་ཕྱིར་བརྩོན་འགྲུས་རྩོམས་ཤིག །བཟོད་པའི་སྒོ་འདི་ཉིད་ཀྱང་མ་དོར་ཞིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་པར་ཐར་བ་ཐོབ་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ། རབ་ཏུ་མ་ཞི་བ། ཉོན་མོངས་པ་སྣ་ཚོགས་ཀུན་དུ་འབྱུང་བར་གྱུར་བ། རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་གཡེན་སྤྱོ་བ་འདི་དག་ལ་སོམས་ཤིག །ཡང་རིགས་ཀྱི་བུ་ཁྱོད་སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་དོན་ཐོབ་པར་བྱ་བ་དང་ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་དྲན་པར་གྱིས་ཤིག །ཅེས་བྱ་བ་ལ་སོགས་པ་གསུངས་པས། སྟོབས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་སྒྲུབ་པའི་ཕྱིར་དང་། རང་གི་སེམས་ཅན་གྱི་དོན་བྱ་བར་བརྩམས་པའི་སྨོན་ལམ་སྔར་བཏབ་པ་ལ་རྣམ་

(༣༠༡)པར་ལྟ་བས་ཏིང་ངེ་འཛིན་གྱི་སྒོ་ཡང་དག་པའི་མཐའ་མངོན་དུ་བྱེད་པ་ལ་ཉེ་བ་དེ་ལས་བཟློག་ནས་གནས་ཀྱང་བཟོད་པའི་སྒོ་འདི་ཉིད་བདག་གིས་འཕགས་པ་སོ་སོ་རང་གིས་རིག་པས་ཤེས་ཤིང་ཐོབ་པར་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་ཡིན་པ་རྣལ་འབྱོར་ཆེན་པོའི་ལམ་གྱིས་འཕགས་པའི་རིགས་ཀྱི་ལམ་བཅུ་འཐོབ་པར་འགྱུར་ཏེ། དེ་དག་ཀྱང་། ཀྱེ་རྒྱལ་བའི་སྲས་འདི་ལྟར་སྔན་ཆད་ནི་ལུས་གཅིག་གིས་མངོན་པར་སྒྲུབ་པས་སྤྱོད་པ་མངོན་པར་སྒྲུབ་པར་གྱུར་གྱི་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ལུས་རྣམ་པར་ཆེ་བ་ཚད་མེད་པ་དང་། སྒྲ་སྐད་མངོན་པར་སྒྲུབ་པ་ཚད་མེད་པ་དང་། ཡེ་ཤེས་མངོན་པར་སྒྲུབ་པ་ཚད་མེད་པ་དང་། སྐྱེ་བ་མངོན་པར་སྒྲུབ་པ་ཚད་མེད་པ་དང་། ཞིང་ཡོངས་སུ་དག་པར་བྱ་བ་ཚད་མེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཚད་མེད་པ་དང་། སངས་རྒྱས་ལ་མཆོད་པ་དང་། རིམ་གྲོ་བྱ་བ་ཚད་མེད་པ་དང་། ཆོས་ཀྱི་ཚུལ་ཁོང་དུ་ཆུད་པ་ཚད་མེད་པ་དང་། མངོན་པར་ཤེས་པ་མངོན་པར་སྒྲུབ་པའི་སྟོབས་བསྐྱེད་པ་ཚད་མེད་པ་དང་། འཁོར་གྱི་དཀྱིལ་འཁོར་རྣམ་པར་ཕྱེ་བ་ཚད་མེད་པས་བྱང་ཆུབ་སེམས་དཔའི་སྟོབས་ཡང་དག་པར་འགྲུབ་སྟེ། ཚད་མེད་པ་དང་ལྡན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་སྟོབས་མི་གཡོ་བའི་ཚུལ་གྱིས་ཡང་དག་པར་འགྲུབ་བོ། །ཞེས་གསུངས་པ་དག་སྟེ། དེ་དག་ལས་ཡེ་ཤེས་ཚད་མེད་པའི་སེམས་དང་། རྟེན་ཡིད་

(༣༠༢)ཀྱི་ལུས་ཚང་མེད་པ་དང་། ཆོས་ཀྱི་ཚུལ་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་ཚད་མེད་པ་དག་མངོན་པར་འདུ་བྱེད་པའི་རྩོལ་བ་མེད་པར་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ཡང་སའི་རིམ་པ་མཚམས་སྦྱར་བ་གཞན་དུ་འཕོས་ན་ཞེས་པས་ནི་ཀུན་གཞི་ལ་ཉོན་མོངས་པའི་གནས་གྱུར་དང་རྣམ་རྟོག་གི་གནས་གྱུར་དང་བག་ཆགས་ཀྱི་གནས་གྱུར་རྣམ་པ་གསུམ་ཡོད་པ་ལས་ཉོན་མོངས་པའི་གནས་གྱུར་བ་དང་པོར་འཐོབ་ཅེས་བསྟན་པ་ལ། མི་གཡོ་བ་ལ་རབ་ཏུ་གནས་ཤེས་པས་ནི་རྣམ་རྟོག་གི་གནས་གྱུར་བསྟན་ཞིང་། དེ་ལས་གོང་དུ་སངས་རྒྱས་ཀྱི་སར་བག་ཆགས་ཀྱི་གནས་གྱུར་བ་ནི་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ས་བརྒྱད་པའི་བར་དུ་ཀུན་གཞི་སྦྱངས་པས་ཡོན་ཏན་འཐོབ་པའི་ཚུལ་བཤད་པ་དེ་ལྟ་བས་ན་བློ་གྲོས་ཆེན་པོ་གོང་ནས་གོང་དུ་ཁྱད་པར་གྱི་མཐར་ཐུག་པར་འགྲོ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་བསྒྲགས་པའི་དྲི་མ་མ་ལུས་པ་རྣམ་པར་སྦྱང་བར་བྱའོ། །ངག་བསྡུ་ན་བློ་གྲོས་ཆེན་པོ་གལ་ཏེ་previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་བསྒྲགས་པ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ལ་མེད་དུ་ཟིན་ན། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་བསྒྲགས་པ་མེད་པར་ཁས་བླངས་པས་འཇུག་པའང་མེད་ལྡོག་པའང་མེད་པར་ཐལ་བར་འགྱུར་ན། འདོད་པར་ནི་མི་ནུས་ཏེ། བྱིས་པ་རྣམས་ལ་འཇུག་པ་དང་འཕགས་པ་རྣམས་ལ་ལྡོག་པ་ཡང་ཡོད་པས་སོ། །

(༣༠༣)འདིར་འཁོར་བར་འཇུག་པ་དང་ལྡོག་པ་ཡོད་པའི་ཕྱིར་previous hit ཀུནགཞིརྣམ་པར་ཤེས next hit་པ་ཡོད་པའི་ཕྱིར་previous hit ཀུནགཞིརྣམ་པར་ཤེས next hit་པ་ཡོད་པར་ངེས་ཤེས་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། རྒྱུ་དབྱེ་གང་གིས་བྱས་ཤེ་ན། །སྔར་གྱི་རྒྱུ་དབྱེ་ཉིད་ལས་སོ། །ཞེས་བྱ་བ་དང་། འཁོར་བའི་སྔོན་གྱི་མཐའ་འདོད་ན་སྔོན་གྱི་མཐའ་གང་ཡིན་པ་དེ་རྒྱུ་མེད་ལས་བྱུང་བར་ཐལ་བར་འགྱུར་བས་འཁོར་བའི་སྔོན་གྱི་མཐའ་ནི་མེད་དོ། །མཐའ་མེད་པའི་ཡུན་དེ་ཙམ་ཞིག་ཏུ་མནར་མེད་པ་ནས་སྲིད་པའི་རྩེ་མོའི་བར་དུ་འཁྱམས་ཀྱང་རྒྱུ་དང་འབྲས་བུའི་འབྲེལ་བ་གཏན་མི་འཆད་པའི་ཕྱིར་འདི་དག་ལ་རྟེན་བརྟན་པ་བ་ཞིག་ཡོད་པར་གྲུབ་པ་ཡིན་ནོ། །དེ་ཡང་ཞག་གཅིག་གི་དབང་དུ་བྱས་ནས་གཉིད་ཤིན་དུ་འཐུག་པོ་ལོག་པ་ན་ཚོགས་དྲུག་གི་རྣམ་པར་ཤེས་པ་ལྡོག་ཅིང་། ཡང་སད་པ་ན་ཡོད་པའི་ཕྱིར་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་དུས་ན་ཡང་མེད་ལ། འོན་པ་དང་ལོང་བ་ལ་མིག་དང་རྣ་བའི་རྣམ་པར་ཤེས་པ་མེད་ཅིང་བྱེ་བར་གྱུར་ན་ཡང་ཡོད་པ་དང་གཟུགས་ཀྱི་ཁམས་ན་སྣ་དང་ལྕེའི་རྣམ་པར་ཤེས་པ་མེད་ཅིང་། གཟུགས་མེད་པ་ན་ལུས་ཀྱི་ལུས་རྣམ་པར་ཤེས་པ་མེད་ལ། སླར་ཁམས་འོག་མར་སྐྱེས་པ་ན་ཡོད་པ་དང་། གྲོག་མ་ལ་མིག་མེད་ཅིང་སྦྲང་བུ་ལ་རྣ་བ་མེད་པ་ལ་སོགས་པའི་རིམ་པས་ཚོགས་དྲུག་པོ་ཤིན་དུ་མི་བརྟན་པ་ཡིན་ནོ། །སེམས་ཀྱིས་ཟིན་པའི་ལུས་དང་དབང་པོ་དང་། མ་ཟིན་པའི་སྣོད་ཀྱི་འཇིག་རྟེན་ཡང་བསྐལ་པ་འཇིག་པ་

(༣༠༤)ལ་སོགས་པའི་རིམ་པས་ཤིན་དུ་མི་བརྟན་པའི་ཕྱིར་རྒྱུན་མི་འཆད་པ་འདི་དག་གི་རྟེན་བརྟན་པ་བ་ཞིག་བཙལ་བར་བྱ་དགོས་ལ། དེ་མེད་པར་དགག་པའི་མཚན་ཉིད་ཅན་གྱི་ཆོས་ཀྱི་དབྱིངས་ལ་ཡང་རུང་བ་མ་ཡིན་ཏེ། རྟེན་གྱི་དོན་བྱེད་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན་རྟེན་བརྟན་པ་བ་ཞིག་ཡོད་ན་སེམས་ཀྱི་ཆོས་ལས་འོས་མེད་ལ། སེམས་ཀྱང་འཁྲུལ་བ་དང་བཅས་པ་གང་ཡིན་པ་དེ་དག་ནི་བློ་བུར་བ་ཡིན་པས་སྤང་དུ་རུང་ཞིང་ཆད་པ་སྲིད་པ་ཡིན་ནོ། །དེ་བས་ན་རང་གི་ངོ་བོ་མ་འཁྲུལ་བའི་སེམས་ཤིག་བརྟན་པའི་རྟེན་དུ་བརྟག་པར་བྱ་དགོས་སོ། །འོན་ཀྱང་མ་འཁྲུལ་བའི་སེམས་ནི་བྱིས་པ་རྣམས་ལ་རང་དབང་དུ་གཟུང་དུ་མེད་དེ། གལ་ཏེ་ཡོད་ན་སངས་རྒྱས་ཟིན་པས་འབད་པ་མེད་པར་གྲོལ་བར་ཐལ་བའི་ཕྱིར་རོ། །དེ་ལྟ་བས་ན་རང་བཞིན་འཁྲུལ་བ་ནི་མེད་ལ། བློ་བུར་གྱི་དྲི་མ་ལས་ལོགས་ཤིག་ཏུ་གཟུང་དུ་མ་རུང་བའི་སེམས་ཀྱི་ཆོས་དྲི་མ་དང་བཅས་པ་ཤིན་དུ་ཕྲ་བ་དེ་ལ་previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་སྟོན་པས་མིང་དུ་མཛད་དེ། མིང་དེ་འདོད་དམ་མི་འདོད་ཀྱང་རུང་དོན་དེ་ལྟ་བུ་ཞིག་ནི་རིགས་པ་ཉན་བཟོད་པའི་མུ་སྟེགས་བྱེད་རྣམས་ཀྱིས་ཀྱང་ཁོང་དུ་ཆུད་པར་རུང་བ་ཡིན་ནོ། །ཚུལ་འདི་ལྟ་བུ་ནི་སློབ་དཔོན་ཟླ་བས་འཁོར་བ་འདི་ཅིའི་རྩ་བ་ཅན་ཡིན་ཞེས་སེམ་པར་གསུངས་པ་ལྟར་རྟོག་པ་དང་ལྡན་པས་དཔྱད་པར་དཀའ་ཡང་མི་དཔྱོད་དུ་མི་རུང་བའི་གནས་ཡིན་ནོ། །འོ་ན་དེ་འདྲ་བའི་སེམས་ཀྱི་ངང་ཚུལ་བརྟན་པོ་ཞིག་ཡོད་ན་དེ་ངོ་བོ་ཉིད་ཀྱིས་གྲུབ་པར་འགྱུར་རོ་ཞེ་ན། བརྟན་པས་ངོ་བོ་ཉིད་ཀྱིས་གྲུབ་པར་ནི་མ་ངེས་ཏེ། དེ་ལྟ་མ་

(༣༠༥)ན་འཇིག་རྟེན་ཆགས་ནས་མ་ཞིག་གི་བར་དུ་རི་རབ་བརྟན་པ་ཡིན་པས་གནས་བསྐལ་གཅིག་གི་རིང་ལ་རི་རབ་ངོ་བོ་ཉིད་དང་བཅས་པར་འགྱུར་རོ། །སངས་རྒྱས་པའི་མཁས་པ་རྣམས་ཀྱིས་ཀྱང་ལེགས་པར་དཔྱད་པ་ན་དེའི་མཐའ་རྣམ་ཤེས་ཙམ་དུ་མཐོང་སྟེ། དེ་ལ་ཡང་དབུ་མ་པ་རྣམས་ཀྱིས། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨ་བཞིན། །ཞེས་གསུངས་པ་ཡིན་ནོ། །མདོར་ན་རྟེན་བརྟན་པ་ཞིག་མེད་ན་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བ་རྒྱུན་མི་འཆད་པ་མི་འཐད་ལ། འཁོར་བ་མི་འཐད་ན་དེའི་གཉེན་པོ་མྱ་ངན་ལས་འདས་པ་ཡང་མི་འཐད་དོ་ཞེས་གསུངས་པར་འགྱུར་རོ། །རྟེན་བརྟན་པ་དེ་ཡང་previous hit ཀུནགཞིརྣམཤེས next hit་ནི་དྲི་མར་གྱུར་བ་ཡིན་པས་སངས་རྒྱས་པ་ན་ལྡོག་ལ། དེ་ལོག་ཀྱང་སངས་རྒྱས་ནས་ནམ་མཁའ་མ་ཞིག་གི་བར་དུ་སེམས་ཅན་གྱི་དོན་གྱི་བྱ་བ་མཛད་པ་ཡོད་པས་དེ་ལ་ཡང་རྟེན་བརྟན་པོ་ནི་མེད་དུ་མི་རུང་བས་དེ་བཞིན་གཤེགས་པའི་སྙིང་པོ་དངོས་ནི་རྩ་བ་ཡིན་ལ། previous hit ཀུནགཞིརྣམཤེས next hit་ནི་རྩ་བ་གཉིས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །འོ་ན་དེ་བཞིན་གཤེགས་པའི་སྙིང་པོ་རྟེན་དང་པོ་དེ་ཉིད་བརྟན་པས་ཆོག་མོད། རྟེན་གཉིས་པ་previous hit ཀུནགཞིརྣམཤེས next hit་ཞེས་བྱ་བ་འདི་ཆེད་དུ་བསྟན་ཅི་དགོས་སྙམ་ན། དེ་བཞིན་གཤེགས་པའི་སྙིང་པོ་དེ་ནི་རང་བཞིན་གྱིས་སྤྲོས་པས་སྟོང་བ་དང་སེམས་ཀྱི་ཆོས་སུ་གནས་པའི་ཆོས་གཉིས་ལྡན་ཡིན་ནོ། །

(༣༠༦)སྤྲོས་པས་སྟོང་བའི་ཆ་དེ་ནི་རིགས་པ་ལ་གཟོ་བ་རྣམས་ལ་རིགས་པའི་ཚོགས་རྣམས་ཀྱིས་བསྟན་ཞིང་གོ་བར་ཡང་སླའོ། །ཡུལ་ལ་འཇུག་པའི་སེམས་ཙམ་ཞིག་ནི་བ་ལང་རྣམས་ཀྱིས་ཀྱང་ཤེས་པས་དེ་ཡང་བསྟན་དཀའ་བ་མ་ཡིན་ནོ། །བུམ་པ་ལ་སོགས་པ་གཅིག་དང་དུ་མ་དང་བྲལ་བའི་རིགས་པས་ངོ་བོ་ཉིད་མེད་པར་བསྟན་དུ་རུང་ཡང་བུམ་པ་མཐོང་ཞིང་རྟོགས་པ་ཙམ་གྱིས་ངོ་བོ་ཉིད་མེད་པ་མཐོང་ཞིང་རྟོགས་པ་ཡང་མ་ཡིན་ནོ། །སྙིང་པོར་གྱུར་བའི་སེམས་ཀྱི་ཆོས་དེ་ནི་རང་གི་ཡུལ་ཅན་གྱི་དངོས་སུམ་ལ་སྣང་བ་ན་དེ་མཐོང་བས་སེམས་དེ་ཉིད་སྤྲོས་བྲལ་དུ་རྟོགས་པར་འགྱུར་བར་མ་ཟད། དེའི་མཐུ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར་རོ། །དེ་འདྲ་བའི་སེམས་དེ་དང་ཚུལ་ཤིན་དུ་མཐུན་པ་ནི་སེམས་ཅན་གྱི་སེམས་ཀྱི་ནང་ན་ཕྲ་བ་previous hit ཀུནགཞིརྣམཤེས next hit་ཉིད་ཡིན་པས་འདི་ལ་ཆོས་ཀྱི་དབྱིངས་ལ་དམིགས་པ་ཞེས་ཀྱང་བཤད་དོ། །previous hit ཀུནགཞིརྣམཤེས next hit་དེ་ཡང་། རྣམ་པར་རིག་པ་མི་རིག་པ། །ཞེས་གསུངས་པའི་ཚུལ་གྱིས་འཇིག་རྟེན་པའི་མཁས་པས་ཀྱང་མྱོང་བས་གཟུང་དུ་མེད་པས་དེའི་འདྲ་སྐུ་ཡང་དུས་གསུམ་གྱི་ཆ་དང་བྲལ་བའི་ཡིད་ཀྱི་རྣམ་པར་ཤེས་པ་རྟོག་པ་མེད་པ། འདི་འདྲའོ་ཞེས་བརྗོད་པར་དཀའ་བ་དེ་ནི་སྨྱོན་པ་མ་ཡིན་པ་རྣམས་ཀྱིས་མྱོང་དུ་རུང་ངོ་། །དེ་ཙམ་ཞིག་ལ་འདི་ནི་ཀུན་གཞིའོ་ཞེས་མན་ངག་རིག་པ་རྣམས་བརྗོད་པར་མཛད་པ་ཡིན་ཏེ། མུན་པའི་ཁྲོད་ན་གནས་པའི་རིན་པོ་ཆེ་སྲད་བུ་ལ་འཇུས་ཏེ་བླང་བར་བྱོས་ཤིག་ཅེས་བརྗོད་པ་ན་འདི་འདྲ་བའི་སྲད་བུ་ལ་ཅི་ཞིག་རི་ཞེས་དེར་།།།ཞིང་རྒྱབ་

(༣༠༧)ཀྱིས་ཕྱོགས་པའི་སྐྱེ་བོ་ཡང་མི་སྲིད་པ་མ་ཡིན་ནོ། །དེ་བས་ན་སྙིང་པོའི་སེམས་དེ་མཐོང་བ་ན་མཚན་མའི་ཆོས་ཅིར་ཡང་མི་མཐོང་བས། ཇི་སྲིད་བློ་ཡི་ཡུལ་དུ་འགྱུར་གྱི་བར་ཇི་ཙམ་ཟབ་པར་བཏགས་ཀྱང་གནས་ལུགས་མིན། ཞེས་ཞང་གིས་གསུངས་པ་ཡིན་ནོ། །སྙིང་པོ་འཁོར་འདས་ཀྱི་རྒྱུར་བཤད་པ་ནི་ཐོས་པའི་ཤེས་རབ་ཙམ་བསྐྱེད་པའི་ཆེད་དུ་མ་ཡིན་གྱི་སྙིང་པོ་དེ་སྒོམ་པའི་རྣལ་འབྱོར་ཅན་བརྩོན་པ་མི་འདོར་བ་རྣམས་བདག་གི་སོ་སོ་རང་གིས་རིག་པ་སྐྱེས་ནས་ཚེ་འདི་ལ་བདེ་བར་སྤྱོད་པས་གནས་ཀྱི། དུས་མ་ཡིན་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པ་སྤྱོད་ཡུལ་དུ་བྱེད་པའི་སོ་སོ་རང་རིག་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་མུ་སྟེགས་ཅན་རྟོག་གེས་རྣམ་པར་སྤྱོད་པའི་ལྟ་བ་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་དཀའོ། །དེ་ལྟར་ན་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་སྙིང་པོའི་ངོ་བོ་ཡིན་མོད་ཀྱི། བློ་བུར་གྱི་ཉོན་མོངས་པས་ཉེ་བར་ཉོན་མོངས་པས་བསྒྲིབས་པའི་ཕྱིར་སྙིང་པོ་དེ་མི་སྣང་བར་ཉན་རང་དང་མུ་སྟེགས་དེ་རྣམས་ལ་མ་དག་པ་བློ་བུར་གྱི་བློ་དང་མཐུན་པ་ལྟར་སྣང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དག་པ་དེ་མི་སྣང་བ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ལ་ནི་ལག་མཐིལ་ན་སྐྱུ་རུ་རའི་འབྲུ་བཞིན་དུ་མངོན་སུམ་གྱི་སྤྱོད་ཡུལ་དུ་འགྱུར་རོ། །དོན་ནི་རྣམ་འགྲེལ་དུ། གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །ཞེས་བཤད་པ་འདོན་པ་བསྒྱུར་ཏེ། གང་གི་རང་གི་ངོ་བོ་ཡིས། །

(༣༠༨)རང་གི་ངོ་བོ་སྒྲིབ་བྱེད་པ། །ཞེས་སྦྱར་ཏེ། སྙིང་པོ་རང་གི་ངོ་བོར་གྱུར་བའི་རྟོག་པས་རང་ཉིད་ཀྱི་གདོང་པ་བསྒྲིབས་ཏེ་གཞན་གྱི་གདོང་བ་ཡིན་པར་མཐོང་ཞེས་ཏེ། འདིར་བླ་མ་དག་རྒད་པོ་བླུན་པོས་རང་ཉིད་འཚོལ་དུ་ཕྱིན་པ་དཔེར་མཛད་དོ། །རང་ཉིད་གཞན་དུ་མཐོང་བ་དེའི་ཡང་དང་པོ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན་ཏེ། ཉོན་མོངས་ཅན་གྱི་ཡིད་ཀྱིས་ནི། །རང་གི་ངོ་བོ་གཟུགས་གཞན་མཐོང་། །ཞེས་གསུངས་པའི་ཕྱིར་རོ། །ཀུན་དགས་དམ་པ་ལ་འཁོར་བ་འདིའི་རྩ་བ་ཅི་ལགས་ཞུས་པས། གཟུང་འཛིན་གྱི་འཕྲང་ལ་ཐར་བའི་ལམ་སྣ་མ་དོད་ཅེས་གསུངས་སོ། །སྙིང་པོ་ཀུན་གཞིར་བསྒྲགས་པའི་དོན་དེ་ཉིད་ནི་མདོ་འདི་ཉིད་དུ་བརྗོད་པར་མ་ཟད་ཀྱི། ལྷ་མོ་དཔལ་གྱི་ཕྲེང་བའི་ཕྱིར་བསྟན་པ་བརྗོད་པ་དཔལ་ཕྲེང་སེང་གེའི་ང་རོའི་མདོ་དང་བློ་རྣམ་པར་དག་ཅིང་ཞིབ་མོ་ཡངས་པ་མཁས་པའི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་ཆེད་དུ་རྒྱན་སྟུག་པོ་བཀོད་པ་སོགས་སུ་དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམ་པར་ཤེས next hit་པར་བསྒྲགས་པ་རྣམ་པར་ཤེས་པ་བདུན་དང་བཅས་པ་འཇུག་པ་ལ། དེ་ཁོང་དུ་མ་ཆུད་པར་ཕུང་པོ་ལ་སོགས་པ་ལ་དངོས་པོར་མངོན་པར་ཆགས་པའི་ཉན་ཐོས་རྣམས་ལ་ཆོས་བདག་མེད་པ་བསྟན་པའི་ཕྱིར་ལྷ་མོ་དཔལ་གྱི་ཕྲེང་བའི་ཆེད་དུ་དེ་བཞིན་གཤེགས་པའི་ཡུལ་བཤད་དེ། ཉན་ཐོས་རྣམས་ཐེག་པ་ཆེན་པོར་གཞུག་ཏུ་རུང་བའི་ཚེ་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པར་ཡང་ཆོས་བདག་མེད་པར་བཤད་དེ། པདྨ་དཀར་པོའི་མདོར་འོད་སྲུང་ཆེན་པོས་སྔོན་རང་ཉིད་དགྲ་བཅོམ་པའི་སྐབས་ཀྱི་བསམ་པ་ཞུས་པ། བདག་ཉིད་མྱ་ངན་ལས་ཀྱང་འདའ་བར་རྟོགས་

(༣༠༩)ཡེ་ཤེས་འདི་ཙམ་ལས་ནི་གཞན་མི་འབྱུང་། །སངས་རྒྱས་རྣམས་ཀྱི་ཞིང་གི་བཀོད་ཐོས་ནས། །བདག་ཅག་ནམ་ཡང་དགའ་བར་མ་གྱུར་ཏོ། །ཆོས་འདི་ཐམས་ཅད་ཟད་མེད་ཞི་བ་སྟེ། །འགོག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ན་ཆོས་རྣམས་གང་ཡང་མ་མཆིས་ཤེས། །དེ་ལྟར་བསམས་ན་དད་པར་མ་གྱུར་ཏོ། །སངས་རྒྱས་ཡེ་ཤེས་བླ་ན་མེད་པ་ལ། །བདག་ཅག་ཡུན་རིང་དུས་ནས་མི་རེ་ཞིང་། །ཞེས་སྔར་དངོས་པོར་ཞེན་པ་ད་ཆོས་བདག་མེད་པ་ལ་འཇུག་པར་གསལ་ལོ། །ཉན་ཐོས་དང་ཞེས་བྱ་བ་ནས། ཐོས་པ་ཙམ་གྱིས་ཆོག་པར་མི་བྱའོ་ཞེས་བྱ་བའི་བར་ནི་ཀླགས་པ་ཉིད་ཀྱིས་ཁོང་དུ་ཆུད་པར་འགྱུར་རོ། །དོན་བསྡུ་བ་ནི་དེ་ལྟར་མང་དུ་བཤད་པ་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་དོན་བསྡུས་ཏེ་བརྗོད་ན་འདི་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་previous hit ཀུནགཞིརྣམཤེས next hit་ཞེས་བསྒྲགས་པ་ནི་འཁོར་བ་གཅིག་ནས་གཅིག་ཏུ་བརྒྱུད་པར་འཇུག་པའི་རྩ་བ་ཡིན་ཏེ། རྩ་བ་དེ་ལས་རྣམ་པར་ཤེས་པ་བདུན་དང་ལྡན་པར་རབ་ཏུ་འབྱུང་བས་འཇུག་པ་ཡིན་ནོ། །previous hit ཀུནགཞིརྣམ་པར་ཤེས next hit་པ་དེ་ཡང་ནམ་མཁའ་ལྟ་བུ་ཡིན་པས་གཡོ་བར་མི་འགྱུར་བ་འདྲ་མོད་ཀྱི། དང་པོར་ཉོན་མོངས་པ་ཅན་གྱི་ཡིད་ལ་ཡུལ་གཟུང་བར་སྣང་བ་དང་ཡུལ་ཅན་འཛིན་པར་སྣང་བའི་རླུང་གིས་བསྐྱོད་ནས་ཉོན་མོངས་པ་ཅན་གྱི་ཡིད་ལ་བདག་གི་རྣམ་པ་སྣང་ཞིང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཆོས་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་སྣང་ལ། མིག་ལ་སོགས་པའི་ཤེས་པ་ལྔ་ལ། ཡུལ་ལྔ་པོ་སོ་སོའི་རྣམ་

(༣༡༠)པར་སྣང་སྟེ། དེ་ལྟར་ན་ཀུན་གཞིའི་ལུས་དེ་བདག་དང་ཆོས་དང་ཡུལ་ལྔའི་རྣམ་པ་སྟེ། གོས་སྣ་བདུན་ནམ་ཚོན་སྣ་བདུན་གྱིས་ཁ་བསྒྱུར་ནས་རིགས་དྲུག་གི་གྲོང་ཁྱེར་དུ་གར་བྱེད་ཅིང་འཇུག་གོ་ཞེས་པ་སྟེ། བྱེད་པ་པོ་ཀུན་གཞི་དེས་བྱེད་པ་ཚོགས་བདུན་གྱི་ལག་ཆ་གཟུང་ནས་ལས་སྣ་ཚོགས་པ་བྱེད་དོ་ཞེས་བྱ་བ་ཡིན་ནོ། །ལྡོག་པའི་གཞི་ཡང་ཀུན་གཞི་དེ་ཉིད་དེ། འདི་དེ་ལྟར་གར་བྱེད་པ་ན་རྐྱེན་གང་ཡང་རུང་བས་སངས་རྒྱས་ཀྱི་མཚན་ཐོས་པར་འགྱུར་ཞིང་། ཐོས་པ་དེའི་བྱིན་རླབས་ཀྱིས་སངས་རྒྱས་ལ་དད་པར་འགྱུར་ལ། དད་པ་དེའི་རྐྱེན་གྱིས་དགེ་བའི་བཤེས་གཉེན་དང་ཕྲད་པར་འགྱུར་ལ། དེས་བསྟན་པའི་ཚུལ་བཞིན་ཡིད་ལ་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པས་གོམས་པ་ན་ཡིད་ཀྱིས་བདག་མེད་རྟོགས་པ་དེའི་ཐ་།།།ཉོན་མོངས་ཅན་གྱི་ཡིད་ལ་ཕོག་སྟེ། གཉིས་སུ་སྣང་བ་ལས་གྲོལ་བ་ན་དེའི་དབང་གིས་ཀུན་གཞི་ལ་རང་གི་ངོ་བོ་མ་ཤེས་པའི་འཐོམས་ལ་མ་རིག་པའི་བག་ཆགས་སུ་མཚན་གསོལ་བ་དེ་རིམ་གྱིས་དག་ཅིང་ཡོངས་སུ་ཤེས་པ་ལས་འཁོར་བ་ལྡོག་པར་འགྱུར་ཏེ། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཞེས་བྱ་བའི་སངས་རྒྱས་ཀྱི་ཡེ་ཤེས་སུ་གྱུར་ཏེ་བག་ཆགས་ཐོ་ཕྱིར་འོང་དུ་མི་སྟེར་བས་གཉེན་པོའི་ཕྱོགས་སུ་རེད་པ་ལ་གནས་གྱུར་བ་ཞེས་བྱའོ། །སེམས་ཅན་གྱི་དུས་ན་རང་དབང་དུ་བག་ཆགས་དང་བྱེ་ནས་གནས་པ་སྐད་ཅིག་གཅིག་ཀྱང་མེད་པས་དེ་སྟོན་པ་ན་བག་ཆགས་ཀྱི་གཡོགས་མ་སྲབ་མོས་གཡོགས་པ་ཙམ་གྱི་ཀུན་གཞི་དེ་ལས་སྙིང་པོ་འདྲ་བ་གཞན་སུ་ཡང་མེད་པའི་ཕྱིར་དེ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མིང་བཏགས་ནས་སྟོན་ཏེ་བླ་

(༣༡༡)དགས་སམ་བཏགས་མིང་ཡིན་ཞེས་བྱ་སྟེ། གཟུགས་ཅན་སྙིང་པོས་སྐུའི་གྲིབ་མ་ལས་དེ་བཞིན་གཤེགས་པའི་སྐུ་འདྲ་བའི་རི་མོ་བྲིས་ཨུ་ཏྲ་ཡཱ་ཎ་ལ་བསྐུར་བ་དང་། དེས་མཐོང་བས་བདེན་པ་མཐོང་བ་ལྟ་བུའོ། །ཀུན་གཞི་ནམ་མཁའ་ལྟ་བུ་དེ་རྣམ་པས་ཁ་བསྒྱུར་བ་ན་ཚོགས་བདུན་ཞེས་བྱ་བ་མི་འདྲ་བ་སྣ་ཚོགས་སུ་སྣང་ཡང་དེ་རྣམས་ཀྱི་རིགས་མ་རང་བཞིན་ཀུན་གཞི་ཉིད་ཡིན་པས་སྤྲོས་པ་མེད་ཅིང་ཉེ་བར་ཞི་བ་ཡིན་ཏེ། འདོད་ཆགས་ཀྱི་རྣམ་པར་རྟོག་པའི་རང་བཞིན་ནམ་མཁའ་ལྟ་བུ་དེ་བསོད་ནམས་ཅན་འགའ་ཞིག་གིས་མཐོང་བ་ན་དཔལ་ཕྲེང་གི་མདོ་ལས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་པ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལ་ཡང་ཡིད་ཆེས་པར་བཤད་པ་བཞིན་དུ་ངའི་སེམས་འདི་སྣ་ཚོགས་སུ་སྣང་ཡང་ངོ་བོ་ཉིད་ནི་ནམ་མཁའ་ལྟར་མཚན་མ་མེད་ཅིང་གཟུང་དུ་མེད་པ་འདི་འདྲ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡང་དེ་ལྟ་བུ་ཁོ་ནའོ་སྙམ་དུ་ཡིད་ཆེས་པ་སྐྱེ་སྟེ། དེ་ནས་རང་གི་སེམས་མཚན་མ་མེད་པ་དེ་ལ་ཆོས་སྐུ་ཞེས་བརྗོད་ཞིང་དེ་དང་རྣམ་པར་རྟོག་པ་གཉིས་ཡང་དག་པར་ན་ཁྱད་པར་མེད་དོ་སྙམ་པའི་སྟོབས་ཀྱིས་རྣམ་པར་རྟོག་པ་ཆོས་སྐུ་ཡིན་ནོ་ཞེས་གཏམ་དུ་བྱེད་དོ། །དེ་བས་ན་མདོ་འདིར་ཀུན་གཞི་འཇུག་ལྡོག་གི་རྒྱུར་གསུངས་པའི་དོན་འཁོར་བར་སྣ་ཚོགས་པའི་སྡུག་བསྔལ་མྱོང་བ་ན་སྡུག་བསྔལ་དེ་ཐམས་ཅད་འཁྲུལ་བ་ལས་བྱུང་ཞིང་འཁྲུལ་ཞེས་བརྗོད་པ་ཡང་སྙིང་པོ་མ་ཤེས་པ་གཅིག་པུ་ལས་ཡིན་པར་མཐོང་ནས་དེ་ཤེས་པའི་ཕྱིར་འབད་དེ་གསུངས་ཤིང་ཤེས་པ་འདི་ལ་

(༣༡༢)བརྩོན་པར་གྱིས་ཤིག་ཅེས་སྟོན་པས་བཀའ་སྩལ་བ་ཡིན་གྱི། ཚོང་པ་དག་ལ་ཡུལ་གཞན་གྱི་རྒྱུས་དང་ཚོང་ཟོང་གི་ཁྱད་པར་དྲིས་ནས་གཏམ་དུ་བྱས་པ་ལྟ་བུ་ནི་མ་ཡིན་ཏེ། འགོག་པའམ་མྱང་འདས་ཀྱི་མཆོག་ཆོས་ཀྱི་སྐུ་ཤེས་ཤིང་ཐོབ་པར་འདོད་ན་ཀུན་གཞི་ཤེས་པར་གྱིས་ཤིག་ཅེས་བཀའ་སྩལ་བ་ཡིན་ནོ། །ཚོགས་བདུན་པོ་དེ་རྣམ་པའི་ཚོན་གྱིས་ཁ་བསྒྱུར་ཞེས་ནི་བྱ་ན། རྣམ་པ་དེ་ཉིད་ཅི་ཞིག་ཅེ་ན། ཆུའི་ནང་དུ་མཐོང་བའི་དཀྱིལ་འཁོར་དཀར་པོ་དེ་ཟླ་བ་མ་ཡིན་གྱི། ཟླ་བའི་གཟུགས་བརྙན་ཡིན་པ་ལྟར། །དེ་ཕྱིར་ཤེས་དུས་སྣང་བ་ཡི། །དོན་ནི་ཤེས་ལས་གཞན་མིན་པ། །ཞེས་གསུངས་པ་ལྟར་ཤེས་པ་རང་དུས་ན་བུམ་སྣམ་སོགས་སུ་སྣང་བ་འདི་ཉིད་དེ། དེ་བས་ན་སེམས་བདུན་པོ་ཉིད་ཡུལ་གྱི་རྣམ་པར་སྣང་བ་ཡིན་ཏེ། ཆུའི་ཟླ་བའི་གཟུགས་བརྙན་དུ་སྣང་བ་བཞིན་ནོ། །རྣམ་པ་འདི་ཚོན་དང་འདྲ་ན་དེ་སེམས་ལ་ནམ་ཞིག་བསྒོས་སྙམ་ན། ཐོག་མ་མེད་ནས་ཡོངས་སུ་བསྒོས། །ཤེས་བྱའོ། །འདི་ལ་སངས་རྒྱས་པའི་གྲུབ་པའི་མཐའ་སྨྲ་བ་རྣམས་འདོད་པ་ཐ་དད་དེ། བྱེ་བྲག་ཏུ་སྨྲ་བས་ནི་དོན་གྱི་གཟུགས་བརྙན་མ་ཡིན་གྱི་དོན་ཉིད་དེ། ཡུལ་དང་ཤེས་པ་གཉིས་དུས་མཉམ་མོ་ཞེས་ཟེར་ལ། མདོ་སྡེ་པས་ནི་རྒྱུ་ཐམས་ཅད་སྔར་ཡོད་ཡིན་པས་དོན་ནི་ཤེས་པ་ལས་སྐད་ཅིག་གིས་སྔ་ཞིང་། དེས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་དོན་གྱི་གཟུགས་བརྙན་འདི་གཏད་པ་ཡིན་ནོ། །དུང་སེར་པོར་སྣང་བ་དབྱིབས་མ་ལོག་ཀྱང་ཁ་དོག་ལོག་པར་སྣང་བ་དང་ཟླ་བ་གཉིས་སུ་སྣང་བ་

(༣༡༣)ཁ་དོག་མ་ལོག་ཀྱང་དབྱིབས་ལོག་པ་དང་། རྟེན་ཅི་ཡང་མེད་པར་སྐྲ་ཤད་དུ་སྣང་བ་ནི་དབྱིབས་དང་ཁ་དོག་གཉི་ག་ལོག་པ་སྟེ་འདི་ལྟ་བུ་དག་ནི་དབང་པོ་སླད་པས་བྱུང་བ་ཡིན་ལ། བུམ་སྣམ་སོགས་ཀྱི་རྣམ་པ་རྣམ་པར་རྟོག་པ་ལ་སྣང་བ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་ཡིན་ནོ་ཞེས་འདོད་དོ། །སེམས་ཙམ་པ་ནི་ཐམས་ཅད་ཀྱང་དོན་དུ་སྣང་བས་བཞག་པའི་བག་ཆགས་སྨིན་པ་ལས་བྱུང་བར་འདོད་ལ། དབུ་མ་པ་ཡང་སློབ་དཔོན་ཞི་བ་འཚོ་དང་། ལ་བ་པ་ལ་སོགས་པ་ནི་དོན་དུ་སྣང་བ་བག་ཆགས་ཀྱི་མཐུ་ཉིད་ལས་བྱུང་བར་སྨྲ་ལ། སློབ་དཔོན་ལེགས་ལྡན་འབྱེད་དང་སློབ་དཔོན་ཟླ་བ་ནི་ཡུལ་གྱིས་བཞག་པའི་རྣམ་པ་དང་ཡིད་ཀྱི་དབང་པོ་བསླད་པ་སོགས་ཀྱིས་བྱས་པ་སྟེ་སྣ་ཚོགས་པར་འདོད་དོ། །ལང་ཀར་གཤེགས་པའི་གཞུང་འདིར་ནི་སོ་སོའི་སྐྱེ་བོ་ལ་དོན་དུ་སྣང་བའི་རྣམ་པ་ཐམས་ཅད་བག་ཆགས་ཀྱིས་སེམས་རྙོགས་ཤིང་དཀྲུགས་པ་ལས་བྱུང་བས་མིག་ནད་ཅན་གྱི་སྐྲ་ཤད་དང་འདྲ་བར་བརྫུན་སྣང་ཁོ་ནར་བཞེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱོགས་ལྟ་ཞོག་གི །ཡང་དག་པའི་ཀུན་རྫོབ་ཀྱི་ཚུལ་གྱི་སྣང་བ་ཇི་ལྟ་བ་བཞིན་དུ་དོན་འཐོབ་མི་འཐོབ་རྣམ་པར་བལྟས་ཤིང་བརྟགས་ན་དོན་དང་འདྲ་བ་ཙམ་ཡིན་ཡང་རྣམ་པ་དེ་དོན་དུ་མེད་དོ། །ཡང་ཇི་ལྟར་རྒན་པོས་ཟླ་བའི་ཕྱོགས་སུ་སོར་མོ་བསྒྱེངས་ཏེ་ཟླ་བ་འདི་རེ་ཞེས་སྨྲས་པ་ན་བྱིས་པ་ཆུང་ངུས་སོར་མོའི་རྩེ་མོ་ཉིད་ལ་ཅི་ཅིག་ཅིག་ཡོད་པར་འཛིན་ཞིང་། ནམ་མཁའི་ཟླ་བ་མི་ལྟ་བ་དེ་བཞིན་དུ་

(༣༡༤)ཡི་གེ་ལ་ཡིད་འབྲེལ་ཞིང་ཆགས་ནས་སྟོན་པས་ཆོས་གསུངས་པ་ན་སྟོན་པས་ཅི་གསུངས་པ་ཐམས་ཅད་དེ་བཞིན་ཉིད་གསུང་བ་ཡིན་ཏེ། སྟོན་པ་དེ་བཞིན་ཉིད་གཟིགས་པ་ཡིན་པས་སོ་སྙམ་ནས་སྒྲ་ཇི་བཞིན་དུ་འཛིན་པ་རྣམས་ཀྱིས་ངའི་དེ་བཞིན་ཉིད་མི་མཐོང་སྟེ། དོན་གྱི་སྐབས་འདིར་དོན་དམ་པའི་སྙིང་པོ་ཉིད་མ་བཅོས་པའི་དེ་ཁོ་ན་ཉིད་ཡིན་གྱི། དེ་ལ་བརྟེན་པའི་ཀུན་གཞི་དང་། དེ་ལས་བྱུང་བའི་ཚོགས་བདུན་དང་། དེ་ལས་བྱུང་བའི་ཉོན་མོངས་པ་དང་། དེ་ལས་བྱུང་བའི་ལས་དང་། དེ་ལས་བྱུང་བའི་རིགས་དྲུག་གི་རྒྱུ་དང་འབྲས་བུའི་འབྲེལ་བ་དང་། ཚད་ལ་སོགས་པ་གསུངས་པ་ཐམས་ཅད་ནི་དེ་ཁོ་ན་ཉིད་ཡིན་ནས་བཤད་པ་མ་ཡིན་གྱི། དེའི་མཚོན་བྱེད་དུ་ཀུན་རྫོབ་པ་ཐ་སྙད་པ་མིང་དང་བརྡའ་ཙམ་དུ་བཤད་པ་ཡིན་ནོ། །སེམས་ཀུན་གཞི་ནི་རྣམ་པའི་ཆས་སྦུབས་སུ་ཞུགས་ནས་གཡོ་བས་གར་བྱེད་པ་དང་འདྲ་ཞིང་། ཡིད་ནི་འཁོར་བ་ནི་འདི་འདྲའོ། །མྱ་ངན་ལས་འདས་པ་ནི་འདི་འདྲའོ། །previous hit ཀུནགཞི་ནི་འདི་འདྲའོ། །རྣམ་པར་ཤེས next hit་པའི་ཚོགས་ལྔ་ནི་འདི་འདྲའོ། །ཞེས་ཐམས་ཅད་ལ་སྙད་འདོགས་པས་གར་མཁན་གྱི་ནང་གི་བཞད་གད་པ་དང་འདྲ་ཞིང་། ལྔ་དང་བཅས་པའི་རྣམ་པར་ཤེས་པ་ལ་སྣང་བའི་རྣམ་པ་ནི་གར་མཁན་གྱི་བཞིན་ལ་བསྒོ་བའི་ཚོན་དང་འདྲ་བར་རྟོགས་པར་གྱིས་ཤིག་གོ །ས་བཅུ་པ་ལས། ཁམས་གསུམ་པ་ནི་རྣམ་པར་ཤེས་པ་ཙམ་མོ་ཞེས་གསུངས་པའི་དོན་ནི་སློབ་དཔོན་ལེགས་ལྡན་འབྱེད་དང་ཟླ་བས་སེམས་ཁམས་གསུམ་གྱི་བྱེད་པ་པོ་ཡིན་གྱི། དབང་

(༣༡༥)ཕྱུག་ལ་སོགས་པའི་བྱེད་པ་པོ་གཞན་མེད་དོ་ཞེས་ཙམ་གྱི་སྒྲས་མུ་སྟེགས་ཀྱི་འདོད་པ་འཇོམས་པར་བཤད་པ་ལ་རྗེས་སུ་ཡི་རང་བ་ཉིད་ཀྱིས་འབྲི་ཁུང་ཆོས་རྗེས། དེ་བཞིན་གཤེགས་པའི་གསུང་རབ་ཀྱི། །སྙིང་པོ་ས་བཅུ་སྟོན་པའི་མདོ། །བོད་ཀྱི་མཁས་པ་ཆེན་པོ་རྣམས། །སེམས་ཙམ་བསྟན་བཅོས་ཡིན་ཞེས་ཟེར། །སློབ་དཔོན་ཆེན་པོ་ཟླ་གྲགས་ཀྱིས། །དབུ་མ་ལ་ནི་འཇུག་པ་རུ། །དབུ་མའི་བསྟན་བཅོས་ཆེན་པོར་བཀྲལ། །དེ་དོན་གནད་ཀྱི་མན་ངག་ཞིག །ཡོད་དང་ཡོད་དེ་ཁར་མི་ཐོན། །ཞེས་གསུངས་ལ། ལང་ཀར་གཤེགས་པའི་མདོ་འདི་ཉིད་ཀྱང་སེམས་ཙམ་གྱི་མདོ་ཡིན་ནོ་ཞེས་རྒྱ་གར་དང་བོད་དུ་ཡང་མཁས་པ་མང་དག་བཞེད་དེ། དེ་དག་ལ་ཡང་། དེ་བཞིན་གཤེགས་པའི་གསུང་རབ་ཀྱི། །སྙིང་པོ་ལང་ཀར་གཤེགས་པའི་མདོ། །རྒྱ་བོད་མཁས་པ་ཆེན་པོ་རྣམས། །སེམས་ཙམ་བསྟན་བཅོས་ཡིན་ཞེས་ཟེར། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། །དབུ་མ་རྩ་བ་ཤེས་རབ་ཏུ། །དབུ་མའི་བསྟན་བཅོས་ཆེན་པོར་བཀྲལ། །ཞེས་བརྗོད་པར་བྱའོ། །ཇི་ལྟར་བཀྲལ་ཞེ་ན། ལང་ཀར་གཤེགས་པ་ལས། རྐྱེན་རྣམས་འོང་བ་མེད་པ་སྟེ། །དབང་པོ་དག་ནི་གང་ཡང་མེད། ཁམས་རྣམས་མེད་ཅིང་ཕུང་པོ་མེད། །འདོད་ཆགས་མེད་ཅིང་འདུས་བྱས་མེད། །ལས་དང་མེ་མེད་སྔོན་ཡང་མེད། །བྱས་པ་མེད་ཅིང་འདུས་བྱས་མེད། །མཐའ་ཡང་མེད་ཅིང་ཆགས་པ་མེད། །ཐར་བ་མེད་ཅིང་བཅིངས་པ་མེད། །ལུང་མ་བསྟན་ལ་དངོས་པོ་མེད། །ཆོས་དང་ཆོས་མ་

(༣༡༦)ཡིན་པ་དང་། །དུས་མེད་མྱ་ངན་འདས་པ་མེད། །ཆོས་ཉིད་དག་ཀྱང་མེད་པ་ཡིན། །སངས་རྒྱས་མེད་ཅིང་བདེན་རྣམས་མེད། །ལོག་དང་མྱ་ངན་འདས་པ་མེད། །འབྱུང་བ་དང་ནི་འཇིག་པ་མེད། །ཡན་ལག་བཅུ་གཉིས་ཡོད་མ་ཡིན། །མཐའ་དང་མཐའ་མེད་པ་ཡང་མེད། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་པ་འདི་སློབ་དཔོན་གྱིས་རྒྱ་ཆེར་བཀྲལ་བ་ཡིན་ནོ། །དེ་ལྟར་འཁོར་བའི་རྩ་བ་ཕྲ་བ་གཉིས་བཤད་ནས་གསུམ་པ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ལ། བཞི་པ་ནི། འཁོར་བའི་རྩ་བ་འདུ་བྱེད་དེ། །ཞེས་གསུངས་པ་དེ་ཡིན་ཏེ། དེ་ལ་དང་པོ་གཉིས་ནི་ཉོན་མོངས་པ་དངོས་མ་ཡིན་ཀྱང་དེའི་རྒྱུ་ཡིན་པས་previous hit ཀུནགཞིརྣམ་པར་ཤེས next hit་པ་ཡང་ཟག་པ་དང་བཅས་པར་གཞག་སྟེ། འདི་ཡང་བདེན་པ་བཞི་ལས་ཀུན་འབྱུང་བའི་བདེན་པར་བལྟ་བར་བྱ་སྟེ། ཇི་སྲིད་ཟག་པ་དང་བཅས་པའི་བར་དུའོ། །འཇིག་ཚོགས་ལ་ལྟ་བ་ནི་ཉོན་མོངས་པ་གཞན་རྣམས་ཀྱི་རྩ་བའོ། །འདུ་བྱེད་ནི་ལས་ཀྱི་ཀུན་འབྱུང་སྟེ་སྡུག་བསྔལ་གྱི་རྩ་བའོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་འཁོར་བ་འདི་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་དང་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གྱི་དུམ་བུ་གསུམ་དུ་བསྡུས་ཏེ་དེ་དག་ཡང་དང་ཡང་དུ་འཁོར་བར་གསུངས་ན་རྒ་ཤི་ལས་མ་རིག་པ་འབྱུང་བའི་ཚུལ་ཇི་ལྟར་ཡིན་སྙམ་ན། བཤེས་སྤྲིང་ལས། སྡིག་པའི་ལས་རྣམས་བྱས་པ་འགའ་ཡང་ནམ། །དེ་ཡི་མདོ་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་

(༣༡༧)བུ་གང་ལགས་མངོན་པར་འགྱུར། །ཞེས་བྱ་བ་དང་། རང་སྡིག་དྲན་པས་གདུངས་པ་དང་། །དམྱལ་བའི་སྒྲ་ནི་ཐོས་པ་ཡིས། །སྐྲག་པས་མི་གཙང་ལུས་གོས་ཤིང་། །མྱོས་པར་གྱུར་ཚེ་ཅི་ཞིག་བྱ། །ཞེས་གསུངས་པའི་མྱོས་པ་མ་རིག་ཡིན་ཞིང་། ཁམས་རྣམས་ཐིམ་པའི་ཚེ་བདག་ཆད་པར་དོགས་པའི་ཐེ་ཚོམ་ཉོན་མོངས་ཅན་འབྱུང་བ་དག་ཡིན་ནམ་སྙམ་མོ། །དེ་ལྟར་འཁོར་བའི་དུམ་བུ་གསུམ་པོ་འདིའི་ཉོན་མོངས་པའི་ཀུན་འབྱུང་ཉན་ཐོས་དང་རང་སངས་རྒྱས་ཀྱི་དགྲ་བཅོམ་པ་ཉིད་ཐོབ་པའི་ཚེ་ལྡོག་ལ། ལས་དང་སྡུག་བསྔལ་ལྷག་མེད་དུ་ཞུགས་པའི་ཚེ་ལྡོག་གོ །དམན་པའི་ལྷག་མེད་ཀྱི་སྐབས་དེ་དང་བྱང་ཆུབ་སེམས་དཔའ་ལ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་བར་དཔལ་ཕྲེང་ལས་གསུངས་ཏེ། དེའི་ཚེ་ཡང་འདི་དག་གི་རྟེན་སྙིང་པོ་དང་ཀུན་གཞིས་བྱེད་མོད་ཀྱི། སྐབས་དེའི་ཀུན་གཞི་ནི་ཉོན་མོངས་པའི་ཟག་པ་དང་བཅས་པ་སྤངས་པ་རྣམས་ལ་ཡོད་པས་དེ་དག་ལ་ལྟོས་ནས་ནི་ཟག་མེད་དོ། །མངོན་པ་ཀུན་ལས་བཏུས་ལས། གཅིག་ཆར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་པས་ས་བཅུ་པའི་བར་དུ་ཉོན་མོངས་ཡོད་པར་བཤད་ལ། སློབ་དཔོན་ཟླ་བས་ནི། ས་བརྒྱད་པ་ལ་དྲི་མ་དེ་དག་རྩར་བཅས་ཉེ་བར་ཞི་གྱུར་ཅིང་། །འཁོར་བ་འགགས་ཤིང་དབང་རྣམས་བཅུ་པོ་ཐོབ་པར་གྱུར་ཀྱང་དེ་དག་གི །སྲིད་པའི་འགྲོ་བར་རང་གི་བདག་ཉིད་སྣ་ཚོགས་སྟོན་པར་བྱེད་པར་འགྱུར། །ཞེས་ས་བརྒྱད་པར་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་རྩ་བ་ནས་སྤངས་ཤིང་ཡིད་

(༣༡༨)ཀྱི་ལུས་ཐོབ་པས་ཁམས་གསུམ་དུ་ལུས་སྣ་ཚོགས་སྟོན་པར་བཤད་དོ། །ལང་ཀར་གཤེགས་པའི་མདོར་ནི། ས་དང་པོ་ནས་གོང་དུ་སའི་མཚན་ཉིད་ཡོངས་སུ་ཤེས་པས་རྣལ་འབྱོར་ཅན་རྣམས་ཀྱིས་ཐོབ་པར་འགྱུར་རོ། །ཞེས་བཤད་ཅིང་། བསྟན་བཅོས་འདིར་མ་དག་པ་དག་པའི་གནས་སྐབས་ས་དང་པོ་ནས་ཡིན་པར་བཤད་པས་ས་བཅུ་པོ་ཐམས་ཅད་མ་དག་པ་དང་དག་པའི་གནས་སྐབས་སོ། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྷག་མེད་ཀྱི་སྐབས་སུ་ཡང་ཀུན་གཞིའི་རྣམ་ཤེས་སྔར་གྱི་ལུས་དང་བྲལ་ནས་འཕྱན་ཞིང་སྐྱེས་བུར་རོ་བ་ལྟར་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་མྱོས་པ་ཉིད་ཀྱིས་བསྐལ་པ་དྲུག་ཁྲི་དང་བརྒྱད་ཁྲི་ལ་སོགས་པར་གནས་པར་རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས་བཤད་ལ། དེ་ལ་ཉོན་མོངས་པ་མངོན་གྱུར་སྐྱེ་བ་མི་སྲིད་ཅིང་ཉོན་མོངས་པའི་བག་ཆགས་ནི་ཡོད་ལ། འཁོར་བར་སླར་མི་ལྡོག་པའི་ཕྱིར་འདི་དག་ཀྱང་མ་དག་པ་དང་དག་པའི་གནས་སྐབས་ཡིན་ནོ། །ད་ནི་འཁོར་བ་ལྡོག་པའི་རིམ་པ་འཆད་དེ། དེ་ལ། དེ་ཡང་ཇི་ལྟར་ཡོངས་སུ་བཙལ་བ་ན་ཞེས་བྱ་བ་ནས། བལྟ་བར་བྱའོའི་བར་གྱིས་གཉེན་པོའི་སྦྱོར་བ་བསྟན་ཏོ། །གང་གི་ཚེ་ཞེས་བྱ་བ་ནས། མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་བར་གྱིས་གཉེན་པོ་ཡེ་ཤེས་ཀྱི་ངོ་བོ་ཉིད་བསྟན་ཏོ། །གང་ཞིག་ཅེས་བྱ་བ་ནས། གཉེན་པོར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ཇི་ལྟར་གཉེན་པོ་བྱེད་པ་དེ་བསྟན་ཏོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནས། རྟོགས་པར་བྱའོ་ཞེས་བྱ་བའི་བར་གྱིས་མཚན་ཉིད་དེ་གང་ལ་གནས་

(༣༡༩)པའི་མཚན་གཞི་བསྟན་ཏོ། །འདིར་འཁོར་བ་ལྡོག་པའི་རིམ་པ་འཆད་པ་ན། གང་གིས་སེམས་ཅན་དག་འགྱུར་བའི། །རྒྱུ་གཉིས་དང་ནི་རྐྱེན་གཉིས་ཏེ། །གཞན་ལས་རྗེས་སུ་མཐུན་འདྲ་དང་། །ཚུལ་བཞིན་ཡིད་ལ་བྱེད་པའོ། །ཞེས་ཐོས་པའི་སྟོབས་ཀྱིས་རྣལ་འབྱོར་ལ་འཇུག་པར་གསུངས་ལ། ཐོས་པ་ཡང་གང་ཡང་རུང་བ་མ་ཡིན་གྱི་ངེས་པའི་དོན་གྱི་མདོ་དང་བསྟན་བཅོས་དག་ཐོས་པར་བྱ་བ་ཡིན་ནོ། །ཐོས་པའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་ངེས་པར་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པ་གཉིས་མངོན་དུ་བྱས་ནས་འཇུག་པའི་བསླབ་པ་ལ་སློབ་པའི་ཚེ་སྦྱིན་པ་ནས་རིམ་གྱིས་སློབ་པ་དང་། ཤེས་རབ་ནས་ཐོག་མར་སློབ་པ་གཉིས་ཡོད་པ་ལས་འདི་ནི་ཤེས་རབ་ཉིད་ནས་སློབ་པའི་རིམ་པ་ཡིན་ཏེ། དེའི་དབང་དུ་བྱས་ནས། ཤེས་རབ་ལས་གཞན་འདི་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་གསུངས་པ་ཡིན་ནོ། །ཤེས་རབ་སྒོམ་པ་ཉིད་ལ་ཡང་ཡུལ་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་སྒོམ་པ་ནམ་མཁའི་རྣལ་འབྱོར་དང་། ཡུལ་ཅན་རང་བཞིན་མེད་པར་སྒོམ་པ་བླ་གབ་མེད་པའི་རྣལ་འབྱོར་རྣམ་པ་གཉིས་ཡོད་དེ། བརྒྱད་སྟོང་བ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་དེ་ལྟར་རྣལ་འབྱོར་དུ་བྱེད་པ་དེས་ཅི་ལ་རྣལ་འབྱོར་དུ་བྱེད་པར་འགྱུར། རབ་འབྱོར་གྱིས་སྨྲས་པ་ཀཽའུ་ཤི་

(༣༢༠)ཀ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱེད་པ་དེས་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པར་འགྱུར་རོ། །ཀཽའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སློབ་ཅིང་རྣལ་འབྱོར་དུ་བྱེད་པར་སེམ་པ་དེས་ནི་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་མན་ངག་པ་དག་གི་ནི་བླ་གབ་མེད་གཙོ་བོར་སྒོམ་ལ། མན་ངག་གི་མིང་ཡང་སློབ་དཔོན་ཡེ་ཤེས་གྲགས་པ་དང་མཻ་ཏྲི་ཞབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་མིང་ཅན་སྒོམ་པར་བཞེད་པ་ཡིན་ཏེ། ཡེ་ཤེས་གྲགས་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་འགྲེལ་བར། ད་ནི་སྒོམ་པ་བསྟན་པར་བྱ་སྟེ། དེ་ཡང་། རང་གི་ཚིག་དང་ཚད་མ་དང་། །ལུང་དང་གང་ཞིག་མི་འགལ་བ། །དེའི་དོན་སྒོམ་པ་ལ་སྤྱོད་པ་ཡི། །བླ་མས་བཤད་པ་སྒོམ་པ་ཡིན། །སྒོམ་པ་ཞེས་བྱ་བ་ནི་རང་གི་ཚིག་དང་ཚད་མ་དང་མི་འགལ་བ། གསུང་རབ་དང་རབ་ཏུ་འབྲེལ་བ། བླ་མ་རྣམས་ཀྱིས་རབ་ཏུ་བསྟན་པའི་དངོས་པོ་ཉམས་སུ་བླང་བ་ཡིན་ནོ། །དེ་ཡང་ཐུན་མོང་དང་དེ་ལས་ཅིག་ཤོས་སོ། །དེ་ལ་ཕྱག་རྒྱ་ཆེན་པོ་མཉམ་པར་སྦྱོར་བ་སྒོམ་པ་ནི། རྣལ་འབྱོར་བ་ཐམས་ཅད་ཀྱི་ཐུན་མོང་སྟེ། གང་གི་ཕྱིར་དེ་ལས་ཕུན་ཚོགས་པ་ཐམས་ཅད་འབྱུང་བ་ཡིན་ནོ། །ཞེས་དང་། དེ་ལྟ་བས་ན་འབྲས་བུ་འདི་དག་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམས་པ་དེ་ཉིད་ཀྱིས་རྫོགས་པར་འགྱུར་ཏེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་

(༣༢༡)ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་མཉན་པར་བྱ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་རང་སངས་རྒྱས་ཀྱི་ས་ལ་ཡང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ས་ལ་ཡང་ཞེས་བྱ་བ་ལ་སོགས་པའི་བར་དུ་རྒྱ་ཆེར་གསུངས་པ་ཡིན་ལ། ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ཀྱི་མཚན་གཞན་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་ལ། དེ་ཁོ་ན་ཉིད་བཅུ་བའི་འགྲེལ་བར་མཛད་པ་པོ་དང་གདམས་ངག་གི་ཆེ་བ་བརྗོད་པའི་དབང་དུ་མཛད་ནས། དེ་ལ་འདིར་བཅོམ་ལྡན་འདས་སློབ་དཔོན་འདི་ནི་ཚད་མ་དང་དབུ་མ་དང་ལུང་ལས་གྲགས་པའི་རབ་ཏུ་མི་གནས་པའི་དོན་ལ་འཇུག་པའི་རིམ་པས་འཐད་པ་རྒྱ་ཆེན་པོས་སྔགས་དང་རྗེས་སུ་མཐུན་པའི་ཕ་རོལ་དུ་ཕྱིན་པའི་མན་ངག་མདོར་བསྡུས་པ་མཛད་པར་བཞེད་པས་སྒྲུབ་པར་བྱེད་པ་རབ་ཏུ་བྱེད་པའི་བརྗོད་པར་བྱ་བ་ཡིན་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་མིང་གཞན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཞེས་དང་། གཉེན་པོའི་ཕྱོགས་ལ་མི་གནས་ཤིང་། །དེ་ཉིད་ལ་ཡང་ཆགས་མིན་གང་། །གང་གིས་འབྲས་བུ་མ་འདོད་པ། །དེ་ཡིས་ཕྱག་རྒྱ་ཆེན་པོ་ཤེས། །ཤེས་གསུངས་པའི་ཕྱིར་རོ། །འདིར་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་མན་ངག་སྟེ། ཞེས་མན་ངག་ལ་ཡང་ཕྱག་རྒྱ་

(༣༢༢)ཆེན་པོའི་མིང་དུ་མཛད་དོ། །དེ་ལྟར་ན་རྗེ་བཙུན་མཻ་ཏྲི་བ་ལས་བྱུང་བའི་ཕྱག་རྒྱ་ཆེན་པོའི་མན་ངག་རྗེས་སུ་སྤྱོད་པ་རྣམས་ཀྱིས་དུས་གསུམ་གྱི་ཡིད་ལ་བྱེད་པ་དང་བྲལ་བའི་ཅི་ཡང་མ་ཡིན་པ་ཉིད་ལ་གནས་པ་ན་ལས་གཡེངས་པའི་རྣམ་པར་རྟོག་པ་བྱུང་བ་ན་གང་དང་གང་བྱུང་བ་དེ་ཉིད་ལ་གཡོ་མེད་དུ་ལྟ་བར་བྱེད་དེ། དེ་ལྟར་ལྟ་བ་དེ་ཉིད་ནི་རྟོག་པ་དེ་ལ་ཇི་ལྟར་ཡོངས་སུ་བཙལ་བ་ཞེས་བྱའོ། །དེ་ལྟ་བུས་རྣམ་པར་རྟོག་པ་གཞན་ཐམས་ཅད་ཉེ་བར་ཞི་ཡང་བསྒོམ་པར་བྱ་བ་ཞིག་སེམས་ཀྱིས་སྒོམ་ཞིང་གནས་སོ་སྙམ་པའི་རྣམ་པར་རྟོག་པ་ཕྲ་མོ་འབྱུང་བ་དེ་ལ་ཡང་གཅེར་རེ་བལྟས་པ་ན་རྟོག་པ་ཕྲ་མོ་དེ་ཡང་འགགས་ཏེ་ནམ་མཁའ་མཐའ་དབུས་དང་བྲལ་བ་ཇི་འདྲ་བའི་སེམས་སྐྱེ་བར་འགྱུར་བ་དེ་ལ་རྩེ་གཅིག་གི་རྣལ་འབྱོར་ཞེས་བརྗོད་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་ནམ་མཁའི་མཚན་ཉིད་དེ། །གང་ཞིག་ནམ་མཁའ་སྒོམ་པ་ནི། །སྟོང་ཉིད་སྒོམ་པར་བཞེད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་ཚེ་རྣམ་པར་རྟོག་པ་ཕྱི་རོལ་གྱི་ཡུལ་ལ་རྒྱུག་པ་ཐམས་ཅད་ཀྱི་ཡུལ་གྱི་རྣམ་པ་དེ་བརྫུན་པར་རྟོགས་ཤིང་། ཡུལ་ཅན་ཡང་ནམ་མཁའ་དང་འདྲ་བའི་སེམས་དེ་ཉིད་ཀྱི་ངང་དུ་ཐིམ་ཞིང་འགྲོ་བ་མཐོང་བ་ན་ཉོན་མོངས་དེ་དག་གི་རྒྱུ་མཚན་དུ་གྱུར་བའི་ཀུན་དུ་རྟོག་པ་དང་། ཀུན་རྟོག་དེའི་དམིགས་པ་རྟག་པ་དང་བདེ་བ་སོགས་འགའ་ཡང་མི་མཐོང་བར་དེ་ལྟར་བལྟ་བ་ཡིན་པས་དེ་ལྟ་བུའི་རྣལ་འབྱོར་ཉམས་སུ་བླང་བར་བྱའོ། །དེ་ལ་ནི་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །

(༣༢༣)ཕྱི་རོལ་དོན་དུ་མི་བརྟག་གོ །ཞེས་གསུངས་པ་དེ་ཡིན་ནོ། །མདོར་ན་བྱིས་པའི་སྐྱེ་བོ་རྣམས་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྟོག་པ་མེད་པ་ལ་གཟུགས་ལ་སོགས་པར་སྣང་བའི་རྣམ་པ་རྣམས་དང་། རྣམ་པར་རྟོག་པ་ལ་བུམ་པ་ལ་སོགས་པར་སྣང་བའི་རྣམ་པ་རྣམས་ལ་དོན་དེ་དང་དེར་མངོན་པར་ཞེན་པ་སྐྱེ་ལ། རྩེ་གཅིག་གི་རྣལ་འབྱོར་སྐྱེས་པ་ལས་རྣམ་པ་དེ་དག་དོན་མ་ཡིན་པར་རྟོགས་པ་སྐྱེ་སྟེ། སེམས་ཐམས་ཅད་ཀྱི་ངང་ཚུལ་ནམ་མཁའ་ལྟ་བུ་དེ་ཡིན་པར་མཐོང་ངོ་། །སྣང་བ་དེ་དག་སེམས་ལས་གཞན་མ་ཡིན་པར་ཤེས་པའི་གསལ་སྣང་ཅན་གྱི་ཤེས་རབ་ཆུང་ངུ་དང་འབྲིང་དང་ཆེན་པོ་ལ་དྲོད་དང་རྩེ་མོ་དང་བཟོད་པ་ཞེས་བྱའོ། །དེ་ནས་སྣང་བ་དེ་དག་འཛིན་པའི་སེམས་ཀྱི་འཛིན་པའི་རྣམ་པར་མངོན་པར་ཞེན་པ་ཡོད་པ་དེ་ཡང་ནམ་མཁའ་ལྟ་བུའི་སེམས་ལས་གཞན་ཅི་ཡང་མེད་པར་གསལ་བར་སྣང་བའི་ཤེས་རབ་འཁོར་དང་བཅས་པ་ནི་ཆོས་ཀྱི་མཆོག་གོ །དེ་ལྟར་ནི་མདོ་སྡེའི་རྒྱན་ལས། དེ་ནས་དེ་འདྲར་གྱུར་བ་ཡི། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་དུ་རྩོམ། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་གྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་སྣང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡང་བ་དེས་སྤང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །

(༣༢༤)རྣམ་པར་གཡེང་བ་དེས་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང་། །འདི་དག་གོ་རིམས་བཞིན་དུ་ནི། །དྲོ་བར་གྱུར་སྩོགས་ཡིན་ཞེས་བྱ། །ཞེས་གསུངས་པ་དེ་ཡིན་ནོ། །འདི་དག་ལ་སློབ་དཔོན་ཤཱནྟི་བས་ནི་རེ་རེའི་སྐབས་སུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ལ་དམིགས་ནས་ལྷག་མཐོང་གསར་བ་རེ་སྐྱེད་པར་བྱེད་ལ། སློབ་དཔོན་སེང་གེ་བཟང་པོས་ནི་ཐམས་ཅད་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་དབུ་མའི་ལྟ་བ་བསྒོམས་པས་ངེས་པར་འབྱེད་པའི་སྐབས་སུ་གཟུང་བ་མེད་པའི་གསལ་སྣང་ཆུང་ངུ་འབྲིང་ཆེན་པོ་གསུམ་དང་འཛིན་པ་མེད་པའི་གསལ་སྣང་ཅིག་སྐྱེ་ཞིང་ངོ་བོ་ཉིད་མེད་པ་ཉིད་དུ་རྟོགས་པའི་གསལ་སྣང་ནི་ས་དང་པོར་སྐྱེ་བར་བཞེད་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་བ་དག་ནི་རྣམ་པར་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་ངང་ལ་གནས་པའི་མངོན་སུམ་གོམས་པ་གཅིག་པུ་ལས་སྦྱོར་ལམ་བཞིའི་གསལ་སྣང་རིམ་པ་བཞིན་དུ་སྐྱེ་བར་བཞེད་དོ། །འདིར་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལས། གང་གི་ཚེ་འཛིན་པའི་རྣམ་པ་དང་གཉིས་མེད་པའི་ཤེས་པ་ཡང་རྣམ་པར་འཇིག་པ་དེའི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆོས་ཀྱི་མཆོག་ཅེས་བྱའོ། །ཞེས་ཆོས་ཀྱི་མཆོག་གི་སྐབས་སུ་གཉིས་མེད་ཀྱི་ཤེས་པ་མི་བདེན་པར་སྒོམ་པ་བྱེ་བྲག་ཏུ་གསུངས་པ་འདི་ནི་སློབ་དཔོན་སེང་གེ་བཟང་པོ་དང་ཅུང་ཟད་མི་མཐུན་པར་གྱུར་ཏོ་སྙམ་སྟེ། མཁས་པ་རྣམས་ཀྱིས་དཔྱད་པར་བྱའོ། །གཉེན་པོ་

(༣༢༥)ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་སྦྱོར་བའི་ལམ་དུ་རྒྱུ་མཚན་དང་དམིགས་པ་འགའ་ཡང་མེད་པར་ལན་མང་དུ་བསྒོམས་ཀྱང་ནམ་མཁའ་འདྲ་བའི་སེམས་དེ་ཉིད་དངོས་པོ་ཙམ་གྱི་ཚུལ་དུ་སྣང་ལ། སྣང་བ་དེ་ཉིད་ཀྱིས་བསྒྲིབས་ནས་ཡང་དག་པ་མ་མཐོང་བ་ལས་གང་གི་ཚེ་རྒྱུ་མཚན་དང་དམིགས་པར་གྱུར་བ་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་ཅིང་རྩ་བྲལ་དུ་རྟོགས་པ་དེའི་ཚེ་རྒྱུ་མཚན་དང་དམིགས་པ་མི་མཐོང་བ་ཞེས་བྱའི། མཐོང་བ་བཀག་པ་ཙམ་ནི་མ་ཡིན་ནོ། །དེ་ལྟར་གཞི་རྩ་མེད་ཀྱང་སེམས་ཀྱི་གཉུག་མ་ནི་སྐྱེ་བ་མེད་པའི་ངང་ཚུལ་ཡིན་པས་སྙིང་པོ་དེ་ལ་ཡང་དག་པའམ་བདེན་པའམ་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་མང་པོས་གསུངས་པ་དེ་ཡང་དག་པ་མཐོང་བས་མཐོང་བའི་ལམ་ཡིན་ནོ། །དེ་ནས་མཐོང་བ་དེ་ལས་ཉམས་པར་ནི་མི་འགྱུར་ཏེ། མཐོང་བའི་ལམ་གྱིས་མཐོན་བ་དེ་ལྟར་གཟུང་བ་དང་འཛིན་པའི་ཆོས་དེ་དག་དེ་བཞིན་གཤེགས་པས་སྐྱེ་མེད་དུ་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཐུགས་སུ་ཆུད་པས། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལས་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློགས་ཏེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་པ་ལྟར་རོ། །ཡང་མཐོང་བའི་ལམ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་དེ་བཞིན་གཤེགས་པ་ཞེས་བྱ་ཞིང་། །དེས་ཆོས་ཐམས་ཅད་མཉམ་པར་སངས་རྒྱས་ཤེས་བྱ་སྟེ། །བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་འདི་རྗེས་སུ་རྟོགས། །དེ་ཕྱིར་དེ་བཞིན་གཤེགས་ཤེས་སངས་རྒྱས་

(༣༢༦)མཚན་གསོལ་ཏོ། །ཞེས་གསུངས་པའི་ཕྱིར་རོ། །གཉེན་པོར་འགྱུར་བའི་ཚུལ་ནི་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ལེགས་པར་བརྟགས་ན་མེད་པ་ཡང་དག་པ་མ་ཡིན་པའི་རྒྱུ་མཚན་གྱི་ཀུན་དུ་རྟོག་པ་དང་དེའི་དམིགས་པ་དག་མ་མཐོང་སྟེ་གནས་ཚུལ་མ་མཐོང་སྟེ་གནས་ཚུལ་མ་ཡིན་པར་མཐོང་བའི་ཕྱིར་སྒྲོ་འདོགས་པ་མེད་ལ། ཡོད་པ་མཐོང་བས་སྐུར་བ་ལས་གྲོལ་བའི་ཕྱིར་ཏེ། ཡོད་ཅེས་བྱ་བ་ཡང་ཡང་དག་པ་ལ་བརྗོད་ལ། ཡང་དག་པ་ཞེས་བྱ་བ་ཡང་། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །ཞེས་བྱ་བའི་ཚུལ་གྱིས་སྔར་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་གྱུར་བ་ཡིན་པས་དོན་དམ་པ་འཕགས་པའི་ཡེ་ཤེས་ཀྱི་ངོར་བདེན་ཞིང་མི་བསླུ་བ་མཐོང་བའི་ཕྱིར་ཡོད་པ་དང་མེད་པ་དེ་གཉི་ག་མཉམ་པ་ཉིད་ཡིན་ཏེ། ཅིས་མཉམ་ན་ཉེས་པ་རྣམས་མེད་ཅིང་མེད་པ་ཡིན་པས་ཅི་ཡང་བསལ་བའི་སྐུར་འདེབས་མེད་ཅིང་། ཡོད་ཅིང་ཡོད་པའི་སེམས་ཀྱི་རང་བཞིན་གསར་དུ་གཞག་པའི་སྒྲོ་འདོགས་པ་མེད་པ་ཉིད་དུ་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་པ་དེ་ནི་དེ་ཁོ་ན་མཐོང་བའི་གེགས་ཀྱི་རྣམ་པའམ་བྱེ་བྲག་བརྒྱ་རྩ་བཅུ་གཉིས་སམ་གང་ཀླུང་གི་བྱེ་མ་སྙེད་དུ་གྱུར་བ་འདི་མཐའ་དག་གི་གཉེན་པོར་རིག་པར་བྱ་སྟེ། ཡེ་ཤེས་གང་ཞིག་སྐྱེས་པས་ཅིག་ཤོས་སྤང་བྱ་རྣམས་གཏན་དུ་བྲལ་བའི་འགོག་པ་དང་། སླར་སྐྱེ་བ་མེད་པར་འགྱུར་བའི་རྣམ་གྲོལ་ལམ་ཐོབ་པའི་ཕྱིར་རོ། །རྒྱན་ལས་ཀྱང་། དེ་དག་མེད་པའི་ངོ་བོ་ནི། །མཐོང་བས་སྤང་བྱ་རྣམས་ལས་གྲོལ། །དེས་ན་དེ་ཚེ་མཐོང་བའི་ལམ། །འཐོབ་པ་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པའི་ཕྱིར་ཐེག་པ་ཆེན་

(༣༢༧)པོའི་མཐོང་བའི་ལམ་ཐོག་མ་ཉིད་དུ་སྐྱེ་བ་གང་ཡིན་པ་དེ་ཡང་རྣམ་པར་གྲོལ་བའི་ལམ་ཐོག་མ་ཉིད་དུ་སྐྱེ་བ་གང་ཡིན་པ་དེ་ཡང་རྣམ་པར་གྲོལ་བའི་ལམ་གྱི་བདག་ཉིད་དུ་སྐྱེའོ་ཞེས་བྱ་བ་ཡིན་ནོ། །འཕགས་པ་རྣམ་པར་གྲོལ་བའི་སྡེས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཡིན་ནོ། །བཟོད་པ་དེ་ཡང་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྟེ། ཞེས་གསུངས་པའི་ཕྱིར་བཟོད་པ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤང་བྱ་གང་ཡིན་ཐམས་ཅད་ལས་རྣམ་པར་གྲོལ་བའི་ལམ་དུ་སྐྱེའོ་ཞེས་བཞེད་དོ། །དེ་ལ་འདིར་དྲི་མ་མཐའ་དག་ཅེས་བརྗོད་པ་ནི་ཁམས་གསུམ་ན་སྤྱོད་པའི་དྲི་མ་མཐའ་དག་ལ་བྱའི། མཐོང་ལམ་ཐོབ་ནས་ཀྱང་འཕགས་པའི་བདེན་པ་གཉིས་པའི་ནང་ཚན་དུ་གཏོགས་པའི་སྤང་བར་བྱ་བ་དག་ནི་ཡོད་དོ། །འདིར་བཤད་པའི་གཉེན་པོ་ཡེ་ཤེས་ཀྱང་མཐོང་སྒོམ་གཉི་ག་ལ་བྱ་ཞིང་ཞིབ་ཏུ་དཔྱད་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཞེས་གསུངས་པའི་ཕྱིར་དེ་དག་གི་ཡེ་ཤེས་ཀྱང་གཉེན་པོའི་ཁོངས་སུ་གཏོགས་སོ། །དེ་ལྟར་ལམ་གྱི་བདེན་པའི་མཚན་ཉིད་གསུམ་གང་ལ་གནས་པའི་མཚན་གཞི་ནི་མཐོང་བ་དང་སྒོམ་པའི་ལམ་ཡིན་ཏེ། དེ་གཉིས་ནི་ཆོས་ཀྱི་སྐུ་འགོག་པའི་བདེན་པ་དེ་འཐོབ་པའི་རྒྱུ་རྣམ་པར་རྟོག་པའི་ཟག་པ་མེད་པའི་ལམ་ཡིན་པའི་ཕྱིར་རོ། །མཐོང་བ་དང་སྒོམ་པ་དང་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབུམ་པ་ལ་སོགས་པ་རྒྱས་འབྲིང་བསྡུས་པའི་མདོ་རྣམས་ལས་

(༣༢༨)ཇི་ལྟར་གནས་པ་བཞིན་དུ་རྟོགས་པར་བྱ་བ་ཡིན་ལ། མངོན་པར་རྟོགས་པའི་རྒྱན་ལས་མཐོང་བའི་ལམ་སྔ་ཕྱིར་གསུངས་པ་རྣམས་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དུ་བཤད་ཅིང་། སྒོམ་པའི་ལམ་ནི་རྣམ་པ་དགུར་བཤད་དེ། དེ་དག་མདོ་དང་བསྟན་བཅོས་ལས་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་པའོ། །དེ་ལ་ཉན་ཐོས་སྡེ་པ་གཞན་མང་པོ་དང་མཛོད་ལས་མཐོང་བའི་ལམ་སྐད་ཅིག་བཅོ་ལྔ་དང་། རྗེས་ཤེས་དང་བཅས་ཏེ་བདེན་པ་མངོན་པར་རྟོགས་པ་སྐད་ཅིག་མ་བཅུ་དྲུག་ཏུ་འདོད་པ་དག་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་རིགས་པ་དྲུག་བཅུ་པ་ལས། གལ་ཏེ་ཆོས་ཤེས་མཇུག་ཐོགས་སུ། །འདི་ལ་བྱེ་བྲག་ཡོད་ན་ནི། །དངོས་པོ་ཤིན་དུ་ཕྲ་བ་ལའང་། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་དགག་པ་མཛད་དེ། དེའི་དོན་ནི་ཉན་ཐོས་པས་མཐོང་བར་བཤད་པའི་བདེན་པ་དེ་དག་བདེན་པ་མ་ཡིན་པས་དེ་དག་བདེན་པའི་དོན་དོན་དམ་པའི་བདེན་པ་ལ་མི་མཁས་པའི་ཕྱིར་བདེན་པ་མཐོང་བ་དངོས་མ་ཡིན་པར་བཞེད་ལ། ཐེག་ཆེན་དུ་ཡང་སློབ་དཔོན་སེང་གེ་བཟང་པོ་ལ་སོགས་པ་དོན་དམ་པའི་བདེན་པ་ལ་ཆ་མེད་པས་མཐོང་ལམ་དངོས་ནི་སྐད་ཅིག་མ་གཅིག་ཡིན་ལ། སྒྲོ་འདོགས་གཅོད་པ་ལ་ལྟོས་ནས་སྐད་ཅིག་མ་བཅུ་དྲུག་གི་ཐ་སྙད་བྱེད་དོ་ཞེས་བཞེད་།།།འདི་དང་མདོ་སྡེའི་རྒྱན་ལ་སོགས་པར་མཐོང་བའི་ལམ་དངོས་ནི་སྐད་ཅིག་མ་གཅིག་ཁོ་ནར་བཞེད་དོ། །

(༣༢༩)ད་ནི་དགེ་འདུན་དཀོན་མཆོག་འཆད་དེ། ཉན་ཐོས་ཀྱི་དབང་དུ་བྱས་ནས་བ་ར་ཎཱ་སིར་འཕགས་པའི་བདེན་པ་བཞིའི་ལུང་གི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་ཀུན་ཤེས་ཀཽ་དི་ནྱ་ལ་སོགས་པའི་ལྔ་སྡེ་དང་། ཉེ་བའི་ལྔ་སྡེ་དང་། ལྷ་བརྒྱད་ཁྲི་ལ་སོགས་པ་རྣམས་ལ་འཕགས་པའི་ལམ་ཡང་དག་པར་སྐྱེས་པ་ནི་རྟོགས་པའི་ཆོས་ཀྱི་འཁོར་སྟེ། དེ་ལས་ཕྱིས་སྔོན་གྱི་ཆོ་ག་བྱེད་པ་ལ་སོགས་པ་ལ་མཐུན་པར་གྱུར་བའི་དགེ་སློང་བཞི་ཡན་ཆད་ལ་དགེ་འདུན་དཀོན་མཆོག་ཏུ་གྲགས་པ་དེ་བྱུང་སྟེ། ཐེག་པ་ཆེན་པོ་ལ་ནི་མངོན་པར་སངས་རྒྱས་ནས་སྐྱེ་བོ་སྤོངས་ལ་མངོན་པ་དང་མི་མངོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གཏམ་རྒྱུན་མི་འཆད་པ་ནི་ལུང་གི་ཆོས་དཀོན་མཆོག་གོ །དེའི་དོན་ཉམས་སུ་བླངས་པ་ལས་ཐར་བའི་ཆ་དང་མཐུན་པ་ལ་སོགས་པ་སྐྱེ་བའི་རིམ་གྱིས། ངེས་འབྱེད་ཡན་ལག་ནས་གཟུང་སྟེ། །མཐོང་དང་སྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཤེས་བྱ་བའི་དགེ་འདུན་དཀོན་མཆོག་གི་རྣམ་པར་གཞག་པ་ཡང་མཛད་མོད་ཀྱི། འདིར་ནི་སའི་ཡེ་ཤེས་ཆེན་པོ་ཟག་པ་མེད་པ་སྐྱེ་བ་དེ་ནི་འདིར་མངོན་པར་རྟོགས་པའི་ཆོས་ཀྱི་འཁོར་ལོའོ། །མངོན་པར་རྟོགས་པ་སྐྱེས་པས་རྟེན་གྱི་ལུས་དང་ཡིད་རྣམ་པར་བྱང་བའི་རང་བཞིན་ཁྱད་པར་ཅན་དུ་བྱས་པའི་གང་ཟག་དེ་ལ་དགེ་འདུན་དཀོན་མཆོག་ཅེས་བརྗོད་དོ། །དེ་ལྟ་བུའི་ཚུལ་གྱིས་ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་དེ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་། རང་གི་ས་ལ་དོགས་མེད་རྟག་

(༣༣༠)ཏུ་རི་རབ་འདྲ། ཞེས་བྱ་བའི་ཚུལ་གྱིས་སངས་རྒྱས་དང་ཆོས་གཉིས་ལས་ནམ་དུ་ཡང་དབྱེ་བར་མི་ནུས་པའི་ཕྱིར་ཚོགས་སམ་དགེ་འདུན་གྱི་སྒྲས་བརྗོད་དེ། དེ་ལྟ་བུའི་དཀོན་མཆོག་དེ་འབྱུང་བས་རྒྱུ་དང་འབྲས་བུ་དོན་གྱི་རིམ་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དེ་ཉིད། སེམས་དེ་རང་བཞིན་འོད་གསལ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ཚོགས་རྣམས་ཀྱི་བདག་པོའི་རྐྱེན་ཡིན་ཞིང་། དེ་དག་ཀྱང་དེའི་བདག་པོའི་འབྲས་བུ་ཡིན་ལ། སོ་སོའི་སྐྱེ་བོ་དག་པ་ནི་དོན་དགེ་འདུན་གྱི་ཡོན་ཏན་རྟོགས་པའི་བློ་ལས་དགེ་འདུན་གྱི་ཡོན་ཏན་བརྗོད་པའི་གསུང་རབ་རྣམས་འབྱུང་སྟེ། དེ་ལ་དོན་དེ་བདག་པོར་བྱས་པས་ཚིག་རྣམས་དོན་དེ་དང་དེའི་དབང་དུ་བྱས་ཤེས་བརྗོད་དོ། །དེ་བས་ན་ཆོས་དེའི་རྗེས་ཐོགས་སུ་དགེ་འདུན་དེའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལ། རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད། ཅེས་བྱའོ། །འདིས་ཅི་བསྟན་ཞེ་ན། ཇི་བཞིན་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །འདིས་ནི་མདོར་བསྡུ་ན་ཇི་ལྟ་བ་བཞིན་ཡོད་པ་དང་ཇི་སྙེད་ཡོད་པ་སྟེ། རྒྱུ་གཉིས་ཀྱིས་འཇིག་རྟེན་ལས་

(༣༣༡)འདས་པའི་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པའི་ཕྱིར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་དཀོན་མཆོག་བླ་ན་མེད་པའི་ཡོན་ཏན་དང་ལྡན་པ་ཉིད་བསྟན་ཏོ། །ཇི་ལྟར་བསྟན་ཞེ་ན། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས། ཤེས་བྱ་བ་འདིས་ནི། མདོར་བསྡུ་ན་ཇི་ལྟ་བ་བཞིན་དུ་ཡོད་པ་གཟིགས་པར་བསྟན་ཏེ། འགྲོ་བ་ཞི་བའི་ཆོས་ཉིད་དུ། རྟོགས་པར་བསྟན་པའི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་ཡོད་པར་གཟིགས་པ་དེ་ཡང་ཕྱེ་ན་གཏན་ཚིགས་གཉིས་ཀྱི་བསྟན་པ་ཡིན་ཏེ། སེམས་དེ་རང་བཞིན་འོད་གསལ་བས། ཤེས་བྱ་བ་འདིས་འགྲོ་བ་རང་བཞིན་གྱིས་ཡོངས་སུ་དག་པར་བསྟན་པའི་ཕྱིར་དང་། ཉོན་མོངས་ངོ་བོ་མེད་གཟིགས་པས། །ཤེས་བྱ་བ་འདི་ཉོན་མོངས་གདོད་ནས་ཟད་པར་བསྟན་པའི་ཕྱིར་རོ། །ཐམས་ཅད་ལ་རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས། ཤེས་བྱ་བ་འདིས་ཇི་སྙེད་ཡོད་པ་གཟིགས་པར་བསྟན་ཏེ། ཤེས་བྱའི་མཐར་ཐུག་རྟོགས་པའི་བློས་ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། སེམས་ཅན་ཐམས་ཅད་ལ་ཡོད་པར་བསྟན་པའི་ཕྱིར་རོ། །སྒྲིབ་པ་མེད་པ་ཞེས་བྱ་བ་འདིས། རྒྱུ་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པར་བསྟན་ཏེ། ཇི་ལྟ་ཇི་སྙེད་དེ་ལྟར་རྟོགས་པ་གང་ཡིན་པ་དེ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ཉིད་ཡིན་པས་ཇི་ལྟ་བ་ལ་ཆགས་པ་མེད་པའི་ཕྱིར་དང་། དྲི་མ་མེད་པའི་དབྱིངས་ཇི་སྙེད་པ་ལ་ཐོགས་པ་མེད་པའི་ཕྱིར་ཡེ་ཤེས་དེ་དག་པ་ཉིད་དུ་བསྟན་པའི་ཕྱིར་རོ། །བློ་མངའ་བ། སེམས་ཅན་

(༣༣༢)རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ། ཞེས་བྱ་བ་འདིས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་དཀོན་མཆོག་བླ་ན་མེད་པའི་ཡོན་ཏན་དང་ལྡན་པ་ཉིད་བསྟན་ཏེ། ཡེ་ཤེས་ཀྱི་གཟིགས་པ་དག་པས་ན་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་མཐུན་པར་གནས་པ་བསྟན་པའི་ཕྱིར་རོ། །དོན་གྱིས་ན་འཕགས་པའི་ཕྱིར་མི་ལྡོག་པ་ནི་ལུས་ཅན་ཀུན་གྱི་སྐྱབས་ཡིན་པར་ཡང་བསྟན་ཏོ། །འདུད་ཅེས་བྱ་བ་གསུམ་པོ་དག་གིས་ནི་ཡོན་ཏན་གཟིགས་པས་རྗེ་བཙུན་ལ་དང་བ་འཁྲུངས་པར་བསྟན་ཏོ། །ད་ནི་ཇི་ལྟར་བསྟན་པའི་གཞུང་དེ་དག་གི་འགྲེལ་བ་རྣམ་པར་བཤད་པར་བྱ་བ་ལས། ཐོག་མར་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་བཤད་པ་ནི། དེ་ལ་ཇི་ལྟ་བཞིན་ཡོད་པ་ཉིད་ནི་ཆོས་དང་གང་ཟག་ཅེས་བྱ་བའི་འགྲོ་བ་ཐམས་ཅད་ཀྱི་བདག་མེད་པའི་མཐའ་ཇི་ལྟ་བ་བཞིན་རྟོགས་པ་ལས་རིག་པར་བྱའོ། །གཏན་དུ་གཟོད་མ་ནས་ཞི་བའི་ངོ་བོ་ཉིད་ཀྱིས་གང་ཟག་དང་ཆོས་འཇིག་པ་མེད་པའི་ཚུལ་དུ་རྟོགས་པ་དེ་ཡང་མདོར་བསྡུ་ན་རྒྱུ་གཉིས་ལས་སྐྱེ་སྟེ། སེམས་རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ཕྱིར་དང་། དེའི་ཉེ་བའི་ཉོན་མོངས་པ་གདོད་མ་ནས་ཟད་ཅིང་འགགས་པར་མཐོང་བའི་ཕྱིར་རོ། །དེ་ལ་སེམས་རང་བཞིན་གྱིས་འོད་གསལ་བ་གང་ཡིན་པ་དང་། དེའི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་གང་ཡིན་པ་འདི་གཉིས་ནི་དགེ་བ་དང་མི་དགེ་བའི་སེམས་དག་ལས་གཅིག་རྒྱུ་བས་སེམས་གཉིས་པ་མཚམས་སྦྱོར་བ་མེད་པའི་ཚུལ་གྱིས་ཟག་པ་མེད་པའི་དབྱིངས་ལ་མཆོག་ཏུ་རྟོགས་པར་དཀའ་བ་ཡིན་ནོ། །དེའི་ཕྱིར་ན་བཅོམ་ལྡན་འདས་དགེ་བའི་སེམས་ནི་

(༣༣༣)སེམས་ལ་མི་རེག་ལ་སྐད་ཅིག་མ་སྟེ། ཉོན་མོངས་པ་དག་གིས་ཉོན་མོངས་པར་མི་འགྱུར་རོ། །མི་དགེ་བའི་སེམས་ནི་སྐད་ཅིག་མ་སྟེ། སེམས་དེ་ནི་ཉོན་མོངས་པ་དག་གིས་ཉོན་མོངས་པ་མ་ལགས་པ་ཉིད་དོ། །བཅོམ་ལྡན་འདས་ཉོན་མོངས་པས་ནི་སེམས་ལ་མི་རེག་ལ། སེམས་ཉོན་མོངས་པ་ཡང་མ་ལགས་ན། བཅོམ་ལྡན་འདས་འདི་ལ་ཅི་ལྟར་རེག་པའི་ཆོས་ཅན་མ་ལགས་པའི་སེམས་མུན་པས་ཉོན་མོངས་པར་འགྱུར། བཅོམ་ལྡན་འདས་ཉེ་བའི་ཉོན་མོངས་པ་ནི་མཆིས་ལ། ཉེ་བར་ཉོན་མོངས་པར་གྱུར་བའི་སེམས་ནི་མ་མཆིས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་མོད་ཀྱི་རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་ཉེ་བར་ཉོན་མོངས་པའི་དོན་ནི་རྟོགས་པར་དཀའོ་ཞེས་གསུངས་ཏེ། ཇི་ལྟ་བ་བཞིན་དུ་ཡོད་པ་ནས་བརྩམས་ཏེ། རྟོགས་པར་དཀའ་བའི་བར་རྒྱས་པར་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །ཞེས་བྱ་བ་སྟེ། དེ་ཡང་ཆོས་དང་ཞེས་བྱ་བ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ཤེས་རབ་སྤྲོས་བྲལ་གྱི་རྣལ་འབྱོར་བསྟན་ཏོ། །གཏན་དུ་ཞེས་བྱ་བ་ནས། ཟད་ཅིང་འགགས་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་དེའི་རྒྱུ་བསམ་གཏན་རྩེ་གཅིག་གི་རྣལ་འབྱོར་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་རྒྱས་པར་བཤད་དོ། །དེ་ལ་བློའི་ཡུལ་དུ་འགྲོ་བའི་ཤེས་པར་བྱ་བ་ཐམས་ཅད་ནི་གང་ཟག་དང་ཆོས་ཤེས་བྱ་བ་གཉིས་སུ་འདུས་ལ། དེ་གཉིས་ཀྱི་བདག་མེད་པའི་མཐའ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་པས་

(༣༣༤)ཇི་ལྟ་བ་བཞིན་དུ་ཡོད་པ་ཞེས་བྱ་སྟེ། དེ་རྟོགས་པའི་གཏན་ཚིགས་ལས་ཇི་ལྟ་བ་བཞིན་དུ་ཡོད་པ་གཟིགས་པའི་ཐ་སྙད་དུ་རིག་པར་བྱ་བ་ནི་འཕགས་པ་འདིས་ཇི་ལྟ་བ་བཞིན་དུ་ཡོད་པ་གཟིགས་ཏེ། འགྲོ་བ་ཀུན་བདག་གཉིས་ཀྱིས་སྟོང་པར་གཟིགས་པའི་ཕྱིར་ཞེས་བྱའོ། །དེ་ལ་གང་ཟག་ནི། མི་པའི་མདོ་ལས། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། །གསུམ་འདུས་པ་ནི་རེག་པའོ། །ལྷན་ཅིག་སྐྱེས་པ་ནི་ཚོར་བ་དང་འདུ་ཤེས་དང་སེམས་པ་དག་སྟེ། དེ་ལྟར་ན་གཟུགས་ཅན་མ་ཡིན་པའི་ཕུང་པོ་དེ་བཞི་དང་། གཟུགས་ཅན་མིག་གི་དབང་པོ་དང། །དེ་སྙེད་ཅིག་ལ་མི་ཉིད་ཅེས་བྱའོ། །ཞེས་གསུངས་པས་མི་ཉིད་ཅེས་བྱ་བས་མཚོན་ནས་ལྷ་དང་ཀླུ་ལ་སོགས་པ་ལ་གང་ཟག་ཅེས་བྱ་ཞིང་། དེ་ཡང་བཏགས་པ་ཙམ་ཡིན་ཏེ། མདོ་དེ་ཉིད་ལས་དགེ་སློང་དག་དེ་ལྟར་ན་འདི་དག་ནི་མིང་ཙམ་འདི་དག་ནི་ཁས་འཆེ་བ་ཙམ། འདི་དག་ནི་ཐ་སྙད་ཙམ་སྟེ། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་དབུ་མ་ལ་འཇུག་པ་ལས། །གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ། །རླུང་དང་ནམ་མཁའ་རྣམ་ཤེས་ཞེས་བྱ་བ། ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི། །རྟེན་དྲུག་དག་ལ་བརྟེན་ནས་ཉེར་བསྟན་ཞིང་། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་གཟུང་ནས། །ངེས་གསུངས་དེ་ཕྱིར་དེ་ནི་དེ་རྣམས་དང་། །དེ་ཉིད་མ་ཡིན་ཚོགས་ཙམ་ཉིད་མིན་ཏེ། །དེ་ཕྱིར་ངར་འཛིན་བློ་དེ་རྣམས་ལ་མིན། །ཞེས་གང་ཟག་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་གྱི་བཏགས་ཡོད་དོ། །དངོས་ནི་སློབ་དཔོན་

(༣༣༥)ཕལ་ཆེར་སེམས་སམ་རྣམ་པར་ཤེས་པ་ལ་བདག་དངོས་སུ་འཇོག་སྟེ། སློབ་དཔོན་ལེགས་ལྡན་འབྱེད་དང་། སློབ་དཔོན་ཟླ་བ་གྲགས་པ་དང་། སློབ་དཔོན་ཞི་བ་འཚོ་དང་། སློབ་དཔོན་རྒྱལ་བའི་སྲས་རྣམས་ཀྱིས་བཤད་དོ། །རྟེན་དེ་དག་སྔ་མར་བྱས་པའི་ལས་དང་ཉོན་མོངས་པས་གང་ཞིང་སྲིད་པ་གཞན་དུ་འགྲོ་བ་ན་ཟག་པར་འགྱུར་བས་གང་ཟག་ཅེས་བྱའོ་ཞེས་ནི་སློབ་དཔོན་སེང་གེ་བཟང་པོས་བཤད་དོ། །སློབ་དཔོན་ཐོགས་མེད་ཀྱིས། །ས་བོན་previous hit ཀུནགཞིརྣམཤེས next hit་ཀྱི། །རྒྱུན་ལ་གང་ཟག་ཅེས་བརྗོད་དེ། །མཚན་ཉིད་འཛིན་ལ་ཆོས་ཤེས་བརྗོད། །ཅེས་བྱ་བའི་མདོ་ཚད་མར་བྱས་ནས་རྣམ་པར་ཤེས་པ་དག་གི་ནང་ནས་ཀྱང་previous hit ཀུནགཞིརྣམ་པར་ཤེས next hit་པ་ལ་བདག་གམ་གང་ཟག་ཏུ་བརྗོད་པར་མཛད་དོ། །དེ་ལྟར་ན་བཏགས་པ་ཙམ་གྱི་གང་ཟག་ནི་ཚོགས་སྤྱི་ཡིན་ལ། དེ་བཞིན་དུ་རྫས་བརྒྱད་འདུས་པ་ལ་བུམ་པར་བཏགས་པ་ཡང་ཚོགས་ཀྱི་སྤྱི་སྟེ། དེ་བདེན་པར་མེད་པར་གཏན་ལ་ཕབ་པ་དེ་ཡང་གང་ཟག་གི་བདག་མེད་པ་གཏན་ལ་ཕབ་པར་སློབ་དཔོན་ཟླ་བ་གྲགས་པ་བཞེད་དོ། །སྤྱི་ཙམ་བརྗོད་པར་འདོད་པ་མ་ཡིན་པར་རང་གི་མཚན་ཉིད་སོ་སོར་འཛིན་པ་ལ་ཆོས་ཤེས་བྱ་སྟེ། ངེས་པའི་ཚིག་ཀྱང་དེ་ཉིད་དོ། །གང་ཟག་དང་ཆོས་དེ་དག་གི་བདག་ཅེས་བྱ་བ་གང་གཟུང་བས་ལྟ་བར་འགྱུར་བའི་བདག་དེ་ནི་རང་རང་གི་ཐུན་མོང་མ་ཡིན་པའི་ངོ་ཏི་སྟེ། ལང་ཀར་གཤེགས་པ་ལས། བློ་ཡིས་རྣམ་པར་གཞིགས་ན་ནི། །ངོ་བོ་ཉིད་ནི་ངེས་གཟུང་མེད། །དེ་ཕྱིར་དེ་དག་བརྗོད་མེད་དང་། །ངོ་བོ་ཉིད་ནི་མེད་

(༣༣༦)པར་བསྟན། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་ཟླ་བས་བཞི་བརྒྱ་བའི་འགྲེལ་བར། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པ་ཞེས་བྱ་བའོ། །དེ་ལ་གང་ཟག་ཅེས་བྱ་བ་ནི་གང་ཕུང་པོ་ལ་བརྟེན་ནས་བཏགས་པ་སྟེ། དེ་ནི་ཕུང་པོ་དག་ལ་རྣམ་པ་ལྔས་བཙལ་བ་ན་མི་སྲིད་དོ། །ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་བྱ་བའི་དངོས་པོ་རྣམས་སོ། །དེའི་ཕྱིར་ཆོས་དེ་རྣམས་དང་གང་ཟག་ལ་བདག་ཉིད་ཇི་ལྟ་བའི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར་དང་། བརྟེན་ནས་བཏགས་པའི་ཕྱིར་བདག་གི་རང་གི་ངོ་བོ་རང་ལ་རག་ལས་ཤིང་གཞན་ལ་རག་མ་ལས་པ་མ་བྱས་པ་ཡོད་པ་མ་ཡིན་པས་གང་ཟག་དང་ཆོས་རྣམས་རང་བཞིན་མེད་པར་རྣམ་པར་གཞག་གོ །ཞེས་གསུངས་ཏེ། དེ་དག་གིས་ནི་འདིར་ལས་བྱེད་པ་པོ་དང་ལོངས་སྤྱོད་པ་པོ་ལྷ་སྦྱིན་དང་མཆོད་སྦྱིན་ཞེས་བྱ་བ་ཙམ་ཞིག་ནི་བ་ལང་རྫི་ནས་འཕགས་པའི་བར་ལ་གྲུབ་པ་ཡིན་ཏེ། དེ་ཙམ་ཞིག་མེད་ན་ཐ་སྙད་ཐམས་ཅད་གཏན་ནུབ་པར་འགྱུར་བའི་ཕྱིར་གང་གིས་བསྟན་བཅོས་རྩོམ་པ་དང་། གང་གི་ཆེད་དུ་བསྟན་བཅོས་རྩོམ་པ་སོགས་ཐམས་ཅད་ཆད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཐམས་ཅད་ལ་བྱེད་པ་པོར་སྣང་བའི་གང་ཟག་ཅེས་བྱ་བ་འདི་རྣམ་པར་རྟོག་པས་ཆོས་གཞན་ལ་བཏགས་པའི་བཅོས་མ་ཡིན་ནམ་མ་བཏགས་ཏེ་རང་གི་ངོ་བོ་གཙང་མ་ཞིག་

(༣༣༧)ཡོད་སྙམ་དུ་དཔྱོད་པར་བྱེད་དེ། ངོ་བོ་ཉིད་དེ་ཡོད་པར་གྱུར་ན་གང་ཟག་གི་བདག་ཀྱང་ངོ་བོ་ཉིད་དེ་ཉིད་ལ་བྱ་བས་གང་ཟག་གི་བདག་ཡོད་པར་འགྱུར་ལ། གལ་ཏེ་ཡོད་ན་ནི་འཇིག་ཚོགས་ལ་ལྟ་བ་ཕྱིན་ཅི་ལོག་མ་ཡིན་པས་ཉེས་པའི་རྩ་བ་མ་ཡིན་པར་འགྱུར་ན། ཉེས་པའི་རྩ་བ་ནི་ཡིན་ཏེ། མི་སྐྱེ་བར་བྱ་བ་ལ་འབད་དགོས་སོ། །དེ་མི་སྐྱེ་བར་བྱ་བ་ཡང་བདག་མེད་པར་ཤེས་པའི་ཤེས་རབ་ཀྱིས་བདག་ཏུ་ལྟ་བའི་ཡུལ་སུན་ཕྱུང་བ་ལ་རག་ལས་ཏེ། སློབ་དཔོན་ཆོས་ཀྱི་གྲགས་པས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་གསུངས་ལ། སློབ་དཔོན་ཟླ་བས་ཀྱང་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་བ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་ཏེ། མདོར་ན་མང་པོས་བཀུར་བ་ལ་སོགས་པའི་སྡེ་བ་འགའ་ཞིག་མ་གཏོགས་པར་བྱེ་བྲག་ཏུ་སྨྲ་བ་ནས་དབུ་མ་པའི་བར་དུ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཐར་བ་ཐོབ་པར་བྱ་བའི་ཕྱིར་བདག་མེད་པ་སྒོམ་པ་ལ་ཤིན་དུ་བརྩོན་པར་བྱ་བ་ཡིན་ནོ། །དེ་ལ་བརྩོན་པར་བྱེད་པ་ན་རིགས་པས་ཡུལ་བདག་སུན་ཕྱུང་ནས་བདག་མེད་པར་སྒོམ་པར་བྱེད་པ་དང་། ཡང་གཞན་དག་འོད་སྲུང་གིས་ཞུས་པའི་མདོ་ལས་དང་པོར་ཡུལ་སུན་འབྱིན་པ་དེ་ནི་ཁྱི་རྡོ་བ་ལ་སྙེག་པ་ལྟ་བུ་ཡིན་ལ། བདག་ཏུ་ལྟ་བ་ཉིད་རྣམ་པར་མི་རྟོག་པའི་སེམས་ཀྱིས་གཞིག་པ་ནི་སེང་གེ་རྡོ་འཕེན་པ་པོ་ལ་སྙེག་པ་

(༣༣༨)ལྟ་བུ་ཡིན་པས་ཚུལ་ཕྱི་མ་ལ་འཇུག་པར་གསུངས་པ་ལྟར་རྣམ་པར་མི་རྟོག་པའི་མངོན་སུམ་གྱིས་བདག་ལྟ་ཉིད་གཞིག་པར་མཛད་པ་སྟེ་ལུགས་གཉིས་སོ། །ཕྱག་རྒྱ་ཆེན་པོ་བ་དག་ནི་ལུགས་ཕྱི་མ་གཟུང་ནས་བདག་ཏུ་ལྟ་བའི་རྣམ་པར་རྟོག་པ་སྐྱེས་པ་ན་རྣམ་རྟོག་དེ་སྤོང་བ་དང་དེ་ལ་རིགས་པས་དཔྱོད་པའི་རྣམ་རྟོག་ཕྱི་མ་མི་བསྐྱེད་པར་སྔར་རྩེ་གཅིག་གི་རྣལ་འབྱོར་ཐོབ་པའི་སེམས་དེ་ཉིད་ཀྱིས་བདག་ཏུ་རྟོག་པ་དེ་ལ་ལྟ་བ་ཙམ་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་ན་ཡང་ལུགས་དེ་ལ་མོས་པ་མེད་པ་དང་བློའི་མཐུ་ཡང་མེད་པ་དག་ལ་ནི་བདག་མེད་པར་རྗེས་སུ་དཔྱོད་པའི་རྗེས་སུ་དཔག་པ་ཉིད་ལ་བརྟེན་ནས་གོམས་པར་བྱེད་པ་ཡང་ལམ་བཟང་པོ་ཡིན་ཏེ། དེའི་ཕྱིར་རྗེ་བཙུན་གྱིས་མདོ་སྡེའི་རྒྱན་ལས། གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །མི་དམིགས་ཕྱིན་ཅི་ལོག་པ་དང་། །ཀུན་ནས་ཉོན་མོངས་ཉོན་མོངས་རྒྱུ། ༡ །ཉེས་པ་གཉིས་ཕྱིར་དེ་ལས་འདི། །གཅིག་དང་གཞན་དུ་བརྗོད་བྱ་མིན། །ཕུང་པོ་བདག་ཏུ་ཐལ་བ་དང་། །དེ་རྫས་ཉིད་དུ་ཐལ་འགྱུར་ཕྱིར། ༢ །གལ་ཏེ་རྫས་ཡོད་བརྗོད་མིན་པའི། །དགོས་པ་ཡང་ནི་བརྗོད་དགོས་སོ། །གཅིག་དང་གཞན་དུ་བརྗོད་མིན་པའི། །དགོས་པ་མེད་པར་མི་རིགས་སོ། ༣ །མཚན་ཉིད་དང་ནི་འཇིག་རྟེན་ན། །མཐོང་ཕྱིར་བསྟན་བཅོས་སྒོ་ནས་ཀྱང་། །བུད་ཤིང་མེ་བཞིན་གཉིས་སུ་ནི། །བརྗོད་མིན་མི་རུང་དམིགས་ཕྱིར་རོ། ༤ །གཉིས་ཡོད་རྣམ་ཤེས་སྐྱེ་བའི་ཕྱིར། །དེ་རྐྱེན་མ་ཡིན་དོན་མེད་ཕྱིར། །དེ་ཕྱིར་ལྟ་བ་པོ་ནས་ནི། །གྲོལ་བའི་བར་དུ་མི་འགྱུར་རོ། ༥ །

(༣༣༩)བདག་པོ་ཉིད་གཅིག་ཡིན་ན་ནི། །མི་རྟག་མི་འདོད་འབྱུང་མི་བྱེད། །དེ་ལས་མཚན་ཉིད་སྒྲུབ་དགོས་ཏེ། །རྫོགས་པའི་བྱང་ཆུབ་གསུམ་ལ་གནོད། ༦ །ཉེས་པ་གསུམ་ཕྱིར་ལྟ་སོགས་ལ། །དེ་ཡི་བྱེད་པ་རང་འབྱུང་མིན། །བྱེད་པ་དེ་ཡི་རྐྱེན་ཅན་ཡང་། །ལྟ་སོགས་བྱེད་པ་མེད་པ་ཡིན། ༧ །བྱེད་པོ་མིན་ཕྱིར་མི་རྟག་ཕྱིར། །ཅིག་ཅར་རྟག་ཏུ་འཇུག་པའི་ཕྱིར། །ལྟ་ལ་སོགས་པ་བྱེད་པ་ནི། །རང་བྱུང་ཉིད་དུ་མི་འབྱུང་ངོ་། ༨ །དེ་བཞིན་གནས་དང་ཞིག་པ་ནི། །སྔ་ན་མེད་དང་མི་རྟག་དང་། །ཕྱོགས་གསུམ་པ་ཡང་མེད་པའི་ཕྱིར། །རྐྱེན་ཉིད་དུ་ནི་མི་རུང་ངོ་། ༩ །འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་དམ་པའི་དོན་དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར་བཤད་པ་ཁོ་ན་ཡིན། ༡༠ །ཀུན་ནས་ཉོན་མོངས་རྣམ་བྱང་བའི། །གནས་སྐབས་ཡོད་པའི་བྱེ་བྲག་དང་། །འཇུག་དང་རྒྱུན་གྱི་བྱེ་བྲག་ཀྱང་། །གང་ཟག་གིས་ནི་ཉེ་བར་བསྟན། ༡༡ །བདག་ཏུ་ལྟ་བ་བསྐྱེད་མི་དགོས། །གོམས་པ་ཐོག་མ་མེད་དུས་ཅན། །གང་ཟག་ཡོད་ན་ཐམས་ཅད་ནི། །།།ཐར་བའམ་ཐར་བ་མེད། ༡༢ །ཅེས་གསུངས་པ་ནི་གང་ཟག་གི་བདག་མེད་པ་གཏན་ལ་དབབ་པའི་དབང་དུ་བྱས་པ་སྟེ། དེ་ཡང་བདག་ཅེས་བྱ་བའི་སྒྲ་འཇིག་རྟེན་དང་བསྟན་བཅོས་ལས་རྣམ་པ་གཉིས་སུ་།།།སྟེ། གྲོང་ཁྱེར་སེར་སྐྱའི་བདག་པོ་ནི་ཟས་གཙང་མའོ་ཞེས་བྱ་བ་ལྟར་ཆོས་འགའ་ཞིག་ལ་དབང་བྱེད་པས་བདག་ཅེས་བརྗོད་པ་དང་། བདག་འགྲོ་བ་ལྟར་བྲམ་ཟེ་གཞན་ཡང་འགྲོའོ་ཞེས་པ་ལྟར་བདག་གི་སྒྲ་

(༣༤༠)རང་གི་སྒྲའི་རྣམ་གྲངས་སུ་བརྗོད་པའོ། །དབང་བྱེད་པའི་བདག་དེའི་མཚན་ཉིད་ནི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་བར། འདི་ལྟར་དགེ་བ་དང་མི་དགེ་བའི་ལས་ཐ་དད་པ་རྣམས་ཀྱི་བྱེད་པ་པོ་དང་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་འདོད་པ་དང་། མི་འདོད་པའི་ཟ་བ་པོ་དང་། གང་ཡང་ཕུང་པོ་སྔ་མ་ཡོངས་སུ་དོར་ནས་ཕུང་པོ་གཞན་ལེན་པས་འཁོར་བ་པ་དང་། གྲོལ་བ་གང་ཡིན་པ་དེ་བདག་ཡིན་ནོ། །ཞེས་པ་འདི་ནི་བདག་གི་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་ཡང་ངའོ། །ལྷ་སྦྱིན་ནོ། །མཆོད་སྦྱིན་ནོ་སྙམ་དུ་ཤེས་པའི་ཡུལ་གང་ཡིན་པ་དེ་ལ་འཇིག་རྟེན་ན་བདག་དང་། སེམས་ཅན་དང་། སྐྱེས་བུ་ལ་སོགས་པར་བརྗོད་དོ། །དེ་ཡང་ཇི་ལྟར་འཚམ་པའི་ང་ཡི་བ་ལ་དབང་བྱེད་པས་འདི་ནི་འདི་དག་གི་བདག་པོ་ཡིན་ནོ་ཞེས་པའི་ཐ་སྙད་ཀྱི་ཡུལ་དེ་ནི་གཞིར་བྱས་ནས་འཇིག་རྟེན་གྱི་མཁས་པ་དག་གིས་དེའི་ཁྱད་པར་རྟག་པ་དང་། གཅིག་པུ་དང་། རང་དབང་ཅན་དུ་བརྗོད་དོ། །དེ་ལ་རྟག་པའི་དོན་ནི་ངས་ལོ་བཅུའི་བར་དུ་ཞིང་ལས་བྱས་སོ། །ལོ་བཅུ་གཅིག་པ་ལ་ནི་དེ་བཤོལ་ཏེ་ལོ་ཉི་ཤུའི་བར་དུ་ཚངས་པར་སྤྱོད་པ་སྤྱད་དོ་ཞེས་ཞིང་ལས་བྱེད་པ་པོ་དང་ཚངས་པར་སྤྱོད་པ་པོ་གཉིས་ཀ་ཉེར་སྦས་ཉིད་དོ་ཞེས་བྱ་བ་ནི་གཅིག་ཉིད་ཀྱིས་དུས་རིང་པོར་བྱ་བ་སྣ་ཚོགས་བྱེད་པར་འཇོག་པས་དེ་ཙམ་ལ་རྟག་ཅེས་བྱའོ། །དང་པོར་ཞིང་ལས་བྱེད་པ་པོ་གང་ཡིན་པ་དེ་ཉིད་ཕྱིས་ཚངས་པར་སྤྱོད་པ་པོ་ཡིན་ཞེས་སྔ་ཕྱི་གཅིག་པ་དང་། འདི་ན་རྟ་བརྒྱ་ཡོད་ཀྱང་དེ་ནི་ཉེར་སྦས་གཅིག་པུའི་ཡིན་གྱི་ནག་པའི་ནི་མ་ཡིན་ནོ་ཞེས་མང་པོ་གཅིག་གི་ཡིན་པར་འཛིན་པ་འདི་ནི་གཅིག་

(༣༤༡)གི་ཐ་སྙད་ཀྱི་རྒྱུ་མཚན་ནོ། །འདི་དག་ཉེར་སུས་ཁོ་ནའི་ཡིན་གྱི་ནག་པའི་མ་ཡིན་ནོ་ཞེས་བྱ་བ་ནི་རང་དབང་གི་ཐ་སྙད་ཀྱི་ཡུལ་ལོ། །འདི་ལྟ་བུ་དག་ནི་འཇིག་རྟེན་གྱི་གྲགས་པས་གྲུབ་པ་ཡིན་ལ། འཇིག་རྟེན་གྱི་གྲགས་པ་དེ་ཉིད་ཚད་མར་བྱས་ནས་རྒྱུ་དང་འབྲས་བུ་ལ་ངེས་པ་རྙེད་པའི་བསྟན་བཅོས་བྱེད་པ་དག་གིས་ལས་བྱེད་པ་པོ་ཉིད་ཀྱིས་འབྲས་བུ་མྱོང་ཞེས་བྱ་བ་དང་། འདི་ནི་དགེ་བའི་ལས་ཀྱིས་མིའི་ཕུང་པོ་ཡོངས་སུ་དོར་ནས་ལྷའི་ལུས་སུ་འགྱུར་ལ། དེ་ནས་ནི་སྲེད་པ་ཟད་དེ་ཕུང་པོ་འདི་ཐམས་ཅད་ཡོངས་སུ་དོར་ཏེ་ཐར་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་མང་དུ་བརྗོད་དོ། །དེ་ལྟ་བུའི་བདག་དང་སེམས་ཅན་ལ་སོགས་པ་རྣམས་ནི་ཚད་མས་གྲུབ་པའི་ཕྱིར་ཚད་མ་གཞན་སུས་ཀྱང་དེ་འགོག་པར་ཡང་མི་བྱེད་ལ། བཀག་ན་ཡང་མི་ཁེགས་སོ། །ཆོས་ཅན་དེ་ལ་ཕྱིས་ཅི་ཞིག་བཏགས་ཏེ། གཟུང་བས་འཁོར་བར་འགྱུར་བ་དང་། གཟུང་ཉེས་པས་འཁོར་བར་གྱུར་བ་དེའི་གཉེན་པོ་དེ་དང་འཛིན་སྟངས་འགལ་བ་ཞིག་ཚོལ་བར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་འགྲེལ་ལས། ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་ན་ནི་དཔྱོད་པ་འཇུག །ཅེས་གསུངས་པས་དཔྱད་གཞི་ཚད་མས་མ་གྲུབ་པར་དེའི་སྟེང་དུ་ཚ་ཁྱད་པར་དཔྱོད་པར་བྱེད་པ་ནི་བླུན་པོའི་འཇུག་པ་ཁོ་ན་སྟེ། མཁས་པ་རྣམས་ནི་ཁྱད་པར་གྱི་ཆོས་ལ་དཔྱོད་པ་བྱེད་པའི་སྐབས་མཐོང་བ་ན་ཁྱད་པར་གྱི་གཞི་ཚད་མས་གྲུབ་ཟིན་པར་ངེས་པར་བྱེད་པས། རྣམ་འགྲེལ་ལས། དཔྱད་པ་ཉིད་ཀྱི་སྐབས་ཀྱིས་ནི། །རབ་གྲགས་རྟེན་ནི་གྲུབ་

(༣༤༢)འགྱུར་ཏེ། །རང་འདོད་བརྟགས་པའི་ཁྱད་པར་ཅན། །དངོས་པོ་རྣམས་རྩོད་མེད་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །དེས་ན་བདག་མེད་གཏན་ལ་འབེབས་པའི་སྐབས་ཀྱི་སེམས་ཅན་ཚད་མས་གྲུབ་པ་ན་དེའི་ཁྱད་པར་གྱི་ཆོས་མང་དུ་ཚད་མས་གྲུབ་དགོས་ལ། ཐ་ན། ཕུང་པོ་མ་གཏོགས་དེར་འཛིན་མ་གྲུབ་ཕྱིར། །ཞེས་གསུངས་པས་ཤེས་པས་འཛིན་པ་ན་ཡང་གཞི་ཕུང་པོའི་ཆོས་འགའ་ཞིག་དང་བཅས་ཏེ་ངར་འཛིན་པ་ཡིན་གྱི། ཁྱད་པར་གང་ཡང་བློ་ལ་མ་གཟུང་བར་ང་ཙམ་ཆོས་ཅན་དུ་འཇོག་གོ་ཞེས་བྱ་བ་ལ་ནི་སྒྲ་ཙམ་ཆོས་ཅན་དུ་བྱེད་པར་གསལ་ལོ། །དེ་ལ་གང་གི་གཉེན་པོ་བསྐྱེད་དགོས་པའི་ཉེས་པའི་རྩ་བ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ལ། དེས་ཅི་འདྲ་བ་ཞིག་གཟུང་བས་ཉེས་པ་ཅན་དུ་གྱུར་སྙམ་ན་བློ་རྩིང་བ་འགའ་ཞིག་ནི་ཉེས་པའི་རྩ་བར་འགྱུར་བའི་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་དེ་ཕའི་བུ་ནི་ངའོ། །ང་ནི་ཞག་བདུན་དུ་ཁྱིམ་འདི་ཉིད་ན་འདུག་གོ་སྙམ་པ་ལ་སོགས་པའི་རྟོག་པའི་རྒྱུ་བ་འདི་ཉིད་ལ་འཇིག་ཚོགས་སུ་ལྟ་བར་གཟུང་ནས་དེ་ཅི་ལེགས་སུ་བྱེད་པ་ནི་ཐར་བའི་ལམ་དུ་མི་འགྱུར་བར་མ་ཟད་ཆད་པར་ལྟ་བའི་ཕྱོགས་སུ་ལྷུང་བར་འགྱུར་རོ། །དེ་ལྟ་བུ་མ་ཡིན་པས་འཇིག་ཚོགས་ལ་ལྟ་བ་ནི་ངའམ་ངའི་ཞེས་དེ་ལྟ་བུར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ལ་གསུངས་པས་དེ་ལ་ངར་ལྟ་བའི་དོན་བྱེད་པ་པོ་དང་མྱོང་བ་པོར་མངོན་པའི་ང་དེ་བཏགས་པ་ཙམ་མ་ཡིན་པར་དེའི་རང་གི་ངོ་བོ་ཉིད་རྟོག་པས་མ་བཅོས་པ་ཞིག་ཡོད་པར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དང་དེའི་ང་ཡི་བ་ཡང་མ་བཅོས་པ་ཞིག་ཡོད་པར་འཛིན་པའི་ཤེས་

(༣༤༣)རབ་ཉོན་མོངས་ཅན་ཏེ། ངར་འཛིན་གྱི་འཇིག་ལྟ་དང་ང་ཡིར་འཛིན་པའི་འཇིག་ལྟ་སྟེ་རྣམ་པ་གཉིས་ཡོད་པས་དེ་དག་ཉེས་པའི་གཞིར་གང་ཟག་ཏུ་སྨྲ་བ་འགའ་ཞིག་མ་གཏོགས་པའི་སངས་རྒྱས་པའི་གྲུབ་པའི་མཐའ་སྨྲ་བ་བཞི་པོ་ཐམས་ཅད་བཞེད་དོ། །དེ་ལྟར་ན་ཞིང་དེའི་བདག་པོ་མཆོད་སྦྱིན་ནོ་ཞེས་དབང་བྱེད་པ་པོ་ལ་བདག་ཏུ་བརྟགས་པ་དང་། སྲོག་བཅད་པ་ལས་མཐོ་རིས་སུ་མི་འགྱུར་རོ་ཞེས་བདག་ཁོ་ན་སྨྲ་སྟེ་བྲམ་ཟེ་གཞན་ནི་དེ་ལྟ་མ་ཡིན་ནོ་ཞེས་གཞན་གྱི་ཟླས་དྲངས་པའི་བདག་གཉིས་ཡོད་པ་ལས་འཇིག་ཚོགས་སུ་ལྟ་བས་གཟུང་བའི་ཚད་མའི་གནོད་ཡུལ་ནི་གཞན་གྱི་ཟླས་དྲངས་པའི་བདག་གོ །དེ་ཡང་འཇིག་རྟེན་ན་གཞན་གྱི་ཟླས་དྲངས་པའི་བདག་ཙམ་ནི་ཡོད་ལ། འོན་ཀྱང་འཇིག་ཚོགས་ལ་ལྟ་བས་གཟུང་བའི་བདག་ནི་གཞན་ཟླས་དྲངས་པ་གང་ཞིག །སུ་དང་ཡང་མ་འདྲེས་པའི་རང་གི་མཚན་ཉིད་དེ། དེ་ནི་དགག་པར་བྱའོ། །གཞན་ཟླས་དྲངས་པའི་བདག་ཙམ་ནི་བ་ལང་གིས་ཀྱང་ངེས་སུ་རུང་ལ། དགག་པར་བྱ་བའི་གཞན་ཟླས་དྲངས་པའི་བདག་དེ་ཡང་ཚིག་གི་ཐ་སྙད་ཀྱི་སྒོ་ནས་མི་འཛིན་ཀྱང་དོན་དེ་ལྟ་བུ་ཞིག་རློམ་པས། བྱོལ་སོང་རྣམས་ལ་འཇིག་ཚོགས་ལྟ། །ལྷན་ཅིག་སྐྱེས་ཡོད་ཞི་མ་གྱུར། །ཞེས་གསུངས་པ་ཡིན་ནོ། །དེས་ན་འཇིག་རྟེན་གྱི་ཚད་མས་གྲུབ་པའི་རྟག་གཅིག་རང་དབང་ཅན་ཞེས་བྱ་བ་བདག་གི་ཁྱད་པར་དེ་ལྟ་བུ་ཡོད་ན་ཡང་རྟག་གཅིག་དང་དབང་ཅན་དུ་འཛིན་ན་ལྷན་ཅིག་སྐྱེས་པ་ལས་ཀྱང་ཐལ་ཏེ། མུ་སྟེགས་ཅན་གྱིས་ཀུན་བརྟགས་པའི་ཀུན་བརྟགས་ཀྱི་འཛིན་པ་

(༣༤༤)འགྱུར་རོ་སྙམ་དུ་སེམ་པ་དག་ཀྱང་ཡོད་དོ། །འོ་ན་ལྷན་ཅིག་སྐྱེས་པའི་ལྟ་བ་ལ་བདག་རང་གི་ངོ་བོས་གྲུབ་པར་འཛིན་པ་ནི་ངེས་པར་ཡོད་ན་རྟག་གཅིག་རང་དབང་ཅན་དུ་འཛིན་པ་ཡོད་དམ་མེད་ཅེ་ན། དེའི་ལན་གདབ་པའི་ཕྱིར་ཐོག་མར་འཇིག་ཚོགས་ལ་ལྟ་བ་ཉིད་བཤད་པར་བྱ་སྟེ། མངོན་པ་ཀུན་ལས་བཏུས་ལས། འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་ལྟ་བ་གང་ཡིན་པ་སྟེ། ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་དང་འཇུག་འགྲེལ་ལས་ཀྱང་། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡིར་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་རབ་ཉོན་མོངས་པ་ཅན་ནོ། །ཞེས་གསུངས་ལ། མཛོད་འགྲེལ་དུ། བདག་གམ་བདག་གིར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །འཇིག་པས་ན་འཇིག་པའོ། །བསགས་པས་ན་ཚོགས་ཏེ་མང་པོ་དང་ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་འཇིག་པ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་འཇིག་ཚོགས་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །རྟག་པར་འདུ་ཤེས་པ་དང་རིལ་པོར་འདུ་ཤེས་པ་སྤང་བའི་ཕྱིར་དེ་སྐད་དུ་བཤད་དེ། དེ་དག་ལ་བདག་ཏུ་འཛིན་པ་ནི་དེ་དག་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །འཇིག་ཚོགས་ལ་ལྟ་བས་ན་འཇིག་ཚོགས་ལ་ལྟ་བའོ། །ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ཡིན་མོད་ཀྱི་ཅི་ནས་ཀྱང་འདི་ནི་འཇིག་ཚོགས་ལ་ལྟ་བ་ཡིན་གྱི། བདག་གམ་བདག་གི་ལ་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་བདག་དང་བདག་གིར་

(༣༤༥)ལྟ་བ་ཁོ་ན་འཇིག་ཚོགས་ཀྱི་ལྟ་བར་འཆད་དེ། ཇི་སྐད་དུ་དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་ན་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ལ་ལྟ་བ་ཁོ་ནར་ཟད་དོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་སོ། །དེ་ལ་བདག་གམ་བདག་གི་བར་ལྟ་བ་ལ་མི་སྐྲག་པས་བཟོད་པ་དང་། མ་འོངས་པ་ན་ཡང་དེ་ཐོབ་པར་འདོད་པ་དང་། བདག་དང་བདག་གིར་འབྱེད་པ་བློ་གྲོས་དང་། རིག་པར་བྱ་བའི་རྣམ་པ་ཐོབ་པས་རྟོག་པ་དང་། དེ་ལ་ཡོན་ཏན་དུ་ལྟ་བ་གང་ཡིན་པ་སྟེ། ཉོན་མོངས་པ་ཅན་གྱི་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་སྔོན་གྱི་སློབ་དཔོན་དག་གསུང་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་ཞེས་བྱ་བ་ནི་ཁྱད་པར་གྱི་གཞིའོ། །བདག་གམ་བདག་གིར་ཞེས་བྱ་བ་ནི་ཁྱད་པར་རོ། །ཡང་ཀུན་ལས་བཏུས་ལས། ཅིའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཤེས་བྱ་ཞེ་ན། ཉེ་བར་ལེན་པ་དང་ལྡན་པས་དེའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཤེས་བྱའོ། །ཉེ་བར་ལེན་པ་གང་ཞེ་ན། འདིར་འདུན་པ་དང་འདོད་ཆགས་གང་ཡིན་པའོ། །ཅིའི་ཕྱིར་འདུན་པ་དང་འདོད་ཆགས་ཉིད་ཉེ་བར་ལེན་པ་ཞེས་བྱ་ཞེ་ན། མ་འོངས་པ་དང་ད་ལྟར་གྱི་ཕུང་པོ་མངོན་པར་འགྲུབ་པ་དང་ཡོངས་སུ་མི་གཏོང་བའི་ཕྱིར་ཏེ། མ་འོངས་པ་ལ་འདོད་པ་དང་ད་ལྟར་ལ་ལྷག་པར་ཆགས་པའི་ཕྱིར་རོ། །ཞེས་གསུངས་ཏེ། དེ་དག་གི་དོན་ནི་ཕུང་པོ་རྣམས་ལ་ཉེ་བར་ལེན་པ་ཞེས་ཟེར་བ་

(༣༤༦)ནི་རྒྱུའི་མིང་གིས་འབྲས་བུ་ལ་བཏགས་པ་སྟེ། དེ་ཡང་འདུན་པ་ནི་མ་འོངས་པའི་ཕུང་པོ་མངོན་པར་འགྲུབ་པའི་རྒྱུ་ཡིན་ལ། རྒྱུ་དེ་གཉིས་ཀུན་འབྱུང་གི་གཙོ་བོ་ཡིན་པས་ཕུང་པོ་རྣམས་སྡུག་བསྔལ་དུ་བརྗོད་པར་བཞེད་པས་ཁྱད་པར་དེ་རྣམས་སྨོས་སོ། །ཕུང་པོ་ལྔ་པོ་རྣམས་ལ་མཐོ་ཡོར་མཐོང་བ་ན་མིའི་འདུ་ཤེས་ལྟར་ངའོ་སྙམ་པ་ཚད་མ་དང་ལྡན་པ་ཡང་སེམས་ཅན་གྱི་རྒྱུད་ལ་འཆར་བས་ང་ངོ་བོ་ཉིད་ཀྱིས་གྲུབ་པར་ཡང་དག་པར་རྗེས་སུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་གཅིག་གོ །དེ་རྣམས་ལས་སེམས་ལ་ང་དངོས་ཡིན་པར་ལྟ་ཞིང་ཕུང་པོ་ལྷག་མ་རྣམས་ལ་ང་ཡི་བ་ཡིན་པར་ལྟ་བ་གང་ཞིག །ངོ་བོ་ཉིད་ཀྱིས་ཡིན་པར་ལྟ་བ་དེ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་པས་ལྟ་བ་དེའི་ཡང་ངར་ལྟ་བ་གཅིག་དང་ང་ཡིར་ལྟ་བ་གཅིག་སྟེ། དེ་ལྟར་ན་འཇིག་ཚོགས་ལྟ་བ་གསུམ་མོ། །སེམས་ལ་ངར་འཛིན་པ་ཡང་ཐ་སྙད་པའི་ཚད་མ་དང་ལྡན་པ་གཅིག་དང་དེ་ངོ་བོ་ཉིད་ཀྱིས་གྲུབ་བར་ལྟ་བས་ཕྱིན་ཅི་ལོག་ཏུ་གྱུར་བ་སྟེ་རྣམ་པ་གཉིས་དང་། བདག་གི་བ་ལ་ཡང་དེ་ལྟ་བུ་ཡིན་པས་ངའོ་སྙམ་པ་ལ་སོགས་པའི་བློ་གང་ཡིན་ཐམས་ཅད་ཡང་དག་པའི་ལྟ་བ་དང་འཛིན་སྟངས་འགལ་བའི་ལོག་པར་རྟོགས་པ་ཡིན་ནོ་སྙམ་ནས་སྤོང་བར་བྱེད་པ་དེ་དག་ནི་ཆད་པར་ལྟ་བར་འགྱུར་ཏེ། བདག་སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བའི་སེམས་དེ་ཡང་ལོག་པར་རྟོག་པ་ཡིན་པར་འཛིན་པའི་ཕྱིར་རོ། །དེས་ན་འཇིག་ཚོགས་ལ་ལྟ་བ་ནི་previous hit ཀུནགཞི་དང་ཉོན་མོངས་ཅན་གྱི་ཡིད་ཀྱང་མ་ཡིན་ལ། མིག་ལ་སོགས་པ་སྒོ་ལྔའི་རྣམ་པར་ཤེས next hit་པ་ཡང་མ་ཡིན་ཏེ། ཚོགས་དྲུག་ལས་ཡིད་ཀྱི་

(༣༤༧)།།།རྣམ་པར་ཤེས་པའི་ཚོགས་སུ་གཏོགས་པ་ཁོ་ན་ཡིན་ནོ། །ཡིད་ཀྱང་རྟོག་བཅས་དང་རྟོག་མེད་གཉིས་ལས་ནི་རྟོག་པ་ཁོ་ནའོ། །རྟོག་པ་ལ་ཡང་དོན་འབའ་ཞིག་ལ་རྟོག་པ་དང་བརྡའ་དང་སྦྱར་ཏེ་རྟོག་པ་གཉིས་ལས་བ་ལང་ལ་སོགས་པ་རྣམས་ལ་དོན་འབའ་ཞིག་ལ་རྟོག་པ་ཡིན་ལ། ལྷ་དང་མི་ལ་སོགས་པ་རྣམས་ལ་ནི་བརྡའ་དང་སྦྱར་ཏེ་རྟོག་པ་དང་དོན་འབའ་ཞིག་ལ་རྟོག་པ་གཉི་ག་ཡོད་དོ། །དེ་དག་ལས་གང་ཡིན་ཡང་རུང་སྟེ་ཁྱད་པར་གྱི་གཞི་དང་ཁྱད་པར་གྱི་ཆོས་སྦྱོར་བའི་རྟོག་པ་ཡིན་པས་དོན་སྦྱོར་རྟོག་པ་ཁོ་ན་ཡིན་ཏེ། ཁྱད་པར་གྱི་གཞི་ངའམ་ཕུང་པོ་གཟུང་ནས་དེ་དག་ལ་ངོ་བོ་ཉིད་ཀྱིས་གྲུབ་པར་ལྟ་བ་ཡིན་པའི་ཕྱིར་རོ། །སེམས་ལ་བདག་ཏུ་འདོགས་པར་ནི་སློབ་དཔོན་རྒྱལ་བའི་སྲས་དང་། སློབ་དཔོན་ལེགས་ལྡན་འབྱེད་དང་། སློབ་དཔོན་ཟླ་བ་གྲགས་པ་དང་། སློབ་དཔོན་ཞི་བ་འཚོ་ལ་སོགས་པ་མང་པོས་གསུངས་སོ། །དེ་ལ་ཁོ་བོ་འདི་སྙམ་དུ་སེམས་ཏེ། སློབ་དཔོན་ཟླ་བས་འཇིག་རྟེན་རང་ག་བ་དག་གིས་བདག་དང་ཕུང་པོ་ངོ་བོ་ཉིད་ཀྱིས་ཐ་དད་དུ་མི་འཛིན་པའི་དཔེར། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་བསྐྱེད་སྙམ་རྟོག་བྱེད་ཅིང་། །ཤིང་ཡང་བཙུགས་སོ་སྙམ་དུ་རྟོག་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གསུངས་པ་ནི་ཕུང་པོའི་ཚོགས་སྤྱིར་གྱུར་བའི་ལྷ་སྦྱིན་དང་ལྷ་སྦྱིན་དེའི་ཁུ་བ་ངོ་བོ་ཉིད་ཀྱིས་གཞན་དུ་མི་འཛིན་ནོ་ཞེས་བྱ་བ་འདི་ཡིན་ལ། ཆོས་ཀྱི་གྲགས་པས། མཆོག་གཞན་དོན་དུ་གཉེར་ཕྱིར་དང་། །སྐྱེ་འཇིག་བློ་ཅན་ཉིད་ཀྱི་ཕྱིར། །སྐྱེ་བོས་

(༣༤༨)འདི་ཡི་དབང་སོགས་ལས། །བདག་ནི་ཐ་དད་གྱུར་བར་ཤེས། །ཞེས་གསུངས་པ་དེ་དཔལ་ལྡན་ཟླ་བའི་གཞུང་དང་འགལ་ལོ་སྙམ་དུ་སེམས་པ་དག་ཀྱང་སྣང་ན། ཆོས་ཀྱི་གྲགས་པའི་གཞུང་དེ་ནི་སེམས་ལ་བདག་དངོས་སུ་བྱས་པའི་ཚེ་དེས་ཤའི་གོང་བུ་འདི་དོར་ནས་འགྲོ་བའི་ཕྱིར་དེ་གཉིས་དངོས་པོ་ཐ་དད་དོ་སྙམ་དུ་སེམ་པ་ལ་བརྗོད་པས་དོན་དེ་ཙམ་ལ་སློབ་དཔོན་གཉིས་མི་མཐུན་པ་མ་ཡིན་ནོ་སྙམ་མོ། །ཡང་འདིར་ཕུང་པོ་ལྔ་དམིགས་པར་བྱས་ནས་བདག་དང་བདག་གི་བ་རྣམ་པར་བྱེད་པ་ཡང་ཡོད་མོད་ཀྱི། དེ་ནི་སྒྲ་ཉིད་སྒྲ་མི་རྟག་རྟོགས་ཀྱི་རྗེས་སུ་དཔག་པའི་དམིགས་པ་དང་མི་རྟག་པ་རྣམ་པ་ཡིན་ནོ་ཞེས་བྱ་བའི་འཁྲུལ་བ་འདི་གངས་ཅན་གྱི་ཁྲོད་འདིར་ཞུགས་ནས་ཡུན་རིང་དུ་ལོན་པའི་རྒན་པོ་ཡིན་པས་དེས་ལན་ནམ་སྙམ་མོ། །དེས་ན་སློབ་དཔོན་ཟླ་བ་གྲགས་པས། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། ཤེས་གསུངས་ཀྱི་བདག་ནི་འདི་ཡི་རྣམ་པར་རྟོགས་བྱས་ནས། ཤེས་ནི་མ་གསུངས་པས་བདག་དང་བདག་གི་བ་ནི་དམིགས་པའི་ཁོངས་ཉིད་དུ་གཏོགས་ཀྱི་རྣམ་པའི་ནི་མ་ཡིན་ནོ། །དམིགས་པའི་ཁོངས་སུ་གཏོགས་ཤེས་བྱ་བ་ཡང་སྒྲ་ལྟར་ཁྱད་པར་གྱི་གཞི་ཡིན་ལ། དེའི་ཁྱད་པར་གྱི་ཆོས་ངོ་བོ་ཉིད་ཀྱིས་གྲུབ་པར་གཟུང་བས་གཞི་འདི་ཙམ་ནི་ཚད་མས་གྲུབ་ལ། ངོ་བོ་ཉིད་ཀྱིས་གྲུབ་པ་ལ་ནི་ཚད་མས་གནོད་པས་ལྟ་བ་འདི་དག་ཕྱིན་ཅི་ལོག་སྟེ་མེད་པ་ལ་དམིགས་པ་ཡིན་ནོ་ཞེས་བརྗོད་དོ། །དེ་ལ་ཡང་དག་པར་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་གྲུབ་པར་རོ། །རྗེས་སུ་ཞེས་བྱ་བ་ནི་ནན་གྱིས་ཤེས་བྱ་བའི་དོན་ཏེ། ཡུལ་མེད་ཀྱང་ནན་གྱིས་ལྟ་ཞེས་བྱ་

(༣༤༩)བའི་དོན་ཏོ། ༈ །ང་དང་ང་ཡི་ཞེས་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་བཤད་པས་ང་དང་ང་ཡི་བ་རྣམ་པར་བཤད་པ་མ་ཡིན་ནམ་སྙམ་ན། འདི་ན་སྦྲུལ་ལོ་སྙམ་པ་ནི་སྦྲུལ་འཛིན་དེའི་འཛིན་པའི་རྣམ་པ་ཡིན་པ་ལྟར་འདིར་ཡང་འཛིན་པའི་རྣམ་པ་བརྗོད་པ་ཡིན་ནོ། །ཀུན་ལས་བཏུས་ཀྱི་གཞུང་འདིར་འཇིག་ཚོགས་ལ་ལྟ་བའི་ཁྱད་པར་བརྗོད་པ་རྣམས་ནི་ངོ་བོ་དང་རྒྱུ་དང་འབྲས་བུ་བརྗོད་པར་ལྟ་སྟེ། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་ཞེས་བྱ་བ་འདི་དང་། བློ་གྲོས་དང་རྟོག་པ་ཞེས་བྱ་བ་རྣམས་ནི་ངོ་བོ་བརྗོད་པ་ཡིན་ཏེ། བློ་གྲོས་ཤེས་བྱ་བ་ནི་ཆོས་རབ་ཏུ་རྣམ་འབྱེད་དེ་དེ་ཡང་ངན་པའོ་ཞེས་བྱ་བ་འདི་བརྗོད་ལ། རྟོག་པས་ནི་ཕུང་པོ་ལ་རྟོག་པ་ཙམ་སྟེ་དོན་མེད་པའོ་ཞེས་བྱ་བ་འདི་བརྗོད་པ་ཡིན་ནོ། །དེ་ལ་མི་སྐྲག་པ་དང་འདོད་པ་དང་ཕན་ཡོན་དུ་ལྟ་བ་རྣམས་ནི་འཇིག་ཚོགས་ལ་ལྟ་བ་སྔ་མ་ལས་བྱུང་ཞིང་ཕྱི་མ་བསྐྱེད་པའི་རྒྱུའོ། །ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པ་ནི་ལས་སམ་འབྲས་བུ་བརྗོད་པ་ཡིན་ནོ། །མཛོད་འགྲེལ་དུ་གསུངས་པའི་འཇིག་ལྷའི་ངོ་བོ་ནི་སྔ་མ་གཉིས་དང་མཐུན་ལ། འཇིག་པས་ན་ཞེས་སོགས་ནི་ངེས་པའི་ཚིག་སྟེ། རྟེན་ཕུང་པོ་ལ་བརྟེན་ནས་བདག་དང་བདག་གི་བར་ལྟ་བ་ཡིན་ཡང་ལྟ་བ་དེ་ཉིད་ཕྱིན་ཅི་ལོག་ཏུ་བསྟན་པའི་ཕྱིར་དང་། དེ་བསྐྱེད་པའི་རྟག་པར་འཛིན་པ་དང་རིལ་པོར་འཛིན་པ་ལྡོག་པའི་ཕྱིར་འཇིག་པ་དང་ཚོགས་པ་ཞེས་གསུངས་པ་ཡིན་ཏེ། མདོ་ལས་དགེ་སློང་དག། ཁྱེད་ཀྱི་ལྟ་བ་འདི་ནི་འཇིག་པའི་ཚོགས་ལ་ཡིན་གྱི་བདག་གམ་

(༣༥༠)བདག་གི་བ་ལ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དོན་དུ་ན་འཇིག་ཚོགས་ལ་ལྟ་བ་འདི་ནི་བདག་མེད་པ་ལ་བདག་ཏུ་ལྟ་བ་ཡིན་ནོ་ཞེས་བྱའོ། །ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་ཅེས་བྱ་བ་ནི་ཟག་པ་དང་བཅས་པ་ལ་དམིགས་པའི་ལྟ་བ་ཐམས་ཅད་དོ། །དེ་ཐམས་ཅད་ཀྱི་དམིགས་རྟེན་འཇིག་ཚོགས་ཡིན་བཞིན་དུ་འཇིག་ཚོགས་ལ་ལྟ་བ་གཅིག་པུ་མིང་དེ་འདོགས་པ་ཅི་ཡིན་སྙམ་ན། དེ་ལྟར་བཏགས་པས་འཇིག་ལྟའི་དམིགས་པ་མེད་པར་ཤེས་པའི་ཕྱིར་རོ། །དེ་འདྲ་བའི་འཇིག་ཚོགས་ལ་ལྟ་བ་དེ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་གཉེན་པོ་ནི་ཚད་མ་དང་ལྡན་པ་ཞིག་ངེས་པར་དགོས་ཏེ། རྣམ་འགྲེལ་ལས། དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཕྱག་རྒྱ་ཆེན་པོ་བ་དག་ནི་མངོན་སུམ་གྱི་ཚད་མ་ཉིད་ཀྱིས་བྱེད་ལ་གཞན་དག་ནི་རྗེས་སུ་དཔག་པའི་ཚད་མས་བྱེད་དེ། དེ་ཡང་རྟེན་གཏན་ཚིགས་ལ་ངེས་པར་ལྟོས་དགོས་སོ། །གཏན་ཚིགས་ཀྱང་འཇིག་ཚོགས་ལ་ལྟ་བས་ཕུང་པོའི་ཚོགས་པའི་སྤྱི་ངོ་བོ་ཉིད་ཀྱིས་གྲུབ་པར་གཟུང་བ་ཡིན་ཞིང་། སྤྱི་ངོ་བོ་ཉིད་ཀྱིས་གྲུབ་པ་འདི་འགོག་པ་ན་གཅིག་དང་དུ་མ་དང་བྲལ་བའི་གཏན་ཚིགས་ཉིད་རིགས་པའི་རྒྱལ་པོ་ཡིན་ཏེ། རྣམ་འགྲེལ་ལས། གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །ཅེས་གསུངས་པ་དང་། དབུ་མ་ལས་ཀྱང་། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་

(༣༥༡)ཉིད་མེད་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལ་གནས་མ་བུ་པ་དག་གིས་ཆོས་ཐམས་ཅད་བདག་མེད་ཅེས་བྱ་བའི་ཆོས་ཀྱི་ཕྱག་རྒྱ་འདི་ཡང་ཐོས། དེ་ཁས་མ་བླངས་ན་སྟོན་པའི་ཉན་ཐོས་སུ་མི་འགྱུར་རོ་སྙམ་ནས། བདག་མེད་པའི་ཕྱག་རྒྱ་འདི་ནི་བདེན་ཏེ། ཅི་ཞིག་མེད་ན་མུ་སྟེགས་བྱེད་ཀྱིས་ཀུན་བརྟགས་པའི་ནང་གི་སྐྱེས་བུ་མེད་པ་ཡིན་ནོ་ཞེས་ཟེར་ལ། འཇིག་རྟེན་ན་བདག་ཏུ་མངོན་པར་བརྗོད་པའི་ཡུལ་འདི་ངོ་བོ་ཉིད་མེད་པར་མ་རྟོགས་པས་བདག་གི་མིང་ཁར་མི་འབྱིན་པར་གང་ཟག་ངོ་བོ་ཉིད་ཀྱིས་ཡོད་ཅེས་བརྗོད་པ་ཡིན་ཏེ། དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་བར། འདི་ཐམས་ཅད་ཀྱང་གང་ཟག་ལ་འདོད་པའི་ཕྱིར་མིང་ལ་རྩོད་པ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དེ་དག་གི་འདོད་པ་དེ་སུན་དབྱུང་བའི་ཕྱིར། གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །ཞེས་དམ་བཅའ་བ་མཛད་དོ། །དེའི་དོན་ནི་མཛོད་འགྲེལ་ལས། རྫས་སུ་ཞེས་བྱ་བ་འདི་ཡང་ཅི་ཞིག །བཏགས་པར་ཞེས་བྱ་བ་འདི་ཡང་ཅི་ཞིག་ཡིན། གལ་ཏེ་གཟུགས་ལ་སོགས་པ་བཞིན་དུ་དངོས་པོ་གཞན་ཞིག་ཡིན་ནོ་ཞེ་ན་ནི། རྫས་སུ་ཡོད་པ་ཡིན་ནོ། །གལ་ཏེ་འོ་མ་ལ་སོགས་པ་བཞིན་དུ་སྤྱི་ཡིན་ནོ་ཞེ་ན་ནི། བཏགས་པར་ཡོད་པ་ཡིན་ནོ། །ཞེས་སྤྱི་དང་རང་གི་མཚན་ཉིད་ལ་བཏགས་པ་དང་རྫས་སུ་བཞེད་པ་ཡིན་ནོ། །དེ་ལ་སྤྱི་གང་ཡིན་ཐམས་ཅད་བཏགས་པར་ཡོད་པ་ཡིན་ལ། རང་གི་མཚན་ཉིད་གང་ཡིན་པ་ཐམས་ཅད་རྫས་སུ་ཡོད་པ་ཡིན་ནོ་ཞེས་བྱ་

(༣༥༢)བ་ནི་དེ་གཉིས་ཀྱི་མཚན་གཞི་ཇི་ཙམ་ལ་བྱ་བ་གཟུང་བ་ཡིན་ལ། ངེས་པའི་ཚིག་ནི་བཏགས་པ་ཞེས་བྱ་བ་ཤར་ན་གནས་པའི་སེམས་ཅན་ཞིག་ཁྲིད་དེ་འོངས་ནས་ནུབ་ཏུ་སྡོང་པོ་ཞིག་ལ་བཏགས་པ་ལྟ་བུ་ལ་བྱ་སྟེ། འདི་རྒྱ་གར་གྱི་སྐད་ལ་ཨུ་པ་ཙཱ་ར་ཞེས་བྱ་ལ། ཨུ་པ་ནི་འདྲ་བ་དང་། ཙཱ་ར་ནི་སྤྱོད་ཅིང་རྒྱུ་བའི་དོན་ཏེ། དཔེར་ན་སེང་གེ་དེ་དཔའ་ཞིང་འཇིགས་པ་མེད་པ་ཡིན་པས། དེ་དང་འདྲ་བར་བློ་རྣོ་ཞིང་དཔའ་བས་གྲོགས་ལ་མི་འཇིགས་པའི་བྲམ་ཟེའི་ཕྱེའུ་ལ་སེང་གེའི་མིང་དེ་ཁྱེར་ཏེ་འོངས་ནས་བཏགས་པ་ལྟ་བུའོ། །འཇིག་རྟེན་ན་ཞིང་པ་རང་ཉིད་ཀྱིས་བསྐྱེད་པའི་སྟོན་ཐོག་ལ་ཟ་ཞིང་ལོངས་སྤྱོད་པ་ལ་དབང་བས་བདག་པོ་ཞེས་བརྗོད་པ་བཞིན་དུ། སྐྱེ་བ་སྔ་མར་ལས་བྱས་པའི་འབྲས་བུའི་ཚོར་བ་ཕྱི་མར་མྱོང་བ་ན་ལས་དེ་དང་འབྲས་བུ་དེ་གང་གི་ཡིན་པའི་བདག་པོ་ཞིག་རྟོག་པས་བཏགས་ཏེ། འདོགས་པའི་རྒྱུ་མཚན་ནི་སེམས་ཀྱི་རྒྱུན་ལ་ལས་དང་འབྲས་བུ་གཉི་ག་བརྟེན་པའི་ཡོན་ཏན་ཡོད་པས་ཆོས་མཚུངས་པའི་ཕྱིར་རོ། །དེ་ལྟ་བུའི་སེམས་ཀྱི་རྒྱུན་ནམ་ཕུང་པོའི་ཚོགས་ལ་བདག་པོ་ལྟ་བུ་ཞིག་ཡོད་པར་མཐོང་བ་དེ་སེམས་ཅན་ཐམས་ཅད་ལ་ངང་གིས་སྐྱེ་བས་བློ་དེས་བཏགས་སོ་ཞེས་བྱ་བ་ཡིན་གྱི། མཁན་པོས་ཕྱིས་མིང་བཏགས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ལྟར་སེམས་ཅན་རྣམས་ལ་སྐྱེ་བ་ཡང་ངང་གིས་སྐྱེའི་བློའི་ཁྱད་དཔྱད་པ་སྔོན་དུ་བཏང་བ་མ་ཡིན་པས་ཀུན་ལས་བཏུས་པས་འཇིག་ཚོགས་ལ་ལྟ་བ་མ་དཔྱད་པའི་གཞི་ཅན་དུ་གསུངས་པ་ཡིན་ནོ། །དེ་ལྟར་ན་བདག་པོ་ལྟ་བུའི་ཚོགས་སྤྱི་ཞིག་སེམས་ལ་ཤར་བ་དེ་ལ་བདག་ཅེས་

(༣༥༣)བྱ་བ་ཡིན་པས་སྤྱི་བཏགས་ཡོད་ཡིན་ཞེས་བྱའོ། །རྫས་ཤེས་བྱ་བའི་སྒྲའི་དོན་རྒྱ་གར་གྱི་སྐད་ལ་རྫས་ལ་དྲ་བྱ་ཞེས་བརྗོད་ལ་དྲ་བ་ཏི་ཞེས་བྱ་བ་འགྲོ་བར་བྱེད་པ་ལ་འཇུག་པས་དྲ་བྱ་ཞེས་བྱ་བ་འགྲོ་བར་བྱ་བའམ་བགྲོད་པར་བྱ་བ་ཡིན་ཏེ། བགྲོད་པར་བྱ་བ་ཇི་སྲིད་པར་ཕྱིན་པས་རྫས་སོ་ཞེས་རྟོག་གེ་འབར་བ་ལས་འབྱུང་ལ། །།།ཟོམ་ནི་གཟུང་དུ་རུང་ཞིང་བཅང་དུ་རུང་བས་རྫས་སོ་ཞེས་ཟེར་ཞིང་ཚིག་དོན་གཉི་ག་གཞི་གཅིག་ལ་བསྡུར་རུང་སྟེ། ཇི་ལྟར་ཚོང་པ་དག་རྒྱ་མཚོར་ཕྱིན་པ་ན་ནོར་བུ་རྙེད་རྙེད་ཀྱི་བར་དུ་འགྲོ་དགོས་ལ། ནོར་བུ་རྙེད་ནས་དེས་བློ་ཚིམ་སྟེ་ཕྱིར་ཟློག་པ་དེ་བཞིན་དུ་བུམ་པ་ལ་སོགས་པའི་མིང་གི་དོན་ལ་མཁས་པའི་དཔྱད་པ་ཞུགས་ཏེ་བཙལ་བས་རྫས་བརྒྱད་པ་ཙམ་དུ་མཐོང་བ་ན་རེ་ཤིག་དེས་བློ་ཚིམ་པས་དེ་ལ་རྫས་ཤེས་བྱའོ། །རྩིག་ངོས་ལ་རིན་པོ་ཆེའི་གཟུགས་བརྙན་བྲིས་པ་མཐོང་བ་ན་ནོར་འདོང་།།།པའི་བློ་མི་ཚིམ་ལ། འོན་ཀྱང་རིན་པོ་ཆེའི་རི་མོས་ཁྱིམ་མཛེས་པར་བྱས་སོ་སྙམ་དུ་ཚིམ་པ་དེ་ཙམ་ཞིག་ཡོད་པ་དེ་བཞིན་དུ་བུམ་པ་དང་སྣམ་བུའི་སྤྱི་ཙམ་ལ་དེ་དག་གི་མིང་བཏགས་པ་ན་མིང་དེའི་རྗེས་སུ་ཐ་སྙད་ཀྱང་མང་དུ་བྱེད་པར་འགྱུར་བས་དེའི་ཡུལ་ལ་ནི་བཏགས་པར་ཡོད་ཅེས་བྱའོ། །དེ་ལྟར་ཐ་སྙད་བྱེད་པའི་དོན་ཡུལ་གྱི་དངོས་པོའི་སྟེང་ན་ཅི་ཞིག་ཡོད་སྙམ་དུ་བཙལ་ནས་གང་ཞིག་རྙེད་པ་དེ་ལ་རྫས་ཤེས་བྱའོ། །མཐོ་ཡོར་མཐོང་བ་ན་དབྱིབས་འདྲ་བ་ཉིད་ཀྱིས་མིའོ་སྙམ་པའི་བློ་འབྱུང་བར་འགྱུར་ཏེ། དབྱིབས་སུ་བཀོད་པའི་ཁྱད་པར་གྱིས། །མཐོ་ཡོར་ལ་ནི་མི་བློ་བཞིན། །ཞེས་པའོ། །དེ་བཞིན་དུ་ཕུང་པོའི་ཚོགས་ལ་མཐོང་

(༣༥༤)བ་ན་དེ་དག་གི་དཔོན་པོའམ་བདག་པོ་ལྟ་བུར་གྱུར་བ་ཞིག་ཡོད་དོ་སྙམ་དུ་སེམས་ཅན་རྣམས་ལ་བློ་འབྱུང་བ་ནི་ཐོག་མ་མེད་པའི་དུས་ཅན་ཏེ། ཕུང་པོའི་ཚོགས་པ་དེ། ཉིད་ལ་བློ་བུར་དུ་མིའམ་ལྷ་ཞེས་བྱ་བ་ལ་སོགས་པའི་མིང་འདོགས་ཤིང་ཐ་སྙད་དུ་ཡང་བྱེད་མོད། དེ་ཡང་ཕུང་པོ་དེ་ལས་གཞན་ན་ཅི་ཡང་མེད་ཀྱི་མིང་བཏགས་པ་ཙམ་ཞིག་ལ་ཐ་སྙད་དུ་བྱེད་པས་བཏགས་ཡོད་ཅེས་བྱ་སྟེ། མཛོད་འགྲེལ་ལས། རེ་ཤིག་གལ་ཏེ་རྫས་སུ་ཡོད་ན་ནི་དེའི་རང་བཞིན་ཐ་དད་པའི་ཕྱིར་ཕུང་པོ་རྣམས་ལས་གཞན་ནོ་ཞེས་བརྗོད་པར་བྱ་སྟེ། ཕན་ཚུན་གྱི་ཕུང་པོ་བཞིན་ནོ། །འདིའི་རྒྱུ་ཡང་བརྗོད་དགོས་སོ། །འོན་ཏེ་འདུས་མ་བྱས་ཡིན་ན་ནི་དེའི་ཕྱིར་མུ་སྟེགས་ཅན་གྱི་ལྟ་བར་ཡང་ཐལ་བར་འགྱུར་ལ། གོས་པ་མེད་པ་ཉིད་དུ་ཡང་འགྱུར་རོ། །འོན་ཏེ་བཏགས་པར་ཡོད་དོ་ཞེ་ན་ནི། ཁོ་བོ་ཅག་ཀྱང་དེ་སྐད་ཅེས་སྨྲའོ། །ཞེས་བཤད་དོ། །དེ་ལྟར་ན་སྟོན་པའི་སྤྱན་སྔར་མུ་སྟེགས་བྱེད་འགའ་ཞིག་འོངས་ནས་བདག་ཡོད་དམ་མེད་ཅེས་དྲིས་པ་ན་མཐའ་གཅིག་ཏུ་ལན་མི་མཛད་པར་བཏགས་པར་ནི་ཡོད། རྫས་སུ་ནི་མེད་ཅེས་གསུངས་པས་དགེ་བའི་རྩ་བ་ཆད་པའི་ཉེས་པ་ལས་ཀྱང་གྲོལ། ཀུན་ནས་ཉོན་མོངས་པ་ཡང་འཕེལ་བར་མི་མཛད་དོ། །ལང་ཀར་གཤེགས་པ་ལས་ཀྱང་། ཕུང་པོ་རྣམས་ལ་བདག་མེད་དེ། །ཕུང་པོ་རྣམས་ཀྱང་བདག་ལ་མེད། །རྣམ་རྟོག་བཞིན་དུ་དེ་དག་མེད། །དེ་དག་མེད་པའང་མ་ཡིན་ནོ། །ཞེས་རྐང་པ་དང་པོ་གསུམ་གྱིས་རྫས་སུ་ཡོད་པ་བཀག་ལ། ཕྱི་མས་གཏན་མེད་པ་བཀག་གོ །

(༣༥༥)རྫས་སུ་མེད་པར་ཇི་ལྟར་ཤེས་ན། ཚད་མས་མི་དམིགས་པའི་ཕྱིར་ཞེས་བྱ་སྟེ། དོན་ནི་གནས་མ་བུ་པ་ཁྱེད་ཀྱི་བདག་རྫས་སུ་ཡོད་པར་དམ་འཆའ་བ་ནི་ཡང་དག་པ་མ་ཡིན་ཏེ། ཁྱེད་ལ་རྫས་སུ་དམིགས་པའི་ཚད་མ་མེད་པའི་ཕྱིར། ཇི་ལྟར་ཡང་མེད་ཅེ་ན། མངོན་སུམ་ཡང་མེད་ལ། རྗེས་སུ་དཔག་པ་ཡང་མེད་པའི་ཕྱིར་ཏེ། མཛོད་འགྲེལ་ལས། བདག་ཏུ་མངོན་པར་བརྗོད་པ་འདི་ནི་ཕུང་པོའི་རྒྱུད་ཁོ་ན་ལ་འཇུག་གི །བརྗོད་པར་བྱ་བ་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཇི་ལྟར་ཁོང་དུ་ཆུད་ཅེ་ན། མངོན་སུམ་དང་རྗེས་སུ་དཔག་པ་མེད་པའི་ཕྱིར་ཏེ། ཆོས་གང་དག་ཡོད་པ་དེ་དག་ནི་བར་ཆད་བྱེད་པ་མེད་ན་མངོན་སུམ་དུ་དམིགས་པ་ཡིན་ཏེ། དཔེར་ན་ཡུལ་དྲུག་དང་ཡིད་ལྟ་བུའོ། །ཡང་ན་རྗེས་སུ་དཔག་པས་དམིགས་པ་གང་ཡིན་ཏེ། དཔེར་ན་དབང་པོ་ལྔ་ལྟ་བུའོ། །དེ་ལ་འདི་ནི་རྗེས་སུ་དཔག་པ་ཡིན་ཏེ། རྒྱུ་ཡོད་ཀྱང་རྒྱུ་གཞན་མེད་ན་འབྲས་བུ་མེད་པར་མཐོང་ལ། ཡོད་ན་ནི་ཡང་ཡོད་པར་མཐོང་བ་སྟེ། དཔེར་ན་མྱུ་གུ་ལྟ་བུའོ། །ཡུལ་སྣང་བར་གྱུར་བ་དང་རྒྱུ་ཡིད་ལ་བྱེད་པ་ཡོད་ཀྱང་ཡུལ་འཛིན་པ་མེད་པར་མཐོང་ལ། ཡང་ཡོད་པར་མཐོང་བ་སྟེ། ལོང་བ་དང་འོན་པ་ལ་སོགས་པའི་དང་། མ་ལོང་བ་དང་མ་འོན་པ་ལ་སོགས་པའི་ལྟ་བུའོ། །དེའི་ཕྱིར་དེ་ལ་ཡང་རྒྱུ་གཞན་མེད་པ་དང་ཡོད་པར་ངེས་ལ། རྒྱུ་གཞན་གང་ཡིན་པ་དེ་ནི་དབང་པོ་ཡིན་ནོ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་ཡིན་ནོ། །བདག་ནི་དེ་ལྟར་ཡོད་པ་མ་ཡིན་པས་བདག་མེད་དོ། །

(༣༥༦)ཞེས་གསུངས་སོ། །གང་ཟག་གཞན་གྱི་ཚད་མས་རྫས་ཡོད་དུ་མ་གྲུབ་ཀྱང་གནས་མ་བུ་བ་རང་གི་བདག་ཏུ་འཛིན་པ་འདི་ཚད་མ་ཡིན་མོད་སྙམ་ན། དེ་ནི་ཕྱིན་ཅི་ལོག་གི་ཤེས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཡང་དག་པའི་ཤེས་པས་སེམས་ཉེ་བར་མ་ཞི་བར་བྱེད་པའི་གནས་མེད་པའི་ཕྱིར་རོ། །གཞན་ཡང་འཇིག་ཚོགས་ལ་ལྟ་བ་ནི་ཡང་དག་ཤེས་པ་མ་ཡིན་ཞིང་ཉོན་མོངས་ཀྱང་ཕྱིན་ཅི་ལོག་ཏུ་གཟུང་བས་ཀུན་ནས་ཉོན་མོངས་པ་འཕེལ་བར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་གནས་མ་བུ་པ་དག་གདགས་གཞི་གཟུགས་སོགས་དང་བཏགས་པའི་ཆོས་གང་ཟག་གཉིས་རྫས་སུ་གཅིག་ལ་མིང་ཐ་དད་པར་བཏགས་པ་ཡིན་ནམ། རྫས་ཀྱང་ཐ་དད་ལ་མིང་ཡང་ཐ་དད་དུ་བཏགས་པ་ཞིག་ཡིན་ཏེ། གང་ཟག་ཅེས་བྱ་བའི་མིང་འདི་མིང་རྐྱང་མ་ཡིན་གྱི་དོན་དང་ལྡན་པ་ཡིན་པས་རྫས་སུ་ནི་སྨྲ་དགོས་སོ་སྙམ་ན། དེའི་ལན་ནི་ཕུང་པོ་དང་གང་ཟག་རྫས་གཅིག་པ་ཉིད་ཡིན་ན་ཕུང་པོ་ཉིད་བདག་ཏུ་ཐལ་བའི་ཉེས་པ་གཅིག་དང་། དེ་གཉིས་རྫས་གཞན་ཡིན་ན་ཕུང་པོ་མ་གཏོགས་པར་གང་ཟག་རྫས་སུ་དམིགས་པར་ཐལ་བའི་ཉེས་པ་གཅིག་སྟེ། ཉེས་པ་གཉིས་ཡོད་པ་དེ་ལས་གང་ཟག་དང་ཕུང་པོ་འདི་གཉིས་རྫས་གཅིག་པ་དང་རྫས་ཐ་དད་པ་གང་དུ་ཡང་ཁས་མི་ལེན་ཏོ། །ཐལ་འགྱུར་གཉིས་པོས་ཤུགས་ལ་གྲུབ་པའི་དོན་ནི་གང་ཟག་རྫས་སུ་ཡོད་པ་མ་ཡིན་ཏེ། ཕུང་པོ་ལས་རྫས་གཅིག་པ་ཡང་མ་ཡིན་ལ། ཕུང་པོ་ལས་རྫས་གཞན་པ་ཡང་མ་ཡིན་པའི་ཕྱིར་ཞེས་བྱ་བའི་ཕྱིར་ཞེས་བྱ་བའི་

(༣༥༧)རྩ་བའི་གཏན་ཚིགས་འདིའི་ཕྱོགས་ཀྱི་ཆོས་ཐལ་འགྱུར་གཉིས་པོས་བསྒྲུབས་སོ། །རྩ་བའི་གཏན་ཚིགས་འདིའི་ནུས་པས་གང་ཟག་ཕུང་པོ་དང་རྫས་གཅིག་པ་དང་རྫས་ཐ་དད་པ་ཉིད་གང་ཡང་རུང་བར་བརྗོད་པར་བྱ་བ་མ་ཡིན་པ་དང་། གང་ཟག་གི་ཐ་སྙད་ཙམ་འཇིག་རྟེན་གྱི་ཚད་མས་གྲུབ་པས་གང་ཟག་དེ་བཏགས་པར་ཡོད་པ་ཙམ་དུ་གྲུབ་པ་ཡིན་ནོ། །གལ་ཏེ་བུམ་པ་དང་སྣམ་བུ་སོགས་རྫས་སུ་ཡོད་པ་དག་ཐ་དད་དུ་བརྗོད་དུ་ཡོད་པ་ལྟར་གང་ཟག་རྫས་སུ་ཡོད་ན་ཐ་དད་དུ་བརྗོད་དགོས་པ་ལས་འཇིག་རྟེན་གྱི་གྲགས་པ་དང་འགལ་བའི་བརྗོད་དུ་མེད་ཟེར་བ་འདི་ལ་དགོས་པ་ལྷག་པོ་ཞིག་བརྗོད་དགོས་ཏེ། དགོས་པ་ལྷག་པོ་མེད་པར་གཅིག་དང་གཞན་དུ་བརྗོད་དུ་མེད་ཅེས་བྱ་བར་མི་རིགས་ཏེ། འཇིག་རྟེན་པ་དག་རྟ་ལ་གླང་ངོ་ཞེས་དགོས་པ་མེད་པས་མི་བརྗོད་ལ། ག་པུར་དང་ཟླ་བ་གཉིས་རྫས་སུ་ན་ཐ་དད་ཀྱང་ག་པུར་ལ་ཟླ་བ་ཞེས་གཅིག་ཏུ་བརྗོད་པས་ནི་དཀར་བ་དང་བསིལ་བའི་ཡོན་ཏན་མཚུངས་པར་རྟོགས་པའི་དགོས་པ་ཡོད་པས་ཡིན་ནོ། །རྫས་ཐ་དད་ཀྱང་ཐ་དད་དུ་བརྗོད་དུ་མེད་པའི་དཔེ་ཡོད་དེ། བུད་ཤིང་དང་མེ་བཞིན་ནོ་ཞེ་ན། ཁྱོད་ཀྱིས་རྫས་ཐ་དད་ཀྱང་གཉིས་སུ་བརྗོད་དུ་མི་རུང་བའི་དཔེར་བུད་ཤིང་བཞིན་ཞེས་བླངས་པ་ནི་དཔེར་མི་རུང་སྟེ། མངོན་སུམ་དང་གྲགས་པ་དང་ལུང་དང་འགལ་བའི་ཕྱིར་ཏེ། མངོན་སུམ་གྱིས་ཀྱང་ཤིང་རློན་པ་མཐོང་ནས་སླར་སྐམ་པོ་དག་ལ་མེ་འབར་བར་ཡང་མཐོང་སྟེ། དེ་བས་ན་ཁྱོད་ཀྱི་འདི་མངོན་སུམ་དང་འགལ་ལ། འབར་བཞིན་པའི་ཚེ་ཡང་འདི་རྫས་བརྒྱད་པ་ཡིན་པས་ཚ་བ་ཉིད་མེ་ཡིན་ཞིང་། གཞན་ས་ལ་སོགས་པ་

(༣༥༨)གསུམ་པོ་བུད་ཤིང་ཉིད་ཡིན་པས་དེ་དག་མཚན་ཉིད་ལས་རྫས་ཐ་དད་ཡིན་ནོ། །འཇིག་རྟེན་ན་ཡང་མེ་དང་བུད་ཤིང་རྫས་ཐ་དད་པར་མཐོང་བར་གྲགས་པས་ཀྱང་གནོད་དོ། །ལུང་ལས་ཀྱང་བཅོམ་ལྡན་འདས་ཀྱིས་མེ་དང་བུད་ཤིང་རྫས་ཐ་དད་པ་མ་ཡིན་པར་མ་གསུངས་པས་བསྟན་བཅོས་ཀྱི་སྒོ་ནས་ཀྱང་ཁྱོད་ཀྱི་འདོད་པ་མི་འགྲུབ་བོ། །འཇིག་རྟེན་པས་བུད་ཤིང་ལས་ཆད་དེ་མེ་འཕྲོ་བཞིན་པ་རྒྱང་རིང་དུ་འགྲོ་བ་དམིགས་ལ། དེ་ན་རླུང་བུད་ཤིང་ཡིན་ཞེ་ན་ཡང་། བུད་ཤིང་དང་རླུང་དག་མེ་ལས་ཐ་དད་པ་ཉིད་དུ་གྲུབ་བོ། །མཐོང་བ་པོ་ནས་རྣམ་པར་ཤེས་པ་པོའི་བར་དང་བྱེད་པ་པོ་དང་ཟ་བ་པོ་དང་ཤེས་པ་པོ་དང་གྲོལ་བ་པོ་ཡོད་པའི་ཕྱིར་གང་ཟག་རྫས་སུ་ཡོད་དེ། གསོད་པ་པོ་དང་བསད་བྱ་ཡོད་པས་གསོད་པ་པོ་རྫས་སུ་གྲུབ་པ་བཞིན་ནོ་སྙམ་ན། གང་ཟག་འདི་བཏགས་པ་ཙམ་མ་ཡིན་པར་རྫས་ཀྱི་སྒོ་ནས་མཐོང་བ་པོ་ཡིན་ན་མཐོང་བ་མིག་གི་རྣམ་ཤེས་དེའི་བདག་རྐྱེན་ནམ་ལྷན་ཅིག་བྱེད་པའི་རྐྱེན་གང་ཡང་རུང་བ་ཞིག་ཏུ་འགྱུར་དགོས་ན་བདག་པོ་ཞེས་བྱ་བ་ཐུན་མོང་མ་ཡིན་པའི་རྒྱུ་ལ་བརྗོད་ན་མིག་དང་གཟུགས་གཉིས་ཡོད་པ་ཙམ་གྱིས་མིག་གི་རྣམ་ཤེས་སྐྱེ་བའི་ཕྱིར་གང་ཟག་དེ་རྣམ་ཤེས་དེའི་རྐྱེན་མ་ཡིན་ཏེ། རྣམ་ཤེས་སྐྱེ་བ་དེ་ལ་མཐུའམ་དོན་བྱ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །མིག་གི་རྣམ་ཤེས་ལ་ཅི་དགར་བྱེད་པའི་བདག་པོ་རྟག་པ་གཅིག་ཞིག་ཡིན་ན། དེ་ཡང་མི་རུང་སྟེ། རྣམ་ཤེས་མི་རྟག་པ་དང་མི་འདོད་པ་འབྱུང་བར་མི་བྱེད་པ་ཞིག་དགོས་ན་དེ་གཉིས་འབྱུང་ཞིང་སྐྱེ་བའི་ཕྱིར་རོ། །དེས་ན་གང་ཟག་འདི་མིག་གིས་མཐོང་བ་ལ་ལྷ་སྦྱིན་གྱིས་མཐོང་ངོ་

(༣༥༩)ཞེས་བཏགས་པ་ཙམ་དུ་ཟད་པས་རྒྱུད་ཀྱིས་བསྡུས་པའི་མཐོང་བ་པོ་སོགས་རྫས་གཞན་དུ་ཡང་མི་རུང་ལ། རྒྱུད་ཐ་དད་པའི་མཐོང་བ་པོ་ལ་སོགས་པ་རྟག་པ་གཅིག་པུར་ཡང་མི་རུང་ངོ་། །གང་ཟག་མིག་ལས་རྫས་གཞན་པའི་མཐོང་བ་པོ་ཡིན་ན་མིག་ལ་ལས་ལྟ་བ་དང་མཚན་ཉིད་དང་བ་ཡོད་པ་བཞིན་དུ་གང་ཟག་དེའི་ལྟ་བའི་བྱ་བ་དང་མཚན་ཉིད་དང་བ་ལྟ་བུ་ཞིག་བསྒྲུབ་པར་བྱ་དགོས་པར་འགྱུར་ན་དེ་དག་ཚད་མས་མ་དམིགས་པའི་ཕྱིར་མི་རུང་སྟེ། དོན་ནི་གང་ཟག་ནི་ཕུང་པོ་ལས་རྫས་གཞན་དུ་མེད་དེ། དེ་འདྲ་བ་སུའི་ཡང་ཚད་མ་ལ་མི་སྣང་བའི་ཕྱིར་རོ་ཞེས་བྱའོ། །ཕུང་པོ་ལས་རྫས་གཞན་པ་འདི་གཞན་གྱིས་མ་དམིགས་ཀྱང་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱིས་དམིགས་སོ་ཞེ་ན། ཐམས་ཅད་མཁྱེན་པའི་བྱང་ཆུབ་དེས་ཟབ་པ་དང་ཐུན་མོང་མ་ཡིན་པ་དང་མ་འདྲིས་པའི་ཆོས་གསུམ་ལ་དམིགས་པར་གསུངས་ན་གང་ཟག་དེ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་བ་དང་ཐོག་མ་མེད་པ་ནས་འདྲིས་པའི་ཕྱིར་དེས་བྱང་ཆུབ་པར་བྱ་བ་གསུམ་པོའི་ཁོངས་སུ་གཏོགས་པ་ལ་གནོད་དོ། །མུ་སྟེགས་བྱེད་ཁ་ཅིག་གང་ཟག་ཅེས་བྱ་བ་དེ་ལྷ་སྦྱིན་དང་མཆོད་སྦྱིན་སོགས་ལ་མི་བརྗོད་ཀྱི། ཀུན་གྱིས་མཐོང་བར་དཀའ་བས་ཟབ་པར་གྱུར་བའི་དབང་ཕྱུག་ལ་སོགས་པ་ལ་བརྗོད་དོ་སྙམ་ན། འོ་ན་དེ་ལྟ་བ་ལ་སོགས་པའི་བྱ་བ་བྱེད་པ་ན་བྱེད་པ་དང་བཅས་ཏེ་བྱེད་དམ་བྱེད་པ་མེད་པར་བྱེད། ཕྱོགས་དང་པོ་ལྟར་ན་ཡང་བྱེད་པ་དེ་ཉིད་དབང་ཕྱུག་གིས་མ་བྱས་པ་ཞིག་གམ་བྱས་པ་ཞིག །མ་བྱས་པར་བྱེད་པ་དེ་རང་བྱུང་བ་ཞིག་ཡིན་པར་འདོད་ན་དེ་ཡང་རིགས་

(༣༦༠)པ་མ་ཡིན་ཏེ། དབང་ཕྱུག་དང་འབྲེལ་བ་མེད་པས་དབང་ཕྱུག་དེ་བྱེད་པ་པོར་མི་འགྱུར་བའི་ཕྱིར་རོ། །དབང་ཕྱུག་གི་རྐྱེན་གྱིས་བྱེད་པ་དེ་མ་བྱས་པ་ཞིག་ཏུ་རྟོག་ན་ཡང་མི་རུང་སྟེ། བྱེད་པ་རྒྱུ་མེད་པར་ཁས་བླངས་པས་བྱེད་པ་དང་དེའི་ལས་ལྟ་བ་སོགས་རྟག་ཏུ་འབྱུང་བར་ཐལ་བ་དང་ཅིག་ཆར་དུ་འབྱུང་བར་ཐལ་བ་དང་བྱེད་པ་པོ་མ་ཡིན་པར་ཐལ་བ་སྟེ་གསུམ་གྱིས་གནོད་པའི་ཕྱིར་རོ། །ཉེས་པ་གསུམ་ནི། བྱེད་པོ་མིན་ཕྱིར་མི་རྟག་ཕྱིར། །ཅིག་ཅར་རྟག་ཏུ་འཇུག་པའི་ཕྱིར། །ཞེས་བྱ་བའི་གཞུང་།།།བསྟན་པ་ཡིན་ནོ། །ལྟ་བ་ལ་སོགས་པའི་བྱ་བའམ་བྱེད་པ་མེད་པར་དབང་ཕྱུག་གིས་བྱེད་དོ་ཞེ་ན་ཡང་རྟ་མེད་པས་རྟ་པར་མི་འགྱུར་བ་ལྟར་བྱེད་པ་མེད་པས་བྱེད་པ་པོར་མི་འགྱུར་རོ། །ལྟ་བ་ལ་སོགས་པའི་བྱ་བ་བྱེད་པ་ལ་བྱེད་པ་ཡོད་ཀྱང་བྱེད་པ་པོ་དབང་ཕྱུག་དེས་མ་བྱས་པར་རང་བྱུང་བ་ཡིན་ན་བྱེད་པ་པོ་དང་འབྲེལ་བ་མེད་པས་དབང་ཕྱུག་དེ་བྱེད་པ་པོར་མི་རུང་བར་ཐལ་བ་ཡིན་ནོ་ཞེས་བྱ་བའི་དོན་འདི། དེ་ཡི་བྱེད་པ་རང་འབྱུང་མིན། །ཞེས་བྱ་བ་དེའི་དོན་བཤད་པ་ན་བཤད་ཟིན་པ་ཉིད་དོ། །ལྟ་བ་ལ་སོགས་པའི་བྱ་བ་དེ་བྱེད་པའི་རྐྱེན་ལས་བྱུང་བར་རྟོག་ན་བྱེད་པ་པོ་དེ་རྟག་ཏུ་གནས་པ་ལས་སམ་ཞིག་པ་ལས་སམ་གཉི་ག་ལས་ཏེ་ཕྱོགས་གསུམ་པོ་གང་ཁས་བླངས་ཀྱང་བྱེད་པའི་རྐྱེན་ཉིད་དུ་མི་རུང་ངོ་། །ཕྱོགས་དང་པོ་རྟག་ཏུ་གནས་པ་ལས་ལྟ་བ་ལ་སོགས་པའི་བྱ་བ་མི་སྐྱེ་སྟེ། རྟག་པ་ལས་བྱ་བ་དེ་དག་སྐྱེ་ན་བྱ་བ་ཡང་རྟག་ཏུ་ཡོད་པར་འགྱུར་དགོས་ལ། རྟག་ཏུ་ཡོད་པ་ནི་མ་ཡིན་ཏེ། སྔ་རོལ་མིག་ལ་སོགས་པ་མེད་པའི་གནས་སྐབས་སུ་མེད་པའི་

(༣༦༡)ཕྱིར་རོ། །ཞིག་པས་རྐྱེན་བྱེད་ན་ནི་གང་ཟག་མི་རྟག་པར་ཐལ་བར་འགྱུར་ལ། འདོད་ན་རྟག་པར་ཁས་བླངས་པ་དང་འགལ་ལོ། །ཕྱོགས་གསུམ་པ་གཉི་ག་ཡིན་པ་ནི་གཏན་མི་སྲིད་ཅིང་མེད་པའི་ཕྱིར་རྐྱེན་དུ་མི་རུང་ངོ་། །དེ་ལྟར་ན། གང་ཟག་བཏགས་པར་ཡོད་ཉིད་དུ། །ཞེས་བྱ་བ་ན། གྲོལ་བའི་བར་དུ་མི་འགྱུར་རོ། །ཞེས་བྱ་བའི་བར་གྱིས་རང་གི་སྡེ་བའི་བདག་ཏུ་སྨྲ་བ་བཀག་ནས་ལ། བདག་པོ་ཉིད་ཅིག་ཡིན་ན་ནི། །ཞེས་བྱ་བ་ནས། རྐྱེན་ཉིད་དུ་ནི་མི་རུང་ངོ་། །ཞེས་བྱ་བའི་བར་གྱིས་ཕྱི་རོལ་བའི་བདག་ཏུ་སྨྲ་བ་བཀག་གོ །དོན་བསྡུ་བ་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་ཡང་ད་ལྟར་བཤད་པ་འདི་ལྟ་བུ་ཁོ་ན་ཡིན་པས་ཆོས་ཐམས་ཅད་ནི་བདག་མེད་ཅིང་བདག་གིས་སྟོང་ངོ་ཞེས་གསུངས་པ་ཡིན་ལ། དེ་ཡང་དོན་དམ་པར་བདག་མེད་པས་དེ་སྐད་དུ་གསུངས་པ་ཡིན་གྱི་ཀུན་རྫོབ་ཏུ་བདག་མེད་པ་ནི་མ་ཡིན་ནོ། །དེ་ལས་གཞན་དུ་གནས་མའི་བུ་བ་ལ་སོགས་པ་དག་གིས་ཚིག་ཏུ་གང་ཟག་རྫས་སུ་ཡོད་པ་སྐད་ཟེར་ཡང་དོན་ལ་བདག་རྫས་སུ་ཡོད་པར་དམིགས་པ་ན་དེ་དག་གི་བཤད་པ་ནི་ཆོས་ཀྱི་ཕྱག་རྒྱ་དང་འགལ་བས་བཤད་པ་དེ་ཉེས་པར་བཤད་པ་ཁོ་ན་ཡིན་པས་སྟོན་པའི་བསྟན་པའི་ཁོངས་སུ་སྐྱབས་སུ་འགྲོ་བ་དང་ཚུལ་ཁྲིམས་ཀྱིས་ཆུད་ཀྱང་ལྟ་བས་ནི་ཕྱི་རོལ་དུ་གྱུར་བ་ཡིན་ནོ། །ཀུན་ཤེས་པའི་མདོ་ལས། ཀུན་ཤེས་པ་དང་ཡོངས་སུ་ཤེས་པ་ཞེས་གསུངས་པས་ཤེས་པ་པོ་གསུངས་པ་ཡིན་ལ། ཁུར་ཁྱེར་བའི་མདོ་ལས། ཁུར་དང་ཁུར་ཁྱེར་བ་ཞེས་གསུངས་པ་ནི་ཕུང་པོ་ཁུར་དང་

(༣༦༢)ཕུང་པོ་དེ་ཁྱེར་ཏེ་འགྲོ་བ་པོ་བཤད་པ་ཡིན་ཞིང་། དད་པས་རྗེས་སུ་འབྲང་བ་ལ་སོགས་པའི་འཕགས་པའི་གང་ཟག་ཀྱང་མང་དུ་བཤད་དེ། དེ་དག་གང་ཟག་རྫས་སུ་མེད་ན་འཐད་པར་མི་འགྱུར་བས་ལུང་གི་དགོངས་པ་ཡང་རྫས་སུ་ཡོད་པ་ལ་བྱ་དགོས་སོ་སྙམ་ན། རྣམ་བཞག་དེ་དག་གང་ཟག་རྫས་སུ་ཁས་ལེན་པ་ལ་མི་ལྟོས་ཏེ། ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བ་ཤེས་པས་ཡོངས་སུ་གཅོད་པའི་རྒྱུན་གྱི་བྱེ་བྲག་དང་ཁུར་ཁྱེར་ཏེ་འགྲོ་བའི་དོན་ཡང་ཕུང་པོའི་རྒྱུན་འཇུག་པའི་བྱེ་བྲག་ཐ་དད་པ་དང་། ལམ་གྱི་རྒྱུན་ཐ་དད་པའི་བྱེ་བྲག་རྣམ་པར་གཞག་པ་རྣམས་ཀྱང་བཏགས་པའི་གང་ཟག་རྣ་པར་བཞག་ན་འཇོག་ནུས་པ་ཡིན་གྱི། རྫས་ཉིད་ལ་ནི་རྣམ་བཞག་དེ་དག་མི་རུང་སྟེ། མཛོད་ལས། འགྲོ་མིན་གང་ཕྱིར་འདུས་བྱས་ནི། །སྐད་ཅིག་པ་ཡིན་འཇིག་ཕྱིར་རོ། །ཞེས་བྱ་བའི་གཞུང་འདིས་ཀྱང་བཏགས་པ་ཙམ་ལས་མ་གཏོགས་པའི་འགྲོ་བ་མེད་པས་ཁུར་ཁྱེར་ཏེ་འགྲོ་བ་དང་། སྐྱེས་བུ་དམ་པའི་འགྲོ་བ་བདུན་ལ་སོགས་པ་སྐད་ཅིག་མས་རྣམ་པར་འཇོག་མི་ནུས་ན་ཇི་ལྟར་རྫས་ཀྱིས་རྣམ་པར་འཇོག་ཅེས་བྱ་གནས་མ་བུ་པ་དག་གིས་དོན་བདག་ཡོད་པར་སྒྲུབ་པའི་ཕྱིར་བསྟན་བཅོས་མང་པོ་བྱེད་པ་ནི་ལ་བ་དོན་མེད་དེ། འདི་ལྟར་ཐོག་མ་མེད་པ་ནས་བདག་ཏུ་ལྟ་བ་ཞུགས་པས་བདག་ཏུ་ལྟ་བ་བསྐྱེད་པའི་ཕྱིར་བསྟན་བཅོས་རྩོམ་མི་དགོས་ལ། ཤེས་བཞིན་གོམས་པའི་ཕྱིར་ཡང་མ་ཡིན་ཏེ། བདག་ཏུ་ལྟ་བ་ཐོག་མ་མེད་པའི་དུས་ཅན་ཡིན་པའི་ཕྱིར་རོ། །ཐར་བ་ཐོབ་པའི་ཕྱིར་བསྟན་བཅོས་བྱས་པ་ཡིན་ནོ་ཞེ་

(༣༦༣)ན། བདག་ཏུ་ལྟ་བས་ཐར་བ་ཐོབ་ན་ལྟ་སེམས་ཅན་ཐམས་ཅད་ཀྱིས་ཐར་བ་ཐོབ་ཟིན་པར་འགྱུར་བའམ་སྔར་བདག་ཏུ་ལྟ་བ་ལ་དེ་ཙམ་ཞིག་གོམས་པར་བྱས་ཀྱང་ཐར་བ་མ་ཐོབ་པས་ཐར་བ་གཏན་མེད་པར་འགྱུར་རོ། །དེ་ལྟར་བཤད་པ་དེ་དག་ནི་རྗེ་བཙུན་ཉིད་ཀྱིས་གང་ཟག་གི་བདག་མེད་པ་ལེགས་པར་གསུངས་པས་འདི་དྲངས་པ་ཡིན་གྱི་གཞན་གསུང་རབ་དག་ན་ཡང་གང་ཟག་གི་བདག་འགོག་པ་ནི་ཤིན་དུ་མང་ངོ་། །དེ་བས་ན་སླར་ཡང་མཁས་པ་པདྨའི་ངང་ཚུལ་གྱིས་རྡོ་རྗེ་གཅོད་པའི་འགྲེལ་བ་ལས་གསུངས་པ་དྲང་བར་བྱ་སྟེ་ཇི་སྐད་དུ། དགོངས་པ་ནི་འདི་ཡིན་ཏེ། བློ་གྲོས་ངན་པ་དག་གིས་ཕུང་པོ་ལས་གཞན་པ་ནང་ན་བྱ་བ་དང་ལོངས་སྤྱོད་ཀྱི་གཞི་བོ་བྱེད་པའི་སྐྱེས་བུ་ཞིག་ཡོད་པར་ཡོངས་སུ་བརྟགས་ནས་སེམས་ཅན་དང་སྲོག་ལ་སོགས་པའི་སྒྲར་ཐ་སྙད་འདོགས་པ་དང་། གང་དག་ཡང་གང་ཟག་བརྗོད་དུ་མི་རུང་བར་འདོད་པ་དེ་དག་གི་ཡང་དེ་ནི་ཕུང་པོར་གཏོགས་པའི་ཆོས་དང་མཚན་ཉིད་མི་འདྲ་བར་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ན་དོན་གཞན་པ་ཁོ་ནར་ཁས་བླངས་པ་ཡིན་ཏེ། ཐམས་ཅད་ཀྱང་བརྗོད་དུ་མི་རུང་བར་ཐལ་བར་འགྱུར་བའི་ཕྱིར་དངོས་པོ་ནི་ནམ་ཡང་བརྗོད་དུ་མི་རུང་བ་མི་སྲིད་དོ། །དེ་ནི་སྒྲུབ་པར་བྱེད་པའི་ཚད་མ་མི་སྲིད་པའི་ཕྱིར་དང་གནོད་པ་ཅན་ཡང་ཡོད་པའི་ཕྱིར་དེ་ལྟར་ལྟ་བའི་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པས་ཕྱིན་ཅི་ལོག་ཁོ་ནར་འགྱུར་རོ། །གང་ཕྱིན་ཅི་ལོག་ཏུ་གྱུར་བ་དེ་དོན་དམ་པ་བའི་བྱང་ཆུབ་སེམས་དཔར་ཇི་ལྟར་འགྱུར། ཞེས་བྱ་བ་ལ་བློ་གྲོས་ངན་པ་དག་གིས་ཕུང་

(༣༦༤)པོ་ལས་གཞན་པ་ནང་ན་བྱ་བ་དང་ལོངས་སྤྱོད་ཀྱི་གཞི་བོ་བྱེད་པའི་སྐྱེས་བུ་ཞིག་ཡོད་པར་ཡོངས་སུ་བརྟགས་ནས་ཤེས་བྱ་བ་ནི་ཕྱི་རོལ་པས་བདག་ཇི་ལྟར་འདོད་པ་སྟོན་ཏེ། དེ་ཡང་གང་ལས་བདག་ཡོད་པར་དོགས་པར་འགྱུར་བའི་དོགས་པ་ནི་སྤྱོད་པ་ལ་འཇུག་པ་ལས། གལ་ཏེ་བདག་ནི་ཡོད་མིན་ན། །ལས་འབྲས་འབྲེལ་བ་རིགས་མིན་ཏེ། །ལས་བྱས་ནས་ནི་ཞིག་པས་ན། །སུ་ཡི་ལས་སུ་འགྱུར་ཞེ་ན། །ཞེས་གསུངས་པ་ལྟར་བདག་ཡོད་ན་ལས་དང་བྱ་བ་ཡང་ཁོ་ལ་འབྲེལ་ལ། འབྲས་བུ་བདེ་བ་དང་སྡུག་བསྔལ་ཡང་ཁོ་ལ་འབྲེལ་བས་སྐུད་པ་ལྟ་བུའི་བདག་གིས་ཕྲེང་རྡོག་ལྟ་བུའི་ལས་འབྲས་བུ་སྦྲེལ་ན་ལས་འབྲས་ཀྱི་འབྲེལ་བ་འཐད་པ་ལས་བདག་མེད་ན་ལས་ནི་བྱས་ནས་བྱས་མ་ཐག་འཇིག །དེ་ནས་རིང་དུ་ལོན་པ་ན་འབྲས་བུ་འབྱུང་བས་ལས་དེ་སྦྲེལ་བའི་ཐག་པ་སུའི་ཡིན་པར་འགྱུར་ཏེ། བདག་མེད་པའི་ཕྱིར་རོ་སྙམ་པ་འདི་ཡིད་ལ་བྱས་ནས་བདག་ཏུ་འདོགས་ལ། དེ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། སྔོན་རྣལ་འབྱོར་གོམས་པའི་རྣལ་འབྱོར་བ་རྣམས་ཀྱིས་བདག་གི་ཁྱད་པར་གྲངས་མེད་པ་དེ་དང་དེ་དག་བརྟགས་སོ་ཞེས་བདག་གི་འདོད་པ་གྲངས་མེད་པ་ཡོད་པར་གསུངས་ན་ཡང་རེ་ཤིག་གྲངས་ཅན་པ་རྣམས་ཀྱིས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །ཤེས་བྱ་བས་ཟ་བ་པོ་དང་རྟག་པའི་དངོས་པོ་དང་བྱེད་པ་པོ་མ་ཡིན་པ་དང་ཡོན་ཏན་མེད་པ་དང་བྱ་བ་མེད་པ་སྟེ་ཁྱད་པར་ལྔ་དང་ལྡན་པ། ངོ་བོ་ཤེས་པ་ཡིན་པ། མིང་གི་རྣམ་གྲངས་རིག་པ་དང་

(༣༦༥)སྐྱེས་བུ་དང་ཞིང་ཤེས་པ་ཞེས་བརྗོད་ཅིང་། བདེ་སྡུག་གི་མྱོང་བ་པོ་ཡིན་པའི་ཕྱིར་ཟ་བ་པོ་ཡིན་ལ། རྣམ་པར་འགྱུར་བ་ཅུང་ཟད་ཀྱང་མེད་པས་རྟག་པ། ཆོས་གང་ཡང་སྐྱེད་པར་མི་བྱེད་པ། རྡུལ་དང་། མུན་པ་དང་། སྙིང་སྟོབས་ཀྱི་ཡོན་ཏན་གསུམ་གྱི་བདག་ཉིད་དུ་མེད་པ། ཐམས་ཅད་དུ་ཁྱབ་པའི་ཕྱིར་འགྲོ་འོང་དང་བརྐྱང་བསྐུམ་ལ་སོགས་པའི་བྱ་བ་མེད་པའོ། །ཞེས་འདོད་ལ། བདག་དེ་ཉིད་བྱེད་པ་པོ་མ་ཡིན་ཀྱང་མས་ཟོས་པས་བུ་ལ་ཕན་པ་ལྟར་གཙོ་བོས་གང་བྱས་ཐམས་ཅད་བདག་གི་ཆེད་དུ་ཡིན་པས་ལས་དང་འབྲས་བུར་འབྲེལ་ལོ་སྙམ་པའོ། །གཙོ་བོ་ཡུལ་བསྐྱེད་དེ་ལོངས་སྤྱོད་པ་དེ་སྲིད་དུ་བདག་བཅིངས་ལ། གཙོ་བོས་ལས་གཤོལ་ཏེ་ལས་ཅི་ཡང་མི་བྱེད་པའི་ཚེ་ལོངས་སྤྱོད་ཀྱིས་མ་བཅིངས་པས་བདག་ཐར་བའོ་ཞེས་རྟོག་གོ །བྱེ་བྲག་པས་བེམས་པོར་གྱུར་བའི་བདག་རྟག་པ། རང་ཉིད་ཀྱིས་ལས་བྱེད་པས་བྱེད་པ་པོ། འབྲས་བུ་ལ་ལོངས་སྤྱོད་པ་པོ། ཐམས་ཅད་དུ་ཁྱབ་པས་བརྐྱང་བསྐུམ་དང་འགྲོ་འོང་གི་བྱ་བ་མེད་པར་འདོད་ལ། དེ་ཡང་ཡོན་ཏན་རྣམས་བདག་ལ་འདུ་བ་དེ་སྲིད་དུ་བཅིངས་པའི་བདག་ཅེས་ཟེར་ལ། ཡོན་ཏན་བཅད་པ་ན་གྲོལ་བའི་བདག་ཅེས་ཟེར་རོ། །ཡོན་ཏན་ཡང་བློ་དང་བདེ་བ་དང་སྡུག་བསྔལ་དང་འདོད་པ་དང་སྡང་བ་དང་འབད་པ་དང་ཆོས་དང་ཆོས་མ་ཡིན་པ་དང་འདུས་བྱས་པའི་ཤུགས་ཏེ་དགུའོ། །དེ་ལ་བློ་ནི་ཡུལ་འཛིན་པའོ། །བདེ་བ་ནི་འདོད་པའི་ཡུལ་ཉམས་སུ་མྱོང་བའོ། །སྡུག་བསྔལ་ནི་དེ་ལས་བཟློག་པའོ། །འདོད་པ་ནི་འདོད་པར་གྱུར་བའི་དངོས་པོ་རེ་བ་འཆར་བའོ། །

(༣༦༦)སྡང་བ་ནི་མི་འདོད་པའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་ཉིད་དོ། །འབད་པ་ནི་དོན་བསྒྲུབ་པར་བྱ་བ་ལ་དེའི་མཐར་ཐུག་པར་སེམས་ཀྱི་མཁས་པ་ཉིད་དོ། །གང་ལས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འགྲུབ་པ་དེ་ནི་ཆོས་སོ། །དེ་ལས་བཟློག་པ་ནི་ཆོས་མ་ཡིན་པའོ། །ཤེས་པ་ལས་སྐྱེས་ཤིང་ཤེས་པའི་རྒྱུར་གྱུར་བ་ནི་འདུ་བྱ་བའི་ཤུགས་སོ། །།།པ་པའམ་རྒྱལ་དཔོག་པ་ནི་བདག་རྟག་པ་བེམས་པོ་མ་ཡིན་པས་སེམས་ཅན་རེས་བདེ་བར་གྱུར་ཅིང་རེས་སྡུག་བསྔལ་བར་གྱུར་བའི་གནས་སྐབས་མི་མཐུན་པ་གཉིས་ལ་ཡང་བདག་གི་ངོ་བོ་ཉམས་པ་མེད་པར་རྗེས་སུ་འགྲོ་བ། འདོད་ཆགས་ལ་སོགས་པ་རྣམས་སེམས་པ་དེའི་རང་བཞིན་དུ་ཞུགས་པས་གཏན་བྲལ་བའི་ཐར་བ་ནི་མེད་ལ། སྐྱོན་རྣམས་ཤས་ཆུང་བ་དང་ཆེ་བའི་གནས་སྐབས་སུ་ཐར་བ་དང་བཅིངས་པའོ་ཞེས་འདོད་དོ། །གཅེར་བུ་པ་ནི་སེམས་ཁོ་ན་བདག་ཡིན་གྱི་སེམས་ལས་གཞན་པའི་བདག་མེད་ལ། བདེ་སྡུག་གཉིས་ངོ་བོ་ཐ་དད་ཀྱང་བདག་དེ་རྣམ་གྲངས་ཀྱིས་རེས་བདེ་བར་འགྱུར། རེས་སྡུག་བསྔལ་བར་གྱུར་ཀྱང་གནས་སྐབས་གཉི་གར་བདག་གི་ངོ་བོ་རྟག་པར་འདོད་དོ། །དེ་བཞིན་དུ་བདག་དེ་ཕྱི་རོལ་གྱི་ལྗོན་ཤིང་ལ་སོགས་པ་ལའང་ཡོད་ཅིང་། ལྗོན་ཤིང་དུམ་བུར་གྱུར་བ་ན་དེ་གཉི་ག་ལ་བདག་ཡོད་ཀྱང་བདག་དུམ་བུར་གྱུར་བ་མ་ཡིན་ནོ་ཞེས་འདོད་པ་ཡིན་ནོ། །དེ་ལྟར་གྲངས་ཅན་པ་ལ་སོགས་པ་བཞི་པོ་ནི་བདག་ཏུ་སྨྲ་བ་ན་བདག་དེ་རང་གི་རྒྱུད་ཁོ་ན་ལས་ཚོལ་བར་བྱེད་ལ། གཞན་རིག་བྱེད་ཀྱི་མཐའ་པ་ལ་སོགས་པ་ནི། སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག །

(༣༦༧)མུན་པ་ལས་གཞན་གྱུར་བ་དེ་རིག་ན། །གང་དུ་འཆི་བ་མེད་ཅིང་ཡང་སྲིད་མེད། །སྐྱེ་མེད་གནས་འགྲོ་བ་ལ་ལམ་གཞན་མེད། །ཅེས་འཇིག་རྟེན་ཀུན་གྱི་འོག་མུན་པའི་མཐའ་ན་སྐྱེས་བུ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ཀྱི་བདག་ཡིན་པ། འོད་ཁ་དོག་སྣ་ཚོགས་པ་ཅན་ཞིག་ཡོད་དེ། འཇིག་རྟེན་ཐམས་ཅད་ཀྱང་དེས་བསྐྱེད་ཅིང་། སུ་གྲོལ་བ་ཐོབ་པ་ན་སྐྱེས་བུ་དེ་ལ་ཐིམ་ནས་འགྲོ་བ་ཡིན་གྱི། དེ་ལས་གཞན་པའི་ཐར་བ་མེད་དོ་ཞེས་འདོད་དོ། །རང་རང་གི་བདག་དེ་དང་དེ་ཉིད་ལ་སེམས་ཅན་དང་སྲོག་དང་ཤེད་བདག་བདག་ལ་སོགས་པའི་སྒྲར་ཐ་སྙད་འདོགས་སོ་ཞེས་བྱའོ། །གང་དག་ཡང་གང་ཟག་ཅེས་བྱ་བ་ལ་སོགས་པས་ནི་གནས་མ་བུ་པའི་འདོད་པ་སྟེ་བཤད་ཟིན་ཏོ། །བྱང་ཆུབ་སེམས་དཔས་དེ་དག་གི་བདག་ཏུ་ཞེན་ན་སེམས་ཕྱིན་ཅི་ལོག་ཏུ་འགྱུར་བས་རྒྱ་ཆེར་དགག་པར་བྱའོ་ཞེ་དམ་བཅས་པ་ཡིན་ནོ། །གཞན་ན་རེ་བདག་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་ཁོ་ན་མ་ཡིན་ནམ། ཇི་ལྟར་བཅིངས་པ་དང་ཐར་བ་དང་ལས་དང་འབྲས་བུ་འབྲེལ་བ་དང་དྲན་པ་དང་ངོ་ཤེས་པ་ལ་སོགས་པ་ནི་གཞི་གཅིག་པར་གྲགས་པ་དག་ཡིན་ན་བདག་མེད་པར་སྨྲ་བ་ཁྱེད་ཀྱི་ལུགས་ལྟར་ན་དེ་དག་གི་གཞི་འགྲུབ་པར་འགྱུར་བ་གང་ཡིན་པ་གཅིག་པུ་ནི་འགའ་ཡང་མེད་ན། གཞིར་འགྱུར་བ་གང་ཞིག་ཡིན། རྣམ་པར་ཤེས་པའི་སྐད་ཅིག་མ་རྣམས་ཀྱི་སྐད་ཅིག་སོ་སོ་ནི་ཐ་དད་པའི་ཕྱིར་རོ། །ལྷ་སྦྱིན་བཅིངས་ལ་ཕྱིས་མཆོད་སྦྱིན་གྲོལ་བར་རྣམ་པར་གཞག་པ་ནི་མེད་དོ། །གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་གཞན་གྱིས་

(༣༦༨)མྱོང་བ་ཡང་མེད་དེ། ཧ་ཅང་ཐལ་བར་འགྱུར་བ་དང་བྱས་པ་ཆུད་ཟ་ཞིང་མ་བྱས་པ་དང་འཕྲད་པར་ཐལ་བའི་ཕྱིར། འདི་ལྟར་བྱེད་པ་པོར་བརྟགས་པའི་རྣམ་པར་ཤེས་པའི་སྐད་ཅིག་མ་གང་ཡིན་དེ་དང་འབྲས་བུར་འབྲེལ་བ་མེད་པའི་ཕྱིར་བྱས་།།།ཆུད་ཟ་བའི་སྐྱོན་དང་བྱེད་པ་པོ་མ་ཡིན་པ་ཁོ་ན་དང་འབྲས་བུ་འབྲེལ་བའི་ཕྱིར་མ་བྱས་པ་དང་འཕྲད་པའི་སྐྱོན་དུ་ཡང་འགྱུར་རོ། །དྲན་པ་ལ་སོགས་པ་ཡང་འཇིག་རྟེན་ན་གནས་ཐ་དད་པར་མ་གྲགས་ཏེ། འོ་ན་ཇི་ལྟ་ཞེ་ན། གནས་གཅིག་པ་ཁོ་ན་སྟེ། ལྷ་སྦྱིན་གྱི་སེམས་ཀྱིས་མྱོང་བ་ནི་མཆོད་སྦྱིན་གྱི་སེམས་ཀྱིས་དྲན་པའམ་ངོ་ཤེས་པ་མེད་ཀྱི་གང་གིས་མྱོང་བ་དེ་ཉིད་ཀྱིས་དྲན་ཞིང་ངོ་ཤེས་སོ་ཞེས་གྲགས་སོ། །དེ་བས་ན་སྐྱེས་བུ་གཅིག་པུ་གནས་སྐབས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཞིག་ཡོད་དོ། །སྦྱོར་བ་ནི་བཅིངས་པ་དང་ཐར་བ་གང་དག་ཡིན་པ་དེ་དག་ནི་གཞི་གཅིག་པ་ཡིན་ཏེ། དཔེར་ན་ལྷ་སྦྱིན་ལྕགས་སྒྲོག་གིས་བཅིངས་པ་དང་ཐར་བ་བཞིན་ལ། རྩོད་པའི་གཞིར་གྱུར་བ་བཅིངས་པ་དང་ཐར་བ་འདི་གཉིས་ཀྱང་བཅིངས་པ་དང་ཐར་བ་ཡིན་པས་ཤེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བཞིན་དུ་བྱེད་པ་པོ་ལ་སོགས་པ་གཞི་གཅིག་པ་ཉིད་དུ་སྒྲུབ་པ་ལ་ཡང་སྦྱོར་བ་བརྟག་པར་བྱའོ་ཞེས་ཟེར་རོ། །ཞེས་བྱ་བ་དག་གི་དོན་ནི། བཅིངས་པ་དང་ཐར་བ་ལས་དང་འབྲས་བུ་དྲན་པ་དང་མྱོང་བ་ཤེས་པ་དང་མཐོང་བ་རྣམས་དུས་ཡུན་རིང་དུ་ལོན་ཡང་རྒྱུ་དང་འབྲས་བུར་གྱུར་བ་ཡིན་པས་རྟེན་གཞི་གཅིག་པ་ཡོད་ཅེས་སྒྲུབ་པ་ཡིན་ཏེ། རྟེན་གཞི་གཅིག་གྲུབ་ན་བདག་གམ་གང་ཟག་རྫས་སུ་ཡོད་པ་ཞིག་གྲུབ་སྙམ་དུ་སེམས་པ་ཡིན་ལ། དེ་དག་

(༣༦༩)གི་ལན་ནི་རིམ་གྱིས་འབྱུང་མོད། རྟེན་གཅིག་པ་གྲུབ་པ་ཙམ་གྱིས་རྟེན་དེ་རྫས་ཡོད་དུ་མི་འགྲུབ་ཅེས་འཆད་པ་ཡིན་ནོ། །ཡང་ཁྱེད་རྣམ་ཤེས་བྱེད་པ་པོར་འདོད་ན་རྣམ་ཤེས་དེ་སྐད་ཅིག་མ་སོ་སོ་ཐ་དད་པ་ཡིན་པས་གཅིག་ཏུ་མི་རུང་བའི་ཕྱིར་རྣམ་ཤེས་བྱེད་པ་པོ་མ་ཡིན་སྙམ་པའོ། །གནས་ཐ་དད་པ་ཞེས་བྱ་བ་གནས་དང་རྟེན་དང་གཞི་རྣམས་མིང་གི་རྣམ་གྲངས་སོ། །བཅིངས་པ་དང་ཐར་བ་ཡིན་པས་གཞི་གཅིག་པ་སྒྲུབ་པ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཞེས་བྱ་བ་ནི་འཆིང་བར་བྱ་བ་གང་ཡིན་པ་དེ་ཉིད་ཐར་བར་བྱ་བ་ཡིན་པས་བཅིངས་པ་དང་ཐར་བ་གཉིས་པོའི་རྟེན་གྱི་རང་བཞིན་གཅིག་ཅེས་སྒྲུབ་པ་ཡིན་ཏེ། དོན་དུ་ན་ལྷ་སྦྱིན་ཆོས་ཅན། ཐར་བྱ་ཡིན་ཏེ། བཅིང་བྱ་ཡིན་པའི་ཕྱིར་ཞེས་བསམས་པ་ཡིན་ནོ། དེ་ལ་གལ་ཏེ་འདིར་སྐྱེས་བུ་རང་དབང་ཅན་དོན་དམ་པ་པ་རྟག་པ་གཅིག་པུ་ཞིག་གཞིར་སྒྲུབ་ན་ནི་དེའི་ཚེ་དེ་ལྟ་བུའི་སྐྱེས་བུ་དང་གཏན་ཚིགས་ལྷན་ཅིག་འབྲེལ་བར་གང་དུ་ཡང་མ་གྲུབ་པས་མ་ངེས་པ་ཡིན་ནོ། །འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་ལྷ་སྦྱིན་ལ་སོགས་པ་རྟག་པ་གཅིག་པུའི་ངོ་བོར་མ་གྲུབ་པས་དཔེ་ཡང་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཏན་ཚིགས་འགལ་བ་ཡིན་ཏེ། དེ་ལས་བཟློག་པ་དང་འབྲེལ་བའི་ཕྱིར་རོ། །འོན་ཏེ་སྤྱིར་གཞི་གཅིག་པ་ཉིད་ཙམ་སྒྲུབ་ན་ནི་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ངེད་ཀྱང་རྒྱུད་གཅིག་ལ་ཡོད་པས་བཅིངས་པ་ལ་སོགས་པ་གནས་གཅིག་པར་འདོད་པ་ཉིད་དོ། །འདི་ལྟར་གང་གི་ཚེ་རྒྱུད་གང་ལ་མ་

(༣༧༠)རིག་པ་ལ་སོགས་པ་རྒྱུ་དང་འབྲས་བུར་གྱུར་བ་དག་རྒྱུན་མི་འཆད་པར་རྒྱུན་དུ་འབྱུང་བ་དེའི་ཚེ་ནི་དེ་ལ་བཅིངས་པ་ཞེས་འདོགས་སོ། །ཡང་དེ་ཉིད་ལ་ཐོས་པ་ལ་སོགས་པའི་རིམ་གྱིས་འཕགས་པའི་ལམ་སྐྱེས་ན་མ་རིག་པ་ལ་སོགས་པ་འགགས་པས་གནས་གྱུར་བ་ལ་ཐར་བ་ཞེས་འདོགས་ཀྱི། དེ་གཉིས་དོན་དམ་པ་པ་རྟག་པ་གཅིག་པུའི་དངོས་པོའི་ཡུལ་ཅན་དུ་གྲུབ་པ་ནི་མེད་དེ། འཇིག་རྟེན་པའི་བཅིངས་པ་དང་ཐར་བ་ཡང་དེ་དང་འདྲ་བའི་ཕྱིར་རོ། །རྒྱུད་གང་ལ་དགེ་བ་དང་མི་དགེ་བའི་སེམས་པ་དང་། ཉམས་སུ་མྱོང་བ་སྐྱེས་པ་དེ་ཉིད་ལ་དུས་གཞན་དུ་རྒྱུད་ཡོངས་སུ་སྨིན་པ་ལ་བརྟེན་ནས་མ་དུ་ལུང་ག་ལ་སོགས་པ་རྒྱ་སྐེགས་ལ་སོགས་པའི་ཁུ་བས་བསྐུས་པའི་རྒྱུད་ཡོངས་སུ་སྨིན་པ་ལ་སོགས་པ་བཞིན་དུ་བདེ་བ་དང་སྡུག་བསྔལ་དང་དྲན་པ་ལ་སོགས་པ་འབྲས་བུ་འབྱུང་བ་སྣང་བའི་ཕྱིར་དགེ་བ་ལ་སོགས་པ་གནས་གཅིག་ཏུ་གྲགས་ཀྱི་བྱེད་པ་པོ་དང་ཟ་བ་པོ་དང་དྲན་པ་པོ་གཅིག་པུ་ནི་གང་ཡང་མེད་དེ། ཐ་སྙད་བཏགས་པ་འདི་ཐམས་ཅད་ནི་རྒྱུ་དང་འབྲས་བུ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཧ་ཅང་ཐལ་བར་ཡང་མ་ཡིན་ཏེ། ས་བོན་ལ་སོགས་པ་ནུས་པ་ངེས་པ་བཞིན་དུ་རྒྱུའི་ནུས་པ་སོ་སོར་ངེས་པའི་ཕྱིར་རོ། །དེ་ལ་ཡང་གང་གིས་ན་རྒྱུ་དང་འབྲས་བུའི་དངོས་པོ་སོ་སོར་ངེས་པར་འགྱུར་བ་གཅིག་ཏུ་རྗེས་སུ་འགྲོ་བ་ནི་གང་ཡང་མེད་དེ། གནས་སྐབས་གཞན་དུ་སྣང་བའི་ཕྱིར་རོ། །སེམས་ཅན་གྱི་རྒྱུད་འདི་ལ་ཡང་དེ་དང་འདྲ་བར་འགྱུར་ན་བདག་ཏུ་ཡོངས་སུ་བརྟག་པ་འདིས་ཅི་ཞིག་བྱ། བདག་ལ་ཡང་བརྟགས་ཏེ་བྱེད་པ་པོ་ལ་སོགས་པའི་གནས་སྐབས་གང་ཡིན་པ་དེ་ནི་རྒྱུའོ། །ཟ་བ་པོ་ལ་སོགས་པའི་གནས་སྐབས་གང་ཡིན་པ་དེ་ནི་འབྲས་བུའོ། །

(༣༧༡)ཞེས་རྒྱུ་དང་འབྲས་བུའི་དངོས་པོ་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་བྱ་ལ། གཞིར་ཞེས་བྱ་བ་ནི་གཞི་ཆོས་ཅན་ལུས་དང་མིག་ལ་སོགས་པ་ལའོ། །ཆོས་ཀུན་རྫོབ་པའི་རྟག་གཅིག་རང་དབང་ཅན་ནི་ཡོད་པས་དོན་དམ་པའི་རྟག་གཅིག་རང་དབང་ཅན་གྱི་སྐྱེས་བུ་སྒྲུབ་ན་ཀུན་རྫོབ་པ་ནི་ཡོད་པས་མི་འགོག་ལ་དོན་དམ་པ་སྒྲུབ་ན་དེ་དང་དྲན་པ་ལ་སོགས་པའི་གཏན་ཚིགས་དཔེ་གང་གི་སྟེང་དུ་ཡང་མ་གྲུབ་པས་ཁྱབ་པ་མ་ངེས་པ་ཡིན་ནོ། །དཔེ་ལྷ་སྦྱིན་ལྟ་བུ་ལ་བྱ་ན། དེ་ལ་དོན་དམ་པའི་རྟག་པ་གཅིག་པུ་བསྒྲུབ་པར་བྱ་བ་རྟག་པ་གཅིག་པུའི་ཆོས་མེད་དེ། འདུས་བྱས་ཐམས་ཅད་སྐད་ཅིག་པ་ཡིན་པས་ལྷ་སྦྱིན་དེའི་ཁོངས་སུ་གཏོགས་པའི་ཕྱིར་ཞེས་པའོ། །བསྒྲུབ་པར་བྱ་བའི་ཆོས་གཏན་མི་སྲིད་པ་དེ་ཉིད་ཀྱི་ཕྱིར་ལུས་དང་མིག་སོགས་ལ་དོན་དམ་པའི་རྟག་གཅིག་རང་དབང་ཅན་གྱི་ལྷ་སྦྱིན་མེད་དེ། ལྷ་སྦྱིན་སྔར་བྱུང་བ་དྲན་པའི་ཕྱིར་ཞེས་བརྗོད་ན། ཡང་དག་པའི་གཏན་ཚིགས་སུ་འགྱུར་བས་སྔ་མ་དེ་འགལ་བའི་གཏན་ཚིགས་ཡིན་ཞེས་བྱའོ། །འོན་ཏེ་ཞེས་སོགས་ནི་དོན་དམ་པའི་ཁྱད་པར་དང་བྲལ་བའི་མཐོང་བ་དང་དྲན་པ་གཞི་གཅིག་པ་ཙམ་གྲུབ་ན་སྒྲུབ་མི་དགོས་ཏེ། ངེད་ཀྱང་འདོད་ཅེས་པའོ། །འདི་ལྟར་ཞེས་སོགས་ནི་ཚེ་དང་ལྡན་པ་དགའ་བོ་སྔར་མ་རིག་པས་བཅིངས། ཕྱིས་ལམ་ཐོབ་པས་གྲོལ་ཞེས་འདོད་པས་བཅིངས་གྲོལ་གཞི་གཅིག་པ་ཙམ་འདོད་ལ། དེ་ཙམ་གྲུབ་པས་གཞི་དོན་དམ་པ་མི་འགྲུབ་ཅེས་བྱ་བ་ཡིན་ཏེ། དོན་ནི་གང་ཟག་གམ་བདག་ཀུན་རྫོབ་པ་འདོད་ལ། དོན་དམ་

(༣༧༢)པ་ནི་མི་འདོད་པ་ཡིན་ནོ། །དེ་བཞིན་དུ་མ་དུ་ལུང་གའི་ཤིང་རྩ་བ་རྒྱ་སྐྱགས་ཀྱིས་བསྐུས་པ་ལས་ཕྱིས་འབྲས་བུ་དམར་པོ་མཐོང་བའི་ཚེ་རྩ་བ་དང་འབྲས་བུ་རྒྱུན་འབྲེལ་བ་གདགས་གཞིར་བྱས། རྒྱ་སྐེགས་ཀྱིས་ཁ་བསྒྱུར་བ་ཡང་སྡོང་པོ་འདི་ཉིད་མ་དུ་ལུང་གའི་འབྲས་བུ་ཡང་སྡོང་པོ་འདི་ཉིད་ཀྱིའོ་ཞེས་འབྲེལ་བ་ལས་རྟེན་གཅིག་བཏགས་པ་བཞིན་དུ་ལས་བྱེད་པའི་སེམས་ཀྱི་རྒྱུན་དེ་ཉིད་ལས་འབྲས་བུ་བརྒྱོང་བའི་སེམས་སྐྱེས་པ་ན་རྒྱུ་དང་འབྲས་བུ་རྒྱུན་མ་ཆད་པའི་འབྲེལ་བ་གདགས་གཞིར་བྱས་ནས་བྱེད་པ་པོ་དེ་ཉིད་ཀྱིས་འབྲས་བུ་མྱོང་བར་བཏགས་པ་ཙམ་ཀུན་རྫོབ་པ་འདོད་ཀྱི། དོན་དམ་པ་མི་བཞེད་པའོ། །འོ་ན་འགྲོ་བ་འདི་དག་ཐམས་ཅད་གཅིག་གོ་ཞེས་གདགས་སུ་རུང་བར་ཡང་ཧ་ཅང་ཐལ་ལོ་སྙམ་ན། མི་ཐལ་ཏེ། ཨ་མྲའི་ཤིང་གིས་ཨ་མྲའི་འབྲས་བུ་བསྐྱེད་ལ། མ་དུ་ལུང་གའི་ཤིང་གིས་མ་དུ་ལུང་ག་བསྐྱེད་ཀྱི། ཨ་མྲའི་འབྲས་བུ་མི་བསྐྱེད་པས་སྡོང་པོ་བསྐྱེད་ཅེས་ཐ་སྙད་མི་བྱེད་དོ། །དེ་ལྟར་ན་སྔ་ཕྱི་ལ་རྟེན་གཅིག་པའི་ཐ་སྙད་གྲུབ་པ་ན་ཐ་དད་པའི་ཐ་སྙད་ཆད་པ་མ་ཡིན་ལ། སྲིད་གྲུབ་དང་ནག་པ་ལ་སོགས་པ་ཐམས་ཅད་མིར་ནི་གཅིག་གོ་ཞེས་བྱ་བ་དེ་ཙམ་ནི་མི་འགོག་པས་གཅིག་པ་དང་ཐ་དད་པ་ཞེས་བྱ་བ་ཡང་སྐྱེས་བུའི་ཤེས་པར་འདོད་པ་ལ་རག་ལས་སོ། །ལྷག་མ་ནི་གོ་སླ་སྟེ། བདག་ལ་ཡང་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྒྱུ་དང་འབྲས་བུར་མ་ཟད་ཅེས་པ་སྟེ། དེ་བཏགས་པ་ཙམ་ཡིན་ཀྱང་གནས་སྐབས་སྔ་མའི་ལྷ་སྦྱིན་དང་གནས་སྐབས་ཕྱི་མའི་ལྷ་སྦྱིན་ནི་རྒྱུ་དང་འབྲས་བུ་ཡིན་ནོ་ཞེས་བྱའོ། །ཆོས་ཀྱི་གྲགས་པས་ནི་ཁྲ་མོ་ཡང་རྟ་ལས་ལྡོག་ལ། ཁུ་ཡུ་ཡང་རྟ་ལས་ལྡོག་

(༣༧༣)པས་ལྡོག་པ་ལ་ཁྱད་པར་མེད་པའི་ཕྱིར་ཁྲ་མོ་དང་ཁུ་ཡུ་གཉི་ག་བ་ལང་དུ་གཅིག་གོ་ཞེས་གཅིག་གི་རྒྱུ་མཚན་དགག་པ་ལ་བརྟེན་པར་བཞེད་དོ། །དེ་ལྟ་མ་ཡིན་ཏེ། གནས་སྐབས་དེ་གཉིས་སུ་སྐྱེ་བ་མེད་པའམ། གཅིག་ལ་གཅིག་ཕན་འདོགས་པ་མེད་ན་ནི་ནམ་མཁའ་དང་འདྲ་བར་གྱུར་བས་ཟ་བ་པོ་ལ་སོགས་པ་འགྲུབ་པར་ཡང་ཇི་ལྟར་འགྱུར། ནུས་པ་སོ་སོར་ངེས་པ་ཡང་ཁས་བླང་བར་བྱ་སྟེ། འདི་ལྟར་སོ་སོར་ངེས་པ་བདག་ཉིད་དང་འབྲེལ་བས་བདེ་བ་ལ་སོགས་པ་འབྱུང་བར་འགྱུར་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །དེ་བས་ན་དགེ་བ་ལ་སོགས་པ་རྒྱུ་དང་འབྲས་བུར་གྱུར་བ་ཇི་ལྟར་ཡོངས་སུ་སྣང་བ་དག་ཁོ་ན་བྱེད་པ་པོ་དང་ཟ་བ་པོ་ཡིན་ན། བལྟར་མི་སྣང་བའི་ངོ་བོར་བདག་ཡོངས་སུ་བཏགས་པས་ཅི་ཞིག་བྱ། ཞེས་བྱ་བ་ལ། དེ་ལྟ་མ་ཡིན་ན། ཞེས་བྱ་བ་ལ་སོགས་པ་ནི་ལས་བྱེད་པའི་ལྷ་སྦྱིན་དང་འབྲས་བུ་མྱོང་བའི་ལྷ་སྦྱིན་གཏན་ནས་སྐྱེ་བ་མེད་ན་ནི་བྱེད་པོ་དང་ཟ་བ་པོར་མི་རུང་ལ། སྐྱེ་ཡང་བྱེད་པ་པོས་ཟ་བ་པོ་ལ་ཕན་མི་འདོགས་ན་རྒྱུ་མེད་ཡིན་པས་ནམ་མཁའ་དང་འདྲ་བར་འགྱུར་ལ། ལྷ་སྦྱིན་སྔ་ཕྱི་གཉིས་ལ་ཕན་འདོགས་ཙམ་དུ་མ་ཟད་ནུས་པ་སོ་སོར་ངེས་པ་ཡོད་དེ། ལྷ་སྦྱིན་གྱིས་དགེ་བ་བྱས་པས་བདེ་བ་དེ་མྱོང་གི་ལས་ངན་བྱེད་པས་མི་མྱོང་བའི་ཕྱིར་རོ་ཞེས་པའོ། །དེ་ལྟར་ན་ཚད་མས་གྲུབ་པ་ཁོ་ན་ལ་རྒྱུ་འབྲས་སུ་འཇོག་གི། ཚད་མ་ལ་ལྟར་མི་སྣང་ཡང་བྱེད་པ་པོར་རྟོག་པ་འདི་ལོག་པ་ཁོ་ནའོ་ཞེས་པའོ། །རྗེས་སུ་དཔག་པས་བདག་དེ་མ་གྲུབ་ཏུ་ཆུག་ཀྱང་འོན་ཀྱང་ངར་

(༣༧༤)ཤེས་པའི་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་མངོན་སུམ་གྱིས་བདག་གྲུབ་བོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེར་འཁྲུལ་བའི་ཕྱིར་དང་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་ངར་ཤེས་པ་མངོན་སུམ་དུ་མི་འགྲུབ་པའི་ཕྱིར་རོ། །ངར་ཤེས་པ་ལ་སྣང་བ་ན་གང་གིས་མངོན་སུམ་དུ་འགྱུར་བ་ཇི་ལྟར་རང་རང་གི་གྲུབ་པའི་མཐའ་ལས་བརྟགས་པ་ལྟ་བུ་བདག་གཅིག་དུ་རྟག་པ་ཁྱབ་པ་ནི་མི་དམིགས་སོ། །གདོན་མི་ཟ་བར་དེ་ལྟར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་ངར་ཤེས་པ་མངོན་སུམ་དུ་གྱུར་ན་ནི་དེའི་ཚེ་བདག་ཡུལ་དུ་གྱུར་བ་ལ་རབ་ཏུ་སྨྲ་བ་རྣམས་རྩོད་པར་མི་འགྱུར་ཏེ། རྣམ་པར་རྟོག་པ་དང་བཅས་པས་ངར་འཛིན་པ་ངེས་པའི་བདག་ཉིད་ཅན་དུ་གྱུར་བའི་ཕྱིར་རོ། །ངེས་པས་ཡུལ་དུ་བྱས་པ་ལ་ནི་སྒྲོ་འདོགས་པ་མེད་པའི་ཕྱིར་རོ། །དེ་བས་ན་འདྲ་བ་གཞན་དང་གཞན་འབྱུང་བས་བསླུས་པ་དང་ཐོག་མ་མེད་པའི་དུས་ནས་གོམས་པའི་དབང་གིས་གཟུགས་ལ་སོགས་པ་ཕུང་པོ་སོ་སོར་ངེས་པ་ཉིད་ལ་གཅིག་པུར་སྒྲོ་བཏགས་ནས་ཕ་རོལ་རྣམ་པར་རྩོད་པའི་ཕྱིར་ངའོ་སྙམ་དུ་ཤེས་ཏེ། ཤེས་པ་དེ་ལ་གཟུགས་ལ་སོགས་པ་དེ་དག་ཉིད་སྣང་བའི་ཕྱིར་རོ། །ཞེས་པ་ནི་བདག་དེ་རྗེས་དཔག་གིས་མ་གྲུབ་ཀྱང་ངར་འཛིན་མངོན་སུམ་ཡིན་པས་དེས་གྲུབ་པའི་ཕྱིར་ཚད་མས་གྲུབ་བོ་སྙམ་ན། ངར་འཛིན་ནི་མངོན་སུམ་མ་ཡིན་ཏེ། འཁྲུལ་ཞིང་རྟོག་པ་ཡིན་པའི་ཕྱིར་ཏེ། ངར་འཛིན་མངོན་སུམ་ཡིན་དུ་ཆུག་ཀྱང་མུ་སྟེགས་པས་བརྟགས་པའི་བདག་མི་སྣང་བའི་ཕྱིར་དེ་ལ་མངོན་སུམ་མིན་ནོ། །

(༣༧༥)ངར་འཛིན་མུ་སྟེགས་པས་བརྟགས་པའི་སྐྱེས་བུ་རྟག་པ་ལ་མངོན་སུམ་ཡིན་ན་སངས་རྒྱས་པ་དང་ཕྱི་རོལ་བ་སྐྱེས་བུ་རྟག་པ་ཡོད་མེད་ལ་མི་རྩོད་པར་འགྱུར་ཏེ། གཉི་གའི་མངོན་སུམ་ཚད་མས་གྲུབ་པའི་ཕྱིར་རོ་ཞེས་པའོ། །ངར་ཤེས་ཙམ་ནི་ཐོག་མ་མེད་པ་ནས་གོམས་པ་དང་འདྲ་བ་གཞན་བྱུང་སོགས་ཀྱིས་བསླད་པ་ཡིན་ཡང་ཐ་སྙད་དུ་གཞན་རྣམ་པར་བཅད་པ་ལ་བརྟེན་ནས་འཇུག་པས་ཐ་སྙད་ཙམ་དུ་མ་ལོག་པ་ཡང་ཡོད་ཅེས་པའོ། །གལ་ཏེ་ངར་འཛིན་པ་འདིའི་ཡུལ་ལུས་ཡིན་ན་ཇི་ལྟར་ངའི་ལུས་ཤེས་ཐ་དད་པར་འཛིན་པར་འགྱུར་ཞེ་ན། དེ་ནི་བདག་ལ་དམིགས་པ་དང་མཚུངས་ཏེ་གལ་ཏེ་བདག་ངའི་ཡུལ་ཞིག་ཡིན་ན་དེའི་ཚེ་ཇི་ལྟར་ངའི་བདག་ཅེས་སེམས་པར་འགྱུར། ཇི་སྟེ་དངོས་ཉིད་དུ་ཐ་དད་པ་མེད་ཀྱང་ཐ་དད་པ་གཞན་སྤངས་པས་དེ་ཙམ་ཤེས་པར་འདོད་པའི་ཕྱིར་མཆི་གུའི་ལུས་ཤེས་བྱ་བ་བཞིན་དུ་ཐ་དད་པར་བརྟགས་པས་འཛིན་པ་ཡིན་པས་འགལ་བ་མེད་དོ་ཞེ་ན། དེ་ཡང་ཡུལ་ལ་དམིགས་པ་དང་མཚུངས་སོ། །བདག་ཡུལ་དུ་གྱུར་བ་ཡང་ཡུ་རིམ་གྱིས་འབྱུང་བ་དང་འགལ་ཏེ་འོག་ནས་བཤད་དོ། །ངར་འཛིན་པ་ཁོ་ན་ཡང་བདག་མ་ཡིན་ལ། དེའི་ཡུལ་གཟུགས་ལ་སོགས་པ་ཡིན་ནོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། དེ་དག་དེ་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །དེ་དག་ནི་རིམ་ཉིད་དུ་དམིགས་པའི་ཕྱིར་གཅིག་པུའི་ངོ་བོའམ་རང་དབང་ཅན་དུ་མེད་དོ། །དེ་ཉིད་ཀྱི་ཕྱིར། བདག་ལྟ་ཉིད་ནི་བདག་གི་མཚན་ཉིད་མིན། །ཉེས་

(༣༧༦)གནས་ཉིད་མིན་མཚན་ཉིད་མི་འདྲའི་ཕྱིར། །ཞེས་བཤད་དོ། །མིང་དུ་འདོགས་ན་ནི་འདོད་པས་འདི་ལ་བརྩད་པ་ཅི་ཡང་མེད་དོ། །དེ་ལྟ་བས་ན་བདག་སྒྲུབ་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་མེད་དོ་མངོན་སུམ་དང་རྗེས་སུ་དཔག་པ་ལ་མ་གཏོགས་པའི་ཚད་མ་ནི་མེད་དོ། །ཞེས་ཕྱོགས་གཞན་དུ་དཔྱད་ཟིན་ཏོ། །ཞེས་བྱ་བ་ནི། བདག་ཏུ་འཛིན་པ་ཕུང་པོ་ལ་དམིགས་ནས་འཛིན་ཞེས་བརྗོད་པ་ན་ཕུང་པོ་ཉིད་བདག་ཡིན་པར་ཡང་མ་གཟུང་། ཕུང་པོ་ལས་བདག་གཞན་དུ་ཡང་མ་གཟུང་ཞེས་བྱ་བ་སངས་རྒྱས་པའི་ལུགས་ཡིན་ན་གྲུབ་མཐས་ཁྱད་པར་མ་བྱས་པའི་ངར་འཛིན་ཙམ་པོ་དེ་ཐ་སྙད་དུ་ཕྱིན་ཅི་མ་ལོག་པར་ཡང་འདོད་པས་སངས་རྒྱས་པའི་འདོད་པ་དེ་ཡིད་ལ་གཞག་སྟེ་ངར་འཛིན་དེས་ལུས་དང་ཕུང་པོ་དོན་གཞན་དུ་གཟུང་བར་ཐལ་ཏེ། ངའི་ལུས་ཤེས་རྣམ་པར་དབྱེ་བ་དྲུག་པ་དང་བཅས་ཏེ་གཟུང་བའི་ཕྱིར་སྙམ་ན། དེ་ནི་མ་ཁྱབ་སྟེ། དྲུག་པའི་རྣམ་དབྱེས་ཐ་དད་དུ་བཅད་ཀྱང་བརྡས་ཐ་དད་པ་ཡིན་གྱི་དོན་ཐ་དད་པ་མ་ཡིན་ཏེ། འདི་ནི། དེ་ལའང་གཞན་ལས་ལྡོག་པ་དང་། །གཞན་ལས་ལོག་པ་ཞེས་བྱ་བའི། །སྒྲ་དང་ངེས་པ་ཉིད་དག་ནི། །བརྡ་ཡི་རྗེས་སུ་བྱེད་པ་ཡིན། །ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །དོན་བསྡུ་ན་ངར་འཛིན་པ་ཉིད་བདག་མ་ཡིན། བདག་ཕུང་པོ་ལས་གཞན་ན་ཡང་མེད་ཕུང་པོ་ཉིད་ཀྱང་བདག་མ་ཡིན་པའི་ཕྱིར་བདག་རང་གི་ངོ་བོས་གྲུབ་པ་མེད་ལ། དོན་དེ་མདོ་སྡེའི་རྒྱན་གྱིས་ཀྱང་བསྟན་ཞིང་། ཚད་མ་ལ་མངོན་རྗེས་གཉིས་ལས་མེད་པས་དེ་དག་གིས་མ་གྲུབ་ན་མུ་

(༣༧༧)སྟེགས་པའི་བདག་ཚད་མས་མི་འགྲུབ་ཅེས་མཇུག་བསྡུས་སོ། །དེ་ལྟར་ན་བློ་གྲོས་ངན་པ་དག་གིས་ཤེས་བྱ་བ་ནས། འདིའི་བར་གྱིས་བདག་སྒྲུབ་པར་བྱེད་པའི་ཚད་མ་མེད་ཅེས་བསྟན་པ་ཡིན་ནོ། །འདི་མན་ཆད་དུ་ནི་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་མ་ཟད་གནོད་བྱེད་ཀྱི་ཚད་མ་ཡོད་ཅེས་སྟོན་ཏེ། དེའི་གཞུང་ནི། གནོད་པ་ཅན་གྱི་ཚད་མ་ཡང་གསལ་བ་ཁོ་ནར་དམིགས་ཏེ། འདི་ལྟར་གལ་ཏེ་བདག་ཕུང་པོ་དག་ལས་གཞན་མ་ཡིན་ན་ནི་དེའི་ཚེ་ཕུང་པོ་བཞིན་དུ་སྐད་ཅིག་མར་འགྱུར་བའམ། ཡང་ན་བདག་བཞིན་དུ་ཕུང་པོ་རྟག་པ་དག་ཏུ་འགྱུར་ཏེ། དེ་དང་ཐ་མི་དད་པའི་ཕྱིར་རོ། །ཕུང་པོ་བཞིན་དུ་དུ་མ་ཉིད་དུ་ཐལ་བར་འགྱུར་བ་ཡང་བཟློག་པར་དཀའ་བར་འགྱུར་རོ། །དེ་བས་ན་ཕུང་པོ་རྣམས་ཁོ་ན་ལ་བདག་ཅེས་མིང་འདོགས་པ་ཡིན་ཏེ། མིང་ལ་བརྩད་པ་མེད་དོ། །འོན་ཏེ་ཕུང་པོ་དག་དང་ཐ་དད་པར་འདོད་ན་ནི་དེའི་ཚེ་བདེ་བ་ལ་སོགས་པ་དང་འབྲེལ་བ་མེད་པས་དེ་ཟ་བ་པོ་ལ་སོགས་པར་མི་འགྲུབ་པར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་བྱ་བ་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དང་འབྲེལ་བ་མེད་པ་དེ་ནི་བྱེད་པ་པོའམ་ཟ་བ་པོ་མ་ཡིན་པ་ལ་གྲོལ་བར་བྱེད་པའམ་འཁོར་བར་བྱེད་པར་ཡང་མི་རིགས་ཏེ། དཔེར་ན་མོ་ཤམ་གྱི་བུ་བཞིན་ལ་བདག་ཀྱང་བྱ་བ་ལ་སོགས་པ་དང་འབྲེལ་བ་འགའ་ཡང་མེད་པས་ཤེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །ཞེས་པ་དག་རིམ་གྱིས་བཤད་ན། གཅིག་དང་དུ་མ་གཏོགས་པར། རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །

(༣༧༨)ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གསུངས་པའི་ཚུལ་གྱིས་བདག་ནི་ངོ་བོ་ཉིད་ཀྱིས་མ་གྲུབ་སྟེ། ཕུང་པོ་དང་ངོ་བོ་གཅིག་ཏུ་ཡང་མ་གྲུབ། ཕུང་པོ་དང་ངོ་བོ་ཐ་དད་དུ་ཡང་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་བདག་ངོ་བོ་ཉིད་མེད་པར་སྒྲུབ་པའི་རྩ་བའི་སྦྱོར་བ་སྟེ། སྦྱོར་བ་དེའི་ཁྱབ་པ་ལ་ནི་རྩོད་པ་མེད་ལ། ཕྱོགས་ཀྱི་ཆོས་ལ་རྩོད་པས་རྒོལ་བ་ཁ་ཅིག་ནི་བདག་དང་ཕུང་པོ་ངོ་བོ་གཅིག་ཏུ་འདོད་ཁ་ཅིག་ནི་བདག་དང་ཕུང་པོ་ངོ་བོ་ཐ་དད་དུ་འདོད། དེ་གཉི་ག་ཚད་མས་བསལ་བ་ན་ཚད་མ་དེ་ལ་བདག་ཏུ་ལྟ་བ་སེལ་བའི་མཐུ་ཡོད་པ་ཡིན་ནོ། །གཏན་ཚིགས་སྔ་མའི་གཅིག་དང་དུ་མར་མ་དམིགས་པས་བདག་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་དངོས་སུ་གནོད་པ་ཡིན་ནོ། །གཅིག་དང་གཞན་དུ་མ་དམིགས་པ་ཡང་ཚད་མ་གཉིས་ཚོགས་པ་ལ་ཡིན་ཞིང་དེ་ཡང་དང་པོར་གཅིག་མ་ཡིན་པར་ངེས་པའི་ཚད་མ་སྐྱེ་ལ། དེ་ནས་གཞན་མ་ཡིན་པར་ངེས་པའི་ཚད་མ་སྐྱེ་བས་གལ་ཏེ་བདག་ཕུང་པོ་དག་ལས་གཞན་མ་ཡིན་ཏེ་གཅིག་ཡིན་ན་ནི་བདག་ཕུང་པོ་དང་གཅིག་པའམ། ཕུང་པོ་བདག་དང་གཅིག་པ་གང་ཡང་རུང་བ་ཞིག་ཏུ་འགྱུར་དགོས་ན། བདག་ནི་སྐད་ཅིག་མར་འགྱུར་ཏེ། དེའི་ཚེ་སྟེ་ཕུང་པོ་དང་གཅིག་ཡིན་པའི་ཕྱིར། དཔེར་ན་ཕུང་པོ་བཞིན། ཡང་ན་ཕུང་པོ་རྟག་པ་དག་ཏུ་འགྱུར་ཏེ། བདག་དང་གཅིག་ཡིན་པའི་ཕྱིར། དཔེར་ན་ཕུང་པོ་བཞིན། ཡང་ན་ཕུང་པོ་རྟག་པ་དག་ཏུ་འགྱུར་ཏེ། བདག་དང་གཅིག་ཡིན་པའི་ཕྱིར། བདག་བཞིན་ཞེས་བྱ་བའི་སུན་འབྱིན་པ་གཉིས་སོ། །དབུ་

(༣༧༩)མ་རྒྱན་དུ། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་པའི་སྐབས་སུ་དེ་ལྟ་བུའི་སྦྱོར་བ་དེ་རང་རྒྱུད་ཡིན་ནམ་ཐལ་འགྱུར་ཡིན་ཞེས་དྲིས་པའི་ལན་དུ་ཆོས་ཅན་ཆ་གཉིས་སུ་ཕྱེ་ནས་རང་སྡེས་ཁས་བླངས་པའི་གཟུགས་ལ་སོགས་པ་གཉི་གས་ཚད་མས་གྲུབ་པས་རང་རྒྱུད་དུ་བྱེད་ལ། གཙོ་བོ་ལ་སོགས་པ་གཞན་སྡེའི་ཁས་བླངས་ཙམ་ཆོས་ཅན་དུ་བྱེད་པ་ན་ཐལ་འགྱུར་ཡིན་ནོ་ཞེས་སློབ་དཔོན་ཀ་མ་ལ་ཤཱི་ལ་ཉིད་ཀྱིས་གསུངས་པ་བཞིན་ནོ། །དེ་བཞིན་དུ་འདིར་ཐལ་བ་གཉིས་པོའི་ཆོས་ཅན་བདག་དེ་ཡང་རྒོལ་ཕྱིར་རྒོལ་གཉི་གའི་མཐུན་སྣང་དུ་གྲུབ་པའི་ལྷ་སྦྱིན་དང་མཆོད་སྦྱིན་སོགས་ལ་བྱ་ན། ཕྱི་རོལ་པས་ལྷ་སྦྱིན་སྐད་ཅིག་མར་མི་འདོད་པས་མི་འདོད་པ་འཕེན་པའི་ཐལ་འགྱུར་ཡིན་མོད་ཀྱི། དེའི་སྔ་རོལ་དུ་དཔེ་ཕུང་པོ་སྐད་ཅིག་མར་གྲུབ་པ་དགོས་ལ། དེ་ནི་ཕྱི་རོལ་བ་ལ་མེད་དོ། །རང་གི་སྡེ་བ་གནས་མ་བུ་བ་ལ་སོགས་པའི་བདག་ཏུ་སྨྲ་བ་ལ་ཐལ་བ་འདི་བརྗོད་ན་དེ་དག་གིས་ཕུང་པོ་སྐད་ཅིག་མར་གྲུབ། བདག་སྐད་ཅིག་མར་ཁས་མི་ལེན་པས་མི་འདོད་པ་འཕངས་ཤིང་ཁྱབ་པ་ཡང་དཔེ་ཕུང་པོའི་སྟེངས་སུ་ངེས་སུ་རུང་བ་ཞིག་གོམ་འདིར་ཕྱིར་རྒོལ་བ་ཕལ་ཆེར་ཕྱི་རོལ་བ་ལ་བྱ་བ་འདྲ་ན། ཐལ་བ་དེའི་ཁྱབ་པ་ཇི་ལྟར་སྒྲུབ་སྙམ་ན། སྐད་ཅིག་ཅེས་བྱ་བའི་སྒྲ་འདི་དུས་ཤིན་དུ་ཐུང་བ་ལ་ཡང་འཇུག་ལ། མི་ཁོམ་པ་དང་བྲལ་བའི་ཁོམ་པ་ལ་ཡང་འཇུག་པས་དུས་

(༣༨༠)རིང་བ་ལ་འཇུག་པ་ཡང་ཡོད་དོ། །དེས་ན་ཕྱི་རོལ་བ་ལྷ་སྦྱིན་འདི་ནས་ཕྱི་མར་མི་འགྲོ་བར་ཐལ། ཕུང་པོ་ཕྱི་མར་མི་འགྲོ་བའི་ཕྱིར་ཞེས་པའི་དོན་ཅན་དུ་འཕང་བར་བྱའོ། །སློབ་དཔོན་ཀ་མ་ལ་ཤཱི་ལ་འདི་ཉིད་ནི་སྤྱི་ཙམ་དུ་ལྷ་སྦྱིན་སྐད་ཅིག་མར་བཞེད་དེ། ལས་བྱེད་པའི་ལྷ་སྦྱིན་དང་འབྲས་བུ་མྱོང་བའི་ལྷ་སྦྱིན་གཉིས་རྒྱུ་དང་འབྲས་བུར་བཤད་མ་ཐག་པ་དེའི་ཕྱིར་རོ། །སྦྱོར་བ་ཕྱི་མ་ལ་ཡང་ཕུང་པོ་རྣམ་གྲངས་ཀྱིས་རྟག་པར་གཅེར་བུ་པ་དག་འདོད་པས་དེ་ལ་མི་འདོད་པ་འཕེན་པར་མི་འགྱུར་རོ་སྙམ་ན། ཕུང་པོའི་མི་རྟག་པའི་རྣམ་གྲངས་དེ་ཉིད་ཀྱིས་རྟག་པར་འགྱུར་ཏེ། བདག་དང་གཅིག་ཡིན་པའི་ཕྱིར་ཞེས་བྱ་སྟེ། འདི་ལྟ་བུ་དག་ནི་རྒོལ་བ་སོ་སོའི་འདོད་པ་དང་སྦྱར་ཏེ་བྱ་དགོས་པས་གཅེར་བུ་པས་སེམས་ནི་རྣམ་གྲངས་ཀྱིས་མི་རྟག་པ་ཡང་མ་ཡིན་པར་འདོད་ལ། ཕུང་པོ་ནི་རྣམ་གྲངས་ཀྱིས་རྟག་པ་དང་རྣམ་གྲངས་ཀྱིས་མི་རྟག་པ་གཉི་གར་འདོད་པས་གང་མི་འདོད་པའི་ཆ་ནས་ཐལ་བ་འཕང་བར་བྱའོ། །དེ་བཞིན་དུ་གྲངས་ཅན་གྱིས་བདག་ནི་ནམ་ཡང་རྟག་པར་འདོད་ཅིང་། རྣམ་འགྱུར་རྣམས་ནི་མངོན་པར་གསལ་བས་མི་རྟག་པ་དང་རང་བཞིན་གྱིས་ནི་རྟག་པར་འདོད་དེ། དེ་ལྟ་བུ་ལ་ནི་མངོན་པར་གསལ་བའི་བུམ་པ་ནི་དེའི་མངོན་པར་གསལ་བ་ཞ་བར་མི་འགྱུར་ཏེ། བདག་དང་གཅིག་ཡིན་པའི་ཕྱིར་ཞེས་སྦྱར་བར་བྱའོ། །ཐལ་འགྱུར་ཕྱི་མ་འདིར་ཡང་ཟ་པོ་རྟག་དངོས་ལ་སོགས་པའི་བདག་དང་གཅིག་པར་ཁས་བླངས་པ་དེའི་ཚེ་བརྟག་པའི་མཐའ་གཟུང་བས་ཁྱབ་པ་ཡོད་ལ། བཏགས་པར་ཡོད་པའི་བདག་དང་གཅིག་ཡིན་པ་གཏན་ཚིགས་སུ་བྱེད་ན་ལྷ་སྦྱིན་གྱི་ལུས་

(༣༨༡)འཇིག་རྟེན་གཞན་དུ་འགྲོ་བར་ཐལ་ཏེ། ལྷ་སྦྱིན་དང་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ལྟ་བུའི་ཐལ་བ་འཕང་བར་བྱ་བ་ཡིན་ཏེ། འདི་ཐམས་ཅད་ཀྱང་རྒོལ་བ་དང་ཕྱི་རོལ་བའི་བསམ་པ་ལེགས་པར་ཤེས་པ་ལ་རག་ལས་པ་ཡིན་ནོ། །ཕུང་པོ་དང་ངོ་བོ་ཉིད་གཅིག་དང་ཐ་དད་མ་ཡིན་པའི་རྟགས་ཀྱིས་བདག་ངོ་བོ་ཉིད་མེད་པར་སྒྲུབ་པའི་གཏན་ཚིགས་འདི་དོན་སྒྲུབ་ཡིན་ནམ་ཐ་སྙད་སྒྲུབ་ཡིན་ཞེ་ན། གཅིག་མ་ཡིན་པ་དང་གཞན་མ་ཡིན་པ་གཉི་ག་ཚོགས་པ་འདི་གཏན་ཚིགས་སུ་འགོད་ན། ཕྱོགས་ཆོས་ངེས་པའི་ཚེ་བསྒྲུབ་བྱའི་ཆོས་ཀྱི་དོན་གྲུབ་པས་ཐ་སྙད་འབའ་ཞིག་སྒྲུབ་བོ། །རེ་རེ་རྟགས་སུ་བཀོད་ན་ཡང་ཕྱོགས་ཆོས་དང་ཁྱབ་པ་གྲུབ་པས་རྟགས་ཡང་དག་ཏུ་འགྱུར་ལ། ཕྱོགས་ཆོས་ངེས་པའི་ཚེ་བསྒྲུབ་བྱའི་དོན་མ་གྲུབ་པས་དོན་སྒྲུབ་ཡིན་ནོ། །བདག་ཕུང་པོ་དང་གཅིག་ཡིན་ན་བདག་གཟུགས་དང་གཅིག་ཡིན། བདག་ཚོར་བ་དང་གཅིག་ཡིན་ཞེས་འདོད་པར་བྱ་དགོས་པས་དུ་མ་ཉིད་དུ་ཐལ་བར་འགྱུར་བ་བཟློག་དཀའོ། །དུ་མ་ཉིད་ཡིན་པ་འདོད་མོད་སྙམ་ན། ལྷ་སྦྱིན་གཅིག་གིས་གཟུགས་ལྟ་བ་དང་སྒྲ་མཉན་ནོ་ཞེས་བྱ་བའི་འཇིག་རྟེན་གྱི་གྲགས་པའི་ཚད་མ་དང་འགལ་ཞིང་ལུང་ལས་ཀྱང་འཇིག་རྟེན་སྐྱེ་བ་ན་གང་ཟག་གཅིག་སྐྱེའོ་ཞེས་གསུངས་པས་རང་སྡེ་ལ་ནི་ལུང་གིས་ཀྱང་གནོད་དོ། །དེ་བས་ན་ཕུང་པོ་རྣམས་ཁོ་ན་ལ་བདག་ཅེས་མིང་འདོགས་པ་ཡིན་ཏེ་ཞེས་བྱ་བ་ནི་ཕུང་པོ་ལ་བདག་གི་མིང་འདོགས་པས་བདག་ཅེས་བྱ་བ་དང་ཕུང་པོ་ཞེས་བྱ་བ་མིང་གི་རྣམ་གྲངས་སུ་འདོད་པ་མ་ཡིན་གྱི། ཕུང་པོ་ཚོགས་པ་ན་ཚོགས་པ་དེའི་

(༣༨༢)ཚོགས་སྤྱི་ཅིག་བློ་ལ་འཆར་བས་བློ་དེའི་ཡུལ་ལ་བདག་ཅེས་བཏགས་པ་ཁོ་ན་ཡིན་གྱི། ཕུང་པོ་ཉིད་བདག་ཡིན་ཞེས་ནི་སྨྲ་བ་མ་ཡིན་ནོ། །འདི་ནི་སློབ་དཔོན་ཟླ་བས། ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས་ཀྱི། །ཚོགས་པ་ཡིན་གྱི་ཕུང་པོའི་ངོ་བོ་མིན། །ཞེས་གསུངས་པ་དེ་ཡིན་ནོ། །འོན་ཏེ་བདག་ཕུང་པོ་དང་རྫས་ཐ་དད་ན་དེའི་ཚེ་བདེ་བ་ལ་སོགས་པ་མྱོང་བ་ན་ལྷ་སྦྱིན་བདེའོ་ཞེས་བརྗོད་དུ་མི་རུང་བར་འགྱུར་ལ། དེ་ལྟ་ན་ལྷ་སྦྱིན་དང་བདེ་བ་ལ་འབྲེལ་བ་མེད་པས་དེ་ཟ་བ་པོའམ་མྱོང་བ་པོར་མི་འགྱུར་བར་ཐལ་ལོ། །སྦྱོར་བའི་དོན་ནི་ལས། འབྲས་བུ། བཅིངས་པ། ཐར་བ་རྣམས་བདག་དང་འབྲེལ་བ་མེད་པར་འགྱུར་བས་བྱེད་པ་པོ་སོགས་སུ་མི་རུང་སྟེ། མགོ་བོ་ལྷ་སྦྱིན་ལས་རྫས་གཞན་ཡིན་ན་ལྷ་སྦྱིན་མགོ་བསྒྱུར་བ་པོར་མི་རུང་བ་བཞིན་དང་མོ་ཤམ་གྱི་བུ་བཞིན་ནོ། །གཏན་ཚིགས་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་དེ་བདེ་བ་ལ་སོགས་པ་དང་འབྲེལ་བ་ཞིག་ཡིན་ན་གནས་པའི་མཚན་ཉིད་དམ་ལྡན་པའི་མཚན་ཉིད་དམ་རྒྱུ་དང་འབྲས་བུའི་མཚན་ཉིད་དམ་ཕྱོགས་གསུམ་དུ་འགྱུར་གྲང་ན། རེ་ཤིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཅི་ཡང་མི་བྱེད་པའི་ཕྱིར་རོ། །འདི་ལྟར་འོག་ཏུ་འགྲོ་བའི་ཆོས་ཆུ་ལ་སོགས་པ་ལ་འོག་ཏུ་འགྲོ་བའི་བགེགས་བྱེད་པས་གཞིར་རྣམས་པར་གཞག་ན་བདེ་བ་ལ་སོགས་པ་ལ་ནི་ལུས་མེད་པས་འོག་ཏུ་འགྲོ་མི་སྲིད་པའི་ཕྱིར་བདག་ཅི་ཞིག་བྱེད་ན་གཞིར་འགྱུར། གནས་པར་བྱེད་པས་ཀྱང་གཞི་མ་ཡིན་ཏེ། གནས་པ་དང་གནས་པ་པོ་ཐ་མ་དད་པའི་ཕྱིར་དེ་ཉིད་བྱེད་པར་འགྱུར་ཏེ། དེ་ཡང་དགག་

(༣༨༣)པར་བྱའོ། །གནས་པ་དང་ཐ་དད་ན་ཡང་དེ་གནས་པོ་དེ་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ཉིད་དེ། གནས་པ་དོན་གཞན་དུ་གྱུར་བ་བྱེད་པའི་ཕྱིར་རོ། །དེ་ལ་ནི་གནས་པ་བསྐྱེད་པའི་མཐུ་ཡང་མེད་དེ། ཐམས་ཅད་ལ་ཡང་མཐུ་མེད་པར་སྩལ་བར་བྱ་བའི་ཕྱིར་རོ། །བདག་ཉིད་ཀྱིས་འགྱུར་བའི་ངོ་བོ་ཉིད་ལ་ནི་གནས་པར་བྱེད་པ་གང་ཡང་མེད་དེ། དེ་མི་གནས་པའི་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་དེས་དེ་བཤིག་པ་ཁོ་ནར་འགྱུར་ཏེ། གནས་པར་བྱས་པས་ནི་མ་ཡིན་ནོ། །མི་འགྱུར་བའི་ངོ་བོ་ཉིད་ལ་ཡང་གནས་པར་བྱེད་པས་ཅི་ཞིག་བྱ་སྟེ། བདག་ཉིད་ཀྱིས་བསྟན་པའི་ངོ་བོ་ཉིད་དུ་གནས་པའི་ཕྱིར་རོ། །དེ་ལྟ་བས་ན་ཅི་ཡང་མི་བྱེད་པའི་ཕྱིར་ལྡན་པའི་འབྲེལ་བ་ཡང་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་ལྡན་པ་ཅན་གྱི་རྒྱུར་འགྱུར་རོ། །དོན་གཞན་དང་དོན་གཞན་དུ་ལྡན་པར་ནི་མི་རིགས་ཏེ། ལུགས་ཀྱི་ཐུར་མ་བཞིན་དུ་ཐམས་ཅད་རང་རང་གི་བདག་ཉིད་དུ་གནས་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ལྡན་པའི་སྟོབས་ཀྱིས་བདག་བདེའམ་སྡུག་བསྔལ་བར་འགྱུར་ན་ནི་དེའི་ཚེ་ལྡན་པ་གཅིག་པུ་སྟེ། བྱེ་བྲག་མེད་པའི་ཕྱིར་བདེ་བ་ལ་སོགས་པ་སོ་སོར་ངེས་པའི་བདག་དང་འབྲེལ་བ་ཅན་དུ་མི་འགྱུར་ཏེ། དེའི་ཕྱིར་བདག་གཅིག་གི་བདེ་བ་ལ་སོགས་པས་ཀྱང་ཐམས་ཅད་བདེ་བ་ཉིད་དམ་སྡུག་བསྔལ་བ་ཉིད་དུ་འགྱུར་རོ། །མི་མཐོང་བའི་སྟོབས་ཀྱིས་ངེས་པར་ཁས་ལེན་ན་ནི་དེ་ཁོ་ནས་ངེས་པ་ཡིན་ན་ལྡན་པ་ཡོངས་སུ་བརྟགས་པས་ཅི་ཞིག་བྱ་སྟེ་

(༣༨༤)དེ་ནི་གང་དུ་ཡང་མཐུ་མེད་པའི་ཕྱིར་རོ། །འབྲེལ་བ་ཅན་ཐ་དད་པས་ཐ་དད་པར་འདོགས་པ་ལ་ཡང་དོན་དམ་པར་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཐ་དད་པ་མེད་ན་གང་གིས་རང་བཞིན་ཐ་དད་པ་ལ་རག་ལུས་པའི་དོན་བྱེད་པ་ཐ་དད་པར་འགྱུར། དེ་ལྟ་བས་ན་འབྲེལ་བ་འདི་ནི་བློ་གྲོས་ངན་པས་ཡོངས་སུ་བརྟགས་པ་ཁོ་ནའོ། །རྒྱུ་དང་འབྲས་བུར་འབྲེལ་བ་ཡང་མ་ཡིན་ཏེ། བདེ་བ་ལ་སོགས་པ་རིམ་གྱིས་འབྱུང་བར་སྣང་བའི་ཕྱིར་རོ། །རྒྱུ་མ་ཚང་བ་མེད་པ་ཅན་གྱི་འབྲས་བུ་ནི་རེས་འགའ་འབྱུང་བའམ་མི་འབྱུང་བར་མི་རིགས་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །གཞན་དག་གིས་བྱེ་བྲག་ཏུ་བྱར་མི་རུང་བའམ་མཐུ་རག་མ་ལས་པ་ཅན་གྱི་བདག་ནི་གང་གིས་ན་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་ནས་རིམ་གྱིས་སྐྱེ་བར་འགྱུར་བ་ལྷན་ཅིག་བྱེད་པ་ལ་ལྟོས་པ་ནི་མེད་དོ། །དེས་ན་གལ་ཏེ་སྡུག་བསྔལ་བསྐྱེད་པའི་རྒྱུ་ཡིན་པས་དེ་བཅིངས་པ་ཡིན་ན་ནི། དེའི་ཚེ་ཐམས་ཅད་དུ་བཅིངས་ནས་ནམ་ཡང་གྲོལ་བར་མི་འགྱུར་ཏེ། རང་བཞིན་རྣམ་པ་དེ་ལྟ་བུ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཡོངས་སུ་གཏོང་ན་ནི་རྟག་པ་ཉིད་དུ་ག་ལ་འགྱུར། ཇི་སྟེ་སྡུག་བསྔལ་མེད་པའི་གནས་སྐབས་བསྐྱེད་པའི་རྒྱུ་ཡིན་པས་གྲོལ་བ་ཡིན་ན་ནི་དེའི་ཚེ་གྲོལ་བ་ཉིད་དུ་འགྱུར་ཏེ། ནམ་ཡང་བཅིངས་པར་མི་འགྱུར་ན་དེའི་གཞི་ཅན་གྱི་བཅིངས་པ་དང་གྲོལ་བ་དག་ཏུ་ཇི་ལྟར་རབ་ཏུ་བརྟག །དེ་བཞིན་དུ་གལ་ཏེ་སེམས་པ་ལ་སོགས་པའི་མཚན་ཉིད་བྱེད་པ་བསྐྱེད་ནུས་པས་བྱེད་པ་པོ་ཡིན་ན་ནི། དེའི་ཚེ་ཐམས་ཅད་དུ་བྱེད་པ་པོར་འགྱུར་གྱི་ཟ་བ་པོར་ཇི་ལྟར་

(༣༨༥)འགྱུར། འོན་ཏེ་བདེ་བ་ལ་སོགས་པའི་བསྐྱེད་པའི་རྒྱུས་ཟ་བ་པོ་ཡིན་ན་ནི་དེའི་ཚེ་ཟ་བ་པོ་ཉིད་དུ་འགྱུར་གྱི་བྱེད་པ་པོར་ཇི་ལྟར་འགྱུར། ཞེས་བྱ་བ་མང་དུ་གསུངས་པ་ལ། འདི་ཐམས་ཅད་ནི་བྱེ་བྲག་པའི་ལུགས་དགག་པ་སྟེ། རྟེན་བརྟེན་པ་དང་ལྡན་པ་དང་ལྡན་པ་ཅན་དང་རྒྱུ་དང་འབྲས་བུ་སྟེ་བདག་དང་ཕུང་པོ་ལ་ཕྱོགས་གསུམ་པོ་དེ་དག་གང་ཁས་བླངས་ཀྱང་བདག་དེ་ཕུང་པོ་ལས་རྫས་གཞན་པས་བདག་གཅིག་པའི་འབྲེལ་བ་མ་གྲུབ། རྟག་པས་དོན་བྱེད་མི་ནུས་པས་བདག་ཕུང་པོ་ལས་རྫས་གཞན་དང་རྟག་པ་ལ་ནི་འབྲེལ་བ་མ་གྲུབ་པའི་ཕྱིར་རྣམ་བཞག་དེ་དག་ཐམས་ཅད་མི་རུང་ཞེས་པའོ། །སེར་སྐྱ་བས་ཡོངས་སུ་བརྟགས་པའི་བདག་བདེ་བ་ལ་སོགས་པས་འགྱུར་བ་མེད་པ་ནམ་མཁའ་ལྟ་བུ་ཡང་ཟ་བ་པོར་རིགས་པ་དང་ལྡན་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འགྱུར་ན་ནི་རྟག་པ་ཉམས་སོ། །རྒྱུ་ཙམ་གྱིས་ནི་བྱེད་པ་པོ་དང་ཟ་བ་པོར་མི་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དྲན་པ་པོ་ལ་སོགས་པ་ཡང་དེའི་གཞི་ཅན་དུ་མི་རུང་ཞེས་སྦྱར་བར་བྱའོ། །ཞེས་བྱ་བ་ལ། དྲང་སྲོང་སེར་སྐྱའི་སློབ་མ་ཡིན་པས་སྟོན་པ་ལས་མིང་དུ་ཆགས་པ་སེར་སྐྱ་པ་དང་། ཤེས་བྱ་ཉི་ཤུ་རྩ་ལྔར་འདོད་པས་གྲུབ་པའི་མཐའ་ལས་མིང་དུ་ཆགས་པ་གྲངས་ཅན་པའི་བདག་ཇི་ལྟར་འདོད་པ་ནི་གོང་དུ་བཀོད་ཟིན་ལ། དེ་སྐད་ཅིག་མའི་སྐྱེ་འཇིག་མེད་པའི་རྟག་པ་དང་ནམ་མཁའ་ལྟར་ཁྱབ་པ་ཡིན་ན། བཟའ་བྱ་བདེ་བ་ལ་སོགས་པས་ཕན་མི་འདོགས་བཞིན་དུ་དེའི་ཟ་བ་པོར་མི་འགྱུར་ཏེ། གལ་ཏེ་སྒྲ་ཡི་ཤེས་རྟག་ན་

(༣༨༦)ཐམས་ཅད་ཚེ་ན་སྒྲ་འཛིན་འགྱུར། ཞེས་བྱ་བའི་ཚུལ་གྱིས་བདེ་བ་མེད་པའི་ཚེ་ན་ཡང་བདེ་བ་ཟ་བར་ཧ་ཅང་ཐལ་བའི་ཕྱིར་ཏེ་ཞེས་པའོ། །བདེ་བས་ཕན་བཏགས་པས་བདག་ལ་འགྱུར་བ་བསྐྱེད་ན་རྟག་པ་ཉམས་སོ། །བདག་དེས་བདེ་བ་བསྐྱེད་པར་མི་བྱེད་ཀྱང་གཙོ་བོས་བདེ་བ་དེ་བསྐྱེད་པ་ན་བདག་དེའི་ཆེད་དུ་བསྐྱེད་པ་ཡིན་པས་དེས་ན་བདག་ཟ་བ་པོར་འགྱུར་རོ་སྙམ་ན། དམིགས་པའི་རྒྱུ་ཙམ་གྱིས་བྱེད་པ་པོ་དང་ཟ་བ་པོར་མི་འགྱུར་ཏེ། འགའ་ཞིག་གིས་མཐོ་ཡོར་ལ་སྐྱེས་བུར་འཁྲུལ་ཏེ། དེའི་ཆེད་དུ་ཟན་བྱས་པ་ན་མཐོ་ཡོར་དེ་ཟན་གྱི་བྱེད་པ་པོ་དང་ཟ་བ་པོ། གཉི་གར་མི་འགྱུར་བ་བཞིན་ནོ། །འགྱུར་ན་ནི་ཐམས་ཅད་ཀྱང་བྱེད་པ་པོར་ཧ་ཅང་ཐལ་ལོ། །བདག་དེ་དྲན་པ་པོ་དང་ངོ་ཤེས་པ་པོའི་གཞི་ཅན་དུ་ཡང་མི་རུང་སྟེ། །འདི་ལ་ཡང་སྐྱུར་བ་ཟོས་པའི་བདག་གིས་ཕྱིས་དེ་དྲན་ན་གཏན་དུ་དྲན་པར་འགྱུར་ཏེ། རྟག་པའི་ཕྱིར་རོ། །དེ་བཞིན་དུ་ངོ་ཤེས་ན་ཡང་རྟག་ཏུ་ཤེས་པར་ཐལ་བར་བཟློག་ཏུ་མེད་དོ། །དེ་ལྟ་བས་ན་བདག་མེད་པར་སྨྲ་བའི་ཕྱོགས་ཁོ་ན་ལ་ཐར་བ་དང་བཅིངས་པ་ལ་སོགས་པ་རྣམ་པར་གཞག་པ་རིགས་པ་དང་ལྡན་ཏེ། རྣམ་པར་གཞག་པ་དེ་རྒྱུ་དང་འབྲས་བུའི་བྱེ་བྲག་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་དེ་ཡང་མི་རྟག་པ་ཁོ་ན་ལ་སྲིད་ཀྱི་རྟག་པ་རྣམས་ལ་མ་ཡིན་ཏེ། དེ་དག་ལ་འབྲས་བུ་གང་ལ་ཡང་རིམ་གྱིས་བསྐྱེད་པའི་མཐུ་མེད་དེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །ཅིག་ཆར་ཡང་མ་ཡིན་ཏེ། ཡང་རྣམ་པ་དེ་ལྟ་བུའི་འབྲས་བུ་བསྐྱེད་པའི་མཐུའི་ངོ་བོ་ཉིད་རྗེས་སུ་འབྲང་སྟེ། སྔ་མ་

(༣༨༧)བཞིན་དུ་འབྲས་བུ་བསྐྱེད་པ་དང་འབྲལ་བར་མི་རིགས་པའི་ཕྱིར་རོ། །རྗེས་སུ་མི་འབྲང་ན་ནི་ངོ་བོ་ཉིད་སྔ་མ་ཉམས་པར་འགྱུར་རོ། །རིམ་དང་ཅིག་ཅར་།།།དག་ལས་མ་གཏོགས་པ་གང་གིས་དོན་བྱེད་པར་འགྱུར་བའི་རྣམ་པ་གཞན་ནི་མེད་དེ། དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་མ་ཡིན་པ་།།།ཇི་སྙེད་པ་ནམ་མཁའ་ལ་སོགས་པའི་དངོས་པོ་གཞན་གྱིས་ཡོངས་སུ་བརྟགས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་དོན་བྱེད་པའི་ནུས་པ་མེད་པའི་ཕྱིར་མེད་པར་ཐ་སྙད་གདགས་པའི་ཡུལ་ཡིན་ནོ་ཞེས་མཁས་པ་ཆེན་པོ་སངས་རྒྱས་པ་དག་སྨྲའོ། །རི་བོང་གི་རྭ་ལ་སོགས་པ་ལ་མེད་པར་ཐ་སྙད་འདོགས་པ་ཡང་དོན་བྱེད་པའི་ནུས་པ་མེད་པ་ཙམ་གྱི་རྒྱུའི་ཕྱིར་རོ། །ཤུགས་ཀྱིས་ན་ཡོད་པར་ཐ་སྙད་གདགས་པ་ནི་དོན་བྱེད་ནུས་པའི་ཡུལ་ཉིད་དེ། ཡོད་པ་དང་མེད་པ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་ནུས་པ་ཐམས་ཅད་ཀྱིས་སྟོང་བ་རི་བོང་གི་རྭ་ལ་སོགས་པ་དང་བྱེ་བྲག་མེད་པ་ལ་ཡང་དངོས་པོ་ཞེས་མིང་དུ་འདོགས་ན་ནི་མིང་ལ་ནི་བརྩད་པ་མེད་དོ། །འོན་ཀྱང་དོན་བྱེད་པ་འདོད་པ་རྟོག་པ་དང་ལྡན་པ་དག་ནི་རྣམ་པ་དེ་ལྟ་བུ་མི་དམིགས་པའི་ངོ་བོ་ཉིད་མོ་ཤམ་གྱི་བུ་ལ་སོགས་པ་དང་བྱེ་བྲག་མེད་པ་ལ་དངོས་པོར་ཐ་སྙད་འདོགས་པ་རིགས་པ་མ་ཡིན་ནོ་ཞེས་སྨྲའོ། །དེ་ལྟ་བས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །ནམ་མཁའ་ལ་སོགས་པ་ཡང་བྱེད་པ་པོར་ཐལ་བར་འགྱུར་བས་མ་ངེས་པ་ཡང་མ་ཡིན་ནོ། །ཕྱོགས་དང་མཐུན་པ་ལ་ཡོད་

(༣༨༨)པས་འགལ་བ་ཡང་མ་ཡིན་ནོ། །བདག་གི་མཚན་ཉིད་གཞན་ཡང་མེད་པས་དེ་ལྟ་བས་ན་མོ་ཤམ་གྱི་བུ་དང་འདྲའོ། །གང་ཟག་དག་ཀྱང་གལ་ཏེ་འཇིག་ན་ནི་ཕུང་པོ་རྣམས་ཁོ་ནའི་ནང་དུ་འདུས་པ་དང་ཐལ་བར་འགྱུར་ཏེ། ཕུང་པོ་རྣམས་ཀྱིས་འདུས་བྱས་མཐའ་དག་བསྡུས་པའི་ཕྱིར་རོ། །འོན་ཏེ་མི་འཇིག་ན་ནི་དེའི་ཚེ་ཕུང་པོར་གཏོགས་པའི་ཆོས་རྣམས་དང་མི་འདྲ་བས་དེ་ལས་དོན་གཞན་པ་ཁོ་ནར་འགྱུར་ཏེ། དེའི་ཉེས་པ་ནི་བརྗོད་ཟིན་ཏོ། །དེ་ལྟ་བས་ན་བརྗོད་དུ་མི་རུང་བ་ཞེས་བྱ་བ་དངོས་པོ་ཅུང་ཟད་ཀྱང་མེད་དེ། དེས་ན་ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་སེང་གེའི་སྒྲ་ནི་མུ་སྟེགས་བྱེད་གླང་པོ་ཆེའི་ཁྱུ་མཐའ་དག་སྐྲག་པར་མཛད་ཅིང་རྫི་བ་མེད་པ་ཡིན་པས་མང་དུ་མི་དགོས་སོ། །ཞེས་བྱ་བ་དག་གི་དོན་ནི། རྟག་ཏུ་དངོས་དང་སྒྲོ་འདོགས་ལ། །སེང་གེ་བྲམ་ཟེའི་ཁྱིའུ་ལ། །དེ་ལྟར་བརྗོད་པ་འཇིག་རྟེན་ཡོད། །ཅེས་བྱ་བའི་ཚུལ་གྱིས་དོན་ལ་འཇུག་པའི་སྒྲ་རྣམས་ནི་ཡང་ན་ནི་དངོས་ཤིག་ལ་འཇུག །ཡང་ན་ནི་བཏགས་པ་བ་ཞིག་ལ་འཇུག་པ་ལས་གཞན་མེད་པས་མེ་ལ་སོགས་པ་ལ་ཡོད་པར་བཞག་པ་ནི་དངོས་སུ་ཡོད་པས་ཡིན་ལ། ཤེས་བྱ་ཉིད་དང་གཞལ་བྱ་ཉིད་ལ་སོགས་པ་རྣམས་ནི་བཏགས་པར་ཡོད་པས་ཡོད་པ་ཡིན་ནོ་ཞེས་ཆོས་ཀྱི་གྲགས་པ་ལ་སོགས་པ་བཞེད་དོ། །དེ་ལྟ་བས་ན་བདག་དེ་རྫས་སུ་ཡོད་ཅིང་དངོས་སུ་ཡོད་པ་ཞིག་ན། དེས་དོན་བྱེད་དགོས་ལ། དོན་མི་བྱེད་ན་ནི་དེ་དངོས་སུ་ཡོད་པ་མ་ཡིན་པས་རི་བོང་གི་རྭ་ལ་སོགས་པ་ལ་མེད་པའི་ཐ་སྙད་བྱེད་དོ། །གལ་ཏེ་བདག་རྟག་

(༣༨༩)ཅིང་དངོས་སུ་ཡོད་པ་ཡིན་ན་དོན་བྱེད་དགོས་པ་ལ་རྟག་པ་ལ་སྔ་ཕྱིའི་རིམ་པ་མེད་པས་རིམ་གྱིས་ཀྱང་མི་བྱེད། འབྲས་བུ་རྣམས་རིམ་གྱིས་འབྱུང་བས་ཅིག་ཆར་ཡང་མི་བྱེད་ཅེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །མདོར་བསྡུ་ན་སངས་རྒྱས་པ་དང་ཕྱི་རོལ་བའི་སྤྱོད་པ་ཞུགས་པ་ཐམས་ཅད་འདི་སྙམ་དུ་ལྷ་སྦྱིན་གྱིས་ཁུར་བ་ཟོས་པས་མཆོད་སྦྱིན་སྐོམ་པར་འགྱུར་བ་ཡང་མེད་པའི་ཕྱིར་ལས་གང་བྱེད་པ་དེ་ཉིད་ཀྱི་ས་དེའི་འབྲས་བུ་མྱོང་དགོས་ལ། གལ་ཏེ་མི་དགོས་ན་ནི་ཞིང་ལས་དང་ཚོང་དང་བཟོ་ལ་སོགས་པ་སློབ་པའི་བྱ་བའི་རྣམ་བཞག་ཐམས་ཅད་འཆོལ་ཞིང་ཡིད་བརྟན་མེད་པར་འགྱུར་བས་ལས་དང་འབྲས་བུའི་རྟེན་སྐྱེས་བུ་དང་གང་ཟག་ཅེས་བྱ་བ་ཁས་ལེན་པ་ལ་ཐམས་ཅད་མཐུན་ནོ། །མི་མཐུན་པ་ནི་ཕྱི་རོལ་བ་དང་ནང་གི་ཡང་གནས་མ་བུ་པ་ལ་སོགས་པ་སྐྱེས་བུ་དང་གང་ཟག་དངོས་སུ་ཡོད་པར་འདོད་ལ། སངས་རྒྱས་པ་གཞན་གྱིས་ནི་བཏགས་པར་ཡོད་པར་འདོད་དེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་ཅེས་བྱ་བ་ནི་བདག་དངོས་སུ་མེད་ཅེས་གསུང་བ་ཡིན་ཞིང་། དེ་རིགས་པའི་ཤུགས་དང་ལྡན་པས་སེང་གེ་ལྟར་འཇིགས་པ་མེད་པའི་སྒྲ་གཞན་ལ་སྐྲག་པ་བསྐྱེད་པ་ཡིན་ཞེས་བྱ་ལ། དངོས་ཀྱི་བདག་མེད་པར་གཏན་ལ་འབེབས་པ་ཡང་ཐར་བར་འགྲོ་བའི་ལམ་གཅིག་པུ་ཡིན་ཏེ། འཕགས་པ་ཐམས་ཅད་འདི་ལས་གཤེགས་པ་ཡིན་ནོ་ཞེས་སློབ་དཔོན་གཉེན་གསུང་ངོ་། །གང་ཟག་ངོ་བོ་ཉིད་མེད་པར་གཏན་ལ་ཕབ་པས་སྤྱི་ཐམས་ཅད་ངོ་བོ་ཉིད་མེད་པར་གཏན་ལ་ཕབ་པ་ཡིན་ལ། དེ་རྟོགས་པས་ཉན་ཐོས་ཀྱི་ཐར་བ་ཐོབ་

(༣༩༠)ཏུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་མི་འཐོབ་པས་དེའི་ཆེད་དུ་རང་གི་མཚན་ཉིད་ངོ་བོ་ཉིད་མེད་པར་གཏན་ལ་ཕབ་པས་ཆོས་བདག་མེད་པ་ཁོང་དུ་ཆུད་པར་བྱ་དགོས་ཏེ། ཞི་བའི་ལྷས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོར་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཅི་སྟེ་སྒོམ་མི་བྱེད། །ཅེས་གསུངས་པའི་ཕྱིར་རོ། །འོ་ན་སྟོང་པ་ཉིད་སྒོམ་པ་ཁོ་ནས་སྤང་བར་བྱ་བ་མཐའ་དག་ལྡོག་ཅིང་། ཤེས་པར་བྱ་བ་ཐམས་ཅད་རྟོགས་པར་ནུས་པས་སྙིང་རྗེ་དང་། སེམས་བསྐྱེད་པ་དང་། ཕ་རོལ་དུ་ཕྱིན་པ་ལྔ་དང་། བསྡུ་བ་བཞི་སོགས་ཐབས་ཀྱི་ཕྱོགས་བསྟན་པ་དེ་དག་བྱིས་པ་མ་རབས་དྲང་བའི་དོན་དུ་ཡིན་གྱི། དབང་པོ་རྣོན་པོ་ལ་ནི་མ་ཡིན་ནོ་ཞེས་རྒྱའི་བན་དེ་མ་ཧཱ་ཡཱ་ན་ཞེས་བྱ་བས་བཤད་པ་དེ་འཐད་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་ནི་བསྒོམས་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་སྟོང་ཉིད་བསྒོམས་པས་སྙིང་རྗེ་སྐྱེ་བར་འགྱུར་ལ། དེས་ཐབས་ལ་སྤྱོད་དོ་ཞེས་བྱ་བ་ནི་ལན་གཅིག་གོ །སྟོང་པ་ཉིད་བསྒོམས་པས་མཐར་ཐམས་ཅད་མཁྱེན་པ་ཐོབ་པར་མ་ཟད་གནས་སྐབས་སུ་ཡང་སྒྲིབ་པར་རགས་པ་དང་བྲལ་བས་སྔར་མ་ཤེས་པའི་ཤེས་བྱ་མང་པོ་ཤེས་པར་འགྱུར་ཏེ། དེའི་ཕྱིར། ཞི་བའི་ལྷས་བདག་གིས་གཞན་གྱི་སྡུག་བསྔལ་བསལ། སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན། ཞེས་བྱ་བའི་གཏན་ཚིགས་ལས་གཞན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བྱ་ཡིན་པར་རྟོགས་པའི་རྗེས་སུ་དཔག་པའི་ཚད་

(༣༩༡)མ་བསྐྱེད་ནས་གཞན་དོན་ལ་འཇུག་པར་གསུངས་ལ། བསྒོམས་པའི་སྟོབས་ཀྱིས་ཤེས་རབ་མང་དུ་ཤར་བ་ན་གཞན་གྱི་དོན་མི་བྱར་མི་རུང་བའི་ཚད་མས་རྟོགས་པར་འགྱུར་རོ་ཞེས་བྱ་བ་ནི་ལན་གཉིས་པའོ། །འཁོར་ལོ་ཕྱི་མར་སངས་རྒྱས་ཀྱི་ཡོན་ཏན་རྣམས་སེམས་ཅན་ལ་རང་བཞིན་གྱིས་ལྡན་པར་གསུངས་པའི་ཁོངས་སུ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ཡང་གཏོགས་ཏེ། ཤེས་རབ་དང་སྙིང་རྗེ་གཉིས་གདོད་མ་ནས་ངོ་བོ་ཉིད་ཀྱིས་འབྲེལ་བའི་ཕྱིར་གཞན་གྱི་དོན་གྱི་ཐབས་རྒྱ་ཆེན་པོ་ལ་མ་བསླབས་ན་ནི་སེམས་ཅན་གྱི་དོན་ལ་མི་ལྟོས་པའི་སྒྲིབ་པ་སེམས་ཅན་མཐའ་ཡས་པའི་དོན་ལ་རྨོངས་པ་འདི་མི་སྤོང་བས་སྟོང་ཉིད་རྟོགས་ཏེ་སྒྲིབ་པ་མཐའ་དག་ཟད་པ་ཁོ་ནས་ཐབས་རྒྱ་ཆེན་པོ་ལ་འཇུག་གོ་ཞེས་བྱ་བ་ནི་ལན་གསུམ་པའོ། །སྙིང་པོ་སྒོམ་པའི་ལམ་གྱི་གནས་སྐབས་མཐོན་པོ་ཁོ་ན་མ་ཡིན་པ་ནས་ཀྱང་ཤེས་བྱ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དུས་གསུམ་གྱི་ཆོས་རྣམས་བྱང་ཆུབ་སེམས་དཔས་ཤའི་མིག་གིས་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་དམ་པའི་ཆོས་པདྨ་དཀར་པོའི་སྐྱེ་མཆེད་རྣམ་པར་དག་པའི་ལེའུ་ལས་རྟོགས་པར་བྱའོ། །ཇི་ལྟར་མི་འགའ་ཞིག་ཉི་མ་དང་ཟླ་བའི་གཞལ་མེད་ཁང་དུ་ཞུགས་ན་བསྡད་པའི་དབང་མེད་པ་ལྟར་ཤེས་རབ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་ཡང་གཞན་གྱི་དོན་མི་བྱ་བར་སྐད་ཅིག་མ་གཅིག་ཀྱང་མི་ཚུགས་སོ། །ཆོས་བདག་མེད་པ་སྒོམ་པ་ལ་ཡང་དབང་པོའི་བྱེ་བྲག་གིས་གཉིས་ཡོད་དེ། ཕྱི་དང་ནང་གི་ཆོས་ལ་ངོ་བོ་ཉིད་དང་བཅས་པར་རྟོག་པའི་གཉེན་པོར་ཚད་མ་ལས་སྐྱེས་པའི་ངོ་བོ་ཉིད་མེད་པར་རྟོགས་

(༣༩༢)པའི་ཤེས་རབ་བསྐྱེད་པ་ནི་གཅིག་གོ ཁམས་གསུམ་གྱི་རྩ་བ་དངོས་པོའི་ངོ་བོ་ཉིད་དུ་རྟོག་ཅིང་མཚན་མར་འཛིན་པ་དེ་ཡང་སེམས་ཀྱི་སྣང་བ་ཙམ་ལས་སྐྱེས་པར་མཐོང་ནས་ཕྱག་རྒྱ་ཆེན་པོ་རང་རིག་པའི་རྣལ་འབྱོར་གྱིས་སྣང་བ་རྣམ་པར་དག་པ་བསྒོམས་པས་རྒྱུ་ལོག་པས་འབྲས་བུ་ལྡོག་པའི་ཚུལ་གྱིས་ཤེས་བྱ་ཐམས་ཅད་ལ་དངོས་པོར་ཞེན་པ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་སྟེ། འདི་ལ་ལང་ཀར་གཤེགས་པ་ལས་རང་གི་རྒྱུད་སེམས་སྣང་བ་རྣམ་པར་དག་པ་ཞེས་མང་དུ་གསུངས་ཤིང་འདི་སྒོམ་པའི་རིམ་པ་ནི་གོང་དུ་བཤད་པའི་རིམ་པ་ལྔ་པོ་དེ་ཡིན་ནོ། །ཕྱོགས་དེ་གཉི་ག་ཡང་རྒྱན་སྟུག་པོ་དང་ལང་ཀར་གཤེགས་པ་ལས་རྒྱས་པར་གསུངས་སོ། །དེ་ལ་ཆོས་ཀྱི་བདག་མེད་ཅེས་བྱ་བ་ལ་གང་ལ་བདག་མེད་པའི་ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་ཤེས་བྱ་བ་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་བྱ་བ་སོ་སོར་རང་རང་གི་མཚན་ཉིད་འཛིན་པ་རྣམས་སོ། །དེའི་བདག་ནི་གཞན་ལས་རྣམ་པར་ཕྱེ་བའི་ངོ་བོའོ། །དེ་ནི་སྔར་བཞི་རྒྱ་བའི་འགྲེལ་བ་དྲངས་ཏེ་བཤད་པ་དེ་ཉིད་དེ། བུམ་པའི་སྟེང་གི་ཆོས་གཞན་ཀ་བ་སོགས་དང་མ་འདྲེས་ཤིང་བུམ་པ་ཉིད་ཀྱི་དབང་བྱར་གྱུར་བ། དགེ་འདུན་གྱི་སྤྱི་རྫས་མ་ཡིན་པར་གང་ཟག་སྒོ་བཙན་གྱི་འབྲས་ཟན་ལྟ་བུ་སྟེ། དེ་འདྲ་བའི་ཁྱད་ཆོས་དེ་གཞན་ལ་མེད་ཅིང་ཁོ་ཉིད་ལ་ཡོད་པས་དེས་ཆོས་ཅན་དེ་གཞན་ལས་འབྱེད་ཅིང་མཚོན་པར་བྱེད་པས་མཚན་མ་ཞེས་ཀྱང་བྱ་སྟེ། བྲམ་ཟེའི་ཚངས་སྐུད་བཞིན་ནོ། །དེས་ན་དེས་གཞན་རྣམ་པར་གཅོད་པར་བྱེད་པས་དམ་པ་སངས་རྒྱས་ཀྱིས་ཆོས་རྣམས་ལ་ཁོ་ན་

(༣༩༣)བ་མེད་ཅེས་གསུངས་ལ། ཡང་དགོན་པས་ཀྱང་། སྟོང་ཉིད་རྡོ་རྗེའི་ཚིག་དྲུག་མར་དེ་དང་མཐུན་པར་བཤད་དོ། །དེ་ན་དེ་འདྲ་བའི་ངོ་བོ་ཐུན་མོང་མ་ཡིན་པའམ་ཁྱད་པར་གྱི་ཆོས་དེ་རང་གི་ཡིད་དང་མི་མཐུན་པ་མེད་པར་མཐོང་ནས་ཆོས་ཅན་དེ་ལ་ཡང་ལྷག་པར་ཆགས་པར་འགྱུར་བ་ཡིན་ཏེ། དཔེར་ན་བུད་མེད་བདག་ཉིད་ཀྱི་ཆོས་གཟུགས་མཛེས་པ་དང་ཆོས་གཞན་རྒྱན་མཛེས་པ་མཐོང་ནས་དེ་དང་ལྡན་པའི་བུད་མེད་ལ་ཆགས་པ་བཞིན་ནོ། །སྡུད་པ་ལས། སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་དྲི་མ་ཅན། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །དེས་ན་འཇིག་རྟེན་དག་དང་རྩོད་པ་བྱུང་བ་ཡིན། །ཞེས་སོ། །སེམས་ཅན་རྣམས་ཀྱིས་དངོས་པོར་མངོན་པར་ཞེན་པའི་ཚུལ་ལུགས་དེ་འདྲ་བ་ཡིན་པར་མཐོང་ནས་མཁས་པ་རྣམས་ཀྱིས་ངོ་བོ་ཉིད་དེ་ཚོལ་དུ་བཅུག་ན་ཅུང་ཟད་ཀྱང་མི་རྙེད་པས་མངོན་པར་ཞེན་པ་ཞི་བར་མཛད་པ་ཡིན་ཏེ། མཁས་པས་བྲིས་པའི་བུད་མེད་ཀྱི་རི་མོ་ལ་དངོས་ཡིན་པར་འཁྲུལ་བ་ན། ཁྱོད་རང་གི་ལག་པས་ཚོལ་ཞིག་ཅེས་བརྗོད་པ་ལྟ་བུའོ། །དེ་ལ་ཆོས་གང་དང་གང་ཚད་མས་མཐོང་བ་ན་དེ་ཐམས་ཅད་ཆ་ཤས་དང་བཅས་པར་མཐོང་།།། ཆ་ཤས་མེད་པའི་ངོ་བོ་ནི་གཅིག་ཀྱང་མཐོང་བ་མེད་པས་བུམ་པ་ཁ་དང་རྩ་བ་ལ་སོགས་པའི་ཆ་ཤས་དང་བཅས་པར་མཐོང་བ་ན་བུམ་པའི་ངོ་བོ་ཉིད་གཅིག་མི་རྙེད་ཅིང་མཐར་རྡུལ་ཕྲ་རབ་ཀྱི་བར་དུ་བཙལ་བ་ན་ཆ་ཤས་དང་བཅས་པ་ཁོ་ན་རྙེད་ཀྱི། གཅིག་ཅེས་བྱ་བའི་ངོ་ཏི་

(༣༩༤)དེ་མི་རྙེད་དོ། །དེ་འདྲ་བ་དེ་ཡང་གང་ཟག་གི་བདག་མེད་པ་གཏན་ལ་ཕབ་པའི་རྣལ་འབྱོར་བ་དེས་གཅིག་དང་གཞན་ཉིད་བཀག་པས་གང་ཟག་གི་བདག་འགོག་པའི་རིགས་པ་དེ་ཆོས་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་ཏེ། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློ་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན། །ཞེས་གསུངས་པ་ལྟར་བུའོ། །དེས་ན་བདག་མེད་གཉི་ག་ངེས་པར་བྱེད་པའི་རྩ་བའི་རིགས་པ་ནི་བདག་གཞན་གཉིས་མེད་དང་། གཅིག་དང་དུ་བྲལ་དང་། དོན་གཅིག་དང་ཐ་དད་མ་ཡིན་པ་ཞེས་བྱ་བ་འདི་ཁོ་ན་ཡིན་ཏེ། ཆོས་ཀྱི་གགས་པས་དགག་པའི་རྟགས་ཐམས་ཅད་སྣང་རུང་མ་དམིགས་པའི་མཐར་ཐུག་པར་གསུངས་པ་ལྟ་བུའོ། །དེས་ན་དབུ་མའི་བསྟན་བཅོས་རྣམས་ལས་རང་བཞིན་མེད་པ་སྒྲུབ་པའི་རིགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྡོ་རྗེ་གཟེགས་མ་དང་། ཡོད་མེད་སྐྱེ་འགོག་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་གཅིག་དང་དུ་མ་དང་བྲལ་བའི་རིགས་པ་ཉིད་ལ་བརྟེན་པ་ཡིན་ནོ། །སྐབས་ཀྱི་དོན་ནི་འདི་ལྟ་སྟེ། སྐྱེ་བ་དང་གནས་པ་དང་། འཇིག་པ་དང་། གཞན་དུ་འགྱུར་བ་དང་། ཤེས་བྱ་ཉིད་དང་། བརྗོད་བྱ་ཉིད་ལ་སོགས་པ་ཇི་ཙམ་ཞིག་གིས་བརྗོད་པར་ནུས་པ་རྣམས་བློའི་ལག་པས་གཟུང་བ་ན་ཆ་དང་བཅས་པ་ཁོ་ན་ཞིག་འཆར་གྱི། ཆ་མེད་པ་ཡེ་མི་འཆར་བས་སྐྱེ་བ་ཉིད་སྐྱེ་བའི་ངོ་བོ་ཉིད་མེད་པའི་གཏན་ཚིགས་སུ་འགྱུར་ཞིང་། གནས་པ་ཉིད་གནས་པའི་ངོ་བོ་ཉིད་མེས་པའི་གཏན་ཚིགས་སུ་འགྱུར་བ་ལ་སོགས་

(༣༩༥)པ་ཡིན་པས་ངོ་བོ་ཉིད་ཅེས་བྱ་བའི་མ་འདྲེས་པ་གཅིག་པུ་དེ་འདྲ་བ་ལ་འཇལ་བར་བྱེད་པའི་ཚད་མ་མེད་ཅིང་། གནོད་པར་བྱེད་པའི་ཚད་མ་ཡོད་པས་དབུ་མའི་བསྟན་བཅོས་རྣམས་ལས་དཔྱད་གཞིག་མང་དུ་མཛད་པ་ཡིན་ཏེ། དེ་དག་གིས་ཀྱང་ངོ་བོ་ཉིད་དེ་མེད་པར་གོ་བར་བྱེད་པ་ཡིན་གྱི། སྔར་ཡོད་པ་ཞིག་འཇིག་པར་བྱེད་པ་ནི་མ་ཡིན་ཏེ། རྩོད་བཟློག་ལས། དེ་ལ་ཚིག་ནི་མེད་།།།ཅེས་པར། །གོ་བར་བྱེད་ཀྱི་སྐྱེ་སེལ་མིན། །ཞེས་གསུངས་སོ། །དེ་ལྟར་བཙལ་བས་ཆོས་གང་གི་ཡང་ངོ་ཏི་མ་རྙེད་པ་ན་ཀ་བ་དང་བུམ་པ་ལ་སོགས་པའི་ཆོས་རྣམས་ལ་ཚོགས་པའི་ངོ་བོ་མཐོང་ནས་ཇི་ཞིག་ལྟར་བུམ་པའི་མིང་བཏགས་པ་ཙམ་དུ་ཟད་དོ་ཞེས་བཏགས་པ་ཙམ་དང་། སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་རྟོགས་སོ་ཞེས་འཆད་དོ། །རྣལ་འབྱོར་ཕྱི་མའི་དབང་དུ་བྱས་ནས་ནི་སྣང་བ་ལ་གཏན་ཚིགས་ཀྱི་སྒོ་ནས་དཔྱད་གཞིག་མི་བྱེད་ཀྱི། གང་དང་གང་གི་སྣང་བ་མཐོང་བ་ན་སྣང་བ་དེ་ཉིད་ལ་མངོན་སུམ་གྱིས་ལེགས་པར་གཟིར་ཏེ་བལྟས་པ་ན་སྣང་བའི་ངོ་བོ་ཉིད་མི་རྙེད་ཅིང་། སྣང་མཁན་གྱི་རིག་པ་ཞིག་ཀྱང་ཡོད་སྙམ་པ་ན་དེ་ཉིད་ཀྱིའང་ངོ་བོ་ལ་གཟིར་ཏེ་ལྟ་བ་ཡིན་ཞིང་། གཟིར་ཏེ་ལྟ་བ་ཉིད་ལ་ཁ་བལྟས་ན་ཡང་དེ་ཐམས་ཅད་ཀྱི་སྣང་བ་དམིགས་པར་མི་འགྱུར་ཏེ། མཐར་ནི་གཡོ་བ་མེད་པ། སེམས་ཀྱི་འཇུག་པ་མེད་པ། ནམ་མཁའ་ལྟ་བུར་གནས་པས་སེམས་ཇི་ལྟར་ཡིན་པ་རྟོགས་པར་འགྱུར་བར་བཞེད་དོ། །འདི་སྐད་གྲག་སྟེ། ཀུན་དགས། དམ་པ་ལགས། བདག་ལ་བསྒོམས་པའི་ཚེ་

(༣༩༦)སྤྲེའུ་ཞིག་གིས་བར་ཆད་ཞི་ཚེ་བྱས་ནས་སྒོམ་དུ་མ་སྟེར་ཞུས་པས། འོ་ན་སྤྲེའུ་དེའི་ངོ་ལ་སྲེ་མོག་བྱུགས་ལ་ཐོང་ཞེས་གསུངས་པས་སྲེ་མོག་བྱུགས་ཏེ་སང་ཉིན་པར་རང་གི་ངོ་ལ་སྲེ་མོག་བྱུགས་པར་མཐོང་ནས་འཁྲུལ་བ་སོལ་ཞེས་གྲག་གོ །དེ་ཡང་གར་གཞན་གྱིས་ཆས་གོས་སྣ་ཚོགས་གྱོན་པ་ན་ལྟད་མོ་བས་རེས་འགའ་ནི་ལྷར་མཐོང་། རེས་འགའ་ནི་ཀླུར་མཐོང་ཡང་གར་མཁན་ཉིད་དེ་གཉིས་མ་ཡིན་པ་ལྟར་མཚན་མ་མེད་ཅིང་སྤྲོས་པ་མེད་པའི་སྙིང་པོའི་རིག་པ་ཉིད་བག་ཆགས་ཀྱི་ཚོན་གྱིས་བྱུགས་ཤིང་སྣང་བའམ། རྣམ་པའམ་གཟུགས་བརྙན་ནམ་སོ་སོར་སྣང་བ་ཞེས་བྱ་བའི་འདྲ་དེའི་སྦུབས་སུ་ཚུད་པས་ཆོས་སྣ་ཚོགས་སུ་སྣང་ཞིང་། ཀུན་དགས་རང་གི་སེམས་ཉིད་སྤྲེའུར་མཐོང་བ་ལྟར་རང་ཉིད་རང་དུ་ཡང་སྣང་། ཡུལ་གཞན་དུ་ཡང་སྣང་ངོ་། །དེ་ལྟ་བུའི་འཁྲུལ་བ་ལས་འཁོར་བའི་ཆོས་མཐའ་དག་འདི་བྱུང་བར་བདེ་བར་གཤེགས་པའི་ལུང་དང་། བླ་མ་དམ་པ་རྣམས་ཀྱི་གསུང་ལས་འབྱུང་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། དེ་ནས་ཡང་བློ་གྲོས་ཆེན་པོས་གསོལ་བ། བཅོམ་ལྡན་འདས་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཆོས་ལྔ་དང་རང་བཞིན་གྱི་མཚན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་དོང་པ།།། བདག་གི་སེམས་སྣང་བའི་ཡུལ་དང་རྣམ་པར་བྲལ་བར་བྱེད་པ། བརྗོད་པ་དང་རིགས་པ་དང་། དེ་ཁོ་ན་ཉིད་ཀྱིས་མཚན་ཉིད་རྣམ་པར་འཇིག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཀྱི་སྙིང་པོ་ཆོས་ཀྱི་རྣམ་གྲངས་ཀྱི་མེ་ཏོག་བཤད་དུ་གསོལ། ལང་ཀའི་གྲོང་རྡལ་དང་མ་ལ་ཡའི་

(༣༩༧)རྒྱ་མཚོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སླད་དུ་previous hit ཀུནགཞིརྣམ་པར་ཤེས next hit་པའི་སྤྱོད་ཡུལ་རྒྱ་མཚོའི་རླབས་ལྟ་བུ་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པས་རྗེས་སུ་གསུངས་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་མིག་གི་རྣམ་པར་ཤེས་པ་ནི་རྒྱུ་བཞི་དག་གིས་འབྱུང་ངོ་། །བཞི་གང་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བ་ལ་འཛིན་པར་ཁོང་དུ་མ་ཆུད་པ་དང་། ཐོག་མ་མེད་པའི་དུས་ནས་སྤྲོས་པའི་གནས་ངན་ལེན་གྱི་གཟུགས་ཀྱི་བག་ཆགས་ལ་མངོན་པར་ཞེན་པ་དང་། རྣམ་པར་ཤེས་པའི་རང་བཞིན་གྱི་ངོ་བོ་ཉིད་དང་། གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་ཡིན་ཏེ། བློ་གྲོས་ཆེན་པོ་རྒྱུ་བཞི་པོ་འདི་དག་གིས་previous hit ཀུནགཞིརྣམ་པར་ཤེས next hit་པ་ཆུའི་ཀླུང་ལྟ་བུ་ལས་འཇུག་པའི་རྣམ་པར་ཤེས་པའི་རླབས་འབྱུང་ངོ་། །བློ་གྲོས་ཆེན་པོ་མིག་གི་རྣམ་པར་ཤེས་པ་ལ་ཇི་ལྟ་བ་བཞིན་དུ་དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་། སྤུའི་ཁུང་བུ་རྣམས་ལའང་དེ་བཞིན་ཏེ་མེ་ལོང་ལ་ཚིག་ཆ་དང་རིམ་གྱིས་ཡུལ་གྱི་གཟུགས་སྣང་བ་དང་། རྒྱ་མཚོ་ལ་རླུང་གིས་བཏབ་པ་བཞིན་དུ་བློ་གྲོས་ཆེན་པོ་ཡུལ་གྱི་རླུང་དང་སེམས་ཀྱི་རྒྱ་མཚོའི་རླབས་རྒྱུའི་བྱ་བ་རྒྱུན་མ་ཆད་པའི་མཚན་ཉིད། གཅིག་དང་ཐ་དད་པ་ལས་རྣམ་པར་གྲོལ་བ་ལས་དང་རིགས་ཀྱི་མཚན་ཉིད་དང་། ཤིན་དུ་འབྲེལ་བའི་རང་བཞིན་ངོ་བོ་ཉིད་ཁོང་དུ་མི་ཆུད་པ་རྣམ་པར་ཤེས་པའི་ཚོགས་ལྔ་འཇུག་གོ །བློ་གྲོས་ཆེན་པོ་རྣམ་པར་ཤེས་

(༣༩༨)པའི་ཚོགས་ལྔ་པོ་དེ་དག་དང་། ལྷན་ཅིག་ཏུ་རྒྱུ་དང་ཡུལ་བྱེ་བྲག་འབྱེད་པའི་མཚན་ཉིད་ཁོང་དུ་ཆུད་པར་བྱེད་པ་ཞེས་བྱ་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དག་གི་རྒྱུ་ལས་བྱུང་བའི་བདག་ཉིད་རབ་ཏུ་འཇུག་སྟེ། དེ་དག་དང་དེ་འདི་སྙམ་དུ། བདག་ཅག་ནི་ལྷན་ཅིག་ཏུ་ཕན་ཚུན་རྒྱུར་གྱུར་ཅིང་། རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པས་ཞུགས་པའོ་སྙམ་དུ་མི་སེམས་སོ། །འོན་ཀྱང་ཕན་ཚུན་ཐ་མི་དད་པའི་མཚན་ཉིད་དུ་ལྷན་ཅིག་རྣམ་པར་རིག་པའི་ཡུལ་བྱེ་བྲག་འབྱེད་པ་ལ་འཇུག་སྟེ། དེ་ལྟར་འཇུག་པའི་ཚེ་མཉམ་པར་གཞག་པའི་རྣལ་འབྱོར་ཅན་གྱིས་ཀྱང་ཇི་ལྟར་ཤིན་དུ་ཕྲ་བར་རྒྱུ་བའི་བག་ཆགས་འཇུག་པའི་རྣམས་མི་ཤེས་པར་རྒྱུ། རྣལ་འབྱོར་ཅན་རྣམས་ནི་འདི་ལྟར་བདག་ཅག་རྣམ་པར་ཤེས་པ་རྣམས་བཀག་ནས་སྙོམས་པར་འཇུག་གོ་སྙམ་དུ་སེམས་ཀྱང་དེ་དག་ནི་རྣམ་པར་ཤེས་པ་མ་འགགས་བཞིན་དུ་སྙོམས་པར་འཇོག་སྟེ། བག་ཆགས་ཀྱི་ས་བོན་མ་འགགས་པའི་ཕྱིར་ནི་མ་འགགས་པའོ། །ཡུལ་ལ་འཇུག་ཅིང་འཛིན་པ་མེད་པས་ནི་འགགས་སོ། །བློ་གྲོས་ཆེན་པོ་previous hit ཀུནགཞིརྣམ་པར་ཤེས next hit་པ་རྒྱུ་ཞིང་འཇུག་པ་དེ་ལྟར་ཤིན་དུ་ཕྲ་བས་དེ་བཞིན་གཤེགས་པ་དང་ས་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར། གཞན་ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་ཅན་གྱི་རྣལ་འབྱོར་གྱི་རྣལ་འབྱོར་བ་རྣམས་ཀྱིས་ཁོང་དུ་ཆུད་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ཀྱིས་ཀྱང་རྟོགས་པར་སླ་བ་མ་ཡིན་ནོ། །བློ་གྲོས་ཆེན་པོ་གཞན་དུ་ན་སའི་མཚན་ཉིད་དང་ཤེས་རབ་དང་ཡེ་ཤེས་ལ་མཁས་ཤིང་ཚིག་རབ་ཏུ་ཕྱེ་བ་ལ་

(༣༩༩)རྣམ་པར་གདོན་མི་ཟ་བ་རྒྱལ་བ་རྣམས་ལ་མཐའ་ཡས་པའི་དགེ་བའི་རྩ་བ་བརྩགས་པ། རང་གིས་སེམས་སྣང་བ་ལ་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བ། ནགས་ཚལ་སྟུག་པོ་ང་ཕུག་དང་ཤིང་དྲུང་ན་གནས་ཤིང་། རྣལ་འབྱོར་རབ་དང་འབྲིང་དང་ཐ་མ་ལ་རྣལ་འབྱོར་བ་རྣམས་ཀྱིས་རང་གི་སེམས་ཀྱི་རྣམ་པར་རྟོག་པ་སྣང་བའི་རྒྱུད་མཐོང་བ་དང་། ཞིང་མཐའ་ཡས་པའི་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བ་དང་། དབང་དང་སྟོབས་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་རྣམས་ཀྱང་ཐོབ་པར་ནུས་སོ། །བློ་གྲོས་ཆེན་པོ་དགེ་བའི་བཤེས་གཉེན་གྱི་སྐྱེ་བོ་ལ་རི་མོར་བྱས་པ་རྣམས་ཀྱིས་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་རང་གི་སེམས་སྣང་བའི་རང་བཞིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པའི་འཁོར་བ་སྲིད་པའི་རྒྱ་མཚོ། ལས་དང་སྲེད་པ་དང་ཡེ་ཤེས་པའི་རྒྱུ་ལས་བྱུང་བ་ལས་རྒལ་བར་ནུས་སོ། །བློ་གྲོས་ཆེན་པོ་དེའི་ཕྱིར་རྣལ་འབྱོར་ཅན་གྱི་དགེ་བའི་བཤེས་གཉེན་གྱི་སྐྱེ་བོ་དང་། བསྟེན་པའི་ནན་ཏན་བརྩམ་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་རྒྱ་མཚོའི་དབའ་རླབས་རྣམས། །རླུང་གི་རྐྱེན་གྱིས་འབྱུང་བ་དག །གར་ཅིང་རབ་ཏུ་འབྱུང་བ་ནི། །རྒྱུན་ཀྱང་རྣམ་པར་ཆད་པ་མེད། །ཀུན་གཞིའི་ཆུ་བོ་དེ་བཞིན་དུ། །རྟག་ཏུ་ཡུལ་གྱི་རླུང་གིས་བསྐྱོད། །སྣ་ཚོགས་རྣམ་ཤེས་དབའ་རླབས་རྣམས། །གར་ཅིང་རབ་ཏུ་འབྱུང་བར་འགྱུར། །སྔོན་པོ་དམར་པོ་ལན་ཙ་དང་། །དུང་དང་འོ་མ་ཁ་ར་དང་། །བསྐ་བའི་འབྲས་བུ་མེ་ཏོག་དང་། །

(༤༠༠)ཇི་ལྟར་ཉི་ཟླའི་འོད་ཟེར་དང་། །རྒྱ་མཚོ་ཡི་ནི་དབའ་རླབས་དག །མི་གཅིག་ཐ་དད་མིན་པར་ཤེས། །དེ་བཞིན་རྣམ་ཤེས་བདུན་པོ་དང་། །སེམས་དང་ལྷན་ཅིག་ལྡན་པའོ། །རྒྱ་མཚོ་ཡོངས་སུ་གྱུར་བ་ནི། །དབའ་རླབས་སྣ་ཚོགས་དེ་དག་སྟེ། །previous hit རྣམ་པར་ཤེསཤེས་བྱ་བ་ཡི། །ཀུནགཞི next hit་དེ་བཞིན་སྣ་ཚོགས་འབྱུང་། །སེམས་དང་ཡིད་དང་རྣམ་ཤེས་པ། །མཚན་ཉིད་དོན་དུ་རབ་ཏུ་བརྟག །བརྒྱད་པོ་ཐ་དད་མ་ཡིན་མཚན། །མཚན་གྱི་གཞི་དང་མཚན་ཉིད་མེད། །རྒྱ་མཚོ་དང་ནི་དབའ་རླབས་རྣམས། །ཇི་ལྟར་ཁྱད་པར་མེད་པ་བཞིན། །སེམས་དང་རྣམ་ཤེས་དེ་བཞིན་དུ། །ཡོངས་སུ་གྱུར་བ་མི་རྙེད་དོ། །སེམས་ནི་ལས་རྣམས་སྩོག་།།།པར་བྱེད། །ཡིད་ཀྱང་རྣམ་པར་སྩོག་པ་སྟེ། །རྣམ་པར་ཤེས་པས་རྣམ་པར་རིག །ལྔ་པོ་སྣང་ལ་རྟོག་པར་བྱེད། །སྔོན་པོ་དམར་པོའི་རྣམ་པར་ནི། །མི་ཡི་རྣམ་པར་ཤེས་པ་གདའ། །དབའ་རླབས་སེམས་དང་མཐུན་པའི་ཆོས། །ཇི་ལྟར་ཐུབ་ཆེན་བཤད་དུ་གསོལ། ༈ །སྔོན་པོ་དམར་པོའི་རྣམ་པ་རྣམས། །དབའ་རླབས་དག་ལ་མ་མཆིས་ཏེ། །མཚན་ཉིད་དོན་དུ་བྱིས་པ་ལ། །སེམས་ཀྱི་འཇུག་པ་བཤད་པའོ། ༡ །དེ་ལ་འཇུག་པ་མེད་པ་སྟེ། །རང་གི་སེམས་ནི་གཟུང་བ་སྤངས། །གཟུང་བ་ཡོད་ན་འཛིན་པ་ཡང་། །དབའ་རླབས་མཐུན་པར་སྒྲུབ་པར་འགྱུར། ༢ །ལུས་དང་ལོངས་སྤྱོད་གནས་ལྟ་བུར། །མི་ཡི་རྣམ་པར་ཤེས་པ་སྣང་། །དེ་ཕྱིར་དེ་ཡི་འཇུག་པ་ནི། །དབའ་རླབས་དག་དང་འདྲ་བར་སྣང་། ༣ །དབའ་རླབས་དངོས་པོར་རྒྱ་མཚོ་ནི། །

(༤༠༡)གར་བྱེད་རྣམ་པར་རིག་འགྱུར་ན། །ཀུན་གཞི་འཇུག་པ་དེ་བཞིན་དུ། །ཅི་ཡི་ཕྱིར་ནི་བློས་མི་རིག ༤ །བྱིས་པ་བློ་དང་མི་ལྡན་པས། །ཀུན་གཞི་རྒྱ་མཚོ་ཇི་བཞིན་དུ། །རླབས་རྣམས་འབྱུང་བའི་ཆོས་མཐུན་ཕྱིར། །དཔེ་ཡིས་ཉེ་བར་སྦྱར་བ་ཡིན། ༦ །སྐྱེ་བོ་བཟང་ངན་བར་མ་ལ། །གདུགས་འཆར་འགྱུར་བ་ཇི་བཞིན་དུ། །དེ་བཞིན་འཇིག་རྟེན་སྒྲོན་མ་ཁྱོད། །བུས་པ་རྣམས་ལ་ཡང་དག་སྟོན། ༧ །ཆོས་ལ་རབ་ཏུ་བཞུགས་མཛད་ཅིང་། །ཇི་སླད་དེ་བཞིན་ཉིད་མི་གསུང་། །དེ་སྟེ་དེ་བཞིན་ཉིད་གསུང་ན། །སེམས་ལ་དེ་བཞིན་ཉིད་མ་མཆིས། ༧ །ཇི་ལྟར་རྒྱ་མཚོའི་དབའ་རླབས་དང་། །མེ་ལོང་རྨི་ལམ་ཇི་བཞིན་དུ། །ཆིག་ཆའི་དུས་སུ་སྣང་བ་བཞིན། །སེམས་ཀྱང་རང་གི་སྤྱོད་ཡུལ་ལ། ༨ །ཡུལ་དང་རྣམ་པར་མི་ལྡན་པས། །རིམ་གྱིས་འཇུག་པར་རབ་ཏུ་འབྱུང་། །རྣམ་པར་ཤེས་པས་རྣམ་པར་རིག །ཡིད་ཀྱིས་དེ་བཞིན་སྙེམས་པར་བྱེད། ༩ །ལྔ་པོ་རྣམས་ལ་སྦར་བར་མངོན། །མཉམ་པར་གཞག་ལ་རིམ་པ་མེད། །རི་མོའི་མཁན་པོ་ལ་ལའམ། །རི་མོ་མཁན་གྱི་སློབ་མའམ་རུང་། ༡༠ །རི་མོའི་དོན་དུ་ཚོན་འགྱེད་པ། །བཤད་པ་འདི་ཡང་དེ་དང་འདྲ། །ཚོན་ལ་རི་མོ་ཡོད་པ་མིན། །ཕྲིག་དང་སྣོད་ལའང་དེ་བཞིན་མེད། ༡༡ །སེམས་ཅན་དྲང་བའི་དོན་གྱི་ཕྱིར། །ཚོན་གྱིས་རི་མོ་རྣམ་པར་བརྟག །ཡང་དག་ལ་ནི་ཡི་གེ་མེད། །བཤད་པ་དག་ནི་འཁྲུལ་བའོ། ༡༢ །ཆོས་རྣམས་ལ་ནི་གནས་བཅས་ཤིང་། །རྣལ་འབྱོར་ཅན་ལ་ཡང་དག་བསྟན། །སོ་སོ་རང་རིག་ཡང་དག་ནི། །བརྟག་དང་རྟོག་པ་ཤིན་དུ་

(༤༠༢)སྤངས། ༡༣ །རྒྱལ་བའི་སྲས་ལ་འདི་བསྟན་གྱི། །བྱིས་པ་རྣམས་ལ་བཤད་མ་ཡིན། །ཇི་ལྟར་སྒྱུ་མ་སྣ་ཚོགས་དག །སྣང་ཡང་ཡོད་པ་མ་ཡིན་ཏེ། ༡༤ །དེ་བཞིན་བཤད་པ་སྣ་ཚོགས་ཀྱང་། །བཤད་པ་རྣམ་པར་འཁྲུལ་བ་ཡིན། །གཞན་ལ་གང་ཞིག་བསྟན་པ་དེ། །གཞན་ལ་བཤད་པར་མི་རུང་སྟེ། ༡༥ །འདི་ལྟར་ནད་པ་གསོ་བ་ལ། །སྨན་པ་སྨན་རྣམས་གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། ༡༦ །མགོན་པོ་རྣམས་ནི་གང་གསུང་བའི། །སོ་སོ་རང་རིག་སྤྱོད་ཡུལ་ནི། །རྟོག་པ་ཅན་གྱི་ཡུལ་མ་ཡིན། །ཉན་ཐོས་རྣམས་ཀྱིའང་དེ་བཞིན་མིན། །ཞེས་གསུངས་པ་ལ། དེ་ནས་ཡང་བློ་གྲོས་ཆེན་པོས། ཤེས་བྱ་བ་ནས། ཆོས་ཀྱི་སྐུ་དེ་བཞིན་གཤེགས་པས་གསུངས་པ་བཤད་དུ་གསོལ། ཞེས་བྱ་བའི་བར་ནི་འདོད་པའི་དོན་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤེས་བྱ་བ་ནས། ཉན་ཐོས་རྣམས་ཀྱིའང་དེ་བཞིན་མིན། །ཞེས་བྱ་བའི་བར་གྱིས་ལན་ཏེ། འདི་ལ་ཡང་། བློ་གྲོས་ཆེན་པོ་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ནས། ལྷན་ཅིག་རྣམ་པར་རིག་པའི་ཡུལ་བྱེ་བྲག་འབྱེད་པ་ལ་འཇུག་སྟེ། ཞེས་བྱ་བའི་བར་གྱིས་རྣམ་པར་ཤེས་པའི་ཚོགས་ལྔ་དང་དེའི་རྗེས་སུ་རྒྱུ་བའི་ཡིད་ཀྱི་རྒྱུ་དང་མཚན་ཉིད་བཤད་དོ། །དེ་ལྟར་འཇུག་པའི་ཚེ་མཉམ་པར་གཞག་པའི་ཞེས་བྱ་བ་ནས། སྙོམས་པར་འཇུག་གོ་སྙམ་དུ་སེམས་ཀྱང་ཞེས་བྱ་བའི་བར་གྱིས་ཉན་ཐོས་དང་རང་རྒྱལ་བས་previous hit ཀུནགཞི་མི་ཤེས་པར་བསྟན་ཏོ། །དེ་དག་ནི་རྣམ་པར་ཤེས next hit་པ་མ་འགགས་བཞིན་དུ་ཞེས་བྱ་བ་ནས་

(༤༠༣)རྟོགས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཉན་རང་གིས་མ་རྟོགས་ཤིང་བྱང་ཆུབ་སེམས་དཔས་རྟོགས་པར་བསྟན་ཏོ། །བློ་གྲོས་ཆེན་པོ་གཞན་དུ་ན་སའི་མཚན་ཉིད་དང་ཞེས་བྱ་བ་ནས། ནན་ཏན་བརྩམ་པར་བྱའོ། །ཞེས་བྱ་བའི་བར་གྱིས་བསྒོམས་པས་ཀུན་གཞི་རྟོགས་ཤིང་སྒོམ་པ་དགེ་བའི་བཤེས་གཉེན་ལ་རག་ལས་པར་བསྟན་ཏོ། །དེ་ནས་ཤེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམས་ཀྱིས་ཚོགས་བརྒྱད་པོ་རྒྱས་པར་བཤད་དོ། །དང་པོ་དྲི་བའི་སྐབས་འདིར་སེམས་དང་ཡིད་དང་རྣམ་ཤེས་གསུམ་གྱི་མཚན་ཉིད་དང་། ཆོས་ལྔ་དང་རང་བཞིན་གསུམ་གྱི་མཚན་ཉིད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྗེས་སུ་བགྲོད་པའི་སྣང་བ་དག་པའི་ལམ་དང་། དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ངག་དང་གཏན་ཚིགས་དང་བསྒྲུབ་བྱ་སྟེ་འཁོར་གསུམ་རྣམ་པར་དཔྱད་པ་དང་། སངས་རྒྱས་ཀྱི་གསུང་གི་སྙིང་པོ་སྟེ་དོན་རྣམ་པ་ལྔ་ཞུས་པ་ལས། དྲི་བར་ལང་ཀའི་གྲོང་རྡལ་དང་ཞེས་བྱ་བ་ནས། དེ་བཞིན་གཤེགས་པས་རྗེས་སུ་གསུངས་པ་བཤད་དུ་གསོལ། ཞེས་བྱ་བའི་བར་ནི་previous hit རྣམཤེས་གསུམ་ལས་སེམས་ཀུནགཞི next hit་བྱེ་བྲག་ཏུ་ཕྱེ་སྟེ་ཞུས་པའོ། །འདིར་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས་ཞུས་པ་ལས་ལན་གྱི་ཚེ་ཐ་མ་རྣམ་པར་ཤེས་པའི་ཚོགས་དྲུག་བཀའ་སྩལ་ཏེ། མིག་གི་རྣམ་པར་ཤེས་པ་ནི་རང་གི་ངོ་བོ་ཉིད་གཟུང་བ་སྟེ། མིག་ལ་བརྟེན་ནས་ཡུལ་རྣམ་པར་རིག་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་བཞི་དག་གིས་འབྱུང་ངོ་ཞེས་བྱ་བ་ནི་སྣང་བ་དང་བཅས་པའི་གཟུགས་དང་དེ་མ་ཐག་པའི་གཟུགས་དང་དེ་མ་ཐག་

(༤༠༤)པ་ལ་སོགས་པ་ནི་སྐབས་གཞན་དུ་གསུངས་ལ། འདིར་སྒོ་ལྔའི་རྣམ་པར་ཤེས་པའི་སྣང་བ་འདི་མ་རིག་པའི་མཐུས་བྱུང་བ་ཡིན་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མ་རིག་པ་ཉིད་ཀྱི་དབྱེ་བ་བསྟན་པ་ཡིན་ནོ། །མིག་གི་ཤེས་པ་དང་དུས་མཚུངས་པར་དེའི་ཡུལ་སྔོ་སེར་སོགས་སྣང་བ་འདི་རང་གི་སེམས་དེ་ཉིད་ཡུལ་ལྟ་བུར་སྣང་བ་ཡིན་པ་དེ་ཉིད་རང་གིས་འཛིན་པར་ཁོང་དུ་མ་ཆུད་པ་སྟེ། སྣང་བ་ལ་ཕྱི་རོལ་དུ་ཞེན་པ་ནི་མ་རིག་པ་གཅིག་གོ །མིག་བཙུམས་ན་ཡང་སྔོ་སེར་གྱི་རྣམ་པ་བལ་གྱིས་འཆར་བ་དེ་ཡང་རྣམ་པར་རྟོག་པ་དེ་ཉིད་ཡུལ་ལྟ་བུར་སྣང་བ་ཡིན་ནོ། །དེ་ལྟར་སྣང་བའི་རྒྱུ་ནི་ཆོས་ཀྱི་གྲགས་པས། ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་བསྒྲུབས་པ། །ཡོད་མེད་གཉི་ག་ལ་བརྟེན་པའི། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །ཞེས་བཤད་པ་ལྟར་ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་རྟོག་གིས་ཀུན་གཞི་ལ་བག་ཆགས་བཞག་སྟེ། དེ་ཉིད་ལ་བག་ལ་ཉལ་ཞེས་ཀྱང་བྱ། གནས་ངན་ལེན་ཞེས་ཀྱང་བྱ་སྟེ། བག་ཆགས་དེའི་རང་གཟུགས་ཡུལ་ལྟ་བུར་ཤར་བ་ལ་ཡུལ་དེ་ཉིད་ཡིན་སྙམ་དུ་མངོན་པར་ཞེན་པ་ནི་མ་རིག་པ་གཉིས་པའོ། །དེ་ལྟ་བུའི་རྟོག་བཅས་རྟོག་མེད་ཀྱི་རྣམ་པར་ཤེས་པ་གཉིས་པོ་དེའི་རང་བཞིན་འཛིན་པའི་རྣམ་པའི་ངོ་བོ་ཉིད་ལ་ཡང་མཚན་དུ་འཛིན་པ་སྟེ། དགའ་བར་བྱེད་པ་ནི་མ་རིག་པ་གསུམ་པའོ། །གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ནི་གཟུང་བའི་རྣམ་པ་སྟེ། དེ་ལ་ངོ་མཚར་ཞིང་དགའ་བར་འཛིན་པ་ནི་མ་རིག་པ་བཞི་བའོ། །མདོར་བསྡུ་ན། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་

(༤༠༥)ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་གསུངས་པའི་ཕྱིར་ཐོག་མ་མེད་པའི་དུས་ནས་མིག་གི་ཤེས་པ་རྟོག་མེད་དང་ཡིད་ཀྱི་ཤེས་པ་རྟོག་བཅས་གཉིས་ཀྱིས་ཀུན་གཞི་ལ་གཟུང་བ་དང་འཛིན་པའི་བག་ཆགས་བཞག །དེ་ལས་ད་ལྟར་གྱི་ཤེས་པ་གཉིས་པོ་དེ་ལ་གཟུགས་ཀྱི་རྣམ་པ་གསལ་བ་དང་གསལ་བ་ཤར་རོ། །ཤར་བ་དེ་ཉིད་སྟོང་པར་ཤེས་པའི་ཡེ་ཤེས་ཀྱིས་ཟིན་ན་བག་ཆགས་མི་འཇོག་ཀྱང་དེས་མ་ཟིན་པར་གཟུང་འཛིན་གྱི་རྣམ་པར་གཉིས་ལ་ཞེན་པས་སླར་ཡང་བག་ཆགས་གཞག་པས་འཁྲུལ་འཁོར་གྱི་ཚུལ་གྱིས་མིག་གི་རྣམ་པར་ཤེས་པ་འབྱུང་བ་ཡིན་ནོ། །འོ་ན་རྟོག་པ་མེད་པའི་ཤེས་པས་རང་གི་བག་ཆགས་འཇོག་ཅིང་། རྟོག་པའི་ཤེས་པས་ཀྱང་རྟོག་པ་ཉིད་ཀྱི་བག་ཆགས་འཇོག་གི རྟོག་པས་རྟོག་པ་མེད་པའི་ཤེས་པའི་རྒྱུའི་བག་ཆགས་ཇི་ལྟར་འཇོག་ཅེ་ན། འདི་ནི་ད་ལྟ་ཉིད་དུ་རྟོག་མེད་དེའི་རྗེས་སུ་ངོ་མཚར་དུ་འཛིན་པའི་རྟོག་པ་དེས་བག་ཆགས་འཇོག་གི། རྟོག་པ་མེད་པའི་ཤེས་པ་ལ་རྟོག་པའི་རྗེས་སུ་འབྲང་བ་མེད་ན་བག་ཆགས་མི་འཇོག་ཅེས་བཤད་པ་དེ་ཉིད་ཡིན་ཏེ། འདི་ལ་དགོངས་ནས། མདོ་སྡེའི་རྒྱན་དུ། དོན་གྱི་རྣམ་པ་བརྗོད་པའི་རྒྱུས་བྱུང་རྟོགས། །དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམ་ཙམ་དུ་ནི་ཡང་དག་གནས། །ཤེས་གསུངས་པ་ཡིན་ནོ། །འདི་ལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཅན་གྱི་བླ་མ་གོང་མ་རྣམས་རྗེས་འཐུད་པའི་རྟོག་པ་མེད་ན་ལས་ཀྱང་མི་སོག་ཅིང་བག་ཆགས་ཀྱང་མི་འཇོག་ཅེས་གསུང་བ་དེ་འཐད་པར་བསམས་པ་ཡིན་ནོ། །དམ་པའི་ཞལ་ནས་རྩ་བ་ཆོད་དེ་སྟོང་པ་ཉིད་རྟོགས་པའི་རྣལ་འབྱོར་བ་དེ་ལ་འདོད་ཆགས་སྐྱེ་བ་ཡོད་ཀྱང་དེས་ལས་མི་སོག་པ་ནི་ཡོག་མོ་ས་ལས་ཕྱུང་སྟེ་རྡོའི་སྟེང་

(༤༠༦)དུ་བཞག་པ་ན། སྔོ་ཕུང་ངེ་འདུག་ཀྱང་རྩ་བ་ཕྱུང་བས་མི་སྐྱེ་ཞེས་གསུངས་ཏེ། འདི་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་འགྲེལ་དུ། བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ལ་ཡང་སྲིད་མེད། །ཅེས་གསུངས་པ་དང་མཐུན་པར་སྣང་ངོ་། །རྒྱུ་བཞི་པོ་འདི་དག་གིས་previous hit ཀུནགཞིརྣམ་པར་ཤེས next hit་པ་ཆུའི་ཀླུང་ལྟ་བུ་ལས་འཇུག་པའི་previous hit རྣམ་པར་ཤེས་པའི་རླབས་འབྱུང་ངོ་ཞེས་པ་ནི་བག་ཆགས་ལས་བྱུང་བར་བཤད་པ་ན་ཀུནགཞི next hit་ལས་བྱུང་བར་བཤད་པ་ཡིན་པས་previous hit ཀུནགཞིརྣམ་པར་ཤེས next hit་པ་ནི་ཆུའི་ཀླུང་ལྟ་བུ་དང་། རྣམ་པར་ཤེས་པའི་ཚོགས་ལྔ་ནི་རླབས་ལྟ་བུ་ཡིན་ཏེ། རླབས་ཆུའི་རང་བཞིན་ཡིན་པ་བཞིན་དུ་previous hit རྣམཤེས་ལྔའི་ཚོགས་ཀྱང་ཀུན་གཞིའི་ངང་ཚུལ་ཡིན་ལ། ༈ ཀུནགཞི next hit་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཉིད་ཀྱི་ངང་ཚུལ་ཡིན་ཏེ། །ངང་ཚུལ་སྟོང་ཉིད་དུ་ཡོད་པའི་ཀུན་གཞི་ཉིད་བག་ཆགས་ཀྱི་གཡའ་དང་བྲལ་ན་ཆོས་ཀྱི་སྐུ་ཡིན་པས་རྣམ་པར་རྟོག་པ་ཅི་སྐྱེས་ཐམས་ཅད་ཆོས་ཀྱི་སྐུ་ཡིན་ནོ་ཞེས་སྨྲ་སྟེ། དཔེར་ན་རླབས་ཇི་འདྲ་ཡང་རུང་ཆུའི་རང་བཞིན་ཡིན་ལ། ཆུ་ཇི་འདྲ་ཡང་རུང་ནམ་མཁའི་རང་བཞིན་ཡིན་པ་དེ་དང་འདྲའོ། །མིག་གི་རྣམ་པར་ཤེས་པ་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལྟར་ལྷག་མ་བཞི་པོ་ཡང་མ་རིག་པས་བྱས་པའི་འཁྲུལ་བའི་བདག་ཉིད་ཡིན་ཞེས་པའོ། །དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་ཞེས་པ་ནི་ཇི་ལྟར་ཐག་པ་སྦོམ་པོ་ལ་གླང་པོ་འཆིང་བའི་ནུས་པ་ཡོད་པ་ན་དེའི་ཉག་མ་རེ་ལ་ཡང་ནུས་པ་ཡོད་པ་བཞིན་དུ་དབང་པོའི་རྡུལ་ཕྲ་རབ་རྣམས་ལ་ཡང་ཤེས་པ་བསྐྱེད་པའི་ནུས་པ་ཡོད་

(༤༠༧)ཅེས་པའོ། །སྤུའི་ཁུང་བུ་ཞེས་པ་ནི་ལུས་ཀྱི་དབང་པོའི་ཆ་ཐམས་ཅད་ལ་ཡང་རྣམ་ཤེས་བསྐྱེད་པའི་ནུས་པ་ཡོད་པར་སྟོན་ཏོ། །མེ་ལོང་ལ་རེས་འགའ་སོར་མོ་གཅིག་གི་གཟུགས་བརྙན་འཆར་ལ། རེས་འགའ་སོར་མོ་ལྔའི་གཟུགས་བརྙན་ཅིག་ཆར་འཆར་བ་བཞིན་དུ་རེས་འགའ་རྣམ་པར་ཤེས་པའི་ཚོགས་ལྔ་ལས་རེ་རེ་སྐྱེ་ལ། རེས་འགའ་ནི་ལྔ་པོ་ཅིག་ཅར་དུ་སྐྱེ་ཞེས་པ་སྟེ། འདིར་མེ་ལོང་གིས་ནི་ཀུན་གཞི་མཚོན་ནོ། །རྒྱ་མཚོ་ལ་རླུང་གིས་བཏབ་པ་བཞིན་ཞེས་བྱ་བ་ནི་རླབས་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་རླབས་གཅིག་འབྱུང་ལ། རླབས་ལྔ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་རླབས་ལྔ་འབྱུང་བར་གཞུང་འདི་ཉིད་དུ་གསུངས་པ་ཉིད་དོ། །དེ་ལ་རླུང་གི་དཔེས་མཚོན་པར་བྱ་བའི་དོན་ནི་ཡུལ་ཡིན་ལ། རྒྱ་མཚོས་མཚོན་པའི་དོན་ནི་སེམས་previous hit ཀུནགཞིརྣམཤེས next hit་སོ། །གཅིག་དང་ཐ་དད་པ་ལས་རྣམ་པར་གྲོལ་བ་ལས་དང་རིགས་ཀྱི་མཚན་ཉིད་ཅེས་པ་ནི་previous hit ཀུནགཞི་དང་རྣམ་པར་ཤེས next hit་པ་ལྔ་པོ་ལས་ཡུལ་འཛིན་པའི་ཚུལ་ཐ་དད་པས་གཅིག་ལས་གྲོལ་ལ། རིགས་ནི་ལྔ་པོ་རྣམས་ཀྱང་ཀུན་གཞིའི་རིགས་སུ་གཅིག་པས་ཐ་དད་པ་ལས་གྲོལ་ཏེ། ལྔ་པོ་རྣམས་ཀུན་གཞིའི་རིགས་ལས་རྒྱུན་ཡིན་པས་ཤིན་དུ་དེ་བྱུང་དུ་འབྲེལ་ལ། ངོ་བོ་ཉིད་དམ་རིགས་ནི་previous hit ཀུནགཞི་དེ་ཉིད་ཡིན་ན་ཡང་དེ་ཁོང་དུ་མ་ཆུད་པའི་མ་རིག་པ་དང་བཅས་པར་རྣམ་པར་ཤེས next hit་པ་ལྔ་པོ་འཇུག་ཅེས་པ་སྟེ། འདི་ལ་མན་ངག་པ་དག་རང་ངོ་མ་ཤེས་པ་ཞེས་ཐ་སྙད་བྱེད་དོ། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་དང་ཡིད་ཀྱི་རྣམ་པར་ཤེས་པ་ལྡན་

(༤༠༨)ཅིག་ཏུ་རྒྱུ་ཞིང་གཅིག་གི་རྐྱེན་གཅིག་གིས་བྱེད་པས་དེའི་ཚེ་ཚོགས་པ་གཅིག་པ་ཡང་ཡིན་ལ། རང་གི་ལས་ཡུལ་སོ་སོར་བྱེ་བྲག་ཕྱེ་ནས་ངེས་པར་ཡང་བྱེད་དེ། ངའི་མིག་གིས་མཐོང་ངོ་ངའི་རྣ་བས་ཐོས་སོ་ཞེས་རྒྱུའི་བྱེ་བྲག་ཀྱང་འབྱེད་ལ། དེའི་ཚེ་གཟུགས་ནི་མཐོང་ལ་སྒྲ་ནི་མ་ཐོས་སོ་ཞེའམ། སྒྲ་ཐོས་ཀྱང་གཟུགས་ནི་མ་མཐོང་ངོ་ཞེའམ། གཟུགས་ཉིད་ལ་ཡང་མཛེས་པ་དང་མཛེས་པ་དང་སྒྲ་ལ་སྙན་པ་དང་མི་སྙན་པ་ལ་སོགས་པར་བྱེ་བྲག་འབྱེད་པ་འདི་ནི་ཡིད་ཡིན་གྱི། རྟོག་།།།མེད་ཀྱི་ཤེས་པ་ལྔ་པོ་དེས་དེ་ལྟར་མི་འབྱེད་པས་བྱེ་བྲག་འབྱེད་པ་འདི་ཡིད་ཀྱི་རང་གི་མཚན་ཉིད་དོ། །རྣམ་པར་ཤེས་པ་དྲུག་པ་དེ་དག་མ་རིག་པ་ལས་བྱུང་བ་ཡང་ཡིན་ཞིང་། མ་རིག་པ་དང་ལྷན་ཅིག་ཏུ་ཡང་འཇུག་སྟེ། རྟོག་པ་མེད་པ་དང་རྟོག་པ་དང་བཅས་པའི་ཤེས་པ་གཉིས་པོ་གཅིག་གི་རྒྱུ་གཅིག་གིས་བྱེད་པར་ཡང་མ་ཤེས། མཚན་ཉིད་ཐ་དད་པར་ཡང་མ་ཤེས་ཏེ། རྟོག་བཅས་རྟོག་པ་མེད་པའི་ཡིད། །གཅིག་ཆར་དུ་ནི་འཇུག་ཕྱིར་རམ། །འཇུག་པ་མྱུར་ཕྱིན་བླུན་པོ་དག །དེ་དག་ལ་ནི་གཅིག་ཏུ་ཞེན། །ཞེས་གསུངས་པ་ལྟར་འཇུག་པའི་ཤེས་པ་དྲུག་པོ་དེ་དག་ནི་རང་གི་ངང་ཚུལ་མི་ཤེས་པ་དང་ལྷན་ཅིག་ཏུ་འཇུག་ཅེས་བྱའོ། །འཇུག་པའི་རྣམ་པར་ཤེས་པ་བཤད་ནས་སེམས་དང་ཡིད་ཅེས་བྱ་བ་གཉིས་པོ་བསྟན་པའི་ཕྱིར། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མུ་སྟེགས་ཅན་གྱི་རྣལ་འབྱོར་བ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣལ་འབྱོར་བ་རྣམས་ནི་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་དག་ཉིད་འཁོར་དང་བཅས་པར་ཟད་ཀྱི་ཤེས་པ་

(༤༠༩)གཞན་ནི་མེད་དོ་སྙམ་པས་མུ་སྟེགས་བྱེད་དག་ཤེས་པ་འགགས་པ་ལ་ཐར་བའི་འདུ་ཤེས་བསྐྱེད་ནས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་འཇུག་ཅིང་། དམན་པའི་འཕགས་པ་དག་ཀྱང་ཚོགས་དྲུག་འཁོར་དང་བཅས་པ་ལ་སོ་མི་གསོད་དོ་སྙམ་ནས་དེ་དག་བཀག་པས་ཤེས་པ་ཐམས་ཅད་ཁེགས་སོ་སྙམ་ནས་འགོག་པ་ལ་སྙོམས་པར་འཇུག་སྟེ། རྣལ་འབྱོར་བ་དེ་དག་གིས་བརྟན་པའི་ཤེས་པ་གཉིས་པོ་མི་སྣང་བས་མ་དམིགས་པ་ཡིན་གྱི། སྣང་བ་མི་དམིགས་པ་ནི་མ་ཡིན་པས་སྙོམས་འཇུག་གཉིས་པོའི་སྐབས་ན་ཡང་ཀུན་གཞི་ནི་ཡོད་དོ། །འདིས་ནི་ཀུན་གཞི་ཞེས་བྱ་བ་དེ་ཡུལ་ལ་ཕྱོགས་པར་གྱུར་བའི་ཁ་ཕྱིར་བལྟས་ཀྱི་ཤེས་པས་ཀྱང་མི་མྱོང་ལ། ཁ་ནང་དུ་བལྟས་ཀྱང་མི་ཤེས་པ་དེ་རྒྱུ་ཅི་ལས་ཡིན་སྙམ་ན། དེ་བཞིན་གཤེགས་པའི་སྙིང་པོ་མ་ཤེས་པའི་མ་རིག་པས་ཡིན་ཏེ། དགག་བྱ་ཚོར་བ་དང་འདུ་ཤེས་གཉིས་པོ་སྙིང་པོའི་རང་བཞིན་ཅན་དུ་ཤེས་ན་དེ་གཉིས་སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བར་ཡང་ཤེས་ལ། རང་བཞིན་གྱིས་འོད་གསལ་བར་ཡང་ཤེས་པས་དེ་ལ་སྐྱོ་བའི་འདུ་ཤེས་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །previous hit ཀུནགཞིརྣམ་པར་ཤེས next hit་པ་རྒྱུ་ཞིང་འཇུག་པ་ཞེས་པ་ནི་ཆུ་བོའི་རྒྱུན་ལྟར་རྒྱུན་མི་འཆད་པས་རྒྱུ་ཞིང་ཇི་ལྟར་རིགས་པར་སྣོད་དང་བཅུད་ཀྱི་གཟུགས་བརྙན་ལ་དམིགས་པས་འཇུག་སྟེ། བག་ཆགས་ཙམ་ཁོ་ན་མ་ཡིན་གྱི་རྣམ་པར་ཤེས་པ་ནི་ཡིན་ཞེས་པའོ། །དེའི་དབང་དུ་མཛད་ནས། དབུས་མཐར། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་

(༤༡༠)previous hit རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ། །ཞེས་གསུངས་པ་ཡིན་ནོ། །ད་ནི་ཀུནགཞི next hit་དེ་སུས་རིག་ཅེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་ས་ཐོབ་པ་ཡན་ཆད་ཀྱིས་མངོན་སུམ་དུ་གཟིགས་པ་ཡིན་ལ། དད་པ་ཙམ་གྱིས་ནི་བདག་ཅག་རྣམས་ཀྱིས་ཀྱང་ཤེས་པ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་དང་དགེ་བའི་རྩ་བ་ཉེ་བར་བསགས་པའི་ཕྱི་རོལ་བ་རྣམས་ཀྱིས་ཀྱང་དད་པ་ཙམ་གྱིས་རིག་པར་འགྱུར་ཏེ། ཀུན་དུ་རྒྱུ་ཕྲེང་བ་ཅན་ལྟ་བུའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་གཟིགས་ལ། གཞན་གྱིས་མི་གཟིགས་པའི་རྒྱུ་མཚན་ནི་ཤིན་དུ་ཕྲ་བས་མི་གཟིགས་པ་ཡིན་ཏེ། ཤིན་དུ་ཕྲ་བ་ཡང་ཆོས་ཀྱི་དབྱིངས་ཀྱི་མྱོང་བ་ཅན་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་དང་ཤེས་རབ་ནི་ཞི་གནས་དང་ལྷག་མཐོང་སྟེ། དེ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་སྙིང་པོ་མི་མཐོང་སྟེ། ཞི་གནས་ཤས་ཆེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་ཡང་མི་གསལ་ཏེ། ལྷག་མཐོང་ཤས་ཆེ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་གསལ་བར་གཟིགས་ཏེ་ཞི་གནས་དང་ལྷག་མཐོང་ཆ་མཉམ་པའི་ཕྱིར་རོ། །ཞེས་གསུངས་ཏེ། དོན་ནི་ཞི་གནས་ཀྱི་གནས་པའི་རོ་ལ་ཆགས་པ་ཕྲ་མོ་ཡོད་པས་སྤྲོས་བྲལ་རྟོགས་པ་ལ་ཉམས་དེ་འཇིག་དགོས་ཤེས་བླ་མ་དག་གསུང་སྟེ། དེ་ཡང་ཉམས་དང་དེ་ལ་ཞེན་པའི་ཞེན་

(༤༡༡)པ་ཕྲ་བ་གཉིས་དབྱེ་བར་དཀའ་བས་ཞེན་པ་འཇིག་པ་ལ་ཉམས་འཇིག་པ་ཞེས་ཐ་དད་མེད་པར་གསུངས་པ་ཡིན་ནོ། །ཉམས་ལ་ཆགས་པ་ཞེས་པ་ཡང་གཞན་མ་ཡིན་གྱི་དམིགས་པ་ལ་རང་གི་ངང་གིས་ཞུགས་ནས་དམིགས་པ་དེ་བཏང་མི་བྲ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་སྤྲོས་པ་དང་བྲལ་བ་དང་རིག་ཁམས་ཀྱི་ཁྱད་པར་གཉིས་ལྡན་ཡིན་པས་སྤྲོས་པ་དང་བྲལ་བ་ལ་ཉམས་ལ་ཞེན་པས་སྒྲིབ་ལ། གཏན་གཡོ་བ་མེད་པའི་རིག་པའི་ཁམས་ལ་ལྷག་མཐོང་གིས་སྒྲིབ་སྟེ། དེས་རྗེས་ཀྱི་རྟོག་པ་མང་པོ་འཕྲོ་བའི་ཕྱིར་ཏེ། དོན་དེ་དག་ནི་རྗེ་སྒམ་པོ་བས། རྩེ་གཅིག་མུན་ལ་ཁྱི་སྣ་འབྱམས། །སྤྲོས་བྲལ་མེད་པའི་སྟོང་རྫིས་ཁྱིར། །ཞེས་གསུངས་པ་དེ་ཡིན་ནོ། །དེ་ལྟ་བུ་ཡིན་པས་ན་ཉན་རང་དང་། ཕྱི་རོལ་བའི་ཞི་གནས་དང་ལྷག་མཐོང་གིས་ནི་སྙིང་པོ་གཏན་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་ཤེས་བཤད་པ་དེ་ཡང་ས་དང་པོ་ཉིད་ནས་གཟིགས་པ་ཡིན་མོད་ཀྱི། བུ་ཆུང་ཙམ་གྱི་ཚུལ་དུ་དེའི་མགོ་ལུས་ཚང་བ་ནི་ས་བརྒྱད་པ་ལ་ཡིན་ཏེ། རང་གི་སེམས་ཀྱི་རྣམ་པར་རྟོག་པ་སྣང་བའི་རྒྱུད་མཐོང་བ་དང་། ཞིང་མཐའ་ཡས་པའི་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བ་དང་། དབང་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ས་བརྒྱད་པའི་སྔ་རོལ་དུ་སའི་མཚན་ཉིད་ལ་མཁས་པ་དང་ཇི་ལྟ་བ་རྟོགས་པའི་ཤེས་རབ་དང་ཇི་སྙེད་པ་ལ་འཇུག་པའི་ཡེ་ཤེས་དང་། ཚིག་

(༤༡༢)རབ་ཏུ་ཕྱེ་བ་ལ་རྣམ་པར་གདོན་མི་ཟ་བ་ནི། མདོ་སྡེའི་རྒྱན་ལས། ཚིག་རབ་དབྱེ་ལ་དཔྱོད་བྱེད་ཅིང་། །ཞེས་པའི་ཚུལ་གྱིས་ཚིག་དང་ཡི་གེ་རེ་རེའི་སྒོ་ནས་དེ་བཞིན་ཉིད་ལ་འཇུག་པ་ཤེས་པའི་ལྷག་མཐོང་ཐོབ་བའོ། །དེའི་ཕྱིར་རྣལ་འབྱོར་ཅན་གྱི་དགེ་བའི་བཤེས་གཉེན་གྱི་སྐྱེ་བོ་དང་བསྟེན་པའི་ནན་ཏན་བརྩམ་པར་བྱའོ་ཞེས་བྱ་བ་ནི་བདག་ཉིད་སའི་རིམ་པ་ལ་མཁས་པ་ལ་སོགས་པ་མ་ཡིན་ཀྱང་དགེ་བའི་བཤེས་གཉེན་ཡང་དག་པར་བསྟེན་པས་སྙིང་པོ་མྱུར་དུ་མཐོང་བར་འགྱུར་ཞེས་པ་སྟེ། དགེ་སློང་དྲི་མ་མེད་པ་ཕམ་པའི་ལྟུང་བས་སྐྲག་པར་གྱུར་བ་དེ་བཞིན་གཤེགས་པས་ཆོས་བསྟན་པས་བདེན་པ་མཐོང་བ་བཞིན་ནོ། །ད་ནི་ཚིགས་སུ་བཅད་པའི་དོན་བརྗོད་པར་བྱ་སྟེ། དེ་དག་ལས། ཇི་ལྟར་རྒྱ་མཚོའི་དབའ་རླབས་རྣམས། །ཤེས་བྱ་བ་ནས། ཡོངས་སུ་གྱུར་བ་མི་རྙེད་དོ། །ཞེས་བྱ་བའི་བར་ཚིགས་སུ་བཅད་པ་བདུན་ནི་སྔར་བཤད་ཟིན་པ་དེ་ཉིད་འདིར་ཡང་དྲན་པར་བྱའོ། །སེམས་ནི་previous hit ཀུནགཞིརྣམ་པར་ཤེས next hit་པ་སྟེ། ཙིཏྟ་ཞེས་བྱ་བ་བསགས་པ་ལ་འཇུག་པའི་ངེས་པའི་ཚིག་གིས་བརྗོད་པ་ཡིན་ནོ། །ཅི་སོག་ཅེ་ན། ལས་རྣམས་སོག་པར་བྱེད་དེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ལས་རྣམས་ཆུད་མི་ཟ་བར་འཛིན་པས་སོ། །ཡིད་ཀྱང་ཀུན་གཞི་ལ་བརྟེན་ནས་འཇུག་པས་རྣམ་པར་སོག་སྟེ་བྱེ་བྲག་ཏུ་སོག་ཅེས་པའོ། །རྣམ་པ་གཅིག་ཏུ་ན་བི་ནི་དགག་པའི་སྒྲ་སྟེ་ཉོན་མོངས་པ་ཅན་གྱི་ཡིད་ནི་བརྟན་པོར་འཇུག་ཀྱང་ཉོན་མོངས་ཅན་དུ་གྱུར་བས་ལས་ཀྱི་རྟེན་མི་བྱེད་དེ། མི་

(༤༡༣)སོག་ཅེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་རྣམ་པར་ཤེས་པ་ཞེས་བརྗོད་དེ། ཡུལ་སོ་སོར་རྣམ་པར་རིག་པ་ཡིན་པས་སོ། །སྒོ་ལྔ་པོའི་ཤེས་པ་ཡང་རྣམ་པར་ཤེས་པ་སྟེ་རང་རང་གི་ཡུལ་སོ་སོར་སྣང་བ་ལ་འཇུག་པས་རྟོག་པར་བྱེད་པ་ཡིན་གྱི་སྒྲ་དོན་སྣང་བའི་རྟོག་པ་ནི་མ་ཡིན་ནོ། །དེ་ལ་རྒྱ་མཚོའི་ཆུ་ཉིད་རླབས་སུ་གྱུར་བ་ཡིན་ལ། མིའི་previous hit རྣམ་པར་ཤེས་པ་ནི་ཀུནགཞི next hit་དང་མི་འདྲ་བར་སྔོན་པོ་དང་དམར་པོའི་རྣམ་པར་སྣང་ཞིང་གདའ་བས་མཚུངས་པ་མ་ཡིན་ན་ཐུབ་ཆེན་ཞེས་མོས་ནས། ཀུན་གཞི་རྒྱ་མཚོ་དང་འདྲ་ལ། འཇུག་པའི་ཤེས་པ་རྣམས་དབའ་རླབས་དང་འདྲ་ཞེས་གསུང་བ་དེ་མཐུན་པའི་ཆོས་ཅི་འདྲ་བའི་སླད་དུ་གསུངས་པའི་མཐུན་ཆོས་དེ་བཤད་དུ་གསོལ་ཞེས་པའོ། །གདའ་ཞེས་པ་ནི་འཇིག་རྟེན་ན་དེ་སྐད་དུ་གྲགས་ཤེས་པའོ། །སྔོན་པོ་དང་དམར་པོའི་སྣང་བ་རྣམས་ནི་previous hit ཀུནགཞི་དང་མཚན་ཉིད་མི་འདྲ་ཞིང་རྦ་རླབས་མཚོ་དང་འདྲ་བས་རྦ་རླབས་ལ་རྣམ་པར་ཤེས next hit་པ་ལྔའི་མཚུངས་པའི་ཆོས་མ་མཆིས་མོད།།། །འོན་ཀྱང་སྣང་བ་དེ་དག་གིས་སྣང་བ་པོའི་རྣམ་པར་ཤེས་པ་མཚོན་ལ། previous hit རྣམཤེས་དེ་དག་ཀུནགཞི next hit་དང་རིགས་མཚུངས་པས་དེ་རྟོགས་པའི་དོན་དུ་སྣང་བ་རྣམས་བཤད་ཅེས་པ་སྟེ། དོན་བསྡུ་ན་སྔོན་པོའི་སྣང་བའི་ངེས་པས་སྔ་སེར་སྣང་གི་ཤེས་པ་ངེས་པར་བྱེད་ལ། སྔོ་སེར་སྣང་གི་ཤེས་པ་དེ་རྦ་རླབས་དང་ཤིན་དུ་མཚུངས་ཤེས་པའོ། །སེམས་ཀུན་གཞིའི་རྣམ་ཤེས་ཀྱི་རྒྱ་མཚོ་ཉིད་འཇུག་པའི་རྣམ་ཤེས་སུ་གྱུར་བར་བྱིས་པ་རྣམས་ལ་བཤད་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་

(༤༡༤)ནི་ཀུན་གཞི་ཉིད་འཇུག་པའི་ཤེས་པར་གྱུར་བར་མངོན་སུམ་གྱིས་གཟིགས་པ་ཡིན་ནོ། །previous hit ཀུནགཞི་དེ་ལ་འཇུག་པའི་རྣམ་པར་ཤེས next hit་པ་རྣམས་ངོ་བོ་ཉིད་དུ་མེད་པ་སྟེ། རང་གི་སེམས་ཀུན་གཞི་ནི་སྔོ་སེར་གྱི་རྣམ་པ་དེ་དག་གསལ་བོར་མེད་པ་སྟེ། གཟུང་བའི་རྣམ་པ་དེ་དག་སྤངས་པ་ཡིན་ནོ། །གཟུང་བའི་རྣམ་པ་དེ་དག་ཡོད་ན་དེའི་འཛིན་པ་ཡང་མིག་ལ་སོགས་པའི་ཤེས་པ་དང་འདྲ་བར་རྦ་རླབས་དང་ཆོས་མཐུན་པར་སྒྲུབ་པར་འགྱུར་གྱི། རྒྱ་མཚོ་ཉིད་དང་ཆོས་མཚུངས་པར་བསྒྲུབས་པར་ནི་མི་འགྱུར་རོ། །དེ་བས་ན་རྣམ་པ་གསལ་པོ་མེད་པས་བྱིས་པ་རྣམས་ཀྱིས་རང་རང་གི་ཀུན་གཞི་མི་རིག་ལ། previous hit ཀུནགཞི་ཡོད་པ་དེ་མཚོན་པའི་ཕྱིར་འཇུག་པའི་རྣམཤེས next hit་རྣམས་བཤད་པ་སྟེ། འདི་ལྟར་འདུ་ཤེས་མེད་པའི་སྙོམས་འཇུག་ལས་ལངས་མ་ཐག་པའི་མིག་གི་ཤེས་པ་ནི་ཤེས་པ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་རྗེས་སུ་བྱུང་བའི་ཤེས་པ་བཞིན་ནོ་ཞེས་བྱ་བའི་གཏན་ཚིགས་ཀྱིས་ངེས་པར་བྱེད་དེ། དེ་ཡང་སློབ་དཔོན་ཟླ་བས། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །ཞེས་གསུངས་པ་ལྟར་མིག་གི་ཤེས་པ་ལ་སྣང་བའི་སྔོན་པོའི་རྣམ་པ་འདིས་ངས་སྔོན་པོ་མཐོང་ངོ་སྙམ་པའི་ངེས་པ་འདྲེན་ལ། ངེས་པས་ངེས་པར་བྱས་པའི་ཕྱིར་ཆོས་ཅན་མིག་གི་ཤེས་པ་མཐུན་སྣང་དུ་གྲུབ་པ་ཡིན་ནོ། །མིག་གི་ཤེས་པ་ངེས་པའི་ཤེས་པ་དེ་ཤེས་པ་སྔ་མ་སྔོན་དུ་སོང་བའི་དཔེ་ལས་འདུ་ཤེས་མེད་པའི་སྙོམས་འཇུག་ལས་ལངས་མ་ཐག་པའི་

(༤༡༥)ཤེས་པ་དེ་ཤེས་པ་སྔ་མ་སྔོན་དུ་སོང་བར་རྟོགས་ནུས་ལ། ཤེས་པ་སྔ་མ་དེ་ནི་ཀུན་གཞིའོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དོན་བསྡུ་ན་མི་ཡི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལུས་དབང་པོ་ལྔ་དང་ལོངས་སྤྱོད་ཡུལ་ལྔ་དང་དེ་དག་གི་གནས་སམ་རྟེན་གང་ཟག་ཡིན་པར་སྣང་ངོ་། །དེ་ཕྱིར་ནི་དེ་ལས་ཏེ་སྣང་བ་དེ་ལས་དེ་ཡི་འཇུག་པའི་རྣམ་པར་ཤེས་པ་ངེས་པར་བྱེད་ལ། འཇུག་པའི་རྣམ་ཤེས་དེ་རྦ་རླབས་དག་དང་འདྲ་བར་སྣང་བ་ཡིན་ནོ། །བྱིས་པ་རྣམས་ལ་དཔེ་དང་གཏན་ཚིགས་ཀྱིས་ཀུན་གཞི་རིག་པར་བྱ་དགོས་ཤེས་བཀའ་སྩལ་བ་ན། བྱིས་པས་སྔར་ཀུན་གཞི་མི་རིག་པ་འདི་མི་འཐད་དེ། རྒྱ་མཚོ་རྦ་རླབས་ཀྱི་དངོས་པོར་སྟེ་ཆོས་སུ་གཡོ་ཞིང་གར་བྱེད་པ་ལྟ་བུ་དེ་མཐོང་ན། འདི་རྒྱ་མཚོའི་ཆུ་རླབས་ཡིན་ནོ་སྙམ་དུ་བ་ལང་རྫིས་ཀྱང་རིག་པར་འགྱུར་ན་previous hit ཀུནགཞི་ལས་ཀྱང་འཇུག་པའི་རྣམ་པར་ཤེས next hit་པ་རྦ་རླབས་ལྟར་འབྱུང་བ་དེ་བཞིན་ཡིན་ན་རྦ་རླབས་རིག་པའི་བྱིས་པ་དེས་རྒྱུ་མཚན་ཅིའི་ཕྱིར་དུ་ཀུན་གཞི་བློས་མི་རིག་པ་ལགས་ཤེས་ཞུས་སོ། །བ་ལངས་རྫི་རྣམས་ཀྱིས་རྦ་རླབས་དེ་ཆུའི་རིགས་ཡིན་པར་འཕྲིགས་ཀྱང་བྱིས་པ་རྣམས་འཇུག་པའི་རྣམ་པར་ཤེས་པ་previous hit ཀུནགཞིརྣམ་པར་ཤེས next hit་པའི་རིགས་ཡིན་པར་ཤེས་པའི་བློ་གྲོས་དང་མི་ལྡན་ཏེ། ཤེས་པ་ལ་ཤར་བའི་རྣམ་པ་རྣམས་ཀྱིས་རང་གི་བཞིན་བསྒྲིབས་ཏེ་ཕྱི་རོལ་ཡིན་ནོ་སྙམ་དུ་མངོན་པར་ཞེན་པའི་མ་རིག་པས་བསྒྲིབས་པ་ཡིན་ནོ། །འདི་ལྟར་བུམ་པ་འཛིན་པའི་རྟོག་པ་ལ་བུམ་པའི་རྣམ་པར་ཤར་བ་དེས་གཞན་རང་མཚན་གྱི་བུམ་པ་ཡང་གསལ་བར་མི་མཐོང་ལ། རང་གི་ངོ་བོ་མངོན་སུམ་ཡིན་

(༤༡༦)པ་དེ་ཡང་བསྒྲིབས་ཏེ་མི་ཤེས་པས་དུས་ཕྱིས་དྲན་པའི་རྟགས་ཀྱིས་ངེས་པར་བྱེད་དོ། །མིག་གི་རྣམ་པར་ཤེས་པ་ཡང་སྔོ་སེར་གྱི་རྣམ་པ་དེས་སྔོ་སེར་གྱི་རྣམ་པ་དེ་ཉིད་ཀྱི་རང་བཞིན་རིག་པ་ཡིན་པ་དེ་བསྒྲིབས་ཏེ་ཡུལ་དུ་འཁྲུལ་བའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་དོ། །དོན་དུ་ན་བ་ལང་རྫིས་རྦ་རླབས་ཆུའི་རིགས་སུ་ཤེས་ཀྱི། བྱིས་པ་རྣམས་ཀྱིས་སྔོ་སེར་གྱི་རྣམ་པ་སེམས་ཀྱི་ངོ་བོར་མ་ཤེས་པས་བློ་དང་མི་ལྡན་ཞེས་པ་ཡིན་ནོ། །མ་ཤེས་པས་ན། ཀུན་གཞི་རྒྱ་མཚོ་རླབས་སུ་འབྱུང་བ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཤེས་པ་རྣམས་ཀུན་གཞིས་རླབས་འབྱུང་བར་ཆོས་མཐུན་པའི་ཕྱིར་དཔེ་དེ་འདྲ་བས་དོན་དང་ཉེ་བར་སྦྱར་ཏེ་གསུངས་པ་ཡིན་ནོ། །དོན་འདི་ལ་སློབ་དཔོན་ཕྱོགས་གླང་དང་ཆོས་ཀྱི་གྲགས་པས། ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་བས་བློ་ནི་ཚུལ་གཉིས་ཉིད། །ཅེས་ཤེས་པ་གཅིག་ཉིད་ཡུལ་གྱི་རྣམ་པ་སྟེ་གཟུང་བའི་རྣམ་པ་དང་། ཡུལ་ཅན་གྱི་རྣམ་པ་སྟེ་འཛིན་པའི་རྣམ་པར་འཆར་བས་ཤེས་པ་གཅིག་ཉིད་ཚུལ་གཉིས་སུ་གནས་སོ་ཞེས་བཞེད་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ནི་ཡུལ་སྔོན་པོའི་རྐྱེན་གྱིས་ཤེས་པ་སྔོན་པོའི་ཁ་དོག་ཏུ་བསྒྱུར་བ་ན་ཤེས་པ་དེ་རིལ་གྱིས་སྔོན་པོའི་རྣམ་པར་གྱུར་བ་ཡིན་གྱི། ཆ་གཅིག་རྣམ་པས་མ་བསྒྱུར་བར་གནས་པ་ནི་མེད་དེ། གལ་ཏེ་ཡོད་ན་འཛིན་རྣམ་ཅན་གྱི་ཤེས་པ་དེ་གཟུང་རྣམ་ཅན་གྱི་ཤེས་པ་ལས་གཞན་དུ་དམིགས་པས་ཤེས་པ་གཅིག་ཉིད་ཚུལ་གཉིས་སུ་ཤར་བ་ཉམས་སོ་ཞེས་བྱ་བར། ཡུལ་དུ་སྣང་ལས་གཞན་གྱུར་བའི། །སེམས་ཉིད་ཅི་འདྲ་བ་ཞིག་སྣང་། །ཞེས་པ་དེ་ཉིད་ཀྱི་འགྱུར་གཞན། །

(༤༡༧)ཡུལ་དུ་སྣང་བ་མ་གཏོགས་པར། །སེམས་ཀྱི་བདག་ཉིད་གཞན་ཅི་ཡོད། །ཅེས་རྟོག་གེ་འབར་བར་གསུངས་སོ། །ནམ་མཁའ་ལ་གདུགས་ཏེ་ཉི་མའི་དཀྱིལ་འཁོར་འཆར་བ་ན་སྨེ་བོ་བཟང་བ་དང་ངན་པ་དང་བར་མ་ཐམས་ཅད་ལ་འཆར་གྱི། ངན་པ་བོར་ནས་བཟང་པོ་ཁོ་ན་ལ་མི་འཆར་བ་ཇི་ལྟ་བ་བཞིན་དུ། གདུགས་དེ་བཞིན་དུ་འཇིག་རྟེན་གྱི་སྒྲོན་མར་གྱུར་བ་ཁྱེད་འཕགས་པ་རྣམས་ལ་དེ་ཁོ་ན་ཉིད་གསུང་བ་བཞིན་དུ་བུས་པ་རྣམས་ལ་ཡང་ཡང་དག་པའི་དེ་ཁོ་ན་ཉིད་སྟོན་པར་རིགས་པ་ལ། ཅིའི་སླད་དུ་དེ་བཞིན་ཉིད་མི་གསུང་སྟེ། བསྟན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་རྟག་ཏུ་བཞུགས་པའི་ཕྱིར་ཞེས་པ་སྟེ། རྟག་ཏུ་ཆོས་གསུང་ཡང་བྱིས་པ་ལ་ཡང་དག་པ་མི་གསུང་བ་ནི་ཅི་ཡིན་སྙམ་དུ་ཐེ་ཚོམ་མཆིས་ལགས་སོ། །དེ་སྟེ་སེམས་ཀུན་གཞི་འདི་ཉིད་དེ་བཞིན་ཉིད་ཡིན་ཞིང་དེ་མང་དུ་བཤད་པ་མ་ཡིན་ནམ་སྙམ་ན། སེམས་ལ་དེ་བཞིན་ཉིད་མ་མཆིས་ཏེ། འདི་ཀུན་རྫོབ་པ་ཡིན་ཞེས་པའོ། །ཇི་ལྟར་ཀུན་རྫོབ་པ་ཡིན་ཞེ་ན། ཇི་ལྟར་རྒྱ་མཚོའི་རྦ་རླབས་དང་མེ་ལོང་ལ་གཟུགས་བརྙན་འཆར་བ་དང་གཉིད་ཀྱི་དུས་སུ་རྨི་ལམ་འཆར་བ་ཚིག་ཆ་དང་རིམ་གྱིས་ཡིན་པ་དེ་བཞིན་དུ་འཇུག་པའི་རྣམ་ཤེས་རྣམས་འབྱུང་བ་ན་རླབས་དང་གཟུགས་བརྙན་དང་རྨི་ལམ་གྱི་ཡུལ་རྣམས་ཐམས་ཅད་ཚང་བའི་ཚེ་དུ་མ་ཅིག་ཆར་དུ་འབྱུང་ལ། མ་ཚང་བ་འབྱུང་བའི་དུས་སུ་རིམ་གྱིས་འབྱུང་བར་སྣང་བ་བཞིན་དུ། སེམས་ཀྱང་ཡུལ་ལྔ་ཆར་ཚོགས་ན་ཅིག་ཆར་དུ་རྣམ་

(༤༡༨)པར་ཤེས་པ་ལྔ་སྣང་བར་འགྱུར་ཞིང་། ཡུལ་ལྔ་ཚང་བ་དང་རྣམ་པར་མི་ལྡན་པས་ནི་རང་གི་སྤྱོད་ཡུལ་ལ་རིམ་གྱིས་འཇུག་པར་རབ་ཏུ་འབྱུང་ངོ་། །དེས་ན་སེམས་ནི་ཀུན་རྫོབ་པ་ཡིན་ཏེ། འཕེལ་བ་དང་འགྲིབ་པ་རྐྱེན་གྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །གཞན་ཡང་རང་གི་ངོ་བོ་ཡང་ཀུན་རྫོབ་པ་ཁོ་ན་སྟེ། ཡིད་ཀྱི་རྣམ་པར་ཤེས་པས་དུས་གསུམ་གྱི་ཆོས་རྣམས་རྣམ་པར་རིག་པར་བྱེད་ལ། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་དེ་བཞིན་དུ་བདག་མེད་ཀྱང་བདག་ཏུ་སྙེམས་པར་བྱེད་ཅིང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་པོ་རྣམས་ནི་རང་ཉིད་ཕྱི་རོལ་དུ་སྣང་བར་མངོན་པའི་ཕྱིར་རོ། །དེ་ལྟར་ན་ཡིད་ནི་རྫས་སུ་མེད་པའི་འདས་མ་འོངས་གཉིས་འཛིན་ལ་ཉོན་ཡིད་ཀྱིས་བདག་མེད་པ་བདག་ཏུ་སྙེམས་ཤིང་། ལྔ་པོས་རང་གི་སྣང་བ་ཕྱི་ལྟ་བུར་སྣང་བས་གསུམ་ག་བརྫུན་པའི་སྣང་བ་ཅན་ཡིན་པའི་ཕྱིར་ཀུན་རྫོབ་པའོ། །དེ་ལྟར་བཤད་པའི་ཤེས་པའི་རིམ་པ་འདི་དག་དོན་དམ་པ་མ་ཡིན་ཏེ། དེ་བཞིན་ཉིད་ལ་མཉམ་པར་གཞག་པ་ལ་མེད་ཅིང་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་རྗེ་བཙུན་གྱི་ཞུ་བའོ། །ལན་དུ་སྟོན་པས་བཀའ་སྩལ་བ་ནི་དེ་བཞིན་བྱིས་པ་ལ་མངོན་སུམ་དུ་གསལ་པོར་བཤད་དུ་ནི་མེད་ལ། ཚིག་ཏུ་མཚོན་པ་ཙམ་དུ་བཤད་པ་ཡང་ཡིན་པས་གཏན་མ་གསུངས་པ་ཡང་མ་ཡིན་ནོ། །དཔེར་ན་རི་མོའི་མཁན་པོ་ལ་ལའམ་རི་མོ་མཁན་གྱི་སློབ་མ་ཡང་རུང་སྟེ། རྟའི་གཟུགས་ལ་སོགས་པའི་རི་མོའི་དོན་དུ་ཚོན་འགྱེད་པ་ན་པིར་ལ་ཆགས་པའི་ཚོན་ལའང་རྟའི་གཟུགས་ཀྱི་རི་མོ་ཡོད་པ་མ་ཡིན་ཞིང་། དེ་བཞིན་དུ་ཕྲིག་སྟེ་བྲི་གཞི་དང་ཚོན་

(༤༡༩)གྱི་སྣོད་ལའང་རི་མོ་ཡོད་པ་མ་ཡིན་ཀྱང་དེ་རྣམས་ཚོགས་པ་ལས་རྟའི་རི་མོ་འབྱུང་ཞིང་དེས་རྟ་ཉིད་ཀྱི་གཟུགས་མཚོན་ནུས་པས་བྱིས་པ་ཆུང་ངུའི་སེམས་ཅན་རྣམས་དགའ་ཞིང་དྲང་བའི་དོན་གྱི་ཕྱིར་ཚོན་གྱི་རི་མོ་རྣམ་པར་བརྟག་ཅིང་བྲིས་སོ། །རི་མོ་བྲིས་པ་ལྟར་ངའི་བཤད་པ་ཡང་དེ་དང་འདྲ་སྟེ། ཚིག་གི་སྣོད་བྱེད་པ་རྐན་ལྕེ་སོགས་ལ་དེ་བཞིན་ཉིད་ཀྱི་རྣམ་པ་མེད་ཅིང་། པིར་ལྟ་བུའི་ཚིག་ལ་ཡང་རྣམ་པ་མེད་དོ། །དེ་བཞིན་དུ་བྲི་གཞི་ལྟ་བུའི་གདུལ་བའི་སེམས་ཀྱི་གཞི་ལ་ཡང་རྣམ་པ་མེད་དེ། འོན་ཀྱང་རྐྱེན་དེ་དག་ཚོགས་པས་གདུལ་བྱའི་སེམས་ལ་དེ་བཞིན་ཉིད་ཀྱི་རྣམ་པ་འཆར་ལ། རྣམ་པ་དེ་ལ་བརྟེན་ནས་གོམས་པས་དེ་བཞིན་ཉིད་མངོན་དུ་འགྱུར་ཏེ། དེ་ལྟར་བརྒྱུད་པའི་ཐབས་ཀྱིས་མཚོན་པ་མ་གཏོགས་པར་ཡང་དག་པའི་དོན་ཉིད་ཡི་གེས་དངོས་སུ་མཚོན་པ་མེད་དེ། དངོས་དེ་ལ་ལྟོས་ན་བཤད་པ་ཐམས་ཅད་འཁྲུལ་བའོ་ཞེས་བྱ་བ་རྟོག་པས་གཟུང་བའི་དེ་བཞིན་ཉིད་ཀྱི་རྣམ་པ་འདི་དེ་བཞིན་ཉིད་ལ་མངོན་སུམ་གྱི་ཚད་མ་མ་ཡིན་ནོ། །བཤད་པའི་ཆོས་རྣམས་ལ་ནི་གནས་ཤིང་དམིགས་པར་བཅས་ནས་བསྒོམས་པའི་རིམ་གྱིས་རྣལ་འབྱོར་ཅན་ལ་ཡང་དག་པ་བསྟན་པ་གོམས་པ་ལས་སྐྱེས་པའི་ཡང་དག་པ་སོ་སོར་རང་གིས་རིག་པ་ནི་བརྟག་པར་བྱ་བ་དང་དེ་ལ་རྟོག་པའི་གཉིས་ཀྱི་ཆོས་རྣམས་ཤིན་དུ་སྤངས་སོ། །རྒྱལ་བའི་སྲས་རྣམས་ལ་འདི་བསྟན་པ་ན་མདོ་ལ་སོ་སོ་རང་རིག་སྐྱེ་བས་བསྟན་པ་ཡིན་གྱི། བྱིས་པ་རྣམས་ལ་དེ་ལྟར་མ་ཡིན་པས་འཕགས་པ་ལ་སྟོན་པ་ལྟར་བཤད་པ་མ་ཡིན་ནོ། །ཇི་ལྟར་སྒྱུ་མ་ནི་རྟ་དང་གླང་པོ་སྣ་ཚོགས་སུ་སྣང་

(༤༢༠)ཞིང་དེ་ལྟ་བུར་བསྟན་ཀྱང་བསྟན་པ་དེ་ལྟར་དུ་དངོས་སུ་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་སེམས་དང་ཡིད་ལ་སོགས་པའི་བཤད་པ་སྣ་ཚོགས་བཤད་པ་ཡང་དེ་བཞིན་ཉིད་དངོས་སུ་བཤད་པ་མ་ཡིན་ཏེ། དེའི་གཟུགས་བརྙན་ཞིག་སྤྲུལ་ནས་བཤད་པ་ཡིན་པས་རྣམ་པར་འཁྲུལ་བ་ཡིན་ནོ། །དོན་བསྡུ་ན་ངས་སེམས་ཀུན་གཞི་བཤད་ཅིང་དེ་ལ་སྙིང་པོར་ཡང་བཤད་དེ། སྙིང་པོ་དངོས་ཡིན་ནས་བཤད་པ་ནི་མ་ཡིན་ཏེ། སྙིང་པོའི་གཟུགས་བརྙན་བཤད་པ་ཡིན་ལ། དེ་ལེགས་པར་ཤེས་ན་དེ་བཞིན་ཉིད་མགོན་སུམ་དུ་མཐོང་བ་མྱུར་དུ་སྐྱེའོ་ཞེས་བྱ་བ་ཡིན་ནོ། །གཞན་འཕགས་པས་ངེས་པའི་དོན་གང་ཞིག་བསྟན་པ་དེ། གཞན་བྱིས་པ་ལ་བཤད་པར་མི་རུང་ལ། གཞན་བྱིས་པ་ལ་དྲང་བའི་དོན་བསྟན་པ་དེ་གཞན་འཕགས་པ་ལ་བཤད་པར་མི་རུང་སྟེ། དཔེར་ན་འདི་ལྟར་སྨན་པས་ནད་པ་གསོ་བ་ན་སྨན་པ་སྨན་རྣམས་ནད་ཀྱི་དབྱེ་བས་སྨན་ཐ་དད་པ་གཏོང་བ་ལྟར་སངས་རྒྱས་ནི་དེ་བཞིན་དུ་སེམས་ཅན་རྣམས་ལ་སེམས་ཙམ་གྱི་ཀུན་གཞི་ཡང་རབ་ཏུ་གསུངས་ལ། འདི་ནི་སློབ་དཔོན་ཟླ་བས། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལའོ། །ཞེས་གསུངས་པ་ལྟར་དྲང་བའི་དོན་དུ་བསྟན་ཏོ། །མགོན་པོ་རྣམས་ནི་གང་གསུང་བའི་སོ་སོ་རང་རིག་པའི་སྤྱོད་ཡུལ་དོན་དམ་པ་ནི་ངེས་པའི་དོན་ཏེ། དེ་ནི་རྟོག་པ་ཅན་རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་ཞིང་། ཉན་ཐོས་རྣམས་ཀྱི་ཡུལ་མ་ཡིན་ལ། འང་གི་སྒྲས་

(༤༢༡)རང་སངས་རྒྱས་རྣམས་ཀྱིའང་ཡུལ་མ་ཡིན་ནོ། །དེ་དག་གིས་ནི་དྲི་བ་དང་པོ་སེམས་ཡིད་རྣམ་ཤེས་གསུམ་དྲིས་པའི་ལན་གསུངས་པ་ཡིན་ཏེ། དེའི་ལྷག་མའི་དྲི་བ་རྣམས་ཀྱི་ལན་ནི་མདོ་འདི་ཉིད་ལས་རྒྱས་པར་འབྱུང་ལ། ཆོས་ཀྱི་བདག་མེད་ཀྱི་ཆ་གཉིས་པ་སྣང་བ་སྦྱོང་བར་བྱེད་པ་འདིའི་དབང་དུ་བྱས་ནས་ཐེག་པ་ཆེན་པོ་བསྡུས་པ་ལས། ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་སེམས་དེ་previous hit ཀུནགཞིརྣམ་པར་ཤེས next hit་པ་ཞེས་བྱ་བར་རམ་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བར་མ་བསྟན་ཞེ་ན། ཤེས་བྱ་ཕྲ་མོ་བསྡུ་བའི་ཕྱིར་ཏེ། ཉན་ཐོས་རྣམས་ནི་ཤེས་བྱ་ཐམས་ཅད་ཤེས་པ་ལ་གཏོགས་པ་མ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་དེ་བསྟན་པ་མེད་པར་ཡང་ཤེས་པ་རབ་ཏུ་གྲུབ་པས་རྣམ་པར་གྲོལ་བ་རབ་ཏུ་གྲུབ་བའི་ཕྱིར་མ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་བ་ཐམས་ཅད་ཤེས་པ་ལ་གཏོགས་པ་ཡིན་ནོ། །དེའི་ཕྱིར་དེ་དག་ལ་དེ་བསྟན་ཏེ། དེ་ཤེས་པ་མེད་པར་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་པས་previous hit ཀུནགཞིརྣམ་པར་ཤེས next hit་པ་ཁོང་དུ་ཆུད་པ་ལ་འབད་པར་བྱའོ། །འཕགས་པ་རྣམ་པར་གྲོལ་བའི་སྡེས་ཀྱང་ཉི་ཁྲི་སྣང་བར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འགྲེལ་བ་འདི་ཐམས་ཅད་ཀྱང་ལེགས་ན། སློབ་དཔོན་བཟང་སྐྱོང་གིས་སྐབས་སུ་བབ་པ་previous hit ཀུནགཞིརྣམ་པར་ཤེས next hit་པ་ལ་སོགས་པ་ཤེས་བྱ་རྣམ་པ་བཅུས་བསྡུས་པའི་སྙིང་པོ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་འདི་ནི་ཤིན་དུ་ཆེས་ལེགས་ཏེ། ཡོངས་སུ་གྲུབ་པ་ལ་དམིགས་པའོ། །ཞེས་

(༤༢༢)གསུངས་པས་ཤེས་བྱ་ཐམས་ཅད་ཤེས་པ་ལ་ནི་དྲི་མའི་བག་ཆགས་ཕྲ་མོ་སྤང་བར་བྱ་དགོས་ལ། དེ་ནི་ཀུན་གཞི་ཉིད་ལས་གཞན་ན་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམས་སུ་ཡང་ཀུན་གཞི་ཁོང་དུ་ཆུད་པར་བྱ་དགོས་ཏེ། དེ་ཡང་སྡུད་པ་ཚིགས་སུ་བཅད་པ་ལས། གང་ལ་སེམས་དང་ཡིད་དང་རྣམ་ཤེས་མཐོང་མེད་པ། །དེ་ནི་ཆོས་མཐོང་ཡིན་ཞེས་བདེ་བར་གཤེགས་པས་བསྟན། ཞེས་བྱ་བའི་ཚིག་འདིས་བསྟན་པར་ཡང་བཞེད་དོ། །དེ་ལྟར་བདག་མེད་པ་གཉིས་རྟོགས་པའི་སྤྲོས་བྲལ་གྱི་རྣལ་འབྱོར་བསྟན་ནས། ད་ནི་དེའི་རྒྱུ་རྩེ་གཅིག་གི་རྣལ་འབྱོར་བསྟན་པའི་ཕྱིར། བདག་མེད་པ་གཉིས་རྟོགས་པའི་སྤྲོས་བྲལ་གྱི་རྣལ་འབྱོར་གང་ཡིན་པ་དེས་ནི་བདག་མེད་པ་གཉིས་པོ་རྟོགས་པ་ན་གང་ཟག་དང་ཆོས་ཀྱི་བདག་སྔར་ཡོད་འཇིག་པའི་ཚུལ་གྱིས་རྟོག་པར་བྱེད་པ་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་ནི་ནམ་ཡང་མ་ཡིན་ལ། འོན་ཀྱང་རྣམ་འགྲེལ་ལས། སྣ་ཚོགས་ཆོས་ཀྱི་གཞིར་གྱུར་བ། །ཆོས་ཅན་གཅིག་གི་དབང་བྱས་ཏེ། །གཅིག་བསྒྲུབས་པ་ན་དེ་བརྟེན་དང་། །གཞན་རྣམས་བཏང་སྙོམས་ལྟ་བུ་དང་། །འགོག་ན་དེ་ཡིས་དབེན་པ་དང་། །དེ་ལས་གཞན་ལ་ལྟོས་ལྟ་བུར། །མེད་པ་ཡི་ནི་དོན་ཅན་གྱི། །ཐ་སྙད་ཇི་ལྟར་བློས་བསྟན་པ། །ཞེས་གསུངས་པ་ལྟར་ཆོས་འགའ་ཞིག་སྒྲུབ་པ་ན་ཚུར་བསྡུ་བ་ལྟ་བུ་དང་། ཆོས་འགའ་ཞིག་འགོག་ན་ཕར་སེལ་བ་ལྟ་བུར་སྣང་བ་ཡོད་མོད་ཀྱི། མངོན་སུམ་གྱི་རྟོགས་པ་སྐྱེས་པའི་ཚེ་གང་ཟག་དང་ཆོས་འཇིག་པ་ལྟ་བུ་མ་ཡིན་པར་གཏན་དུ་གཟོད་མ་ནས་ཞི་བའི་ངོ་བོ་ཉིད་ཀྱིས། ས་

(༤༢༣)པ་ནི་རྟོགས་པ་དེའི་རྟོགས་ཚུལ་ཏེ་རྣམ་པའོ། །རྟོགས་པ་དེ་ཡང་མདོར་བསྡུ་ན་རྒྱུ་གཉིས་ལས་སྐྱེ་སྟེ། བསལ་བ་མེད་པར་རྟོགས་པ་དང་། བཞག་པ་མེད་པར་རྟོགས་པ་ལས་སོ། །དེ་ཡང་རྩེ་གཅིག་གི་རྣལ་འབྱོར་སྒོམ་པའི་རྣལ་འབྱོར་པས་ཇི་ལྟར་སྣང་བ་དེ་ཉིད་ལ་བསལ་གཞག་གམ་དགག་སྒྲུབ་ཀྱི་རྟོག་པ་མེད་པར་གཞག་པ་ན་རང་གི་སེམས་ཕྱི་རོལ་ཡུལ་གྱི་མཚན་མས་མཚོན་དུ་མེད་པའི་ནམ་མཁའ་ལྟ་བུར་རྟོགས་པར་འགྱུར་ལ་སྔར་ཉོན་མོངས་པ་དང་རྣམ་པར་རྟོག་པ་སྐྱེ་བ་ན་ཡང་སྔ་ཕྱི་བསྲེ་ཞིང་མཚམས་སྦྱོར་བའི་རྣམ་པས་སྐྱེ་བ་དེ་དག་ཆབ་རོམ་ཆུར་ཞུ་བ་ལྟར་ནམ་མཁའ་ལྟ་བུ་དེ་ཉིད་ཀྱི་ངང་དུ་དེངས་པར་གྱུར་བ་ན་ཉོན་མོངས་དང་རྣམ་རྟོག་དག་བློ་བུར་བར་རྟོགས་པའི་རྣམ་ལྷག་མཐོང་སྐྱེའོ། །དེ་སྐྱེས་པ་ན་རྣམ་པར་རྟོག་པ་ནི་རང་ཉིད་ཀྱིས་རློམས་པའི་ཡུལ་ཙམ་མ་གཏོགས་དེའི་གཟུང་བ་མེད་པར་རྟོགས་ཤིང་དེ་ལས་དེའི་འཛིན་པ་ཡང་མེད་པར་རྟོགས་ཏེ། རྩེ་མོའམ་དམིགས་པ་གཉིས་མེད་པའི་ཕྱིར་རྩེ་གཅིག་ཅེས་བྱ་སྟེ། འདི་ནི་དགོངས་པ་ངེས་པར་འགྲེལ་བ་ལས། སེམས་རྩེ་གཅིག་པ་ཉིད་གང་ལགས། གང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་ལ། འདི་ནི་རྣམ་པར་རིག་པ་ཙམ་མོ་ཞེས་རབ་ཏུ་རྟོག་སྟེ། དེ་རྟོགས་ནས་ཀྱང་དེ་བཞིན་དུ་ཡིད་ལ་བྱེད་པའོ། །ཞེས་གསུངས་པ་དེ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ནི་སྔར་རྣམ་པར་གཡེང་བའི་སེམས་རྟོག་པ་ལ་ཡུལ་གྱི་གཟུགས་བརྙན་འཆར་བ་དེ་མི་གསལ་བ་ལས། ཏིང་ངེ་འཛིན་དེ་རྟོག་པ་མེད་པ་ཡིན་པས་གསལ་བར་འཆར་བ་དག་ལ་བྱའོ། །དེ་དག་ནི་སེམས་

(༤༢༤)དེའི་ཉེ་བའི་ཉོན་མོངས་པ་གདོད་མ་ནས་ཟད་ཅིང་འགགས་པར་མཐོང་བ་ཡིན་ནོ། །སེམས་རང་བཞིན་གྱིས་འོད་གསལ་བར་མཐོང་བ་ནི་མདོ་སྡེའི་རྒྱན་ལས། ཇི་ལྟར་ཆུ་རྙོག་པ་ལས་དང་བ་ན། དང་བ་དེ་ཉིད་དེ་ལས་སྐྱེ་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལའང་ཚུལ་དེ་ཉིད། །ཅེས་གསུངས་པས་བསྟན་ཏེ། དེ་ལ་ཆུ་ཡང་རྣམ་པ་གཉིས་ཏེ། དངས་མ་དང་རྙོག་མ་ཅན་ནོ་དེ་ལས་དངས་མ་ནི་ཆུ་ཉིད་ཀྱི་རང་བབས་སམ་རང་བཞིན་ཞེས་བྱ་སྟེ་མ་བཅོས་པ་སྟེ། དེ་ལ་ཆུ་རང་བཞིན་གྱིས་དང་བ་ཞེས་བྱའོ། །དེ་བཞིན་དུ་སེམས་ལ་ཡང་དངས་པ་དང་རྙོག་པ་ཅན་ནོ། །དངས་པ་ནི་རྣམ་པར་རྟོག་པ་མེད་ཅིང་གཟུགས་ལ་སོགས་པའི་ཡུལ་ལ་བོ་བ་མ་ཡིན་པར་ནམ་མཁའ་ལྟར་སིང་ངེ་གནས་པའོ། །འཁོར་བར་འཁོར་བ་ན་ཕལ་ཆེར་སེམས་རྙོག་པ་ཅན་དུ་འགྱུར་ལ། དེ་ལས་བསམ་གཏན་དང་པོ་ལ་སོགས་པ་བསྒོམས་པས་དང་བར་འགྱུར་བ་ཡིན་མོད་ཀྱི། དེ་དག་ན་ཡང་རྟོག་པས་བཅོས་པའི་དམིགས་པ་ཉིད་ལ་གནས་པའི་ཕྱིར་ཤིན་དུ་དང་།།།ནི་མ་ཡིན་ནོ། །སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཏེ་ཐོས་པ་དང་བསམ་པ་ལ་ཚུལ་བཞིན་དུ་གནས་པ་ན་ཡང་འཆི་བ་རྗེས་སུ་དྲན་པ་ལ་སོགས་པ་ཚེ་འདི་ཉིད་ལ་ཆགས་པའི་རྙོག་པ་སེལ་ཞིང་། སྲིད་པ་མཐའ་དག་སྡུག་བསྔལ་དུ་བསམས་པས་ཀྱང་སྲིད་པ་ལ་ཆགས་པའི་རྙོག་པ་རགས་པ་སེལ་མོད་ཀྱི། སེམས་དེ་དག་ཉིད་འཁྲུགས་ཤིང་རྙོག་པ་ཅན་དུ་གནས་ཏེ། དཔལ་མར་མེ་མཛད་ཀྱིས། ཚད་མ་བདུན་དང་བརྡའ་སྤྲོད་རྣམ་པ་བཞི། །ཡོ་ག་ཙཱ་རྒྱ་དང་

(༤༢༥)ནི་མངོན་པའི་ཆོས། །གཞུང་དུ་བཀོད་པ་མ་ལུས་ཐམས་ཅད་ཀུན། །མ་མཐོང་མ་ཐོས་མ་མཉན་མ་བྲིས་ཤེས། །ཡིད་ལ་གདུང་བ་མ་བསྐྱེད་བཞིན་བཟངས་དག །ཐམས་ཅད་ཡིད་ནི་འཁྲུག་པར་བྱེད་པའི་རྒྱུ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་བདག་རྣལ་འབྱོར་རིམ་པ་གསུམ་གྱིས་འདི་སྒོམ་པར་བྱེད་དེ། གསུམ་གང་ཞེ་ན། སོ་མ་དང་། རང་དངས་དང་། ལྷུག་པའོ། །དེ་ལ་སོ་མ་ཞེས་བྱ་བ་ནི་རང་ས་ཞེས་བྱ་བ་ཡིན་ཏེ། འདོད་པའམ་མི་འདོད་པའི་རྣམ་པར་རྟོག་པ་སྐྱེས་པ་ན་འདོད་པ་དང་དུ་ལེན་པ་དང་། མི་འདོད་པ་སེལ་བའི་རྣམ་རྟོག་ཕྱི་མ་མི་བསྐྱེད་པར་འདོད་པ་དང་མི་འདོད་པའི་རྟོག་པ་དེ་གཉིས་གང་བྱུང་ཡང་རང་སོར་འཇོག་ཅེས་བྱ་བ་ཡིན་ནོ། །འདི་ནི་མ་བརྟགས་ན་སྒྲུབ་པ་འདྲ་ཡང་དོན་དུ་ན་དགག་པ་སྒོམ་པར་བྱེད་པ་ཡིན་ཏེ། འདོད་པ་དང་མི་འདོད་པའི་སྣང་བ་དེ་ནི་སྐད་ཅིག་མ་ཡིན་པས་སངས་རྒྱས་ཀྱིས་གཟུང་ཡང་མི་ཐུབ་པས་དེ་ལ་སོར་འཇོག་པ་དང་གནས་སུ་འཇུག་པ་ཅི་ཡང་མེད་དོ། །འོན་ཀྱང་རྟོག་པ་ཕྱི་མ་མ་བསྐྱེད་ཙམ་དུ་གནས་པ་ཡིན་ནོ། །རང་དངས་ནི་རྟོག་པའི་དཀྲུགས་མ་མེད་པར་གནས་པ་ན་ཆུའི་རྙོག་པ་སེལ་བའི་ནོར་བུ་ལྟ་བུ་མེད་ཀྱང་རང་དངས་ཤིང་གཡོ་བ་མེད་པར་གནས་པའོ། །ལྷུག་པ་ནི་ད་ལྟར་གནས་པ་ན་དེ་ལྟར་གནས་པ་ན་མི་སྒྲིམ་ཞིང་རྩོལ་བའི་ཙབ་ཙུབ་མི་བྱེད་ཅེས་པ་སྟེ། ཏིང་ངེ་འཛིན་གྱི་སྐྱོན་བརྒྱད་ལས་ཞིང་རྒོད་ཞི་བ་ན་རྩོལ་བ་ཉིད་ཉེས་པར་བཤད་པ་འདིར་སྦྱར་བ་ཡིན་ནོ། །དེ་ཡང་སོ་མ་

(༤༢༦)ནི་མ་སྐྱེས་པ་སྐྱེ་བར་བྱེད་པའོ། །རང་དངས་ནི་སྐྱེས་ཏེ་ངང་ལ་གནས་པའོ། །ལྷུག་པ་ནི་དེ་མི་ཉམས་པར་བྱེད་པའོ། །དམ་པས་ནི་དངས་མ་སྐྱེད་པར་བྱེད་པའི་རྒྱུར་གཅུད་པ་ཞེས་བྱ་བ་གསུངས་ཏེ། སེམས་ཡུལ་སྣ་ཚོགས་ལ་གཡོ་བ་ན་དེ་གཅུད་ཕུར་གྱིས་གཅུད་པ་ལྟ་བུར་མཚན་བཅས་དང་མཚན་མེད་གང་ཡང་རུང་བ་ལ་བསྒྲིམས་ཏེ་སེམས་གཟུང་བའོ། །དེ་གཤིག་པ་ན་དངས་མ་འཆར་བར་བཞེད་དེ། དེ་ཡང་གཅུད་པ་ཇི་ཙམ་གཅུད་སྟོབས་ཆེ་བ་ན་དེ་གཤིག་པའི་རྗེས་ཀྱི་དངས་མ་སྟོབས་ཆེ་བར་བཞེད་ལ། འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྡུད་པ་ལས། གང་དག་འདུ་ཤེས་བྲལ་བ་འདི་ནི་རྗེས་ཐོབ་པ། །དེ་དག་ཕ་རོལ་ཕྱིན་ནས་སྟོན་པའི་བཀའ་ལ་གནས། །ཤེས་གསུངས་པའི་དོན་ཡིན་པར་བཞེད་དོ། །སྔ་མ་སོ་མ་ལ་སོགས་པ་གསུམ་ནི་སྣོད་ན་གནས་པའི་ཆུ་བསྒུལ་བསྐྱོད་མ་བྱས་པས་རང་དངས་སུ་འགྱུར་བ་ལྟ་བུ་ཡིན་ལ། ཕྱི་མ་འདི་ནི་འབབ་ཆུ་རྙོག་པ་ཅན་གནས་དེ་ཉིད་དུ་དང་བར་བྱེད་མ་ནུས་ནས་སྣོད་ཀྱིས་བཅུས་ཏེ་འཆགས་སུ་བཅུག་ནས་སླར་དངས་པ་ལྟ་བུར་སྣང་ངོ་། །དེས་ན་དང་བ་དེ་ཆུའི་རང་བབས་ཡིན་པ་ལྟར་སེམས་ཀྱི་དང་བ་འདི་ཡང་རང་བབས་སམ་རང་བཞིན་ཡིན་པས་རང་བཞིན་གྱིས་འོད་གསལ་ཞེས་བརྗོད་དོ། །ཆུ་དང་བ་ན་སྐར་མ་ལ་སོགས་པའི་གཟུགས་བརྙན་ངང་གིས་འཆར་བ་ལྟར་དངས་མའི་རྣལ་འབྱོར་འདི་ཐོབ་པ་ན་ཡང་རྣམ་གནས་ཡིད་ལ་བྱེད་པ་ལ་སོགས་པ་ལ་མི་ལྟོས་པར་མངོན་པར་ཤེས་པ་ལ་སོགས་པ་འཆར་རོ་ཞེས་བྱ་བ་ནི་དངས་མ་དེའི་ཡོན་ཏན་ནོ། །དངས་མ་དེ་བརྟན་

(༤༢༧)པོར་གྱུར་བ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཞེས་བྱ་བ་ཡང་འདི་ལྟ་བུ་ཁོ་ནའོ་སྙམ་པའི་རྣམ་པར་རྟོག་པ་སྐྱེའོ་ཞེས་བླ་མ་དག་གསུང་ངོ་། །དེ་ལྟར་གཉིས་པོ་དེ་ཡང་དང་པོར་རང་བཞིན་གྱིས་འོད་གསལ་བར་མཐོང་བ་སྐྱེ་ལ། དེ་ལས་ཉོན་མོངས་པ་གདོད་མ་ནས་འགགས་པར་མཐོང་བའི་ལྷག་མཐོང་སྐྱེའོ། །རྣལ་འབྱོར་འདི་ཉིད་ཀྱིས་སེམས་ཀྱི་རང་བཞིན་ཙམ་ཞིག་མཐོང་མོད་ཀྱི། ངོ་བོ་ཉིད་སྐྱེ་བ་མེད་པ་ནི་མ་རྟོགས་ཏེ། བླ་མ་དམ་པ་ལ་མོས་པའི་ཤུགས་ཀྱིས་སྐྱེ་བར་འགྱུར་རོ་ཞེས་གསུངས་ཏེ། ལུང་ལས་ཨུ་ཏྲ་ཡཱ་ཎས་སྟོན་པའི་བྲིས་སྐུ་མཐོང་སྟེ་དད་པའི་སྟོབས་ཀྱིས་བདེན་པ་མཐོང་བར་གསུངས་པ་ལྟ་བུའོ། །འདི་ཉིད་དུ་ཡང་། རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་རྣམས་ལ། །ནང་གི་དམ་པའི་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་སོ། །དེ་ཉིད་རྒྱས་པར་བཤད་པ་ནི། དེ་ལ་སེམས་རང་བཞིན་གྱིས་འོད་གསལ་བ་གང་ཡིན་པ་དང་། དེའི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་གང་ཡིན་པ་འདི་གཉིས་ནི་བྱིས་པས་རྟོགས་པར་དཀའ་ཞེས་བྱའོ། །ཇི་ལྟར་རྟོགས་དཀའ་སྙམ་ན། ཟག་པ་མེད་པའི་དབྱིངས་ལ་ཆོས་གཉིས་སུ་གྱུར་བ་འདི་རྟོགས་དཀའ་སྟེ། སྐྱེས་བུ་འགའ་ཞིག་གིས་ངའི་ལག་ཏུ་ཐོགས་པའི་རྫས་འདི་མེ་ཡང་ཡིན་ལ་ཆུ་ཡང་ཡིན་ནོ་ཞེས་ཟེར་ན་ཕ་རོལ་གྱིས་རྟོགས་དཀའ་བ་ལྟར་ཟག་པ་མེད་པའི་དབྱིངས་གཅིག་པུ་ཉིད་རང་བཞིན་གྱིས་འོད་གསལ་བ་ཡང་ཡིན། ཀུན་ནས་ཉོན་མོངས་པ་ཡང་ཡིན་ཞེས་བརྗོད་པ་ན་ཆོས་གཅིག་ཉིད་འགལ་བ་གཉིས་ཀྱི་ངོ་བོར་ཁས་

(༤༢༨)བླངས་སོ་སྙམ་ནས་མཆོག་ཏུ་རྟོགས་པར་དཀའ་བ་ཡིན་ནོ། །དོན་དུ་ནི་འགལ་བ་མ་ཡིན་ཏེ། སེམས་འོད་གསལ་ཞེས་བརྗོད་པ་ཡང་། །ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །འཁོར་བར་གནས་ན་འོད་མི་གསལ། །ཞེས་གསུངས་པ་ལྟར་འོད་མི་གསལ་ཞིང་ཉོན་མོངས་ཀྱི་རྙོག་པ་ཅན་དུ་གྱུར་བ་ཡིན་ནོ། །འོ་ན་འོད་གསལ་ཞེས་བརྗོད་དོ་ཅི་ཡིན་ཞེ་ན། རྙོག་ཆུ་འདི་ཉིད་དངས་མ་ཡིན་ནོ་ཞེས་ནི་མི་སྨྲའི། འདི་རང་བཞིན་གྱིས་དང་བ་ཡིན་ནོ་ཞེས་སྨྲས་པ་ན་འགལ་བ་མེད་པ་བཞིན་དུ་སྙིང་པོ་ཡང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་སྦུབས་སུ་ཆུད་དེ་འོད་མི་གསལ་ཡང་འདི་བློ་བུར་གྱི་དྲི་མ་དང་བྲལ་ན་མཐའ་ཡས་པའི་འོད་ཅན་དུ་འགྱུར་བ་འདི་འདིའི་རང་བཞིན་ཡིན་གྱི། ད་ལྟ་ནི་ཉེ་བའི་ཉོན་མོངས་པ་ཉིད་དུ་མངོན་པ་ཡིན་ནོ་ཞེས་སྨྲ་བ་ཡིན་ནོ། །འོ་ན་ཐོག་མ་མེད་པ་ནས་ཉོན་མོངས་པའི་རྒྱུན་སྟོབས་ཆེན་པོས་སྙིང་པོ་དེ་ཁྱེར་བ་ན་དེའི་རང་བཞིན་ཡང་ཉོན་མོངས་ཅན་དུ་བྱེད་མི་ནུས་པ་ཅི་ཡིན་སྙམ་ན། སྙིང་པོ་ཉོན་མོངས་ཀྱི་རང་བཞིན་དུ་བྱེད་པ་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཁོ་རང་ཉིད་ལ་རང་བཞིན་ཡོད་པ་ཞིག་དགོས་ན། དེ་གཉིས་ནི་རང་གི་རང་བཞིན་ཅི་ཡང་མེད་དེ། བཅོས་མ་བློ་བུར་བ་ཁོ་ན་ཡིན་པའི་ཕྱིར་རོ། །ཇི་ལྟར་ཡིན་ཞེ་ན། རྣམ་པར་རྟོག་པ་འདི་ནི་ངས་ཕྱི་རོལ་དུ་ཕྱིན་ལ་བྲམ་ཟེ་ལ་སྟོན་མོ་བྱའོ། །སྙམ་དུ་སེམས་པ་ན་དངོས་པོ་རྣམས་སྐད་ཅིག་མ་ཡིན་པས་གཅིག་ལ་གཅིག་འཐུད་པ་ཡང་མེད་ན། གཅིག་ཉིད་ཀྱིས་ནང་ནས་ཕྱི་རོལ་དུ་ཕྱི་རོལ་དུ་ཕྱིན་པ་ཞེས་བྱ་བ་འདི་ཇི་ལྟར་ཡོད། རྟོག་པས་གཅིག་

(༤༢༩)ཉིད་ཕྱི་རོལ་དུ་འགྲོ་བར་ལྟ་བའི་ཡུལ་འདི་ནི་སྐད་ཅིག་མ་ལ་མི་འཐད་པས་བརྫུན་པ་བཅོས་མ་ཡིན་ཡང་། རྟོག་པ་ཁོ་ཉིད་བཅོས་མ་མ་ཡིན་ནོ་སྙམ་ན། ཡུལ་གྱི་བརྫུན་སྣང་དེ་ལས་མ་གཏོགས་ཤིང་དེ་ལས་ལོགས་ཤིག་ཏུ་རང་རང་གིས་བསྐལ་བར་བརྟགས་ཀྱང་མི་རྙེད་པས་ཡུལ་སྣང་བརྫུན་ན་ཡུལ་ཅན་བརྫུན་པ་ཁོ་ན་ཡིན་ཏེ། སློབ་དཔོན་ཨཱརྱ་དེ་བས། འཁྲུལ་ན་དེ་ཡང་མ་དག་ཕྱིར། །ཇི་ལྟར་སྣང་བ་དེ་ལྟར་མིན། །དོན་ཡོད་མ་ཡིན་སྣང་བ་ནི། །ཇི་ལྟར་དེ་ཡི་བདག་ཉིད་འགྱུར། །ཞེས་གསུངས་ཏེ། དེ་ཁོ་ན་ཉིད་ལ་འཇུག་པར་ཡང་། རྣམ་རྣམས་མི་བདེན་ཉིད་ཡིན་ན། །ཧ་ཅང་ཐལ་འགྱུར་མ་འབྲེལ་ཕྱིར། །ཇི་ལྟ་བུར་ན་ངེས་སྣང་འགྱུར། །དེ་ལྟ་མིན་ན་བདེན་པ་ཉིད། །ཅེས་གསུངས་ཏེ། ཡུལ་སྣང་འདི་དང་རྟོག་པ་མ་འབྲེལ་ན་ནི་རྟོག་པའི་སྣང་བ་མ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཞིང་། རྟོག་པ་དེ་ཇི་སྲིད་ཡོད་པ་དེ་སྲིད་དུ་ཡུལ་སྣང་དེ་ཡང་ངེས་པར་ཡོད་པ་འདི་ཇི་ལྟར་འཐད་ཅེས་གསུང་བ་ཡིན་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པ་གཞན་གྱིས་ཀྱང་དོན་འདི་རྒྱ་ཆེར་གསུངས་ལ། སྤྱོད་འཇུག་ལས་ཀྱང་། གང་ཚེ་ཁྱོད་ལ་སྒྱུ་མ་ཉིད། །མེད་ན་དེ་ཚེ་ཅི་ཞིག་དམིགས། །ཤེས་གསུངས་སོ། །རྣམ་རྟོག་འདི་དག་ནི་ད་ཅི་ནས་སེམས་ལ་འདི་འདྲ་བ་ཞིག་ཤར་རོ་ཞེས་སྔར་གྱི་རྟོག་པ་དེ་ཉིད་རྟོག་པ་ཕྱི་མ་དེའི་མདུན་ན་འདུག་པར་མཐོང་མོད་ཀྱི། དངོས་པོ་སྐད་ཅིག་མ་ལ་རྟོག་པ་སྔ་ཕྱི་བསྲེ་བ་དང་མཚམས་སྦྱོར་བ་མེད་དེ། དེས་ན་ཉོན་མོངས་

(༤༣༠)ཀྱིས་སེམས་སྐྱེས་ཟིན་ཅིག་གཟུང་ནས་དེ་སླར་ཉོན་མོངས་ཅན་དུ་བྱེད་ནུས་པ་མེད་དེ། བརྫུན་སྣང་གི་ཡུལ་ཡུལ་ཅན་འདིས་སེམས་ཀྱི་རང་བཞིན་བསྒྱུར་བར་ག་ལ་ནུས་ཤེས་བྱ་བ་སྟེ། འཆིང་བུས་གསེར་བཟང་པོ་སླར་འཆིང་བུར་བསྒྱུར་མི་ནུས་པ་བཞིན་ནོ། །དེས་ན་དགེ་བ་དང་མི་དགེ་བའི་སེམས་དག་ལས་གཅིག་སྐད་ཅིག་དང་པོ་རྒྱུ་བས་དེ་སྐད་ཅིག་གཉིས་པ་དང་མཚམས་སྦྱོར་བ་མེད་དེ། རང་གི་ངང་གིས་འགགས་པས་སོ། །དོན་འདི་ལྟ་བུ་དང་བྲལ་བའི་སྙིང་པོ་མངོན་སུམ་དུ་རྟོགས་ན་འཁྲུལ་བ་འདི་དག་རང་ཡལ་བའི་བར་འགྱུར་ཏེ། ས་ར་ཧས། བརྫུན་པ་དུ་མ་དག་ཀྱང་བདེན་པ་གཅིག་གིས་འཇོམས། ཤེས་གསུངས་པའི་ཕྱིར་རོ། །འོ་ན་ཚུལ་བཞིན་ཡིད་ལ་བྱེད་པས་སེམས་ཀྱི་རྒྱུད་དག་པར་བྱེད་པ་མ་ཡིན་པར་ཐལ་ཏེ། སྐད་ཅིག་སྔ་ཕྱི་མཚམས་མ་སྦྱོར་བའི་ཕྱིར་རོ་ཞེ་ན། དངོས་པོ་ཐམས་ཅད་ལ་སྐད་ཅིག་མ་སྔ་མ་དང་ཕྱི་མ་མཚམས་སྦྱོར་བ་མེད་པ་ནི་བདེན་ནོ། །འོན་ཀྱང་དགེ་བ་དང་མི་དགེ་བའི་སེམས་དག་ལས་ཤེས་སོགས་ཀྱིས་མཚམས་སྦྱོར་མེད་པར་བཤད་པ་ནི་མཚམས་སྦྱོར་མེད་པས་མཚམས་སྦྱོར་ཅན་དུ་སྣང་བའི་རྟོག་པ་བརྫུན་སྣང་ཁོ་ནར་གཏན་ལ་ཕབ་ནས་དེས་སྙིང་པོ་ཉོན་མོངས་ཅན་དུ་བྱེད་མི་ནུས་ཤེས་བྱ་བ་དེ་འཆད་པ་ཡིན་ནོ། །དེའི་ཕྱིར་ན་ཞེས་བྱ་བ་ནི་དེ་ལས་ཤེས་བྱ་བ་སྟེ། དཔལ་ཕྲེང་གི་མདོ་ལས་སོ། །འདིར་སེམས་ཤེས་བྱ་བ་ནི་ཆོས་ཉིད་ཀྱི་སེམས་ཏེ། དེ་ཡང་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་རྒྱུན་མི་འཆད་ཀྱང་སྐད་ཅིག་མ་ནི་ཡིན་ནོ། །འཆད་པར་འགྱུར་བའི་རེག་པ་ནི་ཕྲད་པ་དང་སྦྱོར་བ་དང་འབྲེལ་བ་ཞེས་

(༤༣༡)བྱ་བའི་མིང་གི་རྣམ་གྲངས་སོ། །འབྲེལ་བ་མེད་པ་ནི་སྙིང་པོ་ལ་རང་བཞིན་ཡོད་ཀྱང་ཉོན་མོངས་ལ་རང་བཞིན་མེད་པས་རང་བཞིན་གྱི་དབང་དུ་བྱས་པའི་བདག་གཅིག་པ་དང་དེ་ལས་བྱུང་བ་གང་ཡང་མེད་དོ། །དོན་དེ་ནི་བཅོམ་ལྡན་འདས་འཁོར་བར་དགེ་བའི་སྦུབས་སུ་ཞུགས་པའི་སེམས་ནི་སྐད་ཅིག་མ་སྟེ། ཉོན་མོངས་པ་དག་གིས་ཉོན་མོངས་པ་སྡུག་བསྔལ་དུ་མི་འགྱུར་རོ། །མི་དགེ་བའི་སྦུབས་སུ་ཞུགས་པའི་སེམས་ནི་སྐད་ཅིག་མ་སྟེ། སེམས་དེ་ནི་ཉོན་མོངས་པ་དག་གིས་ཉོན་མོངས་པ་མ་ལགས་པ་ཉིད་དོ། །བཅོམ་ལྡན་འདས་ཉོན་མོངས་པས་ནི་སེམས་ལ་མི་རེག་ཅིང་རང་བཞིན་ལ་མ་འབྲེལ་ལ། སེམས་ཉོན་མོངས་པའི་རྐྱེན་ལ་མི་ལྟོས་པར་རང་ཉིད་ཉོན་མོངས་པ་ཡང་མ་ལགས་ན། ཞེས་བྱ་བ་འདིས་ནི་གཅིག་དང་དུ་བྲལ་ལྟ་བུའི་གཏན་ཚིགས་བསྟན་པ་ཡིན་ཏེ། ཉོན་མོངས་པ་ནི་སྙིང་པོའི་རང་བཞིན་མ་ཡིན་ལ། སྙིང་པོ་ལས་ལོགས་ན་ཡང་རང་བཞིན་མེད་པས་རང་བཞིན་མེད་པར་གྲུབ་པའོ། །འོ་ན་སེམས་ཀྱི་ངོ་བོ་ཉིད་ཀྱང་མེད་དམ་ཞེ་ན། བཅོམ་ལྡན་འདས་འདི་ལ་ཇི་ལྟར་རང་བཞིན་གྱིས་རེག་པའི་ཆོས་ཅན་མ་ལགས་པའི་སེམས་མུན་པས་ཉོན་མོངས་པར་འགྱུར་ཏེ་མི་འགྱུར་རོ། །ཇི་ལྟར་ཞེས་པ་ནི་སྤོང་བའི་སྒྲའོ། །བཅོམ་ལྡན་འདས་ཉེ་བའི་ཉོན་མོངས་པ་ལས་རྫས་མི་གཞན་པའི་སེམས་ནི་མཆིས་ལ། ཉེ་བར་ཉོན་མོངས་པས་ཉེ་བར་ཉོན་མོངས་པ་སྡུག་བསྔལ་གྱི་རང་བཞིན་དུ་བྱས་པའི་སེམས་ནི་མ་མཆིས་སོ། །བཅོམ་ལྡན་འདས་སེམས་ཉོན་མོངས་སུ་གྱུར་ཀྱང་

(༤༣༢)ཉོན་མོངས་ཀྱི་རང་བཞིན་དུ་མ་གྱུར་བ་དེ་ལྟ་བུ་ནི་ཅི་ནས་ཀྱང་ཡིན་ལགས་མོད་ཀྱི། སེམས་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་ཡིན། ཉེ་བར་ཉོན་མོངས་པ་ཡང་ཡིན་ཞེས་བྱ་བའི་ཚིག་གི་དོན་ནི་རྟོགས་པར་དཀའ་ལ། དཀའ་ཡང་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་མི་རྟོགས་སུ་ནི་མི་རུང་སྟེ། སེམས་པ་རང་བཞིན་གྱིས་དག་པར་ན་ཤེས་ན་ནི་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་མི་སྐྱེ་བས་སངས་རྒྱས་སུ་མི་འགྱུར་ལ། རང་བཞིན་གྱིས་དག་བཞིན་དུ་ཉོན་མོངས་པར་མ་ཤེས་ན་ནི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ་བར་མི་འགྱུར་བས་གཞན་གྱི་དོན་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་ཡོད་པ་སེམས་ཀྱི་རང་བཞིན་བདག་མེད་པ་རྟོགས་པའི་དོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཡང་བདག་མ་ལགས། སེམས་ཅན་མ་ལགས། ཤེས་བྱ་བ་ལ་སོགས་པ་ལས་བརྩམས་ཤིང་དེ་གཞིར་བྱས་ནས། རྟོགས་པར་དཀའ་བའི་བར་རྒྱས་པར་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་བསྟན་བཅོས་སུ་བཀོད་པར་རིག་པར་བྱའོ། །ཇི་སྙེད་པ་ཡོད་པ་ནི། ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །དེ་ལ་ཇི་སྙེད་ཡོད་པ་ཉིད་ནི་ཤེས་བྱའི་དངོས་པོ་མཐའ་དག་མཐར་ཐུག་པར་རྟོགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་བ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་མཐོང་བ་ལས་རིག་པར་བྱའོ། །

(༤༣༣)བྱང་ཆུབ་སེམས་དཔའི་མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། །ཞེས་གསུངས་པ་ལ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་མཐོང་བའི་དོན་ལས་ཇི་སྙེད་ཡོད་པ་ཉིད་ཀྱི་ཐ་སྙད་དུ་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་དེ་ཉེ་བའི་གདུལ་བྱ་ཐམས་ཅད་ལའོ་ཞེས་འགའ་ཞིག་འདོད་མོད་ཀྱི། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་བ་རྣམས་ལ་ཡང་ཡོད་པས་མ་ལུས་པ་ཐམས་ཅད་ལ་ཡོད་ལ། དུད་འགྲོ་ཐ་མར་གཟུང་བ་ནི་སྲིད་པ་གསུམ་ན་བླུན་པའི་མཐར་ཐུག་པའི་ཕྱིར་རོ། །གྱུར་བ་ནི་སྐྱེས་པ་ལ་བྱའོ། །དེ་ཡུལ་ཅན་ཅི་འདྲ་བས་གཟིགས་ཤེ་ན། རྟོག་གེ་འབར་བར། བློ་ཡིས་རྣམ་པར་དཔྱད་བྱས་ན། །འདི་དག་དོན་དམ་ཡོད་དམ་ཅི། །གལ་ཏེ་ཡིན་ན་འདི་དེ་ཉིད། །གལ་ཏེ་གཞན་ན་དེ་བཙལ་བྱ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་ཆེད་དུ་ཤེས་བྱའི་དེ་ཁོ་ན་ཉིད་ཚོལ་བའི་བློ་སྐྱེས་པ་ན་ཀུན་རྫོབ་ཀྱི་ཆོས་རྣམས་དོན་དམ་པ་ཡིན་པར་མ་མཐོང་ནས་གཞན་བཙལ་བ་ན་བདག་མེད་པ་ཉིད་དོན་དམ་དུ་མཐོང་གི་དེ་ཕན་ཆད་དུ་ཤེས་པ་མི་འཇུག་པས་བདག་མེད་པ་ཉིད་ལ་མཐར་ཐུག་པ་ཞེས་བྱ་ལ། དེ་ཡང་ཤེས་བྱའི་དངོས་པོ་མཐའ་དག་མཐར་ཐུག་པར་རྟོགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་མཐོང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའི་མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཤེས་བྱ་

(༤༣༤)ཀུན་དུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། །ཉིད་ལ་ཞེས་སྨོས་པ་ནི་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་རྣམ་པར་བཅད་པའི་དོན་དུ་ཡིན་གྱི། ས་གཉིས་པ་ལ་སོགས་པ་རྣམས་ནི་རྣམ་པར་མི་གཅོད་དོ། །ལང་ཀར་གཤེགས་པ་ལས་ཀྱང་། བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྣང་བ་མེད་པ་རྟོགས་པའི་སྤྱོད་ཡུལ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་འཐོབ་སྟེ། དེས་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་ནས་མུ་སྟེགས་ཅན་དང་ངན་སོང་གི་འགྲོ་བ་ཐམས་ཅད་ལས་རྣམ་པར་ལོག་པ་ཡིན་ཏེ། ཞེས་གསུངས་པ་ཡང་འདི་དང་འབྱོར་བ་ཡིན་ལ། སྣང་བ་མེད་པ་རྟོགས་པའི་སྤྱོད་ཡུལ་ཐོབ་ཅེས་བྱ་བས་ནི་སྤྲོས་པ་རྣམ་པར་བཅད་པའི་བདག་མེད་གཉིས་སུ་མ་ཟད་སྣང་བ་མེད་པས་བདག་མེད་པར་རྟོགས་པ་ཡང་འཐོབ་ཅེས་པའོ། །འོ་ན། སྣང་བ་མེད་ནི་ས་བརྒྱད་པ། །ཞེས་འབྱུང་བས་སྣང་བ་མེད་པར་རྟོགས་པའི་དང་པོ་ས་བརྒྱད་པ་མ་ཡིན་ནམ་ཞེ་ན། ས་དང་པོ་འདིར་ནི་མཉམ་གཞག་ཏུ་སྣང་བ་མེད་པ་རྟོགས་པ་ཡིན་ལ། ལངས་པའི་གནས་སྐབས་སུ་ནི་རྟོག་པ་དང་རྟོག་པ་མེད་པའི་སྣང་བ་དག་སྤྲོས་པའི་བག་ཆགས་དང་རྗེས་སུ་འབྲེལ་མས་བདུན་པའི་བར་དུ་ཡོད་ཀྱང་ས་བརྒྱད་པ་ནས་མེད་པས་དེ་ལ་ཡང་སྣང་བ་མེད་པའི་མིང་བྱེ་བྲག་ཏུ་སྨོས་པ་ཡིན་ནོ། །ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པ་གཉིས་པོ་ཉིད་འཇིག་རྟེན་ལས་འདས་པའི་གཟིགས་པ་ཡིན་པ་དང་། དེའི་དག་གྲོལ་བསྟན་པའི་ཕྱིར། །དེ་

(༤༣༥)ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །དྲི་མེད་དབྱིངས་ལ་ཆགས་མེད་དང་། །ཐོགས་མེད་ཕྱིར་དེ་དག་པ་ཡིན། །དེ་ལྟར་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང་ཇི་སྙེད་པ་ཉིད་ཀྱི་རྣམ་པ་འདིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་གཞན་དང་ཐུན་མོང་མ་ཡིན་པ་སོ་སོ་རང་གིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཟིགས་པར་འདོད་དོ། །དེ་ཡང་མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ན་ཅིག་ཤོས་ཉི་ཚེ་བའི་ཡེ་ཤེས་ཀྱི་མཐོང་བ་ལ་ལྟོས་ནས་ཤིན་དུ་རྣམ་པར་དག་པ་ཞེས་བརྗོད་དོ། །གཉིས་པོ་གང་དག་གིས་ཤེ་ན། ཆགས་པ་མེད་པའི་ཕྱིར་དང་། ཐོགས་པ་མེད་པའི་ཕྱིར་རོ། །དེ་ཇི་ལྟ་བ་བཞིན་ཡོད་པ་ཉིད་ཀྱིས་སེམས་ཅན་གྱི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་ཡུལ་ཅན་གྱི་ཕྱིར་ནི་ཆགས་པ་མེད་པ་ཡིན་ལ། ཇི་སྙེད་ཡོད་པ་ཉིད་ཀྱིས་ཤེས་བྱའི་དངོས་པོ་མཐའ་མེད་པའི་ཡུལ་ཅན་གྱི་ཕྱིར་ནི་ཐོགས་པ་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་དེ་ལྟར་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང་ཇི་སྙེད་པ་ཉིད་ཀྱི་རྣམ་པ་འདིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི་ཇི་ལྟ་བ་མཉམ་པར་གཞག་པ་དང་ཇི་སྙེད་པ་མཉམ་པར་མ་གཞག་པས་རྟོགས་པ་ལྟ་བུ་མ་ཡིན་གྱི། གཉི་ག་ཡང་འཕགས་པ་རྣམས་ཀྱི་གཞན་དང་ཐུན་མོང་མ་ཡིན་པས་སོ་སོའི་བདག་ཉིད་རིག་པ་ཡིན་ལ། དེ་ཡང་ཟག་པ་མེད་པ་ཡིན་པས་ཡེ་ཤེས་ཀྱི་གཟིགས་པ་དེ་འཇིག་རྟེན་ལས་འདས་པར་ཡང་འདོད་དོ། །དེ་དག་གིས་ནི་རིག་པ་ཆོས་གསུམ་དང་ལྡན་པར་བསྟན་ལ། གྲོལ་བ་ཡང་

(༤༣༦)གསུམ་སྟེ། དེ་ཡང་ཤིན་དུ་རྣམ་པར་དག་པ་ཞེས་བརྗོད་པས་གྲོལ་བའི་ཡོན་ཏན་དང་ལྡན་ནོ། །སངས་རྒྱས་རྣམ་ཀུན་ཤིན་དུ་བ། །ཞེས་གསུངས་པའི་ཕྱིར་ཤིན་དུ་རྣམ་པར་དག་པ་སངས་རྒྱས་ཁོ་ན་ལ་འཐད་པ་མ་ཡིན་ནམ་སྙམ་ན། འཕགས་པའི་ཅིག་ཤོས་སོ་སོའི་སྐྱེ་བོ་རྣམས་ཀྱི་ཉི་ཚེ་བ་ཕྱིན་ཅི་ལོག་གི་ཤེས་པ་ལ་ལྟོས་ནས་དེ་སྐད་བརྗོད་པ་ཡིན་གྱི། སངས་རྒྱས་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ནོ། །ཉི་ཚེ་བའི་ཤེས་པ་ལ་ལྟོས་ནས་དག་པའི་རིམ་པ་མང་དུ་ཡོད་མོད། ཐམས་ཅད་མདོར་བསྡུ་ན་རྒྱུའམ་གཏན་ཚིགས་གཉིས་ཀྱིས་ཤིན་དུ་རྣམ་པར་དག་པའི་ཐ་སྙད་དུ་བརྗོད་དེ། གཏན་ཚིགས་གཉིས་པོ་གང་དག་གིས་ཤེ་ན། ཆགས་པ་མེད་པའི་ཕྱིར་དང་། ཐོགས་པ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་གཉིས་ཀྱིས་སོ། །གཏན་ཚིགས་གཉིས་ཀྱི་དོན་ཇི་ལྟར་ཞེ་ན། སེམས་ཅན་གྱི་ཁམས་རང་བཞིན་གྱིས་ཉོན་མོངས་པས་རྣམ་པར་དག་པའི་ཡུལ་ཅན་གྱི་ཕྱིར་ཆགས་པ་མེད་པ་ཡིན་ལ། དེ་ཡང་བདག་མེད་པ་གཉིས་པོ་ཇི་ལྟ་བ་བཞིན་དུ་ཡོད་པ་གཟིགས་པ་ཉིད་ཀྱིས་ཡིན་ནོ། །ཤེས་བྱའི་དངོས་པོ་མཐའ་མེད་པའི་ཡུལ་ཅན་ཤེས་བྱའི་སྒྲིབ་པ་དང་བྲལ་བས་ཐོགས་པ་མེད་པ་ཡིན་ཏེ། དེ་ཡང་ཇི་སྙེད་ཡོད་པ་གཟིགས་པ་ཉིད་ཀྱིས་ཡིན་ནོ། །ཆགས་པའི་སྐད་དོད་སམ་ག་།།།ཞེས་བྱ་བ་ནི་སམ་ནི་ས་མནྟ་།།།སྡེ། ཀུན་དུ་ཞེས་པ་ཡིན་ལ། ག་ཏ་ནི་གནས་པ་སྟེ། ཡུལ་གཅིག་ཉིད་ལ་ཀུན་དུ་གནས་པས་ཤེས་བྱ་གཞན་ལ་ཤེས་པ་འགྲོ་བའི་གེགས་བྱེད་པའོ། །ཐོགས་

(༤༣༧)པ་ཞེས་བྱ་བ་ནི་པྲ་ཏི་ཧ་ཏ་སྟེ། ཧ་ཏ་ནི་བཅོམ་པ་དང་དབྱེ་བ་དང་ཕྱེ་མར་བྱས་པ་རྣམས་ལ་འཇུག་ལ། དེ་པྲ་ཏིས་བཀག་པས་དབྱེ་བར་མི་ནུས་པ་སྟེ་ཤེས་བྱའི་དབྱེ་བ་དང་ཁྱད་པར་རྣམས་ལ་བློ་རྒྱུགས་པའོ། །ཤེས་བྱའི་དངོས་པོ་མཐའ་མེད་པའི་ཡུལ་ཅན་ཞེས་བཤད་ན། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་མཁྱེན་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ས་དང་པོ་བའི་ཡེ་ཤེས་ཀྱི་ཡུལ་གྱི་ཤེས་བྱ་མཐའ་མེད་ཅེས་བརྗོད་པ་ཡིན་གྱི། དེ་ཙམ་གྱིས་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། འཁོར་བ་འདི་ན་མིའི་འགྲོ་བའི་གྲངས་མཐའ་མེད་ཀྱང་དེས་སེམས་ཅན་ཐམས་ཅད་བརྗོད་པ་མ་ཡིན་པ་བཞིན་ནོ། །ཆགས་པ་དང་ཐོགས་པའི་སྒྲིབ་པ་ལས་གྲོལ་བར་མ་ཟད་བསམ་པ་དམན་པའི་སྒྲིབ་པ་ལས་ཀྱང་གྲོལ་བ་ཡིན་ཏེ། ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །དེ་ལྟར་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་དེ་ནི་བླ་ན་མེད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པ་དང་ཉེ་བར་གནས་པར་གྱུར་བའི་ཕྱིར་རམ། གང་དང་ལྡན་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་བ་ཉིད་དུ་འགྱུར་བ། དེ་ལས་གཞན་ཚུལ་ཁྲིམས་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ལས་བླ་ན་མེད་པ་ཉིད་དུ་རིག་

(༤༣༨)པར་བྱའོ། །ཞེས་བྱ་བ་ལ། ས་བཅུ་བ་ལས་ས་བརྒྱད་པ་ལ་ཕྱིར་མི་ལྡོག་པ་ཞེས་བཤད་ལ། མངོན་པར་རྟོགས་པའི་རྒྱན་ལས་ངེས་པར་འབྱེད་པའི་ཡན་ལག་ནས་ཕྱིར་མི་ལྡོག་པར་བཤད་མོད་ཀྱི་འདིར་ནི་ས་དང་པོར་དེ་བཞིན་གཤེགས་པའི་རིགས་སུ་ངེས་ཤིང་རྫོགས་པའི་བྱང་ཆུབ་ལ་ཤིན་དུ་གཞོལ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ས་ཐོབ་ཕྱིན་ཆད་བསམ་པ་དང་སྦྱོར་བ་གཉི་གས་ཕྱིར་མི་ལྡོག་པ་ཡིན་ནོ། །གང་ཡང་སློབ་དཔོན་དཔའ་བོས། ཡིད་ནི་མཆོག་ཏུ་གཡོ་བས་ལྡོག །དེ་ཕྱིར་དེ་ལ་དབུགས་མ་ཕྱུང་། །ཇི་སྲིད་ས་བརྒྱད་མ་ཐོབ་པར། །བརྟན་མེད་མི་གཡོའི་ས་ཐོབ་དཀའ། །ཞེས་བཤད་པ་དེ་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཚོགས་ཀྱི་ལམ་ན་ས་བཅུའི་མིང་ཅན་ཡོད་པས་དེའི་ས་བརྒྱད་པའི་སྔ་རོལ་དུ་ཡིད་གཡོ་བ་ཡོད་པ་ལ་དགོངས་པར་ངེས་ཏེ། གཞན་དུ་ན་ས་བཅུ་པར་ས་དང་པོའི་ཡོན་ཏན་བཤད་པ་འདི་དག་ས་དེ་ཐོབ་ཕྱིན་ཆད་ལྡན་ན་ནི་ཐེག་པ་དམན་པར་ཡིད་གཡོ་བའི་གོ་སྐབས་ག་ལ་སྲིད། དེས་ན་ཕྱིར་མི་ལྡོག་པའི་ས་བཅུ་པོ་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་དེ་ལྟར་ཏེ་ཇི་ལྟ་ཇི་སྙེད་གཟིགས་པས་ཆགས་ཐོགས་མི་མངའ་བ་དེ་ནི་བླ་ན་མེད་པ་ཉིད་ཀྱི་ཐ་སྙད་དུ་རིག་པར་བྱའོ། །ཐ་སྙད་དེ་ཡང་བཏགས་པ་དང་དངོས་ལ་ཅི་རིགས་པར་ཡིན་ཏེ། བཏགས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་གཟིགས་པ་ནི་ཇི་ལྟ་བ་དང་ཇི་སྙེད་པ་གཟིགས་པ་ཡིན་ལ། ཆགས་པ་དང་ཐོགས་པའི་སྒྲིབ་པས་ཀྱང་རྣམ་པར་དག་པ་ཡིན་ཏེ། རྟོགས་པ་དང་སྤངས་པ་གཉི་

(༤༣༩)ག་མཐར་ཐུག་པའི་ཕྱིར་དེའི་གོང་ན་གཞན་མེད་པས་བླ་ན་མེད་པ་ཡིན་ནོ། །བླ་ན་མེད་པ་དེ་དང་ཉེ་བར་ཏེ་འདྲ་བར་གནས་པར་འགྱུར་བའི་ཕྱིར་བྲམ་ཟེའི་ཁྱེའུ་ལ་སེང་གེ་ལྟར་འདྲ་བས་ཉེ་བར་བཏགས་པ་ཡིན་ནོ། །ཆོས་གང་དང་ལྡན་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་བ་ཉིད་དུ་འགྱུར་བའི་ཆོས་དེ་ནི། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། ཞེས་པའི་ཚུལ་གྱིས་ཇི་ལྟ་བ་དང་ཇི་སྙེད་པ་ཆགས་ཐོགས་མེད་པར་གཟིགས་པ་དེ་ཡིན་ཏེ། དེས་ཆོས་བསྟན་པས་ལམ་ངན་པ་ལས་བསྐྱབས་ནས་ལམ་བཟང་པོ་ལ་འཛུད་པར་མཛད་པའི་ཕྱིར་རོ། །གཟིགས་པ་དེ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དེ། དེ་ལས་གཞན་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་སོགས་པ་སེམས་ཀྱི་བསླབ་པའི་ཡོན་ཏན་རྣམས་ལས་བླ་ན་མེད་པ་ཡིན་པས་དེ་ལ་ནི་དངོས་ཀྱི་སྒྲ་ཡིན་ནོ། །འདིར་སངས་རྒྱས་ཀྱི་ཡེ་ཤེས་དང་མཐུན་པར་གནས་པས་སྐྱབས་དང་མི་ཕྱེད་པའི་དོན་གྱིས་དགེ་འདུན་ཞེས་བརྗོད་པ་ཡིན་ལ། ཆོས་ཅི་ཞིག་གིས་མཐུན་པར་གནས་པ་ནི་ཆགས་ཐོགས་མེད་པའི་སངས་པ་དང་། ཇི་ལྟ་བ་དང་ཇི་སྙེད་པ་ལ་བློ་རྒྱས་པས་ཡོན་ཏན་བཞི་པོ་དེ་ཙམ་ཞིག་ནི་དངོས་སུ་བསྟན་ཏོ། །འོན་ཀྱང་ལོ་ཙཱ་བ་ཆེན་པོས་དཀོན་མཆོག་སྔ་མ་གཉིས་ཀྱི་ཤན་སྦྱར་ནས་ཇི་ལྟ་བ་རིག་པ། ཇི་སྙེད་པ་རིག་པ། ནང་རིག་པ་སྟེ་གསུམ་དང་། ཆགས་པ་ལས་གྲོལ་བ། ཐོགས་པ་ལས་གྲོལ་བ། དམན་པའི་སྒྲིབ་པ་ལས་གྲོལ་བ་སྟེ་གྲོལ་བ་གསུམ་དང་། རིག་པ་དང་གྲོལ་བའི་སྤྱི་གཉིས་ཏེ་ཡོན་ཏན་བརྒྱད་དུ་རྣམ་

(༤༤༠)པར་གཞག་པ་མཛད་པ་ཡང་ལེགས་པར་བཤད་པ་ཡིན་པར་སེམས་སོ། །དེ་ལ་སངས་རྒྱས་ཀྱི་གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པ་དང་། ཆོས་ཀྱི་རྟོག་པ་མེད་པ་དང་། །དགེ་འདུན་གྱི་ནང་གི་ཡེ་ཤེས་གསུམ་པོ་གནས་མཚུངས་པར་བཤད་པ་འདི་དག་ནི་ཡོན་ཏན་དེ་དག་འཕགས་པའི་མཉམ་པར་གཞག་པའི་སྤྱོད་ཡུལ་དུ་བསྟན་པས་དོན་དམ་པར་བསྟན་ཏོ། །འོག་ནས་སྐྱབས་སངས་རྒྱས་ཉག་གཅིག་ཏུ་བསྟན་པ་དང་། དགེ་འདུན་གྱི་ཡོན་ཏན་སངས་རྒྱས་དང་མཐུན་པར་བསྟན་པས་ནི་དཀོན་མཆོག་གསུམ་པོ་དེ་དག་རྒྱུ་དང་འབྲས་བུ་ཤིན་དུ་ཆོས་མཚུངས་པར་བསྟན་པ་ཡིན་ཏེ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་དང་། བསམ་པ་མེད་ཅིང་གཉིས་མེད་པ་དང་། ཆགས་པ་མེད་ཅིང་ཐོགས་པ་མེད་པ་དག་ནི་འགོག་པའི་ཕྱོགས་སོ། །མཁྱེན་པ་དང་བརྩེ་བ་དང་ནུས་པ་དང་དག་པ་དང་གསལ་བ་དང་གཉེན་པོའི་ཕྱོགས་དང་ཇི་ལྟ་བ་དང་ཇི་སྙེད་པ་གཟིགས་པ་དག་ནི་ལམ་གྱི་ཕྱོགས་ཏེ། འགོག་པའི་ཕྱོགས་གང་ཡིན་པ་དེ་ནི་བྱང་བ་དང། ལམ་གྱི་ཕྱོགས་གང་ཡིན་པ་དེ་དག་ཆུབ་པ་སྟེ་བྱང་ཆུབ་ཉིད་འཆད་པ་ཡིན་ནོ་ཞེས་གོ་མ་བྱའོ། །བྱང་ཆུབ་དེ་ཡང་རང་གི་སེམས་སྤྲོས་པའི་རྣམ་རྟོག་གི་གཞི་མ་ཡིན་པའི་སྤངས་པ་དང་། སྟོབས་ལ་སོགས་པ་དང་འབྲལ་མི་ཤེས་པའི་རྟོགས་པ་སྟེ། གཉིས་པོ་དེ་ལས་བཙལ་བར་བྱ་ལ། གཉིས་པོ་དེ་ཉིད་ཀྱང་རང་གི་སེམས་འདི་ཉིད་ལ་ཚོལ་བྱེད་རྣམ་པར་མི་རྟོག་པས་བཙལ་བར་བྱའོ་ཞེས་བྱ་བ་ནི་སྐྱབས་གསུམ་བཤད་པའི་སྙིང་པོའོ། །ཉན་ཐོས་ཀྱི་དགེ་འདུན་མ་བཤད་པའི་རྒྱུ་མཚན་བསྟན་པའི་ཕྱིར་

(༤༤༡)བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རྗེས་སུ་ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་ནི་མ་སྨོས་ཏེ། དེ་མཆོད་པར་འོས་པ་མ་ཡིན་པའི་ཕྱིར་རོ། །མཁས་པ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཡོན་ཏན་ཁྱད་པར་ཤེས་པ་ནི་ནམ་ཡང་བྱང་ཆུབ་ཆེན་པོའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་བྱེད་པ། ཤེས་རབ་དང་སྙིང་རྗེའི་དཀྱིལ་འཁོར་ཅན་གཞལ་དུ་མེད་པའི་སེམས་ཅན་གྱི་ཁམས་སྣང་བར་ཉེ་བར་གནས་པ། བླ་ན་མེད་པ་དེ་བཞིན་གཤེགས་པའི་ཟླ་བ་ཉ་བ་ཐོབ་པ་དང་རྗེས་སུ་མཐུན་པའི་ལམ་དུ་ཞུགས་པ། བྱང་ཆུབ་སེམས་དཔའི་ཟླ་བ་ཚེས་པ་དོར་ནས་ཉི་ཚེ་བའི་ཡེ་ཤེས་ཀྱི་མཐར་ཐུག་པ་སྐར་མའི་གཟུགས་ལྟར་རང་གི་རྒྱུད་སྣང་བར་ཉེ་བར་གནས་པའི་ཉན་ཐོས་ལ་ཡང་ཕྱག་བྱེད་པ་ནི་མ་ཡིན་ཏེ། གཞན་ལ་ཕན་པ་བྱེད་པའི་བསམ་པ་མ་དག་པའི་ཕྱིར་རོ། །ཡང་དག་པར་བསྟེན་པའི་ཡོན་ཏན་ཉིད་ཀྱིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རྗེས་སུ་བརྩེ་བ་མེད་པ་གཞན་རྒྱས་པར་བྱེད་པ་དང་མི་ལྡན་པའི་འཕགས་པ་ཉན་ཐོས་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་དག་པའི་མཐར་ཕྱིན་པར་འགྱུར་བ་ཡང་ཟིལ་གྱིས་གནོན་ན། དེ་ལས་གཞན་པའི་ཡོན་ཏན་དབང་བཅུ་ལ་སོགས་པས་ལྟ་ཅི་སྨོས། གང་གི་ཕྱིར། གང་ཞིག་ཚུལ་ཁྲིམས་བདག་དོན་བྱེད་པས་རྣམ་རྒྱས་ཤིང་། །ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་ལ་བརྩེ་བྲལ་བ། །བདག་ཉིད་རྒྱས་བྱེད་ཚུལ་ཁྲིམས་ནོར་གྱིས་རབ་དག་པ། །འཕགས་པ་དེ་

(༤༤༢)ནི་ཚུལ་ཁྲིམས་རྣམ་པར་དག་མི་བརྗོད། །གང་ཞིག་གཞན་ལ་མཆོག་ཏུ་སྙིང་རྗེ་བསྐྱེད་ནས་ནི། །ཚུལ་ཁྲིམས་ཡང་དག་བླངས་པར་བྱས་ཏེ་མེ་རླུང་དང་། །ཆུ་དང་ས་བཞིན་གཞན་དག་ཉེ་བར་འཚོ་བྱེད་པ། །དེ་ནི་ཁྲིམས་ལྡན་གཞན་ནི་དེ་ཡི་གཟུགས་བརྙན་ཡིན། །ཞེས་བཤད་དོ། །ཞེས་བྱ་བ་ལ། དེ་ལ་མདོ་སྡེའི་རྒྱན་དུ། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་འཇིགས་པ་ལྔ་ལས་སྐྱོབ་པའི་དབྱེ་བས་སྐྱབས་སུ་འགྲོ་བ་རྣམ་པ་ལྔར་རྣམ་པར་གཞག་ལ། འདིར་ནི་དེ་དག་གི་སྟེང་དུ་རྣམ་པར་རྟོག་པ་ལས་སྐྱོབ་པར་བྱེད་པ་དོན་དམ་པའི་སྐྱབས་སུ་འགྲོ་བ་སྟེ། དེ་དང་དྲུག་ཏུ་གཞག་གོ །དེ་ལ་ཚེ་འདིར་ནད་དང་དབུལ་བ་དང་དགྲ་དང་འབྱུང་པོའི་འཚེ་བ་དག་གིས་འཇིགས་ནས་སྐྱབས་ཚོལ་བ་ན་ཕལ་ཆེར་ནི་སྐྱབས་དམ་པ་མ་ཡིན་པ་ལ་བརྟེན་པར་བྱེད་དེ། བཅོམ་ལྡན་འདས་ཀྱིས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །ཞེས་གསུངས་པ་ལྟར་བྱིས་པ་ཕལ་ཆེར་འབྱུང་པོ་མཐུ་བོ་ཆེ་དག་དང་ཚངས་པའི་བར་གྱི་ལྷ་ཆེན་པོ་དག་དང་། དེ་དག་གི་རྟེན་གནས་ཀུན་དགའ་ར་བ་དང་ལྗོན་ཤིང་ལ་སོགས་པ་ལ་ཡང་སྐྱབས་སུ་འགྲོ་བར་བྱེད་ན། གཙོ་བོ་དང་མཆོག་གི་སྐྱབས་ནི་མ་ཡིན་པས་ཚེ་འདིའི་འཇིགས་

(༤༤༣)པ་ལས་སྐྱོབ་པ་འབའ་ཞིག་ལ་ཡང་དཀོན་མཆོག་གསུམ་ཉིད་ལ་སྐྱབས་སུ་འགྲོ་བར་འོས་པ་ཡིན་ལ། དེ་དག་ལས་ཀྱང་དཀོན་མཆོག་གསུམ་ག་དང་། གསུམ་ལས་རེ་རེ་བ་དང་། དགེ་འདུན་ལས་ཀྱང་རེ་རེ་བ་ལ་དམིགས་པས་སྐྱོབ་པ་ཡོད་དེ། འཕགས་པ་གང་པོའི་སྤུན་ཟླ་གྲུ་ལ་གནས་པ་གནོད་སྦྱིན་གྱིས་བཏང་བའི་རླུང་ནག་གིས་འཇིགས་པས་ཉེན་པ་ན་དེ་དང་ཚོང་པ་ཐམས་ཅད་ཀྱིས་འཕགས་པ་གང་པོ་ལ་ཕྱག་འཚལ་ལོ་ཞེས་མགྲིན་གཅིག་ཏུ་བརྗོད་པས་འཕགས་པ་ཉིད་གྲུའི་ཁར་བྱོན་ཏེ་བསྐྱབས་པ་ལྟ་བུ་དང་། འཕགས་པ་ཀུན་དགའ་བོ་སྨད་འཚོང་མའི་རིགས་སྔགས་ཀྱིས་ཉེན་པ་ན་སྟོན་པ་ཉིད་ལ་སྐྱབས་སུ་སོང་བས་འཇིགས་པ་ལས་གྲོལ་བ་ལྟ་བུའོ། །དེས་ན་བྱེད་གསུམ་ལ་མོས་པའི་ཁྱད་པར་རྣམས་ཀྱང་འདི་ལྟ་བུར་ཤེས་པར་བྱ་བ་ཡིན་ནོ། །ངན་སོང་གི་འཇིགས་པ་ལས་སྐྱབས་སུ་འགྲོ་བ་ནི་ཕག་གི་རྟོགས་པ་བརྗོད་པ་ལྟ་བུ་སྟེ། འདི་ལ་ཡང་སྐྱབས་གསུམ་ཚང་བ་དང་མ་ཚང་བ་ལ་སྐྱབས་སུ་འགྲོ་བ་ཅི་རིགས་པར་བལྟའོ། །ཐབས་མིན་ནི་ཐར་བ་དོན་དུ་གཉེར་བའི་བློ་ཡོད་ཀྱང་དེའི་ཐབས་སུ་མེ་ལྔ་བསྟེན་པ་སོགས་བྱེད་པ་སྟེ། མུ་སྟེགས་པའི་ལྟ་བ་ལས་བཟློག་ནས་སྐྱབས་སུ་འགྲོ་བ་ན་སྐྱབས་གསུམ་ཚང་བ་དང་རེ་རེ་བ་ལ་སྐྱབས་སུ་འགྲོ་ན་སྟོན་པ་ཁོ་ན་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། དེས་མུ་སྟེགས་པ་དང་བྱེ་བྲག་ཕྱེད་པར་འགྱུར་བའི་ཕྱིར་ཏེ། འོད་སྲུང་ཆེན་པོ་ལྟ་བུའོ། །སངས་རྒྱས་ཀྱི་བསྟན་པའི་ཐར་བ་དོན་དུ་གཉེར་བ་འགའ་ཞིག་ལ་ཡང་ཤ་རིའི་བུ་རྟ་ཐུལ་གྱིས་

(༤༤༤)བདེན་པ་མཐོང་བར་བྱས་པ་ལྟར་དང་པོར་ལམ་ལ་གཟུད་པ་ལ་རེ་རེ་བ་ལ་རྟེན་པར་བྱེད་པ་ཡོད་ལ། བདེན་པ་མཐོང་ནས་ནི་ཆོས་ཉིད་ཀྱིས་ཐོབ་པའི་ཡོན་ཏན་གྱིས་དཀོན་མཆོག་གསུམ་ག་ལ་ཡིད་ཆེས་པར་འགྱུར་བ་ཡིན་ནོ། །འོན་ཀྱང་བསྟན་པ་འདི་ལ་སོ་སོ་ཐར་བ་རིས་བརྒྱད་པོ་ལས་གང་ཡང་རུང་བ་དག་ནོད་པ་ལ་ནི་རེ་རེ་བ་ལ་སྐྱབས་སུ་འགྲོ་བ་མེད་ཀྱི། གསུམ་ག་ལ་སྐྱབས་སུ་འགྲོ་བར་བྱ་བ་ནི་སྟོན་པའི་བཅས་པའི་དབང་གིས་ཡིན་ནོ། །རིས་བརྒྱད་པོ་དེ་ལེན་པ་ན་མཛོད་ལས། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་བྱ་བ་དང་། གང་ཞིག་གསུམ་ལ་སྐྱབས་སུ་འགྲོ་སྟེ། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉི་ག་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་དགེ་བསྙེན་ལ་སོགས་པའི་བསླབ་པ་ནོད་པའི་དང་པོར་སྐྱབས་སུ་འགྲོ་བ་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་མོད་ཀྱི། དེ་དག་གི་ངོ་ཏི་ནི་སངས་རྒྱས་ནི་སངས་རྒྱས་སུ་བྱེད་པའི་ཆོས་དེ་བཞིན་གཤེགས་པའི་ཟད་མི་སྐྱེ་ཤེས་པ་འཁོར་བཅས་དང་། ཆོས་མྱ་ངན་ལས་འདས་པ་དང་། དགེ་འདུན་ནི་ཉན་ཐོས་འཕགས་པ་རྣམས་ཀྱི་དགེ་འདུན་དུ་བྱེད་པའི་ཆོས་ཟག་པ་མེད་པའི་ལམ་རྣམས་ལ་སྐྱབས་སུ་འགྲོ་བ་ཡིན་པར་བྱེ་བྲག་ཏུ་སྨྲ་བས་འདོད་ལ། སློབ་དཔོན་དབྱིག་གཉེན་ཉིད་ནི་ཡེ་ཤེས་དེ་དག་གི་རྟེན་གྱི་ལུས་ཀྱང་སྐྱབས་སུ་འགྲོ་བའི་ཡུལ་ཡིན་པར་བཞེད་དོ། །སྐྱབས་སུ་འགྲོ་བ་ན་ཉན་ཐོས་རྣམས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་

(༤༤༥)ན་བདེ་བ་མེད། །ཅེས་པ་བཞིན་དུ་སྲིད་པ་ལ་ཡིད་བྱུང་ནས་སྐྱབས་སུ་འགྲོ་བ་ཡིན་ལ། སྐྱེ་བ་ལེན་ཀྱང་རུང་མི་ལེན་ཀྱང་རུང་སྟེ། བདག་ཉིད་སྐྱེ་བ་མི་ལེན་པར་མྱ་ངན་ལས་འདའ་བར་འདོད་པའི་བསམ་པ་བརྟན་པོ་མེད་པར་ནི་སོ་སོ་ཐར་བའི་སྡོམ་པ་མི་སྐྱེའོ་ཞེས་ཉིད་ཀྱི་རྣམ་བཤད་དང་ཆོས་ཀྱི་བཤེས་གཉེན་གྱིས་བཤད་ལ། མྱ་ངན་ལས་འདའ་བའི་བསམ་པ་བརྟན་པོ་དེ་ཡང་སྐྱབས་སུ་འགྲོ་བས་སྒྲུབ་པར་བཤད་དེ། དེ་ལྟར་ན་སྐྱབས་སུ་འགྲོ་བའི་ཚེ་སྐྱེ་བ་ལ་སྡུག་བསྔལ་དུ་འདུ་ཤེས་ཤིང་། དེ་ཡང་ཉོན་མོངས་ཀྱི་རྩ་བ་ཅན་དུ་ཤེས་ལ། ཉོན་མོངས་སྤངས་པས་ཕྱིན་ཆད་འཇིག་ཚོགས་མི་ལེན་པའི་བསམ་པ་སྐྱེ་དགོས་པའི་ཕྱིར་ན་འཇིག་ཚོགས་ལས་སྐྱོབ་པའི་ཕྱིར་སྐྱབས་སུ་འགྲོ་བ་ཡིན་ནོ། །ཐེག་པ་དམན་པ་ལས་སྐྱོབ་པ་ནི། མདོ་སྡེའི་རྒྱན་ལས། བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་དུ། །བྱང་ཆུབ་དྲི་མེད་ཡངས་པའི་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་རབ་བསིལ་རྣམ་རྟོག་བདག་ཕན་པ། །རབ་ཏུ་བདེ་བར་གནས་ཀྱང་བར་དུ་གཅོད་པར་བྱེད། །ཅེས་བྱ་བ་དང་། སྡུད་པ་ལས། གལ་ཏེ་བསྐལ་བ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་དུ་ལྕི། །ཞེས་ཉན་རང་ལ་འདོད་པ་བསྐྱེད་ན་བྱང་ཆུབ་སེམས་དཔའི་ལམ་ལས་ལྟུང་བ་ཆེན་པོར་འགྱུར་རོ་སྙམ་པ་ནི་ཐེག་པ་དམན་པས་འཇིགས་པའོ། །

(༤༤༦)དེ་ལས་སྐྱོབ་པའི་ཕྱིར་ཡང་སྐྱབས་སུ་འགྲོ་སྟེ་འདི་ནི་རིམ་པ་ལྔ་པའི་ཐ་མའོ། །དེ་ལས་ངན་སོང་གིས་འཇིགས་ཏེ་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོའོ། །ཐབས་མིན་གྱི་འཇིགས་པ་དང་འཇིག་ཚོགས་ལས་སྐྱོབ་པའི་ཕྱིར་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་འབྲིང་གི་སྐྱབས་སུ་འགྲོ་བའོ། །ཐེག་པ་དམན་པ་ལས་སྐྱོབ་པའི་ཕྱིར་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་ཆེན་པོའི་སྐྱབས་འགྲོའོ། །འདི་དཔལ་མར་མེ་མཛད་ཀྱིས་སྐྱེས་བུ་གསུམ་གྱི་རིམ་པ་གསུངས་པ་རྣམས་རྗེ་བཙུན་གྱི་སྐྱབས་འགྲོའི་རིམ་པ་ཕྱི་མ་བཞི་དང་སྦྱར་བ་ཡིན་ལ། སྐྱབས་འགྲོ་དང་པོ་ནི་ཚེ་འདི་ཉིད་ཀྱི་ཆེད་དུ་ཡིན་པས་སྐྱེས་བུ་ཆུང་ངུ་ཡང་མ་ཡིན་ནོ། །འདིར་རྗེ་སྒམ་པོ་བས་ཆོས་བཞིར་རྣམ་པར་གཞག་པ་ལས་ཀྱང་། ཆོས་ཆོས་སུ་འགྲོ་ན་ནི་སྐྱེས་བུ་ཆུང་ངུའོ། །ཆོས་ལམ་དུ་འགྲོ་བ་ནི་སྐྱེས་བུ་འབྲིང་གིའོ། །ལམ་འཁྲུལ་བ་ཞིག་པ་ནི་སྐྱེས་བུ་ཆེན་པོའི་འོ། །འཁྲུལ་བ་ཡེ་ཤེས་སུ་འཆར་བ་ནི་ཆེན་པོ་ལས་ཀྱང་ཆེན་པོའི་འོ། །དེ་ཇི་ལྟར་སྐྱབས་སུ་འགྲོ་བ་ནི་རྣམ་པ་གཉིས་ཏེ། མོས་པ་ཡིད་ལ་བྱེད་པས་སྐྱབས་སུ་འགྲོ་བ་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་སྐྱབས་སུ་འགྲོ་བའོ། །དང་པོ་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་ཚེ་དོན་དམ་པའི་ཡོན་ཏན་རྣམས་དྲན་པར་བྱས་ནས་སྐྱབས་སུ་འགྲོ་བ་ཡིན་ཏེ། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་གར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་

(༤༤༧)བགྱི་བའི་སླད་དུ་དུས་འདི་ནས་གཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིགས་པ་ཐམས་ཅད་དང་བྲལ་བ། སྐྱེས་བུ་ཆེན་པོ། སྐྱེས་བུ་ཁྱུ་མཆོག །སྐུ་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པའི་སྐུ། ཆོས་ཀྱི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། །ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པ་དང་དེ་བཞིན་གཤེགས་པ་ལ་མངའ་བ་ཞི་བ་ཆོས་ཀྱི་སྐུ་སོ་སོ་རང་གིས་རིག་པ་ལ་སྐྱབས་སུ་མཆིའོ། །དགེ་འདུན་དུལ་བ་ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཞིའི་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ལ་སྐྱབས་ས་མཆིའོ། །དེ་སྐད་ལན་གསུམ་བཟླས། ཤེས་འབྱུང་བ་འདི་ནི་དོན་དམ་པའི་སྐྱབས་འགྲོ་ཞེས་བྱ་སྟེ། འདི་སྔོན་དུ་འགྲོ་བས་དོན་དམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཡང་མཛད་དེ། དེ་ཉིད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་ཕྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སེམས་

(༤༤༨)ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སླད་དུ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་གཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་ཕྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་གཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་འབྱུང་བ་ཡིན་ཏེ། དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པའི་དཀོན་མཆོག་གསུམ་གྱི་ཡོན་ཏན་དེ་དག་ནི་འདིར་གསུངས་པ་དང་ཤིན་དུ་མཐུན་པ་ཡིན་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་དང་། ཐམས་ཅད་མཁྱེན་པ་དང་ཐམས་ཅད་གཟིགས་པ་ནི། དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ཞེས་བྱ་བ་དང་

(༤༤༩)ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ཞེས་བྱ་བ་དེ་ཉིད་དོ། །འདུས་མ་བྱས་པ་ལ་སོགས་པ་ཡོན་ཏན་གསུམ་འདིར་བཤད་པ་ནི། ཆོས་ཀྱི་སྐུའི་དབང་དུ་བྱས་པར་བཤད་ཟིན་ལ། འཇིགས་པ་ཐམས་ཅད་དང་བྲལ་བ་སྐྱེས་བུ་ཆེན་པོ། སྐྱེས་བུ་ཁྱུ་མཆོག །སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ་ཆོས་ཀྱི་སྐུ་ཞེས་ཆོས་སྐུའི་ཁྱད་པར་དུ་གསུངས་ཤིང་། སྐྱེས་བུ་ཆེན་པོ་ལ་སོགས་པ་རྣམས་ནི་ཟུང་དུ་འཇུག་པའི་མཚན་གྱི་རྣམ་གྲངས་ཡིན་པར་སློབ་དཔོན་ཨཱརྱ་དེ་བས་བཤད་དོ། །ཆོས་དཀོན་མཆོག་གི་སྐབས་སུ་བླ་ན་མེད་པ། དེ་བཞིན་གཤེགས་པ་ལ་མངའ་བ། ཞི་བ་ཆོས་ཀྱི་སྐུ། སོ་སོ་རང་གིས་རིག་པ་ཞེས་གསུངས་པ་ཡང་། བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །དང་། སོ་སོ་རང་གིས་རིག་ཞི་བ། །ཞེས་བྱ་བ་དེ་ཉིད་དོ། །དགེ་འདུན་གྱི་སྐབས་སུ་ཕྱིར་མི་ལྡོག་པར་བསྟན་པ་ནི། འདི་ཉིད་དུ་ཡང་བསྟན་ལ། རིག་པ་དང་གྲོལ་བ་ཡང་དོན་གྱིས་བསྟན་པར་བལྟའོ། །དེ་ལྟར་ན་དཀོན་མཆོག་གསུམ་གྱི་དོན་དམ་པའི་ཡོན་ཏན་དྲན་པར་བྱས་ནས་བདག་ཉིད་ཀྱི་རྒྱུད་ཀྱང་ཆོས་ཀྱི་སྐུའི་རིགས་ཅན་དུ་བལྟས་ཏེ་སྐྱབས་སུ་འགྲོ་བ་ནི་དོན་དམ་པའི་སྐྱབས་སུ་འགྲོ་བའོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ས་ཐོབ་པ་རྣམས་ཀྱི་ཡིན་ཏེ། རྒྱན་ལས་ཆོས་ཉིད་ཀྱིས་ཐོབ་པ་ཞེས་གསུངས་པའོ། །དོན་དམ་པའི་སྐྱབས་སུ་འགྲོ་བས་རྣམ་པར་རྟོག་པ་ལས་སྐྱོབ་ཅེས་བྱ་བའི་དོན་ཡང་རྒྱན་ལས། མཐོང་

(༤༥༠)བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བྱ་ཆུབ་སེམས་དཔའ་འཕགས་པ་རྣམས་མཐོང་སྤངས་སྤངས་ཟིན་པས་ཤེས་བྱའི་སྒྲིབ་པ་སྤོང་བ་གཙོ་བོར་མཛད་ལ། ཤེས་བྱའི་སྒྲིབ་པ་ཡང་། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་བྱ་བས་འཁོར་གསུམ་དུ་རྣམ་པར་རྟོག་པ་ལས་སྐྱོབ་པའི་ཕྱིར་དོན་དམ་པའི་དཀོན་མཆོག་གསུམ་ཡིད་ལ་བྱེད་པ་ཡིན་ལ། མོས་པས་སྤྱོད་པའི་སར་དོན་དམ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་འཁོར་གསུམ་དུ་རྣམ་པར་རྟོག་པ་ལ། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་སུ་གྱུར་བའི་ཉོན་མོངས་ལྟ་བུར་ལྟ་བ་ཡིན་ཏེ། རྒྱན་གྱི་འགྲེལ་བར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་ཁ་ཆེ་ཛྙཱ་ན་ཤྲཱིའི་མཐའ་གཉིས་སེལ་བར་སྔགས་ཀྱི་ཐེག་པར་མཚན་འཛིན་གྱི་རྣམ་རྟོག་སྤོང་བའི་སྡོམ་པ་འཛིན་པ་ཡོད་ལ། ཕ་རོལ་དུ་ཕྱིན་པའི་ཐེག་པར་རྣམ་རྟོག་སྤོང་བའི་སྡོམ་པ་འཛིན་པ་མེད་པར་བཞེད་མོད་ཀྱི། སྟོང་པ་ཉིད་ཀྱི་རང་བཞིན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་སྡོམ་པ་འཛིན་པ་ཡིན་པས་ཕ་རོལ་དུ་ཕྱིན་པའི་ཕྱོགས་ལ་ཡང་འཐད་པ་ཡིན་ནོ། །འདིར་མན་ངག་པ་དག་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ངེས་པར་བྱ་དགོས་པ་ཡིན་མོད་ཀྱི། དེ་ལས་ཀྱང་བླ་མ་ཉིད་སངས་རྒྱས་སུ་མོས་ནས་སྐྱབས་སུ་འགྲོ་བར་བྱ་བ་ཡིན་ལ། བླ་མ་དེ་ཡང་སུ་ཡང་རུང་བ་མ་ཡིན་གྱི། བདེ་

(༤༥༡)བ་མཐོང་བ་ཞིག་ཡིན་ནོ་ཞེས་བཞེད་དེ། འདི་ནི་མཻ་ཏྲི་བས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཕ་རོལ་དུ་ཕྱིན་པའི་ལམ་གང་ཞིག་གསང་སྔགས་དང་རྗེས་སུ་མཐུན་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་དེ་ཁོ་ན་ཉིད་བཅུ་པའི་རྩ་འགྲེལ་དུ་འབྱུང་བ་ཡིན་ལ། དེ་བཞིན་དུ་བླ་མའི་རྣལ་འབྱོར་ཞེས་གྲགས་པ་ནི་སྔགས་དང་རྗེས་སུ་མཐུན་པ་ཁོ་ནར་སྣང་ལ། དེ་ཕ་རོལ་དུ་ཕྱིན་པའི་ཐེག་པ་བས་རྗེས་སུ་མཐུན་པ་ཙམ་ཡང་ཉམས་སུ་བླང་དུ་མི་རུང་ན་སོ་སོར་འབྲང་བའི་རིགས་སྔགས་ཀྱིས་ནད་ཞི་བར་བྱེད་པ་ཉན་ཐོས་རྣམས་ལ་མི་རུང་བར་འགྱུར་ཞིང་། རྨ་བྱ་ཆེན་མོའི་རིགས་སྔགས་ཀྱིས་དགེ་སློང་ས་རིའི་སྦྲུལ་གྱི་དུག་གསོ་བ་ཡང་མི་རུང་བར་ཐལ་བར་འགྱུར་རོ། །དེས་ན་ཕ་རོལ་དུ་ཕྱིན་པའི་ཐེག་པར་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པ་བྱར་རུང་བར་ཡང་དེ་ཁོ་ན་ཉིད་བཅུ་པ་རྩ་འགྲེལ་ལས་བཤད་དེ། བླ་མའི་རྣལ་འབྱོར་ཡང་སྔགས་དང་མཐུན་པར་བྱར་རུང་བ་ལ་གནོད་པར་བྱེད་པའི་ཚད་མ་མེད་ཅིང་། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པས་མ་གྲུབ་ཀྱང་ལུང་གི་ཚད་མ་ཤིན་དུ་མང་པོ་དང་ལྡན་ལ། རྣལ་འབྱོར་དེ་གོམས་པར་བྱེད་པ་དག་གི་མྱོང་བས་ཀྱང་ལེགས་པར་གྲུབ་པ་ཡིན་ནོ། །དེ་ལ་སངས་རྒྱས་སུ་མོས་པར་བྱས་ཏེ་གུས་པ་བསྐྱེད་ན་བསོད་ནམས་སུ་འགྱུར་བ་ནི་གྱོ་དུམ་ལ་ཡང་སངས་རྒྱས་སུ་མོས་ན་བླ་མ་ལ་མོས་པ་དང་འདྲ་བར་བསོད་ནམས་འབྱུང་བ་མ་ཡིན་ནམ་ཞེ་ན། བསོད་ནམས་སུ་འགྱུར་བ་ཙམ་ཞིག་ནི་ཡིན་མོད་ཀྱི། འོན་ཀྱང་བླ་མ་ཡང་མཚན་ཉིད་དང་མི་ལྡན་པ་ལ་ནི་སྣམ་བུའི་དུམ་བུ་མཐོ་གང་པ་

(༤༥༢)ཞིག་ལ་སྣམ་སྦྱར་དུ་བྱིན་གྱིས་བརླབ་ཏུ་མི་རུང་བ་དང་འདྲ་བར་མཚན་ཉིད་དང་མི་ལྡན་ན་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་བདག་པོའི་རྐྱེན་དུ་འགྱུར་བའི་བླ་མར་བྱིན་གྱིས་བརླབ་ཏུ་མི་རུང་ངོ་། །དེ་ཡང་འབྲི་ཁུང་ཆོས་རྗེས། རང་རྡོ་རྗེ་འཆང་དུ་མ་གྱུར་བར། །རྩ་བའི་བླ་མ་མ་གཏོགས་པ། །རང་འཁོར་ལ་སྒོམ་དུ་མ་གཞུག་ཅིག །འཁྲུལ་བ་ལ་ཉིང་འཁྲུལ་བསྣན་པར་མཆིའོ། །ཞེས་གསུངས་པ་ཡིན་ནོ། །སློབ་དཔོན་ཟླ་བ་གྲགས་པས་སྐྱབས་གསུམ་བདུན་བཅུ་པར་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་དང་། དེར་ཐ་སྙད་གདགས་སུ་རུང་བའི་བྱང་ཆུབ་སེམས་དཔའི་འཕགས་པ་རྣམས་ཀྱང་སངས་རྒྱས་དཀོན་མཆོག་ཏུ་བཞེད་ལ། མོས་ནི་ཉན་རང་གི་ཟག་པ་མེད་པའི་ལམ་དང་དེས་རྟོགས་ཤིང་ཐོབ་པར་བྱ་བའི་འགོག་པ་དེ་བཞིན་ཉིད་ལ་བཞེད་དོ། །དགེ་འདུན་ནི་འབྲས་བུ་ལ་གནས་པ་བཞི་དང་ཞུགས་པ་བཞི་སྟེ་གང་ཟག་བརྒྱད་པོ་ལ་བཞེད་པ་ཡིན་ནོ། །འདི་ནི་ཐེག་པ་ཆེན་པོའི་དབང་དུ་བྱས་པའི་སྐྱབས་གསུམ་རྣམ་པར་གཞག་པ་ཡིན་ཞེས་སྐྱབས་གསུམ་བདུན་བཅུ་པ་ཉིད་ལས་གསུངས་པ་ཡིན་ནོ། །སློབ་དཔོན་ཞི་བའི་ལྷས་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་བྱང་ཆུབ་སེམས་དཔའ་ཉིད་དགེ་འདུན་དུ་གསུངས་པས་ཅུང་ཟད་མི་འདྲ་བར་སྣང་བ་འདི་ལ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སྨོན་པའི་སེམས་བསྐྱེད་པ་དང་འཇུག་པའི་བསླབ་པ་སྤྱི་ལ་སློབ་པ་ན་ཉན་ཐོས་ཀྱི་དགེ་འདུན་སྐྱབས་སུ་

(༤༥༣)གཟུང་མི་དགོས་ལ། བྱེ་བྲག་སོ་སོ་ཐར་བ་རིས་བདུན་པོའི་བསླབ་པ་འཛིན་པ་ན་ཉན་ཐོས་ཀྱི་གང་ཟག་བརྒྱད་པོ་ལ་ཡང་སྐྱབས་སུ་གཟུང་དགོས་ཤིང་། དུས་ཀྱང་སྨན་གྱི་བླའི་མདོར་ཇི་འཇིགས་ལ་སོགས་པའི་གནོད་སྦྱིན་ཆེན་པོ་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་རིས་བདུན་པོ་ལེན་པའི་ཚེ་ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ནམ་སྙམ་སྟེ། རྣམ་པར་དག་པའི་བློ་མངའ་བ་རྣམས་ཀྱིས་དཔྱད་དུ་གསོལ་ལོ། །དེ་ལྟར་སློབ་དཔོན་ཟླ་བས་ནི་ཐེག་པ་ཆེན་པོ་པ་དག་གི་སྐྱབས་སུ་འགྲོ་བ་འཆད་པ་ན་ཉན་ཐོས་ཀྱི་སྐྱེས་བུ་གང་ཟག་བརྒྱད་པོ་སྨོས་མོད། ཐེག་པ་ཆེན་པོ་རྒྱུད་བླ་མ་འདིར་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རྗེས་སུ་ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་ནི་མ་སྨོས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྤྱོད་པའི་སྐབས་དང་ཁྱད་པར་དུ་དོན་དམ་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་ན་མཆོད་པར་འོས་པ་མ་ཡིན་པའི་ཕྱིར་ཏེ། དེ་ཡང་བསླབ་པ་དེའི་ཆེད་དུ་ཉན་ཐོས་དེ་དག་ལ་མི་མཆོད་ཅེས་པ་ཡིན་གྱི། གཞན་དུ་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱིས་ཉན་ཐོས་ཀྱི་དགེ་སློང་དག་ལ་མཆོད་པར་འོས་ལ། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཀྱང་མཆོད་པར་འོས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བདེ་བར་གཤེགས་པ་དང་དེའི་སྲས་སྨོས་ཟིན་པའི་རྗེས་སུ། ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ། ཞེས་བྱ་བ་དང་། མཁན་པོ་དེ་བཞིན་སློབ་

(༤༥༤)དཔོན་དང་། །བརྟུལ་ཞུགས་མཆོག་ལའང་བདག་ཕྱག་འཚལ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་འདིར་མཆོད་པར་འོས་པ་མ་ཡིན་ཞེས་གསུངས་པ་ཇི་ལྟར་ཡིན་སྙམ་ན། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་སྐྱབས་སུ་འགྲོ་བ་ན་ཡོན་ཏན་ཤེས་པ་དང་། ཁྱད་པར་ཤེས་པ་དང་། གཞན་དུ་མི་སྨྲ་བ་དང་། ཁས་བླངས་པས་སྐྱབས་སུ་འགྲོ་བར་གསུངས་པ་ལ། མཁས་པ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་གནས་པའི་ཁྱིམ་པ་དང་། ཉན་ཐོས་ཀྱི་དགེ་སློང་དག་གི་ཡོན་ཏན་གྱི་ཁྱད་པར་ནམ་མཁའ་དང་ཡུངས་འབྲུ་ལྟ་བུ་ཡོད་པར་ཤེས་པ་ནི་ཉན་ཐོས་ཀྱི་དགེ་སློང་དེ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་འདི་ཁྱིམ་པ་ཡིན་པས་དམན་ནོ་སྙམ་སྟེ། བྱང་ཆུབ་ཆེན་པོའི་རྒྱུར་གྱུར་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་བྱེད་པ་དང་། ཤེས་རབ་དང་སྙིང་རྗེ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དང་མཚུངས་པ་ཅན་གཞལ་དུ་མེད་པའི་སེམས་ཅན་གྱི་ཁམས་སྣང་བར་ཉེ་བར་གནས་པ། བླ་ན་མེད་པ་ཉེ་བར་གནས་པས་དེ་བཞིན་གཤེགས་པ་ནི་ཟླ་བ་ཉ་བ་ཐོབ་པ་སྟེ་ཟླ་བ་ཉ་བར་གྱུར་བའོ། །དེ་དང་སེམས་ཅན་སྐྱོབ་པའི་བསམ་པས་ཆོས་རྗེས་སུ་མཐུན་པའི་ལམ་དུ་ཞུགས་པ། བྱང་ཆུབ་སེམས་དཔའི་ཟླ་བ་ཚེས་པ་སྟེ། བྱང་ཆུབ་སེམས་དཔའ་གསར་བུར་གྱུར་བ་ཡང་དོར་ནས་དེས་མི་སློབ་པ་ཐོབ་ཀྱང་ཉི་ཚེ་བའི་ཡེ་ཤེས་ཀྱི་མཐར་ཐུག་པ་ཡིན་པས་དེ་ནི་སྐར་མའི་གཟུགས་ལྟར་རང་གི་རྒྱུད་སྣང་བར་ཉེ་བར་གནས་པའི་ཉན་ཐོས་ལ་ཡང་ཕྱག་བྱེད་པ་ནི་མ་ཡིན་ཏེ། ཞེས་བྱ་བ་ནི་བྱང་ཆུབ་

(༤༥༥)སེམས་དཔའ་ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པའི་ཁྱིམ་པ་དོར་ནས་ཉན་ཐོས་ལ་ཕྱག་མི་བྱེད་དོ་ཞེས་བཤད་པ་ཡིན་གྱི། གཏན་ཕྱག་མི་བྱའོ་ཞེས་ནི་མ་བཤད་དོ། །འདིར་འདུལ་བ་ལས་ཕྱག་བྱ་བའི་འོས་ནི་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་དང་དགེ་སློང་རྒན་པོའི་ཞེས་བཤད་པའི་དོན་དེ་བཞིན་གཤེགས་པ་སངས་རྒྱས་ཟིན་པ་ཉིད་ལ་བྱ་ན་ཕྱག་བྱ་བའི་འོས་གཅིག་སྟེ། དགེ་སློང་རྒན་པོའི་ཞེས་སྨོས་པར་རིགས་པར་ཐལ་ཏེ། དེ་བཞིན་གཤེགས་པ་ལས་རྒན་པའི་དགེ་སློང་མེད་པའི་ཕྱིར་རོ། །དེས་ན་ཕྱག་གི་ཡུལ་གཉིས་སུ་བཤད་པའི་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱ་ལ། དེ་ཡང་ས་ཐོབ་པ་རྣམས་ལྟ་ཞོག །བྱང་ཆུབ་ཀྱི་སེམས་བརྟན་པར་ཡོད་ན་དགེ་སློང་གིས་ཀྱང་ཕྱག་བྱའོ་ཞེས་སློབ་དཔོན་ལེགས་ལྡན་འབྱེད་བཞེད་དོ། །འདིར། གཞན་ལ་ཕན་པར་བྱེད་པའི་བསམ་པ་རྣམ་པར་དག་པ་ལ་ཡང་དག་པར་བརྟེན་པའི་ཡོན་ཏན་ཉིད་ཀྱིས་ཤེས་འགྱུར་བཅོས་ན་རྒྱ་དཔེ་དང་། ནག་ཚོ་དང་། པ་ཚབ་དང་ཡང་མཐུན་ཏེ། གོང་དུ་ཟླ་བ་ཚེས་པ་ཞེས་བཤད་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཡིན་པས་དེས་ཀྱང་འཕགས་པ་ཉན་ཐོས་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་དག་པའི་མཐར་ཕྱིན་པར་འགྱུར་བའི་དགྲ་བཅོམ་པ་ཡང་ཟིལ་གྱིས་གནོན་ན། སེམས་དང་པོ་བསྐྱེད་པ་དེ་ལས་གཞན་པ་ས་ཐོབ་པའི་སེམས་དཔའ་རྣམས་ཀྱིས་ཡོན་ཏན་ཚེ་ལ་དབང་བ་སོགས་དབང་བཅུ་དང་ལྡན་པས་ཟིལ་གྱིས་གནོན་པ་ལྟ་ཅི་

(༤༥༦)སྨོས། སེམས་དང་པོ་བསྐྱེད་པ་ལ་ཡོད་དགྲ་བཅོམ་པ་ལ་མེད་པའི་ཡོན་ཏན་ཅི་འདྲ་བ་ཞིག་གིས་ཟིལ་གྱིས་གནོན་སྙམ་ན། སེམས་དང་པོ་བསྐྱེད་པ་ནི་གཞན་ལ་ཕན་པར་བྱེད་པའི་བསམ་པ་སྨོན་པའི་སེམས་གོང་ནས་གོང་དུ་སྤེལ་བས་གསེར་ལྟར་རྣམ་པར་དག་པར་གྱུར་བ་དེ་ལ་འཇུག་པའི་སྡོམ་པ་ཡང་དག་པར་བརྟེན་ཞིང་གནས་པའི་ཡོན་ཏན་ཉིད་ཀྱིས་ཟིལ་གྱིས་གནོན་ལ། དགྲ་བཅོམ་པ་ནི་སེམས་ཅན་ལ་རྗེས་སུ་བདེ་།།།བའི་བསམ་པ་མེད་ལ། སྦྱོར་བས་གཞན་རྒྱས་པར་བྱེད་པ་དང་མི་ལྡན་པས་ཟིལ་གྱིས་མནན་པར་བྱ་བ་ཡིན་ནོ། །གང་གི་ཕྱིར་ནི་གང་ལས་ཏེ་ཁུངས་སྤྱིར་སྨོས་པའོ། །དགྲ་བཅོམ་པ་རྣམས་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་མཐར་ཕྱིན་ནོ་ཞེས་བཤད་པ་ཡང་ཚུལ་ཁྲིམས་ཀྱི་ཕྱོགས་གཅིག་ཙམ་ལ་དགོངས་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་ཚུལ་ཁྲིམས་རྣམ་པར་དག་པ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་མི་ལྡན་པའི་ཕྱིར་ཏེ། འདི་ལྟར་འཕགས་པ་གང་ཞིག་བདག་གི་དོན་དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱེད་པ་རྣམ་པར་འཕེལ་བས་རྣམ་པར་རྒྱས་ན་ཡང་ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་འབྲས་བུ་སྡུག་བསྔལ་མྱོང་བ་ལ་བརྩེ་བ་དང་བྲལ་བ་ནི་བདག་ཉིད་རྒྱས་པར་བྱེད་པའི་ཚུལ་ཁྲིམས་ཀྱི་ནོར་གྱིས་རབ་ཏུ་དག་ཅིང་ཡོངས་སུ་རྫོགས་ཀྱང་སློབ་སྤྲིང་ལས་ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་ཅིང་། ཀློང་གི་ནང་དུ་ལྷུང་བ་ལྟ་བུ་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པས་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད་

(༤༥༧)ཅེས་གསུངས་པ་ལྟར། ཚུལ་ཁྲིམས་ཀྱི་རྩ་བ་ངོ་ཚ་དང་ཁྲེལ་བོར་བའི་ཕྱིར་འཕགས་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་པར་མི་བརྗོད་དོ། །འོ་ན་སུ་ཞིག་ཚུལ་ཁྲིམས་དག་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཞིག་སེམས་ཅན་གཞན་སྡུག་བསྔལ་བ་ལ་སྡུག་བསྔལ་དེ་ལས་བསྒྲལ་བར་བཞེད་པའི་མཆོག་ཏུ་སྙིང་རྗེ་བསྐྱེད་ནས་ནི་སེམས་དེས་ཚུལ་ཁྲིམས་ཡང་དག་པར་བླངས་པར་བྱས་ཏེ། ཚུལ་ཁྲིམས་ཀྱི་འབྲས་བུ། ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །ཅེས་བྱ་བའི་སྨོན་ལམ་གྲུབ་པས་མེ་དང་རླུང་དང་ཆུ་དང་ས་བཞིན་གཞན་དག་ཉེ་བར་འཚོ་བར་བྱེད་པ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཁོ་ན་ཡིན་གྱི། ཇི་ལྟར་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་སྒོམ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་ཡིན་པ་ལྟར་གཞན་ཉན་ཐོས་ཀྱི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དེའི་གཟུགས་བརྙན་ཡིན་ནོ། །དེ་ལྟར་འདིར་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྔོན་དུ་འགྲོ་བའི་སྐྱབས་སུ་འགྲོ་བའི་ཡུལ་གྱི་ཡོན་ཏན་བརྗོད་པ་ཡིན་ལ། འདི་ཉིད་དོན་དམ་པའི་ཡོན་ཏན་བརྗོད་པ་ཡིན་ཀྱང་གཞན་ཀུན་རྫོབ་པའི་སྐྱབས་སུ་འགྲོ་བ་ཡང་། ཐེག་གསུམ་ལ། མོས་པ་རྣམས་ཀྱི་དབང་བྱས་ནས། །ཤེས་བྱ་བ་ལ་སོགས་པས་འདི་ཉིད་དུ་ཡང་སྟོན་ལ། དྲག་ཤུལ་ཅན་གྱིས་ཞུགས་པའི་མདོ་ལས། ཁྱིམ་བདག་འདི་ལ་

(༤༥༨)བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བྱའོ། །ཆོས་ལ་སྐྱབས་སུ་འགྲོ་བར་བྱའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བར་བྱའོ། །དེ་གསུམ་ལ་སྐྱབས་སུ་སོང་བའི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་དུ་སེམས་མངོན་པར་འདུ་བྱེད་དེ། དགེ་བའི་རྩ་བ་གང་དག་གིས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཡང་དག་པར་འགྲུབ་པར་འགྱུར་བའི་དགེ་བའི་རྩ་བ་དེ་དག་ཡང་དག་པར་སྒྲུབ་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་ནི། ཁྱིམ་བདག་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ལ་གུས་པ་དང་བཅས་ཤིང་རི་མོར་བྱེད་པ་དང་བཅས་པ། ཆོས་དོན་དུ་གཉེར་བ། ཆོས་འདོད་པ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ། ཆོས་ལ་གཞོལ་བ། ཆོས་ལ་འབབ་པ། ཆོས་ལ་བབ་པ། ཆོས་སྲུང་བ། ཆོས་སྦེད་ཅིང་གནས་པ། ཆོས་ཀྱི་གྲགས་པ། ཆོས་ཀྱི་སྤྱོད་པ་ལ་གནས་པ། ཆོས་ཀྱི་དབང་དུ་གྱུར་བ། ཆོས་ཡོངས་སུ་ཚོལ་བ། ཆོས་ཀྱི་སྟོབས་དང་ལྡན་པ། ཆོས་ཀྱི་སྦྱིན་པའི་

(༤༥༩)མཚོན་ཆ་དང་ལྡན་པ། ཆོས་ཀྱི་བྱ་བ་བྱེད་པ་འདི་ལྟ་བུའི་ཆོས་དང་ལྡན་པ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཆོས་ཀྱིས་ཆོས་བགོ་བཤའ་བྱའོ་སྙམ་དུ་དྲན་པ་རབ་ཏུ་འཐོབ་སྟེ། ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་འདུན་ལ་སྐྱབས་སུ་སོང་བ་ནི་གལ་ཏེ། དགེ་སློང་རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། དགྲ་བཅོམ་པའམ། སོ་སོའི་སྐྱེ་བོའམ། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། ཐེག་པ་ཆེན་པོ་པ་དག་མཐོང་ན་དེ་དེ་ལ་གུས་པ་དང་བཅས། ཞེ་ས་དང་བཅས་ཤིང་ལྡང་བར་བརྩོན་ལ། བཀའ་བློ་བདེ་ཞིང་མཐུན་པར་འཛིན་པ་ཡིན་ཏེ། དེ་དག་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་དེ་དག་ལ་བསྙེན་བཀུར་བྱས་པས་འདི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཉན་ཐོས་ཀྱི་ཡོན་ཏན་ཡོངས་སུ་སྒྲུབ་པ་དང་། རང་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་སྒྲུབ་པའི་ཕྱིར་ཆོས་བསྟན་ཏོ་སྙམ་དུ་དྲན་པ་རབ་ཏུ་འཐོབ་སྟེ། དེ་དེ་དག་ལ་གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པ་ཡིན་གྱི། དེ་དག་ལ་དགའ་བར་ནི་མི་བྱེད་དེ། དེ་ལྟར་ན་

(༤༦༠)ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཞེས་གསུངས་པ་དེ་ནི་གཟུགས་ཀྱི་སྐུ་ལ་དམིགས་ནས་སྐྱབས་སུ་འགྲོ་བའི་ཕྱིར་ཀུན་རྫོབ་པའི་སྐྱབས་འགྲོ་ཡིན་ནོ། །ཅིའི་ཕྱིར་སྐྱབས་སུ་འགྲོ་བ་ཞེས་བྱ་ཞེ་ན། སྐྱོབ་པའི་དོན་གྱིས་བསྐྱབས་ཡིན་ལ། འགྲོ་བ་ནི་ཁས་ལེན་པའི་ཚིག་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་མཛོད་འགྲེལ་དུ་ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཡིན་པར་བཤད་པ་ཡིན་ནོ། །འོན་ཀྱང་འགྲོ་བའི་དོན་རྗེ་བཙུན་གྱིས། ཀུན་དུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པར། །དབྱེ་བའི་རང་བཞིན་དོན་རྣམ་བཞི་ཡི་ཁྱད་པར་གྱིས། །ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང་། །དེ་ཉིད་སྐྱབས་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ། །ཞེས་ཁྱབ་པ་དང་། ཁས་ལེན་པ་དང་། རྟོགས་པ་དང་འ། ཟིལ་གྱིས་གནོན་པ་སྟེ་རྣམ་པ་བཞི་ལ་འགྲོ་བའི་སྒྲ་འཇུག་པར་བཤད་དོ། །འགྲོ་བའི་སྒྲ་ཁྱབ་པ་ལ་འཇུག་པ་ནི་ནམ་མཁའ་གཟུགས་ཅན་ཐམས་ཅད་དུ་འགྲོའོ་ཞེས་པ་ལྟ་བུའོ། ཁས་ལེན་པའི་དོན་ནི་དམ་འཆའ་བ་སྟེ། སངས་རྒྱས་ལ་སོགས་པ་ལ་སྐྱབས་སུ་འགྲོའོ་ཞེས་བྱ་བ་ནི་སྐྱབས་སུ་དམ་འཆའོ་ཞེས་བྱ་བའི་དོན་ཏོ། །ཡང་འགྲོ་བ་ནི་རྟོགས་པའི་དོན་ལ་ཡང་འཇུག་སྟེ། ཚིག་གསལ་དུ་འགྲོ་བའི་སྒྲ་ཡུལ་ཤེས་པ་དང་ཡུལ་གཞན་དུ་ཕྱིན་པ་ལ་འཇུག་པར་བཤད་པ་ལྟ་བུའོ། །ཟིལ་གྱིས་གནོན་པ་ལ་འཇུག་པ་ནི་འབྱུང་བ་དང་འགྲོ་བ་ཞེས་བྱ་བ་སྒྲ་རྣམ་གྲངས་པ་ཡིན་ལ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་

(༤༦༡)ཕྱིན་པ་ལས་ངེས་པར་འབྱུང་བའི་སྒྲུབ་པའི་སྐབས་སུ་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །འདིར་ཉན་ཐོས་རྣམས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ན་སངས་རྒྱས་ཐོབ་པའི་ཕྱིར་དུ་མ་ཡིན་གྱི། བདག་ཉིད་ཀྱི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་སྐྱེལ་མ་ལྟ་བུར་དམ་འཆའ་བས་འདི་ལྟ་བུ་དག་ལ་རྒྱུའི་སྐྱབས་འགྲོ་ཞེས་ཟེར་ལ། འདི་ནི་དེ་དངོས་འདོད་པས་ཁས་ལེན། ཞེས་རྒྱན་ལ་འབྱུང་བ་ལྟར་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ལྟ་བུ་ནི་འབྲས་བུའི་སྐྱབས་འགྲོའོ་ཞེས་གངས་ཅན་གྱི་ཕྱོགས་འདིར་མང་དུ་གྲགས་སོ། །དེ་ལྟར་རྣམ་པ་གཉིས་སུ་དབྱེ་བ་ནི་སྐྱབས་ཀྱི་ཡུལ་དེ་ཉིད་རྒྱུ་ཙམ་དུ་ཁས་ལེན་པ་དང་། འབྲས་བུར་ཁས་ལེན་པའི་དབྱེ་བས་ཡིན་པར་འཆད་པ་ན་བདག་ཉིད་ལ་འབྱུང་བར་འགྱུར་བའི་སངས་རྒྱས་དེས་དངོས་སུ་སྐྱོབ་པ་ཡིན་ལ། ད་ལྟར་སངས་རྒྱས་ཟིན་པ་རྣམས་ནི་དེའི་རྒྱུ་དང་གྲོགས་སུ་འཆད་དེ། རིགས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མ་འོངས་པའི་སངས་རྒྱས་ཤེས་བྱ་བ་ནི་སངས་རྒྱས་སུ་འགྱུར་བའི་རྒྱུ་ཙམ་ཡོད་ཀྱང་སངས་རྒྱས་སུ་མ་རེད་ཅིང་སངས་རྒྱས་པར་མ་གྱུར་ཞེས་བྱ་བའི་དོན་ཡིན་ལ། དེ་སེམས་ཅན་ཐམས་ཅད་ལ་ཡང་ཡོད་པར་ཁས་ལེན་བཞིན་དུ་དེས་སྐྱོབ་ཏུ་རེ་བ་ནི་སྨིག་རྒྱུ་འཐུང་བར་འདོད་པའི་རི་དགས་བཞིན་དུ་ལོག་པར་ཕྱོགས་པ་ཡིན་ནོ། །འདི་ཉིད་དུ་ཡང་། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་སངས་རྒྱས་ཁོ་ན་མཐར་ཐུག་གི་

(༤༦༢)སྐྱབས་ཡིན་གྱི་ཆོས་དང་དགེ་འདུན་ནི་མ་ཡིན་ནོ་ཞེས་གསུང་བ་ན། སངས་རྒྱས་ཟིན་པ་རྣམས་ཀྱིས་བརྒྱུད་པས་སྐྱོབ་ལ། མ་འོངས་པའི་སངས་རྒྱས་འདིས་དངོས་སུ་སྐྱོབ་བོ་ཞེས་བྱ་བ་འདི་ནི་བྱུང་རྒྱལ་དུ་སྨྲ་བ་ཡིན་ཏེ། སྡུག་བསྔལ་བདོ་བའི་དུས་ཉིད་ན་མ་འོངས་པའི་སངས་རྒྱས་དེ་ཡོད་པ་ནི་ཡིན་ནོ། །དེས་ན་སྐྱབས་འགྲོ་གཉིས་སུ་དབྱེ་བ་འདི་ནི་ཤིན་དུ་མི་བཟོ་བའི་རྟོག་པས་བརྟགས་པ་འབའ་ཞིག་ཏུ་སྣང་ངོ་།། །།ད་ནི་ཀུན་རྫོབ་པའི་སྐྱབས་འཆད་དེ། དེ་ལ་ཡང་གསུམ་དུ་དབྱེ་བའི་རྒྱུ་མཚན་དང་། །དེ་དག་ཀུན་རྫོབ་པར་གཞག་པ་གཉིས་ལས། དང་པོ་ནི། དེ་ལ་དོན་གང་གིས་གང་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་སྐྱབས་གསུམ་རྣམ་པར་གཞག་པ་མཛད་ཅེ་ན། སྟོན་པ་བསྟན་པ་སློབ་དཔོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་གཞག་པ་ཡིན། སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ་སངས་རྒྱས་ཀྱི་དངོས་པོ་ཉིད་དོན་དུ་གཉེར་བར་ཞུགས་པ་བྱང་ཆུབ་སེམས་དཔའི་ཐེག་པ་བའི་གང་ཟག་དང་། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སངས་རྒྱས་ནི་སྐྱབས་ཡིན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་གཞག་གོ །སྟོན་པའི་བསྟན་པའི་ཡོན་ཏན་བསྟན་པའི་དོན་དུ་རང་ཉིད་རྟེན་འབྲེལ་གྱི་ཆོས་ཟབ་མོ་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པ་རང་སངས་རྒྱས་ཀྱི་ཐེག་པ་བའི་གང་ཟག་དང་། ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་ནི་

(༤༦༣)སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་གཞག་གོ །སྟོན་པའི་བསྟན་པ་ལ་ལེགས་པར་ཞུགས་པའི་སློབ་མའི་ཡོན་ཏན་བསྟན་པའི་དོན་དུ་གཞན་ལས་ཐོས་པའི་སྒྲའི་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་ནི་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་གཞག་གོ །ཞེས་བྱ་བ་ལ། དེ་ལ་འདིར་དཀོན་མཆོག་གསུམ་གྱི་ཡོན་ཏན་སྟོན་པའི་ཚེ་སངས་རྒྱས་ཀྱི་ཡོན་ཏན་ཆོས་ཀྱི་སྐུ་རང་གི་དོན་དང་། དེ་ཉིད་ཀྱི་མཁྱེན་པ་དང་བརྩེ་བས་གཞན་གྱི་དོན་བྱེད་པ་དང་། ཆོས་ཀྱི་ཡོན་ཏན་སྟོན་པ་ན་འགོག་པ་ནི་ཆོས་ཀྱི་སྐུ་ཉིད་ལ་འཇོག་ཅིང་། ལམ་ཡང་དག་ཅིང་དྲི་མ་མེད་པས་ཉོན་མོངས་པ་འཇོམས་པ་ལ་བརྗོད་ལ། དགེ་འདུན་གྱི་ཡོན་ཏན་ཡང་རིག་པ་ལམ་བདེན་དང་གྲོལ་བ་འགོག་བདེན་ཏེ་འདི་དག་ནི་དོན་གཅིག་ཉིད་ཚིག་ཐ་དད་པས་འཆད་པར་ལྟ་བུར་སྣང་ན། གསུང་རབ་རྣམས་སུ་དཀོན་མཆོག་གསུམ་ཞེས་ཐ་དད་པར་བཞག་པ་ལ་དགོས་པའི་དོན་གང་དང་གང་གིས་བཞག །དགོས་པ་དེ་འགྲུབ་པར་འགྱུར་བའི་གང་ཟག་གང་དང་གང་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་སྐྱབས་གསུམ་ཐ་དད་དུ་རྣམ་པར་གཞག་པ་མཛད་ཅེ་ན། ལན་ནི་སྟོན་པ་སངས་རྒྱས་དང་བསྟན་པ་དམ་ཆོས་དང་དེ་ལ་སློབ་པའི་དགེ་འདུན་གྱི་ཡོན་ཏན་བསྟན་པའི་

(༤༦༤)དོན་ནམ་དགོས་པ་ཡོད་པས་སྐྱབས་གསུམ་ཐ་དད་དུ་བསྟན་ལ། དེ་ཡང་ཐེག་པ་གསུམ་ལ་མོས་པའི་གང་ཟག་གསུམ་ཡོད་པའི་དབྱེ་བས་དང་། དཀོན་མཆོག་གསུམ་ལ་སོ་སོར་མཆོག་ཏུ་གུས་པའི་བྱ་བ་བྱེད་པར་མོས་པའི་གང་ཟག་གསུམ་ཡོད་པའི་དབང་དུ་བྱས་ནས་སྐྱབས་གསུམ་དུ་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་སངས་རྒྱས་ཀྱི་དངོས་པོ་ཉིད་དོན་དུ་གཉེར་བར་ཞུགས་པ་བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་དང་། སངས་རྒྱས་ཀྱི་སྐུ་གཟུགས་སོགས་ལ་དཀོན་མཆོག་གཞན་གཉིས་ལས་མཆོག་སྟེ་ཁྱད་པར་དུ་ཕྱག་དང་མཆོད་པ་བྱེད་པ་ལ་སོགས་པས་རང་གི་བསམ་པ་གྲུབ་པར་མོས་པའི་གང་ཟག་རྣམས་སྐྱོབ་པའི་དབང་དུ་བྱས་ནས་སྟོན་པའི་ཡོན་ཏན་འདི་ལྟར་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ན། དེ་དག་གི་ཡོན་ཏན་དེ་ཤེས་རབ་དང་དད་པས་རྟོགས་པའི་དོན་དུ་སངས་རྒྱས་དཀོན་མཆོག་ནི་སྐྱབས་ཡིན་ནོ་ཞེས་བྱེད་གསུམ་ལ་མོས་པ་རྣམས་ལ་བསྟན་ཞིང་། ཐེག་པ་ལ་ཞུགས་པ་རྣམས་ལ་ཁྱེད་ཅག་སེམས་ཅན་རྣམས་ཀྱི་གཙོ་བོ་དོན་དུ་གཉེར་ན་སངས་རྒྱས་ནི་རྐང་གཉིས་པ་མི་དང་ལྷ་རྣམས་ཀྱི་ཡང་མཆོག་ཡིན་ན། རྐང་བཞི་དང་རྐང་མངས་དང་རྐང་མེད་རྣམས་ཀྱི་མཆོག་ཡིན་པ་ལྟ་ཅི་སྨོས་ཤེས་ཡོན་ཏན་རྒྱས་པར་བསྟན་པའི་སྒོ་ནས་རྣམ་པར་གཞག་གོ །སློབ་དཔོན་མེད་པར་རང་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཟབ་མོ་དེ་དག་གི་འགོག་པ་མྱ་ངན་ལས་འདས་པ་ཤེས་བྱ་དང་མཐུན་པར་རྗེས་སུ་རྟོགས་པ་ནི་རང་རྒྱལ་མི་སློབ་པ་སྟེ་དེ་ཐོབ་པའི་ཕྱིར་དུ་ཞུགས་པ་

(༤༦༥)ཐར་བ་ཆ་མཐུན་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་ལ་སྟོན་པའི་འཁོར་དུ་གནས་པའི་ཚེ་ཆོས་མཉན་པས་ཕྱི་མར་འབད་པ་མེད་པར་རྟོགས་པར་འགྱུར་རོ། །དེ་ལྟ་བུ་དག་དང་། ཆོས་གསུང་རབ་གླེགས་བམ་དང་། དེ་སྨྲ་བ་རྣམས་ལ་མཆོད་པ་དང་བཀུར་སྟིས་མཆོག་ཏུ་བྱ་བ་བྱེད་པར་མོས་པའི་གང་ཟག་རྣམས་ལ་སྟོན་པའི་བསྟན་པའི་ཡོན་ཏན་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ལ་སོགས་པ་བསྟན་པས་དེ་དག་གི་ཡོན་ཏན་དེ་ཤེས་རབ་དང་དད་པས་རྟོགས་པའི་དོན་ནམ་དགོས་པ་ཡོད་དེ། དེས་རང་སངས་རྒྱས་ཀྱི་ཐེག་པ་ལས་ཉམས་པར་མི་འགྱུར་བ་དང་ཆོས་ལ་ཡང་དང་ཡང་དུ་མཆོད་པར་འགྱུར་བས་མཆོག་ཏུ་བྱ་བ་བྱེད་པ་རྣམས་ལ་ཆོས་ནི་སྐྱབས་ཡིན་ནོ་ཞེས་བསྟན་ཞིང་། ཐེག་པ་ལ་ཞུགས་པ་རྣམས་ལ་ཆོས་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་ནོ་ཞེས་རྒྱ་ཆེར་བསྟན་པས་ཆོས་སྐྱབས་སུ་རྣམ་པར་གཞག་གོ །དེ་ལ་འདོད་ཆགས་དང་བྲལ་བ་བརྟན་པོ་མ་ཡིན་པ་ནི་ཕྱི་རོལ་བ་རྣམས་ལ་ཡང་ཅི་རིགས་པར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལ་འདོད་ཆགས་དང་བྲལ་བ་ཡོད་ཀྱང་། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྷོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་སྒྲུབ། །ཅེས་བྱ་བས་སོ། །ལམ་གྱི་བདེན་པས་རྟོགས་པར་བྱ་བའི་མྱ་ངན་ལས་འདས་པ་ནི་དེ་རྣམས་ཀྱི་མཆོག་ཡིན་ཏེ། ངེས་པར་འབྱུང་བ་ཡིན་པས་རྟག་པའི་ཕྱིར་རོ། །འདོད་པའི་ཁམས་སུ་སློབ་དཔོན་གཞན་

(༤༦༦)ལས་ཐོས་པའི་སྒྲའི་རྗེས་སུ་འབྲངས་བས་མི་སློབ་པའི་ཡེ་ཤེས་ཟད་པ་དང་མི་སྐྱེ་བ་ཤེས་པ་རྟོགས་ཤིང་ཐོབ་པའི་ཕྱིར་ཐར་བ་ཆ་མཐུན་ནས་སྒོམ་པའི་ལམ་གྱི་བར་དུ་ཞུགས་པ་གཞན་གྱི་སྒྲའི་ཕྱིར་འགྲོ་བས་མིང་དུ་ཉན་ཐོས་ཤེས་ཆགས་པའི་ཐེག་པ་པའི་གང་ཟག་དང་། དགེ་འདུན་ལ་གཙུག་ལག་ཁང་འབུལ་བ་དང་བསོད་སྙོམས་སྦྱིན་པ་ལ་སོགས་པས་མཆོག་ཏུ་བྱ་བ་བྱས་ན་འདོད་པའི་དོན་ཐོབ་པ་བུམ་པ་བཟང་པོ་ལྟ་བུ་ཡིན་ནོ་སྙམ་དུ་མོས་པའི་གང་ཟག་རྣམས་ལ་སྟོན་པའི་བསྟན་པ་ལ་དེ་ལས་མི་འདའ་བར་ལེགས་པར་ཞུགས་ཤིང་ཤེས་ནས་དད་པ་ཐོབ་པ་སྐྱེས་བུ་ཆེན་པོ་བརྒྱད་པོ་སློབ་མར་གྱུར་བ་རྣམས་ཀྱི་ཡོན་ཏན་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། མཐུན་པར་ཞུགས་པ་ལ་སོགས་པ་བསྟན་པས་དེའི་དོན་ནམ་དགོས་པ་གང་ཟག་དེ་རྣམས་ཀྱི་ཤེས་པ་དང་དད་པས་རྟོགས་ཏེ་མཆོག་ཏུ་བྱ་བ་བྱེད་པ་རྣམས་སྤྲོ་བ་དང་ཐེག་པ་ལ་གནས་པའི་གང་ཟག་རྣམས་ལ་ཚོགས་ཤིང་འདུས་པ་རྣམས་ཀྱི་མཆོག་ཡིན་པས་དགེ་འདུན་ནི་སྐྱབས་ཡིན་ནོ་ཞེས་མཆོག་ཏུ་བྱ་བ་བྱེད་པ་རྣམས་ལ་བསྟན་ཞིང་ཐེག་པ་ལ་ཞུགས་པ་རྣམས་ལ་ཡོན་ཏན་རྒྱ་ཆེར་བསྟན་པས་སྐྱབས་སུ་རྣམ་པར་གཞག་གོ །རྣམ་པར་གཞག་ཅེས་བྱ་བའི་རྣམ་པར་ནི་རྣམ་པར་རྟོག་པ་ཡིན་ལ། དེས་སྐྱབས་ཡིན་ནོ་སྙམ་དུ་ཐེ་ཚོམ་གྱི་གཡོ་བ་མེད་པ་ནི་གཞག་ཅིང་གནས་པའོ། །འདིར་དཀོན་མཆོག་གསུམ་ལ་མཆོག་ཏུ་བྱ་བ་བྱེད་པའི་གང་ཟག་ནི་ཐེག་པ་ལ་ཞུགས་པ་རྣམས་ལས་ལོགས་སུ་བཀར་བ་ཡིན་པའི་ཕྱིར་སྐྱེས་བུ་ཆུང་ངུའི་སེམས་ཐོབ་པ་མན་ཆད་དཀོན་

(༤༦༧)མཆོག་གསུམ་ལ་དད་པའི་གང་ཟག་སྟེ། དེ་དག་ནི་རིགས་དྲུག་ག་ན་ཡོད་དོ།། །།ད་ནི་དེ་དག་ཀུན་རྫོབ་པར་གཞག་པ་བསྟན་པའི་ཕྱིར། དེ་ལྟར་འདིས་ནི་མདོར་བསྡུ་ན་དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་སྐྱབས་གསུམ་རབ་ཏུ་དབྱེ་བ་བསྟན་པ་རྣམ་པར་གཞག་པ་འདི་ནི་ཀུན་རྫོབ་ཀྱི་རྟེན་ལ་གནས་པས་སེམས་ཅན་ཐམས་ཅད་ཐེག་པ་ལ་རིམ་གྱིས་གཞུག་པའི་དོན་དུ་ཡིན་ནོ། །ཡང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཆོས་ནི་རྣམ་པ་གཉིས་ཏེ། བསྟན་པའི་ཆོས་དང་རྟོགས་པའི་ཆོས་སོ། །དེ་ལ་བསྟན་པའི་ཆོས་ནི་མདོ་ལ་སོགས་པ་བསྟན་པ་བརྗོད་པ་སྟེ། མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱིས་བསྡུས་པའོ། །དེ་ཡང་ལམ་མངོན་པར་རྟོགས་པའི་མཐར་ཐུག་པའི་ཕྱིར་གཟིངས་ལྟ་བུ་ཞེས་བཤད་དོ། །རྟོགས་པའི་ཆོས་ནི་རྒྱུ་དང་འབྲས་བུ་གཉིས་ཀྱི་དབྱེ་བས་རྣམ་པ་གཉིས་ཏེ། འདི་ལྟ་སྟེ་ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་སྟེ། གང་གིས་དང་གང་རྟོགས་པར་བྱ་ཞེས་བྱ་བས་སོ། །དེ་ལ་ལམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་ལ། འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་གང་ཡིན་པ་དེ་ནི་བརྫུན་པ་བསླུ་བའི་ཆོས་ཅན། གང་བརྫུན་པ་བསླུ་བའི་ཆོས་ཅན་དེ་ནི་མི་བདེན་པ། གང་མི་བདེན་པ་དེ་ནི་མི་རྟག་པ། གང་མི་རྟག་པ་དེ་ནི་

(༤༦༨)སྐྱབས་མ་ཡིན་ནོ། །ལམ་དེས་རྟོགས་པའི་འགོག་པ་གང་ཡིན་པ་དེ་ཡང་ཉན་ཐོས་ཀྱི་ཚུལ་གྱིས་མར་མེ་རྒྱུན་ཆད་པ་བཞིན་དུ་ཉོན་མོངས་པ་དང་སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་ལ། མེད་པ་ནི་སྐྱབས་སམ་སྐྱབས་མ་ཡིན་པར་འོས་པ་མ་ཡིན་ནོ། །དགེ་འདུན་ཞེས་བྱ་བ་འདི་ནི་ཐེག་པ་གསུམ་དང་ལྡན་པའི་ཚོགས་ཀྱི་ཚིག་བླ་དགས་ལགས་སོ། །དེ་ཡང་རྟག་ཏུ་འཇིགས་པ་དང་བཅས་པ་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་བ། ངེས་པར་འབྱུང་བ་ཚོལ་བ། སློབ་པ་བྱ་བ་དང་བཅས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་ཡིན་ནོ། །ཇི་ལྟར་འཇིགས་པ་དང་བཅས་ཤེ་ན། གང་གི་ཕྱིར་དགྲ་བཅོམ་པ་ཡང་སྲིད་པ་ཟད་པ་རྣམས་ཀྱང་བག་ཆགས་མ་སྤངས་པའི་ཕྱིར་རྟག་ཏུ་རྒྱུན་མི་འཆད་པར་འདུ་བྱེད་ཐམས་ཅད་ལ་མི་བཟད་པར་འཇིགས་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་རལ་གྲི་གདེངས་པའི་གཤེད་མའི་སྐྱེས་བུ་ལ་བྱ་བ་བཞིན་ཏེ། དེས་ན་དེ་དག་ཀྱང་གཏན་དུ་བདེ་བའི་ངེས་པར་འབྱུང་བ་ཐོབ་པ་མ་ཡིན་ནོ། །སྐྱབས་ནི་སྐྱབས་ཚོལ་བ་མ་ཡིན་ནོ། །ཇི་ལྟར་སེམས་ཅན་སྐྱབས་མེད་པ་འཇིགས་པ་དེ་དང་དེས་འཇིགས་པ་དག་དེ་དང་དེ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་བཞིན་དུ་དགྲ་བཅོམ་པ་ལ་ཡང་འཇིགས་པ་དེ་ཡོད་དེ། གང་གི་ཕྱིར་དེ་དག་འཇིགས་པས་འཇིགས་ཏེ། དེ་བཞིན་གཤེགས་པ་ཉིད་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །གང་ཞིག་དེ་ལྟར་འཇིགས་པ་དང་བཅས་པའི་ཕྱིར་སྐྱབས་སུ་འགྲོ་བ་དེ་ནི་གདོན་མི་ཟ་བར་འཇིགས་པ་ལས་ངེས་པར་འབྱུང་བ་ཚོལ་ལ། ངེས་

(༤༦༩)པར་འབྱུང་བ་ཚོལ་བའི་ཕྱིར་ནི་འཇིགས་པའི་གཞི་སྤང་བའི་དབང་དུ་བྱས་ནས་སློབ་པ་བྱ་བ་དང་བཅས་པར་འགྱུར་རོ། །སློབ་པའི་ཕྱིར་ནི་འཇིགས་པ་མེད་པའི་ཁྱུ་མཆོག་གི་གནས་ཐོབ་པར་བྱ་བའི་ཕྱིར་ཞུགས་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེའི་ཕྱིར་དེ་ཡང་དེའི་ཡན་ལག་གི་སྐྱབས་ཡིན་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ནོ། །དེ་ལྟར་སྐྱབས་གཉིས་པོ་འདི་ནི་མཐར་ཐུག་པའི་དུས་ཀྱི་སྐྱབས་མ་ཡིན་པར་བརྗོད་དོ། །ཞེས་བྱ་བ་ལ། དེ་ལྟར་འདིས་ནི་ཞེས་བྱ་བ་ལ་སོགས་པས་གཞུང་གོང་འོག་གི་མཚམས་སྦྱོར་རོ། །སྦྱར་བར་བྱ་བའི་གཞུང་ནི་ཡང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནས་སྐྱབས་སམ་སྐྱབས་མ་ཡིན་པར་འོས་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཆོས་མཐར་ཐུག་གི་སྐྱབས་མ་ཡིན་པར་བསྟན་ཏོ། །དགེ་འདུན་ཞེས་བྱ་བ་ནས། གཏན་གྱི་སྐྱབས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་དགེ་འདུན་མཐར་ཐུག་གི་སྐྱབས་མ་ཡིན་པར་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ངག་བསྡུས་པ་ཡིན་ནོ། །དེ་ལྟར་སྟོན་པ་བསྟན་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདིས་ནི་ཞེས་བྱ་བས་བྱེད་པ་པོ་ལྷ་སྦྱིན་ལྟ་བུ་བསྟན་ཏོ། །དགོས་པའི་དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱི་སྐྱབས་གསུམ་ཐ་དད་དུ་རབ་ཏུ་དབྱེ་བ་བསྟན་པ་རྣམ་པར་གཞག་པ་འདི་ནི་ལྷ་སྦྱིན་གྱིས་འདེགས་པ་དང་འཇོག་པའི་བྱ་བ་ཅན་གྱི་སྟ་རེ་གཟུང་བ་ལྟ་བུར་བྱེད་པ་སྟོན་པ་ཡིན་ནོ། །

(༤༧༠)སེམས་ཅན་རྣམས་ཤེས་བྱ་བ་ནི་ལས་ཏེ་ཤིང་ལྟ་བུའོ། །བྱ་བའམ་འབྲས་བུ་ནི་ཀུན་རྫོབ་ཀྱི་རྟེན་ནི་སྐྱབས་གསུམ་པོ་སྟེ། རྟེན་དང་སྐྱབས་ཤེས་བྱ་བ་མིང་གི་རྣམ་གྲངས་ཡིན་ལ། ཀུན་རྫོབ་དེ་ལ་གནས་ཤིང་རྣམ་པར་གཞག་པས་དང་པོ་ཉིད་ནས་སངས་རྒྱས་འདོད་པ་མ་ཡིན་པ་རྣམས་དཔལ་ཕྲེང་གི་མདོ་ལས། ཉན་ཐོས་སུ་གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་ཡང་འགྱུར་རོ། །ཞེས་འབྱུང་བའི་ཚུལ་གྱིས་ཐེག་པ་ལ་རིམ་གྱིས་བཅུག་ནས་མཐར་སངས་རྒྱས་ཉིད་ལ་སྦྱོར་བས་ཀུན་རྫོབ་ནི་དོན་དམ་པའི་ཐབས་སུ་ཡང་རྣམ་པར་གཞག་གོ །འདིར་ཀུན་རྫོབ་ཀྱི་སྐད་དོད་སམ་བྲི་ཏི་ཞེས་བྱ་བ་སམ་ཡང་དག་པ་དང་། ཨཱ་བྲི་ཏི་སྒྲིབ་པ་ཡིན་པས་དོན་དམ་པའི་སངས་རྒྱས་ཉིད་ཐོབ་པར་བྱ་དགོས་པ་དེ་བསྒྲིབས་ནས་ཐེག་པ་གཞན་གཉིས་ལ་རེ་ཤིག་ངལ་གསོ་བའི་ཕྱིར་ལམ་གྱི་བར་དུ་གྲོང་ཁྱེར་སྤྲུལ་བ་ལྟ་བུ་ཡིན་པས་ཀུན་རྫོབ་པ་དང་ཐ་སྙད་པ་ཞེས་བྱ་བ་ཡིན་ནོ། །དེ་བས་ན། འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས། །ཤེས་བྱ་བའི་ཚུལ་གྱིས་ཉན་ཐོས་དང་རང་རྒྱལ་བའི་མྱ་ངན་ལས་འདས་པ་གཉིས་པོ་མྱ་ངན་ལས་འདས་པ་མཆོག་གི་ཐབས་ཡིན་པས་རྒྱུ་ལ་འབྲས་བུར་བཏགས་ཏེ་མྱ་ངན་ལས་འདས་པ་ཞེས་ཐ་སྙད་དུ་བྱས་སོ། །མྱ་ངན་ལས་འདས་པ་ཐ་སྙད་པ་ཡིན་པའི་ཕྱིར་དེ་མངོན་དུ་བྱེད་པའི་མཐོང་བ་དང་སྒོམ་པའི་ལམ་ཡང་ལམ་གྱི་བདེན་པ་དངོས་ཉིད་ནི་མ་ཡིན་གྱི་ཐ་སྙད་པའོ་ཞེས་གྲུབ་བོ། །འདིར་དམ་པའི་ཆོས་ཀྱི་གཞུང་ལུགས་དག་ལས་དངོས་དང་བཏགས་པའི་རིམ་པ་མང་དུ་གསུངས་པ་ལ་ལེགས་པར་ཡིད་མ་གཏད་པ་དག །ཆོས་

(༤༧༡)གང་བཏགས་པ་བ་ཡིན་པ་དེ་ཆོས་དེ་མ་ཡིན་པ་ཉིད་དོ་སྙམ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་དག་རྒྱུན་དུ་ཞུགས་པ་ཡིན་གྱི། བདེན་པ་མངོན་པར་རྟོགས་པ་བཅུ་དྲུག་པོ་རྫོགས་པའི་ཉན་ཐོས་ནི་རྒྱུན་དུ་ཞུགས་པ་མ་ཡིན་པར་སྨྲ་ལ། དེ་ལ་གཞན་གྱིས་དེ་ལྟ་ཡིན་ན་ཐེག་པ་གསུམ་གྱི་གང་ཟག་སོ་སོར་མེད་པར་འགྱུར་ཏེ། དམན་པའི་ལམ་ན་རང་སངས་རྒྱས་མེད་པའི་ཕྱིར་རོ། །ཞེས་བརྗོད་པར་བྱེད་དོ། །དེ་ལ་བཏགས་པ་བ་གང་ཡིན་པ་དེ་དེ་ཉིད་མ་ཡིན་ནོ་ཞེས་སྨྲ་བ་དེ་དག་གིས་ནི་རྟོག་གེའི་ལམ་དུ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་ཆོས་མ་ཡིན་པར་ཐར་བར་འགྱུར་བ་དང་། སྔོན་པོར་སྣང་བའི་ཤེས་པས་སྔོན་པོ་མ་གཟུང་བར་ཐལ་བ་བཟློག་ཏུ་མེད་དོ། །ཡང་རྟོག་གེ་འབར་བར། གཟུགས་ལ་སོགས་པའི་དངོས་པོ་ཀུན་རྣམ་པར་འབྱེད་པའི་དོན་གྱིས་ཀུན་རྫོབ་སྟེ། ཞེས་བྱ་བས་སམ་ནི་སནྟ་སྟེ་ཀུན་དང་བྲི་ཏི་ནི་བི་བྲི་ཏི་སྟེ་རྣམ་པར་འབྱེད་པའོ་ཞེས་ཀུན་རྫོབ་ཀྱི་སྒྲ་བཤད་པ་དེ་ཡང་འདིར་རྗེས་སུ་འཇུག་སྟེ། ཐེག་པ་གསུམ་ཐ་དད་དུ་ཕྱེ་བ་ནི་ཀུན་རྫོབ་པ་ཡིན་གྱི་དོན་དམ་པར་ནི་ཐེག་པ་གཅིག་ཡིན་ནོ། །ཞེས་བྱས་ནས་སོ། །ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་དོན་རྣམ་པ་བཅུ་ལ་འཇུག་པ་ལས་སྐབས་འདིར་ཆོས་ནི་རྣམ་པ་གཉིས་ཏེ། བསྟན་པའི་ཆོས་གསུང་རབ་དང་རྟོགས་པའི་ཆོས་སོ། །དེ་ལ་བསྟན་པའི་ཆོས་ནི་མདོ་དང་སོགས་པ་འདུལ་བ་དང་མངོན་པ་སྟེ་བསླབ་པ་གསུམ་ཅི་རིགས་པར་བརྗོད་པའོ། །འདི་ལ་

(༤༧༢)ཡང་མཁས་པ་བློ་གྲོས་བརྟན་པ་ལ་སོགས་པ་རྣ་བས་གཟུང་བར་བྱ་བའི་སྒྲའི་ཕྲེང་བ་ནི་བཏགས་པ་བ་ཡིན་ལ། དངོས་ནི་རྟོགས་པ་ལ་གནས་པའི་སྒྲའི་རྣམ་པ་སྟེ། དེས་དོན་གྱི་རྣམ་པ་རྗོད་པར་བྱེད་དོ་ཞེས་བཞེད་དོ། །བསྟན་པ་བརྗོད་པ་དེ་ཡང་ཕྱེ་ན་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམ་པ་གསུམ་དུ་འགྱུར་རོ། །སྒྲ་དང་རྟོག་པ་ལ་གནས་པ་དེ་གཉི་ག་ཡང་ལམ་མངོན་པར་རྟོགས་པའི་བར་དུ་དོན་ལ་འཇུག་པ་ལ་དགོས་པ་ཡིན་གྱི། ཉི་མ་ཤར་ནས་མར་མེ་མི་དགོས་པ་ལྟར་ལམ་མངོན་པར་རྟོགས་པ་མངོན་སུམ་གྱི་ཡེ་ཤེས་སྐྱེས་པའི་སྒྲ་ཚེ་།།།རྟོག་གི་འཇུག་པ་ཟད་དེ་མཐར་ཐུག་པར་གྱུར་བ་ཡིན་ནོ། །དེ་ལྟར་ཡིན་པའི་ཕྱིར་མདོ་རྣམས་ལས་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་ཞེས་མང་དུ་འབྱུང་བ་དང་། དོན་ཤེས་པས་ནི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བ་ཉིད་དུ་རིག །ཅེས་བཤད་དོ། །ཇི་ལྟར་གཟིངས་ལྟ་བུ་ཡིན་ཞེ་ན། རྒྱ་མཚོའི་མཐར་གཟིངས་བོར་ཏེ་འགྲོ་བ་ལྟར་སྒྲ་དང་རྟོག་པ་དག་མངོན་པར་རྟོགས་པའི་ས་ལ་རེག་པ་ན་སྤང་ཞིང་དོར་བར་བྱ་བ་ཡིན་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ནོ་ཞེས་སྦྱར་རོ། །རྟོགས་པའི་ཆོས་ནི་རྣམ་པ་གཉིས་པོ་འདི་ལྟ་སྟེ་རྒྱུའི་དབྱེ་བས་ལམ་གྱི་བདེན་པ་དང་། འབྲས་བུའི་དབྱེ་བས་འགོག་པའི་བདེན་པ་སྟེ། དེ་གཉི་ག་ལ་ལམ་དང་ཞེས་བྱ་བ་དང་། མྱ་ངན་འདས་དང་ཞེས་བྱ་བས་ཆོས་ཀྱི་སྒྲ་འཇུག་པ་ཡིན་ནོ། །ཇི་ལྟར་ན་རྒྱུ་དང་འབྲས་བུར་འགྱུར་སྙམ་ན། ས་བོན་དང་མྱུ་གུ་ལྟར་མི་འདོད་ཀྱི་གང་གིས་རྟོགས་པ་ཞེས་ཡུལ་ཅན་ལ་རྒྱུའི་སྒྲ་སྦྱར་ལ། གང་རྟོགས་པ་ཞེས་ཡུལ་ལ་འབྲས་

(༤༧༣)བུའི་སྒྲ་སྦྱར་བ་ཡིན་ནོ། །དེ་ལ་ལམ་ནི་ཞེས་ཆོས་ཅན་དུ་གཟུང་བ་འདི་ནི་ཉན་ཐོས་དང་རང་རྒྱལ་བའི་མཐོང་བའི་ལམ་དང་སྒོམ་པའི་ལམ་དང་མི་སློབ་པའི་ལམ་དག་ཀྱང་བསྡུས་པ་ཡིན་ནོ། །ལམ་དེ་ནི། ལམ་མ་གཏོགས་པར་འདུས་བྱས་རྣམས། ཤེས་འདུས་བྱས་སུ་བསྡུས་པས་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་གནས་པ་དང་རྒ་བ་དང་ན་བ་ལས་གཞན་དུ་འགྱུར་བ་སྟེ་མཚན་ཉིད་བཞི་པོ་དེ་དག་གི་ཁོངས་སུ་གཏོགས་ཤིང་ལྡན་པ་ཡིན་ནོ། །དེ་ལྟར་ཆོས་ཅན་ལམ་དང་གཏན་ཚིགས་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པ་འདི་ནི་ཉན་ཐོས་འཕགས་པ་དག་ལ་ཡང་གྲུབ་པས་ཕྱོགས་ཀྱི་ཆོས་གྲུབ་པ་ཡིན་ནོ། །ལམ་དེས་རྟོགས་པར་བྱ་བའི་བདེན་པ་བཞི་པོ་ནི་བདེན་པ་དངོས་ཡིན་ནོ་ཞེས་ཀྱང་འདོད་པས་བརྫུན་པ་ལ་སོགས་པ་ནི་མ་གྲུབ་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་རྟོག་གེ་འབར་བ་ལས། །སྤྱི་ལ་དམིགས་པ་ཡིན་ཕྱིར་རམ། །འདུས་བྱས་ཡིན་ཕྱིར་དེ་བཞིན་དུ། །སྡུག་བསྔལ་ལ་སོགས་མཐོང་བ་བརྫུན། །བརྫུན་པའི་ཤེས་པ་བཞིན་དུ་འདོད། །ཅེས་བྱ་བ་སྨྲས་ཏེ། གང་སྡུག་བསྔལ་ཡང་སྡུག་བསྔལ་ཉིད་དུ། ཀུན་འབྱུང་ཡང་ཀུན་འབྱུང་ཉིད་དུ། འགོག་པ་ཡང་འགོག་པ་ཉིད་དུ་ཤེས་པ་ནི་ཡང་དག་པའི་ལྟ་བ་ཡིན་ནོ། །དེ་ལ་སྡུག་བསྔལ་ལ་སོགས་པ་མཐོང་བ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེའི་ཆོས་བརྫུན་པ་ཉིད་ནི་བསྒྲུབ་པར་བྱ་བའོ། །མི་རྟག་པ་དང་བདག་མེད་པ་དང་སྟོང་པ་ལ་སོགས་པ་སྤྱི་ལ་དམིགས་པའི་ཕྱིར་རམ། རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ།

(༤༧༤)བརྫུན་པའི་ཤེས་པ་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་ནོ། །ཞེས་དང་། དེ་ལྟར་བྱས་ན་ལམ་གྱི་བདེན་པ་ནི་དོན་དམ་པར་བདེན་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཞེས་བྱ་བ་དག་གིས་གང་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་ལ་བརྫུན་པས་ཁྱབ་བོ་ཞེས་བྱ་བའི་ཁྱབ་པ་ཉིད་སྒྲུབ་པར་མཛད་དོ། །བརྫུན་པའི་དོན་ནི་ཇི་ལྟར་གནས་པ་ལས་གཞན་དུ་གནས་པའི་མི་བདེན་པ་ཞེས་བྱ་བའི་སྒྲ་དང་དོན་གཅིག་ལ་བསླུ་བའི་སྒྲའི་དོན་ནི་སྒྱུ་མའི་བུད་མེད་ལྟར་འདྲིད་པར་བྱེད་པའི་དོན་ནོ། །དེས་ན་གང་འདུས་བྱས་ཡིན་པ་དེ་ནི་བརྫུན་པ་ཡིན་ཞིང་། གང་འདུས་བྱས་ཡིན་པ་དེ་ནི་བསླུ་བ་ཡང་ཡིན་ནོ་ཞེས་བསྒྲུབ་བྱའི་ཆོས་གཉིས་སུ་བཤད་དུ་རུང་ངོ་། །གང་བརྫུན་པ་བསླུ་བའི་ཆོས་ཅན་དེ་ནི་མི་བདེན་པ་ཞེས་བྱ་བ་ནི། གང་བརྫུན་པ་དེ་མི་བདེན་ཞེས་བྱས་ན་ནི་ཐ་སྙད་འབའ་ཞིག་སྒྲུབ་ཏུ་འགྱུར་ལ། གང་བསླུ་བ་དེ་ནི་མི་བདེན་པ་ཞེས་བྱས་ན་ནི་དོན་སྒྲུབ་ཏུ་འགྱུར་ཏེ། འདི་ནི། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །བསླུ་བ་དེ་ནི་བརྫུན་ཞེས་གསུངས། །ཤེས་བྱ་བས་བསྟན་ཏོ། །གང་མི་བདེན་པ་དེ་ནི་མི་རྟག་པ་ཞེས་བྱ་བ་ཡང་། ཐམས་ཅད་འབྲས་བུའི་དོན་སྐྱེ་བ། །དེས་ན་རྟག་པ་ཡོད་མ་ཡིན། །ཞེས་བརྒྱ་བར་གསུངས་པའི་འགྲེལ་བར་རྟག་པ་དང་བདེན་པ་སྒྲ་རྣམ་གྲངས་པར་གསུངས་པས་ཐ་སྙད་སྒྲུབ་བོ། །གང་མི་རྟག་པ་དེ་ནི་སྐྱབས་མ་ཡིན་ནོ་ཞེས་བྱ་བ་ནི་སྐྱབས་ཀྱི་སྒྲ་རྟེན་གྱི་སྒྲ་དང་རྣམ་གྲངས་ཡིན་པས་དོན་དམ་པའི་ཤེས་པའི་ཡུལ་མ་ཡིན་ནོ་ཞེས་བྱ་བ་འདི་དག་ནི་རྗེས་སུ་དཔག་པས་དངོས་པོའི་དེ་ཁོ་ན་ཉིད་

(༤༧༥)ཚོལ་བའི་དབང་དུ་བྱས་པའི་སྦྱོར་བའི་མཚན་ཉིད་དོ། །མངོན་སུམ་གྱིས་ཟབ་མོའི་དེ་ཁོ་ན་ཉིད་ཚོལ་བའི་དབང་དུ་བྱས་ནས་ནི་རང་བཞིན་གཉུག་མ་ཡིན་ན་ནམ་མཁའི་ཁམས་ལྟར་བློ་བུར་གྱི་རྒྱུ་དང་རྐྱེན་ལས་མ་བྱུང་བ་ཞིག་ན། ཉན་ཐོས་ཀྱི་ལམ་གྱི་བདེན་པ་ནི་བློ་བུར་གྱི་རྒྱུ་རྐྱེན་གྱིས་བྱུང་བས་མ་བཅོས་པའི་ཤེས་པའི་ཡུལ་ལ་བརྫུན་པ་དང་། མ་བཅོས་པ་ལྟར་བྱེད་པས་བསླུ་བ་དང་། དེ་ཉིད་ཀྱིས་ན་ཤེས་པ་དེས་གཞུང་མི་ཚུགས་ཏེ་བསྟན་པའི་དོན་དང་ཕྲད་པར་མི་བྱེད་པས་མི་བདེན་པ་དང་། གང་མི་བདེན་པ་དེ་ནི་དེ་ཁོ་ན་ཉིད་གཞན་ཞིག་ཚོལ་དགོས་པས་མི་རྟག་པ་དང་། གང་ཞིག་བོར་ནས་གཞན་བཙལ་དགོས་པ་དེ་ནི་སྐྱེལ་མ་ངན་པ་ལྟར་མཐར་ཐུག་གི་སྐྱབས་མ་ཡིན་ནོ་ཞེས་བྱའོ། །འདིར་སྐབས་ཀྱི་དོན་ནི་གང་ལ་གཏན་ཏུ་བརྟེན་དུ་རུང་བ་བསྟེན་པས་རྒྱུན་དུ་སྡུག་བསྔལ་ཉེ་བར་ཞི་བ་ཐོབ་བར་བྱེད་པ་དེ་ནི་མཐར་ཐུག་གི་སྐྱབས་ཡིན་ལ། ཉན་ཐོས་ཀྱི་ལམ་འབྲས་བུ་དང་བཅས་པ་ནི་བོར་ཞིང་བོར་ཞིང་འགྲོ་བའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ཞེས་བྱའོ། །འདིར་འདུས་བྱས་པ་ཞེས་བྱ་བའི་སྒྲ་ཡང་གནས་སྐབས་ཀྱིས་ཤིན་དུ་མང་བ་ལ་འཇུག་ཀྱང་བསྟན་བཅོས་འདིར་ནི་ཟག་པ་དང་བཅས་པའི་རྒྱུ་དང་རྐྱེན་གྱིས་བྱས་པ་ལ་འདུས་བྱས་ཏེ། འཁོར་བ་ཞེས་བྱ་བ་ནི་གཅིག་གོ །དེ་ལ་ལྟོས་ནས་མྱ་ངན་ལས་འདས་པ་དང་འདུས་མ་བྱས་པའི་གྲངས་སུ་བྱས་པ་བྱང་ཆུབ་སེམས་དཔའ་འཕགས་པ་ཡན་ཆད་ཀྱི་ཡིད་ཀྱི་ལུས་ཀྱང་མ་རིག་པའི་བག་ཆགས་དང་ཟག་པ་མེད་པའི་ལས་ཀྱིས་མངོན་པར་འདུས་བྱས་པའི་ཕྱིར་

(༤༧༦)ནི་འདུས་བྱས་ཤེས་བརྗོད་པར་འོས་པའི་སྐབས་ཅིག་གོ །ཡིད་ཀྱི་ལུས་དེ་དག་ཀྱང་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བས་ཟག་བཅས་ཀྱི་སྡུག་བསྔལ་མ་ཡིན་ཀྱང་དེ་དང་འདྲ་བས་སྡུག་བསྔལ་ཞེས་གདགས་སུ་རུང་ངོ་། །སངས་རྒྱས་ནི་དེ་ལྟ་བུའི་འདུས་བྱས་ལས་ཀྱང་འདས་པས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ཅེས་བརྗོད་དོ། །དེ་ལྟ་ན་ཡང་ཆོས་ཀྱི་སྐུའི་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་སེམས་ཅན་ཐམས་ཅད་ལ་ས་བོན་གྱི་ཆོས་སུ་གནས་ཀྱང་དེ་ཉིད་རྒྱས་པའི་རིགས་ནས་བརྩམས་ཏེ་ས་བཅུ་པའི་བསོད་ནམས་ཀྱི་ཚོགས་ཀྱི་མཐར་ཐུག་པས་གསོ་བར་བྱ་ཞིང་རྟས་པར་བྱ་བ་ཡིན་པས་ཆོས་ཀྱི་སྐུ་ལ་ཡང་རི་མོ་མཁན་དུ་མ་འདུས་པས་བྱས་པའི་རྒྱལ་པོའི་གཟུགས་ལྟར་འདུས་བྱས་ཤེས་བྱ་བའི་སྒྲ་མི་འཐོབ་པ་མ་ཡིན་ནོ། །དེ་ལ་ཉན་ཐོས་ཀྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱང་ཐེག་ཆེན་འཕགས་པ་རྣམས་ཀྱི་ལམ་ལ་ལྟོས་ན་སྡུག་བསྔལ་ཡིན་ཏེ། ལས་དང་ཉོན་མོངས་པས་བྱས་པའི་ཕུང་པོ་མེད་ན་དེ་མི་གནས་པས་ཟག་པ་དང་བཅས་པའི་ཕུང་པོའི་གཞན་དབང་དུ་གྱུར་བའི་ཕྱིར་རོ། །དེས་ན་འདི་དེ་བཞིན་གཤེགས་པའི་སྙིང་པོའི་གནས་སྐབས་གསུམ་ལས་མ་དག་པའི་གནས་སྐབས་ཁོ་ན་ཡིན་ནོ། །གང་གི་ཚེ་དེ་ཐམས་ཅད་བོར་ནས་ལྷག་མེད་དུ་ཞུགས་ཏེ། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་སད་དོ། །ཞེས་བྱ་བའི་གནས་སྐབས་དེ་ནས་ནི་མ་དག་པ་དང་དག་པའི་གནས་སྐབས་སུ་རྣམ་པར་གཞག་དགོས་ཏེ། དཔལ་ཕྲེང་གི་མདོ་ལས་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་

(༤༧༧)སེམས་དཔའི་ཡིད་ཀྱི་ལུས་ཤེས་འཇུག་པ་གཅིག་ཏུ་གསུངས་པའི་ཕྱིར་རོ། །གནས་སྐབས་དེར་ལུས་བོར་ནས་previous hit ཀུནགཞིརྣམཤེས next hit་འཕྱན་པ་ཡིན་པར་ཡང་བཟང་སྐྱོང་གི་མདོ་ལས་བཤད་དོ། །བྱང་ཆུབ་སེམས་འགྲེལ་ལས། ཐེག་པ་ཆེ་ལས་ཐེག་པ་གཞན། །གཉིས་པོ་འདི་རུ་བསྟན་པ་ནི། །སྲིད་པའི་ལམ་གྱིས་དུབ་རྣམས་ལ། །ངལ་གསོའི་དོན་དུའོ་དེ་ཉིད་མིན། །ཞེས་ཐེག་པ་གཉིས་པོ་དེ་ཉིད་མ་ཡིན་པར་བསྟན་པས་ནི་ཐེག་པ་གཉིས་པོ་དེ་ལ་ཀུན་རྫོབ་པའི་ཐེག་པ་དང་། དེ་དག་གི་ཆོས་དང་དགེ་འདུན་ལ་ཀུན་རྫོབ་པའི་སྐྱབས་ཤེས་བྱ་བར་ཤུགས་ཀྱིས་གནས་པ་ཡིན་ནོ། །དེ་དག་གིས་ནི་བསླུ་བའི་ཆོས་ཅན་ཕྱིར་ཞེས་བྱ་བ་དེ་བཤད་པ་ཡིན་ནོ། །ཉན་ཐོས་ཀྱི་ལམ་དེས་རྟོགས་པའི་འགོག་པ་གང་ཡིན་པ་དེ་ཡང་བྱེ་བྲག་སྨྲ་བས་ནི། །སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བའི་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཤེས་འདུས་མ་བྱས་ཀྱང་རང་གི་ངོ་བོ་གཟུང་དུ་རུང་བའི་རྫས་སུ་ཡོད་པར་འདོད་དོ། །ཉན་ཐོས་མདོ་སྡེ་པའི་ཚུལ་གྱིས་ནི། ནམ་མཁའ་མོ་ཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་ནམ་མཁའ་མཚུངས། །ཤེས་ནམ་མཁའ་སྒྲིབ་ཐོགས་བཀག་པ་ཙམ་གྱི་མེད་པར་དགག་པ་ཡིན་པ་ལྟར་འགོག་པ་གཉིས་ཀྱང་ཉོན་མོངས་པ་ཀུན་འབྱུང་དང་འབྲས་བུ་སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་མེད་དགག་ཏུ་འདོད་དེ། མར་མེ་ཤི་བ་ཞེ་བྱ་བ་མེ་

(༤༧༨)ལྕེ་ལ་སོགས་པ་ལོག་པ་ཙམ་གྱི་མེད་དགག་ཡིན་གྱི་དེ་ལ་ཡུལ་གཞན་དུ་འགྲོ་བ་ཅི་ཡང་མེད་པར་འདོད་དོ། །དེ་ལྟ་བུའི་མེད་པའི་མིང་ཅན་མེད་པར་དགག་པ་ནི་དོན་བྱེད་པར་མི་ནུས་པས་གཞན་གྱི་སྡུག་བསྔལ་སྐྱོབ་པར་ནུས་པའི་སྐྱབས་སམ། གནོད་པ་བྱེད་པའི་སྐྱབས་མ་ཡིན་པ་དགྲར་འགྱུར་བར་འོས་པ་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་ཁས་བླངས་པའི་འགོག་པ་རྫས་སུ་གྲུབ་པ་དེ་ལྟ་བུ་ཡོད་དུ་ཆུག་ན་ཡང་འདུས་མ་བྱས་པས་ནུས་པ་མེད་པའི་ཕྱིར་སྐྱབས་དང་སྐྱབས་མ་ཡིན་པ་གཉིས་སུ་མི་འགྱུར་རོ། །ཐེག་པ་ཆེན་པོའི་འགོག་པ་ནི། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་འཆད་པར་འགྱུར་བས་མེད་པར་དགག་པ་ཙམ་དང་། གཏན་འདུས་མ་བྱས་པའི་རྫས་སུ་མི་འདོད་པས་བཤད་པའི་ཉེས་པ་དེ་དག་མེད་དོ། །འོན་ཀྱང་རིགས་པའི་ཚོགས་གསུང་བ་པོ་རྣམས་ཀྱིས་མེད་པར་དགག་པ་ལ་ཡང་ཆོས་ཀྱི་སྐུར་བཤད་ཅིང་འགོག་པར་ཡང་བཤད་པས་སྐྱབས་སུ་འགྱུར་མོད་སྙམ་ན། འགོག་པ་དངོས་ནི་ཡེ་ཤེས་ཡིན་ཀྱང་། མངོན་སུམ་སོགས་ཀྱི་གཞལ་བྱ་ཡང་། །འཇལ་བྱེད་སྒྲས་སྒྲོ་བཏགས་ནས་བརྗོད། །ཅེས་པ་ལྟར་ཡུལ་ལ་ཡུལ་ཅན་གྱི་མིང་གིས་ཆོས་ཀྱི་སྐུ་ཞེས་འདོགས་པ་ཡིན་ཏེ། དེ་བཞིན་དུ་སྐྱབས་དངོས་དེའི་ཡུལ་ཡིན་པས་མིང་དུ་འདོགས་ན་ཡང་ཐོགས་ལ། མེད་དགག་དེ་ཉིད་ཀྱིས་སེམས་

(༤༧༩)ཅན་གྱི་སྡུག་བསྔལ་སེལ་བར་རེ་བ་མ་བྱེད་ཅིག །དེ་དག་གིས་ནི་མེད་ཕྱིར་ཞེས་བྱ་བ་དེ་བཤད་པ་ཡིན་ལ། དེ་ལྟར་ན་བསྟན་པའི་ཆོས་མཐའ་དག་དང་རྟོགས་པའི་ཆོས་དམན་པའི་འགོག་པ་དང་ལམ་སྟེ་ཆོས་རྣམ་པ་གཉིས་པོ་དེ་དག་ནི་གཏན་གྱི་སྐྱབས་ཀྱི་མཆོག་མ་ཡིན་ནོ། །འཕགས་པ་སློབ་པའི་ཚོགས་ལ་དགེ་འདུན་ཞེས་བརྗོད་པ་འདི་ནི་ཉན་རང་ལ་བྱེ་བྲག་ཏུ་མི་གཟུང་གི། ཐེག་པ་གསུམ་དང་ལྡན་པའི་སློབ་པའི་ཚོགས་ཀྱི་བླ་དགས་ཏེ་དེ་ཆོས་ཅན་དུ་གཟུང་ངོ་། །སྐྱབས་སུ་གྱུར་བ་ཐེག་པ་དམན་པ་དང་ཐེག་པ་ཆེན་པོའི་སློབ་པ་ཆོས་ཅན་གྱི་ཁོངས་སུ་གཏོགས་པ་དེ་གཏན་གྱི་སྐྱབས་མ་ཡིན་པ་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ནོ། །དེའི་གཏན་ཚིགས་ནི་རྟག་ཏུ་འཇིགས་པ་དང་བཅས་པ་དང་། ༡ །དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་བ་དང་། ༢ །ངེས་པར་འབྱུང་བ་ཚོལ་སློབ་པ་བྱ་བ་དང་བཅས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་སྟེ་ཆོས་གསུམ་པོ་རྣམས་ཡིན་ལ། འདི་དག་རེ་རེས་ཀྱང་བསྒྲུབ་བྱ་སྒྲུབ་པར་ནུས་ཤིང་ཐམས་ཅད་འགལ་བ་དམིགས་པ་ཡིན་ནོ། །གཏན་ཚིགས་དེ་དག་སྒྲུབ་པའི་ཕྱིར་ཅི་ལྟར་འཇིགས་པ་དང་བཅས་ཤེ་ན་ཞེས་དྲིས་པའི་ལན་དུ། དགྲ་བཅོམ་པ་ཡང་སྲིད་པ་ཟད་པ་རྣམས་ཀྱང་རེས་འགའ་མ་ཡིན་གྱི་རྟག་ཏུ་རྒྱུན་མི་འཆད་པར་ཟག་པ་དང་བཅས་པའི་འདུ་བྱེད་ཐམས་ཅད་ལ་འཇིགས་པའི་འདུ་ཤེས་མི་བཟད་ཅིང་དྲག་པ་ཉེ་བར་གནས་པར་འགྱུར་ཏེ། སྐྱེས་བུ་སྲོག་ལ་ཆགས་པ་དག་རལ་གྲི་གདེངས་པའི་གཤེད་མའི་སྐྱེས་བུ་ལ་འཇིགས་པར་བྱ་བ་ཡོད་པ་བཞིན་ནོ། །

(༤༨༠)ཡང་སྲིད་ཟད་ན་དེ་ལྟ་བུའི་འཇིགས་པ་རྒྱུ་ཅི་ལས་བྱུང་སྙམ་ན། རྒྱུ་མཚན་གང་གི་ཕྱིར་ན་བག་ཆགས་མ་སྤངས་པའི་ཕྱིར་དེ་ལས་ཡིན་ནོ། །འདི་ལ་བག་ཆགས་ནི་གཉིས་སྣང་སྟེ། ཉོན་མོངས་པའི་བག་ཆགས་དང་། སྲིད་པ་ལ་ཡིད་འབྱུང་བ་ཡང་དང་ཡང་དུ་གོམས་པའི་བག་ཆགས་སོ། །ཀྱང་གི་སྒྲས་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་སློབ་པ་རྣམས་ལ་འཇིགས་པ་ཡོད་པ་ལྟ་ཅི་སྨོས་པར་བསྟན་ཏོ། དེ་ལྟར་ན་འདི་ནི་ཆོས་ཅན་གྱི་ཕྱོགས་གཅིག་དམན་པའི་དགེ་འདུན་དག་ལ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འཕགས་པ་ནི་འཇིགས་པ་དང་བཅས་པ་མ་ཡིན་ཏེ། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། འབྱོར་བའི་དུས་དང་རྒུད་པའི་དུས་ནའང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་དགྲ་བཅོམ་པ་དེ་དག་ཀྱང་གཏན་དུ་ཞེས་པ་ནི་ངེས་པ་ལ་བྱ་ལ། བདེ་བ་ནི་དེར་འབྱུང་བ་ཡིན་ན་དེ་ནི་དགྲ་བཅོམ་པས་ཐོབ་པ་མ་ཡིན་ནོ། །དེས་ན་འགོག་པའི་བདེན་པའི་ངེས་པར་འབྱུང་བའི་རྣམ་པ་ཡང་ཕྱོགས་གཅིག་ལ་བཏགས་པ་ཙམ་མོ། །དེ་ལྟར་ན་འཇིགས་པ་དྲག་པོ་ནི་གཏན་དུ་བའི་སྐྱབས་དང་འགལ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་བ་ཡང་འགལ་བ་ཡིན་ཏེ། སྐྱབས་ནི་སྐྱབས་ཚོལ་བ་མ་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟར་སེམས་ཅན་སྐྱབས་མེད་པ་འཇིགས་པ་དེ་དང་དེས་འཇིགས་པ་དག་དེ་དང་དེ་ལས་ངེས་པར་འབྱུང་བ་ཚོལ་བ་ན་འབྲས་བུ་ངེས་པར་འབྱུང་བ་ཚོལ་བའི་རྟགས་ཀྱིས་རྒྱུ་འཇིགས་པ་

(༤༨༡)ཡོད་པར་ངེས་པ་དེ་བཞིན་དུ། གང་གི་ཕྱིར་དགྲ་བཅོམ་པ་ཡང་དེ་བཞིན་གཤེགས་པ་ཉིད་ལ་སྐྱབས་སུ་འགྲོ་བ་ལས་དེ་དག་ལ་ཡང་འཇིགས་པ་ཡོད་དེ། དེ་དག་འཇིགས་པས་འཇིགས་པར་ངེས་ནུས་པ་ཡིན་ནོ། །དེས་ན་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོ་བ་ནི་གཏན་དུ་བའི་སྐྱབས་དང་འགལ་བའི་འཇིགས་པ་ལས་སྐྱེས་པ་དེའི་ཕྱིར་འགལ་བའི་འབྲས་བུ་དམིགས་པ་ཞེས་བྱའོ། །གཏན་ཚིགས་ལྷག་མ་ངེས་པར་འབྱུང་བ་ཚོལ་བ་སོགས་ཀྱང་རྒྱུ་འཇིགས་པ་ལས་སྐྱེས་པ་ཡིན་ཏེ། འདི་ལྟར་གང་ཞིག་དེ་ལྟར་འཇིགས་པ་དང་བཅས་པའི་ཕྱིར་སྐྱབས་སུ་འགྲོ་བ་དེ་ནི་གདོན་མི་ཟ་བར་འཇིགས་པ་ལས་ངེས་པར་འབྱུང་བ་ཚོལ་ལ། ངེས་པར་འབྱུང་བ་ཚོལ་བའི་ཕྱིར་ཏེ་ངེས་པར་འབྱུང་བ་འདོད་པ་ལས་ཡིན་ལ། དེ་ཡང་འཇིགས་པའི་གཞི་སྤང་བའི་དབང་དུ་བྱས་ནས་སྤང་བྱ་སྤོང་བ་དང་གཉེན་པོ་སྤེལ་བའི་ཕྱིར་སློབ་པའི་བྱ་བ་དང་བཅས་པར་འགྱུར་རོ། །འཇིགས་པའི་གཞི་ནི་འཇིགས་པའི་དམིགས་པ་དང་ཡུལ་ལོ། །སློབ་པའི་ཕྱིར་ནི་ཞེས་པ་ནི་སློབ་པ་ལས་ཤེས་སྦྱར་ལ། འཇིགས་པ་མེད་པ་ཁྱུ་མཆོག་འཁོར་ལ་མི་འཇིགས་པ་ལྟ་བུའི་གནས་ཏེ་གོ་འཕང་ཐོབ་པར་བྱ་བའི་ཕྱིར་ཞུགས་པར་འགྱུར་བ་ཡིན་ཏེ། དེ་ཉིད་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་ཡིན་ནོ། །དེ་ལ་གཏན་ཚིགས་དང་པོའི་གཞི་ནི་དམན་པའི་དགེ་འདུན་ཡིན་ལ། ལྷག་མ་གཉིས་ནི་དམན་པའི་དགེ་འདུན་ཐེག་པ་ཆེན་པོར་ཞུགས་པ་དང་། དང་པོ་ནས་ཐེག་ཆེན་ཉིད་ལ་ཞུགས་པའི་སློབ་པ་རྣམས་ཡིན་ཏེ།

(༤༨༢)དེ་དག་གི་འཇིགས་པ་ནི་བཏགས་པ་བ་སྟེ། རྣམ་པར་རྟོག་པ་ལ་སྤང་བར་ཤེས་པ་ཙམ་མོ། །དེའི་ཕྱིར་ཐེག་ཆེན་སློབ་པ་དེ་ཡང་སྐྱབས་མཐར་ཐུག་པ་དེའི་ཡན་ལག་སྟེ་རྒྱུར་གྱུར་བའི་སྐྱབས་ཡིན་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ནོ། །ངག་བསྡུ་བ་ནི་དེ་ལྟར་ཆོས་དང་དགེ་འདུན་ཞེས་བྱ་བའི་སྐྱབས་གཉིས་པོ་འདི་ནི་མཐར་ཐུག་པའི་དུས་ཀྱི་སྐྱབས་མ་ཡིན་པར་གཏན་གྱི་ཞེས་པའི་ཚིག་གིས་བརྗོད་དོ། །དེ་ལྟ་ཡིན་ན་མཐར་ཐུག་པའི་སྐྱབས་གང་ཡིན་ཞེ་ན། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །འདིས་ནི་སྔར་བཤད་པའི་ཚུལ་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་། ཐེག་པ་གསུམ་པའི་ཚོགས་ཀྱང་ཆོས་ཀྱི་སྐུ་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་ན་སྐྱོབ་པ་མེད་ཅིང་སྐྱབས་མེད་པའི་འཇིག་རྟེན་ན་ཕྱི་མའི་མཐའི་མུ་དང་མཉམ་པར་མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དོན་དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །རྟག་པ་གཡུང་དྲུང་ཞི་བ་བརྟན་པའི་སྐྱབས་གཅིག་པུ་འདི་རྒྱས་པར་འཕགས་པ་དཔལ་ཕྲེང་གི་མདོའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །ཞེས་བྱ་བ་ལ། འདིར་ལམ་ལྔར་འགྲོ་ཞིང་ཉོན་མོངས་པའི་གཤེད་མ་དང་བཅས་པ་རྣམས་དང་། ཐེག་པ་

(༤༨༣)གསུམ་གྱི་ལམ་དུ་འགྲོ་བ་རྣམས་ཀྱི་དོན་དམ་པའི་སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ། དེ་ཡང་། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་གསུངས་པ་ལས་འདིར་ཐོབ་པའི་དོན་དམ་སྟེ། འཇུག་པར། དེ་ནི་དགོས་པ་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ་ཡིན། །ཞེས་གསུངས་པ་ལྟར་དོན་ནི་དགོས་པ་དང་། འབྲས་བུ་དང་། ཐོབ་བྱའོ། དམ་པ་ནི་རབ་དང་། མཆོག་དང་། གཙོ་བོ་དང་། གྱ་ནོམ་པ་ལ་སོགས་པའོ། །དེས་ན་ཐོབ་པར་བྱ་བའི་དོན་ལ་སངས་རྒྱས་ཉིད་ལས་ལྷག་པ་སུ་ཡང་མེད་པས་མཆོག་སྟེ། སྐབས་འདིར་ནི་དོན་དམ་པའི་སྐད་དོད་པ་ར་མཱརྠ་ཞེས་བྱ་བ་ཡིན་ལ། དེ་ཡང་པ་ར་ནི་པརྻནྟ་སྟེ་མཐར་ཐུག་པའོ། །དོན་ནི་བྱ་བ་སྟེ་དུས་མཐའ་མེད་པའི་མཐར་ཐུག་པར་སེམས་ཅན་གྱི་དོན་མཛད་པས་ཤེས་བྱས་ནས་སོ། །པ་ར་མ་སྠཾ་ནི་མཆོག་ཏུ་གནས་པ་སྟེ་རྟག་པའི་དོན་ལ་ཡང་འཇུག་གོ །པ་ར་མཱརྵ་ཞེས་བྱ་བ་ནི་འཛིན་པ་ཞེས་བྱ་སྟེ། གནས་ངན་པར་ལྟུང་བ་ལས་འཛིན་པས་སྐྱོབ་པའི་དོན་ལ་ཡང་འཇུག་གོ །དེ་ལ་འཕགས་པ་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དག་གིས་ནི་ངན་འགྲོའི་སྡུག་བསྔལ་ལས་འཛིན་པར་བྱེད་དོ། །འཕགས་པ་ཕྱིར་མི་འོང་བས་ནི་འདོད་པའི་ཉོན་མོངས་ལས་འཛིན་ཏོ། །འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ནི་སྲིད་པའི་ཉོན་མོངས་ལས་ཀྱང་འཛིན་ཏེ། དེ་ཡང་གཟུང་བར་བྱ་བ་ཤིན་དུ་ཉུང་བ་ཉིད་ཀྱི་ཕྱིར་དམན་པའོ། །བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་ནི་ཐེག་པ་དམན་པར་ལྟུང་བ་ལས་ཀྱང་འཛིན་ལ། འོན་ཀྱང་དེ་དག་

(༤༨༤)མ་རིག་པའི་བག་ཆགས་ཀྱི་སར་ལྟུང་བ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཛིན་པའི་ཕྱིར་མཐར་ཐུག་པའི་སྐྱབས་སོ་ཞེས་པ་འབྲས་བུའི་མཐར་ཐུག་པ་ལ་སྦྱར་བའོ། །སེམས་ཅན་གྱི་ཁམས་མ་ལུས་པ་སྐྱོབ་པར་མཛད་པའི་ཕྱིར་ནི་རྒྱ་ཆེ་བའི་མཐར་ཐུག་པའོ། །བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་ཟད་པའི་ཕྱིར་ཟད་པའམ་སྤངས་པའི་མཐར་ཐུག་པའོ། །ཤེས་བྱ་ལུས་པ་མེད་པ་མཁྱེན་པའི་ཕྱིར་རྟོགས་པའི་མཐར་ཐུག་པའོ། །སེམས་ཅན་རྣམས་འདུ་ཤེས་ཀྱི་འཛིན་པ་ལས་དཀྲོལ་ནས་ཡང་དག་པའི་མཐའ་ལ་འཇོག་པའི་ཕྱིར་བྱ་བའི་མཐར་ཐུག་པའོ། །དེ་ལྟ་བུ་ལ་སོགས་པ་མཐར་ཐུག་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་སྐྱབས་ནི་སངས་རྒྱས་གཅིག་པུ་ཁོ་ན་ཡིན་པས་ཉག་གཅིག་ཅེས་བྱ་སྟེ། གཅིག་གི་སྒྲས་ཀྱང་དུ་མ་གཅོད་པར་བྱེད་ལ། ཉག་གི་སྒྲས་ནི་ཟླ་བོ་གཅོད་པར་བྱེད་དོ། །འོ་ན་ཐེག་པ་གཅིག་གི་མཐར་ཐུག་པར་གསུངས་པས་ཆོས་དང་དགེ་འདུན་ཡང་མཐར་ཐུག་པའི་ཚེ་སྐྱབས་སུ་མི་འགྱུར་རམ་སྙམ་ན། ཐུབ་པ་ནི་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཀྱི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་དང་། ཚོགས་དགེ་འདུན་གྱི་མཐར་ཐུག་པ་ནི་སངས་རྒྱས་དེའི་མཐར་ཐུག་པས་ཐོབ་པའི་ཕྱིར་གྲངས་ཀྱིས་གསུམ་དུ་བརྗོད་ཀྱང་ངོ་བོ་ཉིད་གཅིག་ཁོ་ནའོ། །སངས་རྒྱས་དཀོན་མཆོག་གི་སྐབས་སུ་བཤད་ཟིན་པའི་ཚུལ་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པ་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཐུབ་པ་ནི་ཆོས་ཅན་ནོ། །དོན་དམ་པའི་སྐྱབས་གཅིག་པུ་ཉིད་ཡིན་པ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །སྐྱོབ་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་བསྒྲུབ་པར་བྱ་བའི་ཆོས་དེའི་ཁྱད་པར་རོ། །

(༤༨༥)བསྒྲུབ་པར་བྱ་བ་དེ་ཡང་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་། ཐེག་པ་གསུམ་པའི་ཚོགས་ཀྱང་ཆོས་ཀྱི་སྐུ་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདིས་ནི་སྒྲུབ་པར་བྱེད་དོ། །སུ་ཞིག་བསྐྱབ་པར་བྱ་ཞེ་ན། སྔར་ཀུན་འབྱུང་ལས་བསྐྱབས་པ་མེད་ཅིང་སྡུག་བསྔལ་ལས་སྐྱོབ་པ་མེད་པའི་སེམས་ཅན་གྱི་འཇིག་རྟེན་ནོ། །སངས་རྒྱས་གྲངས་མེད་ཅིང་ཆོས་ཀྱི་དབྱིངས་ཁྱབ་པར་བཞུགས་ན་ཇི་ལྟར་སྐྱོབ་པ་མེད་ཅེ་ན། དེ་ནི་ཡོད་མོད་ཀྱི། སེམས་ཅན་ཐམས་ཅད་ཕན་མཛད་པའི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པས་དེའི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ཞེས་བྱ་བ་འདི་ལྟ་བུར་གྱུར་བ་དག་གོ །འོ་ན་སེམས་ཅན་འདི་དག་ཐོག་མ་མེད་པའི་དུས་ཅན་དུ་ནི་འདྲ་ལ། སངས་རྒྱས་རྣམས་ལ་ཡང་ཐོག་མ་མེད་ཅིང་དེ་དག་རེས་འགའ་བཏང་སྙོམས་སུ་ལུས་པ་ཡང་མེད་ན་སེམས་ཅན་གྲངས་མེད་པ་མང་པོ་ཞིག་ནི་སྔར་ཉིད་དུ་གྲོལ་བར་གྱུར་ལ། ད་དུང་གྲོལ་བར་བྱ་བའི་སེམས་ཅན་ཡང་མཐའ་མེད་པ་ཞིག་ན། སྔར་གྲོལ་བ་དང་སྔར་མ་གྲོལ་བའི་སེམས་ཅན་རྣམས་ལ་ཐོག་མ་མེད་པ་ནས་རིགས་ཀྱི་ཁྱད་པར་རམ་དགེ་བའི་རྩ་བ་དང་ལྡན་པ་དང་མི་ལྡན་པའི་ཁྱད་པར་ཡོད་དམ། ཁྱད་པར་ཅི་ཡང་མེད་ན་ནི་གྲོལ་བ་དང་མ་གྲོལ་བའི་ཁྱད་པར་ཡོད་པར་མི་འགྱུར་ཏེ། ཐ་དད་རྒྱུ་ཐ་དད་ལས་ཡིན། ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། འདི་ནི་སྤྱོད་པ་ལ་འཇུག་པ་ལས། ཇི་ཞིག་ལྟར་རྙེད་སྐྱེ་བ་ནི་

(༤༨༦)ཞེས་འབྱུང་བ་ལྟར་ཅི་ཡང་རུང་བ་མ་ངེས་པའི་རྐྱེན་དང་ཕྲད་པ་དང་མ་ཕྲད་པ་ལས་ཡིན་ཏེ། ད་ལྟར་ཡང་འདོད་པ་ཙམ་ལ་རག་ལས་པའི་བྱ་བ་མང་དུ་འབྱུང་བ་ལྟ་བུའོ། །འོན་ཀྱང་ལས་འདི་འདྲ་བ་ཞིག་གིས་སོ་ཞེས་ཐོག་མའི་རྒྱུ་བཟང་པོ་ཅི་དང་ཅི་འདྲ་བ་རྙེད་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཁོ་ན་སྟེ། མི་གང་བྱང་ཆུབ་སེམས་བཏང་ཡང་། །དེ་དག་ཐར་བར་མཛད་པ་ནི། །ལས་ཚུལ་བསམ་གྱིས་མི་ཁྱབ་སྟེ། །ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །ཞེས་འབྱུང་བ་ཡིན་ནོ། །སྐྱབས་དེ་དུས་ཇི་ཙམ་དུ་བཞུགས་ཤེ་ན། ཕྱི་མའི་མཐའི་མུ་ནི་མཐའ་མེད་པ་ལ་མཐའི་སྒྲ་སྦྱར་བ་སྟེ། དུས་ཙམ་ལ་ཐུག་མཐའ་མེད་པས་དེ་དང་མཉམ་པར་བཞུགས་པ་ཡིན་ནོ། །དེ་བས་ན་སྐྱབས་འདི་ལ་མི་ཟད་པའི་སྐྱབས་དང་། རྟག་པའི་སྐྱབས་དང་། གཡུང་དྲུང་གི་སྐྱབས་དང་། དོན་དམ་པའི་སྐྱབས་ཏེ་བཞི་པོའི་གཞིའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ལྟར་གཞི་གཅིག་ཡིན་ཡང་མི་ཟད་པ་ལ་སོགས་པའི་ཚིག་གི་དོན་ཐ་དད་པ་ནི། གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། །ཞེས་བྱ་བ་ལ་སོགས་པའི་སྐབས་སུ་འཆད་པར་འགྱུར་རོ། །དེ་ལྟར་གནས་སྐབས་ཀྱི་ཆོས་དང་དགེ་འདུན་དག་ཡན་ལག་གི་སྐྱབས་ཙམ་ཡིན་པ་དང་། ཁྱད་པར་དུ་རྟག་པ་གཡུང་དྲུང་ཞི་བ་བརྟན་པའི་སྐྱབས་གཅིག་པུ་འདི་ཡིན་ནོ་ཞེས་བྱ་བ་ནི་རྒྱས་པར་འཕགས་པ་དཔལ་ཕྲེང་གི་མདོའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ།། །།ད་ནི་

(༤༨༧)དཀོན་མཆོག་གི་སྒྲའི་དོན་བསྟན་པའི་ཕྱིར། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །མདོར་བསྡུ་ན་ཆོས་མཐུན་པ་རྣམ་པ་དྲུག་གིས་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བའི་དཀོན་མཆོག་གསུམ་པོ་འདི་ནི་རིན་པོ་ཆེ་དང་འདྲ་བར་བརྗོད་དོ། །འདི་ལྟ་སྟེ། འབྱུང་བ་དཀོན་པར་ཆོས་མཐུན་པས་ནི་བསྐལ་པ་ཡོངས་སུ་གྱུར་བ་མང་པོར་ཡང་དགེ་བའི་རྩ་བ་མ་སྐྲུན་པ་རྣམས་དེ་དང་འཕྲད་པ་མི་འཐོབ་པའི་ཕྱིར་རོ། །དྲི་མ་མེད་པར་ཆོས་མཐུན་པས་ནི་རྣམ་པ་ཐམས་ཅད་དུ་དྲི་མ་དང་བྲལ་བའི་ཕྱིར་རོ། །མཐུ་དང་ལྡན་པར་ཆོས་མཐུན་པས་ནི་མངོན་པར་ཤེས་པ་དྲུག་ལ་སོགས་པ་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་གྱི་རྒྱན་དུ་ཆོས་མཐུན་པས་ནི་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །རིན་པོ་ཆེ་བཅོས་མ་ལས་མཆོག་ཉིད་དུ་ཆོས་མཐུན་པས་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །བསྟོད་པ་དང་སྨད་པ་ལ་སོགས་པས་རྣམ་པར་མི་འགྱུར་བར་ཆོས་མཐུན་པས་ནི་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་དཀོན་མཆོག་གམ་རིན་པོ་ཆེའི་མིང་གིས་བརྗོད་དེ། བྲམ་ཟེའི་ཁྱིའུ་ལ་སེང་གེའི་ལྟར་འདྲ་བ་ལས་བཏགས་པ་ཡིན་ནོ། །ཇི་ལྟར་ཞེ་ན། རིན་པོ་ཆེ་ལ་ཆོས་དྲུག་ཡོད་དེ། རྒྱུའི་ཡོན་ཏན་དང་། གྲུབ་པའི་ཡོན་ཏན་དང་། འབྲས་བུའི་ཡོན་ཏན་དང་། འབྱོར་བའི་

(༤༨༨)ཡོན་ཏན་དང་། མ་འདྲེས་པའི་ཡོན་ཏན་དང་། བཅོས་མ་མ་ཡིན་པའི་ཡོན་ཏན་ནོ། །རྒྱུའི་ཡོན་ཏན་ནི་འབྱུང་བ་དཀོན་ཞིང་རྙེད་པར་དཀའ་བས་ལྷ་མཆོད་པ་དང་གྲུ་བཅས་ཏེ་རྒྱ་མཚོར་འཇུག་པ་ལ་སོགས་པའི་བྱ་བ་མང་པོས་སྒྲུབ་དགོས་པའི་ཕྱིར་རོ། །གྲུབ་པའི་ཡོན་ཏན་ནི་རིན་པོ་ཆེའི་ཁམས་ཙམ་མ་ཡིན་པར་ནོར་བུ་མཁན་གྱིས་སྦྱངས་པས་དྲི་མ་མེད་ཅིང་འོད་གསལ་ཞིང་བར་གྱུར་བའི་ཕྱིར་རོ། །འབྲས་བུའི་ཡོན་ཏན་ནི་རིམས་ནད་སེལ་བ་དང་ནོར་གྱི་ཆར་འབེབས་པ་ལ་སོགས་པའི་མཐུ་དང་ལྡན་པའི་ཕྱིར་རོ། །འབྱོར་བའི་ཡོན་ཏན་ནི་དེ་མགུལ་དུ་ཐོགས་ན་འཇིག་རྟེན་རྣམས་ཀྱི་རྒྱན་དུ་གྱུར་བས་འབྱོར་བའི་ཕྱིར་རོ། །མ་འདྲེས་པའི་ཡོན་ཏན་ནི་ཕལ་བ་རྣམས་ཟིལ་གྱིས་གནོན་པས་མཆོག་ཉིད་ཡིན་པའི་ཕྱིར་རོ། །བཅོས་མ་མ་ཡིན་པའི་ཡོན་ཏན་ནི་ཡུན་རིང་དུ་གནས་ཀྱང་རིགས་མི་འགྱུར་བའི་ཕྱིར་རམ། ནོར་བུ་མཁན་གྱིས་བརྟག་བཟོད་པས་ན་ཡང་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་སངས་རྒྱས་ལ་སོགས་པ་རྣམས་ཀྱང་ཆོས་དྲུག་དང་ལྡན་ཏེ། མདོར་བསྡུ་ན་ཆོས་མཐུན་པ་རྣམ་པ་དྲུག་གིས་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བའི་དཀོན་མཆོག་གསུམ་པོ་འདི་ནི་རིན་པོ་ཆེ་དང་འདྲ་བར་བརྗོད་དོ། །དེ་དག་ལས་རྒྱུའི་ཡོན་ཏན་འབྱུང་བ་དཀོན་པར་ཆོས་མཐུན་པས་ནི་བསྐལ་པ་གཅིག་ནས་གཅིག་ཏུ་ཡོངས་སུ་གྱུར་ཅིང་བརྒྱུད་པ་རྣམས་སུ་སངས་རྒྱས་ལ་དམིགས་པ་ལ་སོགས་པའི་དགེ་བའི་རྩ་བ་མ་སྐྲུན་པ་རྣམས་དེ་དག་དང་ཕྲད་པ་དང་ཕྲད་ནས་ཀྱང་ཤེས་པར་འགྱུར་བ་དཀོན་པས་ཕྲད་པའི་རྒྱུར་བསོད་ནམས་ཤིན་དུ་མང་བར་བསག་དགོས་པའི་ཕྱིར་རོ། །གྲུབ་པའི་ཡོན་ཏན་དྲི་

(༤༨༩)མ་མེད་པར་ཆོས་མཐུན་པས་ནི་རྣམ་པ་ཐམས་ཅད་དུ་མཐོང་སྤངས་ཀྱི་ཉོན་མོངས་པའི་དྲི་མ་དང་བྲལ་བས་རྫོགས་པའི་ཕྱིར་རོ། །འབྲས་བུའི་ཡོན་ཏན་མཐུ་དང་ལྡན་པར་ཆོས་མཐུན་པས་ནི་མངོན་པར་ཤེས་པ་དྲུག་ལ་སོགས་པ་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། །འབྱོར་བའི་ཡོན་ཏན་འཇིག་རྟེན་གྱི་རྒྱན་དུ་ཆོས་མཐུན་པས་ནི་འཇིག་རྟེན་གྱི་ཁམས་གང་ན་དཀོན་མཆོག་གསུམ་བཞུགས་པ་རྣམས་སུ་དགའ་བ་སྐྱེད་པར་བྱེད་ཅིང་། དམྱལ་བ་ལ་སོགས་པའི་སེམས་ཅན་གྱི་བར་དུ་སྒྲ་ཐོས་པས་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་སེམས་ཅན་གྱི་སེམས་དང་འབྱོར་བའོ། །མ་འདྲེས་པའི་ཡོན་ཏན་རིན་པོ་ཆེ་བཅོས་མ་ལས་མཆོག་ཉིད་དུ་ཆོས་མཐུན་པས་ནི་སྐུ་གཟུགས་དང་གླེགས་བམ་དང་དགེ་སློང་བཞི་འདུས་པ་ལ་སོགས་པ་རྣམས་ནི་དཀོན་མཆོག་བཅོས་མ་ཡིན་ལ། དཀོན་མཆོག་དངོས་ནི་འཇིག་རྟེན་ལས་འདས་པ་ལ་བྱ་བ་ཡིན་པའི་ཕྱིར་རོ། །བཅོས་མ་མ་ཡིན་པའི་ཡོན་ཏན་གཞན་དུ་མི་འགྱུར་བར་ཆོས་མཐུན་པས་ནི་དཀོན་མཆོག་གསུམ་པོ་རྣམས་ལ། བསྟོད་པ་དང་བཀུར་སྟི་ལ་སོགས་པ་བྱས་པས་དགའ་བར་འགྱུར་བ་ཡང་མེད་ལ། སྨད་པ་དང་དཀོར་བརྐུས་པ་ལ་སོགས་པས་མི་དགའ་ཞིང་གཞན་དུ་འགྱུར་བ་མེད་པའི་ཕྱིར་དང་། ཁྱད་པར་དུ་ཐེག་པ་ཆེན་པོའི་དཀོན་མཆོག་གསུམ་ནི་ལས་དང་ཉོན་མོངས་པས་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡོན་ཏན་དྲུག་བཤད་པ་འདི་ལས་འདི་ལྟར་བྱ་སྟེ། དེང་རྙེད་པར་དཀའ་བའི་དཀོན་མཆོག་རིན་པོ་ཆེ་གསུམ་ནི་རྙེད། འདི་དག་སྐྱོན་གྱི་དྲི་

(༤༩༠)མ་དང་བཅས་པའི་དབང་ཕྱུག་ལ་སོགས་པ་ལས་ནི་ཁྱད་པར་དུ་གྱུར། སྐྱབས་སུ་སོང་བ་དག་སྐྱོབ་པའི་མཐུ་ཆེན་པོ་ནི་མངའ། །དཀོན་མཆོག་གསུམ་མཆོད་པ་ན་ཡ་རབས་སུ་བགྲང་བར་འགྱུར། གལ་ཏེ་སྨད་པ་ལ་སོགས་པ་བྱས་ན་ཡང་རང་ཉིད་ཉེས་པར་ཟད་ཀྱི་འདི་དག་ནི་ཐུགས་ནི་རྣམ་པ་གཞན་དུ་འགྱུར་བ་མེད་དོ་ཞེས་དཀོན་མཆོག་གསུམ་པོ་ཡང་དང་ཡང་དུ་དྲན་པ་ལ་སྦྱར་བར་བྱ་ལ། ནད་དང་གདོན་ལ་སོགས་པས་ཉེན་པ་ན་ཡང་འཇིག་རྟེན་པའི་ལྷ་ལ་སོགས་པ་ལས་མཆོག་ཏུ་གྱུར་བ་སྐྱོབ་པའི་མཐུ་ཆེན་པོ་མངའ་བ་འདི་དག་ཉིད་ལ་སྐྱབས་སུ་འགྲོ་བར་བྱ་བ་ཡིན་ནོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་ཀྱང་། དད་ཅན་ཡིན་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་དེ་ཉིད་རིག །ཅེས་གསུངས་པའི་ཚུལ་གྱིས་དཀོན་མཆོག་གི་ཡོན་ཏན་ཐོས་མ་ཐག་ཏུ་དད་པར་འགྱུར་བ་དང་། ཡོན་ཏན་ཐོས་པ་ན་ཚད་མས་ཡོངས་སུ་བརྟག་པ་བྱས་ཏེ། ཡིད་ཆེས་པས་སྐྱབས་སུ་འགྲོ་བའོ། །ཚེ་རབས་སྔ་མར་ལས་བཟང་པོ་བསགས་པ་རྣམས་ནི་སྐྱབས་སུ་མ་སོང་ཡང་སངས་རྒྱས་ལ་སོགས་པ་ལས་ཆོས་ཐོས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའི་རྗེས་ཐོགས་ཉིད་དུ་སྐྱབས་སུ་འགྲོ་བར་བྱེད་པ་ཡང་མདོ་སྡེ་རྣམས་ལས་མང་དུ་གསུངས་སོ། །དཀོན་མཆོག་གསུམ་པོའི་ཡོན་ཏན་འཇིག་རྟེན་རྒྱང་པན་པ་དག་གིས་ཐོས་ཏེ། མི་བདེན་ནོ་སྙམ་དུ་ལོག་པར་བརྟགས་ཀྱང་དངོས་ཀྱི་འབྲས་བུ་ངན་སོང་གི་སྐྱེ་བ་ཡིན་མོད་ཀྱི། འོན་ཀྱང་ཡོན་ཏན་གྱི་རྣམ་པ་ཡིད་ལ་ཤར་བའི་རྒྱུ་མཐུན་པ་ལས་ནི་དཀོན་མཆོག་གསུམ་དང་ཕྲད་ཅིང་གོང་ནས་གོང་དུ་འགྲོ་

(༤༩༡)བར་འགྱུར་ན། རྩེད་མོའི་དོན་ཙམ་དུ་དཀོན་མཆོག་གསུམ་མཆོད་པ་དང་། དེ་དག་གི་རི་མོ་ཙམ་མཆད་པ་མཐོང་བ་ཡང་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཁོ་ནར་གསུངས་ན་རྣལ་འབྱོར་གྱིས་རྗེས་སུ་དྲན་པར་བྱེད་པ་དང་། ཐོས་པ་ཙམ་ལ་ཞུགས་པ་དེ་དག་ཀྱང་ཇི་ལྟ་བུར་འགྱུར་བ་ནི། འདིར་ཕན་ཡོན་གྱི་ལེའུ་ལས་བལྟ་བར་བྱའོ། །སངས་རྒྱས་ནི་སེམས་ཅན་མཐའ་དག་གི་སྟོན་པར་གྱུར་ཏེ། ཆོས་གསུང་བ་ཐམས་ཅད་ཀྱང་ཉིད་ཀྱིས་གཟིགས་པའི་ལམ་གསུང་བ་ཁོ་ན་ཡིན་ལ། ཆོས་ནི་ལམ་དེ་ཉིད་ཡིན་ཞིང་། ཁྱོད་ནི་ལམ་གང་ནས་གཤེགས་པའི། །ལམ་དེ་ཉིད་ནས་སློབ་མའང་མཆི། །ཞེས་བྱ་བའི་ཚུལ་གྱིས་ལམ་དེ་ལ་ཞུགས་པ་ཁོ་ན་ཡིན་པས་སངས་རྒྱས་པའི་མདོ་དང་བསྟན་བཅོས་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་འཆད་པ་ཁོ་ན་ཡིན་ཡང་འདིར་ནི་བཤད་པའི་ཕྱོགས་གཅིག་ཏུ་བྱས་ཏེ་དཀོན་མཆོག་གསུམ་བཤད་ཟིན་ཏོ།། །།ད་ནི་སྐྱབས་སུ་སོང་ནས་ཇི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་སྟོན་པའི་དབང་དུ་མཛད་ནས། དཀོན་མཆོག་གསུམ་བསྟན་པའི་རྗེས་ཐོགས་དུ་དཀོན་མཆོག་གསུམ་སྐྱེ་བར་འགྱུར་བའི་རྒྱུ་དང་རྐྱེན་གྱི་དབང་དུ་བྱས་ནས་དྲི་བཅས་དེ་བཞིན་ཉིད་ལ་སོགས་པའི་དོན་རྣམ་པ་བཞི་སྟོན་ཏེ། དེ་དག་དཀོན་མཆོག་གསུམ་འབྱུང་བའི་རྒྱུ་དང་རྐྱེན་དུ་ཇི་ལྟར་འགྱུར་ན་བཞི་པོ་གང་ཞིག་ཡོད་ན་འཇིག་རྟེན་པའི་རྣམ་པར་དག་པ་འདོད་པ་རྣམས་ལས་དབེན། སྡིག་སྟེ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ལ་སོགས་པའི་

(༤༩༢)ལས་དང་ཉོན་མོངས་པ་རེ་ཤིག་རྣམ་པར་དག་པ་དང་། འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་རྣམ་པར་དག་པ་རྣམས་སྐྱེ་བས་ན། གང་ཞིག་གང་མེད་མི་འབྱུང་ལ། །གང་ཞིག་ཡོད་ན་ཡོད་འགྱུར་བ། །དེ་ཉིད་དེ་ཡི་རྒྱུ་ཡིན་ན། །ཇི་ལྟར་དེ་ལ་གེགས་ཤེས་བྱ། །ཞེས་འབྱུང་བའི་ཚུལ་གྱིས་གནས་དང་རྟེན་དང་གཞི་ཞེས་ཀྱང་བྱའོ། །འདི་ཡང་མདོར་བསྟན་པ་དང་། རྒྱས་པར་བཤད་པས་རྣམ་པར་འཆད་དེ། དེ་ལས་མདོར་བསྟན་པའི་ཚིགས་སུ་བཅད་པ་ནི། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་།།།གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །འདིས་ཅི་ཞིག་གསལ་བར་བྱས་ཤེ་ན། དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི་གོ་རིམས་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ཁམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི་དེ་ཉིད་སངས་རྒྱས་ཀྱི་སར་གནས་ཡོངས་སུ་གྱུར་བའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གནས་གྱུར་བའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ཉིད་ལ་ཡོད་པ་འཇིག་རྟེན་ལས་འདས་པ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པའོ། །རྒྱལ་བའི་མཛད་པ་ནི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དེ་ཉིད་ཀྱིས་སོ་སོ་རང་གི་བླ་ན་མེད་པའི་ཕྲིན་ལས་ཏེ། གང་ཞིག་མེད་པར་མ་གྱུར་

(༤༩༣)ཅིང་། ཆད་པ་མེད་ལ་རྒྱུན་མ་ཆད་པས་བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་གཏམ་རྒྱུན་མི་འཆད་པའོ། །གནས་བཞི་པོ་འདི་དག་ཀྱང་གོ་རིམས་ཇི་ལྟ་བ་བཞིན་དུ་རྒྱུ་བཞིས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པའི་ཡུལ་ཡིན་ནོ་ཞེས་བརྗོད་དོ། །ཞེས་བྱ་བ་ལ། དེ་ལ་རྩ་བར་དྲི་བཅས་དེ་བཞིན་ཉིད་དང་ཞེས་འབྱུང་བའི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བས་དྲི་མ་དང་བཅས་པ་ཡིན་ཞིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཁམས་གང་ཡིན་པ་དེ་ནི་སྔ་ཕྱིར་འགྱུར་བ་མི་བསྟེན་པས་དེ་བཞིན་ཉིད་དེ། དེ་ལ་མིང་དུ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པའོ། །རྩ་བར་དྲི་མ་མེད་ཅེས་པ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་དྲི་མ་དང་བཅས་པའི་ཁམས་དེ་ཉིད་སངས་རྒྱས་ཀྱི་སར་གནས་ཡོངས་སུ་གྱུར་བའི་མཚན་ཉིད་དམ་རང་བཞིན་ཡིན་པས་དྲི་མ་མེད་པ་ཡིན་ཞིང་། སྟོབས་ལ་སོགས་པའི་ཆོས་ཚོགས་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་བརྗོད་པ་གང་ཡིན་པ་དེ་ཡང་དྲི་མ་དང་བཅས་པའི་སྐབས་དང་ཕྱིས་ཀྱང་རྣམ་པར་འགྱུར་བ་མི་བསྟེན་པས་དེ་བཞིན་ཉིད་ཡིན་ནོ། །རྩ་བར་དྲི་མེད་སངས་རྒྱས་ཡོན་ཏན་ཞེས་བཤད་པ་ནི་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གནས་གྱུར་བའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཁྱད་པར་གྱི་ཆོས་གང་དག་ཡིན་པ་སྟེ། དེ་དག་ཀྱང་དེ་བཞིན་ཉིད་ཁོ་ནའོ། །དེ་ལ་གུ་ཎ་ཞེས་བྱ་བའི་ཡོན་ཏན་གྱི་སྐད་ནི་

(༤༩༤)གཞི་དེ་ལས་བསྐྱེད་དུ་གྱུར་བ་སྟེ། དེ་ཡང་དེ་བྱུང་གི་འབྲེལ་བ་ལ་བརྟེན་ནས་ནི་ཡུང་བ་དངརྡོ་ཐལ་གྱི་སྦྱོར་བས་དམར་པོ་ཉིད་ཅེས་བྱ་བ་ལྟར་ཡོན་ཏན་དང་ཡོན་ཏན་ཅན་དངོས་པོ་ཐ་དད་པའོ། །བདག་གཅིག་པ་ལ་བརྟེན་ནས་ནི་དུང་གི་དཀར་པོ་ཉིད་ཅེས་བྱ་བ་ལྟ་བུ་ཡོན་ཏན་དང་ཡོན་ཏན་ཅན་བདག་ཉིད་གཅིག་ཀྱང་བློ་ལ་བསྐྱེད་དུ་གྱུར་བ་དག་གོ །འདིར་སྟོབས་ལ་སོགས་པ་ཡང་བདག་ཉིད་གཅིག་པ་ཡིན་ཏེ། དེ་དག་ལ་ཅིའི་ཕྱིར་ཡོན་ཏན་དུ་བརྗོད་ན་ཆོས་ཀྱི་སྐུ་དེ་ཉིད་ལ་ཡོད་པའི་ཁྱད་པར་གྱི་ཆོས་གང་ལས་ཁྱད་པར་དུ་བྱེད་ན་འཇིག་རྟེན་ལས་འདས་པའོ། །དེ་ནི་མཚོན་པ་སྟེ། འཇིག་རྟེན་ཉན་ཐོས་མཐའ་གཅིག་ཏུ། །སྤྱོད་དང་བློ་ལྡན་རྣམས་ལས་ཁྱད་པར་དུ་བྱེད་དོ། །དྲི་མ་མེད་པའི་སངས་རྒྱས་དང་དེའི་ཡོན་ཏན་ལ་ཅིའི་ཕྱིར་གནས་ཡོངས་སུ་གྱུར་བ་ཞེས་བརྗོད་ཅེ་ན། གནས་ནི་རྟེན་དང་འདྲོན་པའི་གནས་པོ་ལྟ་བུ་ལ་བྱ་སྟེ། གྱུར་བ་ནི་ཕྱིས་གཞན་དུ་ལོག་ནས་ཕན་མི་འདོགས་པ་ལྟ་བུ་ལ་བྱ་སྟེ། རྐྱེན་དེས་སྔར་ཆོས་དེའི་རྟེན་བྱེད་ཅིང་ཕན་འདོགས་པ་ལས་ཕྱིས་དེ་མི་བྱེད་པའོ། །དེ་ཡང་སྐུ་གསུམ་ལ་འཇུག་པའི་སྒོའི་འགྲེལ་བར། སྐུ་རྣམས་ནི་གནས་གྱུར་བས་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་བྱ་བ་དེ་ལ་གང་གྱུར་བས་སྐུ་གང་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར། རྩ་བའི་སེམས་ནི་གྱུར་པས་ནི། །ཆོས་སྐུ་ཐོབ་པར་འདོད་པ་ཡིན། །འཇུག་པའི་རྣམ་ཤེས་གྱུར་བ་ལས། །ལོངས་སྤྱོད་རྫོགས་པ་ཐོབ་པར་འགྱུར། །ཞེས་བྱ་བ་སྨྲས་ཏེ། རྩ་བའི་སེམས་ནི་previous hit ཀུནགཞིརྣམ་པར་ཤེས next hit་པའོ། །དེ་གྱུར་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མངོན་དུ་

(༤༩༥)གྱུར་བའི་ཚུལ་གྱིས་ཐོག་མ་མེད་པའི་དུས་ནས་བསྩགས་།།།པའི་ས་བོན་རྩ་ནས་བཏོན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་འཇུག་པའི་རྣམ་པར་ཤེས་པ་གྱུར་བས་འཐོབ་སྟེ། འདི་ལྟར་དེ་དག་གཟུང་བ་དང་འཛིན་པར་ཡུལ་ལ་སྤྱོད་པར་ཞུགས་པ་དག་སྟེ། དེ་ལོག་ན་དེ་འཐོབ་བོ་ཞེས་བྱ་བར་བསམས་པའོ། །ཞེས་བྱ་བ་དང་། གནས་པོ་གཞན་དུ་གྱུར་བ་དེ། །ཞེས་ཀྱང་བཤད་དོ། །དུལ་བའི་ལྷས་སུམ་བཅུ་པའི་འགྲེལ་བཤད་དུ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་འོག་ཏུ་གནས་འགྱུར་བས་དེའི་ཕྱིར་གནས་གྱུར་བའི་སྒྲས་དེ་ཉིད་བརྗོད་དོ། །གནས་ནི་གང་ཡིན་གྱུར་བ་ནི་གང་ཡིན་ཞེ་ན། དེའི་ཕྱིར་གནས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྐབས་འདིར་ནི་གནས་ཀྱི་སྒྲ་previous hit ཀུནགཞིརྣམ་པར་ཤེས next hit་པ་ས་བོན་ཐམས་ཅད་པ་ལ་བྱ་བར་བལྟའོ། །གནས་རྣམ་པ་དེ་ལྟ་བུ་དེའི་གནས་ངན་ལེན་གྱི་ངོ་བོ་དང་། རྣམ་པར་སྨིན་པའི་ངོ་བོ་དང་། གཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་ངོ་བོ་ལོག་པར་གྱུར་ན། གོ་རིམས་བཞིན་དུ་ལས་སུ་རུང་བའི་ངོ་བོ་ཉིད་དང་། ཆོས་སྐུའི་ངོ་བོ་ཉིད་དང་། མི་གཉིས་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་བ་དེ་ནི་གནས་གྱུར་བ་ཞེས་བྱའོ། །ཞེས་གསུངས་ཤིང་། ཤེར་ཕྱིན་མན་ངག་ཏུ་ཡང་། ལོག་པས་ཇི་ལྟ་བུ་ཞིག་ཅེ་ན། གནས་གྱུར་བ་སྟེ་སེམས་ཀྱི་རྒྱུན་གྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་གནས་སུ་གྱུར་བའི་ཆ་ལོག་ནས་རྣམ་པར་བྱང་བའི་ཆ་ནམ་མཁའ་ཇི་སྲིད་པའི་བར་དུ་འཇུག་པ་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་

(༤༩༦)ཀྱི་ས་བོན་དུ་གྱུར་བའི་བག་ཆགས་ཡང་དག་པར་བཅད་པས་previous hit ཀུནགཞིརྣམ་པར་ཤེས next hit་པ་དེའི་དངོས་པོ་དེའི་གནས་སུ་གྱུར་བ་སྤངས་པ་ན་ས་བོན་ཟད་པས་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་སྐྱེ་བར་མི་འགྱུར་ཏེ། དེའི་ཚེ་རྟེན་དེ་ནི་ནམ་མཁའ་ལྟར་རོ་གཅིག་པ་ཉིད་ཀྱིས་ཟག་པ་མེད་པའི་དབྱིངས་ཤེས་།།། ས་བོན་ཟད་པས་ལུས་དང་། གནས་དང་། ལོངས་སྤྱོད་དུ། སྣང་བའི་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་ཏེ། རྣམ་པར་གྲོལ་བའི་སྐུ་ཞེས་བྱ་བར་ཡང་བརྗོད་དོ། །ཞེས་གསུངས་སོ། །འདི་ལྟར་མཁས་པ་རྣམས་གནས་གྱུར་བ་ལོག་པའི་དོན་ཅན་དུ་འཆད་པ་དེའི་ཕྱིར་འདིར་ཡང་། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་བྱ།།། །།།སྔར་འཁོར་བའི་ཆོས་ཐམས་ཅད་ཀྱི་གཞི་དང་རྟེན་དང་གནས་བྱེད་པ་ལས་གྱུར་ཅིང་ལོག་ནས་རྣམ་པར་བྱང་བའི་རྟེན་བྱེད་པ་ལ་གནས་གྱུར་བ་ཞེས་བྱའོ། །རྩ་བར་རྒྱལ་བའི་མཛད་ཅེས་པས། མཛད་པ་ནི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དེ་ཉིད་ཀྱིས་སོ་སོ་རང་གི་བླ་ན་མེད་པའི་ཕྲིན་ལས་ཏེ། དེ་ཡང་མཛད་པ་ཞེས་པའི་སྒྲ་མཛད་པ་པོ་དང་མཛད་པའི་ཡུལ་དང་བྱེད་འཇུག་པ་ལས་འདིར་ནི་བྱེད་པ་སྟེ་སངས་རྒྱས་རྣམས་ཀྱིས་གཞན་གྱི་དོན་མཛད་པའི་ལག་ཆའོ། །ལག་ཆ་དེས་བྱ་བའི་ལས་ནི་བྱང་ཆུབ་སེམས་དཔའ་ལེགས་པར་སྨིན་པས་ལུང་བསྟན་དུ་རུང་བ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ལག་ཆ་གང་ཞིག་མེད་པར་མ་གྱུར་ཅིང་ཆད་པ་མེད་ལ་རྒྱུན་མ་ཆད་པས་བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་གཏམ་རྒྱུན་མི་འཆད་པ་སྟེ། ཆོས་ཀྱི་འཁོར་ལོ་དེ་ཡང་གཞན་གྱི་

(༤༩༧)རྣམ་རིག་གིས་བསྡུས་པ་ནི་མ་ཡིན་ཏེ། ཆོས་ཀྱི་སྐུ་ཉིད་ཀྱི་ངོ་བོ་ཡིན་པས་དེ་བཞིན་ཉིད་དོ། །རྩ་བར། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་པ་ནི་གནས་བཞི་པོ་འདི་དག་ཀྱང་གོ་རིམས་ཇི་ལྟ་བ་བཞིན་དུ་རྒྱུ་བཞིས་བསམ་པ་རྗེས་སུ་དཔག་པའི་ཤེས་པས་མི་ཁྱབ་ཅིང་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དོན་དམ་པའི་ཤེས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ཡིན་ནོ་ཞེས་བརྗོད་དེ། དོན་དམ་པ་ཡིན་ཞེས་པའོ། །རྩ་བར། གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། ཞེས་པ་ནི། དཀོན་མཆོག་གསུམ་པོ་འདི་ཡི་རིགས། ཤེས་བྱ་བ་འདིས་བསྟན་ཏེ། དེ་ལ་རིགས་ནི་སཾསྐྲྀ་ཏ་ལ། གོ་ཏྲ་དང་ཀུ་ལ་དང་བཾ་ས་སྟེ་རྣམ་པ་གསུམ་ཡོད་ལ། གསུམ་པོ་དེ་དོན་གཅིག་ལ་འཇུག་ཀྱང་གོ་ཏྲ་ནི་གུ་ཎ་ཏྲ་ཡ་སྟེ། ཡོན་ཏན་སྐྱོབ་པའམ་གུ་ཎ་ཨུཏྟ་ར་སྟེ། ཡོན་ཏན་སྒྲོལ་བའམ། གོ་ནི་ས་ཡིན་ལ། དེ་སྐྱོང་བར་བྱེད་ཅེས་པ་སྟེ། རིགས་ཅན་རྣམས་གཞན་ལས་ཐ་དད་དུ་འབྱེད་པར་བྱེད་པས་སྐྱོང་ཞེས་བྱའོ། །ཀུ་ལ་ནི་ས་ལ་ཡང་བྱ་བར་བཤད་པས་གང་ལས་འབྱུང་བའི་འབྱུང་ཁུངས་ཀྱི་དོན་ནོ། །བཾ་ས་ནི་གཅིག་ནས་གཅིག་ཏུ་བརྒྱུད་པའི་དོན་ཏེ་རྒྱུན་ལ་བྱའོ། །དེ་ལ་ཡོན་ཏན་སྒྲོལ་བ་ནི་རང་ཉིད་བརྟན་པོར་གྱུར་ནས་དེ་ལ་བརྟེན་པའི་ཡོན་ཏན་འཕེལ་བས་ཕ་རོལ་དུ་འགྲོ་ཞེས་པའི་དོན་ཏེ། རིགས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་ལ། རིགས་མེད་ན་ཉམས་པར་འགྱུར་ཞེས་བརྗོད་པ་ལྟ་བུའོ། །ཕྱོགས་སུ་གཅོད་པར་བྱེད་པས་

(༤༩༨)རིགས་ཤེས་བྱ་བ་ནི་བ་ལང་གི་སྤྱི་ལ་བ་ལང་གི་རིགས་ཤེས་བརྗོད་པ་ལྟ་བུ་སྟེ། དེས་རྟ་ལ་སོགས་པ་རྣམ་པར་བཅད་ནས་བ་ལང་གི་ཚོམས་སུ་བྱེད་པའི་ཕྱིར་རོ། །འབྱུང་ཁུངས་ཡིན་པས་རིགས་ཡིན་པ་ནི་རིན་པོ་ཆེ་རིགས་མ་བཞིན་ནོ། །རྒྱུད་ལ་རིགས་སུ་བརྗོད་པ་ནི་མང་པོས་བཀུར་བའི་རྒྱུད་དམ་རིགས་ཤེས་བྱ་བ་ལྟ་བུའོ། །དེ་ལ་སེམས་ཅན་གང་ཞིག་གི་རྒྱུད་ལ་དཀོན་མཆོག་གསུམ་པོ་འབྱུང་བ་ན་དེ་ནི་འབྱུང་ཁུངས་ཀྱི་དོན་ཏེ། ཉེ་བར་ལེན་པ་ཡིན་ནོ། །རྒྱུད་ཀྱང་དེ་ཡིན་ཏེ། སངས་རྒྱས་ནི་སེམས་ཅན་གྱི་ཁམས་ཉེར་ལེན་དུ་བྱས་པ་ལས་བྱུང་བའི་ཕྱིར་རོ། །བྱང་ཆུབ་ལ་སོགས་པ་གསུམ་གཞན་བྱང་ཆུབ་ཐོབ་པར་བྱེད་པའི་རིགས་སུ་བརྗོད་པ་ནི་ཕ་ཚན་ལྟར་རིགས་འདྲ་ཞེས་པའོ། །དཀོན་མཆོག་གསུམ་ལ་དགེ་བ་ཞེས་བརྗོད་པ་ནི་བུདྡྷ་བྷ་བ་ཏི་ཞེས་པ་དག་པའི་ཕྱིར་དགེ་བའོ། །ཤུ་ཥ་བྷ་བ་ཏི་ནི་བདེ་བར་འགྱུར་བས་དགེ་བ་ཞེས་བྱའོ། །ཤོ་བྷ་ནི་མཛེས་པའམ་ལེགས་པའི་ཕྱིར་དགེ་བ་སྟེ། དཀོན་མཆོག་རྣམས་ནི་དོན་དེ་དག་ཐམས་ཅད་དང་ལྡན་ནོ། །དེ་ལ་རྒྱུའམ་གཏན་ཚིགས་བཞི་པོ་གང་དང་གང་ལས་གནས་བཞི་པོ་གང་དང་གང་བསམ་གྱིས་མི་ཁྱབ་པར་རྟོགས་པར་བྱ་ཞེ་ན། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཅིག་ཆར་དུས་གཅིག་ཏུ་རྣམ་པར་དག་པ་ཡང་ཡིན་ལ། ཀུན་ནས་ཉོན་མོངས་པ་ཡང་ཡིན་པའི་ཕྱིར་གནས་འདིར་བསམ་གྱིས་མི་ཁྱབ་

(༤༩༩)སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལ་མོས་པ་རང་སངས་རྒྱས་རྣམས་ཀྱི་ཡང་སྤྱོད་ཡུལ་དུ་མ་གྱུར་བའི་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར་དཀའ་བ་སྟེ། སེམས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པར་དཀའ་བ་དང་། སེམས་དེ་ཉིད་ཀྱི་ཉེ་བར་ཉོན་མོངས་པ་རྟོགས་པར་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་ནུས་པ་ནི་ཁྱོད་དམ་ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པར་བྱ་བ་ཉིད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་སྔར་དྲི་མས་ཀུན་ནས་ཉོན་མོངས་པར་མ་གྱུར་བ་ཕྱིས་རྣམ་པར་དག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་བོ། །གང་གི་ཕྱིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ནི་དེ་ཁོ་ན་བཞིན་དུ་ཤེས་སོ། །དེས་ན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོའི་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱིར་ཁྱད་པར་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དོ། །འོན་ཀྱང་

(༥༠༠)འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་རང་བྱུང་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ་། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྫོགས་པར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ། འཁོར་ཡུག་ཆེན་པོའི་ཚད་དུ་ནི་འཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་བའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་རྒྱ་མཚོ་ཆེན་པོ། འཛམ་བུ་གླིང་གི་ཚད་དུ་ནི་ཛམྦུ་གླིང་། ཤར་གྱི་ལུང་འཕགས་གླིང་གི་ཚད་དུ་ནི་ཤར་གྱི་ལུས་འཕགས་ཀྱི་གླིང་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་ཚད་དུ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཚད་དུ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་། རི་རབ་ཀྱི་ཚད་དུ་ནི་རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་ས་ལ་སྤྱོད་པའི་ལྷའི་གཞལ་ཁང་། འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་། གཟུགས་ན་སྤྱོད་པའི་ལྷའི་གཞལ་

(༥༠༡)ཡས་ཁང་གི་ཚད་ནི་གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་། གཟུགས་མེད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་གཟུགས་མེད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་བྲིས་སོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ། །ཅི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་དེ་བཅུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་ཡང་དེའི་ཚད་ཀྱི་དར་ཡུག་ཆེན་པོ་ནང་དུ་བཅུག་པར་གྱུར་ཏོ། །དེ་ནས་མཁས་པ་འཛངས་པ་གསལ་བ་ཡིད་གཞུངས་པ་དེར་ཉེ་བར་ཞུགས་པའི་དཔྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། དེའི་མིག་ལྷའི་མིག་ཏུ་གྱུར་ཅིང་ཀུན་དུ་ཡོངས་སུ་དག་པ་འོད་གསལ་བར་གྱུར་བ་ཞིག་ལ། དེས་ལྷའི་མིག་གིས་རྣམ་པར་བལྟ་སྟེ། འདི་ལྟ་བུར་གྱུར་བའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་གང་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་འདི་ཕྱེ་སྟེ། དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས་དེ་བརྩོན་པ་ཆེན་པོའི་སྟོབས་ཀྱི་མཐུ་བསྐྱེད་དེ། རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བ་བཞིན་དུ་དར་ཡུག་ཆེན་པོ་དེ་འགྲོ་བ་མཐའ་དག་ལ་ཉེ་བར་འཚོ་བར་བྱེད་ཅིང་གཅིག་ལས་ཇི་ལྟ་བ་དེ་

(༥༠༢)བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལས་དེ་ཁོ་ན་བཞིན་དུ་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ་སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །དེ་ལྟ་མོད་ཀྱི་འདུ་ཤེས་ཀྱི་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཤེས། རབ་ཏུ་མི་ཤེས་ཤིང་ཉམས་སུ་མི་མྱོང་མངོན་དུ་མི་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་ཆགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས་སེམས་ཅན་གྱི་གནས་ཐམས་ཅད་ལ་རྣམ་པར་གཟིགས་ནས་སློབ་དཔོན་གྱི་འདུ་ཤེས་སུ་འགྱུར་ཏེ། ཀྱེ་མ་མ་ལ་སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང་དེ་བཞིན་གཤེགས་པའི་ཡེ་ཤེས་རྗེས་སུ་ཞུགས་པ་དག་སྟེ། གང་ཡང་ངས་སེམས་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་བསལ་བར་བྱ་སྟེ། ཅི་ལྟར་རང་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སོར་མངོན་པར་ཤེས་ཤིང་། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་རྗེས་སུ་འཐོབ་པ་བཞིན་དུ། དེ་དག་ལ་དེ་བཞིན་གཤེགས་པའི་ལམ་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་བཟློག་པར་བྱེད་དོ། །འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་

(༥༠༣)ཅད་ལོག་པ་དག་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་དེ་འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལ་རྒྱལ་བའི་མཛད་པ་ནི་ཅིག་ཆར་ཐམས་ཅད་ལ་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་བསམ་པ་ཇི་ལྟ་བ་དང་། གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་མ་ཚང་བ་མེད་ཅིང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་སེམས་ཅན་རྣམས་གཞུག་པའི་དོན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་ཡིན་ཡང་མདོར་བསྡུས་པ་ཙམ་གྱི་སྒོ་ནས་ཚད་དང་ལྡན་པར་བསྟན་མོད་ཀྱི། རིགས་ཀྱི་བུ་འོན་ཀྱང་དེ་བཞིན་གཤེགས་པའི་ཡང་དག་པའི་དེ་བཞིན་གཤེགས་པའི་ཕྲིན་ལས་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཚད་མེད་པ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པར་བྱ་བ་མ་ཡིན་པ། ཡི་གེས་བརྗོད་དུ་མེད་པ། གཞན་གྱིས་སྒྲུབ་པར་དཀའ་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་རྗེས་སུ་ཐོབ་པ། འབད་རྩོལ་དང་བྱ་བ་ཐམས་ཅད་ལས་འདས་པ། ནམ་མཁའ་དང་མཉམ་པ་ཉིད་ཀྱིས་རྣམ་པར་རྟོག་པ་མེད་པ། ཆོས་ཀྱི་དབྱིངས་ཀྱི་བྱ་བ་ཉིད་ཀྱིས་ཐ་དད་དུ་དབྱེར་མེད་པ་ཞེས་བྱ་བ་ནས། ནོར་བུ་བཻ་ཌཱུརྱ་རྣམ་པར་དག་པ་དཔེར་མཛད་ནས་རྒྱས་པར་བསྟན་ཏེ། རིགས་ཀྱི་བུ་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མཉམ་པ་ཉིད་རྗེས་སུ་ཐོབ་པ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ། དུས་གསུམ་དང་

(༥༠༤)རྗེས་སུ་འབྲེལ་བ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པའོ། །བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པའི་ཕྲིན་ལས་གང་ལ་རབ་ཏུ་ཞུགས་པའི་དེ་བཞིན་གཤེགས་པ་ནི་སྐུ་ནམ་མཁའི་རང་བཞིན་ཡང་མི་འདོར་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་ཀུན་དུ་སྟོན་ཏོ། །གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་འདོར་ལ། སྒྲ་རྣམ་པར་རིག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །སེམས་ཀྱི་དམིགས་པ་ཐམས་ཅད་དང་ཡང་བྲལ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་བསམ་པ་ཡང་རབ་ཏུ་ཤེས་སོ། །ཞེས་གསུངས་སོ། །ཞེས་བྱ་བ་ལ། དེ་ལ་དྲི་མ་དང་བཅས་པའི་ཞེས་བྱ་བ་ནས། དད་པས་རྟོགས་པར་བྱ་བ་ཉིད་དོ་ཞེས་གསུངས་པ་ཡིན་ནོ། །ཞེས་བྱ་བའི་བར་གྱིས་སྦྱོར་བ་དང་པོ་བསྟན་ལ། དེ་ལས་སྤྱོད་ཡུལ་དུ་མ་གྱུར་བའི་ཡུལ་ཡིན་པའི་ཕྱིར་རོའི་བར་གྱིས་རིགས་པས་སྒྲུབ་པ་བསྟན་ལ། ལྷག་མ་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ལུང་གིས་སྒྲུབ་པ་བསྟན་ཏོ། །དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་ཞེས་བྱ་བ་ནས། བསམ་གྱིས་མི་ཁྱབ་པའི་བར་གྱིས་རིགས་པས་དང་། གང་གི་ཕྱིར་ནས། སངས་རྒྱས་སོ་ཞེས་གསུངས་པ་ཡིན་ནོའི་བར་གྱིས་ལུང་གིས་ཏེ་སྦྱོར་བ་གཉིས་པའོ། །སྦྱོར་བ་གསུམ་པ་ནི། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་ཞེས་བྱ་བ་ནས། བསམ་གྱིས་མི་ཁྱབ་སྟེའི་བར་གྱིས་རིགས་པས་དང་། གང་གི་ཕྱིར་ནས། ཉེ་བར་འཚོ་བར་འགྱུར་རོ་ཞེས་གསུངས་

(༥༠༥)སོའི་བར་གྱིས་ནི་ལུང་གིས་ཏེ་འདི་ཉིད་ལ་ཡང་གང་གི་ཕྱིར་གང་ལ་ཞེས་བྱ་བ་ནས། རབ་ཏུ་འབྱུང་ངོའི་བར་གྱིས་དོན་གྱི་དངོས་པོ་ཉེ་བར་བཀོད་དོ། །ལྷག་མ་ཀྱེ་རྒྱལ་བའི་སྲས་ཤེས་བྱ་བ་ལ་སོགས་པས་ནི་དཔེ་ཉེ་བར་བཀོད་དེ། དེ་ལ་ཡང་ཡོད་པར་གྱུར་ལ་ཡན་གྱིས་གཞི་སེམས་ཅན་གྱི་དཔེ་བསྟན་ཏོ། །ལྷག་མ་གཟུགས་མེད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་བྲིས་སོ། །ཞེས་བྱ་བའི་བར་གྱིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཚད་བསྟན་ཏོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་ཞེས་བྱ་བ་ནས། ནང་དུ་བཅུག་པར་གྱུར་ཏོའི་བར་གྱིས་སེམས་ཅན་ལ་སངས་རྒྱས་ཀྱི་ཡེ་ཤེས་རྗེས་སུ་ཞུགས་པའི་དཔེ་བསྟན་ཏོ། །དེ་ནས་མཁས་པ་འཛངས་པ་ཞེས་བྱ་བ་ནས། ཉེ་བར་མཁོ་བར་མ་གྱུར་ཏོའི་བར་གྱིས་སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་གྱི་ཁམས་གཟིགས་པའི་དཔེའོ། །དེ་།།།འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནས། འཚོ་བར་བྱའོ་སྙམ་པས་ཤེས་བྱ་བའི་བར་གྱིས་རྒྱལ་བའི་ཐུགས་རྗེ་བསྟན་ཏོ། །དེ་ནས་དེ་བརྩོན་པ་ཆེན་པོའི་ཞེས་བྱ་བ་ནས། དེ་ཁོ་ན་བཞིན་དུ་བྱེད་དོའི་བར་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འབྲས་བུ་དང་བཅས་པ་བསྟན་ཏོ། །ཀྱེ་རྒྱལ་བའི་སྲས་ཤེས་བྱ་བ་ནས། ཡེ་ཤེས་ཀྱང་ཞེས་བྱ་བའི་བར་གྱིས་རི་མོ་དང་དཔེ་དོན་སྦྱོར་བ་མཛད་དོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཞེས་བྱ་བས་ནི་དར་ཡུག་གི་དཔེ་དང་སྦྱར་རོ། །མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ་ཞེས་བྱ་བས་ནི་སེམས་ཅན་ལ་སངས་རྒྱས་ཀྱི་

(༥༠༦)ཡེ་ཤེས་རྗེས་སུ་ཞུགས་པའི་དཔེ་དང་སྦྱར་བ་བསྟན་ཏོ། །སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །ཞེས་བྱ་བ་ནི་དར་ཡུག་དེ་ཡང་སྟོང་གསུམ་གྱི་ཚད་དང་མཉམ་པའི་དཔེ་དོན་སྦྱར་བ་ཡིན་ནོ། །དེ་ལྟ་མོད་ཀྱི་ཞེས་བྱ་བ་ནས། མངོན་དུ་མི་བྱེད་དོའི་བར་གྱིས་དེ་ནས་མཁས་པ་འཛངས་པ་ཞེས་བྱ་བས་ཤུགས་ལ་བསྟན་པའི་རྨོངས་པ་དང་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཆགས་པ་མེད་པའི་ཞེས་བྱ་བ་ནས། ཉེ་བར་འཚོ་བར་འགྱུར་རོའི་བར་གྱིས་རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་བཅག་ནས་དར་ཡུག་སེམས་ཅན་གྱི་ཉེ་བར་འཚོ་བའི་ཡོ་བྱད་དུ་བྱས་པའི་དཔེ་དང་སྦྱར་རོ། །དེ་ལ་རྡོ་རྗེ་ཕྲ་མོས་བཅག་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དཔེ་དང་སྦྱར་ལ། བསྐོར་བས་སེམས་ཅན་སྒྲིབ་པའི་སྦུབས་ལས་འཐོན་ཏེ་གཞན་དོན་མཛད་པ་ནི་དར་ཡུག་སེམས་ཅན་གྱི་འཚོ་བའི་ཡོ་བྱད་དུ་གྱུར་བ་དང་སྦྱར་རོ། །སྦྱོར་བ་བཞི་པ་ནི། དེ་ལ་རྒྱལ་བའི་མཛད་པ་ཞེས་བྱ་བ་ནས། གནས་འདི་བསམ་གྱིས་མི་ཁྱབ་སྟེ་ཞེས་བྱ་བའི་བར་གྱིས་རིགས་པས་དང་། གང་གི་ཕྱིར་ཞེས་བྱ་བ་ནས། རབ་ཏུ་ཤེས་སོ། །ཞེས་གསུངས་སོ། །ཞེས་བྱ་བའི་བར་གྱིས་ལུང་གིས་སོ། །གནས་བཞི་པོ་འདི་བསམ་གྱིས་མི་ཁྱབ་བོ་ཞེས་བཤད་པ་དེ་ལ། དང་པོར་དག་དང་ཉོན་མོངས་དང་ལྡན་ཕྱིར། ཞེས་བྱ་བས་གཏན་ཚིགས་དང་པོ་འཆད་དེ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཆོས་ཅན་ནོ། །ཅིག་ཆར་ཞེས་བྱ་བ་ནས། ཉོན་མོངས་པ་ཡང་ཡིན་པའི་ཕྱིར་ཞེས་བྱ་བའི་བར་གྱིས་གཏན་ཚིགས་སོ། །

(༥༠༧)གནས་འདི་ཞེས་བྱ་བ་ནི་ཆོས་ཅན་གྱི་ཁྱད་པར་རོ། །ལྷག་མ་ཡུལ་ཡིན་པའི་ཕྱིར་རོའི་བར་གྱིས་བསྒྲུབ་པར་བྱ་བ་བསྟན་ནོ། །གང་ལ་བསྒྲུབ་པར་བྱ་བའི་གང་ཟག་ནི་དགེ་བའི་རྩ་བ་བསགས་པ་དང་ལྡན་པའི་ཕྱི་རོལ་བ་ལ་ཡང་སྲིད་མོད་ཀྱི། ཁྱད་པར་དུ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གྲུབ་པའི་མཐའ་བཞི་ལས་སེམས་ཙམ་དུ་སྨྲ་བ་དང་དབུ་མར་སྨྲ་བ་ཁ་ཅིག་གོ །ཕྱིར་སྒོལ་བས་ཆོས་ཅན་མ་གྲུབ་ན་གཏན་ཚིགས་སུ་མི་རུང་བས་ཆོས་ཅན་ཇི་ལྟར་གྲུབ་ཅེ་ན། འདོད་ཆགས་ལ་སོགས་པ་རྣམས་ནི་སྐྱོན་དང་བཅས་པས་དྲི་མ་ཡིན་པར་གྲུབ་ལ། དེ་དག་གི་ཆོས་ཉིད་དུ་གྱུར་བ་ཙམ་ཞིག་ཡོད་པར་ནི་ཆོས་སུ་མཐོང་བ་ཉིད་ཀྱི་རྒྱུ་ལས་ངེས་པ་ཡིན་ཏེ། ཁྱད་པར་དང་མི་ལྡན་པའི་ཆོས་མེད་པར་ངེས་པའི་ཕྱིར་རོ། །དེའི་ཆོས་ཉིད་དེ་ཇི་ལྟ་བུ་ཞིག་ཡིན་ཞེས་དཔྱད་པ་ན། ཡོད་པ་རྒྱུན་ཆད་པའི་མི་རྟག་པའམ། ཆོས་ཉིད་དེ་གཟུགས་སོགས་ལས་གཞན་པར་འདོད་པ་དང་། གཟུགས་སོགས་དེ་ཉིད་ཆོས་ཉིད་དུ་འདོད་པ་སྟེ་རྣམ་པར་རྟོག་པ་གསུམ་འཇུག་གོ །ཡོད་པ་རྒྱུན་ཆད་པའི་མི་རྟག་པའམ། ཆོས་ཉིད་གཟུགས་སོགས་ལས་གཞན་དུ་འདོད་པ་གཉིས་ནི་འོད་སྲུང་གིས་ཞུས་པ་ལས། འོད་སྲུང་བདག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། སྟོང་པ་ཉིད་དུ་ལྟ་བ་མངོན་པའི་ང་རྒྱལ་ཅན་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་པ་དེ་ཡིན་ཞིང་། དེ་ནི་རྩ་བའི་ཤེས་རབ་ལས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཤེས་སྟོང་པ་ཉིད་དུ་སྒྲུབ་པའི་གཏན་ཚིགས་འགོད་པའི་

(༥༠༨)ཡུལ་མ་ཡིན་པོར་བསྟན་ཏོ། །ཡུལ་མ་ཡིན་པ་གཉིས་པོ་འདི་ཡང་། འགྲེལ་བར། དེ་ལ་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་དོན་གྱི་ཚུལ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཉམས་པ་དག་ལ་བརྗོད་དོ། །གང་དག་ཡོད་པའི་ཆོས་ཉིད་དུས་ཕྱིས་རྒྱུན་ཆད་ཅིང་ཞིག་པ་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་དངོས་པོ་ཞིག་པའི་ཕྱིར་སྟོང་པ་ཉིད་ཀྱི་རྣམ་པར་ཐར་བའི་སྒོ་འདོད་པའམ། ཡང་གང་དག་གང་ཞིག་རྟོགས་པར་བྱ་བ་དང་བསྒོམ་པར་བྱ་བ་སྟོང་པ་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པ་ལས་ཐ་དད་པའི་དངོས་པོ་ཡོད་པ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་བརྟེན་པའོ། །ཞེས་གསུངས་པ་དེ་ཡིན་ནོ། །གཟུགས་ལ་སོགས་པ་དེ་ཉིད་ངོ་བོ་ཉིད་མེད་པར་བསྒྲུབ་པར་བྱ་དགོས་པའི་གང་ཟག་ནི་འཇིག་རྟེན་ཕལ་བ་ནས་རྣལ་འབྱོར་སྤྱོད་པའི་བར་དུ་ཡོད་ལ། རྣལ་འབྱོར་སྤྱོད་པ་ལ་ནི་རིག་པ་ཙམ་ལ་རྣམ་པར་ཤེས་པའི་མིང་གིས་བཏགས་པ་ཁོ་ཉིད་ཀྱང་འདོད་པས་དེ་ངོ་བོ་ཉིད་མེད་པར་སྒྲུབ་པ་ཡིན་ནོ། །དེ་ལྟར་ཕྱི་ནང་གི་དངོས་པོ་མཐའ་དག་ཚད་མས་ངོ་བོ་ཉིད་མེད་པར་རྟོགས་པའི་དབུ་མ་པ་ཁ་ཅིག་རྟོགས་པར་བྱ་བ་དང་བསྒོམ་པར་བྱ་བ་མེད་པར་དགག་པའི་སྟོང་པ་ཉིད་ཁོ་ན་སྟེ། དེ་གུས་པ་དང་རྟག་པའི་སྦྱོར་བས་བསྒོམས་པ་ལས་མངོན་སུམ་དུ་རྟོགས་པར་འགྱུར་ལ། དེ་བསོད་ནམས་ཀྱི་ཚོགས་ཀྱིས་གྲོགས་བྱས་པ་ན་སྒོམ་པ་ཤིན་དུ་མཐར་ཐུག་པས་སངས་རྒྱས་ཉིད་དུ་འགྱུར་གྱི། བསྒོམ་པར་བྱ་བའི་སྟོང་པ་ཉིད་ལྷག་པོ་ཅི་ཡང་མི་ཚོལ་ལོ་སྙམ་དུ་སེམ་པ་ཡོད་པས་དེ་ལ་ནི་དེས་

(༥༠༩)ཚད་མས་གཏན་ལ་ཕབ་པའི་སྟོང་པ་ཉིད་དེ་ཅུང་ཟད་ཀྱང་འགོག་པར་མི་བྱེད་མོད་ཀྱི། འོན་ཀྱང་ཇི་ལྟར་ཕྱི་རོལ་གྱི་རི་བོ་ལ་སོགས་པ་བསྐལ་བའི་མེས་བསྲེགས་ཤིང་རླུང་གིས་ཐལ་བ་ཡང་མེད་པར་བྱས་ཀྱང་ཉམས་པར་ཡང་མི་འགྱུར་ལ། འཕེལ་བར་ཡང་མི་འགྱུར་བ་རང་གི་ངོ་བོ་ཉིད་ཉེ་བར་ཞི་བས་གཟུགས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་རྗེས་སུ་ཞུགས་པའི་ནམ་མཁའ་ཞེས་བྱ་བ་ཞིག་ནི་པཎྜི་ཏ་རྣམས་སུ་མ་ཟད་བྱིས་པ་ཡིད་བགྲུངས་པ་དག་གིས་ཀྱང་ཤེས་པར་འགྱུར་བ་ཡིན་པས་དེ་ལྟ་བུ་དཔེར་བྱས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡང་དང་ཡང་དུ་རྗེས་ཤིང་ལོག་ཀྱང་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པའི་སེམས་ཀྱི་རྒྱུན་ཞིག་བརྟན་པར་ཡོད་དོ། །གལ་ཏེ་དེ་འདྲ་བ་མེད་ན་ནི་ལས་ལ་རྟེན་མེད་པས་ལས་དང་འབྲས་བུའི་འབྲེལ་བ་རྣམ་པར་ཉམས་པར་འགྱུར་རོ་སྙམ་དུ་བསམས་ནས་དེའི་རྟེན་ཚོལ་བར་བྱེད་པ་དག་ལ། བཅོམ་ལྡན་འདས་ཀྱིས་previous hit ཀུནགཞིརྣམ་པ་ཤེས next hit་པ་ཞེས་བྱ་བ་བསྟན་ཏོ། །དེ་ཡང་དགྲ་བཅོམ་པ་ཉིད་ན་ལྡོག་ཅིང་དེ་མེད་པས་སྐྱེ་བ་ཕྱི་མ་མི་ལེན་ནོ། །ཕྱི་མ་མེད་པའི་ཕྱིར་རིག་པའི་ཆོས་མཐའ་དག་ལྡོག་གོ་སྙམ་པ་ནི་ཉན་ཐོས་ཀྱི་གྲུབ་པའི་མཐའ་སྨྲ་བ་དག་གི་འདོད་པའོ། །རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས་ནི་གདོད་མ་ནས་རིགས་སོ་སོར་ངེས་པས་ཉན་ཐོས་ཀྱི་རིགས་དུ་ངེས་ཏེ། དགྲ་བཅོམ་པ་ཐོབ་པ་ལས་འཆི་བའི་དུས་བྱས་མ་ཐག་ཏུ་རིག་པ་རྒྱུན་ཆད་པར་འགྱུར་ཡང་ཐེག་པ་ཆེན་པོའི་རིགས་ཅན་དག་ནི་previous hit ཀུནགཞིརྣམ་པར་ཤེས next hit་པ་དེ་ཟག་པ་མེད་པའི་ཡེ་ཤེས་སུ་གནས་ཡོངས་སུ་གྱུར་བའི་གནས་གྱུར་

(༥༡༠)ཞེས་བྱ་བའི་ཆོས་འཁོར་བ་ཇི་སྲིད་ཀྱི་བར་དུ་བརྟན་ཞིང་སངས་རྒྱས་ཀྱི་ཆོས་རྣམས་དེ་ལ་བརྟེན་ནས་འཇུག་པར་འགྱུར་རོ་ཞེས་སྨྲའོ། །ངོ་བོ་ཉིད་མེད་པར་སྨྲ་བ་བདག་མེད་པ་གཉིས་ཚད་མས་ངེས་པ་འགའ་ཞིག་ཀྱང་བདག་མེད་པ་རྟོགས་པའི་ཐོས་པ་དང་བསམ་པའི་ཤེས་པ་ཉིད་རིམ་གྱིས་བདག་མེད་པའི་ཡུལ་ཅན་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་ལ། དེའི་སྒྲིབ་པ་མཐའ་དག་ཟག་པ་ནས་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་ཁོ་ནར་འགྱུར་གྱི་ཀུན་རྫོབ་པའི་ཤེས་པ་ནི་འཁྲུལ་བ་ཡིན་པས་སངས་རྒྱས་ལ་ལྡོག་གོ་ཞེས་འདོད་དོ། །འོ་ན་ཐམས་ཅད་མཁྱེན་པར་མི་འགྱུར་རོ་སྙམ་ན། ཀུན་རྫོབ་པ་མི་སྣང་ཡང་ཐམས་ཅད་ཀྱི་ཆོས་ཉིད་མཁྱེན་པས་ཐམས་ཅད་མཁྱེན་པའོ་ཞེས་འདོགས་ལ། མི་རྟོག་པ་དེ་ཉིད་ཀྱིས་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པ་དང་རྒྱུན་མི་འཆད་པར་མཛད་དོ་ཞེས་ཟེར་རོ། །སློབ་དཔོན་དཔལ་སྦས་དང་། སློབ་དཔོན་ཞི་བ་འཚོ་དང་། སློབ་དཔོན་སེང་གེ་བཟང་པོས་ནི་སེམས་ཅན་གྱི་དོན་མཛད་པའི་རྒྱུར་མངོན་པར་ཞེན་པའི་མཚན་ཉིད་ཀྱི་འཁྲུལ་བ་མེད་ཀྱང་སྣང་བ་ཙམ་གྱི་འཁྲུལ་བ་དང་བཅས་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་ཞལ་གྱིས་བཞེས་པར་མཛད་དོ། །སློབ་དཔོན་ཟླ་བ་གྲགས་པས་ནི། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་བ། མཁྱེན་བཟངས་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། ཅེས་སྐད་ཅིག་གམ་དེ་བཞིན་ཉིད་ཀྱི་རྣམ་

(༥༡༡)པ་གཅིག་པུ་དེས་ཤེས་བྱ་ཐམས་ཅད་མཁྱེན་ནོ་ཞེས་བཞེད་པས་སྟོབས་བཅུ་ལ་སོགས་པ་ཡང་ཇི་ལྟ་བ་བཞིན་དུ་མངའ་བར་བཞེད་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་བ་དང་དབུ་མ་པའི་སློབ་དཔོན་ཐུགས་དགོངས་ཤིན་དུ་ཟབ་པ་དག་གི་ཐུགས་ནི་མི་དཔོགས་མོད་ཀྱི། དེ་དག་གི་རྗེས་སུ་ཞུགས་པའི་མཁས་པ་སོ་སོའི་སྐྱེ་བོར་གྱུར་བ་མང་པོ་ནི་དེ་བཞིན་ཉིད་ཅེས་བྱ་བ་དེ་མེད་པར་དགག་པ་གཅིག་པུ་འདི་ལས་གཞན་ཅི་ཡང་མེད་དོ་སྙམ་དུ་སེམ་པ་དག་ཡོད་པས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་འདི་ལ་བཙན་ཐབས་སུ་བཅོས་པའི་བློ་བུར་བ་དང་། སངས་རྒྱས་ཀྱིས་ཀྱང་གསར་དུ་མཛད་པ་མ་ཡིན་པ་བློ་བུར་བ་མ་ཡིན་ཞིང་། བཅོས་མ་མ་ཡིན་པའི་སེམས་ཀྱི་རྒྱུན་འཁྲུལ་བས་སྒྲོ་མ་བཏགས་པ་ཞིག་ཡོད་དེ། དེ་ལ་ཡང་དེ་བཞིན་ཉིད་དང་སྟོང་པ་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པའི་སྒྲས་བརྗོད་པ་ཡིན་ནོ། །མང་པོ་དེ་དག་ནི་བསྒོམ་པར་བྱ་བའི་དེ་ཁོ་ན་ཉིད་ཚད་མས་གཏན་ལ་མ་ཕབ་པར་ནི་སྒོམ་པ་ཕྱིན་ཅི་ལོག་ཏུ་འགྱུར་བས་ངེས་པར་ཚད་མས་སྒྲུབ་དགོས་ལ། ཚད་མ་ཡང་སོ་སོའི་སྐྱེ་བོ་ལ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་མངོན་སུམ་མེད་པའི་ཕྱིར་རྗེས་སུ་དཔག་པ་ཁོ་ནས་གཏན་ལ་དབབ་དགོས་ལ། དེ་ཡང་རྟེན་གཏན་ཚིགས་ལ་རྟེན་དགོས་པས་བསམ་གྱིས་མི་ཁྱབ་པའི་དེ་ཁོ་ན་ཉིད་ནི་ཁས་མི་ལེན་ནོ་སྙམ་མོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མར། རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་བསྟན་པས་བསྟན་བཅོས་ཀྱི་དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་བདུད་རྩིའི་དེ་ཁོ་ན་རྣམ་པར་མི་རྟོག་པའི་དོན་

(༥༡༢)དམ་པ་སྟོན་ཀའི་ནམ་མཁའ་དྲི་མ་མེད་པ་ལྟ་བུའི་ཡུལ་ཅན་སྤྲོས་པ་མ་ལུས་པ་ལེགས་པར་ཉེ་བར་ཞི་བ་ཐ་དད་པ་ཉིད་དང་གཅིག་པ་ཉིད་དང་བྲལ་བ་ཞི་བ་སོ་སོ་རང་རིག་པར་བྱ་བ་བསྟན་པ་གྲུབ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཚུལ་ནི་དེ་ཁོ་ན་ཉིད་ཡིན་ཡང་ངན་རྟོག་རྣམས་དད་པར་མི་བྱེད་པའི་ཕྱིར་རྗེས་སུ་དཔག་པ་གཙོ་ཆེ་བས་དེའི་ཕྱིར་དེ་ཡོངས་སུ་གཟུང་ངོ་། །ཞེས་གསུངས་པས་མངོན་སུམ་གྱི་ལམ་ཉིད་བསྟན་པའི་སྙིང་པོ་ཡིན་པར་བཞེད་དོ། །དེས་ན་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པར་སྒྲུབ་དགོས་པའི་གང་ཟག་ནི་དེ་འདྲ་བ་དག་གོ །བསྒྲུབ་པར་བྱ་བ་བསམ་གྱིས་མི་ཁྱབ་པ་ནི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་མི་འགྲུབ་པའོ། །དེའི་གཏན་ཚིགས་ནི་རྣམ་པར་དག་་པ་དང་ཀུན་ནས་ཉོན་མོངས་པ་ཡིན་པའི་ཆོས་འགལ་བ་གཉིས་གཞི་གཅིག་ལ་འདུ་བ་ལྟར་སྣང་བའི་ཕྱིར་ཏེ། དེ་ལ་སྙིང་པོ་དྲི་མས་དག་ཅེས་བྱ་བ་ནི། གཉེན་པོས་དྲི་བ་རིམ་གྱིས་སྦྱངས་པས་དག་པར་འགྱུར་བ་ལ་མི་བྱའི། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །གདོད་ནས་ཟད་པ་དེ་ཕྱིར་ཟད་ཅེས་བྱ། །ཞེས་གསུངས་པ་ལྟར་གདོད་མ་ནས་དྲི་མའི་རང་བཞིན་དུ་མ་གྱུར་བས་དེའི་སྐད་ཅིག་གཅིག་ཀྱང་དྲི་མ་མཐའ་དག་གིས་སྟོང་པའི་ཕྱིར་ཅིག་ཆར་དུས་གཅིག་ཏུ་རྣམ་པར་དག་པ་ཡང་ཡིན་ནོ། །ཀུན་ནས་ཉོན་མོངས་པ་ཡང་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བུམ་པའི་ནང་གི་མར་མེ་དང་གོས་ཧྲུལ་གྱི་ནང་ན་རྒྱལ་བའི་སྐུ་གཟུགས་བཞུགས་པ་ལ་སོགས་པའི་དཔེ་མཐོང་ནས་སྙིང་པོ་དེ་ནང་ན་དྲི་མ་མེད་པར་ལྷང་ངེར་བཞུགས་ལ། དྲི་མ་རྣམས་ཀྱིས་

(༥༡༣)དེ་ལ་མ་རེག་པར་ཀུན་ནས་བསྐོར་བ་ཞིག་གོ་སྙམ་དུ་སེམས་པ་དག་ཡོད་དེ། དེ་ལྟ་བུ་ཁོ་ནར་སྒྲིབ་པས་མ་རེག་ན་དག་པ་དང་དྲི་མ་དང་བཅས་པ་ལ་བུས་པ་ཆུང་ངུ་ཡང་འགལ་བར་ག་ལ་སེམ། འདིར་ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་སོ་ཀའི་དུས་ཀྱི་ཆུ། །དྲོ་བོ་ཞེས་ནི་རྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཤེས་བརྗོད་པར་བྱ་བ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཤེས་ནི་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར་སེམས་ཅན་གྱི་ཁམས་སམ་སྙིང་པོ་དེ་ཉིད་མ་རིག་པ་དང་འདོད་ཆགས་ལ་སོགས་པར་གྱུར་བ་ཡིན་ཏེ། འདོད་ཆགས་ཉིད་སྙིང་པོ་ལས་གཞན་ན་ཅུང་ཟད་ཀྱང་མེད་པས་ལམ་ལ་མཁས་པ་རྣམས་ཀྱིས་འདོད་ཆགས་ཉིད་ལས་སྙིང་པོ་བཙལ་བར་བྱ་བ་ཡིན་གྱི། དེ་ལྟ་བུ་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ལས་གཞན་པ་ལས་རྣམ་པར་བྱང་བ་མི་རྙེད་དོ། །དེ་བས་ན་འདོད་ཆགས་ཉིད་ཀྱི་ངོ་བོ་སྙིང་པོ་ཡིན་ལ། འདོད་ཆགས་ནི་བློ་བུར་བའོ་ཞེས་བྱ་བ་འདི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །འདི་ལྟར་བརྒྱད་སྟོང་པ་ལས། སེམས་དེ་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ། དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་

(༥༡༤)ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་སེམས་མེད་པ་ཉིད་གང་ཡིན་པའི་སེམས་མེད་པ་ཉིད་དེ་ལ་ཡོད་པ་ཉིད་དམ་མེད་པ་ཉིད་ཡོད་པའམ་དམིགས་པར་ཡང་འགྱུར་རམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། གལ་ཏེ་སེམས་མེད་པ་དེ་ལ་ཡོད་པའམ་མེད་པ་མེད་ཅིང་མི་དམིགས་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྐད་དུ་སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ་ཞེས་སྨྲས་པ་ཁྱོད་ཀྱི་བརྒལ་བ་གང་ཡིན་པ་དེ་ཅི་རིགས་པར་འགྱུར་རམ། དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་སེམས་མེད་པ་ཉིད་དེ་ཡང་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མེད་པ་དེ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ། །ཞེས་གསུངས་ལ་ཡུམ་གསུམ་གྱི་འགྲེལ་བ་གནོད་འཇོམས་སུ། འདི་ལྟར་སེམས་ནི་སེམས་མ་ཡིན་ཏེ་ཞེས་བྱ་བ་སེམས་ཤེས་བྱ་བའི་སྒྲ་ནི་ཀུན་བརྟགས་པའི་སེམས་ལ་བྱའོ། །ཡོངས་སུ་གྲུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུ་ནི་ཡོངས་སུ་རྟོག་པ་དང་། རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་ལས་འདས་པས་སེམས་ཀྱི་མཚན་ཉིད་མེད་པའི་ཕྱིར་སེམས་མ་ཡིན་པ་ཞེས་བྱའོ། །དེ་བས་ན་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་སྐུའི་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །དེ་བས་ན་སེམས་མ་ཡིན་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་སེམས་མ་ཡིན་ནོ་ཞེས་བྱ་

(༥༡༥)བའི་ཐ་ཚིག་གོ །འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ཞེས་བྱ་བ་ནི་རང་བཞིན་འོད་གསལ་བ་ཉིད་སྟོན་ཏེ། སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ནི། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེ་བའི་དུས་ན་ཡང་ནམ་མཁའ་བཞིན་དུ་དྲི་མ་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར་ལྡན་པ་ཡང་མ་ཡིན་ཞེས་བྱའོ། །ཕྱིས་སངས་རྒྱས་སུ་གྱུར་བའི་ཚེ་ཡང་སེམས་དེ་བློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཉིད་ལ་གནས་པའི་ཕྱིར་དྲི་མ་དེ་དག་ཤིན་དུ་མི་སྐྱེ་བས་སྤྲིན་ལ་སོགས་པ་དག་དང་མི་ལྡན་པའི་ནམ་མཁའ་བཞིན་དུ་འོད་གསལ་བའི་ཕྱིར་བྲལ་བ་ཡང་མ་ཡིན་ཞེས་བྱའོ། །གལ་ཏེ་སྔོན་ལྡན་པར་གྱུར་ན་ནི་ཕྱིས་བྲལ་བར་ཡང་འགྱུར་བ་ཞིག་ན། འདི་ལྟར་སྔོན་དྲི་མ་དང་བཅས་པའི་གནས་སྐབས་ན་ཡང་རང་བཞིན་གྱིས་ཡོངས་སུ་དག་པས་དེ་དག་དང་ལྡན་པ་མ་ཡིན་པ་དེའི་ཕྱིར་ཕྱིས་ཀྱང་དེ་དག་དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་སེམས་གང་ལ་སེམས་མ་ཡིན་ནོ་ཞེས་བྱ་བའི་སེམས་དེ་ཡོད་དམ་ཞེས་བྱ་བས་ཅི་ལ་དགོངས་ཤེ་ན། འདི་ལྟར་སེམས་དེ་སེམས་མ་ཡིན་ནོ་ཞེས་བྱ་བ། གནས་བརྟན་རབ་འབྱོར་གྱིས་དེའི་གནས་སྐབས་ན་ཡང་སེམས་ཤེས་བྱ་བའི་སྒྲར་བརྗོད་པས་སེམས་དེ་སེམས་མ་ཡིན་པའི་མཚན་ཉིད་དུ་ཡོད་དོ་སྙམ་དུ་སེམས་པར་འགྱུར་རོ་སྙམ་དུ་དྲིས་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་དེ་ལ་བདག་ནི་སེམས་ཀྱི་མཚན་ཉིད་དམ། སེམས་མ་ཡིན་པའི་མཚན་ཉིད་ཡོད་དོ་ཞེས་ནི་མི་

(༥༡༦)སྨྲའི། བརྗོད་དུ་མེད་པའི་བདག་ཉིད་དུ་རྣམ་པར་གནས་པ་ཤིན་དུ་ཡོངས་སུ་དག་པ་དེ་ལ་ཐ་སྙད་དུ་བརྗོད་པའི་དུས་ན། རྣམ་པ་གཞན་དུ་བརྗོད་དུ་མི་རུང་བའི་ཕྱིར་སྔོན་གྱི་ཤུགས་ཀྱི་རྗེས་སུ་འབྲང་བས་སེམས་ཤེས་བྱ་བ་དང་། སེམས་མ་ཡིན་ཞེས་བྱ་བར་སྨྲའོ་སྙམ་པའི་དགོངས་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་གང་སེམས་མ་ཡིན་པ་དེ་ལ་ཡོད་པའམ། མེད་པ་དེ་ལ་དམིགས་པའམ། ཡོད་པར་འགྱུར་རམ་ཞེས་བྱ་བ་གསུངས་ཏེ། སེམས་མ་ཡིན་པའི་གནས་སྐབས་ན། ཡོད་པའམ་མེད་པ་གཉི་གར་ཡང་བརྗོད་པར་མི་བྱ་སྟེ། མཐའ་གཉིས་ལ་བརྟེན་པར་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེའི་ཕྱིར་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མེད་དོ་ཞེས་གསུངས་སོ། །དེ་ནས་ཡང་གནས་བརྟན་རབ་འབྱོར་གྱིས་གལ་ཏེ་དེའི་གནས་སྐབས་ན་མཐའ་གཉིས་ཀྱིས་འཇིགས་པས་གཉི་ག་ལྟར་ཡང་བརྗོད་དུ་མི་རུང་ན་ཅིའི་ཕྱིར་ཁྱོད་འདི་སྐད་དུ་འདྲི་ཞེས་ཁྱོད་ཀྱིས་བརྒལ་ཞིང་བརྟག་པ་འདི་ཇི་ག་རིགས་སམ་ཞེས་བྱ་བ་གསུངས་སོ། །དེ་སྐད་གསུངས་པ་དང་གནས་བརྟན་ཤཱ་རིའི་བུས་གལ་ཏེ་ཡོད་པ་དང་མེད་པ་དག་མེད་ན་དེ་ལྟ་ན་ནི་སེམས་མ་ཡིན་པའི་མཚན་ཉིད་ཀྱང་མེད་པར་འགྱུར་ན། ཅིའི་ཕྱིར་སེམས་མ་ཡིན་ཞེས་སྨྲ་སྙམ་དུ་དགོངས་ནས་ཚེ་དང་ལྡན་པ་རབ་འབྱོར་སེམས་མ་ཡིན་པ་དེ་གང་ཡིན་ཞེས་གསུངས་སོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་དེ་ལ་བདག་ནི་སེམས་མ་ཡིན་པའི་མཚན་ཉིད་གཞན་དུ་གྱུར་བ་ལས་བསམས་ཏེ། སེམས་མ་ཡིན་པ་ཞེས་མི་སྨྲའི་སྔོན་དྲི་མ་དང་བཅས་པའི་གནས་སྐབས་ན་གང་འགྱུར་

(༥༡༧)བ་དང་། རྣམ་པར་རྟོག་པ་ཅན་ཡིན་པའི་ཕྱིར་དེ་ལ་སེམས་ཤེས་བྱའི། ད་ནི་དེ་ལྟ་བུ་མེད་པའི་ཕྱིར་སེམས་ཤེས་བྱ་བའི་དངོས་པོ་མེད་པ་ཙམ་ཞིག་ཁས་བླངས་ནས། སེམས་མ་ཡིན་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་བསྟན་པའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་རྣམ་པར་མི་རྟོག་པ་སྟེ་ཞེས་བྱ་བ་གསུངས་ཏེ། སྔོན་སེམས་ཀྱི་གནས་སྐབས་ལྟར་འགྱུར་བ་དང་། རྣམ་པར་རྟོག་པ་ཅན་གྱི་དངོས་པོ་མེད་པ་ལ་འདིར་སེམས་མ་ཡིན་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་བཤད་དོ། །གནོད་འཇོམས་ནི་ཡུམ་གསུམ་གའི་འགྲེལ་བ་ཡིན་པས་འདོད་ཆགས་དང་ལྡན་པ་དང་མི་ལྡན་པ་སོགས་ཡུམ་རྒྱས་པ་ན་ཡོང་པ་བཤད་པ་ཡིན་ནོ། །དེ་ཉིད་བརྒྱད་སྟོང་པ་ལ་སྦྱར་ཏེ་བཤད་པར་བྱ་བ་ལ། སེམས་དེ་ནི་སེམས་མ་མཆིས་པ་སྟེ་ཞེས་བྱ་བ་ནི་ད་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་ཞུགས་པའི་སེམས་དེ་ནི་སེམས་མ་ཡིན་ཞིང་མེད་པ་སྙིང་པོའི་སེམས་ཡིན་ཞེས་པ་སྟེ། མཐོ་ཡོར་མིར་སྣང་བ་ན་འདི་ནི་མི་མ་ཡིན་པ་ཡིན་ཞེས་བྱ་བ་ལྟ་བུའོ། །དོན་དུ་ན་ད་ལྟར་གྱི་སེམས་འདི་ངོ་བོ་ཉིད་མེད་པས་དེས་སྙིང་པོའི་སེམས་ནི་མི་འགོག་ཅེས་པའོ། །འོད་གསལ་བའོ་ཞེས་བྱ་བ་ནི་གཟུང་འཛིན་དུ་སྣང་བའི་སེམས་ཉིད་མུན་པ་སྟེ། སྙིང་པོ་ནི་དེ་ལས་བཟློག་ཅེས་པའོ། །སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ་ཞེས་པ་ནི་ཁྱོད་ཀྱིས་སེམས་མེད་པའི་སེམས་ཤིག་ཁས་བླངས་ན་དེ་ད་ལྟ་སེམས་ཅན་རྣམས་ཀྱིས་དམིགས་སུ་ཡོད་དམ་ཞེས་དྲིས་པའོ། །ལན་ནི་སེམས་མེད་པའི་

(༥༡༨)སེམས་ཤེས་བྱ་བ་ནི་གཟུང་འཛིན་དུ་སྣང་བ་དང་བྲལ་བ་ལ་བྱ་ན། དེ་བྱིས་པ་རྣམས་ཀྱིས་མ་དམིགས་ན་བྱིས་པ་ལ་ཡོད་པའི་ཐ་སྙད་དུ་ཇི་ལྟར་རུང་ཞེས་པའོ། །དེ་ནི་མེད་དོ་ཞེས་བྱ་བ་ནི་བྱིས་པས་དམིགས་པ་མ་ཡིན་ཞེས་པའོ། །གལ་ཏེ་སེམས་མེད་པ་དེ་ལ་བྱིས་པས་མི་དམིགས་པར་ཁྱོད་ཉིད་ཁས་ལེན་ན་བྱིས་པས་དམིགས་ཤིང་ཡོད་དམ་ཞེས་པའི་བརྒལ་བ་འདི་ཇི་ལྟར་རིགས་ཤེས་པའོ། །སེམས་མེད་པ་ཞེས་བྱ་བ་དེ་བྱིས་པས་མ་དམིགས་ན་དེའི་ངོ་བོ་ཅི་འདྲ་བ་ཞིག་དྲིས་པའོ། །ལན་ནི་འགྱུར་བ་མེད་ཅིང་རྣམ་རྟོག་མེད་པ་ཡིན་ཞེས་བྱ་བ་སྟེ། སྔར་བྱིས་པའི་ཉོན་མོངས་པ་བློ་བུར་བས་འགྱུར་བར་མ་བྱས་ཤིང་རྣམ་རྟོག་གིས་བཅོས་ཏེ་གཞག་པ་མ་ཡིན་པ་ཞིག་གོ་ཞེས་པ་སྟེ། དོན་བསྡུ་ན་ད་ལྟར་གཟུང་འཛིན་དུ་སྣང་བའི་སེམས་འདི་མངོན་སུམ་ཉིད་ཀྱིས་དཔྱད་ན་དམིགས་སུ་མེད་པ་ཡིན་པས་སྙིང་པོ་མ་ཡིན་ལ། འོན་ཀྱང་སྙིང་པོ་གཏན་མེད་པ་མ་ཡིན་སྟེ། སྔ་ཕྱིར་འགྱུར་བ་མེད་པའི་ཚུལ་དུ་ཡོད་ཅེས་པའོ། །དེ་བས་ན་སྙིང་པོ་འགྱུར་མེད་དེ་ཉིད་ཉོན་མོངས་སུ་སྣང་གི་སྣང་བདོ་བའི་དུས་ཀྱི་ངོ་བོ་ཉིད་དཔྱད་ན་སྙིང་པོ་ཉིད་དུ་གནས་ཤེས་པ་སྟེ། འདི་མངོན་སུམ་དུ་མཐོང་བ་ནི་འཕགས་པ་ཁོ་ནའོ་ཞེས་བྱའོ། །དེ་ཡང་སྔོན་ཉོན་མོངས་ཉིད་དུ་གྱུར་ཀྱང་ཕྱིས་དག་པར་བྱ་རྒྱུ་ཡང་ཡོད་པ་ནི་རྗེ་བཙུན་གྱིས། ཇི་ལྟར་ལྕགས་ལ་ཚ་བ་དང་། །མིག་ལ་རབ་རིབ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་པར་མི་བརྗོད་དོ། །ཞེས་གསུངས་པ་ཡིན་ཏེ། ཚད་མ་རྣམ་པར་ངེས་པ་ལས། །

(༥༡༩)ལྕགས་ཀྱི་གོང་བུ་ལ་ཡང་མེད་དང་འབྲེལ་བ་ལས་དེ་ལྟར་སྐྱེས་པའི་དོན་གཞན་གཅིག་ཉིད་མཐོང་བ་ཡིན་གྱི། རང་བཞིན་ཐ་དད་པའི་རྫས་དག་འདྲེས་པའི་ཕྱིར་རྣམ་པར་དབྱེར་མ་ཕྱེད་པ་ན་མ་ཡིན་ནོ། །ཡང་རྫས་དེའི་རྒྱུན་རྣམ་པར་གནས་པའི་རྒྱུ་རྒྱུན་ཆད་པའི་ཕྱིར་དེ་ལྡོག་ཅིང་དེའི་ཉེ་བར་ལེན་པ་ལ་ལྟོས་པ་ཅན་གྱི་གྲང་བའི་རེག་པ་ལ་སོགས་པ་རྣམས་ཀྱང་རྫས་གཞན་སྐྱེ་བ་ཡིན་ཏེ། ཞེས་གསུངས་པ་ལྟར་ཏེ། ལྕགས་གྲང་མོ་མེ་དང་འབྲེལ་བས་གྲང་བའི་རྫས་ལས་གཞན་ཚ་བ་ཉིད་དུ་གྱུར་ལ། རྐྱེན་མེ་མེད་པས་སླར་གྲང་བ་ཉིད་དུ་འགྱུར་བ་ཡིན་གྱི། ཚ་བ་དང་གྲང་བ་གཉིས་ལུགས་ཀྱི་རང་བཞིན་མ་ཡིན་པར་རྫས་གཞན་གཉིས་འདྲེས་པ་ལ་བློས་མ་ཕྱེད་དེ་གཅིག་ཏུ་དམིགས་པ་ནི་མ་ཡིན་པ་དེ་བཞིན་དུ་སེམས་ཀྱང་བག་ཆགས་ཀྱི་མེས་ཉོན་མོངས་སུ་གྱུར་ལ། བག་ཆགས་ལོག་ན་ཉོན་མོངས་མེད་པས་ཉོན་མོངས་དེས་སེམས་དང་འབྲལ་ཤེས་ཀྱང་ཉོན་མོངས་པ་ཉིད་ཀྱི་དུས་ན་རྣམ་དག་གི་སེམས་དང་ཉོན་མོངས་པས་གཉིས་པོ་རྫས་གཞན་དང་གཞན་པ་གཉིས་འདྲེས་ནས་བློས་མ་ཕྱེད་པ་ཙམ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འོ་ན་དེ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བརྗོད་པ་ཅི་ཡིན་སྙམ་ན། མིག་སྟོང་དང་ལྡན་པའི་བརྒྱ་སྦྱིན་གྱིས་ཀྱང་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་མི་མཐོང་བས་ཟབ་ཅེས་བརྗོད་པ་ལྟར་སེམས་ཅན་གྱི་སེམས་སྟོང་པ་ཉིད་ཁོ་ན་ཉོན་མོངས་པར་གྱུར་བ་འདི་ཆོས་ཟབ་མོ་རྟོགས་པའི་རང་རྒྱལ་གྱིས་ཀྱང་མ་རིག་པས་བསམ་གྱིས་མི་ཁྱབ་ཅེས་པའོ། །མདོར་ན་དབུ་མ་པའི་གཏན་ཚིགས་སྟོང་གིས་ཆོས་མཐའ་དག་ངོ་བོ་ཉིད་མེད་པར་གཏན་

(༥༢༠)ལ་ཕབ། བསམ་གཏན་པའི་བསམ་གཏན་གྱིས་ཉོན་མོངས་པའི་བུད་ཤིང་མཐའ་དག་ཟད་པར་བྱས་ཀྱང་གང་མཐོང་ན་མཚན་མ་མེད་པ་ཉིད་ཀྱིས་ཚུལ་དུ་མཐོང་གི་མཚན་མའི་ཚུལ་དུ་མི་མཐོང་བའི་ཁམས་འདི་ནི་གཞིག་ཅིང་གཞོམ་པར་མི་ནུས་སོ། །དེ་འདྲའི་སེམས་ཀྱི་བཞིན་སྟབས་ཇི་འདྲ་ཞེ་ན། མཚན་མ་མཐའ་དག་ལོག་པའི་སངས་རྒྱས་ཀྱི་བྱང་ཆུབ་དང་སེམས་ཅན་གྱི་ཁམས་ལ་ཁ་བཞིན་ལ་ཁྱད་པར་ཅི་ཡང་མེད་དེ། དེ་ལྟར་ན་དབུ་མ་ཆེན་པོ་རྣམས་ཀྱིས་སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་ལོག་པ་དང་། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པའི་ཡེ་ཤེས་ཀྱི་བཞིན་སྟབས་དེ་བ་ལང་གི་གཉུག་མའི་སེམས་ཀྱི་བཞིན་སྟབས་ཡང་ཡིན་ཏེ། དེ་འདྲ་བ་ཡང་། ཁྱི་དང་གླང་པོ་ལྕེ་སྤྱང་དང་། །སེམས་དེ་རྟར་ཡང་འགྲོ་བར་འགྱུར། །ཞེས་གསུངས་པ་ལྟར་འཁོར་བའི་སྡུག་བསྔལ་གྱི་རྒྱུན་གྱིས་ཁྱེར་བ་འདི་ལས་ངོ་མཚར་ཆེ་བ་གཞན་ཅི་ཡང་མེད་དོ། །དོན་འདི་དག་ཀྱང་ལང་ཀར་གཤེགས་པ་ལས། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གཏོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་སྤྱོད་ཡུལ་རྟོགས་པ་རྣམ་པར་ཕྱེ་བའི་མཚན་ཉིད་མཆིས་པ་དང་མ་མཆིས་པ་དང་། གཅིག་པ་དང་ཐ་དད་པ་དང་། གཉིས་ཀ་དང་གཉིས་ག་མ་ལགས་པ་དང་། མཆིས་པའང་མ་ལགས་མ་མཆིས་པའང་མ་ལགས་པ་དང་། རྟག་པ་དང་མི་རྟག་པ་སྤངས་པ། མུ་སྟེགས་ཅན་གྱི་རྟོག་པ་མི་རྒྱུ་བ་འཕགས་

(༥༢༡)པ་སོ་སོ་རང་གི་ཡེ་ཤེས་ཀྱིས་མཁྱེན་པར་བགྱི་བ་ཀུན་བརྟགས་པའི་རང་དང་སྤྱིའི་མཚན་ཉིད་ལས་རྣམ་པར་ལོག་པ། དོན་དམ་པ་དེ་ཁོ་ན་ཉིད་ལ་འཇུག་པ། སའི་མཚམས་སྦྱོར་ཞིང་གོང་ནས་གོང་དུ་རྣམ་པར་དག་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ས་ལ་རྗེས་སུ་འཇུག་པའི་མཚན་ཉིད་སྔོན་གྱི་སྨོན་ལམ་གྱིས་གཟུགས་སྣ་ཚོགས་ཀྱི་ནོར་བུ་ལྟ་བུར་འཇུག་པ། ཡུལ་མཐའ་ཡས་པའི་མཚན་ཉིད་ལྷུན་གྱིས་གྲུབ་པར་རབ་ཏུ་རྒྱུ་བ་འདི་དག་ལ་སོགས་པ་ལ་ཅི་ནས་ཀྱང་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀུན་བརྟགས་པའི་རང་བཞིན་གྱི་རང་དང་སྤྱིའི་མཚན་ཉིད་ལས་རྣམ་པར་ལོག་པའི་ལྟ་བ་ཅན་རྣམས་སུ་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བར་བདག་ལ་བཤད་དུ་གསོལ། ཞེས་བྱ་བའི་བློ་གྲོས་ཆེན་པོའི་དྲི་བ་འདི་ལ་རྒྱས་པར་གསོལ་བ་དང་། མདོར་བསྡུས་ཏེ་གསོལ་བ་གཉིས་སོ། །རྒྱས་པར་གསོལ་བ་ལ་ཡང་རྣམ་པ་གསུམ་སྟེ། ཡུལ་དོན་དམ་པ། ཡུལ་ཅན་དོན་དམ་པ། དོན་གང་གི་ཕྱིར་གསོལ་བའོ། །ཡུལ་དོན་དམ་པ་གསོལ་བ་ནི་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཉི་ཁྲི་ལྔ་སྟོང་པ་ལས། ཆོས་ཐམས་ཅད་ཅེས་བྱ་བ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དང་མིག་དང་རྣ་བ་དང་སྣ་དང་།།།དང་ལུས་དང་ཡིད་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་དང་མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་

(༥༢༢)པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། གཟུགས་ཅན་གྱི་ཆོས་དང་། གཟུགས་མེད་པའི་ཆོས་དང་། འདུས་བྱས་ཀྱི་ཆོས་ཏེ་འདི་དག་ནི་ཆོས་ཐམས་ཅད་ཅེས་བྱའོ། །ཞེས་གསུངས་པའོ། །དེ་ལས་ཀུན་བརྟགས་ཀྱི་ཆོས་ཐམས་ཅད་ནི་རང་གི་སེམས་ཡུལ་དུ་སྣང་བའི་སྤྱོད་ཡུལ་ལ་རྣམ་པར་བརྟགས་པ་ཡིན་ཏེ། དེ་ཇི་ལྟར་རྟོགས་ཤིང་དེ་རྣམ་པར་ཕྱེ་བ་སྟེ་བྱེ་བྲག་ཏུ་ཕྱེ་བའི་མཚན་ཉིད་བཅུ་པོ་མཆིས་པ་དང་མ་མཆིས་པ་དང་། གཅིག་པ་དང་ཐ་དད་པ་དང་། གཉི་ག་དང་གཉི་ག་མ་ལགས་པ་དང་། མཆིས་པའང་མ་ལགས་མ་མཆིས་པའང་མ་ལགས་པ་དང་། རྟག་པ་དང་མི་རྟག་པ་རྣམས་ནི་ཀུན་བརྟགས་པ་སྟེ། དེ་སྤངས་པ་ནི་ཡོངས་སུ་གྲུབ་བའོ། །ཡུལ་ཅན་དོན་དམ་པ་ནི་ཕྱི་དང་ནང་གི་མུ་སྟེགས་ཅན་གྱི་རྟོག་པའི་ཡུལ་མ་ཡིན་པས་མི་རྒྱུ་བ། འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་

(༥༢༣)གྲུབ་པ་ཡིན་ལ། དེས་མཁྱེན་པར་བགྱི་བ་ནི་དེ་བཞིན་ཉིད་དེ། མི་འགྱུར་བར་ཡོངས་སུ་གྲུབ་པའོ། །དོན་གྱིས་ན་མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་ལ་ཤེས་པ་དང་ཡང་དག་པའི་ཡེ་ཤེས་ཏེ་ཆོས་ལྔ་པོ་ཞུས་པ་ཡིན་ལ། དེ་བཞིན་ཉིད་ནི་གཙོ་བོའི་དོན་ཏོ། །དོན་གང་གི་ཕྱིར་ཞུས་པ་ནི་ཀུན་བརྟགས་པའི་རང་དང་སྤྱིའི་མཚན་ཉིད་ལས་རྣམ་པར་ལོག་པ། དོན་དམ་པ་དེ་ཁོ་ན་ཉིད་ལ་ཤེས་པ་འཇུག་ཅིང་རྟོགས་པ་ནི་དངོས་ཀྱི་དགོས་པ་ཡིན་ལ། བརྒྱུད་པས་ནི་ས་བཅུ་པོ་རྣམས་སྔ་མ་ལས་ཕྱི་མར་མཚམས་སྦྱོར་བ་ནི་ས་བཅུ་བའི་མདོར། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ལེགས་པར་ཡོངས་སུ་སྦྱང་བ་བྱས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་གཉིས་པ་ལ་མངོན་པར་འདོད་པ་ཡིན་ཏེ་དེའི་སེམས་ཀྱི་བསམ་པ་བཅུ་འབྱུང་ངོ་། །ཞེས་བྱ་བ་ལ་སོགས་པ་ས་སྔ་མ་ཐོབ་ནས་ས་་ྱི་མ་ལ་འཇུག་པའི་ཆོས་བཅུ་བཅུ་གསུངས་པ་རྣམས་སོ། །གོང་ནས་གོང་དུ་སྒྲིབ་པ་རིམ་གྱིས་རྣམ་པར་དག་པས་དེ་བཞིན་གཤེགས་པའི་ས་ལ་རྗེས་སུ་འཇུག་ཅིང་དེ་ཐོབ་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ལ། དེའི་བྱ་བ་གཞན་གྱི་དོན་ནི་སྔོན་གྱི་སྨོན་ལམ་གྱིས་གཟུགས་སྣ་ཚོགས་ཀྱི་ནོར་བུ་ལྟ་བུར་སེམས་ཅན་གྱི་བསམ་པ་དང་མཐུན་པར་གནས་ཐོབ་པར་བྱ་བའི་ཕྱིར་དུ་ཞུ་བའོ། །དེ་དག་ཉིད་མདོར་བསྡུས་ཏེ་གསོལ་བ་ནི་ཡུལ་མཐའ་ཡས་པའི་མཚན་ཉིད་ནི་བྱང་ཆུབ་བོ། །ལྷུན་གྱིས་གྲུབ་པར་རབ་ཏུ་རྒྱུ་བ་ནི་གཞན་གྱི་དོན་ཏེ་འདི་དག་ལ་སོགས་པ་ལ་ཅི་ནས་ཀྱང་བདག་དང་བྱང་ཆུབ་

(༥༢༤)སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཤེས་པ་ནི་དགོས་པ་དེ་དག་ལ་སྒྲུབ་པའི་གང་ཟག་གོ །དེ་རྣམས་ལ་ཀུན་བརྟགས་པའི་རང་བཞིན་གྱི་རང་དང་སྤྱིའི་མཚན་ཉིད་ལས་རྣམ་པར་ལོག་པའི་ལྟ་བ་ཅན་རྣམས་སུ་གྱུར་ཏེ་ཞེས་པ་ནི་ཆོས་བཤད་པའི་དངོས་ཀྱི་འབྲས་བུ་བསྡུས་པའོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ། ཁྱོད་དོན་འདི་གསོལ་བ་འདེབས་པར་སེམས་པ་ནི་བློ་གྲོས་ཆེན་པོ་ཁྱོད་འགྲོ་བ་མང་པོ་ལ་ཕན་པ་དང་། འགྲོ་བ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེའི་དོན་དང་ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་སྟེ། བློ་གྲོས་ཆེན་པོ་ཁྱོད་ལེགས་སོ། །བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །ལེགས་སོ་བཅོམ་ལྡན་འདས་ཤེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པ་དང་། ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་པ་ལ་མངོན་པར་ཞེན་པས་ཡོད་པ་དང་མེད་པ་དང་གཅིག་པ་དང་ཐ་དད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་ཡོད་

(༥༢༥)པའང་མ་ཡིན་མེད་པའང་མ་ཡིན་པ་དང་རྟག་པ་དང་མི་རྟག་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུ་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པས་རྣམ་པར་རྟོག་གོ །ཞེས་པ་ནི་ཀུན་བརྟགས་པ་དེ་དག་རྟོག་པར་བྱེད་པ་པོ་ནི་སོ་སོའི་སྐྱེ་བོ་ཡིན་ལ། དེ་ལ་རྟོག་པ་དེ་སྐྱེ་བའི་རྒྱུ་ནི་སྣང་བ་སེམས་སུ་མ་རྟོགས་པ་དང་ཡུལ་རང་བཞིན་མེད་པར་མ་རྟོགས་པའི་མ་རིག་པ་དང་། དེས་གཞག་པའི་བག་ཆགས་སོ། །ཇི་ལྟར་རྟོག་པ་ནི་ས་བཅུར་རྟོག་པ་སྟེ། དེ་དག་ཀྱང་ཡོད་པ་དང་མེད་པ་དང་གཅིག་པ་དང་ཐ་དད་པ་དང་རྟག་པ་དང་མི་རྟག་པ་སྟེ་མཐའ་དྲུག་ཏུ་བསྡུའོ། །གཅིག་པ་ནི་གྲངས་ཅན་པ་དག་ས་བོན་དང་མྱུ་གུ་མངོན་པར་གསལ་བས་ཐ་དད་ཀྱང་ངོ་བོ་ཉིད་གཅིག་སྙམ་དུ་སྒྲོ་འདོགས་པའོ། །ཐ་དད་པ་ནི་བློ་དང་བདེ་བ་ལ་སོགས་པ་ཤེས་པ་ལས་ཐ་དད་པར་སྒྲོ་འདོགས་པའོ། །ཡོད་པར་སྒྲོ་འདོགས་པ་ནི་བདེ་སྡུག་བཏང་སྙོམས་རྣམས་རྣམ་འགྱུར་མཐའ་དག་བསྐྱེད་པའི་བྱེད་པ་པོར་ཡོད་ཅེས་སྒྲོ་འདོགས་པའོ། །མེད་པར་སྒྲོ་འདོགས་པ་ནི་སྒྲ་ལ་སོགས་པ་ལ་འཇིག་པ་མེད་ཅེས་པ་ལྟ་བུའོ། །རྟག་པ་དང་མི་རྟག་པར་སྒྲོ་འདོགས་པ་ནི་གང་དག་རང་བཞིན་གྱིས་ཡོད་པ། དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་བུམ་པ་ལ་སོགས་པ་ངོ་བོ་ཉིད་ཀྱིས་ཡོད་པ་དང་། ངོ་བོ་ཉིད་དེ་ཕྱིས་རྒྱུན་ཆད་པར་རྟོག་པའོ། །སྤྱིར་ཀུན་བརྟགས་པ་རྟོག་པས་བརྟགས་པ་ལ་མཐའ་མེད་ཀྱང་དེ་དག་བསྡུ་ན་ཡུལ་དུས་ངོ་བོ་གསུམ་དུ་རྟོག་པར་འདུས་པ་ཡིན་ཏེ། ཡུལ་ལས་ནི་ཡོད་པ་དང་ཆེད་པ་སྟེ། གཞི་

(༥༢༦)གང་ལ་དམིགས་པ་དང་མ་དམིགས་པའོ། །འདི་ལྟར་རིག་པར་བྱ་སྟེ་སྒྲོ་འདོགས་ཐམས་ཅད་ཀྱི་རྒྱུ་ནི་མ་རིག་པ་དང་བག་ཆགས་ཡིན་པར་བཤད་ཟིན་ལ། དེ་ཡང་སྒྲོ་འདོགས་གཞན་ཐམས་ཅད་དངོས་པོའི་ངོ་བོ་ཉིད་དུ་འཛིན་པའི་སྒྲོ་འདོགས་ལས་སྐྱེས་པ་ཡིན་པས་དངོས་པོའི་ངོ་བོ་ཉིད་ཚད་ལས་ཁེགས་ན་སྒྲོ་འདོགས་ཐམས་ཅད་ལྡོག་པར་འགྱུར་རོ། །དེ་ལྟར་ན་ཇི་ཙམ་དུ་ཡོད་པ་དང་མེད་པར་རྟོག་པ་དང་གཅིག་དང་ཐ་དད་དུ་རྟོག་པ་དང་རྟག་པ་དང་མི་རྟག་པར་རྟོག་པ་ཙམ་ནི་སྒྲོ་འདོགས་སུ་མི་བརྗོད་དེ། ཚད་མས་གནོད་པ་མེད་པའི་ཕྱིར་རོ། །འོན་ཀྱང་བ་ལང་གི་དཀར་པོ་ཞེས་བརྗོད་པའི་ཚེ་དཀར་པོ་བ་ལང་ལས་ཐ་དད་པར་བརྗོད་ཅིང་། བ་ལང་དཀར་པོ་ཞེས་བརྗོད་པའི་ཚེ་དཀར་པོ་བ་ལང་ལས་ཐ་མི་དད་པར་བརྗོད་དེ། དེ་ལྟ་བུ་དག་ཀྱང་རྟོག་པས་བྱས་པའི་ཕྱིར་ཀུན་བརྟགས་པ་ཡིན་ཞིང་ཐ་སྙད་པའི་ཚད་མས་ཀྱང་གྲུབ་པ་ཡིན་ནོ། །སྒྲ་རྟག་པ་ལྟ་བུ་ནི་རྟོག་པས་ཀུན་བརྟགས་པ་ཡིན་ཡང་མཚན་ཉིད་གསུམ་གྱི་ཡ་གྱལ་དུ་གྱུར་བའི་ཀུན་བརྟགས་ནི་མ་ཡིན་སྟེ། མཚན་ཉིད་གསུམ་ལ་ནི་ངོ་བོ་ཉིད་གསུམ་དང་རང་བཞིན་གསུམ་ཞེས་ཀྱང་ཟེར་བས་གཏན་གཞི་མ་གྲུབ་པ་ལ་མཚན་ཉིད་མི་སྲིད་པའི་ཕྱིར་རོ། །དེས་ན་ཀུན་དུ་བརྟགས་པ་ཚད་མས་གྲུབ་པ་ཞིག་ཆོས་ཅན་དུ་བྱས་ནས་དེའི་དངོས་པོའི་ངོ་བོ་ཉིད་མེད་པ་སྟེ། ཆོས་དང་ཆོས་ཅན་བསྡོམས་པ་ནི། དངོས་པོ་ངོ་བོ་ཉིད་དཀར་པོ་བ་ལང་གི་ཆོས་ལྟ་བུ་དངོས་པོའི་ངོ་བོ་ཉིད་དུ་མེད་པའི་མེད་པར་དགག་པ་ནི་ཡོངས་གྲུབ་ཅེས་བྱ་སྟེ། དེས་ནི་ཕྱི་རོལ་གྱི་དངོས་པོ་ལ་མངོན་པར་ཞེན་པ་བཟློག་པ་ཡིན་ནོ། །

(༥༢༧)སྐབས་འདིར་མིག་གི་རྣམ་པར་ཤེས་པ་ལ་ཤར་བའི་སྔོན་པོའི་རྣམ་པ་དང་། རྣམ་པ་དེ་སྔོན་པོ་ཉིད་དུ་རྟོག་པར་བྱེད་པ་སེམས་ཀྱི་རང་བཞིན་ཡིན་པ་བཀག་པའི་གཞི་བཅོས་མ་མ་ཡིན་པའི་སེམས་ནི་ཡོངས་སུ་གྲུབ་པ་གཅིག་ཡིན་ཏེ། འཁོར་ལོ་ཕྱི་མར་ཡོངས་སུ་གྲུབ་པ་གཉི་ག་ཞལ་གྱིས་བཞེས་པར་མཛད་ཀྱང་ཕྱི་མ་གཙོ་བོ་ཡིན་ནོ། །དེ་ལ་བྱིས་པ་རང་ག་བ་རྣམས་ཀྱིས་ཨུཏྤ་ལའི་སྔོན་པོའི་རྣམ་པ་སྣང་བ་ན་ཨུཏྤ་ལའི་སྔོན་པོ་འདི་ནི་བདག་གི་མིག་ལ་ཕན་ནོ་ཞེས་རྟོག་སྟེ། ཨུཏྤ་ལའི་རྣམ་པ་མིག་ལ་ཕན་པར་བརྟགས་པ་དང་། ཨུཏྤ་ལ་མིག་ལ་ཕན་པར་བརྟགས་པ་དང་གཉིས་འཇུག་པ་གཅིག་ཅིང་རྟོག་པ་གཅིག་གིས་བྱེད་པས་ཆོས་ཀྱི་གྲགས་པས། སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས། ཤེས་ལན་མང་དུ་གསུངས་སོ། །ཡོངས་གྲུབ་སྔ་མ་གཏན་ལ་འབེབས་པའི་ཚེ་སྨིག་རྒྱུ་ལ་སོགས་པ་རྟགས་ཆོས་གཉིས་དང་ལྡན་པའི་དཔེར་འགྱུར་ལ། ཡོངས་སུ་གྲུབ་པ་ཕྱི་མ་གཏན་ལ་འབེབས་པའི་ཚེ་ནི་མིག་ཤེས་ཚད་མ་ལ་སྣང་བའི་སྔོན་པོའི་རྣམ་པ་དང་མིག་ནད་ཅན་ལ་སྣང་བའི་སྐྲ་ཤད་ཀྱི་རྣམ་པ་དང་སྨིག་རྒྱུ་ལ་སོགས་པའི་རྣམ་པ་རྣམས་བརྫུན་སྣང་དུ་ཁྱད་པར་མེད་ཅིང་། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་རྣམ་པར་རྟོག་པ་རྣམས་ཀྱང་སྨིག་རྒྱུ་དང་འདྲ་བར་བརྫུན་སྣང་ཉིད་ཡིན་པར་ངེས་པར་བྱེད་དེ། རྨི་ལམ་དང་སད་པའི་གནས་སྐབས་དག་ཀྱང་སྐྱེ་བོ་རྣམས་ཀྱི་ཐ་སྙད་ཀྱི་ཡུལ་ལ་བདེན་པ་དང་བརྫུན་པའི་ཁྱད་པར་ཡོད་ཀྱང་འཕགས་པའི་ལམ་ལ་ཞུགས་

(༥༢༨)པ་དག་ནི་རྨི་ལམ་དང་ཆུ་ཟླས་ཀྱང་དོན་བྱེད་ནུས་པ་ཙམ་ཞིག་ནི་ཡོད་ལ། བུམ་པ་ལ་སོགས་པ་ཡོད་པ་ཉིད་དུ་ངེས་པར་བྱེད་པའི་རྒྱུ་མཚན་ཡང་དོན་བྱེད་པ་ལས་ལྷག་པ་མེད་པས་རྣམ་པ་ཀུན་དུ་མཚུངས་སོ་ཞེས་བྱ་བའི་དོན་འདི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། དོན་མཚུངས་པ་ཡི་དོན་བྱེད་པ། །རྨི་ལམ་གནོད་པ་བཞིན་མིན་ནམ། །རྨི་ལམ་སད་པའི་གནས་སྐབས་དག །དོན་བྱེད་པ་ལ་ཁྱད་པར་མེད། །ཅེས་བྱ་བ་འདིས་གསུངས་པ་ཡིན་ནོ། །དེས་ན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས། །ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ །ཞེས་གསུངས་པ་ལ་མ་བསླད་པའི་མིག་གི་རྣམ་པར་ཤེས་པ་ནི་འཇིག་རྟེན་ན་ཚད་མ་ཡིན་པས་ཡང་དག་པའི་ཤེས་པ་ཡིན་ཞིང་དེས་གཞལ་བའི་སྔོན་པོ་ལ་སོགས་པ་ཡང་ཡང་དག་ཀུན་རྫོབ་ཅེས་བྱ་ལ། འཕགས་པ་རྣམས་ཀྱི་དབང་དུ་བྱས་ནས་དབུ་མ་སྙིང་པོ་ལས། ཡང་དག་དོན་རྟོགས་རྗེས་མཐུན་ཕྱིར། །ཡང་དག་ཀུན་རྫོབ་ཤེས་པ་ཡིན། །ཞེས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཆོས་རྣམས་རྨི་ལམ་དང་སྒྱུ་མ་ལྟ་བུར་རྟོགས་པ་དེ་ལ་ཡང་དག་ཤེས་པ་ཞེས་བྱ་ཞིང་དེའི་དབང་དུ་བྱས་ནས་རྨི་ལམ་དང་སད་པ་དག་བདེན་ན་ཡང་བདེན་མཉམ་དང་བརྫུན་ན་ཡང་བརྫུན་མཉམ་དུ་འདོད་དོ། །འདིར་བརྫུན་པའི་སྒྲ་ནི། བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཞེས་པ་ལྷ་མ་མཐོང་བར་ལྷ་མཐོང་ངོ་ཞེས་པའི་བརྫུན་པ་དང་། གཟུགས་སོགས་ཇི་ལྟར་སྣང་བ་ལ་གཅིག་དུ་བྲལ་ལ་སོགས་པའི་རིགས་

(༥༢༩)པས་བརྟགས་ན་སྙིང་པོ་ཅི་ཡང་མེད་པས་གཟུགས་བརྫུན་ནོ་ཞེས་བརྗོད་པ་དང་། སྨིག་རྒྱུ་ལ་ཆུར་འཁྲུལ་བ་ན་བློའི་དཔྱད་པ་ཅི་ཡང་མ་བྱས་ཀྱང་ཡུལ་དེར་ཕྱིན་པ་ན་མངོན་སུམ་གྱིས་ཆུ་མེད་པར་རྟོགས་པ་ལྟར་མཉམ་པར་གཞག་པའི་མངོན་སུམ་གྱིས་འདོད་ཆགས་ལ་སོགས་པའི་རྟོག་པ་ལ་ལྟས་པ་ན་ཅི་ཡང་ཡོད་པ་མ་ཡིན་པས་བརྫུན་ཞེས་བརྗོད་པ་སྟེ། དེ་ལྟར་ན་བ་ལང་རྫིས་ཀྱང་ཤེས་པའི་བརྫུན་དང་མཁས་པའི་རིགས་པས་བཙལ་ན་མ་རྙེད་པ་ལ་བརྫུན་དང་། རྣལ་འབྱོར་བའི་མངོན་སུམ་གྱིས་ལྟས་པ་ན་མ་མཐོང་བའི་བརྫུན་ཏེ་གསུམ་པོ་དེ་ལས་འདིར་སྨིག་རྒྱུ་ལ་སོགས་པའི་དཔེ་རྣམས་ཀྱིས་དོན་ཁོང་དུ་ཆུད་པར་བྱའོ། །དེ་ཡང་རྣལ་འབྱོར་གྱི་ཤེས་པ་ཐམས་ཅད་ཀྱིས་འདོད་ཆགས་ལ་སོགས་པ་ངོ་བོ་ཅིར་ཡང་མ་གྲུབ་པར་མ་རྟོགས་ཏེ་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་མངོན་སུམ་གྱིས་ཤེས་པའི་སྒོམ་བྱུང་གི་མངོན་ཤེས་ཡོད་པའི་ཕྱིར་རོ། །དེས་ན་བལྟས་པས་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར་བའི་མངོན་སུམ་ནི་ཕྱག་རྒྱ་ཆེན་པོ་བ་དག་གིས་རང་གི་ངོ་བོ་ལ་ལྟ་བ་ཞེས་བྱ་བར་ཐ་སྙད་མཛད་དོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་སྨིག་རྒྱུའི་ཆུ་ལ་དཔྱོད་ཀྱི་ཉི་མས་གདུངས་པའི་རི་དགས་རྣམས་ཆུའི་དངོས་པོར་རྣམ་པར་རྟོག་ཅིང་བཏུང་བར་འདོད་པའི་ཕྱིར་རབ་ཏུ་རྒྱུག་སྟེ། རང་གི་སེམས་ཀྱི་ལྟ་བས་ནོར་བ་ཁོང་དུ་མ་ཆུད་པའི་ཕྱིར་འདི་ན་ཆུ་མེད་དོ་ཞེས་བྱ་བར་ཡང་མི་ཤེས་སོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཐོག་མ་མེད་པའི་དུས་ཀྱི་རྣམ་པ་སྣ་ཚོགས་ཀྱིས་སྤྲོས་པ་ལ་རྣམ་པར་རྟོག་པས་བསྒོས་པའི་བློ་ཅན་

(༥༣༠)འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེས་ཡོངས་སུ་གདུངས་པའི་ཡིད་ཅན་གཟུགས་རྣམ་པ་སྣ་ཚོགས་ཀྱི་ཡུལ་ལ་མངོན་པར་མོས་པ། སྐྱེ་བ་དང་འཇིག་པ་དང་གནས་པར་ལྟ་བའི་བསམ་པ་ཅན་ཕྱི་ནང་གི་དངོས་པོ་ལ་མི་མཁས་པ་དེ་དག་གཅིག་པ་དང་ཐ་དད་པ་དང་ཡོད་པ་དང་མེད་པར་འཛིན་པར་རབ་ཏུ་ལྟུང་ངོ་། །ཞེས་བྱ་བ་ནི་དཔྱིད་དུས་ཀྱི་ཉི་མས་རི་དགས་ཀྱི་ལུས་གདུངས་པ་ལྟར་སོ་སོའི་སྐྱེ་བོའི་སེམས་ཐོག་མ་མེད་པའི་སྣང་ཚོགས་པའི་སྤྲོས་པའི་བག་ཆགས་ཀྱིས་གདུངས་པ་དང་། རི་དགས་སྐོམ་པས་གདུངས་པ་ལྟར་དུག་གསུམ་གྱི་མེས་གདུངས་པའི་ཡིད་ཅན། རི་དགས་རྒྱང་རིང་པོའི་སྨིག་རྒྱུ་ལ་ཆུར་འདུ་ཤེས་པ་ལྟར་སོ་སྐྱེ་གདུང་བ་གཉིས་ཀྱིས་གདུངས་པ་རྣམས་གཟུགས་ལ་སོགས་པ་ལ་སྐྱེ་འཇིག་གནས་གསུམ་དང་ཡོད་མེད་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་དུ་འདུ་ཤེས་ཀྱང་འཕགས་པའི་ཡེ་ཤེས་སྐྱེས་པའི་ཚེ་འདུ་ཤེས་ཀྱི་ཡུལ་དེ་དག་མི་གཟིགས་སོ་ཞེས་པའོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། དྲི་ཟའི་གྲོང་ཁྱེར་ལ་གྲོང་ཁྱེར་མ་ཡིན་པར་མི་མཁས་པ་རྣམས་ལ་གྲོང་ཁྱེར་གྱི་འདུ་ཤེས་འབྱུང་སྟེ། གྲོང་ཁྱེར་ལྟ་བུ་དེ་ནི་ཐོག་མ་མེད་པའི་དུས་ནས་གྲོང་ཁྱེར་གྱི་ས་བོན་གྱི་བག་ཆགས་ལ་མངོན་པར་ཞེན་པའི་ཕྱིར་སྣང་སྟེ། བློ་གྲོས་ཆེན་པོ་གྲོང་ཁྱེར་དེ་ནི་གྲོང་ཁྱེར་ཡང་མ་ཡིན། གྲོང་ཁྱེར་མེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པའི་བློ་ཅན་ཐོག་མ་མེད་པའི་དུས་ནས་མུ་སྟེགས་ཅན་སྤྲོས་པའི་བག་ཆགས་ལ་མངོན་པར་ཞེན་པ་རྣམས་གཅིག་པ་དང་ཐ་དད་པ་དང་ཡོད་པ་དང་མེད་པར་སྨྲ་བ་ལ་མངོན་པར་ཆགས་སོ། །

(༥༣༡)ཞེས་བྱ་བ་ནི་ཇི་ལྟར་དབྱར་གྱི་དུས་རི་བོའི་རྩེ་དང་ཆུ་རླབས་དང་ཉི་མའི་འོད་ལ་བརྟེན་ནས་དེ་དང་ཉེ་བའི་བྲག་གི་ངོས་ལ་སོགས་པར་དྲི་ཟའི་ཁང་པ་ཞེས་བྱ་བ་ཁང་པའི་ཁྱད་པར་ཐམས་ཅད་དང་ལྡན་པའི་སྣང་བརྙན་འབྱུང་བ་དེ་ལ། བྱིས་པ་མི་མཁས་པ་རྣམས་ཀྱི་མིག་གི་ཤེས་པས་མཐོང་ནས་གྲོང་ཁྱེར་ཡང་དག་པའོ་སྙམ་པའི་ཡིད་ཀྱི་འདུ་ཤེས་འབྱུང་ལ། སྔ་དྲོ་དེ་ལྟ་བུ་མཐོང་བའི་ཕྱི་དྲོའི་དུས་སུ་མ་མཐོང་བ་ན་གྲོང་ཁྱེར་ཡང་དག་པ་ཞིག་ཞིག་གོ་སྙམ་དུ་འདུ་ཤེས་འབྱུང་ངོ་། །དེ་གྲོང་ཁྱེར་ཡང་དག་པའམ་དངོས་ནི་མ་ཡིན་ལ། གྲོང་ཁྱེར་དང་རྣམ་པ་འདྲ་བའི་སྣང་བརྙན་འཇའ་ཚོན་ལྟ་བུ་ཞིག་ནི་ཡོད་པས་གྲོང་ཁྱེར་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་ཞིང་། གྲོང་ཁྱེར་དངོས་སུ་འདུ་ཤེས་པ་ཡང་གྲོང་ཁྱེར་དངོས་མཐོང་བའི་བག་ཆགས་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་མ་བྱང་བ་དག་དང་མུ་སྟེགས་བྱེད་དག་རང་གི་མིག་ལ་སོགས་པའི་རི་བོའི་རྩེར་སྔོ་སེར་ལ་སོགས་པའི་རྣམ་པ་ཤར་བ་ལ་སྔོ་སེར་དངོས་ཡིན་པར་བཟུང་ནས་གཅིག་དང་ཐ་དད་ལ་སོགས་པའི་ཁྱད་པར་གྱི་དཔྱད་པ་མང་པོ་བྱེད་དེ། སྔོན་པོའི་རྣམ་པ་ལོག་པ་ན་སྔོན་པོ་ཞིག་གོ་སྙམ་དུ་ཡང་རྟོག་པ་འབྱུང་སྟེ། དེ་འདྲ་བའི་འདུ་ཤེས་ཕྱིན་ཅི་ལོག་འདི་ཡང་སྤྲོས་པའི་བག་ཆགས་ལས་བྱུང་ཞེས་པའོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། མི་ལ་ལ་ཞིག་ཉལ་བའི་རྨི་ལམ་དུ་བུད་མེད་དང་། སྐྱེས་པ་དང་། གླང་པོ་དང་། རྟ་དང་། ཤིང་རྟ་དང་། རྐང་ཐང་དང་། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། བ་ལང་། མ་ཧེ་དང་། ནགས་

(༥༣༢)ཚལ་དང་། སྐྱེད་མོས་ཚལ་དང་། རི་དང་འབབ་ཆུ་དང་། རྫིང་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི་ཡུལ་གྲོང་ཁྱེར་རིན་པོ་ཆེར་ཕྱིན་པ་སྙམ་ལ། སད་ནས་དེ་སད་པ་དང་ཡུལ་གྲོང་ཁྱེར་རིན་པོ་ཆེ་ཉིད་རྗེས་སུ་དྲན་ན། བློ་གྲོས་ཆེན་པོ་དེ་ཇི་སྙམ་དུ་སེམ། དེ་ལྟར་ཡང་དག་པ་མ་ཡིན་པའི་རྨི་ལམ་རྣམ་པ་སྣ་ཚོགས་རྗེས་སུ་དྲན་པར་བྱེད་པའི་སྐྱེས་བུ་དེ་ཅི་ག་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་བ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བ་ངན་པས་ཟིན་པ་མུ་སྟེགས་ཅན་གྱི་བློ་ཅན་དག་རང་གི་སེམས་སྣང་བའི་དངོས་པོ་རྨི་ལམ་ལྟ་བུར་ཁོང་དུ་མ་ཆུད་པ་རྣམས་ཁོང་དུ་མ་ཆུད་གཅིག་པ་དང་ཐ་དད་པ་དང་ཡོད་པ་དང་མེད་པར་ལྟ་བ་ལ་བརྟེན་ཏོ། །ཞེས་པ་ནི་འདི་ཉིད་དུ། ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཞེས་གསུངས་པ་དང་དོན་གཅིག་སྟེ། རྨི་ལམ་གྱི་སྐྱེས་པ་དང་བུད་མེད་སོགས་ནི་ལོངས་སྤྱོད་པ་པོའོ། །གླང་པོ་དང་རྟ་ལ་སོགས་པ་ནི་ལོངས་སྤྱད་བྱ་སེམས་ཅན་དུ་སྣང་བའོ། །གྲོང་དང་གྲོང་ཁྱེར་ལ་སོགས་པ་ནི་གནས་སུ་སྣང་བའོ། །དེ་དག་ལ་ལོངས་སྤྱོད་པར་སྣང་བ་ཡང་གླང་པོ་དང་རྟ་ལ་སོགས་པ་ནི་དཔུང་ཚོགས་བཞིར་སྣང་བས་ཞེ་སྡང་གི་ལས་སོ། །སྐྱེས་པ་དང་བུད་མེད་དང་ཁང་བཟངས་སོགས་སུ་ལོངས་སྤྱོད་བྱེད་པར་སྣང་བ་ནི་འདོད་ཆགས་ཀྱི་ལས་སོ། །བར་མར་གནས་པ་དག་ནི་གཏི་མུག་གི་ལས་སོ། །དེ་ལྟར་མཐོང་བའི་རྨི་ལམ་དང་ཚོགས་དྲུག་གི་ཤེས་

(༥༣༣)པ་ལ་ཤར་བའི་ཡུལ་གྱི་རྣ་།།།པ་རྣམས་མ་རིག་པའི་གཉིད་དང་བག་ཆགས་ཀྱི་མཐུས་སྣང་བ་སྟེ། སྣང་བ་གཉིས་པོ་མཚུངས་སོ་ཞེས་བྱའོ། །རྨི་ལམ་མྱོང་བའི་སྐྱེས་བུ་སད་པ་ན་རྨི་ལམ་དུ་དགྲ་ཕམ་པར་བྱས་པ་དང་འཛའ་བོ་དང་ལྷན་ཅིག་བདེ་བ་མྱོང་བ་ནི་ལེགས་སོ་སྙམ་ནས་རྗེས་སུ་དྲན་ཞིང་དཔྱོད་ལ་སེམ་པར་བྱེད་པ་དེ་བླུན་པོ་ཡིན་པ་བཞིན་དུ་ཚོགས་དྲུག་གི་སྣང་བ་ལ་ཡང་ཡུལ་དངོས་ཉིད་དུ་ལྟ་བ་དང་། དེ་དག་ལ་ཡོད་མེད་དང་གཅིག་ཐ་དད་སོགས་དངོས་པོའི་ངོ་བོ་ཉིད་དུ་བསམས་ཏེ་འཛིན་པའི་མུ་སྟེགས་པ་དག་བླུན་ཏེ་རྣལ་འབྱོར་བས་ནི་རྨི་ལམ་རྨིས་པ་ན་ཁྲོ་ཆགས་མེད་པར་ཇི་ལྟར་སྣང་བ་དེ་ཉིད་ལ་འཇོག་ལ། སད་པ་ན་ཡང་དེ་ལྟར་བྱའོ་ཞེས་པའོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། རི་མོ་བྲིས་པའི་གཞི་མཐོ་དམན་མེད་པ་ལ་བྱིས་པ་རྣམས་མཐོ་དམན་དུ་རྣམ་པར་རྟོག་གོ །དེ་བཞིན་དུ་བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན་མུ་སྟེགས་ཅན་གྱི་ལྟ་བ་ངན་པའི་བག་ཆགས་ཀྱི་བསམ་པ་རྣམ་པར་རྟོག་པ་ཤིན་དུ་རྒྱས་པ་དེ་དག་གཅིག་པ་དང་ཐ་དད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་སྨྲ་བ་ལ་མངོན་པར་ཞེན་པ་བདག་ཉིད་ཀྱང་བརླག་།།།ལ། ཡོད་པ་དང་མེད་པའི་ཕྱོགས་ཀྱིས་དབེན་པར་གྱུར་བ་སྐྱེ་བ་མེད་པར་སྨྲ་བ་དག་ལ་ཡང་མེད་པ་པ་ཞེས་ཟེར་བ་དག་འབྱུང་སྟེ། འདི་དག་ནི་རྒྱུ་དང་འབྲས་བུ་ལ་སྐུར་བ། དགེ་བ་དཀར་པོའི་ཕྱོགས་ཀྱི་རྒྱུ་ལྟ་བ་ངན་པས་རྩ་བ་ནས་ཕྱུང་བ་ཡིན་གྱིས། འདི་དག་ནི་ལེགས་པར་འདོད་པ་རྣམས་ཀྱིས་རིང་དུ་སྤང་བར་བྱའོ་ཞེས་ཟེར་ཏེ། བདག་དང་

(༥༣༤)གཞན་དང་གཉི་གའི་ལྟ་བར་ལྷུང་བའི་བསམ་པ་ཅན་ཡོད་པ་དང་མེད་པར་རྣམ་པར་བརྟགས་ནས་སྒྲོ་འདོགས་པ་དང་སྐུར་བའི་ལྟ་བ་ངན་པར་ལྷུང་བའི་བསམ་པ་ཅན་དེ་དག་སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་རོ། །ཞེས་བྱ་བ་ནི་གཞི་མཉམ་པའི་རི་མོ་མཐོ་དམན་ཅན་དུ་སྣང་བ་ལྟར། སྙིང་པོའི་གཞི་སྤྲོས་པ་མེད་པར་མཉམ་པ་ལ་ལས་ཀྱི་རི་མོ་མཁན་གྱིས་རིགས་དྲུག་གི་གཟུགས་བརྙན་བྲིས་པ་ན་འདི་དག་ནི་མཐོ་རིས་སོ། །འདི་དག་ནི་ངན་སོང་ངོ་ཞེས་མཐོ་དམན་དུ་སྣང་བ་དེ་དག་ངོ་བོ་ཉིད་ཀྱིས་ཡོད་པར་རྣམ་པར་བརྟགས་ནས་དེ་དག་ལ་བརྟེན་པའི་ལྟ་ངན་གྱི་སྒྲོ་འདོགས་སྣ་ཚོགས་བྱེད་ལ། རྒྱང་པན་པ་ནི་ཀུན་རྫོབ་ཙམ་དུ་ཡང་མཐོ་དམན་མེད་པར་ལྟ་བས་ངན་འགྲོར་འགྲོའོ། །རང་གི་སྡེ་བ་དངོས་པོར་སྨྲ་བ་ཁ་ཅིག་ཀྱང་དབུ་མ་པས་ཆོས་ཐམས་ཅད་ངོ་བོ་ཉིད་མ་སྐྱེས་པའི་གཞི་མཉམ་པ་དེ་བརྗོད་པ་ན་རི་མོ་ཙམ་ཡང་མེད་པར་ལྟས་སོ་སྙམ་ནས་འདི་དག་ནི་མེད་པ་པའོ་སྙམ་ནས་སྐུར་བ་འདེབས་ཤིང་། རྐྱེན་དེས་དེ་དག་ཉིད་ངན་སོང་དུ་གཞོལ་བར་འགྱུར་རོ་ཞེས་པ་སྟེ། འདི་དག་ནི་རྒྱུ་དང་འབྲས་བུ་ལ་ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་གིས་དེ་ལྟར་རྒྱུ་དང་འབྲས་ལ་སྐུར་འདེབས་པ། ལོག་ལྟས་དཀར་ཕྱོགས་དྲུངས་འབྱིན་དམ་ཆོས་ཀྱི། །ལོག་ཏོག་།།།སེར་བ་ནམ་མཁའི་མེ་ཏོག་འདི། །ལེགས་འདོད་རྣམས་ཀྱིས་རྒྱང་བསྲིངས་སྤང་བར་བྱ། །ཞེས་གསུངས་པ་དག་གོ །བློ་གྲོས་ཆེན་པོ་འདི་ལྟ་སྟེ། རབ་རིབ་ཅན་དག་སྐྲ་ཤད་འཛིངས་པ་མཐོང་བ་དང་འདི་ནི་ངོ་མཚར་ཏོ། །འདི་ནི་ངོ་མཚར་འདི་རེ་ཀྱེ་གྲོགས་པོ་རྣམས་ལྟོས་ཤིག་ཅེས་ཟེར་ཏེ།

(༥༣༥)སྐྲ་ཤད་འཛིངས་པ་དེ་ནི་མཐོང་བ་དང་མ་མཐོང་བའི་ཕྱིར་ཤིན་དུ་ཡོད་པ་ཡང་མ་ཡིན་ཏེ། མེད་པའང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་མུ་སྟེགས་ཅན་གྱི་ལྟ་བ་ངན་པ་རྣམ་པར་རྟོག་པའི་བསམ་པ་ལ་མངོན་པར་ཞེན་པ་དག་ཡོད་པ་དང་མེད་པའི་ཕྱོགས་དང་གཅིག་པ་དང་ཐ་དད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་སྨྲ་བ་ལ་མངོན་པར་ཞེན་ཅིང་དམ་པའི་ཆོས་ལ་སྐུར་བའི་རྣམས་བདག་དང་གཞན་དག་ཀྱང་ལོག་པར་ལྟུང་བར་བྱེད་དོ། །ཞེས་བྱ་བ་ནི་རབ་རིབ་ཅན་ལ་སྐྲ་ཤད་ཀྱི་རྣམ་པ་ཤར་བ་ན་སྐྲ་ཤད་དངོས་པོ་སྙམ་ནས་གྲོགས་ལ་སྦྲོན་པར་བྱེད་པའི་ཚེ་མིག་དག་པས་མ་མཐོང་བའི་ཕྱིར་དངོས་སུ་ཡོད་པ་མ་ཡིན་ལ། མིག་མ་དག་པས་མཐོང་བ་ཙམ་ཞིག་ཡོད་པའི་ཕྱིར་མེད་པ་མ་ཡིན་ཏེ། འདི་ནི་རྣམ་འགྲེལ་ལས། སྐྲ་ཤད་ལ་སོགས་དོན་མིན་ཏེ། །དོན་དུ་མོས་པ་མེད་ཕྱིར་རོ། །དེ་དག་གི་ཡང་དེ་ལྟའི་དངོས། །བཀག་མེད་གསལ་བར་སྣང་བ་ཉིད། །ཤེས་པའི་ངོ་བོའི་དོན་ཉིད་ཕྱིར། །ཞེས་བྱ་བས་བསྟན་ཏོ། །དེ་བཞིན་དུ་མུ་སྟེགས་བྱེད་རྣམས་རང་གི་ལྟ་བའི་མིག་མ་དག་པས་མཐོང་བ་ཉིད་བདེན་པར་གཟུང་ནས་མིག་དག་པའི་རྒྱལ་བས་གསུངས་པའི་བཀའ་རྣམས་ལ་སྐུར་ཞིང་དེས་ངན་འགྲོར་འགྲོའོ་ཞེས་པའོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་འཁོར་ལོ་མ་ཡིན་ཡང་མགལ་མེ་བསྐོར་བ་ལ་བྱིས་པ་རྣམས་འཁོར་ལོའི་དངོས་པོར་ཡོངས་སུ་རྟོག་སྟེ། མཁས་པ་རྣམས་ནི་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་ལྟ་བ་ངན་པའི་མུ་སྟེགས་ཅན་གྱི་བསམ་པར་ལྷུང་བའི་རྣམས་སྲིད་པར་སྐྱེ་བ་ཀུན་དུ་ཡང་

(༥༣༦)གཅིག་པ་དང་ཐ་དད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ཡོངས་སུ་རྟོག་གོ །ཞེས་བྱ་བ་ནི་མགལ་མེ་ལ་འཁོར་ལོར་འཁྲུལ་བ་བཞིན་དུ་སྲིད་པར་སྐྱེ་བ་བརྒྱུད་པའི་འཁོར་ལོ་འདི་ལ་མུ་སྟེགས་ཅན་ལྟ་བ་ངན་པས་དབང་པོ་བསླད་པ་རྣམས་དངོས་སུ་འཁོར་བར་གཟུང་ནས་ཁྱད་པར་མང་པོ་རྟོག་ཀྱང་འཁོར་བའི་རྟེན་སེམས་ཉིད་ངོ་བོ་ཉིད་མེད་པར་དབུ་མ་པས་རྟོགས་ལ། སྙིང་པོའི་ཚུལ་ལ་ངེས་པ་དག་གིས་ནི་སྐྱེ་བ་བརྒྱུད་པའི་འཁོར་བ་ནི་སྙིང་པོ་སྐྱེ་འཇིག་མེད་པ་དེ་ཉིད་སྐྱེ་འཇིག་ལྟ་བུར་འཁྲུལ་བ་ཡིན་ནོ་ཞེས་ཤེས་ཏེ། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ། །འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། །སྐྱེ་སོགས་འཕོངས་དང་བྲལ་ཡང་དེ་ཡི་རྒྱུས། །བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བསྟེན། །ཞེས་གསུངས་པ་ཡིན་ཏེ། སེམས་ཅན་རྣམས་འཁྲུལ་བ་ན་སྙིང་པོ་ཉིད་སྐྱེ་འཆིའི་ཚུལ་དུ་འཁྲུལ་བར་མ་ཤེས་པ་ཁ་ཅིག་སྙིང་པོ་ཡང་གཞན། སྐྱེ་འཆི་ཡང་གཞན་ནོ་ཞེས་བྱ་བར་འདོད་པ་འདི་ནི་ལྷ་སྦྱིན་དུག་གིས་འཆི་བར་མི་འགྱུར་ཏེ། མཆོད་སྦྱིན་བདེ་བར་གནས་པའི་ཕྱིར་རོ་ཞེས་བྱ་བ་དང་འདྲ་བར་མཐོང་ངོ་། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཆར་འབབ་པའི་ཚེ་ཆུ་ལས་ཆུ་བུར་བྱུང་བ་ནོར་བུ་ཤེལ་འདྲ་བར་སྣང་བ་དེ་ལ། བྱིས་པ་རྣམས་ནོར་བུ་ཤེལ་གྱི་དངོས་པོར་མངོན་པར་ཞེན་ཅིང་རབ་ཏུ་རྒྱུག་སྟེ། བློ་གྲོས་ཆེན་པོ་ཆུ་ཡི་ཆུ་བུར་དེ་དག་ནི་གཟུང་བ་དང་གཟུང་དུ་མེད་པའི་ཕྱིར་ནོར་བུ་ཡང་མ་ཡིན། ནོར་བུ་མ་ཡིན་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་མུ་སྟེགས་ཅན་གྱི་ལྟ་བ་རྣམ་པར་རྟོག་པའི་བསམ་

(༥༣༧)པའི་བག་ཆགས་ཀྱིས་བསྒོས་པ་རྣམས་རྐྱེན་རྣམས་ཀྱིས་མེད་པ་ལས་སྐྱེ་བ་དང་། ཡོད་པ་ལས་ཀྱང་འཇིག་པར་སྨྲ་བར་འགྱུར་རོ། །བློ་གྲོས་ཆེན་པོ་གཞན་ཡང་ཚད་མ་གསུམ་གྱི་ཡན་ལག་སོ་སོར་བཞག་པར་བྱ་སྟེ། འཕགས་པ་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བའི་རང་བཞིན་གཉིས་ལས་རྣམ་པར་གྲོལ་བ་ལ་དངོས་པོའི་རང་བཞིན་དུ་ཡོད་དོ་ཞེས་རྣམ་པར་རྟོག་པར་འགྱུར་ཏེ། བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་གནས་ཤིན་དུ་གྱུར་བ། རང་གི་སེམས་སྣང་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རབ་ཏུ་སྤངས་པ། དེ་བཞིན་གཤེགས་པའི་ས། འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཐོབ་པ་རྣམས་ལ་ནི་དངོས་པོ་དང་དངོས་པོ་མེད་པའི་འདུ་ཤེས་མི་འབྱུང་ངོ་། །བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་དེ་ལྟ་བུའི་ཚུལ་གྱི་ཡུལ་ཅན་རྣམས་ལ་གལ་ཏེ་དངོས་པོ་དང་དངོས་པོ་མེད་པར་འཛིན་པ་ཞིག་འཇུག་ཏུ་ཟིན་ན་ནི་དེ་ཉིད་དེ་དག་གི་བདག་ཏུ་འཛིན་པ་དང་། གསོ་བར་འཛིན་པ་དང་། སྐྱེས་བུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་རོ། །བློ་གྲོས་ཆེན་པོ་གང་འདི་ལྟར་དངོས་པོའི་རང་བཞིན་དང་རང་དང་སྤྱིའི་མཚན་ཉིད་བསྟན་པ་འདི་ནི། བློ་གྲོས་ཆེན་པོ་སྤྲུལ་པའི་སངས་རྒྱས་ཀྱིས་བསྟན་པ་སྟེ། ཆོས་ཉིད་ཀྱི་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་བསྟན་པ་ནི་བྱིས་པའི་བསམ་པ་ལ་ཡོད་པའི་ལྟ་བས་བྱུང་བ་ཡིན་ཏེ། རྣམ་པར་འཇོག་པ་རྟོག་པའི་རང་བཞིན་གྱི་ཆོས་འཕགས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་ཏིང་ངེ་འཛིན་གྱི་བདེ་

(༥༣༨)བ་ལ་གནས་པ་ནི་མི་བརྗོད་དོ། །ཞེས་བྱ་བ་ནི་ཆུ་ལས་ཆུ་བུར་སྐྱེ་བ་ན་རྐྱེན་རླུང་གིས་བྱས་ཏེ་ཟླུམ་ཞིང་མཐོ་ལ་ཁ་དོག་བཀྲ་ཞིང་འོད་དང་ལྡན་པར་འབྱུང་ངོ་། །དེ་ལ་བྱིས་པ་ཆུང་ངུས་ནོར་བུར་འཁྲུལ་ཏེ་ལག་པས་གཟུང་ན་རྫས་མེད་པས་ཡི་ཆད་པར་འགྱུར་རོ། །བྱིས་པ་ཟླའོ་དག་ནི་བྱིས་པ་གཞན་པོ་དེས་།།།པས་གཟུང་བ་ན་མ་ཐོབ་པས་ནོར་བུ་མ་ཡིན་པར་ཤེས་ལ། རྒན་པོ་དེ་དག་གིས་ནི་ཐེ་ཚོམ་ཟ་བ་ཙམ་ཡང་མི་བྱེད་དོ། །ཆུ་བུར་དེ་དག་ནོར་བུ་དངོས་མ་ཡིན་ཏེ། ལག་པས་གཟུང་ཞིང་བཅང་དུ་མེད་པའི་ཕྱིར་རོ། །ནོར་བུ་མ་ཡིན་ནས་གཏན་མེད་པའང་མ་ཡིན་ཏེ། རེག་པ་ཙམ་ཞིག་བྱར་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་གཞིའི་ཆུ་ལས་ཡུལ་གྱི་རླུང་གིས་བསྐུལ་བས་རྣམ་པར་ཤེས་པའི་ཚོགས་དྲུག་གཞི་ལས་འཕགས་པ་ལྟ་བུར་བྱུང་ཞིང་། དེ་ཡང་ཡུལ་དྲུག་གི་རྣམ་པ་སྣང་བ་དང་བཅས་པར་འབྱུང་ངོ་། །མུ་སྟེགས་བྱེད་རྣམས་རྣམ་པར་ཤེས་པའི་ཚོགས་དྲུག་སྐྱེས་པ་ན་འདི་ནི་བློ་བུར་དུ་རྒྱུ་མེད་པར་འབྱུང་ངོ་སྙམ་པ་དང་འདྲ་བར་སྔར་ཡོད་པ་དེ་ཉིད་ཕྱིས་ཞིག་ཅིང་ཆད་དོ་སྙམ་ནས་བྱིས་པ་ཆུང་ངུ་ལྟར་འགྱུར་རོ། །བྱིས་པ་ཟླའོ་དེས་མ་དམིགས་པའི་རྟགས་ཀྱིས་ངོ་བོ་ཉིད་མེད་པར་ཤེས་པ་བཞིན་དུ་སངས་རྒྱས་པའི་ལས་དང་པོ་པ་དག་གིས་ཚུལ་གསུམ་ལ་བརྟེན་པའི་གཏན་ཚིགས་ཀྱིས་དཔྱད་ནས་ཟག་པ་དང་བཅས་པའི་ཚོགས་དྲུག་མེད་པར་རྟོགས་པར་བྱེད་ལ། འོན་ཀྱང་དེ་དག་ཟག་པ་མེད་པ་སོ་སོ་རང་གིས་རིག་པའི་འཕགས་པའི་ཡེ་ཤེས་ནི་ངོ་བོ་ཉིད་དང་བཅས་པ་ཡིན་ལ། ངོ་བོ་ཉིད་དང་བཅས་པར་འཕགས་པའི་ཡེ་ཤེས་ཉིད་ཀྱིས་མཁྱེན་པར་ངེས་སོ། །

(༥༣༩)སྙམ་དུ་འཛིན་པར་བྱེད་དོ། །དེ་ལྟར་སྨྲ་བ་ཡང་ལོག་པ་སྟེ་འཕགས་པའི་ཡེ་ཤེས་ཀྱིས་ངོ་བོ་ཉིད་དང་བཅས་པར་འཛིན་ན་དེ་ནོར་བ་ཁོ་ན་ཡིན་པས་ཐར་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྐབས་ཀྱི་དོན་ནི་ཉོན་མོངས་རྣམས་ངོ་བོ་ཉིད་མེད་པར་ཡང་དང་ཡང་དུ་བསྟན་པ་ན་ཉོན་མོངས་ངོ་བོ་ཉིད་མེད་མོད། སྙིང་པོ་དེ་ཡང་དག་པའི་སྒྲས་བརྗོད་པས་ངོ་བོ་ཉིད་དང་བཅས་པ་ཡིན་ནོ་སྙམ་དུ་དོགས་པ་སེལ་བ་ཡིན་ཏེ། སྙིང་པོ་དེ་བཅོས་མ་མ་ཡིན་པ་ཙམ་གྱིས་ངོ་བོ་ཉིད་དང་བཅས་པར་འགྱུར་བ་མ་ཡིན་ཏེ། མཐར་ཐུག་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་དངོས་པོའི་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་རྣམ་པར་བྱང་བའི་ཕྱོགས་ལ་དོགས་པ་གཅོད་པར་བྱེད་དོ། །དེ་ལྟར་རྗེས་སུ་དཔག་པས་དེ་ཁོ་ན་ཉིད་རྟོགས་པའི་ཐབས་དངོས་པོ་ངོ་བོ་ཉིད་དང་ཁྱད་པར་རང་སྤྱི་སོགས་རྗེས་དཔག་བསྐྱེད་པའི་ཐབས་སྟོན་པའི་བསྟན་པ་ནི་སྤྲུལ་སྐུའི་བསྟན་པ་ཡིན་ཏེ། སྤྲུལ་པའི་སྐུ་མཐོང་བ་ན་ཡང་ཕྱི་རོལ་དུ་མཐོང་ལ། ཚད་མ་ཡང་གཞན་གྱི་སྒྲུབ་པའི་ངག་སོགས་ལ་རག་ལས་པའི་ཕྱིར་རོ། །འཕགས་པས་མཉམ་པར་གཞག་པ་ན་ཆོས་ཀྱི་སྐུ་མཐོང་ཞིང་དེ་ཡང་རང་གི་སེམས་ལས་གཞན་དུ་མཐོང་བ་མ་ཡིན་པས་མཐོང་བ་དེའི་ཤུགས་ཀྱིས། འབྱུང་མེད་གཟུགས་དོན་ལྟ་དང་གཏམ་བཟང་ནི། གཙང་མ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་འགྱུར། ཞེས་གསུངས་པ་དེ་ཡིན་པས་ཆོས་ཀྱི་སྐུའམ་ཆོས་

(༥༤༠)ཉིད་ཀྱི་སངས་རྒྱས་ཀྱིས་བསྟན་པ་ནི་རྗེས་སུ་དཔག་པ་བསྐྱེད་པ་མ་ཡིན་ནོ། །དེས་ན་བརྗོད་པ་དང་བཅས་པས་ཆོས་སྟོན་པ་ནི་སྤྲུལ་པའི་སྐུས་ཡིན་ལ། ཆོས་ཉིད་ཀྱི་སངས་རྒྱས་ཀྱིས་ཆོས་སྟོན་པ་ནི་མི་བརྗོད་དེ། བརྗོད་པའི་ཚིག་ཡོད་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཆུའི་ནང་ན་ཤིང་གི་གྲིབ་མ་སྣང་སྟེ། དེ་ནི་ཤིང་གི་དབྱིབས་དང་དབྱིབས་མེད་པའི་ཕྱིར་གྱིས་མ་ཡང་མ་ཡིན། གྲིབ་མ་མ་ཡིན་པའང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་མུ་སྟེགས་ཅན་གྱི་ལྟ་བའི་བག་ཆགས་ཀྱིས་བསྒོས་པའི་རྣམ་པར་རྟོག་པ་ཅན་རྣམས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པའི་བློ་ཅན་དག་གཅིག་པ་དང་ཐ་དད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་རྣམ་པར་རྟོག་པར་འགྱུར་རོ། །ཞེས་བྱ་བ་ནི་ཆུ་ནང་དུ་བྱུང་བའི་གྲིབ་མ་ནི་གྲིབ་མའི་གཟུགས་བརྙན་ནོ། །དེ་ནི་ཤིང་གི་གྲིབ་མ་ཉིད་དུ་ཡོད་པ་མ་ཡིན། བརྙན་མ་ཙམ་ཞིག་མེད་པ་མ་ཡིན་པ་ལྟར། མུ་སྟེགས་ཅན་གྱིས་མ་ཤེས་ཀྱང་རྣམ་ཤེས་ལ་ཤར་བའི་ཡུལ་གྱི་རྣམ་པ་ནི་ཡུལ་དངོས་མ་ཡིན། གཏན་ནས་ཡུལ་མ་ཡིན་པའང་མ་ཡིན་ཏེ། རྣམ་ཤེས་རྣམ་པ་དང་བཅས་པ་རྣམས་གཟུགས་བརྙན་དང་མགོ་མཚུངས་པར་ནི་ཡོད་ལ། ངོ་བོ་ཉིད་ནི་ཅི་ཡང་ཡོད་པ་མ་ཡིན་པས་ངོ་བོ་ཉིད་དེས་གོས་པར་མི་འགྱུར་ཏེ། ཆུ་གཟུགས་བརྙན་གྱིས་མ་གོས་པས་བུམ་པར་བླུགས་པ་ན་ཤིང་གི་གྲིབ་གཟུགས་མི་སྣང་ངོ་ཞེས་པའོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། མེ་ལོང་གི་ནང་དུ་རྐྱེན་ཅི་ལྟ་བ་བཞིན་དུ་གཟུགས་ཅི་ལྟ་བ་བཞིན་དུ་གཟུགས་ཐམས་ཅད་ཀྱི་གཟུགས་བརྙན་

(༥༤༡)སྣང་ངོ་། །གཟུགས་བརྙན་དེ་དག་ནི་རང་གི་རྣམ་པར་རྟོག་པ་ཡིན་ཏེ། གཟུགས་དང་གཟུགས་མ་ཡིན་པར་མཐོང་བའི་ཕྱིར་གཟུགས་ཀྱང་མ་ཡིན། གཟུགས་མ་ཡིན་པའང་མ་ཡིན་ཏེ། བློ་གྲོས་ཆེན་པོ་འོན་ཀྱང་བྱིས་པ་རྣམས་ལ་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་གཟུགས་བརྙན་ལྟ་བུར་སྣང་ངོ་། །དེ་བཞིན་དུ་བློ་གྲོས་ཆེན་པོ་གཅིག་པ་དང་ཐ་དད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་ལྟ་བ་རྣམ་པར་རྟོག་པ་རང་གི་སེམས་ཀྱི་གཟུགས་བརྙན་ཡང་སྣང་ངོ་། །ཞེས་བྱ་བ་ནི་མེ་ལོང་ལ་ཤར་བའི་བཞིན་གྱི་གཟུགས་བརྙན་ནི་བཞིན་དང་ཉེ་བ་ལས་བྱུང་བས་རྒྱུ་མེད་ནི་མ་ཡིན། བཞིན་དངོས་ནི་མ་ཡིན་པས་དེ་ལ་སྨུག་རྩིས་དགའ་བར་འགྱུར་མི་འགྱུར་དང་མཚོན་བཏབ་པས་རྨ་འབྱུང་མི་འབྱུང་ལ་སོགས་པའི་དཔྱད་གཞི་མ་ཡིན་ཏེ། གལ་ཏེ་དཔྱོད་པར་བྱེད་ན་ནི་བླུན་པོ་ཁོ་ནར་འགྱུར་བ་བཞིན་དུ་རྣམ་པར་ཤེས་པ་ལ་སྣང་བའི་རྣམ་པ་འདི་ཡུལ་གྱི་རྐྱེན་ལས་བྱུང་བ་ཙམ་ཡིན་གྱི། ཡུལ་དངོས་མ་ཡིན་པས་ཡུལ་དངོས་སུ་གཟུང་ནས་དེ་ལ་གཅིག་ཐ་དད་ལ་སོགས་པའི་དཔྱད་པ་བྱེད་ན་ནི་མི་ཤེས་པ་ཁོ་ན་ཡིན་ཞེས་པའོ། །དོན་དུ་ན་བཞིན་གྱི་གཟུགས་བརྙན་ནི་བཞིན་དངོས་ནི་མ་ཡིན། དེ་ལས་གཞན་པའི་དངོས་པོ་དངོས་ཉིད་དུ་ཤིག་ཏུ་ཡང་མི་འགྱུར་བས་བརྫུན་སྣང་འབའ་ཞིག་ཡིན་པ་ལྟར་ཡུལ་དུ་སྣང་བའི་རྣམ་པ་འདི་ཡང་བརྫུན་སྣང་འབའ་ཞིག་ཡིན་པས་སྙིང་པོ་དང་འབྲལ་དུ་རུང་བ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་བྲག་ཆ་ནི་མི་དང་འབབ་ཆུ་དང་རླུང་དུ་ཕྲད་པ་ལས་འབྱུང་ཞིང་གུད་དུ་གྲག་སྟེ། དེ་

(༥༤༢)ནི་སྒྲ་དང་སྒྲ་མ་ཡིན་པར་གྲག་པའི་ཕྱིར་དངོས་པོ་ཡང་ཡིན་དངོས་པོ་མེད་པའང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་ཡོད་པ་དང་མེད་པ་དང་གཅིག་པ་དང་ཐ་དད་པ་དང་གཉི་ག་དང་གཉི་ག་མ་ཡིན་པའི་ལྟ་བ་རང་གི་སེམས་ཀྱི་བག་ཆགས་རྣམ་པར་རྟོག་པ་རྣམས་སྣང་ངོ་། །ཞེས་བྱ་བ་ནི་བྲག་ཆ་ནི་སྒྲ་དངོས་མ་ཡིན་ཞིང་གཏན་མེད་པ་ཡང་མ་ཡིན་པ་བཞིན་དུ་རྣམ་རྟོག་དང་བག་ཆགས་ཀྱི་རྐྱེན་གྱིས་རྟོག་པ་ལ་མིང་གི་རྣམ་པ་དང་དོན་གྱི་རྣམ་པ་སྣང་བ་འདི་བརྫུན་སྣང་ཡིན་ཏེ། དེ་ལ་ཡང་གཅིག་ཐ་དད་ལ་སོགས་པར་རྟོག་ན་འཁྲུལ་བ་ཡིན་ཏེ། རྣམ་འགྲེལ་ལས། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པའང་མིན། །སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་བྱ་བས་བསྟན་ཏོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། རྩྭ་དང་ཤིང་གེལ་བ་དང་ལྕུག་མ་གྱེས་པ་མེད་པའི་ས་ལ་ཉི་མ་དང་ཕྲད་ན་སྨིག་རྒྱུའི་དབའ་རླབས་རབ་ཏུ་གཡོ་སྟེ། དེ་དག་ནི་ཆགས་པ་དང་མི་ཆགས་པའི་ཕྱིར་དངོས་པོའང་མ་ཡིན། དངོས་པོ་མེད་པའང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་ཀྱིས་བསྒོས་པ་ནི་སྐྱེ་བ་དང་འཇིག་པ་དང་གནས་པ་དང་། གཅིག་པ་དང་ཐ་དད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་ཡོད་པ་དང་མེད་པ་དང་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་དངོས་པོའི་ཚུལ་དུ་ཡང་སྨིག་རྒྱུ་བཞིན་དུ་རླབས་གཡོའོ། །ཞེས་བྱ་བ་ནི། རྩྭ་དང་

(༥༤༣)གེལ་བ་སོགས་མེད་པ་ནི་ཐང་གཙང་མ་ལ་སྨིག་རྒྱུ་འབྱུང་བར་བསྟན་ཏེ། སྨིག་རྒྱུ་ནི་ཉི་མའི་འོད་ཟེར་གྱེན་དུ་ལངས་པ་རླུང་གིས་བསྐྱོད་པ་ཡིན་པར་མཁས་པ་དག་འཆད་དོ། །དེའི་རླབས་ནི་གཡོ་བ་ཡིན་ལ། དེ་ལ་བརྟེན་གྱི་འབྱུང་བ་ཆེན་པོ་དང་བཅས་པས་འཆགས་ཤིང་གནས་ལ། ཇི་ཞིག་ལྟར་མིག་སླུ་བར་བྱེད་ཅིང་དེས་ཡུལ་གཞན་དུ་སྣང་བའི་ཕྱིར་མི་ཆག་པ་ཡང་ཡིན་ནོ། །དེ་བཞིན་དུ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་རྟོག་གི་ཐང་ལ་ཚིག་ཏུ་བརྗོད་པའི་སྒྲའི་ཉི་མའི་འོད་ཕོག་པས་འཁོར་བ་ན་གནས་པའི་ཆོས་སྣ་ཚོགས་ཀྱི་སྣང་བ་འབྱུང་བར་མ་ཟད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་གཟུགས་བརྙན་ཡང་འཆར་ཏེ། དེ་དག་ནི་བརྫུན་སྣང་འབའ་ཞིག་ཡིན་ཞེས་པ་སྟེ། སྔར་ནི་སྨིག་རྒྱུ་ཆུར་འཁྲུལ་བས་སྨིག་རྒྱུའི་ཆུ་དཔེར་བྱས་པ་ཡིན་ལ། འདིར་ནི་རྟོག་པ་མེད་པའི་མངོན་སུམ་ལ་སྣང་བའི་སྨིག་རྒྱུ་ཉིད་དཔེར་བྱས་པ་ཡིན་ནོ། །སྔར་རི་མོ་དཔེར་བྱས་པ་ན་རི་མོ་དེ་རྫས་བརྒྱད་ལས་གྲུབ་པ་ཡིན་ཡང་དེས་མཐོ་དམན་དུ་སྣང་བའི་རྣམ་པར་རྟོག་པ་བསྐྱེད་པས་འཁྲུལ་བ་སྐྱེད་པར་བྱེད་དེ། འདི་ལ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས། །གང་གི་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཅེས་གསུངས་པ་འདོན་བསྒྱུར་ཏེ། འཁྲུལ་བའི་རྒྱུར་བརྗོད་པ་བཞིན་དུ་སྨིག་རྒྱུ་ཡང་རྫས་བརྒྱད་པ་ཡིན་ཡང་འབྲས་བུ་གང་གི་འབྲས་བུ་བརྫུན་པ་དེའི། ས་བོན་བདེན་པ་ག་ལ་ཞིག །ཅེས་བརྗོད་དོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། རོ་ལངས་དང་འཁྲུལ་འཁོར་གྱི་མི་ནི་སེམས་ཅན་མེད་ཀྱང་འདྲེ་དང་སྦྱར་

(༥༤༤)བར་ལྡན་ན་གཡོ་བའི་ལས་བྱེད་དེ། འགྲོ་བ་དང་མི་འགྲོ་བའི་ཕྱིར་མེད་པ་ལ་རྣམ་པར་རྟོག་པ་དེ་ལ་བྱིས་པ་རྣམས་མངོན་པར་ཞེན་ཏོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བ་ངན་པའི་མུ་སྟེགས་ཅན་གྱི་བསམ་པར་ལྷུང་བ་དག་གཅིག་པ་དང་ཐ་དད་པར་སྨྲ་བ་ལ་མངོན་པར་ཞེན་ཏེ། དེ་ནི་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པའོ། །དེ་བས་ན་བློ་གྲོས་ཆེན་པོ་ཁྱོད་ཀྱིས་སྐྱེ་བ་དང་མི་སྐྱེ་བ་དང་གནས་པ་དང་འཇིག་པ་དང་གཅིག་པ་དང་ཐ་དད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་ཡོད་པ་དང་མེད་པ་དང་འཕགས་པ་སོ་སོ་རང་གི་དངོས་པོ་ཁོང་དུ་ཆུད་པར་བྱ་བའི་རྣམ་པར་རྟོག་པ་དང་བྲལ་བར་བྱའོ། །ཞེས་བྱ་བ་ནི་སྐྱེ་བོ་དང་འཕགས་པའི་འཕྲལ་གྱི་བྱ་བ་དང་ཐོས་པ་ལ་སོགས་པའི་བྱ་བ་རྣམས་བརྫུན་པར་སྟོན་པ་སྟེ། རོ་ལངས་ནི་རྒྱུག་པ་དང་། རྒོད་པ་དང་། ལག་གི་མཚོན་ཆས་ཕ་རོལ་བསྡིགས་པ་སོགས་བྱེད་པ་དང་འཁྲུལ་འཁོར་གྱི་སྐྱེས་བུ་ཡང་དེ་དང་འདྲ་བར་བྱ་བ་ཐམས་ཅད་བྱེད་དེ། དེ་དག་སེམས་ཅན་མ་ཡིན་ཡང་སེམས་ཅན་དུ་སྟོན་པ་ལྟ་བུར་མྱུ་སྟེགས་བྱེད་རྣམས་གང་ཟག་དང་ཆོས་ངོ་བོ་མེད་པར་མ་རྟོགས་པས་སྣ་ཚོགས་སུ་རྟོག་པར་བྱེད་ཀྱང་དོན་དམ་པར་སེམས་ཅན་དང་དེའི་བྱ་བ་རྣམས་བརྫུན་པའི་ཕྱིར་རྣམ་པར་མ་རྟོག་ཤིག་ཅེས་པའོ། །དེ་ལྟར་ན་ཚོགས་དྲུག་གི་སེམས་འདི་བརྫུན་པ་འབའ་ཞིག་ཡིན་པས་བརྫུན་སྣང་ལ་ཡིད་མ་གཏད་པར་སྙིང་པོ་མངོན་སུམ་དུ་གྱུར་བའི་འཕགས་པའི་སོ་སོ་རང་རིག་ཐོབ་པར་གྱིས་ཤིག་ཅེས་པའོ། །དེ་དག་ནི་རྣམ་པར་ཤེས་པ་ལ་སྣང་བའི་རྣམ་པ་རྣམས་བརྫུན་སྣང་ཡིན་

(༥༤༥)ཀྱང་མ་ཤེས་ཏེ་མུ་སྟེགས་བྱེད་རྣམས་དངོས་པོའི་ངོ་བོ་ཉིད་སྣ་ཚོགས་སུ་རྟོག་གོ་ཞེས་བྱ་བས་དཔེ་བཅུ་གཉིས་ཀྱིས་དོན་གཅིག་མཚོན་པར་བྱེད་པས་བཤད་པ་ཡིན་ལ། སྲེད་པའི་སྐད་དོད་ཏྲིཥྞ་ཞེས་བྱ་བ་ལ་སློབ་དཔོན་དབྱིག་གཉེན་གྱིས་སྐོམ་པའི་ཕྱིར་སྲེད་པའོ་ཞེས་བྱ་བར་བཤད་དེ། དེ་ལྟར་ན་སྨིག་རྒྱུ་ལ་རི་དགས་སྐོམ་པས་རྒྱུགས་ཀྱང་ཆུ་མེད་དོ་ཞེས་བྱ་བས་སྲེད་པ་ནི་ཡུལ་ཐོབ་ཀྱང་ངོམས་པར་མི་འགྱུར་རོ་ཞེས་བྱ་བ་དང་། དྲི་ཟའི་གྲོང་ཁྱེར་ནི་དེ་མཐོང་ནས་འཁྲུལ་བ་དག་ལེན་ཞིང་འཇུག་པར་འདོད་ཀྱང་ཐོབ་པར་མི་འགྱུར་རོ། །རྨི་ལམ་དུ་ལས་བྱེད་པར་སྣང་ཡང་མེད་པ་བཞིན་དུ་སྲིད་པའི་མིང་ཅན་གྱི་ལས་ཀྱང་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་དང་། སྐྱེ་བ་སྟེ་ཡང་སྲིད་པའི་སྐྱེ་མཆེད་དྲུག་ལས་ཀྱིས་བྲིས་པས་རི་མོ་དང་འདྲ་བར་བརྫུན་ནོ་ཞེས་བྱའོ། །སྐྲ་ཤད་ནི་མ་དག་པའི་མིག་ལ་སྣང་ཡང་མིག་དག་པའི་ཚེ་སྔར་གྱི་སྐྲ་ཤད་སྟོར་རོ་སྙམ་དུ་འཁྲུལ་བ་བཞིན་རྒ་ཤིའི་བྲལ་བའི་སྡུག་བསྔལ་ཡང་ངོ་བོ་ཉིད་མེད་པའོ། །མགལ་མེའི་འཁོར་ལོ་ནི་ཡུལ་ན་མེད་ཀྱང་མིག་འཁྲུགས་པས་སྣང་བ་ལྟར་སྣ་ཚོགས་པ་འདི་མ་རིག་པས་དཀྲུགས་པའི་སེམས་ལོ་སྣང་བ་ཡིན་ཏེ། ཡུལ་དང་བཅས་པ་ངོ་བོ་ཉིད་མེད་དོ། །ཆུ་བུར་བླ་ཐབས་སུ་བྱུང་ཞིང་རོ་བྲོ་བ་མེད་པ་ལྟར་ཚོར་བ་ཡང་དེ་དང་འདྲ་སྟེ་ངོ་བོ་ཉིད་མེད་དོ། །ཤིང་དང་ཆུ་ཕྲད་པ་མེད་ཀྱང་གྲིབ་མ་ལྷགས་པ་ན་ཕྲད་པ་ལྟ་བུར་མངོན་པ་བཞིན་དུ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ཕྲད་པའི་རེག་པ་ཡང་ངོ་བོ་ཉིད་མེད་དོ་ཞེས་བྱའོ། །གཟུགས་བརྙན་བཞིན་གྱི་

(༥༤༦)རྐྱེན་གྱིས་བཞིན་ལྟར་སྣང་ཡང་ངོ་བོ་ཉིད་མེད་པ་བཞིན་དུ་སྐྱེ་མཆེད་དྲུག་ཀྱང་མིང་དང་གཟུགས་འཕོས་པ་ལྟར་སྣང་མོད་ཀྱི་ངོ་བོ་ཉིད་མེད་དོ། །བྲག་ཆ་ནི་སྒྲ་ལྟར་སྣང་ཡང་སྒྲའི་ངོ་བོ་ཉིད་ཀྱིས་སྟོང་པ་བཞིན་དུ་མིང་དང་གཟུགས་ཀྱིས་བསྡུས་པའི་ཕུང་པོ་ལྔ་ཡང་རྣམ་པར་ཤེས་པ་བྲག་ལྟ་བུ་ལས་བློ་བུར་དུ་བྱུང་བས་བརྫུན་ནོ་ཞེས་པའོ། །སྨིག་རྒྱུ་ནི་རླབས་ཀྱི་རྣམ་པར་གཡོ་ཡང་ངོ་བོ་ཉིད་མེད་པ་བཞིན་དུ་འདུ་བྱེད་ཀྱི་ཁམས་གསུམ་བསྐྱེད་པའི་ལས་ལ་གཡོ་བ་ལྟར་སྣང་ཡང་གཡོ་བ་མེད་དོ། །རོ་ལངས་ནི་སེམས་ཅན་མིན་ཡང་རྒྱུག་པ་ལ་སོགས་པའི་བྱ་བ་བྱེད་པར་མངོན་མོད་ཀྱི། བརྫུན་པ་བཞིན་དུ་ཤི་འཕོས་མ་ཐག་པའི་རྣམ་པར་ཤེས་པ་དེ་སྐྱེ་སྲིད་ཀྱི་གཟུགས་ཀྱིས་སྲིད་པ་གཞན་དུ་རྒྱུག་པར་བྱེད་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་བརྫུན་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་ལས་བརྒྱུད་པ་མ་ཡིན་གྱི། ཁོ་བོ་ཉིད་ཀྱི་རྣམ་པར་རྟོག་པའི་བཟོ་བོས་སྦྱར་བ་ཡིན་ནོ། །དཔེ་འདི་རྣམས་ཇི་ལྟར་བཤད་པ་བཞིན་དུ་བསྒོམས་པས་ཐུགས་སུ་ཆུད་པའི་ལྕེ་སྒོམ་གྱི་ཞལ་ནས། དེ་ལ་དང་པོ་ཀུན་རྫོབ་བདེན་པ་ལ། །བློ་སྦྱོང་དུས་ཀྱི་ཐོག་མའི་ལྟ་བ་ནི། །previous hit ཀུནགཞི་དབྱིངས་ཆེན་ཕྱོགས་མཐའ་བྲལ་བ་ལ། །མ་རིག་རྐྱེན་གྱིས་རྣམཤེས next hit་དྲུག་ཏུ་ཤར།་ །སྒོ་ལྔ་རྟོག་མེད་ཡེ་ཤེས་ཟང་ཐལ་ལ། །ཡིད་ཀྱི་ཀུན་བརྟགས་ཡུལ་ལྔ་མཚན་མར་གཟུང་། །ལས་དང་ཉོན་མོངས་མཐའ་རྒྱས་འཁོར་བར་འཁྱམས། །དོན་མེད་འཁྲུལ་བའི་སེམས་ཅན་ཉོན་རེ་མོངས། །འོན་ཀྱང་འཁྲུལ་བའི་རྒྱུ་འབྲས་བདག་མེད་པས། །

(༥༤༧)འཁྲུལ་ཞིང་འཁྲུལ་མ་མྱོང་ལ་འཁྱམས་ཤིང་འཁྱམས་མ་མྱོང་། །སྡུག་ཅིང་སྡུག་མ་མྱོང་ལ་འཁོར་ཞིང་འཁོར་མ་མྱོང་། །ཅི་ཕྱིར་ཞེ་ན་ཕྱི་ནང་ཆོས་རྣམས་མ་ལུས་ཀུན། །བློ་བུར་མེད་སྣང་བརྫུན་པ་རང་བཞིན་མེད་པར་རྫོབ། །དུས་གསུམ་ཀུན་དུ་བརྫུན་པ་རང་བཞིན་མེད་པར་བདེན། །དེ་ཕྱིར་ཆོས་རྣམས་ཀུན་རྫོབ་བདེན་པ་ཞེས་བརྗོད་དོ། །དེ་ལྟར་ཀུན་རྫོབ་ཅི་ལྟར་སྣང་བ་ཡི། །མཚན་ཉིད་དཔེ་ནི་བཅུ་བཞིས་གཏན་ལ་དབབ། །ཇི་ལྟར་སྐྱེས་བུ་ཉལ་བའི་རྨི་ལམ་ན། །ཡུལ་དང་ཁང་ཁྱིམ་སྐྱེས་པ་བུད་མེད་སོགས། །སྣ་ཚོགས་རྨི་བ་ཐམས་ཅད་མེད་སྣང་ཡིན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་སྒྱུ་མ་མཁན་གྱི་སྦྱོར་བ་ཡིས། །སྒྱུ་མའི་སྤྲུལ་པ་སྣ་ཚོགས་བདེ་སྡུག་ཀྱང་། །དེ་དག་གང་ཡང་བདེ་སྡུག་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་མཁས་བྱིས་པ་སྨིག་རྒྱུ་ལ། །རྟ་དམག་ཆུར་མཐོང་བས་ནི་རྗེས་བསྙགས་ཀྱང་། །རྟ་དམག་ཆུ་ནི་རྡུལ་ཙམ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེས་བུ་མྱ་ངན་རབ་གདུངས་པས། །རྟོག་པ་གོམས་པས་མིག་ཡོར་མཐོང་བ་ལ། །དགའ་ཞིང་ཆགས་ཀྱང་མི་རྟག་དངོས་མེད་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མེ་ལོང་གཡའ་མེད་ངོས་དག་ལ། །མདུན་གྱི་གཟུགས་རྣམས་ནད་ན་གསལ་མེད་ཀྱང་། །རྡུལ་ཕྲན་ཙམ་ཡང་གཟུངས་མེད་པ་ལྟར། །

(༥༤༨)ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཡི་ནང་གི་ཟླ་བ་དེ། །རབ་ཏུ་གསལ་ཞིང་དངོས་པོར་སྣང་མོད་ཀྱང་། །བཙལ་ན་དངོས་པོ་རྡུལ་ཙམ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་བར་སྣང་དག་གི་འཇའ་ཚོན་ཏེ། ཁ་དོག་མ་འདྲེས་སོ་སོར་གསལ་སྣང་ཡང་། །དྲུང་དུ་ཕྱིན་ན་ངོས་གཟུང་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་དུང་དང་རྔ་སྒྲ་པི་ཁང་དང་། །སྐྱེས་བུ་གླུ་དབྱངས་ལ་སོགས་སྒྲ་སྙན་ཡང་། །སྔ་ཕྱི་འབྲེལ་མེད་བློ་བུར་རྐྱེན་སྐྱེས་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་བྲག་ཆའི་སྒྲ་ལ་སྒྲས་པའི་ཚེ། །ཇི་ལྟར་བརྗོད་པ་དེ་བཞིན་རྗེས་བཟློས་ཀྱང་། །རང་སྐད་མ་གཏོགས་གཞན་ཞིག་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་དྲི་ཟ་དག་གི་གྲོང་ཁྱེར་རྣམས། །རྒྱང་ནས་གསལ་ཞིང་ཁྱི་སྐད་དུད་སྣང་ཡང་། །དྲུང་དུ་ཕྱིན་ན་ཅི་ཡང་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་ཆར་བའི་ཚོགས་ཆེན་བབ་པའི་ཚེ། །ཆུ་ཡི་ཆུ་བུར་ཐ་དད་དུ་མ་འབྱུང་། །བྱུང་མ་ཐག་ཏུ་ཞར་ནས་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་བར་སྣང་དག་གི་སྤྲིན་པ་དེ། །སྔ་མ་དངོས་མེད་ནམ་མཁར་དེངས་ནས་ནི། །ཕྱི་མ་བློ་བུར་བྱུང་ཞིང་དེངས་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་མཛོད། །ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་ལ། །

(༥༤༩)བྱོན་དང་བཞུགས་དང་གཤེགས་པ་མེད་མོད་ཀྱང་། །གདུལ་བྱ་རྣམས་ལ་བྱོན་གཤེགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མིག་ལ་རབ་རིབ་སྐྱོན་ཡོད་པས། །བར་སྣང་སྐྲ་ཤད་ཕུང་པོར་སྣང་མོད་ཀྱང་། །སྐྱོན་མེད་མིག་ལ་སྐྲ་ཤད་ཉག་གཅིག་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །དེ་བས་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །དུས་གསུམ་རྨི་ལམ་སྒྱུ་སོགས་ལྟར་ཤེས་བྱ། །དེ་བས་ལྷག་པའི་ཆོས་ཅིག་ཡོད་སྲིད་ཀྱང་། །དེ་ཡང་རྨི་ལམ་སྒྱུ་མར་རབ་ཤེས་བྱ། །རྨི་ལམ་སྒྱུ་མ་ཡེ་ནས་སྟོང་བས་ན། །ཆོས་ཉིད་དོན་དམ་ལོགས་ནས་བཙལ་དུ་མེད། །ཡེ་ནས་གཉིས་མེད་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་སོ། །སློབ་དཔོན་ཞི་བའི་ལྷས་སེམས་དྲན་པ་ཉེ་བར་གཞག་པའི་སྐབས་སུ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ། དེ་འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ། འདོད་ཆགས་པར་འགྱུར་བའམ་ཞེ་སྡང་བར་འགྱུར་བའམ་གཏི་མུག་པར་འགྱུར་བའི་སེམས་དེ་གང་ཡིན། ཅི་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བ་ཞིག་ཡིན། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ་སྙམ་མོ། །འོད་སྲུང་སེམས་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉི་ག་ན་ཡང་མེད་ཅིང་མི་དམིགས་སོ། །འོད་སྲུང་སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་

(༥༥༠)པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ། །འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་ཡང་མི་འགྱུར་རོ། །ལོག་པར་ཞུགས་པའི་འདུ་ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བ་གང་ཡིན་པ་དེའི་རྒྱུ་བ་ཅི་འདྲ་བར་རིག་པར་བྱ་ཞེ་ན། འོད་སྲུང་སེམས་ནི་སྒྱུ་མ་དང་མཚུངས་ཏེ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་སྐྱེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་ཏོ། །དེ་བཞིན་དུ་སྦྱར་ཏེ། འོད་སྲུང་སེམས་ནི་འབབ་ཆུའི་རྒྱུན་དང་མཚུངས་ཏེ་མི་གནས་པ་སྐྱེས་ནས་འཇིག་ཅིང་དེངས་པའོ། །འོད་སྲུང་སེམས་ནི་རླུང་དང་མཚུངས་ཏེ། རིང་དུ་འགྲོ་ཞིང་གཟུང་དུ་མེད་པར་རྒྱུ་བའོ། །འོད་སྲུང་སེམས་ནི་མར་མེའི་འོད་འཕྲོ་བ་དང་མཚུངས་ཏེ་རྒྱུ་དང་རྐྱེན་ལས་འབྱུང་བའོ། །འོད་སྲུང་སེམས་ནི་ནམ་མཁའ་དང་མཚུངས་ཏེ། ཉོན་མོངས་པ་དང་ཉེ་བའི་ཉེ་བའི་ཉོན་མོངས་པ་བློ་བུར་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པའོ། །འོད་སྲུང་སེམས་ནི་གློག་དང་མཚུངས་ཏེ་སྐད་ཅིག་ཏུ་འཇིག་ཅིང་མི་གནས་པའོ། །དེ་བཞིན་དུ་སྦྱར་ཏེ། འོད་སྲུང་སེམས་ནི་སྡུག་བསྔལ་ཐམས་ཅད་བསྐྱེད་པའི་ཕྱིར་མི་འཛའ་བ་དང་མཚུངས་སོ། །འོད་སྲུང་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར་བྱེ་མའི་ཁང་པ་དང་མཚུངས་སོ། །འོད་སྲུང་སེམས་ནི་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པའི་ཕྱིར་ཉའི་མཆིལ་བ་དང་མཚུངས་སོ། །འོད་སྲུང་སེམས་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིར་རྨི་ལམ་དང་མཚུངས་སོ། །འོད་སྲུང་སེམས་ནི་མི་གཙང་བ་ལ་གཙང་བར་འདུ་ཤེས་པའི་ཕྱིར་སྦྲང་མ་སྔོན་པོ་དང་མཚུངས་སོ། །འོད་སྲུང་སེམས་ནི་གནོད་པ་རྣམ་པ་མང་པོ་

(༥༥༡)བྱེད་པས་ཕྱིར་རྒོལ་བ་དང་མཚུངས་སོ། །འོད་སྲུང་སེམས་ནི་རྟག་ཏུ་ཀླན་ཀ་ཚོལ་བའི་ཕྱིར་གནོད་སྦྱིན་མདངས་འཕྲོག་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རྟག་ཏུ་གླགས་ལྟ་བས་དགྲ་དང་མཚུངས་སོ། །འོད་སྲུང་སེམས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ལྡན་པས་རྟག་པར་མཐོ་དམན་ཅན་ནོ། །འོད་སྲུང་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་རྐུ་བས་ཆོམ་རྐུན་དང་འདྲའོ། །འོད་སྲུང་སེམས་ནི་གཟུགས་ལ་དགའ་བས་ཕྱི་བྱི་ཞོ་ལའི་མིག་དང་མཚུངས་སོ། །འོད་སྲུང་སེམས་ནི་སྒྲ་ལ་དགའ་བས་གཡུལ་གྱི་རྔ་དང་མཚུངས་སོ། །འོད་སྲུང་སེམས་ནི་ཕག་མི་གཙང་བའི་དྲི་ལ་དགའ་བ་བཞིན་དུ་དྲི་ལ་དགའོ། །འོད་སྲུང་སེམས་ནི་རོ་ལ་དགའ་ཞིང་ཟས་ཀྱི་ལྷག་མ་ཟ་བས་བྲན་མོ་དང་མཚུངས་སོ། །འོད་སྲུང་སེམས་ནི་རེག་བྱ་ལ་དགའ་བས་སྦྲང་མ་འབྲུ་མར་གྱི་སྣོད་ལ་ཆགས་པ་དང་མཚུངས་སོ། །འོད་སྲུང་སེམས་ནི་ཀུན་དུ་བཙལ་ཡང་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གང་དུས་གསུམ་ལས་ཡང་དག་པར་འདས་པ་དེ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །ཞེས་བྱ་བ་ལ། དེ་འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ་ཞེས་བྱ་བ་ནི་སེམས་ཀྱི་དེ་ཁོ་ན་ཉིད་སྒོམ་པའི་ཚུལ་ཏེ་གང་གི་ཚེ་ཚོལ་ན་འདོད་ཆགས་སོགས་སྐྱེས་

(༥༥༢)པའི་ཚེའོ། །དེ་ཡང་འདས་པ་དང་མ་འོངས་པ་གཉིས་འགགས་ཤིང་མ་སྐྱེས་པས་ཚོལ་བའི་གཞི་མེད་དེ། ད་ལྟར་བ་ལ་ཚོལ་ལོ། །དེ་ཡང་སེམས་ཀྱི་རྒྱུད་དྲན་ཤེས་བཞིན་དང་ལྡན་པས་ད་ལྟར་གྱི་སེམས་སྐྱེས་མ་ཐག་ཚོལ་བར་ཞུགས་ན་ཚོལ་བའི་ཚེ་ད་ལྟར་བ་ཡང་མེད་དེ། འདོད་ཆགས་ཀྱི་སེམས་སྐྱེས། དེ་མ་ཐག་དྲན་པའི་སེམས་སྐྱེས། དེ་ལས་ཚོལ་སེམས་སྐྱེས། དེའི་ཚེ་འདོད་ཆགས་དང་དྲན་པ་གཉི་ག་འགགས་ཏེ་ཚོལ་སེམས་ཉིད་སྐྱེ་བ་ན་ཚོལ་བའི་སེམས་ལ་བཙལ་བར་བྱ་བའི་འདོད་ཆགས་ཀྱི་གཟུགས་བརྙན་ཤར། གཟུགས་བརྙན་དེ་ཉིད་ལ་ལྟ་བར་བརྩམས་པ་ན་དེ་ཡང་སྐད་ཅིག་མ་ཡིན་པས་འགགས་ཏེ་རྙེད་པར་མི་འགྱུར་རོ། །དེའི་ཚེ་ཚོལ་བའི་སེམས་ཀྱི་རྒྱུན་ཙམ་ལས་བཙལ་བྱ་འགགས་པ་ན་ཅི་ཡང་མི་གནས་སོ་སྙམ་མོ། །དེ་ལྟར་བཙལ་བྱ་འགགས་པར་ཤེས་པའི་སྐབས་སུ་ནི་མི་རྟག་པ་ཤེས་པ་ཡིན་ཏེ། སེམས་དེ་ལ་བརྟེན་ནས་སེམས་ཕྱི་མས་ནི་སེམས་ཀྱི་ངོ་བོ་ཉིད་གང་ན་གནས་ཚོལ་བ་ཡིན་ཏེ། གལ་ཏེ་སེམས་འདི་ལ་ངོ་བོ་ཉིད་གཅིག་ཡོད་ན་ནང་ངམ་ཕྱི་རོལ་ལམ་ཆ་ཤས་ཅིག་ཕྱི་རོལ་ན་ཡོད་ལ། ཆ་ཤས་ཅིག་ནང་ན་ཡོད་པའི་གཉི་ག་ན་ཡོད་དམ་སྙམ་དུ་ལྟས་པ་ན་ཕྱི་ནང་བར་གསུམ་ག་ན་ཡང་སེམས་ཀྱི་ངོ་བོ་ཉིད་མེད་ཅིང་། སེམས་ཀྱི་ངོ་བོ་ཉིད་ཚོལ་བའི་དམིགས་བྱེད་ཀྱི་སེམས་ཀྱང་འགགས་ཏེ་ཇི་ལྟར་ཡང་གནས་པར་མི་འགྱུར་རོ། །དེ་ནས་སེམས་རྣམ་པ་ཅིར་ཡང་མི་གནས་པའི་ཁྱད་པར་སྟོན་ཏེ། དེ་ཡང་སེམས་ཁོ་བོ་ཅག་གི་ངེས་པས་མ་ཟིན་མོད། དེ་ཉིད་ཡོད་པ་ཉིད་དམ། གལ་ཏེ་ཡོད་ན་ནི་གཟུགས་སུ་གྱུར་ཏེ་མིག་གི་ཤེས་པ་ལ་བསྟན་དུ་ཡོད་པ་ཞིག་ན་དེ་ཡང་མི་སྣང་སྟེ། བསྟན་དུ་མེད། སྒྲ་ལ་སོགས་པ་གཞན་རྣམས་སུ་ཡོད་ན་ཡང་དེ་དག་ལ་སེམས་

(༥༥༣)ཐོགས་པར་བྱར་འོས་པ་ཞིག་ན་དེར་ཡང་མེད། ཡང་ན་ནང་གི་རྟེན་དབང་པོ་ལྔ་ལ་བརྟགས་ན་ཡང་མེད། བརྟེན་པ་རྣམ་པར་ཤེས་པ་ཡང་གཟུང་བའི་རྣམ་པར་སྣང་ངམ་སྟེ་བརྟགས་ན་དེར་ཡང་མེད། འཛིན་པའི་རྣམ་པ་རྣམ་པར་རིག་པར་སྣང་ངམ་སྟེ་དེར་ཡང་བརྟགས་ན་མེད། དེས་ན་འཛིན་པ་རྣམ་རིག་དང་གནས་དབང་པོ་གཉི་གར་མེད་དོ། །དེ་བས་ན་སེམས་ཀྱི་ངོ་བོ་ཉིད་བལྟས་ན་སྤུ་རྩེ་ཙམ་ཡང་མི་རྙེད་དེ། དེ་ཡང་ཚོལ་མཁན་མཐུ་ཆུངས་ནས་མ་རྙེད་པ་མ་ཡིན་གྱི། བཙལ་བྱ་ངོ་བོ་ཉིད་མེད་ནས་མ་རྙེད་པ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་མ་རྙེད་པའི་ཕྱིར་རོ། །འདི་ནི་སློབ་དཔོན་ཞི་བའི་ལྷས་རྗེས་སུ་དཔག་པའི་ཤེས་རབ་ཀྱིས་ཡུལ་སྟོང་པ་ཉིད་དུ་རྟོགས་པའི་ཚེ་ཤེས་རབ་དེ་ལ་མཚན་མའི་དམིགས་བརྟེན་ཅི་ཡང་མེད་པས་ངང་གིས་ཞི་བར་འགྱུར་ཞེས་བྱ་བའི་དོན། དཔྱད་བྱ་རྣམ་པར་དཔྱད་བྱས་ན། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །དེ་ཡང་མྱ་ངན་འདས་པར་བརྗོད། །ཅེས་གསུངས་པ་བཞིན་དུ་ནང་དུ་སེམས་ཀྱིས་སེམས་གཅེར་ལྟས་བྱས་ཏེ་ཚོལ་བའི་ཚེ་ཡང་། བཙལ་བྱ་རྣམ་པར་བཙལ་བྱས་ན། །ཚོལ་བྱེད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །དེ་ཡང་མྱ་ངན་འདས་པར་བརྗོད། །ཅེས་བྱ་བར་འདོན་པ་བསྒྱུར་རོ། །དེ་ལྟར་ཚོལ་བྱེད་ཀྱང་ཉེ་བར་ཞི་བའི་ངང་ཙམ་ལ་གནས་པ་ན་ཡིད་ཀྱི་དབང་པོ་དངས་ཏེ་ཤིན་དུ་རྣོ་བར་གྱུར་ནས་སེམས་དང་རྣམ་པར་རྟོག་པ་ལ་སྐྱེ་བའི་ངོ་བོ་ཉིད་ཅུང་ཟད་ཀྱང་མེད་པར་

(༥༥༤)རྟོགས་པར་འགྱུར་རོ། །དེ་ལྟར་སེམས་ཚོལ་བ་འདི་ཅིའི་དོན་དུ་ཡིན་ཞེ་ན། སེམས་ལ་ངོ་བོ་ཉིད་མེད་ཀྱང་དེ་ལས་ལོག་སྟེ་ངོ་བོ་ཉིད་དང་བཅས་པར་འཛིན་པའི་འདུ་ཤེས་ཀྱིས་འཁོར་བའི་ཆོས་ཐམས་ཅད་སྤྲོས་པ་ཡིན་པས་ཕྱིན་ཅི་ལོག་ལྡོག་པའི་ཆེད་དུ་ཡིན་ནོ། །འདི་ཤེས་རབ་ཀྱིས་དམིགས་པའི་ཀ་བ་ལ་མ་བཏགས་ན་ནི། སེམས་ཀྱི་གླང་པོ་ཡན་བཏང་བས། །མནར་མེད་གནོད་པ་བྱེད་པ་ལྟར། །གླང་ཆེན་མ་དུལ་མྱོས་པ་ཡིས། །འདི་ན་དེ་འདྲའི་གནོད་མི་བྱེད། །ཅེས་གསུངས་པ་ལྟར་སེམས་འདི་རྒྱུ་བ་ན་ལས་སྣ་ཚོགས་བྱེད་པ་ནི་དཔེ་ཉི་ཤུ་རྩ་གཅིག་གིས་བསྟན་ཏེ། དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་རྫས་དང་སྔགས་ཀྱིས་སྣ་ཚོགས་པའི་སྐྱེ་བའི་གཟུགས་སུ་སྣང་བས་སྒྱུ་མ་དང་མཚུངས་ཏེ། ལོག་པའི་འདུ་ཤེས་ཀྱིས་བྱས་པ་དེ་ཉིད་འཆད་དོ། །སྣ་ཚོགས་པའི་སྐྱེ་བ་ལེན་ཡང་ལེན་པ་པོའི་བདག་མེད་པ་ནི་ཆུ་བོའི་རྒྱུན་སྐད་ཅིག་སྔ་མ་ལས་ཕྱི་མ་འབྱུང་བ་ལྟ་བུའོ། །རང་གི་ངོ་བོ་གཟུགས་མེད་ཀྱང་ཐག་རིང་པོའི་སྐྱེ་སྲིད་དུ་འཇུགས་སླུང་ལྟ་བུའོ། །དེ་ལྟར་ཡིན་ཡང་ཀུན་རྟོག་ལོག་ན་སྐྱེ་བ་མི་འབྱུང་བ་ནི་སྣུམ་ཟད་ན་མར་མེ་མི་འབྱུང་བ་དང་འདྲའོ། །འོ་ན་སེམས་དེ་ཟད་པར་འགྱུར་རམ་སྙམ་ན། བློ་བུར་བ་དག་བཟློག་པར་འགྱུར་གྱི་ངོ་བོ་ཉིད་ནམ་མཁའ་དང་འདྲ་བས་གཉུག་མའི་སེམས་ནི་མི་ཟློག་གོ །བློ་བུར་བ་དག་ནི་གློག་དང་འདྲ་བས་མི་བརྟན་པའོ། །སྤྱིར་འཁོར་བའི་སྡུག་བསྔལ་བསྐྱེད་པས་མི་འཛའ་བ་དང་མཚུངས་ཤིང་། ཀུན་རྟོག་གིས་བྱས་པ་ཡང་གཞན་ཞིག་

(༥༥༥)གིས་བྱས་པ་མ་ཡིན་གྱི་སེམས་ཉིད་ཕྱིན་ཅི་ལོག་བཞིའི་ངོ་བོར་གྱུར་བ་ནི་བྱེ་མའི་ཁང་བུ་དང་། མཆིལ་བ་དང་། རྨི་ལམ་དང་། སྦྲང་མ་སྔོན་པོ་དང་འདྲ་བའོ། །སེམས་ཉིད་ཉོན་མོངས་པ་ལྔར་ཡང་འགྱུར་ཏེ། ཕྱིར་རྒོལ་བས་ཡང་དང་ཡང་དུ་རྒོལ་བ་བརྟན་པ་ཉམས་པར་འགྱུར་བའི་ཕྱིར་འདོད་ཆགས་ཀྱིས་ངོ་ཚ་མེད་པར་བྱེད་དོ། །ཞེ་སྡང་གིས་ནི་གནོད་སྦྱིན་ལྟར་མདངས་ཕྲོགས་ཏེ་མདོག་མི་སྡུག་པར་བྱེད་དོ། །གཏི་མུག་གིས་ཡུལ་གཞན་དུ་བཅུག་པའི་ཕྱིར་དགྲ་དང་འདྲའོ། །ང་རྒྱལ་ནི་མཐོ་དམན་གྱི་གནས་ལྟ་བུ་སྟེ་གོ་འཕང་མཐོ་བ་ལས་དམའ་བར་བྱེད་པའི་ཕྱིར་རོ། །ཕྲག་དོག་གིས་དགེ་བའི་ནོར་ཉམས་པར་བྱེད་པའི་ཕྱིར་ཆོམ་རྐུན་ལྟ་བུའོ། །འདོད་ཆགས་ཀྱི་བྱེ་བྲག་ཡུལ་ལྔ་ལ་ཆགས་པ་ནི་ཁྱི་བྱི་ཞོ་ལ་ནས་སྦྲང་མའི་བར་གྱི་དཔེས་སོ། །ཡང་བསླབ་བཏུས་སུ་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང་། དེ་སེམས་ཀུན་དུ་ཚོལ་བ་ན་སེམས་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་། སེམས་ཕྱི་རོལ་ན་ཡང་དག་པར་རྗེས་སུ་མི་མཐོང་། སེམས་ཕྱི་ནང་ནའང་ཡང་དག་པར་རྗེས་སུ་མི་མཐོང་། ཕུང་པོ་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། ཁམས་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། སྐྱེ་མཆེད་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་སེམས་ཡང་དག་པར་རྗེས་སུ་མི་མཐོང་བས་སེམས་གང་ལས་བྱུང་ཞེས་སེམས་ཀྱི་རྒྱུན་ཚོལ་ཞིང་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ཡོད་

(༥༥༦)པ་ལས་སེམས་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཅི་དམིགས་པ་དེ་ཡང་གཞན་ལ་སེམས་དེ་ཡང་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན། གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་ཀྱང་གཞན་ན་ནི་སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་དེ་ཉིད་སེམས་ཡིན་ན་ནི་སེམས་ཀྱིས་སེམས་དེ་ཉིད་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་སེམས་མཐོང་བར་མི་རུང་ངོ་། །འདི་ལྟ་སྟེ་དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་བཅད་པར་མི་ནུས་པ་དང་། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་རེག་པར་མི་ནུས་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་ཀྱང་སེམས་དེ་ཉིད་མཐོང་བར་མི་ནུས་སོ་སྙམ་མོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན་ཡང་གང་མགྱོགས་པ་རབ་ཏུ་མགྱོགས་པ་མི་གནས་པར་རྒྱུ་བ་སྤྲེའུ་དང་རླུང་འདྲ་བ། འབབ་ཆུའི་རྒྱུན་དང་འབྲུ་མར་གྱི་མར་མེ་དང་འདྲ་བ། རྒྱང་རིང་པོར་འགྲོ་བ། ལུས་མེད་པ། ཡུལ་ལ་བརྐམ་པ། སྐྱེ་མཆེད་དྲུག་ལ་སྤྱོད་པ། གཞན་དང་གཞན་གྱི་ཤེས་པ་དང་ལྡན་པའི་སེམས། གནས་པ། རྩེ་གཅིག་པ། མི་འཕྲོ་བ། རྣམ་པར་མི་འཕྲོ་བ། ཞི་གནས་ལ་རྩེ་གཅིག་པ། གཡེང་བ་མེད་པ་འདི་ནི་སེམས་གནས་པའོ། །ཞེས་གསུངས་པ་ལ། སེམས་ཚོལ་བ་དང་སེམས་སྣ་ཚོགས་སུ་རྒྱུག་པ་དཔེ་དང་བཅས་ཏེ་བསྟན་པ་ནི་དཀོན་མཆོག་རྩེགས་པ་ཁོ་ན་བཞིན་དུ་བལྟ་བར་བྱ་བས་ལོགས་ཤིག་ཏུ་བཤད་པ་མི་དགོས་སོ། །དེ་ལ། སེམས་དཔྱད་གཞིར་གྱུར་བ་དེ་ཇི་ལྟ་

(༥༥༧)བུ་ཡིན་པ་དང་། གཅིག་དང་ཐ་དད་པས་དཔྱད་པ་གཉིས་ལས་དཔྱད་གཞི་ནི་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་སེམས་འབྱུང་ཞེས་བྱ་བས་ནི་གཟུགས་ལ་བརྟེན་ནས་སྐྱེ་བའི་རྣམ་པར་རིག་པ་ཙམ་ནི་ཐ་སྙད་པའི་ཚད་མས་ཀྱང་གྲུབ་སྟེ་དཔྱད་གཞིའོ། །དེ་ལ་དཔྱད་པ་ནི་སེམས་ནི་ངོ་བོ་ཉིད་མེད་དེ། དམིགས་པ་དང་ངོ་བོ་ཉིད་གཅིག་ཏུ་ཡང་མ་གྲུབ། དམིགས་པ་དང་ངོ་བོ་ཉིད་གཞན་དུ་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་པ་རྩ་བའི་སྦྱོར་བའོ། །ཕྱོགས་ཆོས་སྒྲུབ་པ་ནི་ངོ་བོ་ཉིད་གཞན་ཡིན་ན་སེམས་ལ་ངོ་བོ་ཉིད་གཉིས་ཡོད་པར་ཐལ་བས་མི་རིགས་ལ། ངོ་བོ་ཉིད་གཅིག་ཡིན་ན་སེམས་ཀྱིས་དམིགས་པ་མ་རིག་པར་ཐལ་བའི་སྐྱོན་ཡོད་དོ་ཞེས་པའོ། །འདི་ནི་དོན་དམ་པ་དཔྱད་པ་སྟེ། གཞན་ཐ་སྙད་ཙམ་དུ་ན་ཡང་དམིགས་པ་ནི་བཏགས་པ་བཏགས་པ་བས་སྔོན་པོ་སྔོ་སྣང་ཤེས་པའི་དམིགས་པ་ཡིན་ལ། དངོས་སུ་སྔོན་པོའི་རྣམ་པ་དེ་དམིགས་པ་ཡིན་ནོ། །སྔོན་པོར་སྣང་བའི་ཤེས་པས་སྔོན་པོ་མཐོང་ངོ་ཞེས་བྱ་བ་ཙམ་ཞིག་ནི་ཕྱི་ནང་གཉི་ག་ལ་གྲགས་ལ། དེ་ཡང་སྔོ་སྣང་ཤེས་པ་དང་སྔོན་པོའི་རྣམ་པ་སྐད་ཅིག་གི་སྟེང་དུ་གཅིག་ན་རང་རིག་པ་ཡང་དངོས་ཉིད་ཡིན་པར་ཐལ་བར་འགྱུར་ན་བདག་ཉིད་གཅིག་པ་ལ་དངོས་ཀྱི་བྱ་བྱེད་མེད་དེ། རལ་གྲིས་རང་ཉིད་མི་གཅོད་པ་ལྟ་བུའོ། །རྒྱུན་ལ་གནས་ཏེ་རིག་བྱ་དང་རིག་བྱེད་དུ་རྣམ་པར་གཞག་པ་ལ་ནི་འགལ་བ་མ་མཐོང་ངོ་། །དགོངས་པ་ངེས་པར་འགྲེལ་བ་ལས། བཅོམ་ལྡན་འདས་རྣམ་པར་ལྟ་

(༥༥༨)བར་བགྱིད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ལགས་པ་དེ་ཅི་ལགས། སེམས་དེ་དང་ཐ་དད་པ་ཞེས་བགྱིའམ། ཐ་དད་པ་མ་ལགས་ཤེས་བགྱི། བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱའོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན། གཟུགས་བརྙན་དེ་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་ཏེ། བྱམས་པ་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ངས་བཤད་དོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་གལ་ཏེ་སེམས་དེ་ལས་ཐ་དད་པ་མ་ལགས་ན་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་ཇི་ལྟར་རྟོག་པར་བགྱིད་ལགས་བཀའ་སྩལ་པ། བྱམས་པ་དེ་ལ་ཆོས་གང་ཡང་ཆོས་གང་ལ་ཡང་རྟོག་པར་མི་བྱེད་མོད་ཀྱི། འོན་ཀྱང་དེ་ལྟར་སྐྱེས་པའི་སེམས་གང་ཡིན་པ་དེ་དེ་ལྟར་སྣང་ངོ་། །ཞེས་གསུངས་སོ། །གཙུག་ན་རིན་པོ་ཆེ་ལས་འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན་ནི་སེམས་ཀྱིས་སེམས་དེ་ཉིད་ཇི་ལྟར་མཐོང་བར་འགྱུར་ཞེས་བྱ་བ་དང་། དགོངས་འགྲེལ་ལས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་གལ་ཏེ་སེམས་དེ་ལས་ཐ་དད་པ་མ་ལགས་ན་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་ཇི་ལྟར་རྟོག་པར་བགྱིད་ལགས། ཤེས་བྱ་བ་གཉིས་ནི་སེམས་དང་དམིགས་པ་ཞེས་བྱ་བ་དང་སེམས་དང་གཟུགས་བརྙན་ཞེས་བྱ་བ་གཉིས་ལ་མིང་ཐ་དད་པ་རེ་བྱུང་བར་ནི་གསལ་ལ། དངོས་པོ་ཐ་མི་དད་པ་ཡིན་ན་གཅིག་གི་རྟོགས་བྱའམ་རིག་བྱ་དང་། གཞན་དེས་

(༥༥༩)རྟོགས་བྱེད་དང་རིག་བྱེད་དུ་རྩིས་པའི་བྱ་བ་དང་བྱེ་བ་པོར་མི་འཐད་སྙམ་པ་འདི་ཡིན་ལ། འདིའི་ལན་ཤེས་པ་དང་གཟུགས་བརྙན་དེ་ལ་དངོས་པོ་པའི་བྱེ་བྲག་མེད་ཀྱི། ཤེས་པ་དེ་ཉིད་ཡུལ་གྱི་གཟུགས་བརྙན་དུ་སྐྱེས་པ་ལ་བྱ་བྱེད་དུ་བཏགས་པ་ཙམ་ཞིག་ཡིན། དེར་མ་ཟད་ཆོས་ཐམས་ཅད་ལ་བྱ་བྱེད་བཏགས་པ་བ་འདི་གནས་སོ་ཞེས་བྱ་བ་ནི་ཆོས་གང་ཡང་ཆོས་གང་ལ་ཡང་རྟོག་པར་མི་བྱེད་མོད་ཀྱི་ཞེས་བྱ་བ་འདིས་བསྟན་པ་ཡིན་ཏེ། རྣམ་འགྲེལ་ལས་ཀྱང་། བྱ་བ་བྱེད་པའི་ཐ་སྙད་དག །ཐམས་ཅད་དེ་ལྟར་རྣམ་པར་གནས། །ཐ་དད་འདོད་པའི་དངོས་རྣམས་ལ། །སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །ཞེས་བཤད་པ་ཡིན་ནོ། །འདི་དག་གི་དོན་སེམས་ལ་བུམ་པའི་གཟུགས་བརྙན་ཞིག་ལམ་གྱིས་ཤར་བ་ན་བུམ་པ་འདི་ལེགས་པའམ་ཉེས་ཤེས་དེ་ལ་དཔྱོད་པའི་བློ་འབྱུང་བ་ནི་གཟུགས་བརྙན་ཤར་རྗེས་སུ་བྱུང་བའི་རྟོག་པ་གཟུང་འཛིན་ཅན་དུ་བྱུང་བ་ཡིན་ལ། སྔར་ཤར་བའི་གཟུགས་བརྙན་དེ་སྐད་ཅིག་མ་ཡིན་པས་འགགས་ནས་རྟོག་པ་དེ་ཉིད་ཀྱང་བུམ་པའི་གཟུགས་བརྙན་དུ་ཤར་བ་ཁོ་ན་ཡིན་པས་ཡུལ་དང་ཡུལ་ཅན་གཟུང་བ་དང་འཛིན་པར་རྟོག་པ་འདི་འཁྲུལ་རྟོག་ཁོ་ན་ཡིན་པས་སེམས་རང་མལ་དུ་གཞག་ན་གཟུང་འཛིན་གྱི་སྣང་བ་ཟློག་ཅེས་བླ་མ་དག་གསུང་ངོ་། །ལུང་གིས་བཤད་པ་ནི་ལྷ་མོ་ཆོས་འདི་གཉིས་ཤེས་བྱ་བ་ལ་སོགས་པའི་དོན་བཤད་ཟིན་པ་ཉིད་སླད་ཡང་དྲན་པར་བྱ་སྟེ། མིག་ལ་སོགས་པའི་ཤེས་པ་རྟོག་པ་དང་བྲལ་བ་དང་། འདས་པའི་དུས་ལ་རྟོག་པ་ལ་སོགས་

(༥༦༠)པའི་ཤེས་པ་རྣམས་ཀྱིས་སྙིང་པོ་ལ་གོས་པར་མི་འགྱུར་ཏེ། སྙིང་པོ་དང་མི་མཐུན་པར་ཁ་གཞན་དུ་བལྟས་པའི་ཕྱིར་ཞེས་བྱ་བ་དང་། དེ་ལྟ་ན་ཡང་ཁ་གཞན་དུ་བལྟས་པའི་ཤེས་པ་གཉིས་པོ་དེ་དག་ཀྱང་སྙིང་པོ་ཉིད་དེ་ལྟར་གྱུར་བ་ཡིན་གྱི་སྙིང་པོ་དང་དེ་གཉིས་ལ་རིགས་ཐ་དད་པ་མེད་ཅེས་བྱ་བ་ནི་ཤིན་དུ་རྟོགས་དཀའ་ཞེས་པའོ། །དོན་དེ་ཉན་ནུས་པ་ནི་བཤད་ན་དོན་ཁོང་དུ་ཆུད་པ་ཡིན་ཏེ། ཚིག་ཙམ་རྣ་བར་བཟོད་པ་ཙམ་མ་ཡིན་པས་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཤེས་གསུངས་པ་ཡིན་ནོ། །ལྷག་མ་ཉན་རང་གིས་ནི་མངོན་སུམ་དུ་རྟོགས་པ་མ་ཡིན་ཞིང་རིགས་པའི་སྟོབས་ཀྱིས་རྟོགས་པ་ཡང་མ་ཡིན་པས་ལུང་གི་ཚིག་ཙམ་གྱིས་རྟོགས་ཤེས་པའོ། །སྦྱོར་བ་གཉིས་པ་ནི། ཀུན་ནས་ཉོན་མོངས་མེད་དག་ཕྱིར། །ཞེས་བྱ་བས་བསྟན་ཏེ། དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་ཆོས་ཅན་ནོ། །དེ་ཡང་གནས་འདི་ཞེས་པས་བྱང་ཆུབ་ཆོས་ཅན་དུ་བྱ་བར་འོས་པ་མ་ཡིན་ནམ། དེ་བཞིན་ཉིད་ཆོས་ཅན་དུ་འཇོག་པ་ཅི་ཡིན་སྙམ་ན། བྱང་ཆུབ་ཀྱི་འཇུག་པའི་སྐབས་སུ་གཟུགས་ཀྱི་སྐུ་གཉིས་ཀྱང་བཤད་པས་དེ་ལས་བཀར་ཏེ་ངོ་བོ་ཉིད་ཀྱི་སྐུ་ཆོས་ཅན་དུ་གཟུང་བ་སྟེ། དེ་ནི་མ་དག་པའི་སྙིང་པོའི་རིག་ཁམས་ཀྱི་སྟོབས་ལ་སོགས་པ་ཡང་སྙིང་པོ་ལས་མ་གཡོས་པས་དེ་བཞིན་ཉིད་ཡིན་ཞེས་དགོངས་པའོ། །གནས་འདི་ཞེས་པ་ནི་ཆོས་ཅན་དུ་གཟུང་བ་དེ་ཉིད་དོ། །བསམ་གྱིས་མི་ཁྱབ་པ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །སྔར་དྲི་མས་ཀུན་ནས་ཉོན་མོངས་པར་མ་གྱུར་

(༥༦༡)ཏེ། དྲི་བཅས་དེ་བཞིན་ཉིད་ཅེས་བརྗོད་པའི་ཚེའང་རང་བཞིན་གྱིས་དག་པ་ཡིན་ལ། ཕྱིས་གཉེན་པོས་སྒྲིབ་པ་གཉིས་རྣམ་པར་དག་སྟེ་ཤེས་བྱ་མཐའ་ཡས་པའི་ཡུལ་ཅན་དུ་གྱུར་བའི་ཕྱིར་ཏེ། དོན་ནི་སྔར་ཤེས་བྱ་མཐའ་ཡས་པ་མི་ཤེས་པ་ལས་ཕྱིས་ཤེས་པར་གྱུར་ལ། འོན་ཀྱང་དེ་བཞིན་ཉིད་ཡིན་པས་རྣམ་པར་འགྱུར་བ་མེད་དོ་ཞེས་བྱ་བ་འདི་རྟོགས་དཀའ་བའོ། །ལུང་ནི་གང་གི་ཕྱིར་ཞེས་བྱ་བ་ནི་གང་ལས་སོ། །སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ་ཞེས་བྱ་བ་ནི་གདོད་མ་ཉིད་ནས་སྒྲིབ་པ་གཉིས་ཀྱི་མུན་པ་མེད་པའོ། །སྒྲིབ་པ་གཉིས་བྲལ་བ་ན་ཤེས་བྱ་མ་ལུས་པ་ཤེས་སོ། །དེ་ཡང་གཤིས་འགྱུར་ནས་ཤེས་པ་མ་ཡིན་གྱི་ཤེས་པ་དེ་ནི་སྔར་གྱི་དེ་ཁོ་ན་བཞིན་དུ་བཅོས་མ་མ་ཡིན་པས་དེ་བཞིན་ཉིད་ཡིན་ནོ། །རང་བཞིན་འགྱུར་བ་མེད་པ་དེས་ན་མཚན་མ་མཐའ་དག་ཉེ་བར་ཞི་བའི་རྣམ་པའམ་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་པ་ཡིན་ཏེ། ཉན་ཐོས་ཀྱི་ལམ་དུ་བདེན་པ་མངོན་པར་རྟོགས་པ་རྣམ་པ་མི་འདྲ་བ་བཅུ་དྲུག་གིས་རྟོགས་པས་སྐད་ཅིག་མ་བཅུ་དྲུག་གིས་རྟོགས་ཤེས་བཤད་པ་ལྟ་བུ་མ་ཡིན་པར་མཚན་མ་མེད་པའི་རྣམ་པ་གཅིག་གིས་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་བསྟན་པ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ལ་གླིང་བཞི་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་

(༥༦༢)གཟུགས་བརྙན་རྒྱ་ལྟ་བུར་སྣང་སྟེ། དེའི་ཕྱིར་རྒྱ་མཚོ་ཆེན་པོ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་དབང་པོ་དང་བསམ་པ་རྣམ་པ་ཐ་དད་པ་རྣམས་སྣང་བ་མེད་པའི་རང་བཞིན་གྱིས་ཡོངས་སུ་སྣང་བར་འགྱུར་ཏེ་དེའི་ཕྱིར་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ཆུབ་པ་ནི་ཤེས་བྱ་མ་ལུས་པ་ཆུབ་པ་ཡིན་ལ། སྣང་བ་མེད་པའི་རང་བཞིན་གྱིས་ཤེས་བྱ་བ་ནི་རྣམ་པ་མེད་པའི་རང་བཞིན་གྱིས་ཏེ། མཚན་མ་མེད་པའོ། །མཚན་མ་ཡང་རྟོག་པ་ལ་ཤར་བའི་རྣམ་པ་ཁོ་ན་ལ་མི་བྱའི་མིག་ལ་སོགས་པའི་ཤེས་པ་རྟོག་པ་མེད་པ་ལ་ཤར་བའི་རྣམ་པ་ཡང་མཚན་མ་སྟེ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་མིང་དང་མཚན་མས་གཡེངས་པའི་ཕྱིར་བྱིས་པ་རྣམས་མཚན་མའི་རྗེས་སུ་འཇུག་པས་མཚན་མའི་རྗེས་སུ་འབྲང་ངོ་། །དེ་ལ་བློ་གྲོས་ཆེན་པོ་མཚན་མ་ནི་མིག་གི་རྣམ་པར་ཤེས་པའི་སྣང་བར་འགྱུར་བ་ཡིན་ཏེ། གཟུགས་ཤེས་བྱ་བའོ། །དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ལ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཤེས་བྱ་བ་སྟེ་འདི་ནི་མཚན་མ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཏན་ཚིགས་གསུམ་པ་ནི་རྣམ་པར་དབྱེ་བ་མེད་ཆོས་ཕྱིར། ཞེས་བྱ་བས་སྟོན་ཏེ། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་ཆོས་ཅན་ནོ། །གནས་འདི་ཞེས་བྱ་བ་ཡང་ཆོས་ཅན་དེ་ཉིད་ལ་བྱའོ། །བསམ་

(༥༦༣)གྱིས་མི་ཁྱབ་སྟེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །གཅིག་ཏུ་ཀུན་ནས་ཉོན་མོངས་པ་ཞེས་པ་ནི་དྲི་མ་དང་བཅས་པའི་གནས་སྐབས་ཏེ། དེ་ལ་ནི་རྣམ་པར་བྱང་བའི་ཡེ་ཤེས་སྐད་ཅིག་མ་གཅིག་ཀྱང་མ་སྐྱེས་པས་དེའི་ཕུང་པོ་དང་ཁམས་ལ་སོགས་པའི་དངོས་པོ་ཐམས་ཅད་གཅིག་ཏུ་ཀུན་ནས་ཉོན་མོངས་པ་ཅན་ཏེ་ཟག་བཅས་ཁོ་ན་ཡིན་ཞེས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔར་མ་ཟད་སོ་སོ་སྐྱེ་བོའི་ས་དེ་ལ་ཡང་ཡོད་པའི་ཕྱིར་ཏེ། དེ་ཡང་དྲི་མ་མེད་པའི་གནས་སྐབས་ཀྱི་ཡོན་ཏན་ངོ་མཐོན་དུ་ཡོད་པ་ནི་མ་ཡིན་ཏེ། ཁྱད་པར་གྱི་གཞི་དྲི་མ་མེད་པ་ཉིད་མེད་པའི་ཕྱིར་རོ། །འོན་ཀྱང་སེམས་ཅན་ལ་ཡོད་པའི་ཡོན་ཏན་རྣམས་སྔ་མ་དང་དྲི་མ་མེད་པའི་གནས་སྐབས་ཀྱི་ཡོན་ཏན་རྣམས་ཕྱི་མ་སྟེ། སྔ་ཕྱི་གཉིས་པོ་དེ་ལ་ཆོས་ཉིད་ཡིན་པ་དང་མ་ཡིན་པའི་ཁྱད་པར་མེད་པས་ཆོས་ཉིད་ཀྱི་ཚུལ་གྱིས་ཡོད་པ་ཡིན་ནོ། །དེས་ན་འདིར་ཡང་སེམས་ཅན་གྱི་གནས་སྐབས་ཀྱི་ཡོན་ཏན་དང་སངས་རྒྱས་ཀྱི་སའི་ཡོན་ཏན་གཉིས་ལ་རྒྱས་པ་དང་མ་རྒྱས་པའི་ཁྱད་པར་ཡོད་ཀྱང་འགྱུར་བ་མེད་པ་ནི་རྟོགས་དཀའ་བ་ཡིན་ཏེ། ཕྱོགས་མཐུན་པ་ཙམ་གྱི་དཔེས་བརྗོད་ན་འཇིག་རྟེན་གནས་པའི་གནས་སྐབས་ཀྱི་ནམ་མཁའ་དང་འཇིག་རྟེན་སྟོངས་པའི་གནས་སྐབས་ཀྱི་ནམ་མཁའ་དག་ལ་ཡངས་པ་དང་དོག་པའི་ཁྱད་པར་ཡོད་ཀྱང་དེ་གཉི་ག་ནམ་མཁའི་ངོ་བོ་ཉིད་ལས་ནམ་ཡང་མ་འགྱུར་བ་ལྟ་བུའོ། །ལུང་ནི་གང་གི་ཕྱིར་ནི་གང་ལས་ཏེ་ཕལ་པོ་ཆེ་གང་ལས་གསུངས་པ་ནི་སེམས་

(༥༦༤)ཅན་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྣམ་པར་དབྱེ་བ་ཚད་མེད་པ་མཐའ་དག་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དེ། དེ་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་དངོས་སུ་ཡོད་པ་མ་ཡིན་གྱི། དེ་དང་རྗེས་སུ་མཐུན་པའི་ཕྲ་མོ་གྲངས་ཚང་དུ་ཡོད་པ་ཡིན་ནོ། །ཡོད་ན་ཅིའི་ཕྱིར་མི་མངོན་ཞེ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ནི་སྒྲིབ་པ་མེད་པས་མངོན་ལ། བྱིས་པ་རྣམས་ལ་ནི་ཡུལ་གྱི་མཚན་མ་ལ་ཆགས་པའི་འདུ་ཤེས་ཀྱི་འཛིན་པས་བསྒྲིབས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །དེ་ཡང་ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །དེ་སྲིད་འཇིག་རྟེན་རྒྱང་པན་པ། །འཇུག་མེད་སངས་རྒྱས་ཡིན་པར་ནི། །དབང་པོ་ཉིད་དང་ཀུན་གྱིས་གསུངས། །ཤེས་གསུངས་ཏེ། ཡུལ་གྱི་མཚན་མ་གཟུང་ནས་ཡུལ་གཅིག་ཁོ་ན་ལ་གནས་པའི་སེམས་དེ་ནི་སེམས་ཀྱི་འཇུག་པའམ་རྒྱུ་བ་ཞེས་བྱ་སྟེ། དེ་ཡང་ཆོས་ཡང་དག་པར་སྡུད་པ་ལས། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཤེས་གསུངས་པའི་སེམས་ཀྱི་རྒྱུ་བ་ནི་དངོས་པོ་ཙམ་དང་འབྲེལ་བའི་ངང་ཅན་གྱི་སེམས་ལ་བཤད་དེ། དངོས་པོ་གང་དང་གང་གི་རྣམ་པ་དེ་ནི་མཚན་མ་ཡིན་ལ། མཚན་མ་དེས་ཁྱད་པར་དུ་བྱས་ནས་དངོས་པོ་དེ་འཛིན་པ་ན་དོན་དམ་པ་ཤེས་པ་མེད་པས་ཤེས་བྱ་རྒྱ་ཆེན་པོ་མི་མཐོང་སྟེ། རྒྱང་པན་པ་དག་རང་གིས་མཐོང་བའི་འཇིག་རྟེན་འདི་ཙམ་ཞིག་ཡོད་ཀྱི། མངོན་སུམ་མ་ཡིན་པའི་ཚད་མ་མེད་

(༥༦༥)པས་འཇིག་རྟེན་སྔ་ཕྱི་སོགས་མེད་དོ་ཞེས་ཟེར་བ་བཞིན་དུ་རང་གི་རྣམ་པའམ་མཚན་མ་ཙམ་ལ་གནས་པས་ཤེས་བྱ་མཐའ་ཡས་པ་མི་མཐོང་བ་ནི་རྒྱང་པན་པ་དང་འདྲ་བས་རྒྱང་པན་པར་བཏགས་སོ། །སེམས་ཀྱི་འཇུག་པ་དང་རྒྱུ་བ་མེད་པའི་དོན་དམ་པའི་བདེན་པ་དེ་ནི་རྫོགས་པར་སངས་རྒྱས་ཁོ་ནའི་ཡུལ་ཏེ། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ནི་ཐུབ་པའི་དབང་པོ་དང་སངས་རྒྱས་ཀུན་གྱིས་མཐུན་པར་གསུངས་སོ་ཞེས་བྱའོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ན་འགལ་རྐྱེན་མེད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་འབྱུང་ངོ་། །ཅི་འདྲ་བ་ཞིག་ཅེ་ན། སློབ་དཔོན་མེད་པར་ཐུགས་སུ་ཆུད་པའི་ཕྱིར་རང་བྱུང་གི་ཡེ་ཤེས་ཏེ་སྒྲའི་རྗེས་སུ་འབྲངས་ནས་ཤེས་བྱ་ཤེས་པ་མ་ཡིན་པའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྒྲའི་རྗེས་སུ་མི་འབྲང་ཡང་རང་གི་དམིགས་པ་ལ་ཐོགས་ཤིང་རྡུགས་ནས་གཞན་སྒྲ་དང་དྲི་ལ་སོགས་པ་མི་ཤེས་པ་ལྟ་བུ་ཡང་མ་ཡིན་པའོ། །འདིར་སྟོང་གསུམ་གྱི་ཚད་དང་མཉམ་པའི་དར་ཡུག་གིས་མཚོན་པར་བྱ་བ་ནི་ཆོས་ཐམས་ཅད་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་སོ། །དེ་ལ་རི་མོ་རྫོགས་པར་བྲིས་པས་མཚོན་པར་བྱ་བ་ནི་སྟོབས་ལ་སོགས་པའི་ཁམས་མ་ཚང་བ་མེད་པའོ། །དར་ཡུག་དེ་རྡུལ་ཕྲ་རབ་ཏུ་བཅུག་པས་མཚོན་པར་བྱ་བ་ནི་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་གནས་པའོ། །འདིར་གཟུགས་མེད་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་ཞེས་སོགས་འབྱུང་བ་ལ། གཟུགས་

(༥༦༦)མེད་པ་ན་ཁྱབ་བྱེད་གཟུགས་མེད་པའི་ཕྱིར་གཞལ་མེད་ཁང་ག་ལ་སྲིད་སྙམ་ནས་གཞུང་ཁོལ་དུ་ཕྱུང་སྟེ་འདོར་བར་བྱེད་མོད། མདོ་ཉིད་དང་རྒྱ་གར་གྱི་དཔེ་ལ་ཡང་སྣང་ལ། ལུང་ལས་ཀྱང་ས་བཅུ་པའི་ས་བརྒྱད་པར་ས་བརྒྱད་པའི་བྱང་ཆུབ་སེམས་དཔས་གཟུགས་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་འཆགས་པ་དང་འཇིག་པ་དང་རྒྱ་ཆེན་པོ་དང་ཆུང་ངུ་ཤེས་པར་གསུངས་ན་ཇི་ལྟར་གཟུགས་མི་སྲིད། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང་། གསོལ་བ། ཐར་བ་ཇི་ལྟ་བུ་ལགས། གཟུགས་ཅན་ལགས་སམ། གཟུགས་མ་མཆིས་པ་ལགས། བཀའ་སྩལ་པ་ཁ་ཅིག་གི་ནི་གཟུགས་ཅན་ནོ། ཁ་ཅིག་ནི་གཟུགས་ཅན་མ་ཡིན་པ་སྟེ། གཟུགས་ཅན་མ་ཡིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་གཟུགས་ཅན་ཡིན་ནོ། །ཐར་བ་དེ་ནི་གཟུགས་དང་གཟུགས་མེད་པ་ཡིན་ལ། གཟུགས་ཡིན་ནོ་ཞེས་བྱར་ཡང་མི་རུང་ངོ་། །གསོལ་བ་ཅིའི་སླད་དུ་ལགས། བཀའ་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ་དཔེར་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱི་ལུས་ནི་གཟུགས་དང་གཟུགས་མེད་པ་ཡིན་ལ། གཟུགས་ཡིན་ནོ་ཞེས་བྱར་ཡང་མི་རུང་བ་བཞིན་ནོ། །གསོལ་བ་འདུ་ཤེས་མེད་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་གཟུགས་དང་གཟུགས་མ་མཆིས་པ་ལགས་ལ། གཟུགས་ཀྱང་མ་ལགས་ན་དེ་དག་ཇི་ལྟར་མཆིས་པ་དང་ཇི་ལྟར་རྒྱུ་བ་བསྟན་དུ་གསོལ། བཀའ་

(༥༦༧)སྩལ་བ་འདི་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་གྱི་ཞོག་ཤིག །དེ་བཞིན་དུ་ཐར་བ་ཡང་གཟུགས་དང་གཟུགས་མེད་པ་ཡིན་ལ། གཟུགས་ཀྱང་མ་ཡིན་པས་ན་སངས་རྒྱས་ཀྱི་ཡུལ་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ། །ཞེས་འབྱུང་བས་སོ། །དར་ཡུག་དེ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་མ་གྱུར་བའི་དཔེས་ནི་གཞན་གྱི་དོན་སྒྲུབ་པར་མ་ནུས་པའི་དཔེ་སྟེ། ཇི་སྲིད་དྲི་མ་འདྲེས་ལས་མ་གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་མཛད། །ཅེས་གསུངས་པའོ། །འཁོར་ཡུག་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཁོར་ཡུག་གཅིག་གིས་བསྐོར་བར་མངོན་པ་ཀུན་ལས་བཏུས་ལས་བཤད་པ་དེའོ། །ས་ལ་སྤྱོད་པ་ནི་རྒྱལ་ཆེན་རིས་བཞི་པའི་ལྷ་ལྗོན་ཤིང་དང་ཀུན་དགའ་ར་བ་སོགས་ལ་གནས་པའོ། །མཁས་པ་ནི་རྣམ་པར་དབྱེ་བ་ཤེས་པའོ། །འཛངས་པ་ནི་ཏོམ་ཅོལ་མ་ཡིན་པར་ཚོད་དང་སྦྱོར་ཤེས་པའོ། །གསལ་བ་ནི་ཤེས་བྱ་གསར་པ་ལ་འཇུག་པ་ན་ལོབས་རྐྱེན་པའོ། །ཡིད་གཞུངས་པ་ནི་བྱ་བ་གཞན་དང་མ་འདྲེས་པར་འཇུག་པའོ། །དེར་ཞུགས་པའི་སྤྱོད་པ་དང་ལྡན་པ་ནི་དེས་གང་ལ་ལྷག་པར་འདུན་པའོ། །ལྷའི་མིག་ནི་གཟུགས་ཕྲ་མོའི་ཡུལ་ཅན་ནོ། །འདི་འདྲ་བའི་དཔེ་རློམས་ཏེ་སྨྲས་པར་ཟད་ཀྱི། སྲིད་པ་ནི་མ་ཡིན་པས་ཉེ་བར་མཁོ་བ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་གཏན་མི་སྲིད་པ་ནི་མ་ཡིན་ཏེ། ཡུལ་

(༥༦༨)བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བསམ་གཏན་གྱིས་བྲི་བར་ནུས་པའི་ཕྱིར་རོ། །འདིར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཟབ་མོ་རྣམས་དང་བསྟན་བཅོས་འདི་ཉིད་ལ་སོགས་པ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་གྲངས་མེད་པ་རྣམས་སེམས་ཅན་རྣམས་ལ་ཡོད་དོ་ཞེས་མང་དུ་འབྱུང་བ་ལ། ཁ་ཅིག་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་རབ་འབྱོར་གྱི་དེ་བཞིན་ཉིད་ཁྱད་པར་མེད་པས་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པར་བརྗོད་པ་ལྟར། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སེམས་ཅན་ལ་ཞུགས་པས་སེམས་ཅན་ལ་སངས་རྒྱས་ཡོད་པའི་དོན་ནི་དེ་ལྟ་བུ་ཡིན་ནོ། །སྙམ་མོ། ༡ ཁ་ཅིག་ནི་སེམས་ཅན་གྱིས་སངས་རྒྱས་ཐོབ་ཏུ་རུང་བས་དེ་ཙམ་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཡོད་པར་བརྗོད་དོ། ༢ ཁ་ཅིག་ནི་དྲི་མ་མེད་པར་གྲགས་པ་ལས་འཇིག་ཚོགས་ལ་ལྟ་བ་ནི་སངས་རྒྱས་ཀྱི་གདུང་ངོ་ཞེས་བཤད་པས་སེམས་ཅན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཟག་པ་དང་བཅས་པ་རྣམས་ཀྱང་སངས་རྒྱས་ཀྱི་རིགས་ཡིན་པས་དེ་ལ་སེམས་ཅན་ལ་སངས་རྒྱས་ཀྱི་ཡོན་ཏན་ཡོད་པར་གདགས་སུ་རུང་ངོ་སྙམ་མོ། ཁ་ཅིག་རྣལ་འབྱོར་བ་རང་ཉིད་ཀྱིས་ཉམས་སུ་བླངས་པ་ན་བཅོས་མ་མ་ཡིན་པའི་སེམས་ཀྱི་དེ་ཁོ་ན་ཉིད་མཐོང་སྟེ་སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་ངོ་བོ་ཉིད་དེ་འདྲའོ་སྙམ་དུ་བསམ་ནས་དེ་ཉིད་ལ་སངས་རྒྱས་ཡིན་ནོ་ཞེས་ཀྱང་རྗོད་པར་བྱེད་ལ། སེམས་ཅན་ལ་སངས་རྒྱས་ཀྱི་ཡོན་ཏན་ཡོད་ཅེས་གསུངས་པ་ཡང་དེ་ལྟ་བུ་ཉིད་ལ་བརྗོད་དོ། ཁ་ཅིག་ནི་སེམས་ཅན་རྣམས་

(༥༦༩)ལ་དེ་བཞིན་གཤེགས་པའི་སྟོབས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་རྟག་པར་ཡོད་མོད་ཀྱི་སྒྲིབ་པས་བསྒྲིབས་པས་མ་མཐོང་བར་ཟད་དོ་སྙམ་མོ། ཁ་ཅིག་ནི་སེམས་ཅན་རྣམས་ལ་རང་གི་རྒྱུད་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་ཡོན་ཏན་མེད་ཀྱང་གསང་བ་བསམ་གྱིས་མི་ཁྱབ་པ་ལས་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱིས་ནམ་མཁའ་སྲིད་དུ་ཁྱབ་པར་གསུངས་པས་གཞན་རྒྱུད་ཀྱིས་ཕྱེ་བའི་སངས་རྒྱས་ནི་གང་ན་ཡང་མེད་པ་མ་ཡིན་ཏེ། དེས་སེམས་ཅན་ལ་སངས་རྒྱས་ཡོད་པར་ཡང་བརྗོད་དོ་སྙམ་མོ། །གཞན་ཡང་མཁས་པའི་བསྟན་བཅོས་ལས་ཕྱི་རོལ་ལ་ཐམས་ཅད་ཚང་བའི་ཚུལ་དང་། ནང་གི་རིག་པ་ལ་ཐམས་ཅད་མཁྱེན་པ་ལྟ་བུར་ཡོད་པའི་ཚུལ་གཉིས་མཐོང་སྟེ། དེ་ལ་ཕྱི་རོལ་ལ་ཚང་བ་ནི་རྩ་བ་ཤེས་རབ་ལས། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་གསུངས་པའི་འགྲེལ་བ་ཤེས་རབ་སྒྲོན་མར། ཅི་སྟེ་ཡང་ལ་ལ་འདི་སྙམ་དུ་སེམས་ཏེ་ལུང་ལས་ཤིང་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ་ཞེས་གསུངས་པས་ཆུ་ལ་ཡང་ཚ་བ་ཉིད་ཡོད་པའི་ཕྱིར་དཔེ་མེད་དོ་སྙམ་ན། དེ་ལ་རྫུ་འཕྲུལ་དང་ལྡན་པའམ། སེམས་ལ་དབང་ཐོབ་པས་རྩྭའམ་ཕུབ་མ་དང་ལྕི་བ་ལ་སོགས་པ་གང་དང་གང་ལ་ནོར་བུ་གསེར་དང་དངུལ་ལ་སོགས་པར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པར་བྱེད་པ་དེ་དང་དེ་དེ་བཞིན་དུ་འགྱུར་བ་ཤིང་ལ་ཞལ་གྱིས་བཞེས་ནས་ཤིང་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་

(༥༧༠)ནམ་མཁའི་མཛོད་ཀྱིས་སྤྲུལ་པ་མ་ཡིན་པའི་རིན་པོ་ཆེ་ལ་སོགས་པའི་རྫས་ཀྱི་ཆར་ཕབ་སྟེ་སེམས་ཅན་རྣམས་ལ་སྦྱིན་པར་བྱེད་པར་གསུངས་པ་ཡང་ཕྱི་རོལ་གྱི་ཚུལ་ལོ། །ནང་ལ་ནི་རྣམ་འགྲེལ་ལས། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱི་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་བུམ་པ་འཛིན་པའི་མངོན་སུམ་གྱིས་བུམ་པའི་ཁྱད་པར་གྱི་ཆོས་མཐའ་དག་མཐོང་བ་ཡིན་མོད་ཀྱི། སྣ་ཅིག་ཙམ་ལས་གཞན་རྣམས་ལ་ངེས་པ་བསྐྱེད་པར་མ་ནུས་པ་ཡིན་ནོ་ཞེས་བཞེད་དེ། འདིར་མདུན་ན་གནས་པའི་བུམ་པ་དེ་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བུམ་པ་དང་ཚད་མཉམ་མོ་ཞེས་བྱ་བ་ཡང་འདིར་གནས་པའི་བུམ་པའི་ཁྱད་པར་གྱི་ཆོས་ཡིན་ཞིང་། དེ་ཡང་དེས་མཐོང་བས་མཐོང་བ་ཙམ་ལ་ནི་ཚད་ངེས་པ་ཡོད་པ་མ་ཡིན་ནོ། །མཐོང་བཞིན་དུ་ངེས་པ་མི་སྐྱེ་བའི་རྒྱུ་ཡང་བློ་བུར་གྱི་དྲི་མས་གེགས་བྱས་པ་ལས་ཡིན་ཏེ། བུམ་པ་འཛིན་པའི་ཤེས་པ་འདིའི་རྒྱུན་ལ་གེགས་བྱེད་པ་མེད་ན་དེས་དངོས་པོ་ཐམས་ཅད་མཐོང་ཞིང་ཐམས་ཅད་ཀྱིས་ཀྱང་དེ་ལ་རྣམ་པ་གཏོད་པར་བྱེད་དོ་ཞེས་བྱ་བར་ཡང་བཞེད་དེ། སེམས་དེ་རང་བཞིན་འོད་གསལ་ཏེ། དྲི་མ་རྣམས་ནི་བློ་བུར་བ། །ཞེས་དང་། རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཇི་ལྟར་ཡོད་དེ་འཛིན་པ་དང་། །ཡོད་པ་ཡི་ནི་བདག་ཉིད་དེ། །འདི་ཡི་སྐྱེད་པར་བྱེད་པའང་ཡིན། །ཞེས་གསུངས་པ་ཡིན་ནོ། །ཡང་འགའ་ཞིག་གིས་ངེད་བོད་ཀུན་གཞིས་སྣོད་བཅུད་ཐམས་ཅད་ལ་དམིགས་

(༥༧༡)པར་འདོད་ཅེས་ཇོ་བོ་རྗེའི་སྙན་དུ་གསོལ་བས། ཇོ་བོའི་ཞལ་ནས་ཀུན་གཞི་ཐམས་ཅད་མཁྱེན་པར་འདོད་པའི་གྲུབ་པའི་མཐའི་ཁམ་དེ་ཙམ་ནི་ཕྱི་རོལ་བ་ཡང་མི་སྨྲ་ཞེས་གསུང་ངོ་ཟེར་རོ། །རྗེས་སུ་མཐུན་པའི་གཏམ་ནི་འབྲི་ཁུང་ཆོས་རྗེའི་ཞལ་ནས་ཤཱ་རིའི་བུ་དང་མགོན་མེད་ཟས་སྦྱིན་གྱིས་མཉན་ཡོད་ཀྱི་གཙུག་ལག་ཁང་གི་ཐིག་བཏབ་པ་ན་ཤཱ་རིའི་བུ་འཛུམ་པར་གྱུར་བའི་རྒྱུ་མགོན་མེད་ཟས་སྦྱིན་གྱིས་དྲིས་པར་གྱུར་བའི་ཚེ། ཐིབ་བཏབ་པའི་རྒྱུ་འདི་ལས་དགའ་ལྡན་གྱི་གནས་སུ་ཁྱོད་སྐྱེ་བར་འགྱུར་བའི་ཁང་བཟངས་མཐོང་ངོ་ཞེས་བྱ་བ་ལུང་ལས་འབྱུང་བ་དེ་དཔེར་བྱས་ནས་དགེ་མི་དགེའི་ལས་རྣམས་ལ་དེའི་འབྲས་བུའི་རང་གཟུགས་རེ་རེ་ཡོད་དེ། དེ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་བྱང་ཆུབ་སེམས་དཔའ་དེ་གང་དུ་སངས་རྒྱ་བའི་ཞིང་དང་དེ་དག་གི་བཀོད་པ་དང་འཁོར་ལ་སོགས་པའི་གཟུགས་བརྙན་འབྱུང་བར་འགྱུར་ཏེ། གཟུགས་བརྙན་དེ་ནི་བདག་ཉིད་ཀྱིས་ཀྱང་མི་ཤེས་ལ། གཞན་མངོན་པར་ཤེས་པ་དང་བྲལ་བ་དག་གིས་ཀྱང་མཐོང་བ་མ་ཡིན་ནོ། །དེ་ལྟར་མཁས་པ་དག་གིས་བརྟག་པར་བྱ་བའི་གནས་སུ་གཞན་དག་གི་བཞེད་པ་ཕྱོགས་ཙམ་བཀོད་པ་ཡིན་ནོ། །བདག་ཉིད་ནི་དབུལ་མོའི་མངལ་ན་ཆགས་པའི་འཁོར་ལོས་བསྒྱུར་བར་འགྱུར་བའི་བུ་ཆུང་ཟླ་བ་དགུ་ལོན་པ་དེ་འཁོར་ལོས་བསྒྱུར་བ་ཉིད་ཀྱི་ནུས་པ་མེད་ཅིང་དེའི་བྱ་བ་ཡང་བྱེད་མི་ནུས་ལ། འོན་ཀྱང་དེའི་དབང་པོ་དང་མཚན་ཕྲ་མོའི་ཚུལ་དུ་ཡོད་པ་ལྟར་སངས་རྒྱས་རྣམས་ཀྱི་སྟོབས་ལ་སོགས་པའི་ཡེ་ཤེས་དངོས་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་མེད་ལ། འོན་

(༥༧༢)ཀྱང་ཡེ་ཤེས་དེ་དག་དཔེར་བརྗོད་པའི་རི་མོ་ལྟར་ཕྲ་བ་ཞིག་ནི་ཡོད་པར་སེམས་སོ། །གཞན་དུ་སེམས་ཅན་རང་བཞིན་མེད་པ་ཙམ་ཞིག་སངས་རྒྱས་ཀྱི་ཆོས་སུ་མིང་འདོགས་པ་དང་ཡོན་ཏན་དངོས་སུ་ཡོད་ཀྱང་རྟག་གོ་ཞེས་སྨྲ་བ་དང་། འཇིག་ཚོགས་ལ་ལྟ་བ་སངས་རྒྱས་ཀྱི་གདུང་ངོ་ཞེས་སྨྲ་བ་དེ་དག་ལ་དོན་བྱེད་པ་ཅི་ཡང་མེད་པ་ལ་ནི་མཁས་པས་དོན་དུ་གཉེར་བྱ་མ་ཡིན་པ་དང་། ཡོན་ཏན་གྱི་ཆོས་རྣམས་སེམས་ལས་ནམ་ཡང་འབྲལ་མི་ཤེས་པ་དང་། འདོད་ཆགས་ལ་སོགས་པ་རྣམས་འབྲལ་ཤེས་པ་ཉིད་དུ་གསུངས་པའི་དགོངས་པ་ལས་རིང་དུ་གྱུར་ཏོ་སྙམ་མོ། །འོ་ན་སེམས་ཅན་རྣམས་ལ་རྟོགས་པའི་ཆོས་སྟོབས་ལ་སོགས་པ་རྣམས་ཕྲ་མོའི་ངོ་བོས་ཡོད་དུ་།།།ཆུག་མོད། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། དེ་བཞིན་གཤེགས་པའི་མཚན་རྣམས་ཀྱང་སེམས་ཅན་ལ་ཡོད་པར་གསུངས་ཤིང་ལང་ཀར་གཤེགས་པ་ལས་དེ་ལྟ་ཡིན་ན་མུ་སྟེགས་བྱེད་ཀྱི་བདག་སྨྲ་བ་དང་འདྲ་བར་ཐལ་བའི་བརྒལ་བ་ཞུས་པ་དང་ལན་རྒྱ་ཆེར་གསུངས་པ་དེ་ལ་མཚན་རྣམས་ཕྲ་མོའི་ཚུལ་གྱིས་ཡོད་དམ་མེད་ཅེ་ན། དེ་ཡང་ཡོད་པར་འདོད་དོ། །འོ་ན་དེ་ཡོངས་སུ་རྫོགས་པ་ན་རྣམ་པར་སྨིན་པའི་ཡོན་ཏན་དུ་མི་འགྱུར་གྱི། བྲལ་བའི་ཡོན་ཏན་དུ་འགྱུར་ན་དེ་ལྟ་བུ་ནི་བཤད་པ་ཡང་མ་ཡིན་ནོ་སྙམ་ན། མཚན་དང་དཔེ་བྱེད་དག་ལ་བྲལ་བ་དང་རྣམ་པར་སྨིན་པའི་ཆ་གཉིས་ཡོད་དེ། དེ་ཡང་བྲལ་བ་ནི་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་ལས་བཤད་པ་བཞིན་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་

(༥༧༣)འཆར་བར་གསུངས་ན་མཚན་དང་དཔེ་བྱད་ཀྱི་གཟུགས་བརྙན་ཀྱང་ཇི་ལྟར་མི་འཆར་ཏེ་ཆོས་ཀྱི་སྐུ་ལ་རིས་སུ་མཐུན་པ་ལྷན་ཅིག་སྐྱེས་པའི་ཡིད་ཀྱི་རང་བཞིན་གྱི་ལུས་ཡོད་པར་བཤད་པ་དེ་ཡང་ངེས་པར་ཁོང་དུ་ཆུད་པར་བྱ་དགོས་སོ། །གཏན་ཚིགས་བཞི་པ་ནི། ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་བྱ་བས་བསྟན་ཏེ། དེ་ལ་རྒྱལ་བའི་མཛད་པ་ནི་ཆོས་ཅན་ཏེ། གནས་འདི་ཞེས་བྱ་བ་ཡང་དེ་ཉིད་དོ། །བསམ་གྱིས་མི་ཁྱབ་སྟེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །ལྷུན་གྱིས་གྲུབ་པ་ནི་རང་བཞིན་གྱིས་གྲུབ་པ་སྟེ་འབད་རྩོལ་ལ་མི་ལྟོས་པར་འབྱུང་བ་ལ་བྱ་ལ། འབད་རྩོལ་ལ་རྣམ་པར་རྟོག་པས་ཁྱབ་པས་རྣམ་པར་མི་རྟོག་ཅེས་བྱ་བ་ནི་ཁྱབ་བྱེད་བཀག་པའོ། །ཅིག་ཆར་ཐམས་ཅད་ལ་མཛད་པ་མ་འདྲེས་པར་མཛད་པ་ནི་རྟོག་པ་དང་འགལ་བའི་ཆོས་ཏེ། རྟོག་པ་ནི། རྟོག་གཉིས་ཅིག་ཆར་འཇུག་པ་མེད། །ཅེས་བྱ་བའི་ཚུལ་གྱིས་རིམ་གྱིས་འབྱུང་བ་ཁོ་ན་ཡིན་པའི་ཕྱིར་རོ། །དུས་ཐམས་ཅད་དུ་འབྱུང་བ་ཡང་རྒྱུན་ཤིན་དུ་རྟག་པ་སྟེ། དེ་ཡང་རྟོག་པ་དང་འགལ་ལོ། དེ་ལ་ཅིག་ཆར་མཛད་པས་ནི་ཁྱབ་པར་བསྟན་ལ། དུས་ཐམས་ཅད་དུ་ཞེས་པས་ནི་རྟག་པར་བསྟན་ཏེ། དེ་ལྟར་ན་ཅིག་ཆར་ཐམས་ཅད་ལ་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་བསམ་པ་ཇི་ལྟ་བ་དང་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་མ་ཚང་བ་མེད་ཅིང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ལུང་གིས་སྒྲུབ་པ་ནི། གང་གི་ཕྱིར་ཏེ་

(༥༧༤)གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་གང་ལས། དེ་བཞིན་གཤེགས་པའི་ཡེ་ཤེས་གྲངས་ཀྱི་ཚད་མེད་པ་ཡིན་ཡང་བློ་ཤིན་དུ་ཆེ་བ་མ་ཡིན་པའི་སེམས་ཅན་རྣམས་གཞུག་པའི་དོན་དུ་ཕྲིན་ལས་སུམ་བཅུ་རྩ་གཉིས་ཤེས་གྲངས་ཀྱི་ཚད་དང་བཅས་པར་མདོར་བསྡུས་པ་ཙམ་གྱིས་བསྟན་མོད་ཀྱི་རིགས་ཀྱི་བུ་འོན་ཀྱང་དེ་བཞིན་གཤེགས་པའི་ཕྲིན་ལས་ལ་ཀུན་རྫོབ་པ་གཟུགས་སྐུའི་ཕྲིན་ལས་དང་། ཡང་དག་པ་ཆོས་སྐུའི་ཕྲིན་ལས་གཉིས་ལས་དེ་བཞིན་གཤེགས་པའི་ཕྲིན་ལས་ཡང་དག་པ་གང་ཡིན་པ་དེ་ནི་ཞེས་པ་ཆོས་ཅན་གྱི་དོན་དང་བསམ་གྱིས་མི་ཁྱབ་པ་ནི་ཆོས་ཀྱི་དོན་ནོ། །ལྷག་མ་ནི་གཏན་ཚིགས་ཀྱི་དོན་ཏེ། ཚད་མེད་པ་ནི་ཅིག་ཆར་དུ་དོན་བྱེད་པའོ། །འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པར་བྱ་བ་མ་ཡིན་པ་ནི་འཇིག་རྟེན་པའི་བློའི་སྤྱོད་ཡུལ་མ་ཡིན་པའོ། །ཡི་གེས་བརྗོད་དུ་མེད་པ་ནི་རྣམ་པར་རྟོག་པ་མི་འཇུག་པ་དང་ཉན་ཐོས་ལ་སོགས་པ་གཞན་གྱིས་སྒྲུབ་པར་དཀའ་བ་ནི་ལྷུན་གྱིས་གྲུབ་པའི་ཁྱད་པར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཕྲིན་ལས་ཀྱི་བྱེད་པ་པོ་གནས་ཤིང་བཞུགས་པ་དང་སངས་རྒྱས་གཅིག་གི་ཕྲིན་ལས་གང་ཡིན་པ་དེ་ཐམས་ཅད་ཀྱི་ཡིན་པས་བྱེད་པ་པོ་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་རྗེས་སུ་ཐོབ་པ་ནི་ཁྱབ་པའི་ཁྱད་པར་རོ། །འབད་རྩོལ་དང་དེས་བསྐྱེད་པའི་ལུས་གཡོ་བ་ལ་སོགས་པའི་བྱ་བ་ཐམས་ཅད་ལས་འདས་པ་དང་། གཡོ་བ་མེད་ཀྱང་ཐམས་ཅད་དུ་བྱ་བ་བྱེད་པར་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་རྟོག་པ་མེད་པ་ནི་ལྷུན་གྱིས་གྲུབ་པའི་ཁྱད་པར་རོ། །ཕྲིན་

(༥༧༥)ལས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་བྱ་བ་ཡིན་པ་ཉིད་ཀྱིས་འདི་ནི་དེ་བཞིན་གཤེགས་པ་འདིའི་བྱ་བ་ཡིན་ལ། གཞན་ནི་གཞན་གྱིའོ་ཞེས་བྱ་བའི་ཐ་དད་དུ་དབྱེར་མེད་པ་སྟེ། འདིས་ནི་དོན་གྱིས་རྒྱུན་མི་འཆད་པར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཏམ་སྣ་ཚོགས་ཀྱི་ཆེད་དུ་འབྱུང་བ་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་ནོར་བུ་བཻ་ཌཱུརྱ་རྣམ་པར་དག་པ་དཔེར་མཛད་ནས་རྒྱས་པར་བསྟན་ཏེ། བཻ་ཌཱུརྱ་སྦྱོང་བ་རྒྱས་པར་བསྟན་པ་དེ་ནི་སྔར་དྲངས་ཤིང་དོན་ཡང་བཤད་ཟིན་ཏོ། །རིགས་ཀྱི་བུ་བཻ་ཌཱུརྱའི་དཔེ་བསྟན་པའི་རྣམ་གྲངས་སམ་གཏན་ཚིགས་འདིས་དོན་འོག་ནས་འབྱུང་བ་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཕྲིན་ལས་ནི་རྟོག་གེས་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་རྗེས་སུ་ཐོབ་པ་དྲི་མ་རིམ་པ་གསུམ་དུ་སྦྱངས་ཟིན་པས་ཐམས་ཅད་དུ་ཁ་ན་མ་ཐོ་བའི་སྐྱོན་མེད་པ། རྒྱུན་མི་འཆད་པས་དུས་གསུམ་དང་རྗེས་སུ་འབྲེལ་བ། སྔར་ཕྲིན་ལས་མ་ཞུགས་པའི་སེམས་ཅན་རྣམས་ལ་ཡང་རིམ་གྱིས་མཛད་པས་དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པའོ། །ད་ནི་ཕྲིན་ལས་མཛད་པ་པོའི་རང་བཞིན་སྟོན་ཏེ། བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པའི་ཕྲིན་ལས་གང་ལ་རབ་ཏུ་ཞུགས་པ་ནི་དེ་བཞིན་གཤེགས་པ་ནི་ཕྲིན་ལས་མཛད་པ་པོ་སྟེ། དེ་ནི་རང་གི་ངོ་བོ་དང་གཞན་ལ་སྟོན་པའི་ཆ་གཉིས་སུ་གནས་ཏེ། དེ་ཡང་སྐུ་ནམ་མཁའི་རང་བཞིན་གྱི་མཚན་མ་མེད་པ་ཡང་མི་འདོར་ལ་

(༥༧༦)སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ན་ཡང་གཟུགས་ཀྱི་སྐུ་ཀུན་དུ་སྟོན་ཏོ། །གསུང་བརྗོད་དུ་མེད་པའི་ཆོས་ཉིད་རྟོག་མེད་དུ་གནས་པ་ཡང་མི་འདོར་ལ། རྟོག་པས་ཀུན་ནས་བསླང་བའི་སྒྲ་གཞན་ལ་དོན་རྣམ་པར་རིག་པར་བྱེད་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་སྟོན་ཏོ། །སེམས་ཏེ་ཐུགས་མཚན་མའི་དམིགས་པ་ཐམས་ཅད་དང་ཡང་བྲལ་ལ། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སྤྱོད་པ་སོགས་དང་རང་དང་གཞན་གྱི་དོན་སེམ་པའི་བསམ་པ་ཡང་སྤྲུལ་པའི་སྐུ་རྣམས་ལ་ཡོད་པར་རབ་ཏུ་སྟོན་ཏོ་ཞེས་གསུངས་སོ། །བསྟན་བཅོས་འདིའི་བརྗོད་པར་བྱ་བའི་གཙོ་བོ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཡིན་ཏེ། དེ་ལ་གཏན་ཚིགས་དང་པོ་གཉིས་ཀྱིས་དྲི་མ་དག་པའི་རིམ་པ་བསྟན་པའི་ཕྱིར་སངས་པ་དང་བྱང་བ་གཉིས་བསྟན་ལ། ཕྱི་མ་གཉིས་ཀྱིས་ནི་ཡོན་ཏན་དང་དེའི་བྱ་བ་བསྟན་པའི་ཕྱིར་རྒྱས་པ་དང་ཆུབ་པ་བསྟན་པ་ཡིན་ནོ། །གཞིའི་དབང་དུ་བྱས་ནས་ནི་གཏན་ཚིགས་དང་པོ་གཉིས་ཀྱི་སྤྲོས་པ་དང་བྲལ་བའི་ཆ་གཙོ་བོར་བསྟན་ཏེ། སྡུག་བསྔལ་དང་ཀུན་འབྱུང་དག་བློ་བུར་བ་ཡིན་པའི་རྒྱུ་མཚན་གྱིས་གདོད་མ་ནས་སྟོང་པར་བསྟན་པའི་ཕྱིར་རོ། །གཏན་ཚིགས་ཕྱི་མ་གཉིས་ཀྱིས་ནི་ཁམས་རིག་པའི་ཆོས་སུ་གནས་པའི་ཆ་གཙོ་བོར་བསྟན་ཏེ། ཡོན་ཏན་དང་དེའི་ལས་བསྟན་པའི་ཕྱིར་རོ། ཁམས་དེ་ཉིད་ཀྱི་ཡང་སྤྲོས་པ་དང་བྲལ་བའི་ཆ་ལས་ནི་དེའི་ཕྱོགས་གཅིག་རྟོགས་པ་དང་མཐའ་དག་རྟོགས་པའི་དབྱེ་བས་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པར་འགྱུར་

(༥༧༧)བའི་ཕྱིར་རོ། །རིག་པའི་ཁམས་ཀྱི་ཆ་ལས་ནི་འཁོར་བའི་ཆོས་སུ་གྱུར་ཏེ་སྣང་བའི་ཆོས་དེའི་གཟུགས་བརྙན་དུ་གྱུར་བའི་ཀུན་གཞི་ལས་འཁོར་བ་མཐའ་དག་བྱུང་བའི་ཕྱིར་རོ། །ད་ནི་ཆོས་བཞི་པོ་དེ་དག་ཉིད་དཀོན་མཆོག་གསུམ་གྱི་རྒྱུ་དང་རྐྱེན་དུ་འཇོག་པ་སྟོན་ཏེ། རྟོགས་བྱ་རྟོགས་པ་དེ་ཡི་ནི། །ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། །གོ་རིམས་ཇི་བཞིན་གནས་གཅིག་ནི། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །དོན་གྱི་གནས་བཞི་པོ་འདི་དག་ལས་ཀྱང་ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར་དང་པོ་ནི་རྟོགས་པར་བྱ་བའི་གནས་སུ་བལྟ་བར་བྱའོ། །དེ་རྗེས་སུ་རྟོགས་པ་ནི་རྟོགས་པ་ཡིན་པའི་ཕྱིར་གཉིས་པ་བྱང་ཆུབ་ཀྱི་གནས་སོ། །བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་གསུམ་པ་བྱང་ཆུབ་ཀྱི་ཡན་ལག་གི་གནས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཉིད་ཀྱིས་གཞན་དག་རྟོགས་པར་བྱེད་པའི་ཕྱིར་བཞི་པ་རྟོགས་པར་བྱེད་པའི་གནས་སོ། །དེ་ལྟར་གནས་བཞི་པོ་འདིའི་དབང་དུ་བྱས་ཏེ། རྒྱུ་དང་རྐྱེན་གྱི་དངོས་པོས་དཀོན་མཆོག་གསུམ་གྱི་རིགས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་གནས་བཞི་པོ་འདི་དག་ལས་དང་པོ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ས་བོན་ཡིན་པའི་ཕྱིར་སོ་སོ་རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་གནས་ཀྱིས་དེ་རྣམ་པར་དག་པ་ལ་བརྟེན་ནས་དཀོན་མཆོག་གསུམ་གྱི་རྒྱུར་རྟོགས་པར་བྱ་སྟེ། དེ་ལྟར་གནས་གཅིག་ནི་རྒྱུ་ཡིན་ནོ། །ཇི་ལྟར་གསུམ་རྐྱེན་ཡིན་ཞེ་ན། དེ་བཞིན་གཤེགས་

(༥༧༨)པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཕྲིན་ལས་རྣམ་པ་སུམ་བཅུ་རྩ་གཉིས་མཛད་པ་ན་གཞན་གྱི་སྒྲ་ལ་བརྟེན་པས་དེ་རྣམ་པར་དག་པ་ལ་བརྟེན་ནས་དཀོན་མཆོག་གསུམ་འབྱུང་བའི་རྐྱེན་དུ་རྟོགས་པར་བྱ་སྟེ། དེ་ལྟར་གསུམ་པོ་འདི་ནི་རྐྱེན་ཡིན་ནོ། །འདི་ཕན་ཆད་ནི་གཞུང་ལྷག་མས་གནས་བཞི་པོ་འདི་དག་ཉིད་ཀྱི་མཐར་གྱིས་རྣམ་པར་དབྱེ་བ་རྒྱས་པར་སྟོན་པར་རིག་པར་བྱའོ། །ཞེས་བྱ་བ་ལ། ཆོས་བཞི་པོ་འདིས་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དམིགས་པ་བྱང་ཆུབ་དང་གཞན་གྱི་དོན་བསྟན་པ་ཡིན་ཏེ། དེ་ལ་བྱང་ཆུབ་ནི་རྟོགས་པ་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །གཞན་གྱི་དོན་ལས་གཞན་ནི་དོན་བྱ་བའི་ཡུལ་ཏེ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དེ། དེ་ནི་སེམས་ཅན་ཞེས་བྱ་བའི་སྒྲས་བརྗོད་དེ། དེ་ཡང་རྟོགས་བྱ་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །དོན་བྱེད་པའི་རྒྱུའམ་བྱེད་པ་ནི་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ཏེ། དེ་ནི་དེའི་ཡན་ལག་ཅེས་བྱ་བ་འདིས་བསྟན་པ་ཡིན་ནོ། །དོན་དངོས་ནི་གཞན་བྱང་ཆུབ་པར་བྱེད་པ་ཡིན་ཏེ། དེ་ནི་རྟོགས་པར་བྱེད་ཕྱིར་ཏེ་ཞེས་བྱ་བ་འདིས་བསྟན་ཏོ། །བཞི་པོ་དེ་དག་ལས་གནས་གཅིག་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་དག་པ་དཀོན་མཆོག་གསུམ་གྱི་ཉེ་བར་ལེན་པའི་རྒྱུ་ཡིན་ནོ། །བྱང་ཆུབ་དང་ཡོན་ཏན་དང་ཕྲིན་ལས་

(༥༧༩)ཏེ་གནས་གསུམ་ནི་གོ་རིམས་ཇི་ལྟ་བར་ཉེ་བར་ལེན་པའི་རྒྱུ་དེ་དང་ལྷན་ཅིག་ཏུ་དཀོན་མཆོག་གསུམ་ལ་ཕན་འདོགས་པའི་རྐྱེན་ཡིན་ནོ། །ཇི་ལྟར་ཞེ་ན། དོན་གྱི་གནས་བཞི་པོ་འདི་དག་ལས་ཀྱང་དང་པོ་དྲི་བཅས་དེ་བཞིན་ཉིད་ནི་རྟོགས་པར་བྱ་བའི་གནས་སུ་ལྟ་བར་བྱ་སྟེ། དྲི་བཅས་དེ་བཞིན་ཉིད་ཀྱིས་ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར་ཏེ། ཤེས་བྱ་ནི་བདེན་པ་གཉིས་སུ་ཟད་པ་ཡིན་ལ། དྲི་མ་བློ་བུར་བ་རྣམས་ནི་དེ་ཁོ་ན་ཉིད་ལ་སྒྲིབ་པའི་མ་རིག་པ་གཙོ་བོར་གྱུར་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཀུན་རྫོབ་པ་སྟེ། དེས་ནི་ཀུན་རྫོབ་ཀྱི་བདེན་པ་དག་བསྡུས་ལ། དེ་བཞིན་ཉིད་ཀྱིས་དོན་དམ་པའི་བདེན་པ་བསྡུས་པའི་ཕྱིར་རོ། །བྱང་ཆུབ་ནི་གནས་གཉིས་པ་ཡིན་པར་བལྟ་བར་བྱ་སྟེ། གནས་གཉིས་པ་ལ་རྟོགས་པ་ཞེས་བརྗོད་ཅིང་། དེ་ཡང་དོན་དང་ལྡན་པའི་མིང་སྟེ། དེ་བཞིན་ཉིད་དེ་ཕྱིན་ཅི་ལོག་ཏུ་མ་ཡིན་པར་རྗེས་སུ་མཐུན་པར་རྟོགས་པས་རྟོགས་པ་ཞེས་བརྗོད་པ་ཡིན་པའི་ཕྱིར་རོ། །འདིར་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་བྱང་ཆུབ་བཅུ་དྲུག་ཏུ་གསུངས་པས་ནི་གནས་བཞི་པོ་འདི་དག་ལེགས་པར་གཏན་ལ་འབེབས་པ་ཡིན་པས་དེ་བཤད་པར་བྱའོ། །དེ་ཡང་མདོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཇི་ལྟར་བྱང་ཆུབ་ཐོབ་པ་དེ་ལྟར་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་འཇུག་གོ །བྱང་ཆུབ་ཇི་འདྲ་བ་ཐུགས་རྗེ་ཆེན་པོ་ཡང་དེ་འདྲའོ། །དེ་བཞིན་གཤེགས་པས་བྱང་ཆུབ་

(༥༨༠)ཇི་ལྟར་ཐོབ་ཅེ་ན། དེ་བཞིན་གཤེགས་པས་རྩ་བ་མེད་པ་དང་གནས་མེད་པར་བྱང་ཆུབ་ཐོབ་བོ། །ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་བཅུ་དྲུག་གསུངས་པ་རྣམས་ནི་འདི་དག་སྟེ། རྩ་བ་མེད་ཅིང་གནས་མེད་པར་བྱང་ཆུབ་པ་དང་། ཞི་བ་དང་ཉེ་བར་ཞི་བར་བྱང་ཆུབ་པ་དང་། རང་བཞིན་གྱིས་འོད་གསལ་བར་བྱང་ཆུབ་པ་དང་། བླང་བ་མེད་པ་དང་དོར་བ་མེད་པར་བྱང་ཆུབ་པ་དང་། མཚན་མ་མེད་པ་དང་དམིགས་པ་མེད་པར་བྱང་ཆུབ་པ་དང་། འཁོར་གསུམ་ཡོངས་སུ་ཆད་པར་བྱང་ཆུབ་པ་དང་། ལུས་མེད་ཅིང་འདུས་མ་བྱས་པར་བྱང་ཆུབ་པ་དང་། གནས་དང་དབྱེར་མེད་པར་བྱང་ཆུབ་པ་དང་། ལུས་དང་སེམས་སུ་བརྗོད་དུ་མེད་པར་བྱང་ཆུབ་པ་དང་། གཟུང་དུ་མེད་ཅིང་གཞི་མེད་པར་བྱང་ཆུབ་པ་དང་། སྟོང་པ་ཉིད་དུ་བྱང་ཆུབ་པ་དང་། ནམ་མཁའ་དང་མཉམ་པར་བྱང་ཆུབ་པ་དང་། ཇི་ལྟ་བ་བཞིན་གྱི་གནས་སུ་བྱང་ཆུབ་པ་དང་། རྣམ་པ་ལ་འཇུག་པས་རྣམ་པ་མེད་པར་བྱང་ཆུབ་པ་དང་། ཟག་པ་མེད་པ་དང་ཉེ་བར་ལེན་པ་མེད་པར་བྱང་ཆུབ་པ་དང། དག་པ་དང་དྲི་མ་མེད་པ་དང་ཉོན་མོངས་པ་མེད་པར་བྱང་ཆུབ་པ་རྣམས་སོ། །བྱང་ཆུབ་བཅུ་དྲུག་པོ་འདི་དག་ཅི་རྫས་སུ་ཐ་དད་པ་ཡིན་ནམ་རྫས་གཅིག་པ་ཉིད་ལ་ཆོས་ཐ་དད་པས་རྣམ་པར་ཕྱེ་བ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཕྱིན་ཆད་རྣམ་པ་མི་འདྲ་བས་ཤེས་བྱ་རྟོགས་པ་མེད་པའི་ཕྱིར་ཆོས་ཐ་དད་པས་བཅུ་དྲུག་ཏུ་ཕྱེ་བ་ཡིན་ཏེ། ཆོས་

(༥༨༡)ཀྱང་ཡུལ་ཐ་དད་པ་བཅུ་དྲུག་གི་དབྱེ་བས་ཡེ་ཤེས་གཅིག་ཉིད་བཅུ་དྲུག་ཏུ་རྣམ་པར་འཇོག་གོ །དེ་ཡང་ཉན་ཐོས་ལ་གྲགས་པ་ནི་རྟོག་གེ་འབར་བ་ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་སེམས་ཀྱི་སྐད་ཅིག་བཅུ་དྲུག་གིས་རྣམ་པར་གྲོལ་བའི་ལམ་ཐོབ་པའི་ཡེ་ཤེས་ཀྱི་སྐད་ཅིག་ནི་སངས་རྒྱས་ཤེས་བྱ་བའི་སྒྲས་བསྟན་ཏེ། སྡེ་བ་ཐམས་ཅད་ཀྱི་འདོད་པ་ཀུན་དང་ཡང་མི་འགལ་ལོ། །ཞེས་གསུངས་ལ། དུལ་བ་ལྷས་རྣམ་འབྱེད་འགྲེལ་བར། སློབ་པ་དང་མི་སློབ་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དང་དེ་དང་མཚུངས་པར་ལྡན་པ་དང་ལྡན་པ་ནི་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པའོ། །ཞེས་གསུངས་པས་ཉན་ཐོས་ཀྱི་མི་སློབ་པའི་ལམ་དུ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་སྐད་ཅིག་མ་བཅུ་དྲུག་རྣམ་པར་འཇོག་གོ །ཐེག་པ་ཆེན་པོར་ཡང་ས་བརྒྱད་པ་ཁྱད་པར་གྱི་ལམ་དུ་རྣམ་པ་བཅུ་དྲུག་རྣམ་པར་འཇོག་སྟེ། ཉི་སྣང་དུ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་ཁྱད་པར་གྱི་མཚན་ཉིད་ཀྱི་དབང་དུ་མཛད་ནས་མཐོང་བའི་ལམ་གསུངས་པ་གང་ཡིན་པ་དེ་ནི་ཁྱད་པར་གྱི་ལམ་ཡིན་ཏེ། དེ་ཉིད་འདི་སྐད་དུ། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ཞེས་བརྗོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་སར་ཡང་རྣམ་པ་བཅུ་དྲུག་ཏུ་འཇོག་སྟེ། ཉི་སྣང་ལས་

(༥༨༢)རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཁ་ཅིག་ནི་བདེན་པ་བཞི་ལ་དམིགས་པའི་ཤེས་པ་རྣམ་པ་བཅུ་དྲུག་གིས་བསྡུས་པ་ཡིན་ནོ་ཞེས་ཟེར་རོ། །ཞེས་བྱ་བ་དེ་ལ་དགག་པ་མཛད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འགྲེལ་བ་འདི་ཐམས་ཅད་ལེགས་ན། ཞེས་གསུགས་པའི་ཕྱིར་རོ། །དེ་དག་དང་ཚུལ་མཐུན་པར་འདིར་བྱང་ཆུབ་བཅུ་དྲུག་གསུངས་པ་ཡང་བདེན་པ་བཞིའི་རྣམ་པ་རྟོགས་པའི་ཡེ་ཤེས་རྣམ་པ་བཅུ་དྲུག་ཏུ་བལྟ་བར་བྱའོ། །དེ་ལས་བྱང་ཆུབ་དང་པོ་བཤད་པའི་ཕྱིར། དེ་ལ་རྩ་བ་ནི་གང་གནས་ནི་གང་ཞེ་ན། འཇིག་ཚོགས་ནི་རྩ་བའོ། །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་གནས་སོ། །དེ་གཉིས་ནི་དེ་བཞིན་གཤེགས་པས་བྱང་ཆུབ་དང་མཉམ་པ་ཉིད་ཀྱིས་མཉམ་པར་ཡོངས་སུ་ཤེས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པས་རྩ་བ་མེད་པ་དང་གནས་མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤེས་བྱའོ། །སེམས་ཅན་འདི་དག་གིས་ནི་རྩ་བ་མེད་པ་དང་གནས་མེད་པའི་ཆོས་འདི་དག་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། འདི་ཉིད་དུ། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་ཕྱེ། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང་། །དེ་འཇིག་པ་དང་འཆགས་པ་ལྟར། །སྐྱེ་དང་འཇིག་པར་འགྱུར་བ་ཡིན། །སེམས་ཀྱི་རང་བཞིན་ནམ་མཁའ་ཡི། །

(༥༨༣)ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་དང་། །འཇིག་དང་གནས་པ་ཡོད་མ་ཡིན། །ཞེས་གསུངས་པ་དེ་ཉིད་འདིར་ཡང་སྦྱར་བར་བྱ་སྟེ། རླུང་ས་ཆུ་ལ་སོགས་པའི་རྟེན་ཡིན་པ་ལྟར་ཀུན་དུ་རྟོག་པ་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱང་ལས་ཉོན་དང་ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་ཡིན་པས་གནས་ཤེས་བྱ་ལ། འཇིག་ཚོགས་ཕུང་པོ་ལྔ་ནི་བདག་ཏུ་གདགས་པའི་གཞི་ཡིན་པས་རྩ་བ་ཞེས་བྱའོ། །དེ་གཉིས་ནི་དེ་བཞིན་གཤེགས་པས་བདག་མེད་པར་བྱང་ཆུབ་དང་མཚུངས་ཤིང་མཉམ་པས་མཉམ་པར་ཤེས་པ་ཉིད་བྱང་ཆུབ་བོ། །རྩ་བ་མེད་ཅིང་གནས་མེད་པར་ཤེས་པ་ཉིད་བྱང་ཆུབ་ཡིན་པ་དེའི་ཕྱིར་དེ་བཞིན་གཤེགས་པས་རྩ་བ་མེད་པ་དང་གནས་མེད་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཤེས་ཐ་སྙད་དུ་བྱའོ། །ཆོས་འདི་དག་ཁོང་དུ་མ་ཆུད་པས་འཇིག་ཚོགས་ལ་བདག་ཏུ་ལྟ་བ་སྐྱེས་ཏེ་དེ་ལས་འཁོར་བ་ཐམས་ཅད་འབྱུང་ངོ་། །དེ་ལྟར་ན་མི་ཤེས་པའི་འཇིག་ལྟ་འབྲས་བུ་དང་བཅས་པ་ནི་སྡུག་བསྔལ་ཡིན་ལ། སེམས་ཅན་རྣམས་དེ་དང་བྲལ་བར་བྱའོ་སྙམ་པ་ནི་སྙིང་རྗེའི་རྣམ་པའོ། །འདིར་དེ་བཞིན་གཤེགས་པའི་ཐུགས་རྗེ་ནི་དམིགས་པ་མེད་པ་ཡིན་པས་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་མོད་ཀྱི། རྣམ་རྟོག་གི་རང་བཞིན་དུ་གྱུར་བའི་སྙིང་རྗེ་དང་འདྲ་བས་དེའི་ཚུལ་གཟུང་བ་ཡིན་ཏེ། དེ་ལྟར་ན་དོན་འདིར་འགྱུར་ཏེ། ཤེས་བྱ་ཇི་ལྟར་ཡིན་པ་དེ་བཞིན་གཤེགས་པས་རྟོགས་པ་ལ་བྱང་ཆུབ་ཅེས་བྱ་ཞིང་། བྱང་ཆུབ་

(༥༨༤)དེ་ཉིད་ཀྱི་མཐུས་སེམས་ཅན་གྱི་སྡུག་བསྔལ་སེལ་བས་དེའི་མཐུ་ཉིད་ཐུགས་རྗེ་ཆེན་པོ་ཡིན་ནོ། །འོག་མ་རྣམས་སུ་ཡང་ཤེས་བྱ་ཇི་ལྟར་ཡིན་པ། དེ་བྱང་ཆུབ་ཀྱིས་ཐུགས་སུ་ཆུད་པ། མ་ཆུད་པ་ལ་ཐུགས་རྗེས་དོན་མཛད་པ་སྟེ་ཆོས་གསུམ་གསུམ་ཐམས་ཅད་དུ་རིག་པར་བྱའོ། །དང་པོ་འདི་ནི་གང་ཟག་གི་བདག་མེད་པ་གཏན་ལ་འབེབས་ཤིང་དེ་ཐུགས་སུ་ཆུད་པ་བྱང་ཆུབ་སྟེ། མོད་སྡེ་རྒྱན་ལས་བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིན། །ཞེས་བྱ་བས་ནི་གནས་མེད་པ་བསྟན་ལ། ངན་པར་གནས་མིན་མཚན་ཉིད་མི་འདྲའི་ཕྱིར། །ཞེས་བྱ་བས་ནི་རྩ་བ་མེད་པར་བསྟན་ཏོ། །བྱང་ཆུབ་བཅུ་དྲུག་པོ་འདི་གསུངས་པས་ནི་ཆོས་གསུམ་གཏན་ལ་འབེབས་པའི་ཕྱིར་ཤེས་བྱ་གཏན་ལ་ཕབ་པས་དྲི་བཅས་ཀྱི་དེ་བཞིན་ཉིད་བསྟན་ལ། བྱང་ཆུབ་ཀྱིས་བྱང་ཆུབ་ཉིད་དང་། ཐུགས་རྗེས་ཡོན་ཏན་ལ་བརྟེན་ནས་ཕྲིན་ལས་མཛད་པ་བསྟན་པས་གནས་བཞི་པོ་ཐམས་ཅད་གཏན་ལ་འབེབས་སོ། །གཉིས་པ་ནི། རིགས་ཀྱི་བུ་བྱང་ཆུབ་ནི་ཞི་བ་དང་ཉེ་བར་ཞི་བའོ། །དེ་ལ་ཞི་བ་ནི་གང་ཉེ་བར་ཞི་བ་ནི་གང་ཞེ་ན། ནང་ནི་ཞི་བའོ། །ཕྱི་ནི་ཉེ་བར་ཞི་བའོ། །དེ་ཅིའི་ཕྱིར་ཞེ་ན། མིག་ནི་བདག་དང་བདག་གིས་སྟོང་སྟེ། དེ་ནི་དེའི་རང་བཞིན་ནོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བདག་དང་བདག་གིས་སྟོང་སྟེ། དེ་ནི་དེའི་རང་བཞིན་ནོ། །མིག་སྟོང་པར་ཡོངས་སུ་ཤེས་ནས། གཟུགས་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །རྣ་བ་སྟོང་

(༥༨༥)པར་ཡོངས་སུ་ཤེས་ནས་སྒྲ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །སྣ་སྟོང་པར་ཡོངས་སུ་ཤེས་ནས་དྲི་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ལྕེ་སྟོང་པར་ཡོངས་སུ་ཤེས་ནས་རོ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ལུས་སྟོང་པར་ཡོངས་སུ་ཤེས་པ་རེག་བྱ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ཡིད་སྟོང་པར་ཡོངས་སུ་ཤེས་ནས་ཆོས་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །སེམས་ཅན་འདི་དག་གིས་ཞི་བ་དང་ཉེ་བར་ཞི་བ་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། དབང་པོ་དྲུག་ལ་དབང་བྱེད་པའི་བདག་དང་དྲུག་པོ་དེ་དག་ཉིད་བདག་གི་བ་ཡིན་པར་འཇིག་རྟེན་གྱིས་རྟོགས་ཀྱང་ངོ་བོ་ཉིད་སྟོང་པར་ཤེས་པས་བདག་དང་བདག་གིར་ལྟ་བ་ཞི་ཞིང་། དེ་ལས་ཕྱི་རོལ་གྱི་ཡུལ་རྣམས་ལ་རྒྱུག་པའི་ཉོན་མོངས་ཉེ་བར་ཞི་བའི་ཕྱིར་ཞི་བ་དང་ཉེ་བར་ཞི་བ་ཞེས་བྱ་བ་ཡིན་ནོ། །སྔ་མས་ནི་བདག་དང་བདག་གི་གཞི་དང་བདག་ཏུ་འཛིན་པ་རྣམས་ངོ་བོ་ཉིད་མེད་པར་བསྟན་ལ། འདིར་ནི་མིག་ལ་སོགས་པའི་བདག་གི་བ་ངོ་བོ་ཉིད་མེད་པར་བསྟན་པ་ཡིན་ནོ། །གསུམ་པ་ནི། རིགས་ཀྱི་བུ་སེམས་རང་བཞིན་འོད་གསལ་བའི་ཕྱིར་བྱང་ཆུབ་རང་བཞིན་འོད་གསལ་བའོ། །ཅིའི་ཕྱིར་རང་བཞིན་འོད་གསལ་བ་ཞེས་བྱ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་

(༥༨༦)མོངས་པ་མེད་པ། ནམ་མཁའ་དང་མཚུངས་པ། ནམ་མཁའི་རང་བཞིན། ནམ་མཁའ་དང་མཉམ་པར་གཞོལ་བ། ནམ་མཁའ་དང་མཉམ་པས་མཉམ་པ་སྟེ། རང་བཞིན་དེ་ནི་ཤིན་དུ་འོད་གསལ་བ་ཉིད་དོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་རང་བཞིན་འོད་གསལ་བ་འདི་ཁོང་དུ་མ་ཆུད་པས་བློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་ཏེ་རང་བཞིན་འོད་གསལ་བ་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། བྱང་ཆུབ་སྔ་མ་གཉིས་ཀྱིས་བདག་དང་བདག་གི་བ་ཡང་མེད། བདག་ཏུ་ཀུན་དུ་རྟོག་པ་ཡང་མེད་པར་གཏན་ལ་ཕབ་པ་ན་ཡུལ་དེ་ལ་འཇུག་པའི་སེམས་ཙམ་ཞིག་ནི་ཅི་ནས་ཀྱང་ཡོད་དོ་སྙམ་པ་དེ་ལ་དེ་སྙམ་དུ་སེམ་པའི་སེམས་དེ་ཉིད་ཀྱང་ཅི་འདྲ་བ་ཞིག་ཡིན་པ་ལེགས་པར་བརྟག་སྟེ། ངོ་བོ་ཉིད་ཅི་ཡང་མེད་པས་མཚན་མའི་སྒྲིབ་གཡོགས་མཐའ་དག་དང་བྲལ་བ། ཁྱད་པར་དུ་འདིའོ་ཞེས་གཟུང་དུ་མེད་པ་དེ་ལ་འོད་གསལ་བ་ཞེས་བྱའོ། །དེ་ལྟ་བུའི་འོད་གསལ་བ་དེ་ཡང་རྣལ་འབྱོར་བས་སེམས་ཀྱིས་སེམས་ལ་བལྟས་པས་འཕྲལ་དུ་བྱུང་བ་མ་ཡིན་གྱི། རང་བཞིན་གྱིས་འོད་གསལ་བ་སྟེ། གདོད་མ་ནས་དྲི་མས་མ་བསླད་པའི་ངོ་བོ་དེ་ནི་དེ་ལྟ་བུ་ཞིག་གོ །འདི་ལ་ཀུན་དུ་རྟོག་པའི་རང་བཞིན་ལ་བལྟས་ན་ཅི་ཡང་མ་མཐོང་སྟེ། སྟོང་སང་ངེ་བ་ཞིག་ཏུ་སྣང་སྟེ་དེས་ན་ནམ་མཁའ་དང་མཚུངས་པའོ། །དེ་འདྲ་བའི་སྟོང་པ་ཡང་ཀུན་རྟོག་ལ་སོགས་པ་བསལ་བས་འཕྲལ་དུ་སྟོང་པར་སོང་བ་མ་

(༥༨༧)ཡིན་གྱི་དང་པོ་ནས་སྟོང་པས་རང་བཞིན་གྱིས་ནམ་མཁའོ། །རང་བཞིན་གྱིས་ནམ་མཁར་མཐོང་བ་ན་ཡུལ་དུ་གང་སྣང་ཐམས་ཅད་ཀྱང་ནམ་མཁའ་དེར་གཞོལ་ཞིང་ཐིམ་པར་འགྱུར་རོ། །དེས་ན་འདིར་སྟོང་པར་མཐོང་བ། རང་བཞིན་གྱིས་སྟོང་པར་མཐོང་བ། སྣང་སེམས་ཐམས་ཅད་ཀྱང་།།།དེའི་ཐོག་ཏུ་འབབ་པ་སྟེ་རིམ་པ་གསུམ་མོ། །འདི་ལ་དགོངས་ནས། སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་དུ་ནི་སེམས་གཟུང་བྱ། །སེམས་དེ་སེམས་མ་ཡིན་པར་བྱས་གྱུར་ན། །དེས་ནི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་ནམ་མཁས་གཟུགས་ཅན་ཐམས་ཅད་ལ་ཁྱབ་པས་མཐའ་མི་མངོན་པ་བཞིན་དུ་འོད་གསལ་བ་འདིས་ཀྱང་ཤེས་བྱའི་ཆོས་ཐམས་ཅད་ལ་ཁྱབ་པ་དེའི་ཕྱིར་ནམ་མཁའ་དང་མཐའ་མེད་པར་མཉམ་པས་ནམ་མཁའ་དང་མཉམ་ཞེས་བྱའོ། །དེས་ན་རང་བཞིན་དེ་ནི་ཤེས་བྱའི་ཕྱོགས་ཅིག་ཙམ་འོད་གསལ་བ་མ་ཡིན་གྱི། མཐའ་ཡས་པའི་གཤིས་སུ་གྱུར་བས་ན་ཤིན་དུ་འོད་གསལ་བ་ཡིན་ནོ། །དེ་བྱིས་པས་ཁོང་དུ་མ་ཆུད་པ་ལ་སོགས་པ་ནི་གོ་སླའོ། །བཞི་པ་ནི། རིགས་ཀྱི་བུ་བྱང་ཆུབ་ནི་བླང་བ་མེད་པ་དང་དོར་བ་མེད་པའོ། །དེ་ལ་བླང་བ་མེད་པ་ནི་གང་། དོར་བ་མེད་པ་ནི་གང་ཞེ་ན། བླང་བ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་འཛིན་པའོ། །དོར་བ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་འདོར་བའོ། །དེ་ལ་དེ་བཞིན་གཤེགས་པ་བླང་བ་མེད་པ་དང་དོར་བར་མེད་པར་ཆུ་བོར་འཇུག་པ་ན་ཇི་

(༥༨༨)ལྟར་དེ་བཞིན་ཉིད་ལ་ཕ་རོལ་མེད་པ་དང་ཕ་རོལ་མེད་པ་མ་ཡིན་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ལྟར་རྒལ་ཏོ། །དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཕ་རོལ་མེད་པ་དང་། ཕ་རོལ་དང་བྲལ་བར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ནི་བླང་བ་མེད་པ་དང་དོར་བ་མེད་པ་འདི་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་འདིས་ནི་བྱང་ཆུབ་སྔ་མ་རྟོགས་པའི་ཐབས་ལེགས་པར་བསྟན་ཏེ། སེམས་ཀྱི་ཆོས་ཉིད་བླང་དོར་དང་བྲལ་བ་ཡིན་པས་སྤྱིར་སྣང་གི་སྟེང་དུ་ནན་གྱིས་མི་འཛིན། ཆེད་དུ་མི་འགོག་པར་གནས་པར་བྱའོ། །དེ་ལྟར་གནས་པ་འདི་ནི་གྲུ་ཆེན་པོ་དང་འདྲ་སྟེ། དེ་བཞིན་གཤེགས་པས་འཁོར་བའི་ཆུ་བོར་འཇུག་པ་ན་འདིས་ལེགས་པར་རྒལ་ཏེ་གྱུ་འདིར་ཞུགས་པ་ན་འཁོར་བའི་ཆུ་ཉིད་ངོ་བོ་ཉིད་མེད་པར་གཟིགས་པས་དེའི་ཕ་རོལ་དང་ཚུ་རོལ་གྱི་འགྲམ་ཡོད་པ་ཡང་མ་ཡིན་ཞེས་པའོ། །འཁོར་བ་ཡང་ཆུ་བོ་དང་འདྲ་བ་ཡིན་ཏེ་རྒྱུན་གྱིས་འབབ་པའི་ཕྱིར་དང་། གཏིང་ཟབ་པའི་ཕྱིར་དང་། སྡུག་བསྔལ་གྱི་རྦ་རླབས་མང་བའི་ཕྱིར་རོ། །འདི་ལ་བླ་མ་དག་བླང་དོར་མེད་པའི་རྣལ་འབྱོར་དང་ལྡན་ན་བདེ་སྡུག་གི་རྐྱེན་ཐུབ་ཅེས་གསུང་ངོ་། །ལམ་གྱི་འབྲས་བུ་བྱང་ཆུབ་ཉིད་ལ་ཡང་ཆོས་འགའ་ཞིག་འཛིན། ཆོས་འགའ་ཞིག་འདོར་བའི་བླང་བ་དང་དོར་བ་མེད་དེ། ཐུགས་ནི་ཆོས་རྣམས་ཐམས་

(༥༨༩)ཅད་ལ། །རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །ཅེས་གསུངས་པས་སོ། །ལྔ་པ་ནི། རིགས་ཀྱི་བུ་བྱང་ཆུབ་ནི་མཚན་མ་མེད་པ་དང་། དམིགས་པ་མེད་པའོ། །དེ་ལ་མཚན་མ་མེད་པ་ནི་གང་། དམིགས་པ་མེད་པ་ནི་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་དམིགས་པ་མེད་པའོ། །རྣ་བའི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །སྒྲ་མཉན་དུ་མེད་པ་ནི་དམིགས་པ་མེད་པའོ། །སྣའི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །དྲི་བསྣམ་དུ་མེད་པ་ནི་དམིགས་པ་མེད་པའོ། །ལྕེའི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །རོ་མྱང་དུ་མེད་པ་ནི་དམིགས་པ་མེད་པའོ། །ལུས་ཀྱི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །རེག་བྱ་རེག་པར་བྱར་མེད་པ་ནི་དམིགས་པ་མེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་དམིགས་སུ་མེད་པ་ནི་མཚན་མ་མེད་པའོ། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་དམིགས་པ་མེད་པའོ། །དེ་ལྟར་ན་མཚན་མ་མེད་པ་དང་དམིགས་པ་མེད་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཞེ་ན། གང་ཁམས་གསུམ་པའི་སྤྱོད་ཡུལ་མ་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །དེ་ལྟར་ན་གང་སྤྱོད་ཡུལ་མ་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། འཕགས་པའི་སྤྱོད་ཡུལ་འདི་བྱིས་

(༥༩༠)པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ནི་དངོས་པོའི་གཤིས་ལ་མཚན་མ་དང་དམིགས་པ་མེད་ལ། བྱང་ཆུབ་ཀྱི་དེ་ཁོ་ན་བཞིན་དུ་རྟོགས་མོད། བྱིས་པས་མ་རིག་པས་འཁོར་བར་འཁྱམས་སོ། །དེ་ལ་མཚན་མ་ནི་ཚོགས་དྲུག་གི་ཤེས་པའི་འཛིན་པའི་རྣམ་པ་སྟེ། ཡུལ་རྣམས་མཐོང་མཁན་ཞིག་ཡོད་པ་སྙམ་བྱེད་པའོ། །དམིགས་པ་ནི་ཚོགས་དྲུག་ལ་ཤར་བའི་ཡུལ་གྱི་རྣམ་པ་རྣམས་སོ། །དེས་ན་བྱང་ཆུབ་སྔ་མའི་སྐབས་སུ་ནི་ཡིད་ཀྱི་ཤེས་པ་ལ་ཇི་ལྟར་ཤར་བ་ལ་བླང་དོར་མི་བྱེད་པར་བསྟན་ལ། འདིས་ནི་ཚོགས་དྲུག་གའི་སྣང་བ་ལ་བླང་དོར་སྤངས་ཏེ་མཉམ་པར་གཞག་པར་བསྟན་ཏོ། །གཟུང་འཛིན་ནི་ཁམས་གསུམ་པའི་སྤྱོད་ཡུལ་ཡིན་ལ། གཟུང་འཛིན་ནུབ་པས་རིག་པ་གཏན་མེད་དུ་མི་འགྱུར་གྱི། གནས་ལུགས་རིག་པ་ནི་འཕགས་པ་རྣམས་ཀྱི་ཡིན་པས་གནས་ལུགས་ནི་འཕགས་པའི་སྤྱོད་ཡུལ་ལོ། །དྲུག་པ་ནི། རིགས་ཀྱི་བུ་བྱང་ཆུབ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དུས་གསུམ་མཉམ་པ་འཁོར་གསུམ་ཡོངས་སུ་ཆད་པའོ། །དེ་ལ་འཁོར་གསུམ་ཡོངས་སུ་ཆད་པ་གང་ཞེ་ན། གང་འདས་པ་ལ་སེམས་མི་འཇུག་པ་དང་། མ་འོངས་པ་ལ་རྣམ་པར་ཤེས་པ་མི་རྒྱུག་པ་དང་། ད་ལྟར་བྱུང་བ་ལ་ཡིད་ལ་བྱེད་པ་མི་འཇུག་པའོ། །དེ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ལ་མི་གནས་པས་འདས་

(༥༩༡)པ་ལ་རྟོག་པར་མི་བྱེད། མ་འོངས་པ་ལ་མི་སེམས། ད་ལྟར་བྱུང་བ་སྤྲོས་པར་མི་བྱེད་དོ། །དེ་ལྟར་དུས་གསུམ་མཉམ་པ་ཉིད་དང་། འཁོར་གསུམ་ཡོངས་སུ་དག་པ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ནི། དུས་གསུམ་ཞེས་བྱ་བ་ནི་རྟོག་པས་བརྟགས་པ་འབའ་ཞིག་སྟེ། དངོས་པོའི་ཆོས་སུ་ཅི་ཡང་མེད་དོ། །བྱང་ཆུབ་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་གཟིགས་པས་རགས་པར་ན་དུས་གསུམ་གྱི་རྣམ་པར་རྟོག་པ་དང་བྲལ་ལ། ཕྲ་བར་ན་འདས་པའི་སེམས་ཀྱིས་བག་ཆགས་གཞག་པའི་སེམས་previous hit ཀུནགཞིརྣམ་པར་ཤེས next hit་པ་མེད། མ་འོངས་པའི་ཡུལ་འདོད་པའི་ཚོགས་དྲུག་གི་རྣམ་པར་ཤེས་པ་མེད། ད་ལྟར་རང་སྣང་གི་previous hit ཀུནགཞི་ལ་དར་འཛིན་པའི་ཡིད་མེད་དེ། རྣམ་པར་ཤེས next hit་པའི་ཚོགས་བརྒྱད་ནུབ་པའི་ཡེ་ཤེས་སོ། །ཚོགས་བརྒྱད་པོ་བཅོས་མ་བློ་བུར་བ་ཡིན་པས་གཤིས་སུ་མེད་དོ། །དེ་ལྟར་ན་དུས་གསུམ་གྱི་དབང་དུ་བྱས་པའི་ཡུལ་ཅན་གྱི་འཁོར་གསུམ་དང་། ཡུལ་དུས་ཀྱི་འཁོར་གསུམ་པོ་ཐམས་ཅད་གཤིས་ལ་མ་གྲུབ་ཅེས་བྱ་བ་ཡིན་ནོ། །དེ་ལྟར་གསུམ་པོ་འདིས་ནི་རྣལ་འབྱོར་བའི་སྒོམ་ཐབས་བསྟན་པ་ཡིན་ཏེ། གང་གཞག་པ་དང་། གང་དུ་གཞག་པ་དང་། ཇི་ལྟར་གཞག་པའོ། །གང་གཞག་ན་བླང་དོར་མེད་པའི་སེམས་སོ། །གང་དུ་གཞག་ན་ཚོགས་དྲུག་གི་སྣང་བ་ལའོ། །ཇི་ལྟར་གཞག་ན་དུས་གསུམ་གྱི་ཡིད་ལ་བྱེད་པ་དང་ཕྲལ་ཏེའོ། །

(༥༩༢)བདུན་པ་ནི། རིགས་ཀྱི་བུ་བྱང་ཆུབ་ནི་ལུས་མེད་ཅིང་འདུས་མ་བྱས་པའོ། །དེ་ལ་ལུས་མེད་པ་ནི་གང་མིག་གི་རྣམ་པར་ཤེས་པས་རྣམ་པར་བྱ་བ་མ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའོ། །འདུས་མ་བྱས་ཤེས་བྱ་བ་ནི་གང་ལ་སྐྱེ་བ་མེད་པ་དང་འཇིག་པ་མེད་པ་དང་། གནས་པ་མེད་པ་སྟེ། དེ་ནི་མཚན་ཉིད་གསུམ་དང་བྲལ་བའི་འདུས་མ་བྱས་ཤེས་བྱའོ། །འདུས་མ་བྱས་ཇི་ལྟ་བར་འདུས་བྱས་ཀྱང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་མེད་པའོ། །མེད་པ་གང་ཡིན་པ་དེ་ལ་ནི་གཉིས་མེད་དོ། །ལུས་མེད་པ་དང་འདུས་མ་བྱས་འདི་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ནི་བྱང་ཆུབ་ནི་དེ་བཞིན་ཉིད་ཡིན་ལ། དེ་ཡང་གང་གི་ཡུལ་ཡིན་པ་དང་། རང་གི་ངོ་བོ་གང་ཡིན་པ་དང་། རྟེན་གང་ཡིན་པ་སྟེ་ཆོས་གསུམ་མོ། །གང་གི་ཡུལ་ཡིན་པ་ནི་དབང་པོ་ལྔ་ལ་ལུས་ཤེས་བརྗོད་པ་དེ་དག་གི་ཡུལ་མ་ཡིན་གྱི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱི་ཡུལ་ལོ། །རང་གི་ངོ་བོ་གང་ཡིན་པ་ནི་བློ་བུར་བའི་ཆོས་ཀྱིས་དང་པོར་སྐྱེ་བ་དང་། བར་དུ་གནས་པ་དང་། མཐར་འཇིག་པ་སྟེ་མཚན་ཉིད་གསུམ་དང་བྲལ་བ་སྐད་ཅིག་སྔ་མ་ཇི་ལྟར་གནས་པ་དེ་བཞིན་དུ་ཕྱི་མ་ཡང་དེ་ལྟར་གནས་པས་དེ་བཞིན་ཉིད་ཅེས་བྱའོ། །

(༥༩༣)རྟེན་གང་ཡིན་པ་ནི་བྱང་ཆུབ་བམ་དེ་བཞིན་ཉིད་དེ་ནི་གཞན་ནས་བཙལ་བར་མི་བྱའི་རང་གི་སེམས་དང་སེམས་ལས་བྱུང་བ་ལ་སོགས་པའི་འདུས་བྱས་ཀྱི་ཆོས་དེ་དག་ཉིད་ལས་བཙལ་བར་བྱའོ་ཞེས་པའོ། །བརྒྱད་པ་ནི། རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་དེ་ནི་དབྱེར་མེད་པ་དང་གནས་སོ། །དེ་ལ་གནས་ནི་གང་དབྱེར་མེད་པ་ནི་གང་ཞེ་ན། དེ་བཞིན་ཉིད་ནི་གནས་སོ། །གནས་མེད་པ་ནི་དབྱེར་མེད་པའོ། །ཆོས་ཀྱི་དབྱིངས་ནི་གནས་སོ། །ཐ་དད་པ་མ་ཡིན་པ་ནི་དབྱེར་མེད་པའོ། །ཡང་དག་པའི་མཐའ་ནི་གནས་སོ། །གཡོ་མེད་པ་ནི་དབྱེར་མེད་པའོ། །སྟོང་པ་ཉིད་ནི་གནས་སོ། །དམིགས་སུ་མེད་པ་ནི་དབྱེར་མེད་པའོ། །མཚན་མ་མེད་པ་ནི་གནས་སོ། །རྣམ་པར་རྟོག་པ་མེད་པ་ནི་དབྱེར་མེད་པའོ། །སྨོན་པ་མེད་པ་ནི་གནས་སོ། །སྨོན་ལམ་འདེབས་པ་མེད་པ་ནི་དབྱེར་མེད་པའོ། །སེམས་ཅན་མེད་པ་ཉིད་ནི་གནས་སོ། །སེམས་ཅན་ངོ་བོ་ཉིད་མེད་པ་ནི་དབྱེར་མེད་པའོ། །ནམ་མཁའ་ནི་གནས་སོ། །དམིགས་སུ་མེད་པ་ནི་དབྱེར་མེད་པའོ། །སྐྱེ་བ་མེད་པ་ནི་གནས་སོ། །འགོག་པ་མེད་པ་ནི་དབྱེར་མེད་པའོ། །འདུས་མ་བྱས་ནི་གནས་སོ། །རྒྱུ་མེད་པ་ནི་དབྱེར་མེད་པའོ། །བྱང་ཆུབ་ནི་གནས་སོ། །ཉེ་བར་ཞི་བ་ནི་དབྱེར་མེད་པའོ། །མྱ་ངན་ལས་འདས་པ་ནི་གནས་སོ། །མངོན་པར་གྲུབ་པ་མེད་པ་ནི་དབྱེར་མེད་པའོ། །དེ་ལྟར་དབྱེར་མེད་པ་དང་གནས་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་

(༥༩༤)དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། དེ་བཞིན་ཉིད་ནས་མྱ་ངན་ལས་འདས་པའི་བར་གཞི་བཅུ་གཉིས་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་ཁོ་ན་སྟེ། དོན་དམ་པའི་བདེན་པའོ། །གནས་ནས་མངོན་པར་གྲུབ་པའི་བར་རྣམས་ནི་དབྱེ་བ་དང་ཐ་དད་པ་དང་སྣ་ཚོགས་པ་དང་མང་པོ་རྣམས་ནི་ཀུན་རྫོབ་པའི་ཆོས་རྣམས་ལ་བརྗོད་དེ། དོན་དམ་པ་ནི་ཀུན་རྫོབ་པ་མ་ཡིན་ཞེས་བྱ་བའོ། །དེ་ལ་གནས་ཤེས་བྱ་བ་ནི་དོན་དམ་པའི་བདེན་པ་དེ་རྣམ་པར་དག་པའི་དམིགས་པ་ཡིན་པའི་ཕྱིར་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། རབ་འབྱོར་ཕུང་པོ་རྣམ་པར་དག་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ཞིང་། ཞེས་བྱ་བ་དང་། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་གཟུགས་ཀྱི་རྣམ་པ་སྣ་ཚོགས་དུ་མ་མཚན་ཉིད་ཐ་དད་པ་ལ་མཚན་མ་མེད་པ་རྣམ་པར་རྟོག་པ་མེད་པ་འགྱུར་བ་མེད་པ་སྟེ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་དོན་དམ་པ་ཡང་མཚན་ཉིད་ཐ་དད་པའི་ཆོས་རྣམས་ལ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་པར་བལྟ་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །དགུ་པ་ནི། རིགས་ཀྱི་བུ་བྱང་ཆུབ་ནི་ལུས་ཀྱིས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་ཀྱིས་ཀྱང་མ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། ལུས་ནི་བེམས་པོའོ། །སེམས་ནི་སྒྱུ་མ་ལྟ་བུའོ། །གང་ལུས་དང་སེམས་

(༥༩༥)འདི་ལྟ་བུར་ཁོང་དུ་ཆུད་པ་དེ་ནི་ཐ་སྙད་བཏགས་ནས་བྱང་ཆུབ་ཅེས་བྱའོ། །བྱང་ཆུབ་ནི་ལུས་སམ། སེམས་སམ། ཆོས་སམ། ཆོས་མ་ཡིན་པའམ། ཡང་དག་པའམ། ཡང་དག་པ་མ་ཡིན་པའམ། བདེན་པའམ། བརྫུན་པ་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །བྱང་ཆུབ་ལ་ནི་གང་གིས་ཚིག་ཏུ་ཐ་སྙད་གདགས་པར་འགྱུར་བའི་དབྱིབས་ནི་ཅི་ཡང་མེད་དེ། ཇི་ལྟར་ནམ་མཁའི་དབྱིབས་མེད་ཅིང་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་ཀྱང་དབྱིབས་མེད་ཅིང་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བཙལ་ན་ཆོས་ཐམས་ཅད་ནི་བརྗོད་པར་བྱ་བ་མ་ཡིན་པ་སྟེ། ཆོས་ལ་ཚིག་མེད་དོ། ཚིག་ལ་ཡང་ཆོས་མེད་དོ། །ཆོས་ཀྱི་ཚུལ་གྱི་རྣམ་པ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། ལུས་དང་སེམས་ཀྱིས་སངས་མི་རྒྱ་བ་ནི་དེ་གཉིས་སུ་རྟོགས་པའམ་བྱང་ཆུབ་པ་མ་ཡིན་ཞེས་པ་ནི་དམ་བཅའ་བའོ། །ལུས་བེམས་པོ་ཡིན་པའི་ཕྱིར་དང་། སེམས་མི་བདེན་པའི་ཕྱིར་རོ། །སྐབས་ཀྱི་དོན་ནི་ལུས་སེམས་ངོ་བོ་ཉིད་མེད་པར་རྟོགས་པ་ཉིད་བྱང་ཆུབ་ཡིན་ཞེས་པའོ། །དེ་ཡང་ལྷའི་དབང་པོ་ལ་མིག་སྟོང་ཡོད་པས་དེས་མིག་སྟོང་པ་ཞེས་བརྗོད་ལ། རྡོ་རྗེ་མཚོན་ཆར་འཛིན་པས་རྡོ་རྗེ་ཅན་ཞེས་བརྗོད་ཅིང་

(༥༩༦)ལྷ་མ་ཡིན་འཇོམས་པས་གྲོང་ཁྱེར་འཇིག་ཅེས་བརྗོད་ཀྱང་བྱང་ཆུབ་ནི་དེ་ལྟ་བུ་མ་ཡིན་ཏེ། བྱང་ཆུབ་ནི་ལུས་ཅན་ཞེས་སམ། སེམས་ཅན་ཞེས་སམ། ཆོས་ལེགས་པར་བཤད་པའམ། ཆོས་མ་ཡིན་པ་ཉེས་པར་བཤད་པའམ། ཡང་དག་པའི་ལུས་སེམས་སམ། ཡང་དག་པ་མ་ཡིན་པའི་ལུས་སེམས་ཤེས་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་བཞིན་ཉིད་ཡིན་པའི་ཕྱིར་ཞེས་པའོ། །བདེན་པ་དང་བརྫུན་པ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཚིག་གི་རྣམ་གྲངས་སོ། །དེ་ལྟར་བརྗོད་དུ་མེད་པ་རྣམས་ནི་དམ་བཅའ་བ་ཡིན་ལ། གཏན་ཚིགས་ནི་བརྗོད་པའི་ཚིག་རྣམས་འཇུག་པའི་དངོས་ཀྱི་རྟེན་མཚན་མ་ཡིན་པ་ལ་བྱང་ཆུབ་ལ་དབྱིབས་ལ་སོགས་པའི་མཚན་མ་ཅི་ཡང་མེད་པའི་ཕྱིར་ཞེས་པའམ། ཡེ་ཤེས་སྣང་བ་རྒྱན་གྱི་མདོར་འདིའི་དབྱིབས་ཤེས་བརྗོད་པའི་ཐད་དུ་གནས་ཤེས་འབྱུང་སྟེ་ཚིག་བརྗོད་པའི་རྟེན་མེད་ཅེས་པའོ། །དེ་བཞིན་དུ་བུམ་པ་དང་ཤིང་རྟ་སོགས་ཀུན་རྫོབ་ཏུ་བརྗོད་ཀྱང་ཡང་དག་པའི་རིགས་པས་བརྟགས་ན་ཐམས་ཅད་ངོ་བོ་ཉིད་མེད་ཅིང་དེ་ཉིད་ལ་བྱང་ཆུབ་ཏུ་འདོགས་པས་ཆོས་ཐམས་ཅད་ཀྱང་བརྟགས་ན་བརྗོད་དུ་མེད་དོ། །བཅུ་པ་ནི། རིགས་ཀྱི་བུ་བྱང་ཆུབ་ནི་གཟུང་དུ་མེད་པ་དང་གཞི་མེད་པའོ། །དེ་ལ་གཟུང་དུ་མེད་པ་གང་གཞི་མེད་པ་ནི་གང་ཞེ་ན། མིག་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། །གཟུགས་དམིགས་སུ་མེད་པ་ནི་གཞི་མེད་པའོ། །རྣ་བ་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། །སྒྲ་དམིགས་སུ་མེད་པ་ནི་གཞི་མེད་པའོ། །སྣ་ཡོངས་

(༥༩༧)སུ་ཤེས་པ་ནི་གཟུང་དུ་མེད་པའོ། །དྲི་དམིགས་སུ་མེད་པ་ནི་གཞི་མེད་པའོ། །ལྕེ་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། །རོ་དམིགས་སུ་མེད་པ་ནི་གཞི་མེད་པའོ། །ལུས་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། །རེག་བྱ་དམིགས་སུ་མེད་པ་ནི་གཞི་མེད་པའོ། །ཡིད་ཡོངས་སུ་ཤེས་པ་ནི་གཟུང་དུ་མེད་པའོ། །ཆོས་དམིགས་སུ་མེད་པ་ནི་གཞི་མེད་པའོ། །དེ་ལྟར་དེ་བཞིན་གཤེགས་པས་བྱང་ཆུབ་གཟུང་དུ་མེད་པ་དང་གཞི་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མིག་གཟུང་དུ་མེད། གཟུགས་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། །རྣ་བ་གཟུང་དུ་མེད། སྒྲ་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། །སྣ་གཟུང་དུ་མེད། དྲི་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། །ལྕེ་གཟུང་དུ་མེད། རོ་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། །ལུས་གཟུང་དུ་མེད། རེག་བྱ་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། །ཡིད་གཟུང་དུ་མེད། ཆོས་གཞི་མ་ཡིན། རྣམ་པར་ཤེས་པ་གནས་པ་མེད་དོ། །དེ་རྣམ་པར་ཤེས་པ་གནས་པ་མེད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གནས་རྣམས་རབ་ཏུ་ཤེས་སོ། །སེམས་ཅན་དག་གི་སེམས་ཀྱི་གནས་རྣམས་གང་ཞེ་ན། སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ནི་བཞི་པོ་འདི་དག་གོ །བཞི་གང་ཞེ་ན། འདི་ལྟ་སྟེ། གཟུགས་

(༥༩༨)སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དག་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ཏེ། སེམས་ཀྱི་གནས་དེ་དག་ཀྱང་དེ་བཞིན་གཤེགས་པས་གནས་མེད་པར་མཁྱེན་ཏོ། །གནས་མེད་པའི་མཐའ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། འདིར་མིག་ལ་སོགས་པའི་ཁམས་དྲུག་ནི་ཡུལ་འཛིན་པ་པོ་ཡིན་པས་གཟུང་བ་ཞེས་བྱའོ། །གཟུགས་ལ་སོགས་པའི་ཡུལ་དྲུག་ནི་དམིགས་པ་ཡིན་པས་གཞི་ཞེས་བྱའོ། །དབང་པོ་དང་ཡུལ་ལ་བརྟེན་ནས་སྐྱེས་པའི་ཤེས་པ་དྲུག་ལ་ནི་ཡུལ་འཛིན་པ་པོ་ཡིན་པས་གནས་པའམ་བརྟེན་པ་ཞེས་བརྗོད་དོ། །མིག་སོགས་ངོ་བོ་ཉིད་མེད་པར་ཡོངས་སུ་ཤེས་པའི་བྱང་ཆུབ་ནི་གཟུང་དུ་མེད་ཅེས་བྱ་ཞིང་། དམིགས་པ་དང་རྣམ་ཤེས་ངོ་བོ་ཉིད་མེད་པར་ཤེས་པ་ལ་གཞི་མེད་པ་ཞེས་བྱའོ། ཁམས་བཅོ་བརྒྱད་ངོ་བོ་ཉིད་མེད་པར་ཤེས་པས་སེམས་སམ་རྣམ་ཤེས་ངོ་བོ་ཉིད་མེད་པར་ཤེས་ཤིང་། དེ་ཤེས་པས་སེམས་ཀྱི་གནས་ཕུང་པོ་ལྷག་མ་བཞི་ངོ་བོ་ཉིད་མེད་པར་ཤེས་སོ། །ངོ་བོ་ཉིད་མེད་པའི་ཆ་ནས་སྤྲོས་པ་དང་བྲལ་བ་ཡིན་ལ། ཤེས་པའི་ཆ་ནས་རིག་པའི་ཁམས་ཏེ་སྙིང་པོ་དང་བྱང་ཆུབ་ལ་ངོ་བོ་ཉིད་ཁྱད་པར་མེད་དོ། །བཅུ་གཅིག་པ་ནི། རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །སྟོང་པ་ཉིད་གང་གིས་བྱང་ཆུབ་སྟོང་པའི་སྟོང་པ་ཉིད་དེས་ཆོས་ཐམས་ཅད་སྟོང་ངོ་། །

(༥༩༩)སྟོང་པ་ཉིད་ཇི་ལྟ་བ་དེ་བཞིན་དུ་ཆོས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ནོ། །དེ་ནི་འདི་ལྟ་སྟེ། སྟོང་པ་ཉིད་དང་བྱང་ཆུབ་ཅེས་བྱ་བ་ཚུལ་གཅིག་པར་ཤེས་པ་སྟེ། དེ་ལ་གཉིས་གང་གིས་སྟོང་པ་ཉིད་དང་། བྱང་ཆུབ་གཉིས་སུ་དབྱེ་བའི་གཉིས་ཅུང་ཟད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་གཉིས་སུ་མེད་པ། གཉིས་སུ་དབྱེར་མེད་པ། མཚན་ཉིད་མེད་པ། མིང་མེད་པ། མཚན་མ་མེད་པ། རྒྱུ་བ་མེད་པ་རབ་ཏུ་རྒྱུ་བ་མེད་པ། ཀུན་དུ་འབྱུང་བ་མེད་པའོ། །གང་སྟོང་པ་ཞེས་བྱ་བ་དེ་ནི་མངོན་པར་ཞེན་པ་མེད་ཅིང་འཛིན་པ་མེད་པའི་ཚིག་བླ་དགས་སོ། །འདི་ལ་དོན་དམ་པར་གང་སྟོང་པ་ཞེས་བྱ་བའི་ཆོས་གང་ཡང་དམིགས་སུ་མེད་ཀྱང་སྟོང་པ་ཞེས་ཀྱང་བརྗོད་དོ། །ཇི་ལྟར་ནམ་མཁའ་ལ་ནམ་མཁའ་ཞེས་བརྗོད་ཀྱང་ནམ་མཁའ་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་སྟོང་པ་ལ་སྟོང་པ་ཞེས་བརྗོད་ཀྱང་སྟོང་པ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །འདི་ལྟ་སྟེ། མིང་མེད་པ་ལ་མིང་དུ་ཐ་སྙད་འདོགས་པ་དེ་ནི་ཆོས་ཐམས་ཅད་ལ་འཇུག་པའོ། །མིང་དེ་ཡང་ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་ནོ། །ཇི་ལྟར་མིང་ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་པ་དེ་བཞིན་དུ་མིང་ཡལ་ན་གནས་པ་མ་ཡན་།།།གང་གིས་བརྗོད་པའི་ཆོས་དེ་ཡང་ཡུལ་ན་གནས་པ་མ་ཡིན་ཕྱོགས་ན་གནས་

(༦༠༠)པ་མ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པས་ཆོས་དེ་དག་ཐམས་ཅད་མཁྱེན་ཏེ། གཟོད་མ་ནས་མ་སྐྱེས་པ་དང་མ་འགགས་པ་དང་མཚན་ཉིད་མེད་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་དང་། ཡི་གེ་མེད་པ་དང་། སྒྲ་མེད་པར་ཤེས་སོ། །ཇི་ལྟར་ཤེས་པ་དེ་བཞིན་དུ་རྣམ་པར་གྲོལ་ཏེ་བཅིངས་པ་ཡང་མེད། གྲོལ་བ་ཡང་མེད་དོ། །མཉམ་པ་ཉིད་འདི་ཡང་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། འཆད་པར་འགྱུར་བ་འགྲེལ་བ་འདི་ཉིད་དུ། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། ཞེས་འབྱུང་སྟེ། སྟོང་པ་ཉིད་ཅེས་བྱ་བའི་ཚིག་ལ་ཚུལ་ལམ་གཞུང་ཞེས་བྱ་ལ། ཚིག་དེས་དེ་བཞིན་གཤེགས་པའི་སྙིང་པོ་བརྗོད་ན་དེ་གང་ཡིན་ཞེས་བྱ་བ་སྟེ། འདིར་ནི་བྱང་ཆུབ་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །ཞེས་བྱ་བ་ཡང་སྟོང་པ་ཉིད་ཀྱི་མིང་ཅན་སྙིང་པོ་ཉིད་བྱང་ཆུབ་ཡིན་གྱི། སྙིང་པོ་ཉིད་བྱང་ཆུབ་པར་བྱ་བའམ་རྟོགས་བྱ་ཡིན་པ་དང་། དེ་རྟོགས་པའི་ཤེས་པ་གཞན་ཞིག་ལ་བྱང་ཆུབ་ཏུ་བརྗོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྐབས་འདིའི་དོན་གྱི་གཙོ་བོ་ཡིན་ནོ། །སྟོང་པ་ཉིད་གང་གིས་བྱང་ཆུབ་སྟོང་པའི་སྟོང་པ་ཉིད་དེས་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བ་ནི་སྟོང་པའི་སྒྲ་ནི་སྣོང་སྟོང་པ་ཞེས་བརྗོད་ན་ཆུའམ་འབྱུ་།།།མར་རམ་འབྲས་ལ་སོགས་པ་དང་བྲལ་ཞིང་མེད་པ་ལ་བརྗོད་པ་ཡིན་པས་དགག་བྱ་ཞིག་གིས་སྟོང་དགོས་ལ། དགག་བྱ་

(༦༠༡)གང་གིས་བྱང་ཆུབ་སྟོང་བའི་སྟོང་པ་ཉིད་དེས་ཆོས་ཐམས་ཅད་ཀྱང་སྟོང་པ་ཡིན་ཏེ། དེ་ལ་དགག་བྱ་ནི་དངོས་པོའི་ངོ་བོ་ཉིད་དམ་འདོད་ཆགས་ལ་སོགས་པ་རྣམས་ཀྱི་བཅོས་མ་མ་ཡིན་པའི་ཆའོ། །དེ་བས་ན་ཆོས་ཐམས་ཅད་ལ་དངོས་པོའི་ངོ་བོ་ཉིད་ཀྱང་མེད་ལ། བཅོས་མ་མ་ཡིན་པའི་ཆགས་སོགས་ཀྱང་མེད་པ་ཡིན་ནོ། །སྟོང་པ་ཉིད་ཇི་ལྟ་བ་དེ་བཞིན་དུ་ཆོས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་པ་ནི་སྟོང་པ་ཉིད་དགག་བྱ་གཉིས་པོ་དེས་སྟོང་པ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་གཉིས་ཀྱིས་སྟོང་པ་ནི་མཁྱེན་པར་བྱ་བའི་ཆོས་ཡིན་ལ། སངས་རྒྱས་ཀྱིས་མཁྱེན་པ་ན་ཡང་ཆོས་ཐམས་ཅད་མཁྱེན་ལ། དེ་ཡང་སྟོང་པ་ཉིད་ཀྱི་དགག་བྱ་དང་བྲལ་བར་མཁྱེན་པ་ཡིན་ཞེས་པའོ། །སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ནོ་ཞེས་པ་ནི་འདིར་སངས་རྒྱས་དང་བྱང་ཆུབ་དོན་གཅིག་ཏུ་བྱས་ཏེ་བྱང་ཆུབ་ཀྱིས་ཆུབ་པར་བྱ་བ་ནི་མིག་གིས་རྒྱང་རིང་པོའི་གཟུགས་མཐོང་བ་ལྟ་བུའི་ཡུལ་དང་ཡུལ་ཅན་གཉིས་མེད་དེ། གཉིས་ཀྱི་ཚུལ་གྱིས་མ་ཡིན་པས་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་སངས་རྒྱས་པ་མ་ཡིན་ཞེས་གསུངས་སོ། །དེ་སངས་རྒྱས་པར་སྟོན་པ་ན། དེ་ནི་འདི་ལྟ་སྟེ་སྟོང་པ་ཉིད་དང་བྱང་ཆུབ་ཅེས་བྱ་བ་ཚུལ་གཅིག་པར་ཤེས་པ་སྟེ། དེ་ལ་གཉིས་གང་གིས་སྟོང་པ་ཉིད་དང་བྱང་ཆུབ་གཉིས་སུ་དབྱེ་བའི་གཉིས་ཅུང་ཟད་ཀྱང་མེད་དོ། །ཞེས་པ་ནི་བྱང་ཆུབ་ཀྱིས་ཆོས་ཐམས་ཅད་མཁྱེན་པ་ན་བྱང་ཆུབ་བམ་སྟོང་པ་ཉིད་དེ་ཡང་མཁྱེན་དགོས་ན། བྱང་

(༦༠༢)ཆུབ་ཀྱིས་ཤེས་བྱ་བ་བྱེད་པ་པོའི་སྒྲ་དང་། སྟོང་པ་ཉིད་མཁྱེན་ཞེས་བྱ་བ་ལས་བརྗོད་པའི་སྒྲ་ཡིན་པས་གཉིས་ངེས་པར་ཡོད་དགོས་སོ་སྙམ་པ་འདི་གཞན་དག་གི་སེམས་ལ་འཆར་མོད་ཀྱི། དེ་ལ་གཉིས་ཀྱི་ཚུལ་ནི་གཏན་ནས་མེད་དེ། བྱེད་པ་པོའི་སྒྲ་ཡང་གཉིས་མེད་པ་ལ་མེད་པ་ལ་མཐོང་སྟེ། བདག་ཉིད་མི་སྨྲ་བ་ཁོ་ནས་མི་སྨྲ་བ་ཡིན་ནོ་ཞེས་པ་ལྟ་བུའོ། །དཔེར་ན་ཁྲུས་བྱས་ནས་ལྷ་མཆོད་ཅེས་བྱ་བ་ལ་ནས་ཀྱི་སྒྲས་སྔ་ཕྱིའི་རིམ་པ་སྟོན་མོད། འཁར་བ་དག་ཁྲོལ་ཟེར་ནས་ལྷུང་ངོ་ཞེས་པ་དང་། ཤིང་རྟས་ལམ་ཁྱབ་པར་བྱས་ནས་འོང་ངོ་ཞེས་པའི་ནས་ཀྱི་སྒྲས་སྔ་ཕྱིའི་རིམ་པ་མི་སྟོན་པར་དབྱིག་གཉེན་དང་། ལེགས་ལྡན་ལ་སོགས་པའི་མཁས་པ་རྣམས་བཞེད་དེ། འདིར་ཡང་དེ་ལྟ་བུའོ། །དོན་འདི་ནི་སེམས་འགྲེལ་ལས་ཀྱང་། རྟོགས་བྱ་རྟོགས་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཀྱིས་མ་གཟིགས། །གང་ན་རྟོགས་བྱ་རྟོགས་བྱེད་ཡོད། །དེར་ནི་བྱང་ཆུབ་ག་ལ་ཡོད། །ཅེས་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱིས་བྱང་ཆུབ་ཐུགས་སུ་ཆུད་པ་ལ་གཉིས་མེད་པར་མ་ཟད་བྱང་ཆུབ་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པ་ན་ཡང་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་ལས་གསུངས་པ་ལྟར་ཤེས་བྱའི་གཟུགས་བརྙན་མཐའ་ཡས་པ་འཆར་མོད་ཀྱི། གཟུགས་བརྙན་དེ་དག་བྱང་ཆུབ་དང་གཉིས་སུ་མེད་པར་རང་གསལ་བ་ལས་མ་གཏོགས་པ་བལྟ་བྱ་ལྟ་བྱེད་དུ་གྱུར་བ་གཞན་ནི་ཅུང་ཟད་ཀྱང་མེད་དོ། །ཉི་ཁྲི་སྣང་བར། གང་དག་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ནི་

(༦༠༣)འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་བར་ཡིད་ལ་བྱེད་པ་དང་། ཀུན་འབྱུང་ལ་ཀུན་འབྱུང་བར་ཡིད་ལ་བྱེད་པ་དང་། ལམ་ལ་ལམ་གྱི་བར་དུ་ཡིད་ལ་བྱེད་པ་ནི་ཟག་པ་མེད་པའི་ཡིད་ལ་བྱེད་པས་མཚུངས་པར་ལྡན་པའི་ཆོས་རྣམས་རྣམ་པར་འབྱེད་དོ་ཞེས་བྱ་བ་ལ་སོགས་པའི་མདོ་དང་འགལ་བ་ཡོད་པ་ཡིན་ནོ་ཞེས་ཟེར་བ་དེ་ནི་འཕགས་པ་ཉན་ཐོས་ཤེས་གསུངས་པའི་ཕྱིར་དེས་ནི་མི་གནོད་དེ། འདི་ནི་སངས་རྒྱས་ཀྱི་མངོན་པར་རྟོགས་པ་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པའི་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་དང་ཉེ་བར་འབྲེལ་བ་གང་ཡིན་པ། འཁོར་བ་གཅིག་ཏུ་བརྒྱུད་པར་གོམས་པ་རབ་ཏུ་བརྟན་པས་ངེས་པར་སྦྱར་བ་དམིགས་པའི་དུག་གི་སྒྲེགས་པ་ནི་རྣམ་པ་འདི་ལྟ་བུ་རྣམས་བཟློག་པར་བྱ་བའི་དོན་དུ་འདི་ལ་མཁས་པ་རྣམས་ཀྱིས་བརྗོད་པར་བྱ་བ་རྣམ་པ་མང་དུ་ཡོད་དོ། །ཞེས་གསུངས་པ་ལྟར་ཤེས་རབ་ཞན་པ་རྣམས་ཀྱིས་ནི་གནས་འདི་ཤིན་དུ་རྟོགས་པར་དཀའ་སྟེ། སློབ་དཔོན་དགེ་བསྲུངས་ཀྱིས། ཐམས་ཅད་མཁྱེན་ཡང་དམིགས་པ་གཞན། །ཅུང་ཟད་མེད་ཅེས་བྱ་བ་ནི། །མཁས་པ་རྣམས་ཀྱིས་མཁྱེན་གྲང་གི། །བདག་གི་བློ་ངན་དེར་བརྡུགས་སོ། །ཞེས་སྨྲས་པ་ནི་གནས་འདི་ལ་བྱེ་བྲག་ཏུ་སྨྲ་བ་གཞན་དག་ཀྱང་བརྡུགས་པར་འགྱུར་བ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་གཉིས་སུ་མེད་པ། གཉིས་དབྱེར་མེད་པ། མཚན་ཉིད་མེད་པ། མིང་མེད་པ། མཚན་མ་མེད་པ། རྒྱུ་བ་མེད་པ། རབ་ཏུ་རྒྱུ་བ་མེད་པ་

(༦༠༤)ཀུན་དུ་འབྱུང་བ་མེད་པའོ། །ཞེས་བྱ་བ་ནི་རྟོགས་བྱ་དང་རྟོགས་བྱེད་ཅེས་བརྗོད་ཀྱང་གཉིས་མེད་པ་དེ་རྒྱུ་མཚན་ཅིའི་ཕྱིར་ཡིན་ཞེ་ན། དེ་ནི་ཆོས་ཐམས་ཅད་རང་གི་ས་ན་གཉིས་མེད་པ་ཁོ་ན་ཡིན་ལ། ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། །ཅེས་པ་ལྟར་ཐམས་ཅད་ཀྱི་རང་ས་ན་གཉིས་མེད་པ་དེ་ཐུགས་སུ་ཆུད་པས་བྱང་ཆུབ་ཀྱང་གཉིས་སུ་མེད་པ་ཡིན་ནོ། །དེ་ཡང་ཆོས་ཐམས་ཅད་ནི་གཉིས་སུ་མེད་དེ། དེ་ལ་སྐད་ཅིག་གསུམ་འཐུད་དུ་བྱུང་བར་བརྗོད་མོད་ཀྱི། སྐད་ཅིག་བར་མ་དེའི་རང་ས་ན་སྐད་ཅིག་དང་པོ་དེ་འགགས་ནས་མེད་དོ། །སྐད་ཅིག་གསུམ་པ་དེ་མ་སྐྱེས་ནས་མེད་དོ། །དེས་ན་གསུམ་འཐུད་ཅེས་བྱ་བ་ནི་རྟོགས་པས་བརྟགས་པ་ཙམ་ཁོ་ནའོ། །དེ་ལྟ་མོད་ཀྱི་སྐད་ཅིག་བར་པ་དེ་ཉིད་ལ་སྔ་མ་ལ་བལྟས་པའི་ཆ་དང་ཕྱི་མ་ལ་བལྟས་པའི་ཆ་གཉིས་སུ་ཡོད་མོད་སྙམ་ན། དེ་ལྟ་ན་སྐད་ཅིག་བར་མ་དེ་གཅིག་མ་ཡིན་པར་གཉིས་སུ་གྱུར་ན་ད་གཅིག་ཅེས་བྱ་བ་དེ་སྟོན་པར་བྱ་དགོས་སོ། །སྐད་ཅིག་བར་མ་ལ་གཉིས་སུ་ཕྱེ་བའི་དང་པོ་དེ་ཡང་གཅིག་ཡིན་ལ། གཉིས་པ་དེ་ཉིད་ཀྱང་གཅིག་ཡིན་ནོ་སྙམ་ན། བར་མ་ལ་གཉིས་སུ་དབྱེ་ནུས་པ་ལྟར་བར་མའི་དང་པོ་དེ་ལ་ཡང་ཇི་ལྟར་གཉིས་སུ་དབྱེར་མི་ནུས། ཚུལ་དེས་ན་རང་གི་ངོ་བོ་ཉིད་གཅིག་ཅེས་བྱ་བ་འདི་གཞན་དང་གཞན་བགྲངས་པས་གཉིས་ལ་སོགས་པར་འགྱུར་ན། གཅིག་པུ་འདི་རང་གི་ངོ་བོ་ངེས་པར་མི་ཟིན་ཏོ། །གཅིག་མེད་ན་ནི་གཉིས་ལ་སོགས་པ་མེད་པར་བ་ལང་རྫིས་ཀྱང་རྟོགས་པར་ནུས་སོ། །མཚན་ཉིད་མེད་པ་ནི་གཅིག་གི་ངོ་བོ་ངེས་པར་གཟུང་དུ་ཡོད་

(༦༠༥)ན་དེ་གཞན་དང་མ་འདྲེས་ཤིང་། གཞན་ལ་མེད་ཁོ་ཉིད་ལ་ཡོད་པའི་མཚན་མ་ཞིག་དགོས་ན། ཁོ་ཉིད་མེད་པས་དེའི་མཚན་ཉིད་ཀྱང་མེད་དོ། །བྱིས་པ་རྣམས་ཀྱིས་ཆོས་རྣམས་བརྗོད་པའི་ཡུལ་དུ་བྱེད་པ་ན་ཡང་རྟོག་པ་ལ་ཤར་བའི་མིང་དང་དོན་གྱི་མཚན་མའམ་རྣམ་པ་ཉིད་ལ་བྱ་དགོས་།།། དེ་དག་ཉིད་ཀྱི་རང་གི་ངོ་བོ་ཡང་ངེས་པར་གཟུང་དུ་མེད་དོ། །རྒྱུ་བ་མེད་པ་ནི་སེམས་ཡུལ་ལ་རིམ་གྱིས་རབ་ཏུ་རྒྱུའོ་ཞེས་འཇིག་རྟེན་དུ་གྲགས་མོད་ཀྱི། ཐམས་ཅད་སྐད་ཅིག་མར་གནས་ལ་སྐད་གཅིག་གཉིས་པར་མི་འཕོ་བས་རྒྱུ་བ་ཞེས་བྱ་བའི་འགྲོ་བ་དང་རབ་ཏུ་རྒྱུ་བ་ཞེས་བྱ་བ་མྱུར་བར་འགྲོ་བ་གཉིས་ནི་དངོས་པོར་སྨྲ་བས་ཀྱང་དོན་དུ་མེད་པར་ཤེས་ནས། འགྲོ་མིན་གང་ཕྱིར་འདུས་བྱས་ནི། །སྐད་ཅིག་པ་ཡིན་འཇིག་ཕྱིར་རོ། །ཞེས་བཤད་པ་ཡིན་ནོ། །དེ་ལྟ་ཡིན་ན་སེམས་ཅན་འདི་སྲིད་པ་ཀུན་དུ་འབྱུང་ཞིང་སྐྱེའོ་ཞེས་བྱ་བ་འདི་ལ་རང་གི་ངོ་བོ་དཔྱད་ན་ཀུན་དུ་འབྱུང་བ་ག་ལ་ཡོད་དེ། དེ་ལྟར་ན་རྒྱུ་དང་འབྲས་བུ་རྒྱུན་ཆགས་ཏེ་དེ་ལས་བྱུང་བའི་འབྲེལ་བ་ཅན་དག་ལ་རང་ས་ན་གཉིས་ཆོས་ཅི་ཡང་མེད་ན་བདག་ཉིད་གཅིག་པ་ལ་རང་སའི་འབྲེལ་བ་རེ་བར་མ་བྱེད་ཅིག །གང་སྟོང་པ་ཞེས་བྱ་བ་དེ་ནི་མངོན་པར་ཞེན་པ་མེད་ཅིང་འཛིན་པ་མེད་པའི་ཚིག་བླ་དགས་སོ། །འདི་ལ་དོན་དམ་པར་གང་སྟོང་ཞེས་བྱ་བའི་ཆོས་གང་ཡང་དམིགས་སུ་མེད་ཀྱང་སྟོང་པ་ཞེས་ཀྱང་བརྗོད་དོ། །ཇི་ལྟར་ནམ་མཁའ་ལ་ནམ་མཁའ་ཞེས་བརྗོད་ཀྱང་ནམ་མཁའ་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་སྟོང་པ་ལ་སྟོང་པ་ཞེས་བརྗོད་ཀྱང་སྟོང་པ་ནི་བརྗོད་

(༦༠༦)པར་བྱ་བ་མ་ཡིན་ནོ། །ཞེས་བྱ་བ་ནི་སྔ་མ་དག་གིས་བྱང་ཆུབ་དངོས་པོས་སྟོང་པར་བསྟན་ནས་འདི་དག་གིས་ནི་ཐ་སྙད་ཀྱིས་སྟོང་པར་སྟོན་ཏེ། ཐ་སྙད་ཀྱང་རྣམ་པར་རྟོག་པའི་བློ་དང་དེས་བསླང་བའི་སྒྲ་ཡིན་ན་བྱང་ཆུབ་ལ་གང་སྟོང་པ་ཞེས་བྱ་བ་དེ་ནི་མངོན་པར་ཞེན་པའི་རྟོག་པ་མེད་ཅིང་འཛིན་པའི་མཚན་མ་མེད་པའི་དོན་ཏོ། །གང་སྟོང་ཞེས་བྱ་བ་ནི་སྟོང་པར་བརྗོད་པའི་སྒྲ་སྟེ། དོན་དམ་པ་ལ་སྒྲའི་ཆོས་གང་ཡང་མི་འཇུག་ཅིང་དམིགས་སུ་མེད་ཀྱང་རང་གི་རྣམ་པ་ལ་དོན་དམ་དུ་རློམས་ནས་སྟོང་པ་ཞེས་ཀྱང་བརྗོད་དོ། །ཇི་ལྟར་སེམས་ལ་ཤར་བའི་ནམ་མཁའི་རྣམ་པ་ལ་ནམ་མཁའ་ཞེས་བརྗོད་ཀྱང་ནམ་མཁའ་དངོས་ཉིད་བརྗོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་སྟོང་པའི་རྣམ་པ་ལ་སྟོང་པ་ཞེས་བརྗོད་ཀྱང་སྟོང་པ་དངོས་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །འདི་ལྟ་སྟེ། མིང་མེད་པ་ལ་མིང་དུ་ཐ་སྙད་འདོགས་པ་དེ་ནི་ཆོས་ཐམས་ཅད་ལ་འཇུག་པའོ། །མིང་དེ་ཡང་ཡུལ་ན་གནས་པ་མ་ཡིན་ཕྱོགས་ན་གནས་པ་མ་ཡིན་ནོ། །ཇི་ལྟར་མིང་ཡུལ་ན་གནས་པ་མ་ཡིན་ཕྱོགས་ན་གནས་པ་མ་ཡིན་པ་དེ་བཞིན་དུ་མིང་གང་གིས་བརྗོད་པའི་ཆོས་དེ་ཡང་ཡུལ་ན་གནས་པ་མ་ཡིན་ཕྱོགས་ན་གནས་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཡུལ་ཐ་སྙད་དང་བྲལ་བའི་རྒྱུ་མཚན་ནི་འདི་ལྟ་སྟེ། དང་པོར་མིང་མེད་པ་ལ་བློ་བུར་དུ་མིང་དུ་ཐ་སྙད་འདོགས་པ་དེ་ནི་ཆོས་ཐམས་ཅད་ལ་བློ་འཇུག་པའི་ཐབས་སུ་རྒན་པོས་སྦྱར་བ་སྟེ། མིང་གདོད་མ་ནས་དོན་དང་མ་བྲལ་བར་མ་ཟད་མིང་དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་སྟེ། བརྗོད་མ་ཐག་ཏུ་འགག་པས་འདི་

(༦༠༧)ནའོ་ཞེས་བྱ་བའི་གནས་པ་མེད་པའི་ཕྱིར་ཏེ། ཡུལ་ཉེ་བ་ན་གནས་པ་ཡང་མ་ཡིན། ཕྱོགས་རིང་བ་ན་གནས་པ་ཡང་མ་ཡིན་ནོ། །དོན་འདི་མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་ལས། མིའམ་ཅིའི་བདག་པོ། སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་གང་ལས་བྱུང་། སྨྲས་པ་རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ནི་ནམ་མཁའ་ལས་འབྱུང་ངོ་། །སྨྲས་པ་མིའམ་ཅིའི་བདག་པོ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ཁོང་པའི་ནང་ནས་མི་འབྱུང་འམ། སྨྲས་པ་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ལུས་ཀྱི་ནང་ཁོང་ནས་འབྱུང་ངམ། འོན་ཏེ་སེམས་ལས་འབྱུང་། སྨྲས་པ་མིའམ་ཅིའི་བདག་པོ། ལུས་ལས་ཀྱང་མ་ཡིན། སེམས་ལས་ཀྱང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ནི་བེམས་པོ་གཡོ་བ་མེད་པ་དང་། བྱེད་པ་མེད་པ་རྩྭ་དང་བོང་བ་དང་རྩིག་པ་དང་ཤིང་དང་མིག་ཡོར་ལྟ་བུའོ། །སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་པ་མེད་པ་སྟེ་སྒྱུ་མ་ལྟ་བུའོ། །སྨྲས་པ་རིགས་ཀྱི་ལུས་དང་སེམས་མ་གཏོགས་པར་གནས་གང་ནས་སྒྲ་འབྱུང་བར་འགྱུར། སྨྲས་པ། མིའམ་ཅིའི་བདག་པོ་སེམས་ཅན་རྣམས་ཀྱི་སྒྲ་ནི་ནམ་མཁའ་ལས་འབྱུང་བར་རྟོགས་སོ། །སྨྲས་པ་གལ་ཏེ་ནམ་མཁའ་མེད་ན་སྒྲ་གང་ལས་འབྱུང་། སྨྲས་པ་མིའམ་ཅིའི་བདག་པོ། ནམ་མཁའ་ལས་མ་གཏོགས་པར་གཞན་སྒྲ་གང་ནས་སྒྲ་འབྱུང་བར་འགྱུར། སྨྲས་པ་

(༦༠༨)རིགས་ཀྱི་བུ་རྣམས་པ་དེའི་ཕྱིར་རྣམ་གྲངས་འདིས་སྒྲའི་ཐ་སྙད་གང་ཇི་སྙེད་འབྱུང་བ་དེ་དག་ཐམས་ཅད་ནི་ནམ་མཁའ་ལས་འབྱུང་བར་རིག་པར་བྱའོ། །ནམ་མཁའི་ངོ་བོ་ཉིད་ནི་སྒྲ་སྟེ་རྣམ་པར་རིག་མ་ཐག་ཏུ་འགག་གོ །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་བཞིན་དུ་མིང་གང་གིས་བརྗོད་པའི་ཆོས་དེ་ཡང་གནས་པ་མེད་པའི་ཕྱིར་སྐྱེས་མ་ཐག་ཏུ་འཇིག་པས་ཡུལ་དང་ཕྱོགས་ན་གནས་པ་མ་ཡིན་པའོ། །དེ་དག་གིས་ནི་མི་རྟག་པར་རྟོགས་པས་སྟོང་པ་ལ་འཇུག་པར་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྔ་མ་རྣམས་ཀྱི་དོན་སྡུད་པར་བྱེད་དེ། རྣམ་པར་ཤེས་པ་དང་བྲལ་བ་ཞེས་པ་ཡན་ཆད་ཀྱིས་བརྗོད་པར་བྱ་བའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏོ། །ཡི་གེ་མེད་པ་དང་སྒྲ་མེད་པས་ནི་བྱང་ཆུབ་ལ་རྟོག་པ་མེད་པ་དང་སྒྲ་མེད་པར་བསྟན་པ་དག་བསྡུས་སོ། །ཇི་ལྟར་ཤེས་པ་ནི་ལམ་སྟེ། སྒོམ་པ་ན་དོན་དང་སྒྲའི་མཚན་མ་དང་བྲལ་བར་སྒོམ་ཞེས་པའོ། །ལམ་གྱི་འབྲས་བུ་ནི་གྲོལ་བ་སྟེ། སྙིང་པོ་སྔར་འཆིང་བས་མ་རེག་པ་དེ་ཉིད་མངོན་དུ་གྱུར་ཞེས་པའོ། །བཅུ་གཉིས་པ་ནི། རིགས་ཀྱི་བུ་བྱང་ཆུབ་ནི་ནམ་མཁའ་དང་མཉམ་སྟེ། ནམ་མཁའ་ནི་མཉམ་པ་ཡང་མ་ཡིན། མི་མཉམ་པ་ཡང་མ་ཡིན་ནོ། །བྱང་ཆུབ་ཀྱང་མཉམ་པ་ཡང་མ་ཡིན་མི་མཉམ་པ་ཡང་མ་ཡིན་ནོ། །ཆོས་གང་ལ་ཡང་དག་པར་ཡོངས་སུ་འགྲུབ་པ་མེད་པ་དེ་མཉམ་པའམ་མི་མཉམ་པར་བརྗོད་པ་མ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པའང་མ་ཡིན་མི་མཉམ་པའང་མ་ཡིན་

(༦༠༩)པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཇི་ལྟར་ཆོས་ཅུང་ཟད་ཙམ་ཡང་མཉམ་པར་ཡང་མི་བྱེད། མི་མཉམ་པར་ཡང་མི་བྱེད་པ་དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཆོས་འདི་དག་ཅི་འདྲ་བ་དེ་འདྲ་བར་ཡང་དག་པའི་ཡེ་ཤེས་ཀྱིས་མཁྱེན་ཏོ། །ཡང་དག་པའི་ཡེ་ཤེས་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་རྩ་བ་མེད་པ། མ་སྐྱེས་པ། མ་འགགས་པ་སྟེ། དེ་དག་ནི་མ་བྱུང་བ་ལས་འབྱུང་བ་བྱུང་ནས་ཀྱང་འབྲལ་བའོ། །དེ་དག་ནི་བདག་པོ་མེད་པར་འབྱུང་བ། བདག་པོ་མེད་པར་འབྲལ་བའོ། །དེ་ལྟར་འབྱུང་བ་དང་འཇིག་པ་ལ་བརྟེན་ནས་འཇུག་ཀྱང་འདི་ལ་འཇུག་པ་གང་ཡང་མེད་དེ། ལམ་བཅད་པའི་ཕྱིར་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ་ཞེས་ཀྱང་བརྗོད་དོ། །ལམ་ཆད་པ་དེ་ཡང་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། བྱང་ཆུབ་ནི་ནམ་མཁའ་དང་མཉམ་པ་སྟེ་ཞེས་བྱ་བ་ནི་སེམས་འགྲེལ་ལས། བྱང་ཆུབ་སྙིང་པོ་ལ་བཞུགས་པའི། །བདག་ཉིད་ཆེན་པོ་སངས་རྒྱས་དང་། །བརྩེ་ལྡན་ཀུན་གྱིས་དུས་གསུམ་དུ། །སྟོང་པ་མཁའ་དང་མཚུངས་པར་མཁྱེན། །ཞེས་བྱ་བ་ཡང་དོན་འདི་ཉིད་དེ། དེ་ལ་ནམ་མཁའ་དང་མཉམ་པ་ནི་ནམ་མཁའ་དང་མཚུངས་པ་སྟེ། ནམ་མཁར་མ་ཟད་ཆོས་གང་ལ་ཡང་དག་པར་ངོ་བོ་ཉིད་འགྲུབ་པ་མེད་པས་མེད་པ་ལ་མཉམ་པའམ་མི་མཉམ་པར་བརྗོད་པ་མ་ཡིན་པས་ན་ནམ་མཁའ་ལ་

(༦༡༠)ཡང་མཉམ་པ་དང་མི་མཉམ་པར་བརྗོད་དུ་མེད་ལ། བྱང་ཆུབ་ཀྱང་མཉམ་པ་དང་མི་མཉམ་པར་བརྗོད་དུ་མེད་དེ། བྱང་ཆུབ་དང་ནམ་མཁའ་ངོ་བོ་ཉིད་མེད་པར་མཚུངས་སོ། །ཆོས་རྣམས་ལ་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མཉམ་མི་མཉམ་ལ་སོགས་པའི་སྤྲོས་པ་དང་བྲལ་བར་དེ་བཞིན་གཤེགས་པས་མཁྱེན་པས་ནམ་མཁའ་དང་མཚུངས་པར་མཁྱེན་ཞེས་པའོ། །མཉམ་པར་ཡང་མི་བྱེད་མི་མཉམ་པར་ཡང་མི་བྱེད་ཅེས་བྱ་བ་ནི་ཡུལ་མཉམ་མི་མཉམ་ལས་གྲོལ་བ་ལ་ཤེས་པས་མཉམ་པ་དང་མི་མཉམ་པའི་རི་མོ་འདྲི་བར་མི་བྱེད་དེ། དེ་བཞིན་དུ་རྣལ་འབྱོར་བས་སྒོམ་པའི་ཚེའང་དེ་བཞིན་གཤེགས་པའི་ཐུགས་ལྟར་མཚན་མའི་རི་མོ་འདྲི་བར་མི་བྱེད་དེ། ནམ་མཁའ་ཡིད་ལ་བྱེད་པ་ན་ཁ་དོག་དང་དབྱིབས་ལ་སོགས་པས་ཡིད་ལ་མི་བྱེད་པ་བཞིན་ནོ། །འདི་ཡང་སེམས་འགྲེལ་ལས། སེམས་ལ་དམིགས་པ་མེད་པ་ཡི། །གནས་པ་ནམ་མཁའི་མཚན་ཉིད་དེ། །དེ་དག་སྟོང་ཉིད་སྒོམ་པ་ནི། །ནམ་མཁའ་སྒོམ་པར་བཞེད་པ་ཡིན། །ཞེས་གསུངས་སོ། །ཆོས་འདི་དག་ཅི་འདྲ་བ་དེ་འདྲ་བར་ཡང་དག་པའི་ཡེ་ཤེས་ཀྱིས་མཁྱེན་ཏོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཆོས་ཐམས་ཅད་མཁྱེན་པ་ན་ཤེས་བྱ་དེ་དག་ཉིད་ཀྱི་ཇི་ལྟར་ཡིན་པ་དེ་ལས་གཞན་གང་ཡང་སྐྱེད་པར་ཡང་མི་བྱེད་ལ། འབྲིད་པར་ཡང་མི་མཛད་ཅེས་པའོ། །ཡང་དག་པའི་ཡེ་ཤེས་ཀྱང་གང་ཞེ་ན། ཞེས་བྱ་བ་ནི་དོན་གྱིས་ན་ཤེས་པའི་ཡུལ་དྲིས་པ་ཡིན་ལ། ཡུལ་ཡང་ཁྱད་པར་གྱི་ཆོས་གང་གི་སྟེང་དུ་བརྩི་བའི་གཞིའམ་རྩ་བ་ངོ་བོ་ཉིད་ཅེས་བྱ་བ་

(༦༡༡)དེ་མེད་པ་ཡིན་ཏེ། ངོ་བོ་ཉིད་མེད་ན་དེའི་ཁྱད་པར་སྐྱེ་བ་དང་འགག་པ་ཡོད་པར་ག་ལ་འབྱུང་། འདི་ཅི་ལས་ཤེས་པར་བྱེད་ན་མྱུ་གུ་ལ་སོགས་པ་དེ་དག་ནི་སྔོན་མ་བྱུང་བ་ལས་འབྱུང་བའི་སྐྱེ་བ་དང་བྱུང་ནས་ཀྱང་འབྲལ་བའི་འཇིག་པ་མཐོང་བའི་ཕྱིར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་གཏན་ཚིགས་ཀྱིས་ངོ་བོ་ཉིད་མེད་པར་སྒྲུབ་པ་ཡིན་ནོ། །བདག་པོ་མེད་པ་ཞེས་པ་ནི་སུ་སྐྱེ་ན་འདི་སྐྱེའོ་ཞེས་བྱ་བའི་ངོ་བོ་ཉིད་ལ་བདག་པོ་ཞེས་བྱ་སྟེ་ཡོད་པ་ནི་མ་ཡིན་ནོ། །སྐྱེ་བ་དང་འཇིག་པ་ལ་བརྟེན་ནས་ལམ་ལ་འཇུག་ཀྱང་འཇུག་པ་པོར་མངོན་པར་ཞེན་པ་ཆད་པས་དེ་གཅོད་པའི་ཆེད་དུ་དེ་བཞིན་གཤེགས་པས་ཆོས་བསྟན་ཏེ། གཞན་དུ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ལམ་ཆད་པ། འཇུག་པ་ཆད་པ་ཞེས་གསུངས་པའི་དོན་ཡང་འདི་ཉིད་དོ། །བཅུ་གསུམ་པ་ནི། རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་དེ་ནི་ཇི་ལྟ་བ་བཞིན་གྱི་གནས་སོ། །དེ་ལ་ཇི་ལྟ་བ་བཞིན་གྱི་གནས་གང་ཞེ་ན། བྱང་ཆུབ་ཇི་ལྟ་བར་གཟུགས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དེ་བཞིན་ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བར་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བར་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ཏེ། དེ་བཞིན་

(༦༡༢)ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བར་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའོ། །ཆོས་སུ་བཏགས་པ་ནི་འདི་དག་ཏུ་ཟད་དེ། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་བཏགས་པའོ། །དེ་དག་ནི་དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཕྱིན་ཅི་མ་ལོག་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་དག་ནི་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། བར་དུ་ཡང་དེ་བཞིན་ཏེ། སྔོན་གྱི་མཐར་ཡང་མ་སྐྱེས། ཕྱི་མའི་མཐར་ཡང་མི་འཕོ། བར་དུ་ཡང་དབེན་པ་དག་གོ །དེ་ལྟར་ན་འདི་ནི་ཇི་ལྟ་བ་བཞིན་གྱི་གནས་ཡིན་ནོ། །གཅིག་ཇི་ལྟ་བ་ཐམས་ཅད་ཀྱང་དེ་བཞིན། ཐམས་ཅད་ཇི་ལྟ་བར་གཅིག་ཀྱང་དེ་བཞིན་ཏེ། ཇི་ལྟ་བ་བཞིན་ལ་ནི་གཅིག་པའམ་མང་བ་མི་དམིགས་སོ། །ཇི་ལྟ་བ་བཞིན་གྱི་གནས་འདིའང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། ཁམས་

(༦༡༣)བཅོ་བརྒྱད་དང་ཕུང་པོ་དང་སྐྱེ་མཆེད་རྣམས་ཀྱིས་ཆོས་ཐམས་ཅད་བསྡུས་ཏེ། ཕུང་ཁམས་སྐྱེ་མཆེད་ཀྱི་རང་གི་ངོ་བོ་གདོད་མ་ནས་མཚན་མ་མེད་ཅིང་སྤྲོས་པ་མེད་པ་ཡིན་པས་ཇི་ལྟ་བ་བཞིན་ཡིན་ནོ། །དེ་ཡང་བྱང་ཆུབ་ནི་མཚན་མ་མེད་ཅིང་སྤྲོས་པ་མེད་པ་ཡིན་པས་ཇི་ལྟ་བ་བཞིན་ཡིན་ལ། གཟུགས་སོགས་ཆོས་ཐམས་ཅད་དེ་དང་འདྲ་བས་ཇི་ལྟ་བ་བཞིན་ཡིན་ཞིང་། དེས་ན་བྱང་ཆུབ་ནི་འདྲ་བའི་གཞི་ཡིན་པའི་ཕྱིར་གནས་ཤེས་བརྗོད་དོ། །ཤེས་བྱ་དེ་དག་ནི་དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་དུ་གཟིགས་ལ། ཤེས་པ་ཡང་ཤེས་བྱའི་ཇི་ལྟ་བ་དེ་ལས་མི་འདའ་བས་ཕྱིན་ཅི་མ་ལོག་པ་ཡིན་ཞིང་། ཇི་ལྟ་བའི་སྒྲའི་དོན་ནི་སྔོན་ཇི་ལྟ་བ་བཞིན་དུ་བར་དང་ཐ་མར་ཡང་དེ་ལྟ་བུ་ཡིན་ཏེ། ཇི་དང་གང་དང་གང་ཅི་རྣམས་དོན་གཅིག་སྟེ། རྣམ་པ་བརྗོད་པའི་ཚིག་གོ །དཔེར་ན་སྔོན་ནས་ཐོགས་རྡུགས་མེད་པ་དེ་བཞིན་དུ་ཕྱིས་ཀྱང་ཐོགས་རྡུགས་མེད་ཅེས་པ་ལྟ་བུའོ། །ཇི་ལྟ་བ་ནི་དོན་དམ་པའི་བདེན་པ་ཡིན་པས་དེ་ལ་རྣམ་པ་གཅིག་དང་མང་པོར་བྱར་མེད་དོ། །བཅུ་བཞི་པ་ནི། རིགས་ཀྱི་བུ་བྱང་ཆུབ་ནི་རྣམ་པ་ལ་འཇུག་པས་རྣམ་པ་མེད་པ་ལ་ཞུགས་པའོ། །དེ་ལ་རྣམ་པ་ནི་གང་། རྣམ་པ་མེད་པ་ནི་གང་ཞེ་ན། རྣམ་པ་ཞེས་བྱ་བ་ནི་དགེ་བའི་ཆོས་རྩོམ་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པའོ། །རྣམ་པ་ཞེས་བྱ་བ་ནི་གནས་པ་མེད་པའི་སེམས་ཀྱི་གནས་སོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྣམ་

(༦༡༤)པར་ཐར་བའི་སྒོའོ། །རྣམ་པ་ཞེས་བྱ་བ་ནི་ཆོས་རྣམས་ལ་སེམས་པ་དང་། འཇལ་བ་དང་། བགྲང་བ་དང་། སོ་སོར་རྟོག་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་འཇལ་བ་ལས་ཤིན་དུ་འདས་པའོ། །འཇལ་བ་ལས་ཤིན་དུ་འདས་པ་གང་ཞེ་ན། གང་ལ་རྣམ་པར་ཤེས་པའི་ལས་མེད་པའོ། །རྣམ་པ་ཞེས་བྱ་བ་ནི་འདུས་བྱས་ལ་སོ་སོར་རྟོག་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་མངོན་སུམ་དུ་བྱེད་པའོ། །རྣམ་པ་དང་རྣམ་པ་མེད་པ་ལ་འཇུག་པ་འདི་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། སྤྱིའི་དོན་ནི་ཉན་ཐོས་རྣམས་ཀྱིས་ཉོན་མོངས་པ་ཟག་པར་བྱས་ནས་སྤོང་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་རྟོག་པ་ཟག་པར་བརྩིས་ནས་སྤོང་ཞིང་། འཁོར་ལོ་གསུམ་པ་འདིར་ནི་བག་ཆགས་དང་ཡུལ་གྱི་རྐྱེན་གྱིས་བྱུང་བའི་རྣམ་པ་རྣམས་ལ་ཉོན་མོངས་པའི་གོ་བར་བྱས་ནས་སྤོང་སྟེ། དེ་དག་གིས་འོད་གསལ་བའི་སྙིང་པོ་ལ་སྒྲིབ་པའི་ཕྱིར་རོ། །མཚན་མ་མེད་པའི་རྣལ་འབྱོར་གྱིས་བྱང་ཆུབ་ཀྱི་རྒྱུ་བྱེད་པར་མ་ཟད་མཚན་མ་དང་བཅས་པའི་དགེ་བའི་ཕྱོགས་ཀྱིས་ཀྱང་བརྒྱུད་པའི་རྒྱུ་བྱེད་དེ། དེ་ལ་ཞུགས་པས་མཚན་མེད་རྟོགས་པར་འགྱུར་བའི་ཕྱིར་རོ། །དགེ་བ་ནི་འདོད་པའི་ཁམས་ཀྱི་བསོད་ནམས་སོ། །ཆོས་ཐམས་ཅད་མི་དམིགས་པའི་མཉམ་གཞག་ནི་བཤད་པའི་རྣམ་པ་གཉིས་པོ་དེ་མེད་པའོ། །གནས་པ་མེད་པའི་སེམས་ཀྱི་གནས་

(༦༡༥)ཤེས་བྱ་བ་འདི་ནི་ཡེ་ཤེས་སྣང་བ་རྒྱན་གྱི་མདོར་སེམས་མི་གནས་པའི་གནས་སྐབས་སོ་ཞེས་འབྱུང་སྟེ། མཉམ་པར་མ་གཞག་པའི་སེམས་སོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་རྒྱུ་ངོ་བོ་ཉིད་མེད་པར་རྟོགས་པས་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་རྣམ་པར་ཐར་བའི་སྒོ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །རྣམ་པ་ཞེས་བྱ་བ་ནི་ཆོས་མདོ་ལ་སོགས་པ་རྣམས་ལ་ཞི་གནས་ཀྱིས་སེམ་པ་དང་། ལྷག་མཐོང་གི་ཕྱོགས་ཀྱི་ཚད་མས་ངོ་བོ་འཇལ་བ་དང་། ཡི་གེ་སོ་སོར་བགྲང་བ་དང་། དོན་ལ་སོ་སོར་རྟོག་པ་སྟེ་རྟོག་པ་དང་བཅས་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་འཇལ་བ་རྟོག་བཅས་དེ་ལས་ཤིན་དུ་འདས་ཏེ་དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པའོ། །འཇལ་བ་ལས་ཤིན་དུ་འདས་པ་གང་ཞེ་ན། གང་ལ་རྣམ་པཐངཤེས་པའི་ལས་མེད་པའོ། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ནི་ཡུལ་སོ་སོར་ཤེས་པས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་བྱ་ལ། དེའི་ལས་ནི་རྣམ་པར་ཤེས་པ་དེས་དྲངས་པའི་རྟོག་པས་ངོ་བོ་དང་ཁྱད་པར་སོགས་ངེས་པར་འབྱེད་པའོ། །རྣམ་པ་ཞེས་བྱ་བ་ནི་འདུས་བྱས་ཀུན་རྫོབ་ལ་སོ་སོར་རྟོག་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་དོན་དམ་པ་མངོན་སུམ་དུ་བྱེད་པའོ། །དེ་ཡང་རྣམ་པ་དང་པོ་གཉིས་ནི་དབང་པོའི་ཤེས་པའི་རྣམ་པས་རྣམ་པ་དང་བཅས་པ་ཡིན་ལ། ཕྱི་མ་གཉིས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པས་རྣམ་པ་དང་བཅས་པ་སྟེ། རྣམ་བཅས་འདི་རྣམས་ཀྱིས་རྣམ་མེད་རྣམས་སོ་སོར་སྐྱེད་པར་བྱེད་དོ། །བཅོ་ལྔ་པ་ནི། རིགས་

(༦༡༦)ཀྱི་བུ་བྱང་ཆུབ་ནི་ཟག་པ་མེད་པ་དང་ཉེ་བར་ལེན་པ་མེད་པའོ། །དེ་ལ་ཟག་པ་མེད་པ་ནི་གང་། ཉེ་བར་ལེན་པ་མེད་པ་ནི་གང་ཞེ་ན། ཟག་པ་མེད་པ་ཞེས་བྱ་བ་ནི་ཟག་པ་བཞི་དང་བྲལ་བའི་ཕྱིར་ཏེ། འདི་ལྟ་སྟེ། འདོད་པའི་ཟག་པ་དང་བྲལ་བ་དང་། སྲིད་པའི་ཟག་པ་དང་བྲལ་བ་དང་། མ་རིག་པའི་ཟག་པ་དང་བྲལ་བ་དང་། ལྟ་བའི་ཟག་པ་དང་བྲལ་བའི་ཕྱིར་རོ། །ཉེ་བར་ལེན་པ་མེད་པ་ཞེས་བྱ་བ་ནི་ཉེ་བར་ལེན་པ་བཞི་དང་བྲལ་བའི་ཕྱིར་ཏེ། འདི་ལྟར་འདོད་པའི་ཉེ་བར་ལེན་པ་དང་བྲལ་བ་དང་། ལྟ་བའི་ཉེ་བར་ལེན་པ་དང་བྲལ་བ་དང་། བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་དང་བྲལ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཉེ་བར་ལེན་པ་དང་བྲལ་བའི་ཕྱིར་རོ། །དེ་ལ་ཉེ་བར་ལེན་པ་བཞི་པོ་འདི་དག་ཐམས་ཅད་ཀྱང་མ་རིག་པས་མུན་པར་བྱས་ཤིང་སྲེད་པས་བསྙེན་ཏེ། བདག་གོ་སྙམ་དུ་མངོན་པར་ཞེན་པས་ཉེ་བར་ལེན་པ་དག་གོ །དེ་ལ་དེ་བཞིན་གཤེགས་པས་བདག་ཉེ་བར་ལེན་པའི་རྩ་བ་ཡོངས་སུ་ཤེས་ནས་བདག་རྣམ་པར་དག་པས་སེམས་ཅན་རྣམ་པར་དག་པར་རྟོགས་སོ། །བདག་རྣམ་པར་དག་པ་ཡིན་པ་དང་སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་དེ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །གཉིས་སུ་མེད་པའི་དོན་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཡིན་ནོ། །སྐྱེ་བ་དང་འགག་པ་མེད་པ་ལ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས་མི་

(༦༡༧)འཇུག་གོ །གང་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ཡོངས་སུ་རྟོག་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བའི་ཡོངས་སུ་རྟོག་པ་གང་ཡང་མེད་དོ། །དེར་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པས་མ་རིག་པ་ཀུན་ནས་མ་སློང་ངོ་། །གང་མ་རིག་པ་ཀུན་ནས་མི་ལྡང་བ་དེ་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་མ་ལྡང་ངོ་། །གང་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་མི་ལྡང་བ་དེ་མི་སྐྱེའོ། །གང་མི་སྐྱེ་བ་དེ་ངེས་པར་གྱུར་བའོ། །གང་ངེས་པར་གྱུར་བ་དེ་ངེས་པའི་དོན་ཏོ། །ངེས་པའི་དོན་གང་ཡིན་པ་དེ་དོན་དམ་པའོ། །དོན་དམ་པ་གང་ཡིན་པ་དེ་གང་ཟག་མེད་པའི་དོན་ཏོ། །གང་ཟག་མེད་པའི་དོན་གང་ཡིན་པ་དེ་བརྗོད་དུ་མེད་པའི་དོན་ཏོ། །བརྗོད་དུ་མེད་པའི་དོན་གང་ཡིན་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གང་ཡིན་པ་དེ་ཆོས་ཀྱི་དོན་ཏོ། །ཆོས་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་ཉིད་ཀྱི་དོན་ཏོ། །དེ་བཞིན་ཉིད་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་དོན་ཏོ། །དེས་ན་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་བྱ་སྟེ། ཇི་ལྟར་དེ་བཞིན་ཉིད་ཀྱིས་ཡོངས་སུ་བཙལ་ན་ཅི་ཡང་མི་མཐོང་བ་དེ་ལྟར་མཐོང་ངོ་། །དེ་ལ་ཅི་ཡང་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་མ་དང་དམིགས་པའོ། །དེས་གང་གི་ཚེ་སེམས་མེད་པ་དང་། དམིགས་པ་མེད་པར་མཐོང་བ་དེའི་ཚེ་ཡང་དག་པ་མཐོང་ངོ་། །

(༦༡༨)དེ་ལྟར་དེ་བཞིན་གཤེགས་པས་ཆོས་དེ་དག་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཟག་པ་མེད་པ་དང་ཉེ་བར་ལེན་པ་མེད་པ་འདི་ཡང་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ལ། རིགས་ཀྱི་བུ་ཞེས་བྱ་བ་ནས། བདག་གོ་སྙམ་དུ་མངོན་པར་ཞེན་པས་ཉེ་བར་ལེན་པ་དག་གོ །ཞེས་བྱ་བའི་བར་ནི་ཟག་པ་དང་ཉེ་བར་ལེན་པ་གང་ཡིན་པ་བཤད་པའོ། །དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནས། ཆོས་དེ་དག་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བའི་བར་གྱིས་ནི་ཟག་པ་དང་ཉེ་བར་ལེན་པ་མེད་པ་འཆད་པ་ཡིན་ཏེ། ཡོངས་སུ་རྟོག་པ་གང་ཡང་མེད་དོ། །ཞེས་བྱ་བའི་བར་གྱིས་འགོག་པའི་བདེན་པ་བསྟན་ཏོ། །དེར་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པས་ཤེས་བྱ་བ་དང་། དེས་ན་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །ཞེས་བྱ་བ་ནས། མངོན་པར་རྫོགས་པར་སངས་རྒྱས་སོའི་བར་གྱིས་ལམ་གྱི་བདེན་པ་བསྟན་ལ། ལྷག་མས་ནི་འགོག་པའི་བདེན་པ་བསྟན་ཏོ། །འདོད་པའི་ཟག་པ་ནི་འདོད་པའི་ཁམས་ཀྱིས་བསྡུས་པའི་ཉོན་མོངས་སོ། །སྲིད་པའི་ཟག་པ་ནི་ཁམས་གོང་མ་གཉིས་ཀྱིས་བསྡུས་པའི་ཉོན་མོངས་ཏེ། དེ་གཉིས་ནི་ལྟ་བ་དང་མི་རིག་པ་ལས་གཞན་པ་དག་གོ །ལྟ་བ་དང་མ་རིག་པའི་ཟག་པ་ནི་ཇི་ལྟར་སྲིད་པས་ལྟ་བ་ལྔ་དང་བདག་ཏུ་

(༦༡༩)རྨོངས་པའི་མ་རིག་པ་སྟེ་ཁམས་གསུམ་ཆར་ནའོ། །འདོད་པ་ཉེ་བར་ལེན་པ་ནི་ལྟ་བ་དང་མ་རིག་པ་ལས་གཞན་པའི་འདོད་པའི་ཉོན་མོངས་མཐའ་དག་སྟེ། དེ་ཡང་ལས་ཀྱི་ཉེར་རྒྱུ་བྱེད་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ནི་ལམ་ངན་པ་ལ་ཡང་དག་པར་ལྟ་བ་སྟེ། འདོད་པའི་ཁམས་ཁོ་ན་ནའོ། །ལྟ་བ་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ནི་ཁམས་གསུམ་ག་ན་སྟེ་ཁམས་གོང་མའི་ཉོན་མོངས་རྣམས་ཀྱང་དེར་གཏོགས་སོ། །བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བྱ་བ་ནི་སྨྲ་བའི་སྒྲས་ལྟ་བ་དེ་ལ་སྨད་པ་སྟེ། སྨྲ་བ་ཙམ་ཡིན་གྱི་ཡོངས་སུ་བརྟགས་པ་ལས་བྱུང་བ་མ་ཡིན་ཞེས་པའོ། །དེ་ལ་ཉེ་བར་ལེན་པ་བཞི་པོ་འདི་དག་ཐམས་ཅད་ཀྱང་མ་རིག་པས་མུན་པར་བྱས་ཤིང་སྲེད་པས་བསྙེན་ཏེ། ཞེས་པ་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡང་རང་གི་རིགས་འདྲ་སྔ་མ་ལས་བྱུང་ལ། གཞན་གསུམ་པོ་རྒྱུ་མ་རིག་པ་ལས་བྱུང་ཞིང་དེའི་སྟོབས་ཀྱིས་རང་གི་ངོ་བོ་མུན་པར་བྱས་ཏེ་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཁོ་ན་ཡིན་ལ། དེ་དག་ཀྱང་རྣམ་པ་ཐམས་ཅད་དུ་ཉེར་ལེན་དུ་འགྱུར་བ་མ་ཡིན་གྱི། སྲེད་པས་བསྙེན་པ་སྟེ་ཡང་སྲིད་པ་ལ་སྲེད་པས་ཉེ་ཞིང་མཐུན་པར་བྱས་ན་ཉེ་བར་ལེན་པར་འགྱུར་བ་ཡིན་ནོ། །དེས་ན་ཐམས་ཅད་བདག་གོ་སྙམ་དུ་མངོན་པར་ཞེན་པས་རྒྱུ་བྱས་པས་ཉེ་བར་ལེན་པ་དག་ཏུ་འགྱུར་རོ། །ཟག་པ་དང་ཉེར་ལེན་མེད་པ་བྱང་ཆུབ་བོ་ཞེས་བཤད་པ་དེ་ལ། མེད་པ་ནི་མེད་པ་ཙམ་དང་། གཞན་པ་མ་ཡིན་གྱི་འགལ་

(༦༢༠)བ་མི་མཐུན་ཕྱོགས་སུ་གྱུར་བ་སྟེ། འདི་ལྟར་བདག་ཅེས་པ་ནི་བདག་ཏུ་ལྟ་བ་ཉིད་ཀྱི་མིང་སྟེ། ཉེ་བར་ལེན་པ་ཀུན་གྱི་རྩ་བ་ཡིན་པར་ཡོངས་སུ་ཤེས་ཏེ་བདག་ཏུ་ལྟ་བ་སྤངས་པས་ཉེ་བར་ལེན་པ་འགག་པར་ཡང་མཁྱེན་ཞིང་། བདག་ཏུ་ལྟ་བ་ཡང་ངོ་བོ་ཉིད་མེད་ཅིང་འོད་གསལ་དུ་རྣམ་པར་དག་པས་སེམས་ཅན་རྣམ་པར་དག་པར་རྟོགས་ཏེ། ཡུལ་ཅན་བདག་ཏུ་ལྟ་བ་དང་ཡུལ་སེམས་ཅན་དག་གི་རྣམ་པར་དག་པ་དེ་གཉིས་རང་གི་ངོ་བོ་གཉིས་སུ་མེད་ཅིང་བློ་མ་འཁྲུལ་བས་ཀྱང་གཉིས་སུ་བྱར་མེད་པ་ཡིན་པའི་ཕྱིར་རོ། །གཉིས་སུ་མེད་པའི་སྒྲའི་དོན་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་དང་དང་འགག་པ་མེད་པ་ཡིན་ལ། དེ་ནི་དོན་དམ་པ་ཆོས་ཀྱི་སྐུ་ཡིན་པས་དེ་ལ་ཀུན་གཞི་ལ་སོགས་པའི་ཤེས་པ་གསུམ་མི་འཇུག་གོ །འདིར་ངེས་པར་གྱུར་བ་ལ་ཡེ་ཤེས་སྣང་བ་རྒྱན་གྱི་མདོར་སྐྱོན་མེད་པར་བཤད་དེ། འདི་ཐམས་ཅད་ནི་ཆོས་དཀོན་མཆོག་གི་སྐབས་སུ་བཤད་ཟིན་ཏོ། །བཅུ་དྲུག་པ་ནི། རིགས་ཀྱི་བུ་བྱང་ཆུབ་ནི་དག་པ་དང་དྲི་མ་མེད་པ་དང་ཉོན་མོངས་པ་མེད་པའོ། །དེ་ལ་དག་པ་ནི་གང་། དྲི་མ་མེད་པ་ནི་གང་། ཉོན་མོངས་པ་མེད་པ་ནི་གང་ཞེ་ན། སྟོང་པ་ཉིད་ནི་དག་པའོ། །མཚན་མ་མེད་པ་ནི་དྲི་མ་མེད་པའོ། །སྨོན་པ་མེད་པ་ནི་ཉོན་མོངས་པ་མེད་པའོ། །སྐྱེ་བ་མེད་པ་ནི་དག་པའོ། །མངོན་པར་འདུ་བྱེད་པ་མེད་པ་ནི་དྲི་མ་མེད་པའོ། །འབྱུང་བ་མེད་པ་ནི་ཉོན་མོངས་པ་མེད་པའོ། །རང་བཞིན་ནི་དག་པའོ། །ཡོངས་སུ་དག་པ་ནི་དྲི་མ་མེད་པའོ། །འོད་གསལ་བ་མེད་པ་ནི་ཉོན་མོངས་པ་མེད་པའོ། །

(༦༢༡)སྤྲོས་པ་མེད་པ་ནི་དག་པའོ། །མ་སྤྲོས་པ་ནི་དྲི་མ་མེད་པའོ། །སྤྲོས་པ་ཉེ་བར་ཞི་བ་ནི་ཉོན་མོངས་པ་མེད་པའོ། །དེ་བཞིན་ཉིད་ནི་དག་པའོ། །ཆོས་ཀྱི་དབྱིངས་ནི་དྲི་མ་མེད་པའོ། །ཡང་དག་པའི་མཐའ་ནི་ཉོན་མོངས་པ་མེད་པའོ། །སྐབས་འབྱེད་པ་ནི་དག་པའོ། །ནམ་མཁའ་ནི་དྲི་མ་མེད་པའོ། །ནམ་མཁའ་ནི་ཉོན་མོངས་པ་མེད་པའོ། །ནང་ཡོངས་སུ་ཤེས་པ་ནི་དག་པའོ། །ཕྱི་རོལ་དུ་མི་རྒྱུ་བ་ནི་དྲི་མ་མེད་པའོ། །ནང་དང་ཕྱི་མི་དམིགས་པ་ནི་ཉོན་མོངས་པ་མེད་པའི། །ཕུང་པོ་ཡོངས་སུ་ཤེས་པ་ནི་དག་པའོ། ཁམས་ཀྱི་ངོ་བོ་ཉིད་ནི་དྲི་མ་མེད་པའོ། །སྐྱེ་མཆེད་འདོར་བ་ནི་ཉོན་མོངས་པ་མེད་པའོ། །འདས་པ་ལ་ཟད་།།།པ་ཤེས་པ་ནི་དག་པའོ། །མ་འོངས་པ་ལ་མི་སྐྱེ་བར་ཤེས་པ་ནི་དྲི་མ་མེད་པའོ། །ད་ལྟར་བྱུང་བ་ལ་ཆོས་ཀྱི་དབྱིངས་གནས་པར་ཤེས་པ་ནི་ཉོན་མོངས་པ་མེད་པའོ། །དེ་ལྟར་ན་དག་པ་དང་། དྲི་མ་མེད་པ་དང་། ཉོན་མོངས་པ་མེད་པ་ནི་འདི་ལྟ་སྟེ། ཞི་བའི་གནས་ནི་གནས་གཅིག་ཏུ་ཡང་དག་པར་འདུའོ། །ཞི་བ་གང་ཡིན་པ་དེ་རབ་ཏུ་ཞི་བའོ། །རབ་ཏུ་ཞི་བ་གང་ཡིན་པ་དེ་ཉེ་བར་ཞི་བའོ། །ཉེ་བར་ཞི་བ་གང་ཡིན་པ་དེ་ཉེ་བར་ཞི་བར་བྱེད་པས་མཚན་མ་མེད་པ་ཞེས་བྱའོ། །མཚན་མ་མེད་པ་གང་ཡིན་པ་དེ་ཉེ་བར་ཞི་བའོ། །ཉེ་བར་ཞི་བ་གང་ཡིན་པ་དེ་བློ་གྲོས་ཤེས་བྱའོ། །རིགས་ཀྱི་བུ་དེ་ལྟར་ན་ནམ་མཁའ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ནོ། །བྱང་ཆུབ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །ཆོས་རྣམས་ཇི་ལྟ་བར་

(༦༢༢)སེམས་ཅན་རྣམས་ཀྱང་དེ་བཞིན་ནོ། །སེམས་ཅན་རྣམས་ཇི་ལྟ་བར་ཞིང་རྣམས་ཀྱང་དེ་བཞིན་ནོ། །ཞིང་རྣམས་ཇི་ལྟ་བར་མྱ་ངན་ལས་འདས་པ་ཡང་དེ་བཞིན་ནོ། །དེས་ན་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་དང་མཉམ་པ་ཞེས་བྱ་སྟེ། མཐར་ཕྱིན་ཞིང་མུར་ཐུག་པའི་ཕྱིར་གཉེན་པོ་མེད་པའོ། །གཉེན་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་གཟོད་མ་ནས་དག་པ། གཟོད་མ་ནས་ཉོན་མོངས་པ་མེད་པའོ། །དེ་ལ་དེ་བཞིན་གཤེགས་པས་དེ་ལྟ་བུའི་ཚུལ་དང་མཐུན་པར་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མ་དག་པ་དང་། དྲི་མ་མེད་པ་མ་ཡིན་པ་དང་། ཉོན་མོངས་པ་དང་བཅས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་གཟིགས་ནས་སེམས་ཅན་ཐམས་ཅད་ལ་རྣམ་པར་རོལ་བ་ཞེས་བྱ་བའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་བྱ་བ་ནི་ཀུན་ལས་བཏུས་ལས། སྤང་བར་བྱ་བའི་རིས་ནི་གཉིས་ཏེ། མཐོང་བས་སྤང་བར་བྱ་བ་དང་སྒོམ་པས་སྤང་བར་བྱ་བའོ། །ཞེས་སྤང་བར་བྱ་བ་ཐམས་ཅད་དེ་གཉིས་སུ་ཟད་པར་གསུངས་ཏེ། འདིར་བྱང་ཆུབ་བཅུ་དྲུག་པོ་སོ་སོའི་དྲི་མ་དང་བྲལ་བས་ནི་བདེན་པ་ཤེས་པའི་མི་མཐུན་ཕྱོགས་དང་བྲལ་བའི་ཕྱིར་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པར་བསྟན་ཏོ། །བཅུ་དྲུག་པའི་རང་གི་ངོ་བོ་ནི་དག་པ་སོགས་གསུམ་སྟེ། ཉོན་མོངས་པའི་སྒྲིབ་པས་དག །ཤེས་བྱའི་སྒྲིབ་པའི་དྲི་མ་མེད། དེ་གཉིས་གང་ཡང་རུང་བའི་ཉོན་མོངས་སམ་སྐྱོན་མེད་པའོ། །ལྷག་མ་ནི་ཆོས་ཚན་དགུ་ཡོད་དེ་དེ་ནི་སྒོམ་པའི་ལམ་རྣམ་པ་དགུའི་དྲི་མས་དག་པ་ཡིན་པས་

(༦༢༣)བྱང་བའི་ཕྱོགས་དང་། དྲི་མ་མེད་པ་ཉིད་ཀྱིས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ཕྱིར་།།།ཆུབ་པའི་ཕྱོགས་བསྟན་པ་ཡིན་ནོ། །དེ་ལྟར་ན་དག་པ་དང་དྲི་མ་མེད་པ་དང་ཉོན་མོངས་པ་མེད་པ་ནི་འདི་ལྟ་སྟེ་ཞི་བའི་གནས་ནི་གནས་གཅིག་ཏུ་ཡང་དག་པར་འདུའོ། །ཞེས་བྱ་བ་ནི་དེ་ལྟར་དག་པ་སོགས་གསུམ་པོ་རྣམ་གྲངས་དགུའམ་ཉི་ཤུ་རྩ་བདུན་དུ་ཕྱེ་ཡང་དེ་ཐམས་ཅད་གནས་སམ་གཞི་གཅིག་ལ་འདུ་སྟེ། གཞི་གཅིག་པོ་ནི་ཞི་བའི་གནས་སུ་འདུ་བ་ཡིན་ལ། ཞི་བ་ཞེས་པ་ཡང་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་གཉི་གར་འགོག་པའི་བདེན་པའི་མིང་དུ་གྲགས་སོ། །དེ་ཡང་། ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་བྱ་བས་ཆོས་ཀྱི་སྐུའོ། །འདིར་ཞི་བ་དང་རབ་ཏུ་ཞི་བ་དང་ཉེ་བར་ཞི་བ་དང་མཚན་མ་མེད་པ་དང་ཡང་ཉེ་བར་ཞི་བ་དང་བློ་གྲོས་ཏེ་དེ་དག་ཀྱང་ཞི་བ་དང་ཉེ་བར་ཞི་བར་བྱང་ཆུབ་པའི་སྐབས་སུ་དབང་ཡུལ་དྲུག་ཞི་བ་ལ་བཤད་པའི་ཕྱིར་ཞི་བར་བྱ་བའི་མཚན་མ་དྲུག་གི་དབྱེ་བས་དོན་གཅིག་ལ་མིང་གི་རྣམ་གྲངས་དྲུག་གོ །འདིར་བློ་གྲོས་ཤེས་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོར་ཐུབ་པ་ཞེས་འབྱུང་སྟེ། མ་ཏི་དང་མུ་ནི་ལ་ཡི་གེ་གཅིག་ཏུ་འཁྲུལ་བ་ཡོད་པས་ཡིན་ནམ་སྙམ་མོ། །རྣམ་ཐར་སྒོ་གསུམ་ལ་སོགས་པའི་དགུ་ཚན་གསུམ་པོ་ཐམས་ཅད་ཁྱད་པར་མེད་པར་བཤད་ན་འགོག་པ་གཅིག་པུའི་མིང་ཡིན་པར་གསུངས་པ་ཡིན་ལ། རྟོག་པའི་བཟོ་བོས་ནི་འདི་ལྟ་བུའི་རི་མོ་བྲི་བར་བྱ་སྟེ། དགུ་པོ་དེ་དག་རིམ་པ་བཞིན་དུ་ས་གཉིས་པ་ལ་སོགས་པ་ས་དགུའི་རྣམ་གྲོལ་ལམ་གྱི་

(༦༢༤)ཐོབ་པར་བྱ་བའི་འགོག་པ་ཡིན་ཏེ། དེ་ཡང་ས་གཉིས་པར་དོན་དམ་པའི་ཚུལ་ཁྲིམས་དག་ཅིང་དེའི་མི་མཐུན་ཕྱོགས་ཚུལ་ཁྲིམས་ལ་བདེན་པར་མངོན་པར་ཞེན་པ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་བ་གསུམ་མོ། །གསུམ་པར་ཡང་དོན་དམ་པའི་ཆོས་ལ་བཟོད་པའི་ཕྱིར་ཡང་སྲིད་འབྱུང་བ་དང་དེའི་རྒྱུ་ལས་མངོན་པར་འདུ་བྱེད་པ་དང་། དེའི་རྒྱུ་རྟོག་པ་ཀུན་དུ་འབྱུང་བ་དག་ཉེ་བར་ཞི་བའི་ཕྱིར་རོ། །བཞི་པར་ནི་སྙིང་པོའི་གསེར་རང་བཞིན་གྱིས་དག་པ་གཉེན་པོས་སྦྱངས་པས་དྲི་མ་མེད་ཅིང་ཆེས་འོད་འཕྲོ་བའོ། །ལྔ་པར་ནི་རིག་པ་དང་བཟོ་གནས་ལ་སོགས་པ་སྣ་ཚོགས་ལ་འཇུག་ཀྱང་སྤྲོས་པའི་ཉོན་མོངས་རྒྱལ་བར་དཀའ་བ་ལས་རྒྱལ་བའི་ཕྱིར་ཏེ། ཆོས་དབྱིངས་བསྟོད་པར། རིག་དང་རྒྱུ་རྩལ་བཟོ་གནས་ཀུན། །བསམ་གཏན་རྣམ་པ་སྣ་ཚོགས་ཀུན། །ཉོན་མོངས་ཤིན་དུ་སྦྱང་དཀའ་ལས། །རྣམ་པར་རྒྱལ་བས་སྦྱང་དཀར་འདོད། །ཅེས་གསུངས་སོ། །དྲུག་པར་ནི་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ལ་ཞུགས་པའི་ཤེས་རབ་ཀྱིས་འགོག་པའི་སྙོམས་པར་འཇུག་པས་ཡང་དག་པའི་མཐའ་རྟོགས་པའི་ཕྱིར་རོ། །བདུན་པར་ནི་མཚན་མའི་སྒྲིབ་པ་མེད་པའི་ཕྱིར་སྟོང་པ་ཉིད་ལ་རྩོལ་བ་ཙམ་གྱིས་མྱུར་དུ་གོ་སྐབས་འབྱེད་པའི་ཕྱིར་སྐད་ཅིག་མའི་ཕྲེང་བས་སྟོང་པ་ཉིད་ཀྱི་ནམ་མཁའ་ལ་རིང་དུ་འགྲོ་བའི་ཕྱིར་རོ། །བརྒྱད་པར་ནང་ནི་མྱ་ངན་ལས་འདས་པ་དང་ཕྱི་ནི་འཁོར་བ་སྟེ། དེ་གཉིས་སུ་མི་རྒྱུ་བར་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །དགུ་པར་ཕུང་པོ་ལ་མཁས་པ་ལ་སོགས་པས་སོ་སོ་ཡང་དག་རིག་པའི་སྟོབས་ཀྱིས་ཆོས་སྟོན་པའི་

(༦༢༥)ཕྱིར་རོ། །བཅུ་པར་སྒོམ་པའི་ལམ་གྱི་མཐར་ཐུག་པས་རྣམ་པར་གྲོལ་བའི་ལམ་དུ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་བཅུ་དྲུག་པོ་ཕུང་པོ་ལ་སོགས་པའི་དངོས་པོ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་ཅིང་། གདོད་ནས་ཟད་པའི་དེ་ཁོ་ན་ཉིད་ཀྱི་ཆས་འཇོག་པས་སེམས་ཅན་དང་ཞིང་དང་ཆོས་ཐམས་ཅད་དང་མྱ་ངན་ལས་འདས་པ་ལ་སོགས་པ་རྣམས་བྱང་ཆུབ་ཀྱི་གནས་འདིར་རོ་གཅིག་ཅིང་ཁྱད་པར་མེད་དོ། །དེ་ལ་དེ་བཞིན་གཤེགས་པས་ཤེས་བྱ་བ་ལ་སོགས་པ་རྣམས་ནི་སངས་རྒྱས་དཀོན་མཆོག་གི་སྐབས་སུ་བཤད་ཟིན་ཏོ། །བོ་དྷི་ཞེས་བྱ་བ་སྐྱོན་དག་ཅིང་བྱང་བ་ལ་ཡང་བྱ། ཡང་བོ་དྷི་ཉིད་ཆོས་ཁོང་དུ་ཆུད་པའི་ཆུབ་པ་ཉིད་ལ་ཡང་བྱ་བར་སྔོན་གྱི་མཁན་པོ་དག་གིས་བཤད་དེ། རྗེ་བཙུན་གྱིས་ཀྱང་དེ་ཁོ་ན་བཞིན་དུ་གསུངས་ཏེ། མདོ་འདིར་བྱང་ཆུབ་སྟོན་པ་ན་བྱང་ཆུབ་དང་པོ་དང་གཉིས་པ་ནི་ཕུང་པོ་དང་སྐྱེ་མཆེད་དག་པ་ལ་སྦྱར་བའི་ཕྱིར་བྱང་བ་གཙོ་བོར་གསུངས་ལ། འོད་གསལ་བ་དང་བླང་དོར་དུ་མི་བྱེད་པ་གཉིས་ཀྱིས་ནི་ཆུབ་པ་གཙོ་བོར་བཤད་དེ། ལྷག་མ་རྣམས་ལ་ཡང་ཇི་ལྟར་རིགས་རིགས་སུ་བལྟ་བར་བྱའོ། །དེ་ཡང་སྙིང་པོ་ནི་སྤྲོས་པ་དང་མཚན་མ་མཐའ་དག་དང་བྲལ་བའི་ཆ་ནས་ནི་བྱང་བ་ཡིན་ལ། རིག་ཁམས་ཀྱི་ཆས་ཆུབ་པ་ཡིན་ཏེ། ཤེས་བྱ་ཇི་ལྟ་གནས་པ་ལ་འཁྲུལ་རྟོག་ཟད་པའི་ཚེ་བྱང་ཆུབ་ཐོབ་པ་ཡིན་ཞིང་། འཁྲུལ་རྟོག་ཀྱང་ཤེས་རབ་ཀྱིས་སེལ་བར་བྱེད་པས་ཕན་ཡོན་གྱི་སྐབས་སུ་ཤེས་རབ་ཉིད་ལ་བསྔགས་ལ། ཤེས་རབ་དེ་ཡང་གཞུང་གི་ཆས་

(༦༢༦)སྟོན་པ་ནི་བྱང་ཆུབ་སྟོན་པའི་གཞུང་རྣམས་ཀྱིས་ལེགས་པར་བསྟན་ཏོ་སྙམ་དུ་ཡིད་ལ་བྱས་ནས་མོད་ལས་འབྱུང་བའི་བྱང་ཆུབ་བཅུ་དྲུག་པོ་བཤད་པ་ཡིན་ནོ། །གནས་གསུམ་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ཏེ། ཡན་ལག་གི་སྒྲ་ནི་རྒྱ་མཚོར་འཇུག་པའི་ཡན་ལག་ཅེས་བྱ་བ་ལྟར་རྒྱུའི་དོན་ལ་ཡང་མཐོང་ངོ་། །ཕྱེ་མ་ཡན་ལག་ལྔ་པ་ལྟར་ཆ་ཤས་ཀྱི་དོན་ལ་ཡང་མཐོང་ངོ་། །འདིར་ནི་སྟོབས་ལ་སོགས་པ་བྱང་ཆུབ་ཉིད་ཆར་ཕྱེ་ནས་རྣམ་པར་གཞག་པའི་ཕྱིར་ཆ་ཤས་ཀྱི་དོན་ཏོ། །ཆ་ཤས་སུ་བྱས་ཕྱེ་ནས་ཐ་དད་དུ་བྱས་པ་ཡང་ལྡོག་པས་བྱས་པའི་ཐ་དད་པ་ཡིན་གྱི། དངོས་པོ་ཐ་དད་པ་ནི་མ་ཡིན་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཉིད་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་ཡང་མཁྱེན་པའི་ཕྱིར་རོ། །དེ་ལྟར་ཡིན་པ་དེའི་ཕྱིར་གསུམ་པ་བྱང་ཆུབ་ཀྱི་ཡན་ལག་གི་གནས་སོ་ཞེས་བྱ་བ་ནི་ཐ་སྙད་སྒྲུབ་བའོ། །གནས་བཞི་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་གཞན་གྱི་དོན་གྱི་བར་དུ་ཆོས་གཞན་གྱིས་མཆོད་དེ་རྣམས་ཉིད་ཀྱིས་གཞན་དག་རྟོགས་པའི་བྱ་བ་བྱེད་པའི་ཕྱིར་བྱེད་པ་མཆོག་ཡིན་ནོ། །བཞི་པ་རྟོགས་པར་བྱེད་པའི་གནས་སོ་ཞེས་བྱ་བ་ནི་ཐ་སྙད་སྒྲུབ་བོ། །དེ་ལྟར་གནས་བཞི་པོ་འདི་དག་ལས་གཅིག་ཉེ་བར་ལེན་པའི་རྒྱུ་དང་གསུམ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པའི་དངོས་པོའམ་ཆོས་ཀྱིས་དཀོན་མཆོག་གསུམ་འབྱུང་བའི་རྒྱུ་རིགས་སུ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་གནས་བཞི་པོ་འདི་དག་ལས་དང་པོ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་འཇིག་རྟེན་ཟག་པ་དང་བཅས་པའི་ཆོས་རྣམས་ལས་གཡོ་ཞིང་འཕག་ལ་འདས་པའི་

(༦༢༧)ཕྱིར་རྣམ་པར་བྱང་བའི་བདེན་པ་གཉིས་ནི་འཇིག་རྟེན་ལས་འདས་པའི་ཆོས་དཀོན་མཆོག་སྟེ། དེའི་ས་བོན་ཡིན་པའི་ཕྱིར་དཀོན་མཆོག་གསུམ་གྱི་ཉེ་བར་ལེན་པའི་རྒྱུར་རྟོགས་པར་བྱ་སྟེ། འདིར་རྒྱུ་དང་རྐྱེན་ཞེས་ཐ་དད་པར་བརྗོད་པའི་ཚེ་རྒྱུའི་སྒྲས་ཐུན་མོང་མ་ཡིན་པའི་རྒྱུ་རྗོད་པར་བྱེད་པ་ཡིན་པས་ཉེ་བར་ལེན་པའི་རྒྱུར་བརྗོད་པ་ཡིན་ནོ། །དེ་ཡང་སེམས་ཅན་སོ་སོའི་ཁམས་ནི་རང་རང་གི་རྒྱུད་ལ་དཀོན་མཆོག་གསུམ་འབྱུང་བའི་རྒྱུ་ཡིན་པས་ཐུན་མོང་མ་ཡིན་པ་ཡིན་ལ། བྱང་ཆུབ་ལ་སོགས་པ་གསུམ་གྱིས་ནི་གདུལ་བྱ་ཐམས་ཅད་ལ་ཐུན་མོང་དུ་ཕན་འདོགས་པའི་ཕྱིར་ཐུན་མོང་བ་ཡིན་ནོ། །འོ་ན་ནང་གི་ཁམས་ཀྱང་ཡོད་ལྷན་ཅིག་བྱེད་པའི་བྱང་ཆུབ་ལ་སོགས་པ་གསུམ་པོ་ཡང་རྟག་ཏུ་ཡོད་པས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་བྱེད། །ཅེས་གསུངས་པས་སེམས་ཅན་ཐམས་ཅད་སྔོན་ཉིད་ནས་གྲོལ་བར་རིགས་པ་མ་ཡིན་ནམ་ཞེ་ན། ཁམས་དེ་རྒྱུ་ཙམ་ཞིག་ཏུ་གདོད་ནས་གནས་པ་ནི་བདེན་མོད་ཀྱི། འདིར་གང་ཟག་སོ་སོ་རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་དེ་ཁོ་ན་ཉིད་སྒོམ་པའི་ཤེས་རབ་ཀྱི་གནས་སམ་དམིགས་པ་ཡིན་པ་ཉིད་ཀྱིས་ཁམས་དེ་ཉོན་མོངས་པས་བསྐྱེད་པའི་འཁོར་བ་རྣམ་དག་ཅིང་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་སོན་པ་ན་དཀོན་མཆོག་དངོས་སུ་བསྐྱེད་པར་ནུས་པ་ཡིན་གྱི། བརྒྱུད་པའི་རྒྱུ་ཙམ་ཡིན་པ་ཉིད་ཀྱི་ཚེ་ནི་མ་ཚང་བ་མེད་པའི་རྒྱུར་མི་འགྱུར་རོ། །དེ་ལ་འདིར་ཚུལ་བཞིན་ཡིད་ལ་བྱེད་པ་སོགས་ནི་ཁམས་ཉིད་མ་ཡིན་གྱི། ཁམས་ཀྱི་དྲི་མ་སྦྱོང་བར་བྱེད་པའི་

(༦༢༨)ཁམས་ནི་དེའི་སྦྱང་བྱ་ཡིན་པའི་ཕྱིར་ས་བོན་དུ་གྱུར་བ་དེ་ཉིད་གོང་ནས་གོང་དུ་དྲི་མ་རགས་པ་རྣམ་པར་དག་པའི་སྐབས་སུ་རིགས་འདྲའི་རྒྱུའམ་ཉེ་བར་ལེན་པའི་རྒྱུ་ཞེས་བརྗོད་པ་ཡིན་ནོ། །ཉེ་བར་ལེན་པའི་རྒྱུ་ཞེས་བྱ་བའི་སྒྲའི་དོན་ཅི་ཡིན་ཞེ་ན། རྒྱུ་ས་བོན་གྱི་སྟེང་ན་འབྲས་བུ་དང་ཤིན་དུ་འདྲ་བའི་ཆ་ཡོད་པས་དེ་ལ་ཉེ་བར་ཞེས་བྱ་ལ། དེ་འབྲས་བུས་ལེན་ཞིང་འཛིན་པའི་ཕྱིར་འབྲས་བུ་ནི་ལེན་པ་པོ་ཡིན་ནོ། །དེ་ལྟར་ན་གནས་གཅིག་ནི་རྒྱུ་ཞེས་ཐ་སྙད་དུ་བྱས་སོ། །ཇི་ལྟར་བྱང་ཆུབ་དང་ཡོན་ཏན་དང་ཕྲིན་ལས་ཏེ་གསུམ་པོ་རྐྱེན་ཡིན་ཞེ་ན། རྐྱེན་གང་ཡིན་པ་དེ་འབྲས་བུ་ལ་དངོས་སུ་བྱ་བ་བྱེད་པ་ཉིད་མ་ཡིན་གྱི། ཉེ་བར་ལེན་པའི་རྒྱུ་དེ་ཉིད་ལ་ཕན་བཏགས་ནས་ད་འབྲས་བུ་བསྐྱེད་ནུས་སུ་བྱེད་པ་ཡིན་ནོ། །འདི་ལྟར་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་དང་པོ་ནི་རྒྱུའོ། །དེའི་རྗེས་ནས་སྟོབས་བཅུ་དང་སོགས་པ་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་དེ། སངས་རྒྱས་ཀྱི་ཆོས་སུམ་བཅུ་རྩ་གཉིས་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཕྲིན་ལས་རྣམ་པ་སུམ་བཅུ་རྩ་གཉིས་མཛད་པ་ན་སྟེ་མཛད་པའི་ཚེ་གཞན་སངས་རྒྱས་ཀྱི་སྒྲ་གསུང་རབ་ཡན་ལག་བཅུ་གཉིས་སོགས་འབྱུང་བ་ནི་ལས་དངོས་སོ། །སྒྲ་དེ་ལ་བརྟེན་ཞིང་དམིགས་ནས་བསྒོམས་པས་གདུལ་བྱ་དེ་རྣམ་པར་དག་པར་གྱུར་བ་ན་དཀོན་མཆོག་ཉིད་དུ་འགྱུར་རོ། །དེ་ལྟར་ན་སངས་རྒྱས་པའི་སྐད་ཅིག་དང་མོ་།།།ནི་རྒྱུ་སྐད་ཅིག་གཉིས་པ་ལ་སོགས་པའི་

(༦༢༩)སྟོབས་སོགས་ཀྱི་ཡོན་ཏན་རྣམས་ནི་དེའི་འབྲས་བུ། ཡོན་ཏན་རྣམས་ནི་རྒྱུ། ཆོས་ཀྱི་འཁོར་ལོའི་གསུང་རབ་ནི་འབྲས་བུ། ཆོས་ཀྱི་འཁོར་ལོ་རྒྱུ། དེ་ལ་དམིགས་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ནི་འབྲས་བུ། ཚུལ་བཞིན་ཡིད་ལ་བྱེད་པ་ནི་རྒྱུ། ཡིད་ལ་བྱེད་པ་པོའི་སེམས་རྣམ་པར་དག་པ་ནི་འབྲས་བུ་དཀོན་མཆོག་གོ །བྱང་ཆུབ་ལ་སོགས་པའི་རྒྱུ་གསུམ་གྱིས་འབྲས་བུ་དཀོན་མཆོག་འབྱུང་བའི་རིམ་པ་དེ་ལ་བརྟེན་ཞིང་གཏན་ཚིགས་སུ་བྱས་ནས་བྱང་ཆུབ་སོགས་གསུམ་པོ་དཀོན་མཆོག་གསུམ་འབྱུང་བའི་རྐྱེན་དུ་རྟོགས་པར་བྱ་སྟེ། དེ་ལྟར་གསུམ་པོ་འདི་ནི་རྐྱེན་ཡིན་ནོ་ཞེས་བྱ་བ་ནི་ཐ་སྙད་སྒྲུབ་བོ། །དེ་ལྟར་ཚིགས་སུ་བཅད་པ་བཞི་དག་གིས་ན་གནས་བཞི་པོ་འདོར་བསྟན་ས་འདི་ཕན་ཆད་ནི་གཞུང་ལྷག་མས་གནས་བཞི་པོ་འདི་དག་ཉིད་ཀྱི་མཐར་གྱི་རྣམ་པར་དབྱེ་བ་རྒྱས་པར་སྟོན་པར་རིག་པར་བྱའོ། །དེ་ཡང་མདོར་བསྟན་དང་མི་མཐུན་པ་མ་ཡིན་པར་མཐར་གྱིས་ཏེ་གཅིག་གི་རྗེས་སུ་གཅིག་འབྱུང་བས་སོ། །དེ་ལྟར་རྣམ་པ་བཞི་ཡོད་པ་དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་ལེའུ་དང་པོ་རྫོགས་པའི་བར་དུ་གསུངས་པ་ཡིན་ནོ། །འདི་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་དོན་གང་གིས་ཡིན་ཞེ་ན། ཞེས་བྱ་བ་ནི་ནག་ཚོའི་འགྱུར་ལས། གང་གསུངས་པ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱའོ། །དེའི་དོན་ཅི་ཞེ་ན་

(༦༣༠)ཞེས་འབྱུང་བ་ཅུང་ཟད་བདེ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་གསུངས་པ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་དེའི་དོན་སྙིང་པོ་དེ་ཅི་ཞིག་ཡིན་ཞེ་ན། ཞེས་པ་ནི་དྲི་བ་སྟེ། དེ་ཡང་གཅིག་གི་ཚིག་ཏུ་དྲིས་སོ། །ལན་ནི། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་ཕྱིར། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བཏགས་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅན་གྱི་ཚོགས་ཐམས་ཅད་ལ་ཞུགས་པའི་ཕྱིར་སེམས་ཅན་ལ་ཞུགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་དེ་གཅིག་གོ །ཡེ་ཤེས་དེ་དེ་བཞིན་གཤེགས་པ་དངོས་ཡིན་ཀྱང་སེམས་ཅན་གྱི་རྒྱུད་ཀྱིས་མ་བསྡུས་པས་སེམས་ཅན་གྱི་སྙིང་པོ་བཏགས་པ་བའོ། །སེམས་ཀྱི་རང་བཞིན་བློ་བུར་གྱི་དྲི་མ་མེད་པའི་དེ་བཞིན་ཉིད་དེ་ནི་སངས་རྒྱས་དང་སེམས་ཅན་གཉི་ག་ལ་ཁྱད་པར་མེད་པར་ཡོད་པའི་ཕྱིར་དེ་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་གསུངས་པ་ཡིན་ཏེ། གཉིས་པའོ། །སངས་རྒྱས་ལ་ཡོད་པའི་དེ་བཞིན་ཉིད་ནི་སངས་རྒྱས་དངོས་སོ། །སེམས་ཅན་གྱི་དེ་བཞིན་ཉིད་ནི་སངས་རྒྱས་བཏགས་པ་བའོ། །དེས་ན་དེ་ནི་ཆ་གཉིས་སུ་གནས་སོ། །སེམས་ཅན་ཐམས་ཅད་ལ་དེ་དག་གི་ཕུང་པོ་ལ་སོགས་པ་རྣམས་སངས་རྒྱས་དང་འདྲ་བའི་ཆ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་རིགས་ཡིན་ཏེ། དེ་ལ་དེའི་འབྲས་བུ་དེ་བཞིན་གཤེགས་པར་ཉེ་བར་བཏགས་ནས་རིགས་དེ་ལ་དེ་བཞིན་

(༦༣༡)གཤེགས་པའི་སྙིང་པོར་གསུངས་ཏེ་གསུམ་པའོ། །དེས་ན་སྙིང་པོ་དངོས་ཡིན་ཀྱང་དེ་བཞིན་གཤེགས་པ་བཏགས་པ་བ་ཡིན་ནོ། །དེས་ན་ལོ་ཙཱ་བ་ཆེན་པོ་དག་གིས་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་དྲུག་པའི་རྣམ་པར་དབྱེ་བ་མཛད་ཀྱང་སཾསྐྲྀ་ཏ་ལ། སརྦྷ་ཏ་ཐཱ་ག་ཏ་གརྦྷ་ཞེས་གཞི་མཐུན་གྱི་བསྡུ་བ་མཛད་དེ། དེ་བཞིན་གཤེགས་པ་ཡང་ཡིན་ལ། སྙིང་པོ་ཡང་ཡིན་པ་ནི་དེ་བཞིན་གཤེགས་པ་སྙིང་པོ་ཞེས་བརྗོད་དོ། །དེ་ལས་དང་པོ་ནི་དེ་བཞིན་གཤེགས་པ་དངོས་ཡིན་ཞིང་སྙིང་པོ་བཏགས་པ་བ་དང་། གསུམ་པ་ནི་སྙིང་པོ་དངོས་ཡིན་ཞིང་དེ་བཞིན་གཤེགས་པ་བཏགས་པ་བ་དང་། དེ་བཞིན་ཉིད་ནི་གཉི་གའི་ཆ་འཛིན་པའི་ཕྱིར་དེ་བཞིན་གཤེགས་པ་ཡང་དངོས་ལ་སྙིང་པོ་ཡང་དངོས་སོ་ཞེས་བྱའོ། །སྙིང་པོ་འདི་ལ་ནི་སཾསྐྲྀ་ཏ་ལ་སཱ་ར་ཞེས་བྱ་བ་དང་། ཧྲི་ད་ཡ་ཞེས་བྱ་བ་དང་། གརྦྷ་ཞེས་བྱ་བ་དང་། མཎྜ་ཞེས་བྱ་བ་དག་གོ །འདི་དག་ཆོས་ཅན་གཅིག་ལ་ཡང་སྨྲ་བ་པོའི་འདོད་པས་ཐམས་ཅད་སྦྱར་དུ་རུང་མོད་ཀྱི། འོན་ཀྱང་ངེས་པའི་ཚིག་ལས་སཱ་ར་ཞེས་བྱ་བ་ཆོས་དུ་མ་སྤྲོ་བའི་གཞིར་གྱུར་བས་སྙིང་པོ་ཞེས་བྱ་བ་ཡིན་ཏེ། ཆོས་ཀྱི་སྐུ་ལ་བྱའོ། །ཧྲི་ད་ཡ་ཞེས་བྱ་བ་གཅེས་པས་སྙིང་པོ་ཞེས་བྱ་སྟེ་མིའི་སྙིང་བཞིན་ནོ། །དེ་ནི་དེ་བཞིན་ཉིད་ལ་བྱ་སྟེ། ཐར་བ་འདོད་པས་འདི་ཉིད་ལ་གཅེས་སྤྲས་བྱ་བའི་ཕྱིར་རོ། །གརྦྷ་ཞེས་བྱ་བ་ནི་ས་བོན་དང་མངལ་ལ་འཇུག་སྟེ། ཤུན་པའི་སྦུབས་ན་གནས་པ་ཞིག་ལ་བྱ་བ་ཡིན་པས་རིགས་ལ་བྱའོ། །མཎྜ་ནི་གཅིག་

(༦༣༢)ཏུ་མཁྲེགས་པའི་ཕྱིར་དང་བཅུད་ཀྱི་སྙིང་པོར་གྱུར་བ་ལ་འཇུག་སྟེ། རྡོ་རྗེའི་གདན་ལ་སྙིང་པོ་བྱང་ཆུབ་ཅེས་བྱ་བ་དང་མར་གྱི་སྙིང་ཀུ་ཞེས་བརྗོད་པ་བཞིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་ས་བཅུ་པའི་མདོའི་འགྲེལ་བར་གརྦྷ་ཞེས་བྱ་བ་ཤིང་གི་སྙིང་པོ་ལྟར་མཁྲེགས་པ་ལ་འཇུག་པར་བཤད་དེ། ཐམས་ཅད་ཐམས་ཅད་ལ་ཡང་འཇུག་ཏུ་རུང་བ་ཁོ་ནའོ། །དོན་གསུམ་པོ་དེ་ལས་བརྩམས་ནས་འགྲོ་བ་ཀུན་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་མདོ་སྡེ་དེ་དང་དེ་ལས་གསུངས་སོ། །དོན་དེའི་རྣམ་པ་ཐམས་ཅད་དོན་གང་གིས་གསུང་རབ་ཐམས་ཅད་དུ་ཁྱད་པར་མེད་པར་བསྟན་པར་འགྱུར་བ་དེའི་དབང་དུ་བྱས་ནས་ཇེ་བརྗོད་པར་བྱའོ། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་དེའི་དོན་རྣམ་པ་ཐམས་ཅད་དེ་ཤིན་དུ་མང་ཡང་དོན་གསུམ་པོ་གང་གིས་གསུང་རབ་ཐམས་ཅད་དུ་ཁྱད་པར་དུ་བསྟན་པའི་མིང་གསལ་པོ་མེད་པར་བསྟན་པར་འགྱུར་བ་གསུམ་པོ་དེའི་དབང་དུ་བྱས་ནས་ཇེ་སྟེ་དང་པོར་བརྗོད་ལ། ཕྱི་ནས་རྒྱས་པར་བཤད་པར་བྱའོ། །བརྗོད་པ་དེ་ནི། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་བྱ་བའོ། །ལུས་ཅན་ཀུན་ནི་ཆོས་ཅན་ཏེ། སེམས་ཅན་དང་འགྲོ་བ་དང་རྣམ་གྲངས་སོ། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་བྱ་བ་ནི་དམ་བཅའ་བ་སྟེ། རྟག་ཏུ་ཞེས་བྱ་བ་ནི་ངེས་པར་ཞེས་བྱ་བའོ། །རྫོགས་པའི་སངས་རྒྱས་ཀྱི་སྐུས་ཁྱབ་ཅིང་འཕྲོ་བ་དང་། དེ་བཞིན་ཉིད་

(༦༣༣)སངས་རྒྱས་དང་དབྱེར་མེད་པར་ཡོད་པ་དང་། སངས་རྒྱས་ཀྱི་རིགས་ཡོད་པ་རྣམས་ནི་གཏན་ཚིགས་ཏེ། རེ་རེས་ཀྱང་སྒྲུབ་པར་ནུས་ཏེ་ཐ་སྙད་སྒྲུབ་ཡིན་ནོ། །དེ་ལ་གང་ཟག་གཅིག་ལ་གཏན་ཚིགས་གསུམ་པོ་དུས་གཅིག་ཏུ་མི་འཇུག་སྟེ། གཏན་ཚིགས་གང་ཡང་རུང་བ་གཅིག་གིས་བསྒྲུབ་བྱ་གྲུབ་པ་ན་གཞན་གཉིས་པོ་གྲུབ་ཟིན་སྒྲུབ་པར་འགྱུར་བའི་ཕྱིར་རོ། །དེས་ན་གདུལ་བར་བྱ་བ་སོ་སོའི་དབང་དུ་མཛད་ནས་རྟགས་གསུམ་གསུངས་པ་ཡིན་ཏེ། སློབ་དཔོན་སེང་གེ་བཟང་པོས་བརྒྱད་སྟོང་འགྲེལ་བར་བཅོམ་ལྡན་འདས་ཀྱིས་དོན་གཅིག་ལ་དཔེ་མང་པོ་དང་བཅས་ཏེ་གཏན་ཚིགས་གསུངས་པ་ནི་དཔེ་གཅིག་གིས་ངེས་ཀྱང་དཔེ་ལྷག་མ་དོན་མེད་དུ་མི་འགྱུར་ཏེ། གདུལ་བར་བྱ་བ་སོ་སོའི་དབང་དུ་བྱས་པས་སོ་ཞེས་གསུངས་པ་ལྟར་རོ། །ཐ་སྙད་སྒྲུབ་ཏུ་འགྱུར་བ་ཇི་ལྟར་ཡིན་ཞེ་ན། འདྲི་བའི་སྐབས་སུ་ཤེས་པར་བྱེད་པ་ཅི་ཞིག་གིས་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་ངེས་ཤེས་མ་དྲིས་ཀྱི། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པའི་སྒྲའི་དོན་གང་ཡིན་ཞེས་དྲིས་པ་ལས་སོ། །དེ་དག་ཉིད་འགྲེལ་བས་བཤད་པ་ནི། མདོར་བསྡུས་ན་དོན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆོས་སྐུ་འཕྲོ་བའི་ཕྱིར་དང་དོན་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པར་དབྱེར་མེད་པའི་དོན་དང་། དེ་བཞིན་གཤེགས་པའི་རིགས་

(༦༣༤)ཡོད་པའི་དོན་གྱིས་སོ། །དོན་གྱི་གནས་གསུམ་པོ་འདི་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ཏེ་འོག་ནས་སྟོན་པར་འགྱུར་རོ། །ཞེས་བྱ་བ་ནི། དེ་ལ་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་པ་ལ་གཞན་གྱི་ཐེ་ཚོམ་བཅད་པའི་ཕྱིར་བཅོམ་ལྡན་འདས་ལ་འཇམ་དཔལ་གྱིས་བརྒལ་བ་དང་བཅས་ཏེ་ལང་ཀར་གཤེགས་པ་ལས་གསུངས་པ་ལ་འཇུག་པར་བྱ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ་ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་བ་རྟག་པ་དང་བརྟན་པ་ཐེག་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇིག་པའོ། །ཞེས་བདག་ཏུ་སྨྲ་བ་སྟོན་པར་

(༦༣༥)

(༦༣༦)

(༦༣༧)འདིར་སྨྲས་པའི་གོས་རྡུལ་ནང་གི་དཔེའི་དོན་རྣམས་གསུངས་ལ། སྐབས་གཞན་དུ་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་པར་ནི་བརྗོད་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས་ཏེ། མུ་སྟེགས་བྱེད་རྣམས་ཀྱིས་ལས་དང་འབྲས་བུའི་རྟེན་དུ་རྟག་ཏུ་གནས་པའི་བདག་ཁས་བླངས་ལ། མུ་སྟེགས་བྱེད་རྣམས་ལས་གྲངས་ཅན་ནི་བདག་ཤེས་པ་ཡིན་པ་ཉིད་རྟག་པ་ཡོན་ཏན་རྡུལ་མུན་སྙིང་སྟོབས་གསུམ་མེད་པར་སྨྲ་ཞིང་། བྱེ་བྲག་པས་ནི་བེམས་པོར་གྱུར་བའི་བདག་བྱེད་པ་པོ་ཡིན་པ་དང་། ལ་ལས་ནི་སུ་ལ་ཡང་མི་འཇིགས་པའི་ཁྱབ་འཇུག་ལ་སོགས་པ་བདག་ཡིན་པའོ་ཞེས་བདག་ཏུ་སྨྲ་བར་བགྱིད་དེ། སྟོན་པ་ཞལ་གྱིས་བཞེས་པ་དང་དེ་དག་གིས་ཁས་བླངས་པ་མཚུངས་པར་གསུངས་པར་གསོལ་བའོ། །ལན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས་བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་

(༦༣༨)སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང་བཟོ་དང་ལག་ཟུངས་དང་རྩུ་དང་སྲད་བུ་དང་ནན་ཏན་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ། བདག་མེད་པར་བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ། །དེ་ལྟར་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའམ། མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏོ། །ཡང་དག་པ་མ་ཡིན་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྷུང་བའི་བསམ་པ་ཅན་དག་རྣམ་པར་ཐར་བ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་

(༦༣༩)བར་ཇི་ལྟར་འགྱུར་ཞེས་ཏེ། བློ་གྲོས་ཆེན་པོ་དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་མཛད་དོ། །དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལྟ་བས་ན་མུ་སྟེགས་ཀྱི་ལྟ་བ་རྣམ་པར་ཟློག་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ། །ཞེས་བྱ་བ་ནི་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་སྙིང་པོ་དེ་ལ་སེམས་ཅན་དང་བདག་གི་སྒྲས་ཀྱང་བརྗོད་ཅིང་རྟག་པ་དང་བརྟན་པ་སོགས་སུ་བརྗོད་པའི་ཚིག་ཡོད་མོད། དོན་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་རྟག་པ་དང་བྱེད་པ་པོ་སོགས་སུ་མཚུངས་པ་མ་ཡིན་ཏེ། ངར་མ་ཟད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་རྣམས་ནི་དངོས་པོ་ཐམས་ཅད་གདོད་མ་ནས་ངོ་བོ་ཉིད་ཀྱིས་སྟོང་པའི་རིག་པ་སྤྲོས་བྲལ་ལ་སྙིང་པོར་བརྗོད་ཅིང་མུ་སྟེགས་བྱེད་ཀྱི་ལྟ་བ་ཐམས་ཅད་ནི་དངོས་པོ་དང་མཚན་མར་འཛིན་པ་ལ་བརྟེན་པའི་ཕྱིར་ཏེ། དེ་ལ་དེ་བཞིན་གཤེགས་པ་རྣམས་ངོ་བོ་ཉིད་མེད་པ་དེ་ལ་སྟོང་པ་ཉིད་ཅེས་བརྗོད་ཅིང་། དེ་ཕྱིན་ཅི་མ་ལོག་པ་ཡིན་པས་ཡང་དག་པའི་མཐའ་དང་། འཁོར་བའི་ངོ་བོ་ཉིད་མེད་པས་མྱ་ངན་ལས་འདས་པ་དང་། ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་མིང་གི་རྣམ་གྲངས་ཀྱིས་བརྗོད་ཅིང་། ངོ་བོ་སྟོང་པ་ཉིད་དེ་ཉིད་ལ་རྒྱུའི་མཚན་མ་མེད་ཅིང་། འབྲས་བུ་ལ་སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་

(༦༤༠)པའི་སྙིང་པོར་བསྟན་པར་བྱས་པ་ཡིན་པའི་ཕྱིར་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། །གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་ཟབ་མོ་ཡོད་མེད་ལས། །འདས་པ་ཞེས་ནི་ཡོངས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཤེས་ཀྱིས། །ཤེས་གསུངས་པ་ལྟར་མུ་སྟེགས་བྱེད་ཀྱི་ལྟ་བ་ལ་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱོགས་ཙམ་ཡང་མེད་ན་དེ་དག་གི་བདག་ཏུ་སྨྲ་བ་དང་ག་ལ་མཚུངས། འོ་ན་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ངོ་བོ་ཉིད་ཀྱིས་སྟོང་པ་ལ་བརྗོད་ན། དེ་ལ་བདག་དང་སེམས་ཅན་སོགས་སུ་བཏགས་པས་ཅི་བྱ་ཞེ་ན། མུ་སྟེགས་པ་ཡིན་ཡང་ཤཱཀྱ་དང་མེ་།།།པ་རལ་པ་ཅན་ཞེས་བྱ་བ་རུས་མཐུན་པ་ཉིད་ཀྱིས་ཐུབ་པ་ལ་གུས་པར་འགྱུར་བ་ལྟར་བདག་དང་སེམས་ཅན་གྱི་སྒྲ་ཙམ་མཐུན་པར་བསྟན་པས་བྱིས་པ་རྣམས་བདག་མེད་ན་བདེ་བ་སྒྲུབ་ཅིང་སྡུག་བསྔལ་སེལ་བ་འདི་ཅིའི་དོན་དུ་ཡིན་ཏེ། བདག་མེད་ན་གཞན་ཡང་མེད་པས་ཅི་ཡང་མེད་པར་འགྱུར་རོ་སྙམ་དུ་འཇིགས་པ་སྐྱེ་བར་འགྱུར་ལ། དེའི་གནས་ནི་བདག་མེད་ཅེས་པའི་ཚིག་འདི་ཡིན་ཏེ། དེ་ལ་འཇིགས་པ་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་བདག་དང་སེམས་ཅན་གྱི་སྒྲར་བརྗོད་པ་ན་དགའ་སྟེ། དེའི་དོན་སེམ་པ་ལ་འཇུག་གོ །དེས་ན་རིམ་གྱིས་སྤྲོས་པའི་དྲ་བ་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་གནས་ཏེ་དམིགས་པ་རྣམ་པའམ་མཚན་མའི་སྣང་བ་མེད་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་སྟོན་

(༦༤༡)ཏེ། དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ལ་བདག་གི་སྒྲས་བརྗོད་པ་ནི་སྣང་བ་མེད་པའི་ཡེ་ཤེས་ལ་འཇུག་པའི་སྒོར་གྱུར་པ་ཡིན་ནོ། །སྤྱོད་ཡུལ་དེ་ནི་དབུ་མ་ལས་གསུངས་པའི་སྤྱོས་པའི་མཐའ་བརྒྱད་དང་བྲལ་ཞིང་ཕྱི་རོལ་གྱི་ཤེས་པའི་རྣམ་པས་མ་གོས་པའི་རིག་པའི་ཁམས་ཙམ་ཞིག་ཡིན་ནོ་ཞེས་ལན་མང་དུ་བཤད་པ་དེ་ཁོང་དུ་ཆུད་པར་བྱས་ནས་འདི་ལ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གྱིས་མུ་སྟེགས་བྱེད་ཀྱི་བདག་ཏུ་སྒྲ་ཙམ་ལ་བརྟེན་ནས་མངོན་པར་ཞེན་པར་མི་བྱའོ། །འོ་ན་སྙིང་པོ་ལ་བདག་དང་སེམས་ཅན་གྱི་སྒྲས་བརྗོད་པ་དེ་མུ་སྟེགས་པ་རྣམས་དགའ་བར་བྱ་བའི་ཕྱིར་ཙམ་ཡིན་ནམ། གདགས་པར་འོས་ནས་བཏགས་པ་ཡིན་ཞེ་ན། འོས་ནས་བཏགས་པ་ཁོ་ན་ཡིན་ཏེ། འཕགས་པ་རྣམ་པར་གྲོལ་བའི་སྡེས་སྟོང་པ་ཉིད་བྱང་ཆུབ་སེམས་དཔའི་སྒྲ་འཇུག་པའི་རྒྱུ་མཚན་དུ་གསུངས་པ་དང་། རྟོག་གེ་འབར་བར༴ དངོས་པོ་རྣམས་ནི་མ་སྐྱེས་ཉིད། རང་བཞིན་བཅོས་མ་མེད་པའི་ཕྱིར། འདི་ལ་ཉམས་པ་མེད་པས་ན། བདག་ཅེས་ཀྱང་ནི་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དཔེར་ན་ཞེས་བྱ་བ་ལ་སོགས་པས་ནི་རྫ་མཁན་གྱི་དཔེས་སྟོན་ཏེ། རྫ་མཁན་ནི་སྟོན་པ་པོ་དེ་བཞིན་གཤེགས་པའི་དཔེའོ། འཇི་བའི་ཕུང་པོ་ནི་ཆོས་བདག་མེད་པའི་དཔེའོ། །ལག་སྤྱད་རྣམ་པ་སྣ་ཚོགས་ནི་བདག་མེད་པ་དང་སྟོང་པ་ཉིད་དང་མ་སྐྱེས་པ་ལ་སོགས་པ་དང་ཡང་བདག་དང་སེམས་ཅན་དང་དབང་ཕྱུག་ལ་སོགས་པ་ཡང་རུང་སྟེ་

(༦༤༢)མིང་རྣམ་པ་སྣ་ཚོགས་པ་ནི་རྫ་མཁན་གྱི་།།།ཆད་སྤྱད་རྣམས་དང་འདྲའོ། །འབྲས་བུ་རྫ་མཁན་གྱིས་བྱས་པའི་སྣོད་དང་དེ་བཞིན་གཤེགས་པའི་སྙིང་པོ་འདྲ་སྟེ། སྙིང་པོ་དེ་ཉིད་ཚིག་སྣ་ཚོགས་ཀྱིས་མཐུན་ཞེས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་མུ་སྟེགས་བྱེད་རྣམས་ཚིག་མཐུན་པས་ཁ་དྲངས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཉིད་ཀྱི་ངོ་བོ་དེ་ཉིད་རྟོགས་སུ་གཞུག་པར་མཛད་དེ་ཞེས་བྱ་བ་ཡིན་ནོ། །ཡང་དག་པ་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་རྣམས་ནི་དེ་ཉིད་རྒྱས་པར་འཆད་པ་ཡིན་ཏེ། མུ་སྟེགས་ཅན་རྣམས་ནི་ཡང་དག་པ་མ་ཡིན་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྷུང་བའི་བསམ་པ་ཅན་དག་ལ་བརྗོད་དོ། །དེ་རྣམས་བདག་ཏུ་ལྟ་བ་དང་ལྡན་ཡང་རིམ་གྱིས་སྟོན་པའི་གསུང་གི་དོན་རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་པའི་ལམ་དུ་ཞུགས་པར་གྱུར་ཅིང་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེས་ཏེ་ནི་སྙམ་སྟེའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཟུང་པ་དེའི་དོན་དུ་དེ་བཞིན་གཤེགས་པའི་རྙིང་པོ་བདག་ལ་སོགས་པའི་སྒྲས་སྟོན་པར་མཛད་དོ། །དེ་ལྟ་བས་ན་ཞེས་སོགས་ནི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་དང་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་མི་མཚུངས་པར་མ་ཟད་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དེ་གཏན་མེད་པར་རྟོགས་པར་བྱ་སྟེ། དེ་ཡང་སྙིང་པོ་ཞེས་པའི་སྒྲ་འདི་ཉིད་ཀྱི་དོན་དཔྱད་པ་ལས་རྟོགས་པར་བྱའོ་ཞེས་པའོ། །འདིའི་རྗེས་ལ་ཚིགས་

(༦༤༣)སུ་བཅད་པ་གཅིག་འབྱུང་བ་ནི་སྔར་བཤད་ཟིན་ཏོ། །འདི་ལ་མུ་སྟེགས་བྱེད་རྣམས་དྲང་བའི་ཕྱིར་ཞེས་པས་དེ་བཞིན་གཤེགས་པའི་སྙིང་པོ་དྲང་དོན་དུ་བསྟན་ཏེ་ཞེས་ཁ་ཅིག་སྨྲ་བ་ལ་གཞན་གྱིས་སྙིང་པོ་བསྟན་པའི་དགོས་པ་བཤད་པ་ཡིན་གྱི་དྲང་དོན་དུ་བཤད་པ་མ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་དོ། །དེ་གཉི་ག་འཐད་པར་མ་མཐོང་སྟེ། འདིར་དགོངས་པ་ནི་སྙིང་པོ་དང་སེམས་ཅན་དང་བདག་དང་དབང་ཕྱུག་ལ་སོགས་པའི་སྒྲ་རྣམས་ནི་དྲང་བའི་དོན་ཅན་ཡིན་ལ། དེས་དྲངས་ནས་དེ་བཞིན་གཤེགས་པའི་སྙིང་པོའི་དོན་བདག་མེད་པ་ལ་སྦྱར་བར་བྱའོ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །ལང་ཀར་གཤེགས་པའི་མདོ་འདིས་བླ་མ་འདིར་བཤད་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མཐའ་གཉིས་མི་སྟོན་ནོ་ཞེས་ངེས་པར་མི་ནུས་ཀྱི། །འོན་ཀྱང་དྲང་ཐད་དུ་ནི་འདིར་བཤད་པའི་དེ་བཞིན་ཉིད་སྟོན་པ་ཡིན་ནོ། །ཆོས་ཀྱི་སྐུ་ལ་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་གསུམ་དང་རྟོགས་པ་གཅིག་དང་ལུང་གཉིས་ཏེ་གསུམ་དང་། དེ་བཞིན་ཉིད་ལ་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་མང་པོ་དང་། རིགས་ལ་སྐུ་གསུམ་དང་གཞན་ཡང་སྤྱིའི་མཚན་ཉིད་རྣམ་པར་མི་རྟོག་པ་དང་། མེད་པར་དགག་པའི་མཚན་ཉིད་ཅན་དག་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་སྒྲ་འཇུག་མོད་ཀྱི། དེ་ཐམས་ཅད་མདོ་བསྡུས་ན་དོན་རྣམ་པ་གསུམ་གྱི་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་ བསྐྱོང་པའི་རིགས་གསུམ་

(༦༤༤)གཤེགས་པའི་ཆོས་སྐུ་འཕྲོ་ཞིང་ཁྱབ་པའི་དོན་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པར་དབྱེ་བ་མེད་པར་སེམས་ཅན་ལ་ཡོད་པའི་དོན་དང་། དེ་བཞིན་གཤེགས་པའི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་པའི་དོན་གྱིས་སོ། །རྟག་ཏུ་ཞེས་བྱ་བ་ནི་ངེས་པར་ཞེས་བྱ་བའི་དོན་ཏོ། །དོན་གསུམ་པོ་འདི་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་དཔེ་དགུས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གསུངས་པའི་སྙིང་པོ་དེ་ཆོས་ཀྱི་སྐུ་དང་དེ་བཞིན་ཉིད་དང་རིགས་ཏེ་གསུམ་ཡོད་པ་ལ་དགོངས་ནས་གསུངས་པའི་རྗེས་སུ་འབྲངས་ཏེ་འོག་ནས་སྟོན་པར་འགྱུར་རོ། །སྙིང་པོ་གསུམ་པོ་ལ་རྒྱུའི་སྙིང་པོ་དང་རང་བཞིན་གྱི་རྙིང་པོ་དང་འབྲས་བུའི་སྙིང་པོ་ཞེས་རྔོག་ཆེན་པོ་གསུང་སྟེ་ཤིན་དུ་ལེགས་སོ། །གསུམ་པོ་འདི་དག་ལ་ཡང་ཀུན་རྫོབ་པ་དང་། དོན་དམ་པའི་དབྱེ་བས་རྣམ་པ་གཉིས་གཉིས་སུ་གནས་པས་དྲུག་ཏུ་ཡང་འགྱུར་རོ། །དེ་ལ་ཆོས་ཀྱི་སྐུ་ནི་བྲལ་བ་དང་རྣམ་པར་སྨིན་པའི་དབྱེ་བས་གཉིས་སོ། །རིགས་ལ་རང་བཞིན་དང་ཡང་དག་པར་བླངས་པའི་དབྱེ་བས་རྣམ་པ་གཉིས་སོ། །དེ་བཞིན་ཉིད་ལ་འདི་ཉིད་དུ་དབྱེ་བ་མ་གསུངས་མོ། །གསུང་རབ་སྤྱི་ལས་དོན་དམ་པའི་དེ་ཁོ་ན་ཉིད་དང་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་གཉིས་སུ་གསུངས་པས་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལྟར་གསུམ་དུ་རྣམ་པར་སྐྱེ་ཡང་དང་པོ་དང་བར་དང་ཐ་མའི་གནས་སྐབས་སུ་འགྱུར་བ་མེད་པའི་དེ་བཞིན་ཉིད་གཅིག་གི་ངོ་བོ་ལ་ཕྱེ་བ་ཡིན་པས་ན་དེ་བཞིན་ཉིད་ཁོ་ནར་འདུའོ་ཞེས་བྱ་བའི་དོན་འདི་ནི་རྟག་ཏུ་མི་འགྱུར་བའི་དོན་གྱིས་འཆད་པར་འགྱུར་ལ། གཞན་བླ་མ་དག་གིས་ཀྱང་གསུངས་ཏེ། མགོན་པོ་

(༦༤༥)སངས་རྒྱས་ཀུན་རང་བཞིན། །ཆོས་རྣམས་ཀུན་གྱི་བརྗོད་བྱ་སྟེ། བསྒྲུབ་བྱ་དོན་གྱི་སྙིང་པོ་མཆོག །ཁྱབ་བདག་ཆེ་ལ་གུས་བཏུད་།།། བླ་མ་དུས་གསུམ་སངས་རྒྱས་རྣམས། །ཁྱོད་ཀྱི་ངང་དུ་གཤེགས་གྱུར་པའི། །ཀུན་གྱི་བདག་ཉིད་རིན་ཆེན་སེམས། །དེ་ལ་བདག་གིས་བསྟོད་པར་བགྱི། །ཁྱོད་ནི་གདོད་ནས་མ་སྐྱེས་ཤིང་། རྒ་བ་ཡོད་ཅིང་ན་བ་མེད། །འཆི་པ་ནམ་ཡང་འབྱུང་བ་མེད། །གདོད་ནས་དག་པ་ཁྱོད་ལ་འདུད། །ས་ཆུ་མེ་རླུང་འབྱུང་བས་ཀྱང་། །ཁྱོད་ནི་གཞི་གཅིང་གཞོམ་དུ་མེད། །བསྐྱེད་ཅིང་བསྐྲུན་པར་མི་ནུས་པའི། །འདུས་མ་བྱས་པ་ཁྱོད་ལ་འདུད། །མགོན་པོ་ཁྱོད་ཀྱི་ངོ་བོ་ཉིད། །ཅིར་ཡང་གྲུབ་པ་མེད་པ་ལ། །ཁྱོད་ཀྱི་རྣམ་པ་ཅིར་ཡང་སྣང་། །དངོས་ཀུན་རང་བཞིན་ཁྱོད་ལ་འདུད། །ཁྱོད་ནི་ཆོས་རྣམས་ཐམས་ཅད་དང་། འདུས་པ་མེད་ཅིང་འབྲལ་བ་མེད། །གང་གིས་བཅིངས་མེད་གྲོལ་བ་མེད། །སྐྱེ་འགག་མེད་པ་ཁྱོད་ལ་འདུད། །ཁྱོད་ནི་འཕེལ་མེད་འགྲིབ་པ་མེད། །དྲི་མ་མེ་ཅིང་དག་པ་མེད། །ཁྱོད་ནི་འཁོར་མིན་མྱང་འདས་མིན། །མི་འགྱུར་རྡོ་རྗེ་ཁྱོད་ལ་འདུད། །ཁྱོད་ནི་སྟོང་མིན་མི་སྟོང་མིན། །རྟག་པ་མ་ལགས་ཆད་མ་ལགས། །ཐ་དད་མ་ལགས་གཅིག་མ་ལག །མཐའ་དཔུས་ཡོད་པ་ཁྱོད་ལ་འདུད། །ཁྱོ་ནི་གསལ་མིན་མི་གསལ་མིན། །བདེ་བ་མ་ཡིན་སྡུག་བསྔལ་མིན། །མི་རྟོག་མ་ལགས་རྟོག་མ་ལགས། །བསམ་བརྗོད་ཡུལ་འདས་ཁྱོད་ལ་འདུད། །མཚན་མ་མེད་དང་

(༦༤༦)དོན་དཔད་དང་། དེ་བཞིན་ཉིད་དང་ཡང་དག་མཐའ། །ཆོས་ཀྱི་དབྱིངས་དང་འོད་གསལ་སོགས། །ཁྱོད་ཀྱི་མིང་གི་རྣམ་གྲངས་ལགས། །སྐལ་ལྡན་དག་པའི་སྐྱེས་བུ་ཡིས། །དཔལ་ལྡན་བླ་མ་བསྟེན་ནུས་ན། །རྣལ་འབྱོར་པ་ཡིས་མངོན་སུམ་དུ། །མགོན་པོ་ཁྱོད་ཉིད་མཐོང་བར་འགྱུར། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟའོ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཇི་ལྟར་མར་ལ་མར་གཞག་དང་། །ནམ་མཁའ་ལ་ནི་ནམ་མཁའ་ལྟར། །དབྱེར་མེད་ངོ་བོ་གཅིག་པར་འགྱུར། །ཁྱོད་ལས་བྱུང་བའི་རྣམ་རྟོག་གིས། །ཁྱོད་ནི་རྟོགས་པའི་ཁྱད་པར་ལས། །ལམ་དང་ས་ཡི་རིམ་པ་བརྟགས། །དེ་ཉིད་ཡེ་ཤེས་ཆེན་པོར་བརྗོད། །རང་བཞིན་མཁའ་ལྟར་དག་པ་ལ། །དུས་གསུམ་ཤེས་བྱ་མ་ལུས་ཀུན། །མེ་ལོང་གཟུགས་བརྙན་ལྟར་གསལ་བས། །མགོན་ཁྱོད་མེ་ལོང་།།།པོ་ཤེས་ཆེ། །ཐམས་ཅད་མཉམ་ཉིད་པས་མཉམ་པ་ཉིད། །ཡེ་ཤེས་མི་ཤེས་ཁྱད་པར་ལས། །གཉིས་སུ་བརྟགས་པས་སོ་སོར་རྟོག །དོན་ཀུན་གྲུབ་པས་ནན་ཏན་ཆེ། །ཇི་ལྟ་བ་དང་ཇི་སྙེད་པ། །དེ་ཉིད་མཁྱེན་པའི་ཁྱད་པར་ལགས། །དེ་ཉིད་སྒྲོ་སྐུར་བྲལ་བའི། །དེ་ཉིད་རང་བྱུང་བཅོམ་ལྡན་འདས། །ཁྱོད་ཀྱི་རང་བཞིན་མ་མཐོང་བར། །བྱིས་པའི་སྐྱེ་བོ་འགའ་ཞིག་གིས། །ལ་ལས་ཡོད་ཅེས་སྒྲོ་ཡིས་བཏགས། །ལ་ལས་མེད་ཅེས་སྐུར་པ་བཏབ། །འོན་ཀྱང་ཁྱོད་ལ་དད་པ་ཡི། །བསོད་ནམས་

(༦༤༧)འབྲས་བུ་མི་རླུ་བས། །མགོན་པོ་ཁྱོད་དང་མཇལ་བའི་ཚེ། །ཐེ་ཚོམ་དྲ་བ་ཆོད་པར་འགྱུར། །ཁྱོད་ཀྱིས་ཀུན་ལ་ཁྱབ་མོད་ཀྱི། །སོ་སོ་སྐྱེ་བོ་འཕགས་པ་དང་། །བྱང་ཆུབ་སེམས་དང་སངས་རྒྱས་རྣམས། །ཁྱོད་ཉིད་མཐོང་བས་ཁྱད་དུ་ལགས། །མགོན་ཁྱོད་མངོན་དུ་གྱུར་པའི་ཆེ། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །གཟུང་འཛིན་ཀུན་རྟོག་ལས་གྲོལ་བ། །རྣལ་འབྱོར་པ་དེ་ཆོས་ཀྱི་སྐུ། །དེ་ལ་འཁོར་དང་མྱང་འདས་ཀྱི། །རྟོག་པ་གཉིས་དང་བྲལ་བས་ན། །དེ་ཉིད་ཟུང་འཇུག་རྡོ་རྗེའི་སྐུ། །དེ་ལ་སྐུ་ལྔ་ལྷུན་གྱིས་གྲུབ། མགོན་པོ་ཁྱོད་ཀྱི་ཕྲིན་ལས་ནི། །དམིགས་མེད་ཐུགས་རྗེ་དག་པ་ལ། །སྐྱེས་མཆོག་རྣམས་ཀྱི་རྗེས་ཤེས་ལ། །ལོངས་སྐུ་མཚན་དཔེས་བརྒྱན་པར་མཐོང་། །ཞེས་བྱ་བ་དང་། སྲིད་པ་དྲུག་གི་སེམས་ཅན་གྱི་དག་དང་མ་དག་སྣང་བ་ལ། །ལ་ལས་མཁན་པོ་སློབ་དཔོན་དང་། །རྒྱལ་པོ་བློན་པོ་ཕ་མ་དང་། །ཕན་སྣང་སྨན་པ་ལ་སོགས་པ། །ཕྲད་པ་ཙམ་གྱིས་ཕན་པ་དང་། །བདེ་བྱེད་གང་ཡིན་དེ་དག་ཀུན། །མགོན་པོ་ཁྱོད་ཀྱི་སྤྲུལ་པ་ལགས། །ལྷ་དང་བདུད་ཀྱི་སྣང་བ་ཡང་། །ལམ་ལས་དྲོ་བ་བསྐྱེད་པ་དང་། །བརྩོན་འགྲུས་སྐུལ་འདེབས་བྱེད་པས་ན། །མགོན་པོ་ཁྱོད་ཀྱི་སྤྲུལ་པ་ལགས། །ངན་འགྲོ་གསུམ་གྱི་སྡུག་བསྔལ་ཡང་། །ལོགས་སྲེད་ཅན་གྱི་གང་ཟག་རྣམས། །མི་དགེའི་ལས་ལས་བཟློག་པའི་ཕྱིར། །མགོན་པོ་ཁྱོད་ཀྱིས་བསྟན་པ་ལགས། ཡང་དག་ཐར་པའི་ཐེམས་སྐས་ལ་

(༦༤༨)འགྲོ་བ་མ་ལུས་དྲང་བའི་ཕྱིར། །འདུལ་བའི་གནས་ལ་སོགས་པ་ཡི། །ཁྱོད་ཀྱི་ཆོས་རྣམས་བསྟན་པ་ལགས། །གང་དང་གང་ལ་ཞེན་པ་ཡི། །འགྲོ་བ་དེ་ཀུན་དྲང་བའི་ཕྱིར། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་དང་། །ཕྱི་ནང་ཆོས་ཀུན་ཁྱོད་གྱིས་བསྟན། །འབྱུང་ལྔའི་བདག་ཉིད་སྣ་ཚོགས་པ། །ཞིང་དང་གང་གིས་ཕན་པ་ལ། །དེ་དང་དེ་རྒྱུ་སྤྲུལ་བྱས་ནས། །ཁྱོད་ཀྱིས་ཕན་བདེ་སྣ་ཚོགས་མཛད། །ཁྱོད་མ་གཏོགས་པའི་འགྲོ་བ་ནི། །རྡུལ་ཕྲན་ཙམ་ཡང་བདོག་མ་ལགས། །འཁོར་འདས་མ་ལུས་འབྱུང་འགྱུར་བའི། །བདག་ཉིད་ཆེན་པོ་ཁྱོད་ལ་འདུད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱས་པར་བཤད་པ་ལ། །སྙིང་པོ་རྒྱུན་ཆགས་པར་བསྟན་པ། སྙིང་པོའི་ངོ་བོ་གཏན་ལ་དབབ་པ། །འཁོར་ལོ་གཉིས་པ་དང་འགལ་བ་པ་ང་བ་སྟེ་གསུམ་མོ། །དང་པོ་ལ། ཕྱི་མའི་མཐར་རྒྱུན་ཆགས་པ་དང་། སྔོན་གྱི་མཐའ་ནས་རྒྱུན་ཆགས་པའོ། །དང་པོ་ལ། འཆིང་བྱེད་གྱི་རྡོམ་དང་། དེ་དཀྲོལ་ཏེ་བཤད་པ་ལས། དང་པོ་ནི། སྡོམ་ནི། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། གནས་སྐབས་དེ་བཞིན་ཀུན་དུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། མདོར་བསྡུ་ན་དོན་རྣམ་པ་བཅུ་ལ་དགོངས་ནས་དེ་ཁོ་ནའི་ཡེ་ཤེས་དམ་པའི་ཕུལ་དེ་བཞིན་གཤེགས་པའི་ཁམས་རྣམ་པར་གཞག་པར་རིག་པར་བྱའོ། །དོན་རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ངོ་བོའི་དོན་དང་། རྒྱུའི་དོན་དང་། འབྲས་བུའི་དོན་དང་

(༦༤༩)ལས་ཀྱི་དོན་དང་། ལྡན་པའི་དོན་དང་། འཇུག་པའི་དོན་དང་། གནས་སྐབས་ཀྱི་རབ་ཏུ་དབྱེ་བའི་དོན་དང་། །ཀུན་དུ་འགྲོ་བའི་དོན་དང་། མི་འགྱུར་པའི་དོན་དང་། །དབྱེ་བ་མེད་པའི་དོན་ཏེ། ཞེས་བྱ་བ་ལ། བསྡམ་པར་བྱ་བ་ནི་འདི་མན་ཆད་ལེའུ་དང་པོའི་དོན་མ་ལུས་པ་ཡིན་ལ། དེ་དག་འདིས་སྡོམ་པར་བྱེད་པས་སྡོམ་སྟེ། ཚིགས་སུ་བཅད་པ་འདི་ཉིད་དོ། བསྡམ་བྱ་རྣམས་མདོར་བསྡུས་ཏེ་བརྗོད་ན་དེ་བཞིན་གཤེགས་པའི་ཁམས་གསུང་རབ་ཀྱི་རྣམ་པར་རམ་ཁྱད་པར་དུ་རྣམ་པར་གཞག་པར་རིག་པར་བྱའོ། ཁམས་དེ་ཡང་དོན་དམ་པའི་དབྱིངས་ཏེ་དོན་དམ་པ་ནི་དེ་ཁོ་ནའི་ཡེ་ཤེས་དམ་པ་ཡིན་ལ། དེའི་ཡུལ་ནི་དབྱིངས་ཏེ་ཁམས་དང་སྒྲ་རྣམ་གྲངས་པ་སྟེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་དོན་ཏེ། ངོ་བོ་དོན་དམ་པ་ཡིན་ཡང་ཁྱད་པར་གྱི་ཆོས་རྣམ་པ་བཅུས་རྣམ་པར་གཞག་སྟེ། ཁྱད་པར་བཅུ་པོ་དེ་དག་གསུང་རབ་ཀྱི་བརྗོད་པར་བྱ་བའི་དོན་ཡིན་པའམ། གསུང་རབ་དེ་ཀུན་ནས་སློང་བའི་དགོངས་པའི་ཡུལ་།།།བདེན་པས་དོན་ནོ། །དེ་ལྟར་ན་ངོ་བོའི་དོན་ཁེས་དྲུག་པའི་སྒྲ་འབྱུང་བ་ནི་ལོ་ཙྣ་བས་སྦྱར་བ་སྟེ། །ངོ་བོ་ཡང་ཡིན་དོན་ཡང་ཡིན་པས་ངོ་བོ་དོན་ཞེས་བྱ་སྟེ། གཞན་རྣམས་ལའང་དེ་བཞིན་དུ་གོ་བར་བྱའོ། །ངོ་བོ་ནི་སྙིང་པོ་གསུམ་གྱི་རང་བཞིན་གང་ཡིན་པའོ། །རླུང་ནི་དེ་དག་སོ་སོའི་སྒྲིབ་པ་རྣམས་དག་པར་བྱེད་པའི་རྒྱུའོ། །འབྲས་བུ་ནི་རྒྱུ་དེ་དག་གི་འབྲས་བུ་སྟེ། དེ་ཡང་གནས་སྐབས་ཙམ་མ་ཡིན་གྱི་མཐར་ཐུག་པའི་འབྲས་བུའོ། །ལས་ནི་སྙིང་པོའི་གནས་སྐབས་ པོ་གསུམ་

(༦༥༠)ཀྱི་བྱ་བའོ། །ལྡན་པ་ནི་གསུམ་པོ་དེ་དག་གི་འབྲེལ་པའོ། །འཇུག་པ་ནི་གསུམ་པོའི་དེ་དག་རྟེན་ནམ་མཚན་གཞི་གང་ལ་འཇུག་པའི་ཡུལ་གྱི་བྱེ་བ་སྟེ་འཇུག་པའོ། །འཇུག་པ་དེ་ཉིད་གནས་སྐབས་ཀྱིས་གསུམ་དུ་དབྱེ་བ་དང་། གནས་སྐབས་གསུམ་དུ་ཕྱེ་ཡང་རྟེན་ཀུན་དུ་འགྲོ་ཞིང་ཁྱབ་པ་དང་། རྟེན་ཐ་དད་དུ་ཕྱེ་ཡང་རྟག་ཏུ་རང་གི་ངོ་བོ་མི་འགྱུར་པ་དང་། ཐོག་མཐའ་བར་གསུམ་དུ་ཡོན་ཏན་དང་དབྱེ་བ་མེད་པ་སྟེ། གནས་སྐབས་ལ་སོགས་པ་བཞི་པོ་དེ་དག་ནི་འཇུག་པའི་དོན་ཉིད་ཀྱི་ཁྱད་པར་ཡིན་པས་དོན་དྲུག་ཏུ་ཡང་འདུས་སོ། །དེ་དཀྲོལ་ཏེ་བཤད་པ་ལ། ངོ་བོ་དང་རྒྱུའི་དོན་འབྲས་བུ་དང་ལས་ཀྱི་དོན། ལྡན་པ་དང་འཇུག་པའི་དོན་ཏེ་གསུམ་ལས། དེ་ལ་དང་པོ་ངོ་བོའི་དོན་དང་རྒྱུའི་དོན་ལས་བརྩམས་ནས་ཚིགས་སུ་བཅད་པ། རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མོད། །ཆོས་མོས་ལྷག་པའི་ཤེས་རབ་དང་། ཏིང་འཛིན་སྙིང་རྗེ་ལས་བླང་བ། །ཞེས་བྱ་བ་ནི་རྩ་བ་སྟེ། རིན་པོ་ཆེ་དང་། ནམ་མཁའ་དང་། ཆུ་སྤྱིར་དག་པ་བཞིན་དུ་རྙིང་པོ་གསུམ་པོ་རྟག་ཏུ་རང་བཞིན་གྱིས་ཉོན་མོངས་པ་མེད་པའི་དག་པ་དང་བློ་བུར་གྱི་དྲི་མ་དང་བྲལ་བའི་དག་པ་གཉིས་དང་ལྡན་པ་ལས་བློ་བུར་གྱི་དྲི་མ་ལས་དང་བྲལ་བའི་དག་པ་ནི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། ཕྱི་དང་ནང་གི་མུ་སྟེགས་བྱེད་ལས་ལྷག་པའི་ཤེས་རབ་དང་། ཡོན་ཏན་སྒྲུབ་པའི་ལྷག་པའི་ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོ་སྟེ་རྒྱུ་བཞི་ལས་བྱུང་བ་ཡིན་ནོ། །རྩ་བ་དེ་འགྲེལ་པ་ནི་ཚིགས་

(༦༥༡)སུ་བཅད་པ་ཕྱེད་སྔ་མས་དོན་ཅི་བསྟན་ཞེ་ན། མཐུ་དང་གཞན་དུ་མི་འགྱུར་དང་། །རླན་པའི་ངོ་བོའི་རང་བཞིན་ཕྱིར། །འདི་དག་ནོར་བུ་རིན་ཆེན་མཁའ། །ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད། །གསུམ་པོ་འདི་དག་ནི་སྔར་བསྟན་ཟིན་པ་སྟེ། །གསུམ་པོ་འདི་དག་ལ་གོ་རིམས་ཇི་ལྟ་བ་བཞིན་ཁོ་ནར་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ལས་བརྩམས་ནས་དེ་བཞིན་གཤེགས་པའི་ཁམས་ཡིད་བཞིན་གྱི་ནོར་བུ་དང་། ནམ་མཁའ་དང་། ཆུ་རྣམ་པར་དག་པའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་ལ་རེ་ཤིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ནི་བསམས་པའི་དོན་གྲུབ་པ་ལ་སོགས་པ་བསྡུའི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ལས་བརྩམས་ནས་ཡིད་བཞིན་གྱི་ནོར་བུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་ཉིད་ལ་ནི་གཞན་དུ་མ་ཡིན་པ་ཉིད་ཀྱི་རང་གི་ངོ་བོའི་རང་གི་མཚན་ཉིད་ལས་བརྩམས་ནས་ནམ་མཁའ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི་སེམས་ཅན་ལ་སྙིང་བརྩེ་བས་སྨན་པའི་རང་གི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ལས་བརྩམས་ནས་ཆུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །འདིར་ཐམས་ཅད་ཀྱང་རྟག་ཏུ་རང་བཞིན་གྱིས་ཤིན་དུ་ཉེ་བར་ཉོན་མོངས་པ་མེད་པ་རང་བཞིན་གྱིས་ཡོངས་སུ་དག་པའི་སྤྱིའི་མཚན་ཉིད་ལས་བརྩམས་ནས། དེ་ཉིད་ཡིད་བཞིན་གྱི་ནོར་བུ་དང་ནམ་མཁའ་དང་ཆུ་རྣམ་པར་དག་པའི་ཡོན་ཏན་དང་ཆོས་མཐུན་པར་རིག་པར་བྱའོ། །ཞེས་བྱ་བ་ལ། དག་བྱ་གསུམ་

(༦༥༢)པོ་འདི་དག་ནི་སྔར་བསྟན་ཟིན་པ་དེ་དག་ཉིད་ཡིན་ལ་གསུམ་པོ་འདི་དག་ལ་རང་གི་མཚན་ཉིད་ལས་བརྩམས་པའི་དག་པ་དང་སྤྱིའི་མཚན་ཉིད་ལས་བརྩམས་པའི་དག་པ་གཉིས་ཡོད་པ་ལས། དེ་བཞིན་གཤེགས་པའི་ཁམས་ཡིད་བཞིན་གྱི་ནོར་བུ་དང་ནམ་མཁའ་དང་ཆུ་རྣམ་པར་དག་པའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་ལ་རང་གི་མཚན་ཉིད་ནི་གོ་རིམས་ཇི་ལྟ་བ་བཞིན་ཁོ་ནར་རེ་ཤིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་འབྲས་བུ་ཡིན་པས་དེ་ལ་དོན་དུ་གཉེར་བ་པོས་ཇི་ལྟར་བསམས་པ་བཞིན་དུ་དོན་འགྲུབ་པ་ལ་སོགས་པའི་མཐུའི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ལས་བརྩམས་ནས་ཡིད་བཞིན་གྱི་ནོར་བུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་ཉིད་ལ་གཞན་དུ་མ་ཡིན་གྱི་འདི་ཁོ་ན་ཡིན་ནོ་ཞེས་བྱ་བའི་རང་གི་ངོ་བོའི་རང་གི་མཚན་ཉིད་ལས་བརྩམས་ནས་ནམ་མཁའ་དང་ཆོས་མཐུན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི་སེམས་ཅན་ལ་སྙིང་བརྩེ་བ་ངང་གིས་འབྱུང་བས་བརླན་པས་དགེ་བའི་རྩ་བའི་མྱུ་གུ་བསྐྱེད་པའི་རང་གི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ལས་བརྩམས་ནས་ཆུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་ལ་རང་གི་ངོ་བོ་ཉིད་ཅེས་བྱ་བ་རྣམས་ཀྱིས་རང་གི་མཚན་ཉིད་རྣམས་བཤད་དེ། དེ་ཡང་རང་ནི་རང་གི་སྒྲ་སོར་གཞག་པ་ཉིད་དོ། །མཚན་ཉིད་ནི་ངོ་བོ་ཉིད་ཁས་བྱ་བས་བཤད་པ་ཡིན་ཏེ་རང་གི་ངོ་བོའམ་རང་བཞིན་ལ་རང་གི་མཚན་ཉིད་ཅེས་བཤད་པ་ན་དངོས་པོ་དེའི་ཐུན་མོང་མ་ཡིན་པའི་རང་གི་ངོ་བོ་ནི་གཞན་དང་མ་འདྲེས་པར་མཚོན་པར་བྱ་བ་ཡིན་པས་མཚན་ཉིད་ཅེས་ལས་བསྒྲུབ་ཏུ་མཁས་པ་རྣམས་

(༦༥༣)འཆད་དོ། །དེ་ལ་དེ་བཞིན་ཉིད་ཀྱང་མེད་པར་དགག་པ་མ་ཡིན་གྱི་རིག་པའི་ཆོས་ཡིན་པས་མཐུ་དང་སྙིང་རྗེ་གཉི་ག་དང་ལྡན་ལ་ཆོས་ཀྱི་སྐུ་དང་རིགས་གཉིས་ཀྱང་དེ་བཞིན་ཉིད་ཁོ་ན་དག་མ་དག་གིས་ཕྱེ་བ་ཙམ་ཡིན་པས་མཐུ་ལ་སོགས་པ་གསུམ་ནི་རྫས་ཀྱི་རང་གི་མཚན་ཉིད་ནི་མ་ཡིན་གྱི། གོ་སར་བྱེད་པ་ན་ཁྱད་པར་གྱི་ཆོས་གང་གིས་གོ་པར་བྱེད་པ་དེས་གཞན་གོ་བར་བྱེད་པ་མ་ཡིན་པས་རང་གི་མཚན་ཉིད་དུ་བརྗོད་དོ། །འདིར་གསུམ་པོ་ཐམས་ཅད་ཀྱང་རྟག་ཏུ་རང་བཞིན་གྱིས་ཤིན་དུ་ཉེ་བར་ཉོན་མོངས་པ་མེད་པ་རང་བཞིན་གྱིས་ཡོངས་སུ་དག་པའི་སྤྱིའི་མཚན་ཉིད་ལས་བརྩམས་ནས་གསུམ་པོའི་དེ་ཉིད་ཡིད་བཞིན་གྱི་ནོར་བུས་ཆོས་མཐུན་ལ། གསུམ་པོ་དེ་ཉིད་ནམ་མཁའ་དང་ཡང་ཆོས་མཐུན་ཞིང་། གསུམ་པོ་དེ་ཉིད་ཆུ་རྣམ་པར་དག་པའི་ཡོན་ཏན་དང་ཆོས་མཐུན་པར་རིག་པར་བྱའོ། །གསུམ་པོ་འདི་དག་མི་རྣམ་པ་དགུར་ཡང་འགྱུར་ཏེ། ཆོས་ཀྱི་སྐུ་ནི། དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། ཞེས་བྱ་བའི་ཚུལ་གྱིས་འདུས་མ་བྱས་པའི་དེ་བཞིན་ཉིད་རྟོགས་ཤིང་། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། ཞེས་པས་བརྩེ་བ་དང་ཡང་ལྡན་པའི་ཕྱིར་རོ། །ཡུམ་ལས། ཡེ་ཤེས་གང་དང་ལྡན་ན་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱང་མཐོང་། དེ་དག་གིས་ཆོས་བསྟན་པ་ཡང་མཉན་ཏེ། ཞེས་བྱུང་བ་ལྟར་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་ན་རྣམ་གནས་ཡིད་ལ་བྱེད་པ་ལ་མི་ལྟོས་པར་མངོན་པར་ཤེས་པ་ལ་སོགས་པའི་མཐུ་ཕུན་སུམ་ཚོགས་པ་འབྱུང་

(༦༥༤)བའི་ཕྱིར་དང་། ཀླུ་སྒྲུབ་ཀྱིས། དེ་ལྟར་རྣལ་འབྱོར་རྣམས་ཀྱིས། །སྟོང་པ་ཉིད་འདི་བསྒོམས་བྱས་ན། བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བས་དེ་བཞིན་ཉིད་རྟོགས་ན་སྙིང་རྗེ་ངང་གིས་འབྱུང་བའི་ཕྱིར་རོ། །རིགས་ལ་ནི་གདོད་མ་ནས་སྟོབས་ལ་སོགས་པའི་ཡོན་ཏན་གྱི་ཆོས་ཚང་བར་ཡོད་པས་ཆོས་ཀྱི་སྐུའི་།།།དང་ལྡན་ཞིང་། སྲིད་པར་མཐོ་དམན་སྣ་ཚོགས་སུ་འཁྱམས་ཀྱང་རིགས་དེ་མི་ཉམས་ཤིང་མི་འགྱུར་བའི་ཕྱིར་རོ། །ལམ་གྱི་གནས་སུ་སངས་རྒྱས་ཀྱི་ཆོས་ཟབ་མོ་རྣམས་ལ་མོས་པའི་མཐུས་དེ་བཞིན་ཉིད་རྟོགས་པར་འགྱུར་ཞིང་དེ་ལས་ཀྱང་དེ་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ་བར་འགྱུར་བའི་ཕྱིར་རོ། །འདིས་རྣལ་འབྱོར་ཡིད་ལ་བྱ་བའི་རིམ་པ་ཡང་བསྟན་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་རྙོག་པ་ལས་དང་བདན། དང་བ་དེ་ཉིད་དེ་ལ་སྐྱེ་བདེན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལའང་ཚུལ་དེ་ཉིད། །ཅེས་གསུངས་པ་ལྟར་རྩེ་གཅིག་གི་རྣལ་འབྱོར་གྱིས་སེམས་རྟོག་པས་མི་གཡོ་བ་ཆུ་དངས་པ་ལྟ་བུར་གཞག་པས་སྤྲོས་པ་མེད་པའི་དེ་བཞིན་ཉིད་ནམ་མཁའ་ལྟ་བུ་རྟོགས་ཤིང་དེ་ལས་རོ་གཅིག་པའི་རྣལ་འབྱོར་གྱིས་མིག་ལ་སོགས་པའི་ཁ་ཕྱིར་བལྟས་ཀྱི་རྣམ་པ་རྣམས་རྣམ་པར་དག་པའི་དེ་བཞིན་ཉིད་རྟོགས་པར་འགྱུར་ལ་དེ་ལ་ཡང་རྩོལ་བ་དང་བྲལ་བའི་བསྒོམ་དུ་མེད་པའི་རྣལ་འབྱོར་རིན་པོ་ཆེ་ལྟ་བུ་སྐྱེས་པ་ན་སྒོམ་པ་བདག་པོ་ལ་གཏད་ནས་སྙིང་རྗེ་རྩོལ་མེད་དུ་སྐྱེས་པས་གཞན་གྱི་དོན་ལྷུག་པར་བྱེད་པ་དཔའ་ཆེན་བྱང་ཆུབ་སེམས་དཔའི་ག་

(༦༥༥)སྐབས་ཡིན་ནོ་ཞེས་དམ་པ་སངས་རྒྱས་བཞེད་དོ། །དེ་ལ་ཚིགས་སུ་བཅད་པ་སྤྱེད་འོག་མས་ཇི་བསྟན་ཞེ་ན། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང་། །རང་བྱུང་རྣམས་ཀྱི་སྒྲིབ་རྣམས་བཞི། །དག་རྒྱུ་ལྷག་པར་མོས་པ་ལ། །སོགས་པའི་ཆོས་ནི་རྣམ་བཞི་ཉིད། །ཅེས་བྱ་བ་ནི་དོན་ཚང་ཡང་ཚིགས་སུ་བཅད་པའི་རྐང་པ་གཅིག་མ་ཚང་སྟེ། འདིར་རྒྱ་དཔེ་ལ་མ་ཚང་བ་མ་ཡིན་པས། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་པོ་དང་མུ་སྟེགས་དང་། །ཉན་ཐོས་དང་ནི་རང་བྱུང་གི །སྒྲིབ་པ་རྣམ་པ་བཞི་ཡིན་ཏེ། །དག་རྒྱུ་ལྷག་པར་མེད་པ་ལ། །སོགས་པའི་ཆོས་ནི་རྣམ་བཞི་ཉིད། །ཅེས་གདོན་པར་བྱའོ། །དེ་ལ་དོན་གསུམ་པོ་དེ་ལ་སྒྲིབ་པར་བྱེད་པ་རྣམ་པ་བཞི་ཡོད་དེ། འདོད་ཆེན་པ་རྣམས་ཀྱི་ཐེག་པ་ཆེན་པོའི་ཆོས་ལ་ཁོང་ཁྲོ་བ་དང་། མུ་སྟེགས་པ་རྣམས་ཀྱི་བདག་ཏུ་ལྟ་བ་དང་། ཉན་ཐོས་རྣམས་ཀྱི་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། རང་བྱུང་རྣམས་གྱི་སེམས་ཅན་གྱི་དོན་ལ་ལོས་པ་མེད་པ་ཉིད་དོ། །སྒྲིབ་པ་དེ་དག་དག་པར་བྱེད་པའི་རྒྱུ་ནི་ལྷག་པར་མོས་པ་དང་། སོགས་པ་གསེར་བ་དང་བསམ་གཏན་དང་སྙིང་རྗེ་སྟེ་ཁྱད་པར་གྱི་ཆོས་རྣམ་པ་བཞི་ཉིད་དོ། །མདོར་བསྡུ་ན་སེམས་ཅན་གྱི་ཚོགས་ན་སེམས་ཅན་རྣམ་པ་འདི་གསུམ་ཡོད་དེ་

(༦༥༦)སྲིད་པ་འདོད་པ་དང་། སྲིད་པ་དང་བྲལ་བ་འདོད་པ་དང་། དེ་གཉི་ག་མངོན་པར་མི་འདོད་པའོ། །ཞེས་བྱ་བ་ནི་སྒྲིབ་པ་མེད་པ་སངས་རྒྱས་ཁོ་ན་ཡིན་པས་སེམས་ཅན་ཐམས་ཅད་ནི་སྒྲིབ་པ་དང་བཅས་པའོ། དེ་ཐམས་ཅད་མདོར་བསྡུ་ན་སེམས་ཅན་གྱི་ཚོགས་ན་སེམས་ཅན་རྣམས་འདི་གསུམ་དུ་ངེས་ཤིང་དམིགས་པར་བྱར་ཡོད་དེ། སྲིད་པ་ཟག་པ་དང་བཅས་པའི་ཕུང་པོ་མངོན་པར་འདོད་པ་ཅན་དང་། སྲིད་པ་དེ་དང་བྲལ་བའི་དམན་པའི་མྱ་ངན་ལས་འདས་པ་འདོད་པ་ཁན་དང་། དེ་གཉི་ག་མངོན་པར་མི་འདོད་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགྱུར་བར་འདོད་པ་དང་ལྡན་པའོ། །དེ་ལ་སྲིད་པ་འདོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཐར་པའི་ལམ་དང་ཞི་འགྲས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་གྱི་སེམས་ཅན་འཁོར་བ་ཉིད་འདོད་ཀྱི་མྱ་ངན་ལས་འདས་པ་ནི་མ་ཡིན་པ་གང་དག་ཡིན་པ་དང་། དེར་ངེས་པར་ལྷུང་བའི་ཆོས་འདི་པ་ཉིད་དེ། དེ་དག་ལས་ཁ་ཅིག་ཐེག་པ་ཆེན་པོའི་ཆོས་ལ་སྣང་བ་སྟེ། གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་ང་ནི་དེ་དག་གི་སྟོན་པ་མ་ཡིན་ལ། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ། །ཤཱ་རིའི་བུ་དེ་དག་ནི་མུན་པ་བས་ཀྱང་ཆེས་མུན་པ། མུན་པ་ནས་མུན་པ་ཆེན་པོར་འགྲོ་བ། མུན་པ་ཆེན་པོ་དང་ལྡན་པ་ཞེས་དང་སྨྲའོ། །ཞེས་གསུངས་པའོ། ཞེས་བྱ་བ་ནི་དེ་ལ་སྲིད་པ་འདོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དེ་ལས་གཅིག་ནི་ཐར་པའི་ལམ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་རྟོགས་

(༦༥༧)ལ་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་མོས་པ་མེད་པ་ནི་མུ་སྟེགས་པ་དག་དང་ཁྱད་མེད་པ་ཡིན་ནོ། །ཞེས་གསུངས་པ་དང་། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་སྟེ། འདི་ལ་སྟོང་པ་ཉིད་དུ་ལྟ་བ་གང་དག་དེའི་རྣམ་པར་ཐར་པའི་སྒོ་ལ་ཡང་སྟོང་པ་ཉིད་དུ་ལྟ་བར་འགྱུར་བ་གང་གི་དབང་དུ་མཛད་ནས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བུའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་དག་ལྟ་མ་ཡིན་ནོ། །ཞེས་གསུངས་སོ། ཞེས་བྱ་བ་ནི་དེ་ལ་སྲིད་པ་དང་བྲལ་བ་འདོད་པ་ནི་རྣམ་པ་གཉིས་ཏེ། ཐབས་མ་ཡིན་པ་ལ་ཞུགས་པ་དང་། ཐབས་ལ་ཞུགས་པའོ། །དེ་ལ་ཐབས་མ་ཡིན་པ་ལ་ཞུགས་པ་ལ་ཡང་རྣམ་པ་གསུམ་སྟེ། མུ་སྟེགས་པ་དང་། གང་ཟག་ཏུ་སྨྲ་བ་དང་། མངོན་པའི་ང་རྒྱལ་ཅན་ནོ། །དང་པོ་ནི་སངས་རྒྱས་ཀྱི་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་ཙས་ཀ་ནི་མན་པ་སྟེ་བྱེ་བྲག་པའི་སློབ་དཔོན་འགའ་ཞིག་ལ་ཙས་ཀ་ཞེས་མིང་དུ་ཆགས་སོ། །དེའི་སློབ་མ་བརྒྱུད་པ་དག་ནི་ཙས་ཀ་པའོ། །འདིས་གཟེགས་ཟན་ལ་ལ་སོགས་པ་ཡང་མཚོན་ནོ། ཀུན་དུ་རྒྱུ་ནི་ཕྱི་རོལ་པའི་ནང་གི་རབ་ཏུ་བྱུང་བ་རྟགས་དང་ཆོ་ག་དང་ལྡན་པ་སློངས་མོས་འཆོ་བ་དག་གོ། གཅེར་བུ་པ་ནི་གོས་མེད་པ་།།།སྟེ་འདིའི་ནང་ཚན་འགའ་ཞིག་རང་གི་ཆོ་གས་སྡོམ་པ་གཟུང་ནས་དགེ་སློང་ཞེས་མིང་དུ་བརྗོད་པ་ཡོད་ཀྱང་འདོམས་དཀྲིས་ཙམ་ལས་གཞན་མི་འཆང་བའོ། །དེ་ལ་སེམས་པ་གྲངས་ཅན་པ་དང་དབང་ཕྱུག་པ་དང་ཁྱབ་འཇུག་པ་དང་སྤྱོད་པ་བ་ལ་སོགས་པ་ནང་གི་དབྱེ་བ་རྣམ་པ་དུ་མའི་མུ་སྟེགས་པ་

(༦༥༨)མང་པོ། རུམ་བརྒྱ་དྲུག་བཅུར་བཤད་པ་དག་གོ །དེ་དག་ལས་བྱེ་བྲག་པ་ནི། བློ་སོགས་བདག་གི་ཡོན་ཏན་བཅད། དྲུངས་ནས་ཕྱུང་བའི་རྣལ་འབྱོར་པ། ཡི་།།།བདག་ཅེས་གནས་པ་ནི། བྱེ་བྲག་པ་ཡིས་ཐར་པར་ཤེས། །ཞེས་འབྱུང་བའི་ཕྱིར་ཐར་པ་འདོད་དོ། །གྲངས་ཅན་ནི་དེ་ཙམ་ཉི་ཤུ་ལྔར་ཤེས་ནས། རལ་པའམ་བྱི་།།།བརྩོད་པན་གྱི། །ཆ་ལུགས་ཇི་ལྟར་གནས་ཀྱང་རུང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བས་ཐར་པ་འདོད་དོ། ཁ་བ་རྒྱས་པར་སོ་མེ་ཏོག་དང་། བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་གཟུང་བའི་དབྱིབས་འདྲ་བ། ཐར་པ་ཡིན་པར་རྒྱལ་བས་བཤད། ཅེས་བྱ་བས་གཅེར་བུ་པ་ཡང་ཐར་པ་འདོད་དོ། །རྒྱལ་དཔོག་པ་ནི་དྲི་མ་སེམས་ཀྱི་ཆོས་ཉིད་ཡིན་པས་གཏན་ཟད་པའི་ཐར་པ་ནི་མི་འདོད་མོད། གནས་སྐབས་དུ་ཉོན་མོངས་དང་བྲལ་བའི་ཐར་པ་ཡོད་ཅེས་གྲག་གོ། དབང་ཕྱུག་པ་དང་ཁྱབ་འཇུག་པ་དག་ནི་དེ་དག་གིས་ཐར་པའི་ལམ་སྟོན་པར་ཁས་བླངས་ནས་དེ་ལ་སློབ་པའི་ཕྱིར་ཐར་པ་འདོད་པ་ཡིན་ནོ། །ཀུན་དུ་རྒྱུ་ནི་བཞི་བརྒྱ་པར། ཐམས་ཅད་བཏང་བས་མྱ་ངན་ལས། འདའ་བར་ཡ་མཚན་ཅན་ཀུན་འདོད། །ཅེས་འབྱུང་བས་ཐར་པ་འདོད་པ་ཡིན་ནོ། །རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ཞེས་བྱ་བ་དག་ནི། སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག །མུན་པ་ལས་གཞན་གྱུར་པ་དེ་རིག་ན། གང་དུ་འཆི་བ་མེད་ཅིང་ཡང་སྲིད་མེད། །སྐྱེ་མེད་གནས་འགྲོ་བ་ལམ་གཞན་མེད། །ཅེས་སྐྱེས་བུ་ཆེན་པོ་ལ་ཐིམ་ནས་ཐར་པར་འདོད་དོ། །དེ་དག་

(༦༥༩)ལ་ཇི་ལྟར་རིགས་པར་དཀའ་ཐུབ་དང་དཀའ་སྤྱད་དང་ཚུལ་ཁྲིམས་དང་བསམ་གཏན་སྒོམ་པ་སོགས་ཡོད་ཀྱང་ཐར་པའི་ཐབས་མེད་པས་ཐར་པ་མེད་དེ། སློབ་དཔོན་ཨ་རྒྱན་དེ་བས། གང་ཞིག་གཏོང་ཐབས་མི་ཤེས་དེས། ཇི་ལྟར་ཐར་པར་བྱེད་པར་འགྱུར། ཞེས་གསུངས་པ་ཡིན་ལ། ཐར་པའི་ལམ་དངོས་ནི་བདག་མེད་པ་རྟོགས་པ་ཁོ་ན་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས་དེ་བཞིན་གཤེགས་པའི་ཉི་མའི་གསུང་འོད་ཀྱིས། སྣང་ལྡན་མྱ་ངན་འདས་གྲོང་ལམ་གཅིག་དུ། བདག་མེད་འཕགས་པ་སྟོང་གིས་བགྲོད་པ་འདི། ཕྱེ་ཡང་དམན་པའི་མིག་གིས་མི་མཐོང་ངོ་། ཞེས་གསུངས་པའི་ཕྱིར་དང་། སློབ་དཔོན་ཐོགས་མེད་ཀྱིས་མུ་སྟེགས་བྱེད་ཀྱིས་མུ་།།།ལྟ་བ་གང་ཅི་ཡང་རུང་བ་དེ་དག་ནི་བདག་ཏུ་སྨྲ་བ་ལས་གྱུར་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། གཉིས་པ་ནི་དེ་དང་མཐུན་པར་སྤྱོད་པ་ཆོས་འདི་པ་ཉིད་དད་པ་ཡོད་ཀྱང་གཟུང་དཀའ་བ་འཛིན་པ་སྟེ། ཞེས་པ་ལ། དེ་དང་མཐུན་པ་ནི་མུ་སྟེགས་དེ་དག་དང་མཐུན་པར་བདག་ཏུ་སྨྲ་ཞིང་སྤྱོད་པའོ། །དད་པ་ཡོད་ཀྱང་ཞེས་པ་ནི་སངས་རྒྱས་དང་དེའི་གསུང་རབ་དང་དགེ་འདུན་ལ་དད་པས་སྐྱབས་སུ་སོང་སྟེ་ཚུལ་ཁྲིམས་ཀྱི་བསླབ་པ་འཛིན་པར་བྱེད་པའོ། །ཀྱང་ནི་བཟློག་པའི་དོན་ཏེ་གཟུང་དཀའ་བ་འཛིན་པ་ནི་ཉེས་པར་གཟུང་བ་འཛིན་པ་ཞེས་བསྒྱུར་བ་འཐད་དེ་ནང་གི་གང་ཟག་ཏུ་སྨྲ་བ་རྣམས། བསླབ་པ་གསུམ་ནི་རབ་སྟོན་ཞིང་། ཕྱག་རྒྱ་བཞི་དང་ཡང་དག་ལྡན། ཐོག་མ་བར་དང་མཐར་དགེ་བ། སངས་རྒྱས་གསུང་དུ་མཁས་

(༦༦༠)པས་རྟོགས། ཤེས་བྱ་བས་སངས་རྒྱས་ཀྱི་གསུང་ཐམས་ཅད་བདག་མེད་པའི་ཕྱག་རྒྱས་བཏབ་པར་གསུངས་པ་ལ་ཉེས་པའམ་ལོག་པར་གཟུང་སྟེ་ཕྱག་རྒྱ་འདི་ནི་མུ་སྟེགས་བྱེད་ཀྱི་ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བ་ལ་གསུངས་པ་ཡིན་ནོ་ཞེས་བརྗོད་ཅིང་། གང་ཟག་ཅེས་བྱ་བའི་ཐབས་ཀྱིས་བདག་ཏུ་སྨྲ་བར་བྱེད་པའོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དོན་དམ་པ་སྟོང་པ་ཉིད་ཆེན་པོ་ལ་མོས་པ་མེད་པས་དེ་སྟོན་པའི་མདོ་ཡང་དག་པ་མ་ཡིན་ཞེས་སྨྲ་ཞིང་། བདག་མེད་པ་གསལ་པོར་སྟོན་པའི་མདོ་མཐོང་བ་ན་འདི་ནི་ཁོ་བོ་ཅག་མི་འདོན་ཏོ་ཞེས་སྨྲ་ལ། འཇུག་པར་ཁ་ཅིག་གཟུགས་སོགས་དེ་ཉིད་རྟག་མི་རྟག །སོགས་བརྗོད་མེད་དེ་གང་ཟག་རྫས་ཡོད་འདོད། རྣམ་ཤེས་དྲུག་གི་ཤེས་བྱར་དེ་འདོད་ཅིང་། དེ་ནི་སར་འཛིན་གཞིར་ཡང་འདོད་པ་ཡིན། ཞེས་བྱ་བའི་ཚུལ་འདིས་གང་ཟག་རྫས་སུ་ལྟ་བ་སྟེ། དེ་ལྟ་བུ་དག་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་མོས་པ་མེད་པ་ནི་མུ་སྟེགས་པ་དག་དང་ཁྱད་མེད་པ་ཡིན་ནོ་ཞེས་གསུངས་པ་ནི་ཐར་པའི་ལམ་མེད་པར་ཁྱད་པར་མེད་པའོ། གསུམ་པ་ནི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་དེ་ཡིན་ཏེ། མངོན་པ་ནི་ཐོབ་པའི་དོན་དུ་དུལ་བ་ལྷས་བཤད་པས་སྟོང་པ་ཉིད་ཀྱི་རྟོགས་པ་མ་ཐོབ་ཀྱང་ཐོབ་པར་ང་རྒྱལ་བའོ། སྟོང་པ་ཉིད་དུ་ལྟ་བ་གང་དག་སྟོང་པ་ཉིད་དེའི་རྣམ་པར་ཐར་པའི་སྒོ་ལ་དཔྱོད་པ་ཞུགས་པ་ན་སྔར་འདོད་ཆགས་སོགས་དངོས་པོའི་ངོ་བོར་གྱུར་ནས་ཡང་སྟེ་ཕྱིས་མེད་པར་གྱུར་པ་ལ་འདི་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ཡིན་ནོ་

(༦༦༡)པ་ཡིན་ལ། དེ་དག་ལས་ཀྱང་སྡུག་བསྔལ་གྱི་རྣམ་པ་དང་བདག་མེད་པའི་རྣམ་པ་ཐོས་ན་སྐྲག་པར་འགྱུར་བས་ཞེ་འགྲས་པ་ལྟ་བུར་གྱུར་པ་རིགས་ལས་ནི་ཡོངས་སུ་མྱ་ངན་ལས་ཡི་འདའ་བའི་རིགས་ཅན་ཏེ་གང་གི་སྐྱེ་མཆེད་དྲུག་པོ་ཐམས་ཅད་ལ་སངས་རྒྱས་དང་འདྲ་བའི་ཆ་ཕྲ་མོ་ཡོད་ཀྱང་འཁོར་བ་ཉིད་འདོད་པའི་འདྲ་བ་ཤིན་ཏུ་བརྟན་པོས་ཟིལ་གྱིས་མནན་པས་སེམས་ཅན་དེ་ལ་མྱ་ངན་ལས་མི་འདའ་ཞེས་དམན་པ་ལ་དགག་པའི་སྒྲ་སྦྱར་བ་རིགས་དེའི་དབང་གིས་འཁོར་བ་ཉིད་འདོད་ཀྱི་མྱ་ངན་ལས་འདས་པ་ནི་འདོད་པ་མ་ཡིན་ཞིང་ཐེ་ཚོམ་ཙམ་ཡང་མེད་པ་གང་དག་ཡིན་པ་དག་གོ། གཉིས་པ་ནི་ཆོས་འདི་པ་གང་ཐར་པར་འདོད་པའི་བློ་ཅུང་ཟད་ཡོད་ཀྱང་འཁོར་བ་ཉིད་ལ་དགའ་བ་དེར་ངེས་པར་ལྷུང་བའོ། །དེ་ཡང་སུ་ཞིག་ཡིན་ན་ཆོས་འདི་པ་དེ་དག་ལས་སྡེ་པ་བཅུ་བརྒྱད་ཀྱི་ནང་དུ་གཏོགས་པ་ཁ་ཅིག་སྟེ། གང་གི་སྟོབས་ཀྱིས་ལྷུང་ན་ཐེག་པ་ཆེན་པོའི་ལུང་དང་རྟོགས་པའི་ཆོས་ལ་སྡང་བ་སྟེ། དེ་ཡང་རྟོགས་པ་ལ་ནི་འདི་འདྲ་བ་མི་སྲིད་དོ་སྙམ་པ་དང་། ལུང་ལ་ནི་རང་བཟོར་བྱས་ཀྱི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་སྙམ་ནས་དེའི་ལས་རྫོགས་པ་དག་གོ། །དེ་གཉི་ག་ལ་སྲིད་པ་ལ་འདོད་པའི་འདོད་ཆགས་ཤིན་དུ་བརྟན་པ་ཡོད་ལ། དང་པོའི་རྒྱུ་ནི་གཏི་མུག་ཤས་ཆེ་ལ། གཉིས་པའི་རྒྱུ་ནི་ཞེ་སྡང་ཤས་ཆེའོ། གྲུབ་པའི་མཐའ་ལ་རྒྱང་པན་པ་ནི་གཉི་གའི་ཆར་གཏོགས་ཏེ། འདོད་ཆེན་པོ་ཁོ་ནའོ། །ཐེག་པ་ཆེན་པོའི་ཆོས་ལ་སྡང་བའི་གང་ཟག་གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་སྣང་བ་ནས་སྣང་བའི་མཐར་ཐུག་པ་

(༦༦༢)མུན་པ་ནས་མུན་པའི་མཐར་ཐུག་པ་དང་། དང་། སྣང་བ་ལས་མུན་པའི་མཐར་ཐུག་པ་དང་། མུན་པ་ལས་སྣང་བའི་མཐར་ཐུག་པ་བཞི་བཀའ་སྩལ་པ་ལས་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་ཞེས་བྱ་དེ་དག་ནི་ཆོས་དང་དེ་སྟོན་པའི་དགེ་འདུན་ལ་སྣང་བས་སྐྱབས་གཉིས་ལས་ཉམས་ཏེ་འདི་སྐད་ཅེས་ང་ལ་སྐྱབས་སུ་འགྲོ་བའི་ཚིག་དང་དར་སྨིག་འཛིན་ཡང་སྐྱབས་གཉིས་པར་ས་པས་ངས་མི་སྐྱོབ་པའི་ཕྱིར་ང་ནི་དེ་དག་གི་སྟོན་པ་མ་ཡིན་ལ། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ཏེ། དེ་དྲག་ཐར་པ་ལ་།།།དུ་ཞེས་བས་ནས་དེ་དག་ནི་སྡུག་བསྔལ་གྱི་གནས་མུན་པ་ཅན་གྱི་ངན་སོང་ལས་ཆོས་མུན་པར་གྱུར་པ་དམྱལ་བར་ལྷུང་ཞིང་། མུན་པ་ཆེན་པོའི་དམྱལ་བ་དེ་མས་འཇིག་རྟེན་གྱི་ཁམས་ཞག་ཀྱང་འཇིག་རྟེན་གཞན་གྱི་མུན་པ་ཆེན་པོར་འགྲོ་བ། མུན་པ་ཆེན་པོ་དང་ལྡན་པ་ནི་མུན་པ་ཆེན་པོ་དང་བརྒྱུད་མར་འབྲེལ་བའོ། །ཞེས་ང་སྨྲའོ་ཞེས་གསུངས་པའི་ཡུལ་ལོ་།།།སངས་པས་དམྱལ་བ་བརྒྱུད་མར་འགྱུར་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་གསུངས་སོ། །དེ་ལ་སྲིད་པ་དང་བྲལ་བ་འདོད་པ་ནི་རྣམ་པ་གཉིས་ཏེ་ཐབས་མ་ཡིན་པ་ལ་ཞུགས་པ་དང་། ཐབས་ལ་ཞུགས་པའོ། །དེ་ལ་ཐབས་མ་ཡིན་པ་ལ་ཞུགས་པ་ལ་ཡང་རྣམ་པ་གསུམ་སྟེ། འདི་ལས་ཕྱི་རོལ་དུ་གྱུར་པ་ཙས་ཀ་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་ལ་སོགས་པ་རྣམ་པ་དུ་མའི་མུ་སྟེགས་པ་མང་པོ་དང་། དེ་དང་མཐུན་པར་སྤྱོད་པ་ཆོས་འདི་པ་ཉིད་དད་པ་ཡོད་ཀྱང་གཟུང་དཀའ་བ་འཛིན་པ་སྟེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དོན་དམ་པ་ལ་མི་མོས་པ་གང་ཟག་ཏུ་ལྟ་བ་སྟེ། གང་

(༦༦༣)ཞེས་ལྟ་བར་འགྱུར་བ་གང་གི་དབང་དུ་མཛད་ནས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་རི་རབ་ལྟར་ཤིན་ཏུ་བརྟན་པ་སྟེ་དེ་ནི་བླ་སྟེ་མཆོག་ཡིན་གྱི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་ཏེ། གང་ཟག་ཏུ་སྨྲ་བ་ལས་དམན་པ་ཡིན་ནོ། །འདི་ཡང་དབུ་མ་སྣང་བ་ལས། གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་འདི་དང་ཇི་ལྟར་འགལ་བར་མི་འགྱུར་ཞེ་ན། འདི་དང་ཡང་མི་འགལ་བ་ཉིད་དེ། གང་ཞིག་དངོས་པོ་རྣམས་དོན་དམ་པར་ཡོད་པར་ཁས་བླངས་ནས་ཡང་དེ་དག་མེད་པར་རྟོག་པར་བྱེད་ཅིང་། འདི་ལྟར་གང་དག་གཞིག་པའི་ཕྱིར་སྟོང་པ་ཉིད་བསྟན་པའི་འདོད་ཆགས་ལ་སོགས་པ་ནི་ཡང་དག་པར་ཡོད་པ་ཁོ་ནའོ་སྙམ་དུ་རྟོག་པར་བྱེད་པ་དེ་དག་སྔར་ཡོད་པར་ཡོངས་སུ་བརྟགས་ནས་ཕྱིས་མེད་པར་ཡོངས་སུ་འཛིན་ན། ཡོད་པ་དང་མེད་པའི་མཐར་ལྷུང་བའི་ཕྱིར་སྟོང་པ་ཉིད་ཀྱི་དོན་གཉིས་དང་བྲལ་བ། སྤྲོས་པ་མ་ལུས་པ་ཉེ་བར་ཞི་བར་ཁོང་དུ་མ་ཆུད་པས་མངོན་པའི་ང་རྒྱལ་ཅན་ཞེས་བྱའོ། །།།ལུས་པ་ཉེ་བར་ཞི་བར་ཁང་དུ་མ་ཆུད་པས་མངོན་པའི་ང་རྒྱལ་ཅན་།།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལྟ་བ་དེ་བཀག་པས་དོན་དམ་པ་ཡོད་པ་དང་མེད་པ་ལ་སོགས་པ་སྤྲོས་པའི་དྲ་བ་མཐའ་དག་དང་བྲལ་བ་རྟོགས་པ་ཁོ་ན་ལ་སྦྱོར་བར་མཛད་པ་ཡིན་ནོ། །འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་མདོ་གཞན་དག་ལས་ངེས་པར་

(༦༦༤)མཛད་དེ། འཕགས་པ་ལང་ཀར་གཤེགས་པ་ལས་ཇི་སྐད་དུ། བློ་གྲོས་ཆེན་པོ་འཇིག་རྟེན་འདི་ནི་གཉིས་ལ་གནས་པ་སྟེ། འདི་ལྟ་སྟེ་ཡོད་པ་ཉིད་ལ་གནས་པ་དང་མེད་པ་ཉིད་ལ་གནས་པའོ། ཡོད་པ་དང་མེད་པ་ལ་བདུན་པའི་ལྟ་བར་ལྷུང་བ་ནི་ངེས་པར་མི་འབྱུང་བ་ལ་ངེས་པར་འབྱུང་བའི་བློ་ཅན་ཡིན་ནོ། །བློ་གྲོས་ཆེན་པོ་ངོ་ལ་ཇི་ལྟར་འཇིག་རྟེན་ཡོད་པ་ཉིད་ལ་གནས་པ་ཡིན་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་ནི་རྒྱུ་དང་རྐྱེན་མེད་པ་ལས་སྐྱེའི་ཡོད་པ་ལས་ནི་མ་ཡིན་ནོ། ཡོད་པ་སྐྱེའི་མེད་པ་ནི་མ་ཡིན་ནོ། །ཞེས་ཟེར་ཏེ། བློ་གྲོས་ཆེན་པོ་དེ་སྐད་དུ་སྨྲ་བ་ན། དངོས་པོ་རྣམས་དང་རྒྱུ་དང་རྐྱེན་རྣམས་དང་འཇིག་རྟེན་ཡང་རྒྱུ་མེད་པའི་ཡོད་པ་ཉིང་དུ་སྨྲ་བ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་མེད་པ་ཉིད་ལ་གནས་པ་ཡིན་ཞེ་ན། འདི་ལྟ་སྟེ་ འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཁས་བླངས་ནས་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མེད་པར་རྟོག་པར་བྱེད་དོ། །བློ་གྲོས་ཆེན་པོ་དངོས་པོ་རྣམས་དངོས་པོའི་མཚན་ཉིད་ཀྱིས་དབེན་པའི་ཕྱིར་ཡོད་ལ་ཉིད་དུ་ཁས་མི་ལེན་པ་གང་ཡིན་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཁས་མི་ལེན་པ་གང་ཡིན་པ་འདི་ལས་བློ་གྲོས་ཆེན་པོ་གང་ཞིག་རྣམ་པར་འཇིག་པར་བྱེད་པ་ཡིན། བློ་གྲོས་ཆེན་པོས་གསོལ་བ། བཅོམ་ལྡན་འདས་གང་ཞིག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཁས་བླངས་ནས་ཁས་ལེན་པར་མི་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་

(༦༦༥)གང་ཁྱོད་ཀྱིས་དེ་ལྟར་ཤེས་པ་ནི་ལེགས་སོ་ལེགས་སོ། བློ་གྲོས་ཆེན་པོ་འདི་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡོད་པ་དང་མེད་པའི་སོར་ནས་ཀྱང་རྣམ་པར་འཇིག་པར་བྱེད་པ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་དེ་ཀྱང་རྣམ་པར་འཇིག་པར་བྱེད་པ་ཡིན་ནོ། ཞེས་གསུངས་སོ། དེ་ལ་ཐབས་ལ་ཞུགས་པ་ལ་ཡང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་དང་མཐུན་པ་ཡང་དག་པའི་ངེས་པ་ཉིད་དུ་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་མཐུན་པའོ། །ཞེས་བྱ་བ་ལ། ཐབས་ལ་ཞུགས་པ་ལ་ཡང་རྣམ་པ་གཉིས་ཏེ། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ནི་འདིས་ཐེག་པར་བྱེད་པ་མཐོང་བའི་ལམ་ཟག་པ་མེད་པ་དང་། སྒོམ་པའི་ལམ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་སོ། །འདིར་ཐེག་པ་ནི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །དེ་དང་མཐུན་པས་དང་དག་པའི་ངེས་པ་ཉིད་དུ་ཞུགས་པ་ནི་གང་ཟག་གི་བདག་མོད་པར་རྟོགས་པ་ཐར་པའི་ཆ་དང་མཐུན་པ་དང་ངེ་འབར་འབྱེད་པའི་ཆ་དང་མཐུན་པའོ། །རང་སངས་རྒྱས་ཀྱི་ཐེག་པ་དང་མཐུན་པ་ཡང་དེ་ལྟ་བུ་ཉིད་ཀྱིས་བཤད་པར་བྱའོ། །ངེས་པར་ཞུགས་པར་གྱུར་པའི་ཚུལ་ནི་དེ་ཡིན་ལ། མ་ངེས་པ་ནི་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཡང་སྦྱོར་བ་ཉན་ཐོས་ཀྱི་ལམ་དང་མཐུན་པར་གང་ཟག་གི་བདག་མེད་པ་ཙམ་ལ་ཞུགས་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་བྱེད་པ་ཡང་ཡོད་དེ། མདོ་སྡེ་རྒྱན་ལས། ཉན་

(༦༦༦)ཐོས་མ་ངེས་རྣམ་གཉིས་ཏེ། ཐེག་དོན་མཐོང་དང་མཐོང་བའོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ། སྲིད་པ་དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དག་དང་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ན། །སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད། ཅིག་ཤེས་ཕྱིར་མི་འོང་བ་དང་། ལྡན་ཕྱིར་སྤྲུལ་པ་རབ་ཏུ་སྒྲུབ། ཅེས་གསུངས་ཏེ་བོད་ཀྱི་དགེ་བའི་བཤེས་གཉེན་མང་པོས་མདོ་སྡེའི་རྒྱན་ལས་གསུངས་པའི་ཉན་ཐོས་མ་ངེས་པ་ཞེས་བྱ་བ་འདི་དག་ཉན་ཐོས་ཉིད་ཡིན་པར་འཆད་མོད། གནོད་འཇོམས་སུ་སྨོན་པའི་སོགས་བསྐྱེད་མ་བཏང་ཞིང་ལམ་ཉན་ཐོས་ཀྱི་ལམ་ལ་གནས་པར་བཤད་པ་ཉིད་རིགས་པར་མཐོང་སྟེ། དམ་པའི་ཆོས་པད་མ་དཀར་པོ་ལས་ཤཱ་རིའི་བུ་དང་འོད་སྲུང་ལ་སོགས་པའི་དགྲ་བཅོམ་པ་རྣམས་ཀྱང་སྨོན་པ་སེམས་བསྐྱེད་པ་མ་བཏང་བས་སྟོན་པས་ངའི་བུ་ཡིན་ནོ་ཞེས་ཞལ་གྱིས་བཞེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལས་འགའ་ཞིག་ཐབས་ལ་ཞུགས་པའི་ཉན་ཐོས་དང་མཐུན་པ་ཡང་ཡོད་པས་དེ་ནི་གཉི་ག་མི་འདོད་པའི་གྲངས་སུ་མི་བགྲང་ངོ་། ཉི་མའི་དཀྱིལ་འཁོར་འོད་འབར་བ། མིག་མེད་པས་ནི་མཐོང་བ་མེད། །ཅེས་པའི་འགྲེལ་བར། དེ་ལ་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་ནི་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་དོན་གྱི་ཚུལ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཉམས་པ་དག་ལ་བརྗོད་དོ། །གང་དག་ཡོད་པའི་ཆོས་ཉིད་དུས་ཕྱིས་རྒྱུན་ཆད་ཅིང་ཞིག་པ་ཡོངས་སུ་མྱ་ངན་ལས་འདས་པའོ་

(༦༦༧)ཞེས་དངོས་པོ་གཞིག་པའི་ཕྱིར་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་འདོད་པའམ་ཡང་གང་དག་གང་ཞིག་རྟོགས་པར་བྱ་བ་དང་སྒོམ་པར་བྱ་བ་སྟོང་པ་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པ་ལས་ཐ་དད་པའི་དངོས་པོ་ཡོད་པ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་དམིགས་ནས་སྟོང་པ་ཉིད་ལ་བརྟེན་པའོ། །ཞེས་གསུངས་པའི་གང་ཟག་འདི་གཉིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་དུ་ཟིན་ཀྱང་ཐབས་མ་ཡིན་པ་ལ་ཞུགས་པའི་གྲངས་སུ་བགྲང་དགོས་པར་སེམས་སོ། །ཡང་བྱང་ཆུབ་སེམས་དཔའ་གང་ཆོས་ཡོང་བའི་ལས་བྱས་པས་དམྱལ་བར་འཇུག་པ་དེ་དག་ཀྱང་སྲིད་པ་ལ་མངོན་པར་དགའ་བའི་གྲངས་སུ་ངེས་པར་བགྲང་ཞིང་། ཐེག་པ་ཆེན་པོའི་གསུངས་བ་ཡོང་བ་མ་ཡིན་ཀྱང་སྟོང་པ་ཉིད་།།།སྤངས་པས་དམྱལ་བར་འགྲོ་དགོས་པ་དག་ཀྱང་སྣང་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་པས་།།།བར་མཐོངས་ཕྱེ་ནས་དེ་འཆི་བའི་དུས་བྱས་པ་དང་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་སྟེ། དེ་ནི་སྟོང་པ་ཉིད་ལ་མ་དད་ཅིང་སྟོང་པ་ཉིད་དུ་སྨྲ་བ་ལ་ཁོང་ཁྲོ་བ་བྱས་པ་ཡིན་ནོ། ཞེས་གསུངས་པ་ལྟར་རོ། དེ་གཉི་ག་མངོན་པར་མི་འདོད་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་མཆོག་ཏུ་དབང་པོ་རྣོན་པོའི་སེམས་ཅན་ཏེ། གང་དག་འདོད་ཆེན་པ་བཞིན་དུ་འཁོར་བ་ཡང་མི་འདོད་ཅིང་མུ་སྟེགས་པ་ལ་སོགས་པ་ལྟར་ཐབས་མ་ཡིན་པ་ལ་ཞུགས་པ་ཡང་མ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་ལྟར་ཐབས་དང་ལྡན་པར་གཏོགས་པ་ཡང་མ་ཡིན་ཏེ། འོན་ཀྱང་

(༦༦༨)།།།མྱ་ངན་ལས་འདས་པ་མཉམ་པ་ཉིད་ཐོབ་པའི་ལམས་ཞགས་།།།འཁོར་བ་དང་མྱ་ངན་ལས་འདས་དང་མཉན་པ་ཉིད་ཐོབ་པའི་ལམ་དུ་ཞུགས་པ་སྟེ། །དེ་དག་ནི་མ་གནས་པའི་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཐབ་པའི་ལམ་དུ་ཞུགས་སྟེ། དེ་དག་ནི་མི་གནས་མྱ་ངན་ལས་འདས་པ་བརྟེན་པའི་པ་ཅན་ཉེ་བར་ཉོན་མོངས་དང་།།།པའི་འཁོར་བ་ལ་བརྟེན་པའི་སྦྱོར་བ་ཅན། སྙིང་རྗེ་དང་ལྡག་པའི་བསམ་པ་བརྟན་པས་རབ་ཏུ་གནས་པ། རྩ་བ་ཡོངས་སུ་།།།མ་ཡིན་ཏེ། དེ་ལ་སེམས་ཅན་གང་དག་སྲིད་པ་འདོད་པ་འདོད་ཆེན་པ་དང་། དེར་ངེས་པར་ལྷུང་བའི་ཆོས་འདི་པ་ཉིད་དེ། དེ་གཉིས་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། གང་དག་སྲིད་པ་བྲལ་བར་འདོད་ཀྱང་ཐབས་མ་ཡིན་པ་ལ་ཞུགས་པ་དེ་དག་ནི་མ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། །གང་དག་སྲིད་པ་དང་བྲལ་བ་འདོད་ལ་ཐབས་ལ་ཞུགས་པ་དང་། དེ་གཉིས་མི་འདོད་པ་།།།ཉམས་པ་ཉིད་ཐོབ་པའི་ལམ་དུ་ཞུགས་པ་དེ་དག་ནི་ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། ཞེས་བྱ་བ་ལ་གསུམ་པ་དེ་གཉི་ག་མངོན་པར་མི་འདོད་པ་ནི་ཐབས་དང་ཤེས་རབ་ཀྱིས་ཉིད་ཐེག་པ་ཆེན་པོ་ལ་བསམ་པ་ངེས་པས་ཡང་དག་པར་གནས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ནས་ཀྱང་མཆོག་ཏུ་དབང་པོ་རྣོན་པོའི་སེམས་ཅན་ཞེས་བྱ་བས་རིགས་མ་ངེས་པ་ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་པ་དང་སྟོང་པ་ཉིད་ལ་ལོག་པར་ཞུགས་པ་དག་གཅོད་དོ། །གཉི་ག་མི་འདོད་པ་ནི་བདག་མེད་པར་ཤེས་ཀྱང་གང་དག་འདོད་ཆེན་པ་བཞིན་དུ་འཁོར་བ་ཡང་མི་འདོད་ཅིང་། མུ་སྟེགས་པ་དང་སོགས་པ་རང་སྡེ་གང་ཟག་

(༦༦༩)ཏུ་སྨྲ་བ་ལྟར་ཐབས་མ་ཡིན་པ་བདག་ཏུ་ལྟ་བ་ལ་ཞུགས་པ་ཡང་མ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་ལྟར་བདག་མེད་པའི་ཐབས་དང་ལྡན་པར་གཏོགས་ཀྱང་སེམས་ཅན་ལ་མི་ལྟ་བ་མ་ཡིན་ཏེ། འོན་ཀྱང་འཁོར་བ་ཡིད་ཀྱི་རང་བཞིན་གྱི་ལུས་དང་མྱ་ངན་ལས་འདས་པ་འགོག་པ་ལ་ཞུགས་པ་ཆ་མཉམ་པ་ཉིད་དུ་ཐོབ་པར་གྱུར་པའི་ལབ་པས་དྲུག་པ་ལ་སོགས་པར་ཞུགས་པ་སྟེ། དག་ནི་འཁོར་འདས་གཉི་གར་མི་གནས་པའི་མྱ་ངན་ལས་འདས་པ་ལ་བརྟེན་པ་སྟེ་ཐོབ་བྱར་དམིགས་པའི་བསམ་པ་ཅན། ཁམས་གསུམ་གྱི་ཉེ་བར་ཉོན་མོངས་པ་མེད་པའི་འཁོར་བ་ཡིད་ཀྱི་འདུས་གསུམ་ལ་རྟེན་ཞིང་དམིགས་པའི་ལས་ཀྱི་སྦྱོར་བ་ཅན་ཏེ། བསམ་པས་འཁོར་བའི་མཐའ་ལ་མི་གནས་ཤིང་། སྦྱོར་བས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པ། སེམས་ཅན་ལ་སྙིང་རྗེ་དང་སངས་རྒྱས་ཀྱི་ཆོས་ལ་ལྷག་པའི་བསམ་པ་བརྟན་པས་རབ་ཏུ་གནས་པ་སྟེ་མཐའ་གཉིས་ལ་གནས་པ་བཀག་པ་ཙམ་མ་ཡིན་གྱི་མཐའ་གཉི་ག་རྣམ་པར་གནོན་པའོ། །རྩ་བ་ཟག་པ་དང་བཅས་པའི་ཕུང་པོ་ལྔ་པོ་མེད་པ་ཀུན་ཏུ་རྟོག་པས་ཡོངས་སུ་དག་པ་ཡིན་ནོ། །ཕུང་པོ་གསུམ་ནི་འགྲེལ་པ་ཉིད་ཤིན་དུ་གསལ་བས་བཤད་པ་མི་དགོས་སོ། དེ་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པའི་སེམས་ཅན་སྒྲིབ་པ་མེད་པར་གཏོགས་པ་མི་གཏོགས་པ་གཞན་སེམས་ཅན་རྣམ་པ་བཞི་པོ་འདི་དག་འདི་ལྟ་སྟེ་འདོད་ཆེན་པོ་དང་། མུ་སྟེགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཏེ། དེ་དག་ལ་ནི་དེ་བཞིན་གཤེགས་

(༦༧༠)པའི་ཁམས་མི་རྟོགས་པ་དང་མངོན་སུམ་དུ་བྱེད་པར་མི་འགྱུར་བའི་སྒྲིབ་པ་འདི་བཞི་ཡང་དག་པར་གནས་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསྒོམ་པ། ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་འདོད་ཆེན་པ་རྣམས་ཀྱི་སྒྲིབ་པ་དང་། གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་ཆོས་རྣམས་ལ་བདག་ཏུ་ལྟ་བ་གཞན་མུ་སྟེགས་བྱེད་རྣམས་ཀྱི་སྒྲིབ་པ་དང་། གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་སྒོམ་པ། འཁོར་བ་ལ་སྡུག་བསྔལ་བར་འདུ་ཤེས་ཤིང་སྡུག་བསྔལ་གྱིས་འཇིགས་པ་ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱི་སྒྲིབ་པ་དང་། གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོ་སྒོམ་པ། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོག་ཤིང་། སེམས་ཅན་གྱི་དོན་ལ་མི་ལྡོས་པ་ཉིད་རང་སངས་རྒྱས་ཀྱི་ཐེག་པ་ལ་རྣམས་ཀྱི་སྒྲིབ་པ་སྟེ། གང་གི་གཉེན་པོར་མོས་པ་ལ་སོགས་པའི་ཆོས་འདི་བཞི་བསྒོམས་ནས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་དོན་ཆོས་ཀྱི་སྐུ་རྣམ་པར་དག་པ་མཐར་ཕྱིན་པ་ཐོབ་པར་འགྱུར་བ་སེམས་ཅན་རྣམ་པ་བཞིའི་སྒྲིབ་པ་ནི་རྣམ་པ་བཞི་པོ་འདི་དག་ཡིན་ནོ། ཞེས་བྱ་བ་དེ་ལ་ད་ལྟ་ཉིད་དུ་བཤད་པའི་སེམས་ཅན་མཐའ་དག་སྲིད་པ་ཉིད་འདོད་པ་དང་སྲིད་པ་དང་བྲལ་བར་འདོད་པ་དང་། དེ་གཉི་ག་མངོན་པར་མི་འདོད་པ་ཞེས་བྱ་བའི་ཚོགས་གསུམ་དུ་བཅད་པ་ལས་ཚོགས་སྔ་མ་གཉིས་སྒྲིབ་པ་བཞི་པོའི་རྟེན་དུ་འདོད་ཀྱི་ཕྱི་མ་ནི་

(༦༧༡)རྟེན་མ་ཡིན་ནོ། ཡང་དག་པ་དང་ལོག་པ་དང་མ་ངེས་པའི་ཚོགས་གསུམ་དུ་བཤད་པ་ལས་ཕྱི་མ་གཉིས་ནི་སྒྲིབ་པའི་རྟེན་ཉིད་ཡིན་ལ། ཡང་དག་པར་ངེས་པ་ལ་ནི་རྟེན་ཡིན་པ་དང་མ་ཡིན་པ་གཉིས་ཡོད་དོ། དེ་ལྟར་ནས་སེམས་ཅན་གྱི་ཚོགས་གསུམ་དུ་བཅད་པ་དེ་ལ་ཐེག་པ་ཆེན་པོ་ལ་གནས་པ་ཙམ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ཡིན་ལ། ཡང་དག་པར་རབ་ཏུ་གནས་པ་ནི་དོན་དམ་པའི་།།།སེམས་བསྐྱེད་པས་གནས་པའོ། །དེ་ལྟ་བུའི་སེམས་ཅན་སྒྲིབ་པ་མེད་པ་ནི་དོན་དམ་པའི་མི་སྟེ། དེ་རྟོགས་པ་དང་ལྡན་པ་དག་ནི་འདིར་སྒྲིབ་པ་བཞི་པོའི་རྟེན་དུ་མ་གཏོག་པ་གཞན་སེམས་ཅན་རྣམ་པ་བཞི་པོ་འདི་དག་འདི་ལྟ་སྟེ། འདོད་ཆེན་པ་དང་རྒྱང་པན་མ་གཏོགས་པའི་མུ་སྟེགས་པ་དང་ཉན་ཐོས་པ་དང་རང་སངས་རྒྱས་ཏེ་བཞི་པོ་དེ་དག་ལ་ནི་གང་གིས་བསྒྲིབས་ཤིང་གེགས་བྱས་པས་དེ་བཞིན་གཤེགས་པའི་ཁམས་ས་བཅུ་རྣམས་སུ་རྟོགས་པ་ལས་བཟློག་སྟེ་མི་རྟོགས་པ་དང་། སངས་རྒྱས་ཀྱི་སར་ཡང་དག་པའི་མཐའ་མངོན་དུམ་དུ་བྱེད་པར་མི་འགྱུར་བས་སྒྲིབ་ཅིང་གེགས་བྱེད་པ་བཞི་པོ་འདི་ཡང་དག་པར་གནས་པས་ན་སྒྲིབ་པ་ནི་གནས་པའམ་རྟེན་པ་ཡིན་ལ། གང་ཟག་བཞི་ནི་རྟེན་ནོ། སྒྲིབ་པ་བཞི་པོ་གང་དག་ཡིན་ཞེ་ན། བཞི་པོ་འདི་དག་ནི་རང་གི་ངོ་བོ་གང་ཡིན་པ་རྟེན་གང་ལ་གནས་པ་སྟེ་དོན་གསུམ་གསུམ་གྱིས་རྣམ་པར་བཤད་པར་བྱའོ་།།།ཕྱེ་མ་གཉིས་ནི་སྒྲིབ་པའི་རྟེན་ཉིད་ཡིན་ལ། ཡང་དག་པར་ངེས་པ་ལ་ནི་རྟེན་ཡིན་པ་དང་མ་ཡིན་པ་གཉིས་ཡོད་དོ། དེ་ལྟར་མྱ་

(༦༧༢)འདི་ལྟ་སྟེ། དང་པོ་ནི་ཐེག་པ་ཆེན་པོའི་ཆོས་ནི་དེའི་གསུང་རབ་སྡེ་སྣོད་གསུམ་ལས་གང་ཡང་རུང་བའོ། །དེ་ལ་འདི་ནི་ཆོས་མ་ཡིན་ཞིང་འདུལ་བ་མ་ཡིན་ལ་སྟོན་པས་བསྟན་པ་མ་ཡིན་ནོ་ཞེས་སྨོད་པའི་ངག་གི་ལས་གང་ཐེ་ཚོམ་ཙམ་ལས་འདས་ཏེ་ཞེ་སྡང་བ་དྲག་པོས་ཀུན་ནས་བསླང་བའོ། །གཉེན་པོ་ནི་ལས་ཀྱི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་ཆོས་ལ་ཡོན་ཏན་ཅན་དུ་ངེས་པར་འཛིན་པའི་མོས་པ་ཆུ་དུ་ནས་བརྩམས་ཏེ་རིང་དུ་སོང་བའི་བར་མོས་པ་སྤྱོད་པ་ནས་ས་བཅུ་པའི་བར་དུ་གོམ་པའོ། དེ་དག་ལས་འཇིག་རྟེན་པའི་མོས་པས་མི་རྣམ་པར་སུན་འབྱིན་པའི་གཉེན་པོ་ཙམ་བྱེད་ཅེས་ཏེ། འདི་ལ་རྣམ་པར་སུན་འབྱིན་པ་དང་། གཉེན་པོ་ཀུན་དུ་སྤྱོད་པ་དང་། ཉེས་པ་ལས་བཟློག་པ་དང་། རྟེན་གྱི་སྟོབས་ཏེ་རྣམ་པ་བཞི་ཡོད་དོ། །འཇིག་རྟེན་ལས་འདས་པའི་མོས་པ་ལ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་ལས་ཟག་པ་དང་བཅས་པས་ནི་ལས་ཀྱི་བག་ཆགས་ཉམས་སྨད་པར་བྱེད་ལ། ཟག་པ་མེད་པས་ནི་དངོས་སུ་ཡོང་བར་བྱེད་དོ། །རྟེན་ནི་འདོད་ཆེན་པ་སྟེ། ནག་ཚོས་འདོད་ཞེན་ཅན་ཞེས་ཟེར་ ཏེ་དེ་རྣམས་ཀྱི་སྒྲིབ་པའོ། གཉིས་པ་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ལ་བརྟེན་ནས་དེ་དག་གི་བདག་ཏུ་གྱུར་པ་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་བལྟ་བས་བསྡུས་པའི་ལྟ་བ་དྲུག་བཅུ་རྩ་གཉིས་ལ་སོགས་པ་ནི་སྒྲིབ་པའི་ངོ་བོ་སྟེ། འདི་ལ་ལྟ་བ་རྣམས་ལས་ལོག་པར་ལྟ་བ་ནི་མ་གཏོགས་ཏེ། གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན་

(༦༧༣)ཞེས་གསུངས་པའི་ཕྱིར་འདོད་ཆེན་པའི་སྒྲིབ་པའོ། དེའི་གཉེན་པོ་ནི་གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཚན་མའི་སྤྲོས་པ་ཐམས་ཅད་ཀྱིས་དབེན་པའི་སྟོང་པ་ཉིད་སྒོམ་པའོ། །འདིར་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ནས་གཟུང་སྟེ་ས་བཅུ་པའི་བར་དུ་སྒོམ་སྟེ། བསམ་བྱུང་གིས་སྟོང་པ་ཉིད་རྟོགས་པ་ལ་ནི་བཟོ་པ་དང་པོ་ཞེས་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བཤད་དོ། །རྟེན་ནི་འདོད་ཆེན་པ་སོགས་ལ་ལྷག་པར་གནས་མོད་ཀྱི། འོན་ཀྱང་ཆོས་འདི་ལས་གཞན་པ་མུ་སྟེགས་བྱེད་རྣམས་ངང་ནང་པ་ཡིན་ཡང་གང་ཟག་ཏུ་སྨྲ་བ་སྟེ་དེ་དག་གི་སྒྲིབ་པ་ཡིན་ནོ། །དེ་ལ་མུ་ནི་ཐར་པའི་ལམ་གྱི་འགྲམ་དུ་དང་དགོས་ཏེ་དེར་ལམ་གྱི་སྟེགས་སུ་གྱུར་པའི་དགེ་བའི་ལས་ནས་སྲིད་པའི་རྩེ་མོའི་དོམ་ཀྱི་བར་རྣམས་ཡིན་ལ། དེ་རྣམས་གང་ཟག་གང་གིས་འདོད་པ་དང་ཉམས་སུ་བླང་བ་གང་ཡང་རུང་བས་བྱེད་པ་དེ་ནི་མུ་སྟེགས་བྱེད་དོ། །གསུམ་པ་ནི་འཁོར་བ་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ལ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་བར་འདུ་ཤེས་པ་ནི་སྡུག་བསྔལ་གྱི་མཚན་མར་འཛིན་པའི་ཆོས་ཀྱི་བདག་ཏུ་འཛིན་པའོ། །དེས་རྒྱུ་བྱས་ནས་སྡུག་བསྔལ་གྱིས་འཇིག་ཤིང་སྐྲག་པས་ཚེ་ཟད་པ་ལ་ཡང་དགའ་བར་འདུ་ཤེས་པ་ནི་སྒྲིབ་པའི་ངོ་བོའོ། །དེའི་གཉེན་པོ་ནི་གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་མཛོད་དང་རིན་ཆེན་ཕྱག་རྒྱལ་དགོས་པའི་ཏིང་ངེ་འཛིན་ཐེག་

(༦༧༤)པ་ཆེན་པོ་ལ་གྲགས་པ་གྲངས་མེད་པ་སྒོམ་པ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་མནར་མེད་པར་ཞུགས་ཀྱང་བསམ་གཏན་གྱིས་བདེ་བར་གནས་ཤིང་གཞན་དག་ཀྱང་དེས་བདེ་བར་བྱེད་པས་སྡུག་བསྔལ་གྱི་འདུ་ཤེས་ཡོང་བ་ཡིན་ནོ། །དེ་ལ་ཉན་ཐོས་རྣམས་ཀྱི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་འདུ་བྱེད་སྡུག་བསྔལ་དུ་སྒོམ་པ་ནི་ཐེག་པ་ཆེན་པོ་ལ་ལྟོས་ན་ཟག་པ་མེད་པ་མ་ཡིན་ཀྱང་ཉན་ཐོས་ཀྱི་ལམ་དུ་ནི་ཟག་པ། མེད་པའི་རྣམ་པ་ཁོ་ན་ཡིན་པས་དེ་ནི་སྐབས་འདིར་སྒྲིབ་པར་མི་བགྲང་གི །སྡུག་བསྔལ་ལ་དངོས་པོའི་ངོ་བོ་ཉིད་དུ་ཞེན་ནས་སྐྲག་པ་དང་བཅས་པ་ནི་སྒྲིབ་པ་ཡིན་ནོ། །རྟེན་ནི་ཉན་ཐོས་ཀྱི་ཐེག་པ་པ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་ལ་གནས་པ་རྣམས་ཀྱི་སྒྲིབ་པ་ཡིན་ནོ། །ལྷག་མེད་དུ་ཞུགས་པ་རྣམས་ལ་སྒྲིབ་པ་འདི་ཇི་ལྟར་ཡོད་ཅེ་ན། དེ་ལ་འཕགས་པ་ཕྱིར་མི་འོང་བ་རྣམས་ལ་ཀྱང་ཚོར་བ་དང་འདུ་ཤེས་ཀྱིས་སྐྱེ་སྟེ་འགོག་པ་ལ་སྙོམས་པར་འཇུག་པ་ཡིན་ལ། དགྲ་བཅོམ་པ་རྣམས་ཀྱང་ཚེ་ཟད་པར་དགའ་སྟེ་སྐུ་ཚེའི་འདུ་བྱེད་གཏོང་བ་ན་འགོག་པ་ལ་ཞུགས་ཏེ་གཏོང་ཞིང་དེའི་མཐུས་བསྐལ་པ་ཆེན་པོ་དྲུག་ཁྲིའམ་བརྒྱད་ཁྲིའི་བར་དུ་མཚན་མ་མེད་པ་ལ་སྙོམས་པར་ཞུགས་པས་གནས་ཏེ། དེ་ལས་ལ་ས་པ་ན་ཡང་ཚོར་བ་དང་འདུ་ཤེས་ལ་སྐྱེ་བས་སླར་ཡང་མཚན་མ་མེད་པ་ལ་འཇུག་པར་བྱེད་པའི་ཕྱིར་སྐྲག་པའི་འདུ་ཤེས་ཡོད་དོ། །བཞི་པ་ནི་སེམས་ཅན་འདུ་འཛི་ཅན་གྱིས་སྐྱོ་བས་སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་ཏེ་མངོན་དུ་མི་བྱེད་ཅིང་ཕྱི་ནས་ཀྱང་བསམ་གཏན་

(༦༧༥)སྒོམ་པ་ལ་སོགས་པ་སེམས་ཅན་རྣམས་གྱི་དབང་དུ་བྱས་ནས་མི་བྱེད་པས་སེམས་ཅན་ལ་ལྟོས་པ་མེད་ཅིང་དེ་དག་གི་བྱང་ཆུབ་ཐོབ་ཏུ་རེ་བ་མེད་པ་རང་གི་དོན་ཙམ་ཡིད་ལ་བྱེད་པའི་ཆོས་ལ་ཀྱི་མཚན་མར་འཛིན་པ་ནི་ངོ་བོའོ། དེའི་རྟེན་ནི་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཏེ་དེ་རྣམས་ཀྱི་སྒྲིབ་པའོ། །འདིར་ནམ་མཁའི་སྙིང་པོའི་མདོ་ལས་བྱང་ཆུབ་སེམས་དཔའི་རྩ་བའི་ལྷུང་བ་བཅུ་བཞི་བཤད་པ་ལ་ལྔ་ནི་རྒྱལ་པོའི་ལྷུང་བ་དང་། གཅིག་ནི་བློན་པོའི་ལྷུང་བ་དང་ལྷག་མ་བརྒྱད་ནི་སེམས་ཅན་གཞན་རྣམས་ཀྱི་ལྷུང་བར་གསུངས་པ་ལ་སློབ་དཔོན་ཞི་བའི་ལྷས་ཐམས་ཅད་ལ་ལྷུང་བ་བཅུ་བཞི་པོ་འབྱུང་སྲིད་པའི་ཕྱིར་ཐམས་ཅད་ཀྱིས་ཡང་བར་བྱ་དགོས་ཀྱང་། གང་ལ་ཤས་ཆེ་བ་དེ་ལ་ངེའི་མིང་དུ་བཏགས་པས་འཇིགས་པ་སྐྱེས་ཏེ་ཡོང་བར་བྱེད་པའི་ཕྱིར་མིང་དུ་བཏགས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུར་འདོད་ཆེན་པ་དང་མུ་སྟེགས་རྣམས་ལ་འདིར་བཤད་པའི་སྒྲིབ་པ་ཐམས་ཅད་ཡོད་ལ། ཉན་ཐོས་འཕགས་པ་རྣམས་ལ་ཆོས་ལ་ཁོང་ཁྲོ་བ་དངོས་སུ་མེད་ཀྱང་བག་ཆགས་ནི་ངེས་པར་ཡོད་ལ། བདག་ཏུ་ལྟ་བ་ལས་ཀྱང་ཀུན་བརྟགས་པ་མཐོང་ལམ་གྱིས་ཡངས་མོད། ལྷན་ཅིག་སྐྱེས་པ་ནི་དགྲ་བཅོམ་པ་མ་ཐོབ་ཀྱི་བར་དུ་ཡོད་པས། ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར། །སྤངས་ནའང་སྲིད་པ་ག་ལ་ཡོད། ཅེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་རང་སངས་རྒྱས་ལ་ཡང་ངོ་། དེ་ལྟར་ན་འདོད་ཆེན་པ་རྣམས་ལ་ལས་ཀྱི་སྒྲིབ་པའོ། །མུ་སྟེགས་ཅན་རྣམས་ལ་ལྟ་བའི་སྒྲིབ་པའོ། །ཉན་རང་དེའི་གཉེན་པོ་ནི་གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་སྡུག་བསྔལ་མི་བཟོད་ཅིང་དང་དུ་ལེན་པའི་སྙིང་རྗེ་ཆེན་པོ་སྒོམ་པའོ།

(༦༧༦)རྣམས་ལ་ནི་འདུ་ཤེས་ཀྱི་སྒྲིབ་པའོ། །དེ་ལྟར་སྒྲིབ་པའི་རྟེན་གང་ཟག་རྣམ་པ་བཞིར་བཤད་པའི་གང་ཟག་དེ་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཁྱད་པར་དུ་གྱུར་པར་རྟོགས་ཏེ། དགེ་བའི་བཤེས་གཉེན་གྱིས་གདུལ་བར་བྱ་བ་དེ་ཐོག་མར་ལས་ཀྱི་སྒྲིབ་པ་སྦྱོང་བ་ལ་འཛུད་པར་བྱ་སྟེ། དེ་ཡང་ཆོས་ཡོང་བའི་སྒྲིབ་པ་ནི་ཤིན་དུ་ལྕི་བས་སྨོས་པར་ཟད་ཀྱི་རྙིང་ཐག་པ་ནས་ཡོང་བར་མི་བྱེད་ཀྱང་འཕྲལ་དུ་དཀོན་མཆོག་གསུམ་དང་ཕ་མ་ལ་སོགས་པ་ལ་མ་གུས་པ་ཡང་ལས་ཀྱི་སྒྲིབ་པ་ཡིན་ལ། ཁྱད་པར་དུ་བསླབ་པ་ཀུན་ལས་བཏུས་པ་ལས། ཐལ་བས་གཡོགས་པའི་མེ་བཞིན་དུ། འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས། སེམས་ཅན་དམྱལ་ལ་སོགས་པར་སྲེག །དེ་བས་རྒྱལ་བས་སྡོམ་པའི་མདོར། །གང་གིས་སེམས་ཅན་མ་དད་གྱུར། དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས། དཀོན་མཆོག་།།།ལས་བཀའ་རྩལ་ཏོ། ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་ལ་བརྙས་པ་ཡང་ལས་ཀྱི་སྒྲིབ་པ་ཆོས་།།།བ་ཡིན་པས་སྤང་བ་ལ་འབད་ཅིང་། གཞན་ཡང་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་རྣམས་སྤང་བར་བྱའོ་ཞེས་བྱ་བ་ནི་སྒྲིབ་པ་དང་པོ་གསུངས་པའི་དགོངས་པའོ། །དེ་ནས་བཞི་བརྒྱ་པར། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་ཅིས་ཀྱང་མ་ཡིན་ནོ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཐོབ་འགྱུར། ཞེས་གསུངས་པའི་ཕྱིར་ཐེག་པ་གསུམ་པོ་གང་གི་ཐར་པ་དོན་དུ་གཉེར་ཡང་ལྟ་བ་སྦྱང་བ་ལ་འབད་པར་བྱ་ཞིང་། ལྟ་བའི་ནང་

(༦༧༧)ནས་ཀྱང་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་དང་ཐེ་ཚོམ་སྟེ་གསུམ་པོ་ནི་སློབ་དཔོན་དབྱིག་གཉེན་གྱིས། འགྲོ་མི་འདོད་དང་ལམ་ནོར་དང་། ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པར་འགྲོ་ལ་གེགས་བྱེད་པ། དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། ཞེས་གསུངས་པའི་ཕྱིར་གསུམ་པོ་དེ་སྦྱང་བ་ལ་འབད་པར་བྱའོ། །དེ་ནས་ནི་འཁོར་བས་འཇིགས་པ་དང་སེམས་ཅན་གྱི་དོན་འདོར་བའི་སྒྲིབ་པ་གཉིས་སྦྱང་བར་བྱ་སྟེ། དེ་སྦྱོང་བ་ན་ཡང་ཐེག་པ་དམན་པའི་སྐྱོན་དང་ཐེག་པ་ཆེན་པོའི་ཡོན་ཏན་སྤྱི་དང་ཁྱད་པར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕོན་ཡོན་ཡིད་ལ་བྱ་བས་སྦྱང་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བ་ཡིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་བརྟན་པོ་དང་ལྡན་ཞིང་སེམས་ཅན་མཐའ་ཡས་པའི་དོན་བྱེད་པ་ལ་དྲོ་བས་ཀྱང་སེམས་ཅན་གྱི་དོན་བྱེད་པ་པོ་རྣམས་ཀྱི་ནང་ནས་མཆོག་དང་གཙོ་བོར་གྱུར་པ་ནི་ཆོས་ཀྱི་སྐུ་ཉིད་ཡིན་གྱི། གཟུགས་ཀྱི་སྐུ་གཉིས་ཀྱང་རང་རང་དང་སྐལ་བ་མཐུན་པའི་གདུལ་བྱ་དག་ལ་སྐུ་སྟོན་པ་དང་གསུང་གི་སྣང་བ་དང་ཆོ་འཕྲུལ་ལ་སོགས་པས་དོན་བྱ་བར་ཟད་ཀྱི་གཞན་དག་ལ་དངོས་སུ་མ་ཡིན་ལ། ཆོས་ཀྱི་སྐུས་ནི་སྡུག་བསྔལ་གྱི་མཐར་ཐུག་པ་དམྱལ་བའི་སྡུག་བསྔལ་དག་དང་ཡང་རོ་མཉམ་དུ་འདྲེས་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདོད་པར་བྱ་བའི་གཞན་གྱི་དོན་གྱི་ཐབས་བྱང་ཆུབ་ནི་གཙོ་བོར་ཆོས་ཀྱི་སྐུ་ཉིད་ལ་གཞག་གོ །ཆོས་ཀྱི་སྐུ་དེ་ལ་ཡང་འདིར་བཤད་པའི་སྒྲིབ་པ་བཞི་

(༦༧༨)པོ་ལས་ཕྲ་བ་རྣམ་པར་ཤེས་ལ་སྣང་བའི་རྣམ་པའམ་མཚན་མ་ནི་ཆོས་སྐུ་ཉིད་ཀྱིས་བྱེ་བྲག་གི་སྒྲིབ་པ་ཡིན་པས་དེ་སྦྱོང་པར་བྱེད་པའི་ལམ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཉིད་ཡིན་པས་ཏེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་བ་ཁོ་ན་ཡིན་ནོ། དེ་ཡང་དཔལ་དགས་པོའི་ཆོས་བཞི་པོ་ཆོས་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ་དང་། ལམ་འཁྲུལ་པ་འཇིག་པ་དང་། འཁྲུལ་པ་ཡེ་ཤེས་སུ་འཆར་བ་སྟེ་བཞི་གསུངས་པ་ལ་དང་པོ་ནི་ཆོས་གང་སྡིག་པ་ལས་བཟློག་སྟེ་ངན་སོང་ཡོང་བའི་ཐབས་སོ། །གཉིས་པ་ནི་འཁོར་བ་ལ་དགའ་བ་ལས་བཟློག་སྟེ་ཐར་པའི་ལམ་དུ་འགྲོ་བར་བྱེད་པའོ། །གསུམ་པ་ནི་ཉན་ཐོས་དང་རང་རྒྱལ་གྱི་ལམ་དུ་འགྲོ་བ་ཡང་ཐེག་པ་ཆེན་པོའི་ལམ་ལ་ལྟོས་ནས་འཁྲུལ་ཞིང་ནོར་བ་ཡིན་པས་དེ་འཇིག་པར་བྱེད་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ། སེམས་བསྐྱེད་དེ་སྦྱིན་པ་ལ་སོགས་པ་ལ་བསླབས་སུ་ཟིན་ཀྱང་གཉིས་སུ་སྣང་བའི་འཁྲུལ་པ་མི་བཟློག་པས་དེ་བཟློག་པར་བྱེད་པ་ནི་འཁྲུལ་པ་ཉིད་ལམ་དུ་བྱས་ནས་དེ་ཡེ་ཤེས་སུ་འཆར་བར་བྱེད་པ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཡིན་ཞེས་དགོངས་པ་ཡིན་ནོ། དོན་བསྡུ་བ་ནི་སྒྲིབ་པ་གང་དག་གི་གཉེན་པོར་མོས་པ་ལ་སོགས་པའི་ཆོས་འདི་བཞི་བསྒོམས་ནས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་དོན་ཏེ་བྱང་ཆུབ་སེམས་དཔའི་འདོད་པའི་འབྲས་བུ་ནི་ཆོས་ཀྱི་སྐུ་ཡིན་ལ། དེ་འཐོབ་པའི་གེགས་མཐའ་དག་རྣམ་པར་དག་པ་མཐར་ཕྱིན་པ་ཐོབ་པར་འགྱུར་བ་ནི་སེམས་ཅན་རྣམ་པ་འདི་བཞིའི་སྒྲིབ་པ་རྣམ་པ་བཞི་པོ་འདི་དག་

(༦༧༩)ཡིན་ནོ། །འདིར་བཞི་ག་ཆོས་ཀྱི་སྐུ་ལ་སྒྲིབ་པ་ཡིན་མོད་ཀྱི། འོན་ཀྱང་ཆོས་ཀྱི་སྐུ་ལ་ཡང་བསྟན་པ་དང་རྟོགས་པའི་དབྱེ་བས་རྣམ་པ་གཉིས་ཡིན་པས་བསྟན་པའི་ཆོས་ལ་སྡང་བ་ནི་ཆོས་སྐུའི་སྒྲིབ་པར་གཞག་གོ །བདག་ཏུ་ལྟ་བ་ནི་གང་ཟག་དང་ཆོས་བདག་མེད་པའི་མཚན་ཉིད་ཀྱི་དེ་བཞིན་ཉིད་ལ་ལོག་པར་ཞུགས་པའི་ཕྱིར་དེ་བཞིན་ཉིད་ཀྱི་སྒྲིབ་པ་ཡིན་ནོ། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་སེམས་ཅན་གྱི་དོན་ལ་མི་ལྟོས་པ་གཉིས་ནི་སེམས་ཅན་སྡུག་བསྔལ་ཅན་གྱི་སྡུག་བསྔལ་སེལ་བར་སྤྲོ་བའི་མཚན་ཉིད་སྙིང་རྗེ་ཆེན་པོའི་རིགས་ཀྱི་ཡོན་ཏན་ལས་ཉམ་པར་བྱེད་པའི་ཕྱིར་རིགས་ལ་སྒྲིབ་པ་ཡིན་ནོ། །དག་རྒྱུ་ལྷག་པར་མོས་པ་ལ། སོགས་པའི་ཆོས་ནི་རྣམ་བཞི་ཉིད། ཅེས་བྱ་བ་དེ་བཤད་པའི་ཕྱིར་དང་སྒྲིབ་པ་བཞི་ལས་རྣམ་པར་གྲོལ་བའི་མཚམས་བསྟན་པའི་ཕྱིར། རྣམ་པར་དག་པ་བཞི་འགྲུབ་པའི་རྒྱུ་བཞི་པོ་འདི་དག་དང་ལྡན་པ་ནི་དེ་བཞིན་གཤེགས་པའི་རིགས་སུ་ཆོས་ཀྱི་རྒྱལ་པོའི་སྲས་སུ་འགྱུར་རོ། །ཇི་ལྟ་ཞེ་ན། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་དྲས། ཤེས་བྱ་བ་ནི་མཐར་ཐུག་པ་ཆོས་ཀྱི་སྐུའི་རྣམ་པར་དག་པ་བཞི་པོ་འདི་འགྲུབ་པའི་རྒྱུ་བཞི་པོ་འདི་དག་དང་ལྡན་པ་ནི་ཨ་ནུ་ག་ཏ་སྟེ། རྗེས་སུ་མཐུན་པར་རྟོགས་ཤིང་ཐོབ་པ་ནི་སྦྱོར་བའི་ལམ་ཆོས་ཀྱི་མཆོག་གི་གནས་སྐབས་སུ་ཡིན་ཏེ་

(༦༨༠)མོས་པས་སྤྱོད་པ་ཆེན་པོའི་ཡང་ཆེན་པོ་ཞེས་བཤད་པས་མོས་པས་གྲུབ་ཅིང་། ས་བཅུ་དག་ལས་བརྩམས་ནས་ནི། མི་གནས་རྒྱས་པར་བསྟན་པ་ཡིས། ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ་ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། ཞེས་བྱ་བ་དང་། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། ཞེས་པའི་འགྲེལ་པར་འཁོར་གསུམ་རྣམ་པར་དག་པས་སྤྱོད་པ་ཐམས་ཅད་ལ་སངས་རྒྱས་དགྱེས་པ་དང་ཞེས་གསུངས་པས་ཤེས་རབ་ཁྱད་པར་ཅན་ཐོབ་བོ། ཏིང་འཛིན་དེ་ཡི་བྱེད་པ་ཉིད། ཅེས་དང་སྐབས་དེར་མདོ་ལས་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བརྒྱ་ཉི་ཤུ་སྒོམ་པར་གསུངས་པའི་ཕྱིར་བསམ་གཏན་ཁྱད་པར་ཅན་ཐོབ་ལ། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། ཞེས་གསུངས་པའི་ཕྱིར་སྙིང་རྗེ་ཁྱད་པར་ཅན་ཡང་ཡོད་དེ་འདི་དག་ཆ་མཉམ་དུ་ཚོགས་པ་ལས་ས་དང་པོར་དོན་དམ་པའི་སངས་རྒྱས་ཀྱི་སྲས་སུ་འགྱུར་བར་སྟོན་པ་ཡིན་ལ། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། འཁོར་བའི་བརྩོན་རར་བསྡམས་པའི་ཉམས་ཐག་རྣམས། བདེ་གཤེགས་རྣམས་ཀྱི་སྲས་ཤེས་བརྗོད་བྱ་ཞིང་། འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། ཞེས་གསུངས་པས་ཀུན་རྫོབ་པའི་སྲས་སུ་ནི་སེམས་བསྐྱེད་པ་ཙམ་གྱིས་འགྱུར་རོ། །དེ་ལྟར་ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་རྒྱལ་པོའི་སྲས་སུ་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཁམས་གསུམ་དུ་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་

(༦༨༡)ཕྱིར་ཆོས་ཀྱི་རྒྱལ་པོ་ཡིན་ནོ། །རིགས་ཕུན་སུམ་ཚོགས་པ་ཡང་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ཕྱིར་རོ། དེ་ལ་དེ་བཞིན་གཤེགས་པའི་རིགས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་ལ། སྙིང་པོ་དེ་ཇི་ལྟར་གནས་པ་བཞིན་དུ་མངོན་སུམ་དུ་རྟོགས་པས་དེ་བཞིན་གཤེགས་པ་ཞེས་ཀྱང་བྱ་ཞིང་། དེ་བཞིན་གཤེགས་པའི་རིགས་ཐོབ་པ་ཞེས་ཀྱང་བྱ་བ་ཡིན་ཏེ། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། ཞེས་བྱ་བའི་དོན། སངས་རྒྱས་ཆོས་དབྱེར་མེད་པ་དང་། །དེ་རིགས་དེ་བཞིན་ཐོབ་པ་དང་། །ཞེས་གསུངས་པའི་ཕྱིར་རོ། འདིར་མོས་པ་ས་བོན་གསུངས་པ་དང་རྒྱན་དུ་སེམས་བསྐྱེད་པ་ས་བོན་དུ་གསུངས་པ་ནི་ཐབས་ཀྱི་ཕྱོགས་ལས་ཡིན་ཏེ། ཇི་ལྟར་ཤཱཀྱ་ཐུབ་པ་ཡབ་དང་ཡུམ་གཉི་ག་རྒྱལ་རིགས་ཡིན་པ་བཞིན་དུ་འདིར་ཡང་ཐབས་དང་ཤེས་རབ་ཀྱི་རིགས་གཉིས་དང་ལྡན་པར་གསུངས་པ་ཡིན་ནོ། རྒྱལ་པོའི་སྲས་དང་རྣམ་པ་ཇི་ལྟ་བུ་ཞིག་གིས་མཚུངས་པ་ཡིན་ཞེ་ན། ས་བོན་དང་མ་དང་མངལ་གྱི་གནས་དང་མ་མ་སྟེ་ཕུན་སུམ་ཚོགས་པ་བཞིས་མཚུངས་པ་ཡིན་ནོ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ས་བོན་གྱུར་པ་ཁམས་དེ་ཉིད། ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། ཅེས་གསུངས་པས་སྲི་མ་དང་བཅས་པའི་སྙིང་པོ་ནི་ས་བོན་དང་པོ་ཡིན་ནོ། ཡང་དབུ་མ་སྙིང་པོ་ལས། སངས་རྒྱས་ས་བོན་བྱང་ཆུབ་སེམས། དེ་ཕྱིར་མཁས་པས་དེ་མི་བཏང་། ཞེས་གསུངས་པས་གོང་དུ་བཤད་པ་ལྟར་ཀུན་རྫོབ་པའི་ས་བོན་ཏེ་

(༦༨༢)དེ་དག་ཀྱང་འདིར་མོས་པའི་ཁོངས་སུ་བསྡུས་ནས་གསུངས་སོ། དེ་ལ་མོས་པ་ནི་དད་པ་སྟེ་ཡུལ་གྱི་ཡོན་ཏན་ངེས་པར་འཛིན་པ་ཡིན་ལ། འདི་ནི་དཀོན་མཆོག་ཏ་ལ་ལ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། ཅེས་གསུངས་པའི་དོན། དད་པའི་རྩ་བ་བརྟན་བྱས་ཏེ། བྱང་ཆུབ་ལ་ཡང་བློ་བརྟན་བྱ། ཞེས་དད་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གསུངས་ཏེ། དེའི་ཕྱིར་མོས་པས་སེམས་བསྐྱེད་པ་བསྡུས་སོ། འདིར་ནི་ཐེག་པ་མཆོག་གི་ལམ་དང་འབྲས་བུ་ལ་མོས་པ་ནི་ས་བོན་ལྟ་བུ་ཡིན་ལ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ནི་མ་ལྟ་བུར་སངས་རྒྱས་ཀྱི་ཆོས་བསྐྱེད་བ་མ་ཡིན་ཞིང་། ཤེས་རབ་དེའི་ཁོང་ན་གནས་པའི་བསམ་གཏན་རྣམས་ནི་ས་བོན་དེ་མི་ལྷུང་བར་འཛིན་པས་ལ་ལ་གྱི་གནས་བདེ་བ་ལྟ་བུ་ཡིན་ནོ། མངལ་དེ་ནས་སྐྱེས་པ་ཙམ་གྱིས་མི་ཉམས་པར་སྲུང་བར་བྱེད་པའི་ཕྱིར་སྙིང་རྗེ་ནི་མ་མ་ལྟ་བུ་ཡིན་ནོ། དེ་ལྟ་བུའི་ཆོས་བཞི་དང་ལྡན་པ་གང་ཡིན་པ་དེ་དག་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྗེས་སུ་མཐུན་པར་སྐྱེས་པའི་སྲས་ཡིན་ནོ། འདི་ལ་སངས་རྒྱས་ཀྱི་སྐུ་སྐྱེ་བའི་རིམ་པ་གསུམ་ཡོད་དེ། ད་ལྟར་བཤད་པའི་ཚུལ་གྱིས་ས་དང་པོའི་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་དང་མཐུན་པར་སྐྱེས་པས་སངས་རྒྱས་ཀྱི་སྲས་སོ་ཞེས་བརྗོད་པ་ནི་གཅིག་གོ །ས་བདུན་ལ་བརྟེན་དྲི་མ་ནི། མངལ་སྣུབས་དྲི་མ་དག་དང་མཚུངས། །མངལ་སྣུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན་

(༦༨༣)ཞེས་པ་བརྒྱད་པ་ཐོབ་པ་ན་མངལ་སྣུབས་ལས་གྲོལ་ཏེ་གཞོན་སྣུར་གྱུར་པ་ཞེས་བྱ་བ་ནི་གཉིས་པའོ། །རས་ཀྱི་གཞི་ལ་རྒྱལ་པོའི་གཟུགས་རྫོགས་པར་བྲིས་པའི་རི་མོ་དང་འདྲ་བར་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཀྱི་རི་མོ་རྫོགས་པ་ནི་མི་སློབ་པའི་སངས་རྒྱས་ཉིད་ཀྱི་སྐུར་འཁྲུལ་པ་སྟེ་གསུམ་པའོ། བཞི་པོ་འདི་ནི་བསྟན་བཅོས་འདིར་ཆོས་ཀྱི་སྐུ་སྒྲུབ་པའི་སྒྲུབ་པ་ཡིན་ལ། འདི་དག་གིས་མ་བསྡུས་པའི་སྒྲུབ་པ་ནི་གཞན་ཅི་ཡང་མེད་དོ། སྒྲུབ་པ་འདི་དག་གིས་ཐེག་པ་ཆེན་པོའི་རིགས་རྒྱས་པར་བྱེད་ཅིང་། དེ་བཞིན་ཉིད་ཀྱང་གོང་ནས་གོང་དུ་རྟོགས་པར་བྱེད་ལ། དེས་ཆོས་ཀྱི་སྐུ་རྫོགས་པར་བྱེད་པའི་ཕྱིར་མཐར་ནི་ཆོས་སྐུ་ཉིད་ཀྱི་སྒྲུབ་པ་ཡིན་ནོ། གཉིས་པ་འབྲས་བུའི་དོན་དང་ལས་ཀྱི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གཙང་བདག་བདེ་དང་རྟག་ཉིད་ཀྱི། ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལས་ཅན་ནོ། །ཞེས་བྱ་བ་ནི་གཙང་བའི་ཡོན་ཏན་དང་བདག་གི་ཡོན་ཏན་དང་བདེ་བའི་ཡོན་ཏན་དང་རྟག་པའི་ཡོན་ཏན་ཏེ་ཡོན་ཏན་བཞིའི་ཕ་རོལ་དུ་ཕྱིན་པ་ནི་རྒྱུ་བཞི་པོ་རྣམས་ཀྱི་འབྲས་བུ་ཡིན་ཏེ་རིང་བའོ། འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་ཞིང་སྐྱོ་བ་དང་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་འདུན་པ་དང་དོན་དུ་གཉེར་བ་དང་སྨོན་པ་ནི་ལས་ཏེ་ཉེ་བའོ། ལས་བཞི་པོ་འདི་ལ་བརྟེན་ནས་མོས་པ་ལ་སོགས་པའི་རྒྱུ་བཞི་འབྱུང་ལ། དེ་ཡུན་རིང་དུ་གོམས་པ་ལས་གཙང་བ་ལ་སོགས་པའི་ཡོན་ཏན་བཞི་

(༦༨༤)འབྱུང་ངོ་ཞེས་བྱ་བ་ནི་འདི་དག་གི་གོ་རིམས་སོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་བསྟན་ཞེ་ན། འདི་དག་འབྲས་ནི་མདོར་བསྡུ་ན། ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག །རྣམ་པ་བཞི་འབྱུང་ངོ་ཞེས་བྱ་བ་ནི་འདི་དག་གི་གོ་རིམས་སོ། དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་བསྟན་ཞེ་ན། འདི་དག་འབྲས་ནི་མདོར་བསྡུ་ན། ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག །རྣམ་པ་བཞི་ལས་བཟློག་པ་ཡི། གཉེན་པོས་རབ་ཏུ་ཕྱེ་བ་ཉིད། བསྟན་པ་ཡིན་ནོ། མོས་པ་ལ་སོགས་པའི་ཆོས་བཞི་པོ་འདི་དག་།།།གི་འབྲས་བུ་ནི་སངས་རྒྱས་ཀྱི་ཆོས་མཐའ་ཡས་པ་ཡིན་ལ། དེ་མདོར་བསྡུ་ན་ཆོས་ཀྱི་སྐུ་གཅིག་པུའི་ཡོན་ཏན་ཡིན་པས་རྫས་སུ་ཐ་དད་པ་མེད་དེ་ཀྱི་སོ་སོ་སྐྱེ་བོ་རྣམས་ཀྱི་ཕྱིན་ཅི་ལོག་རྣམ་པ་བཞི་དང་། ཉན་ཐོས་རྣམས་ཀྱི་དེ་ལས་བཟློག་པ་བཞི་དང་བཞི་པོ་དེ་དག་གི་གཉེན་པོ་བཞི་སྟེ་དེས་ཆོས་སྐུའི་ཡོན་ཏན་ཡང་ཐ་དད་པ་བཞིར་རབ་ཏུ་ཕྱེ་བ་ཉིད་དོ། །འདི་ལྟར། མོས་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་ཁམས་རྣམ་པར་དག་པའི་རྒྱུར་བཤད་པའི་ཆོས་བཞི་པོ་གང་ཡིན་པ་དེ་དག་གི་འབྲས་བུ་ནི་མདོར་བསྡུ་ན་གོ་རིམས་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་ལོག་རྣམ་པ་བཞི་ལས་བཟློག་པའི་གཉེན་པོར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་རྣམ་པ་བཞིར་བལྟ་བར་བྱའོ། ཞེས་བྱ་བ་སྟེ། འདིར་བཟློག་པའི་གཉེན་པོ་བཞི་ནི་དཔལ་ཕྲེང་གི་མདོ་ལས་རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། གཙང་བར་འདུ་ཤེས་པས་སྟེ་བཞི། གསུངས་པ་ལ། འགྲེལ་པར་འབྲས་བུ་བཞི་འཐོབ་པའི་རྒྱུ་རྣམས་མོས་པ་ལ་སོགས་པ་བཞི་པོར་གསུངས་སོ། དེ་ལས་གཙང་མར་འདུ་ཤེས་པ་ནི་མོས་པ་དང་སྦྱར་ཞིང་། བདག་

(༦༨༥)ཏུ་འདུ་ཤེས་པ་ནི་ཤེས་རབ་དང་སྦྱར་ལ། བདེ་བར་འདུ་ཤེས་པ་ནི་བསམ་གཏན་དང་སྦྱར་ཞིང་། རྟག་པར་འདུ་ཤེས་པ་ནི་སྙིང་རྗེ་དང་སྦྱར་པར་བྱ་སྟེ། དེ་ཡང་བཞི་པོ་རྣམས་མོས་པ་ལ་སོགས་པའི་ངོ་བོ་སྙིང་ཡིན་པ་ཉིད་ཀྱིས་བདག་གཅིག་པའི་འབྲེལ་པས་སྦྱར་བར་བྱའི། རྒྱུའམ་འབྲས་བུ་ཡིན་པ་ཉིད་ཀྱིས་དེ་ལས་བྱུང་བའི་འབྲེལ་པས་སྦྱར་བར་བྱ་བ་ནི་མ་ཡིན་ནོ། མོས་པ་ལ་སོགས་པ་སོ་སོའི་ངོ་བོ་ནི་མངོན་པ་ཀུན་ལས་བཏུས་ལས། མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ལ་ཇི་ལྟར་ངེས་པ་བཞིན་དུ་འཛིན་པ་སྟེ། མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ནོ། ཞེས་གསུངས་ཏེ། ཐེ་ཚོམ་གྱི་གཉེན་པོར་གྱུར་པའི་ངེས་པའི་ཤེས་པ་གང་ཡུལ་ཡོན་ཏན་ཅན་དུ་ངེས་པར་གནས་པ་ལ་གནས་ངེས་ཤིང་བརྟན་པོར་འཛིན་པ་སྟེ། ངེས་པའི་སྒྲ་ནི་རྟག་པའི་དོན་ཡིན་ནོ། དེ་ལ་འཛིན་པ་ཞེས་བྱ་བ་ནི་ཡོན་ཏན་དེ་ཡུལ་དུ་བྱས་པ་ཙམ་ལ་མི་ཟེར་གྱི། རྒྱུན་གྱིས་འཇུག་པས་བརྟན་པོར་འཛིན་པའོ། དེའི་ལས་ནི་ཐེ་ཚོམ་གྱིས་མི་འཕྲོགས་ཏེ་ཉམས་པར་བྱ་མི་ནུས་པས་ཐེ་ཚོམ་གྱི་གཉེན་པོར་གྱུར་པའོ། འདིར་ས་སྐྲྀ་ཏ་ལ་མོས་པའི་སྐད་དོད་ཨ་དྷི་མུཀྟི་ཞེས་པའམ། ཨ་དྷི་མོཀྵ་ཞེས་བྱ་ལ། དེ་ཡང་ཨ་དྷི་ནི་ལྷག་པ་སྟེ། སྐབས་ཀྱིས་ཡོན་ཏན་ནོ། མུཀྟི་ནི་གྲོལ་བ་དང་མོཀྵ་ནི་ཐར་པ་སྟེ་དེ་གཉིས་ཀྱང་སྒྲ་རྣམ་གྲངས་པ་ཡིན་ལ། རྐྱེན་གྱིས་བསྒྱུར་བར་མི་ནུས་ཤིང་མ་བཅིངས་པས་གྲོལ་བ་དང་ཐར་པ་ཡིན་ཞིང་། ཕྱོགས་གཅིག་པའམ་མཐའ་གཅིག་ཏུ་

(༦༨༦)གནས་པ་འབའ་ཞིག་པའི་དོན་ལ་ཡང་གྲོལ་བའི་སྒྲ་ཡོད་དེ། ཚིགས་སུ་བཅད་པ་གང་ཞིག་ཚིགས་སུ་བཅད་པ་གཞན་ལ་མི་ལྟོས་པར་དེ་ཉིད་ཀྱིས་དོན་ཚང་བར་གོ་བར་ནུས་པ་ལ་གྲོལ་བ་ཞེས་སྙན་དངགས་པ་དག་ཟེར་བ་བཞིན་ནོ། དེ་ལྟར་ན་གྲོལ་བའི་སྒྲ་འདི་ནི་ཡངས་པ་དང་དོར་བ་དང་གཞན་པའི་དོན་ལ་འཇུག་པ་ཡིན་ནོ། དེ་ལྟ་ཡིན་ན་ཡང་མོས་པའི་སྐབས་སུ་ནི་མཐའ་གཅིག་པ་ཉིད་གཙོ་བོར་གཟུང་བར་བྱའོ། །དེ་ཡང་སེམས་ལས་བྱུང་བ་ལྔ་བཅུ་རྩ་གཅིག་བརྗོད་པ་ན་དད་པ་དང་འདུན་པ་དང་མོས་པ་དག་ལ་མཚན་ཉིད་ཐ་དད་པར་བརྗོད་ཀྱང་སྐབས་འདིར་ནི་དེ་གསུམ་གཅིག་ཏུ་བསྡུས་ཏེ་མོས་པ་ཞེས་བྱ་བ་ཡིན་ཏེ། འོག་ཏུ་ཡོན་ཏན་དང་། ལྷན་ཞེས་དད་པས་མོས་པའི་ཕྱིར་ཞེས་གསུངས་པ་ཡིན་ནོ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར། དགེ་བའི་ཕྱོགས་རྣམས་ཐམས་ཅད་ཀྱི། རྩ་བ་མོས་པར་ཐུབ་པས་གསུངས། ཤེས་པའི་དོན་འཆད་པ་ན། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། འདུན་པའི་རྩ་ལ་རབ་ཏུ་གནས། ཤེས་མཁས་པ་དག་གསུང་བ་ཡིན་ནོ། ཤེས་རབ་ནི་ཀུན་ལས་བཏུས་ལས། ཤེས་རབ་གང་ཞེ་ན། བརྟག་པ་ཉིད་ཀྱི་དངོས་པོའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། སོམ་ཉི་བཟློག་པའི་ལས་ཅན་ནོ། །ཞེས་གསུངས་ཏེ། བརྟག་པའི་དངོས་པོ་ནི་རིགས་པས་བརྟག་ཅིང་དཔྱད་དུ་རུང་བ་བདེན་པའི་དངོས་པའོ། དེ་སེམས་བྱུང་གང་གིས་ཆོས་གཞན་ལས་རྣམ་པར་འབྱེད་ཅིང་མ་འདྲེས་པ་གཙོ་བོར་བྱེད་པས་ཐེ་ཚོམ་སེལ་བའི་ལས་ཅན་ནོ་ཞེས་

(༦༨༧)གསུངས་པ་ཡིན་ལ། དེ་ཡང་ཤེས་རབ་གཙོ་བོར་གྱུར་པས་བརྗོད་པའི་ཕྱིར་སེམས་པ་དང་འདུ་ཤེས་ལ་སོགས་པ་མཚུངས་པར་ལྡན་པ་དང་བཅས་པ་དག་གོ། བསམ་གཏན་ནི་ཀུན་ལས་བཏུས་ལས། ཏིང་ངེ་འཛིན་གང་ཞེ་ན། བརྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དེ། ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ། ཞེས་སེམས་སྔ་མས་བརྟགས་ཤིང་གཞག་པའི་དམིགས་པ་ལ་སེམས་རྩེ་གཅིག་པ་ཉིད་དེ། སྐད་ཅིག་སྔ་ཕྱི་རྣམས་དམིགས་པ་གཅིག་པ་སྟེ། ཤེས་པ་ཤེས་རབ་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། དེ་ལ་ཏིང་ངེ་འཛིན་ཙམ་ནི་འདོད་པའི་སེམས་ཀྱིས་བསྡུས་པ་ཡང་ཡོད་མོད་ཀྱི། ཁམས་གོང་མའི་པས་བསྡུས་པའི་ཏིང་ངེ་འཛིན་ལ་བསམ་གཏན་ཞེས་བརྗོད་དེ། ངེས་པའི་ཚིག་ནི་སྒོ་གླེགས་མི་འགུལ་བར་བྱེད་པའི་སྒོ་གཏན་ལྟར་ཡིད་གཞན་དུ་མི་གཡོ་བར་བྱེད་པའི་ཕྱིར་ཏེ། འདིར་ཡང་མཚུངས་པར་ལྡན་པ་དང་བཅས་པ་ལ་གཞག་གོ །སྙིང་རྗེ་ནི་གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སེམས་བྱུང་འདུན་པ་ཡིན་ལ། དེ་ཡང་མཚུངས་པར་ལྡན་པ་དང་བཅས་པ་དག་གོ །དེ་ལྟར་ཆོས་བཞི་པོ་དེའི་མཚན་ཉིད་སྤྱིར་བརྗོད་པ་ཙམ་ཡིན་གྱི། འདིར་ནི་ཆོས་བཞི་པོ་འདི་དག་ཐམས་ཅད་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་ཁོ་ན་ཡིན་ལ། ཟག་པ་ཡང་ཉན་ཐོས་ལ་གྲགས་པའི་ཉོན་མོངས་དང་ཐེག་པ་ཆེན་པོ་ལ་གྲགས་པའི་རྣམ་པར་རྟོག་པ་མེད་པ་ཁོ་ན་ཡིན་ནོ། །འདིར་ཆོས་བཞི་པོ་གཉེན་པོར་གསུངས་པ་ལ་གཉེན་པོ་ནི་ཤེས་རབ་ཉིད་ཀྱིས་ངེས་པར་བྱ་དགོས་ཏེ།

(༦༨༨)ཤེས་རབ་ལས་གཞན་འདི་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་མོས་པ་ལ་སོགས་པ་འདི་དག་ཀྱང་ཤེས་རབ་ཀྱིས་ངེས་པར་ཟིན་པས་སྤང་བྱ་སྤོང་བ་ཡིན་ཏེ། སྡུད་པ་ཚིགས་སུ་བཅད་པ་ལས། དཔེར་ན་འཛམ་བུའི་གླིང་ན་ཤིང་རྣམས་བྱེ་བ་སྟོང་། །རྣམ་པ་སྣ་ཚོགས་རྣམ་པ་དུ་མ་གཟུགས་མང་བ། །གྲིབ་མར་གྱུར་པའི་གྲངས་སུ་བརྗོད་པ་མ་གཏོགས་པར། །གྲིབ་མ་སྣ་ཚོགས་མེད་ཅིང་བྱེ་བྲག་ཡོད་མ་ཡིན། །དེ་བཞིན་རྒྱལ་བའི་ཕ་རོལ་ཕྱིན་ལྔ་འདི་དག་ཀྱང་ཤེས་རབ་ཕ་རོལ་ཕྱིན་པའི་མིང་ཉིད་ཐོབ་པར་འགྱུར། ཞེས་གསུངས་པ་ལྟར་ཤེས་རབ་ཀྱིས་ལེགས་པར་ཟིན་པ་ཁོ་ནའི་ཆོས་བཞིས་གཉེན་པོ་བྱེད་ལ། སྙིང་རྗེ་ཡང་དམིགས་པ་མེད་པའི་སྙིང་རྗེ་ཉིད་ཡིན་ཏེ། འདི་དག་སྤང་བྱའི་དངོས་གཉེན་དུ་འགྱུར་བའི་ཐོག་མ་ཡང་ས་དང་པོ་ཉིད་ནས་ཡིན་ནོ། འོ་ན་ས་དང་པོར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་པ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤོང་བ་རྫོགས་པར་འཕགས་པ་རྣམ་པར་གྲོལ་བའི་སྟོས་བཤད་པས་ས་དང་པོར་ལས་དང་ཉོན་མོངས་པས་ཕྱེ་བའི་འཁོར་བ་རྒྱུ་དང་བཅས་པ་སྤངས་མོད་ཀྱི། འདིར་ནི་ཉན་རང་རྣམས་ཀྱི་ལམ་དང་འབྲས་བུར་གྱུར་པའི་མི་རྟག་པ་ལ་དགོས་པའི་རྣམ་པ་ཅན་གྱི་འདུ་ཤེས་ཀྱང་ཆོས་སྐུ་ལ་ལྟོས་ན་ཕྱིན་ཅི་ལོག་ཡིན་པས་བྱང་ཆུབ་སེམས་དཔས་སྤང་བར་བྱ་དགོས་པར་གསུངས་པའི་ཕྱིར་ས་དང་པོ་ཉིད་དུ་ཉན་རང་གི་འདུ་ཤེས་རྣམས་ཀྱི་གཉེན་པོར་གྱུར་པ་ཇི་ལྟར་སྐྱེ་སྙམ་ན། ཇི་ལྟར་ཉན་

(༦༨༩)ཐོས་ཀྱི་ཐེག་པ་ལ་མི་རྟག་པ་ལ་སོགས་པའི་རྣམ་པས་བདེན་པ་མཐོང་བའི་མཐོང་བའི་ལམ་དང་། དེའི་རྒྱུན་གོམས་པར་བྱེད་པའི་སྒོམ་པའི་ལམ་གྱིས་སྤོང་བ་ལྟར་འདིར་ཡང་ཉན་ཐོས་ཀྱིས་མཐོང་བའི་བདེན་པ་བཞི་ལས་མཚན་ཉིད་ཐ་དད་པ་ཆོས་ཀྱི་སྐུའི་དབང་དུ་བྱས་པའི་བདེན་པ་མཐོང་བ་དང་། དེའི་རྒྱུན་གོམས་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ལ་འབྱུང་བར་འགྱུར་བའི་དབང་དུ་མཛད་ནས་བདེན་པ་བཞི་གཞན་པ་ཞིག་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་པས་འཕགས་པའི་བདེན་པ་རྣམས་བརྒྱད་ཅེས་བྱ་བའི་ཐ་སྙད་དཔལ་སྲེང་ལས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་བདེན་པ་མཐོང་བ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་འབྱུང་བའི་མཐོང་སྒོམ་གྱིས་ཡིན་པར་ཆོས་དཀོན་མཆོག་གི་སྐབས་སུ་གསུངས་པའི་ཕྱིར་ཉན་ཐོས་ཀྱི་འདུ་ཤེས་བཞི་པོའི་གཉེན་པོ་ནི་ས་དང་པོ་ཉིད་ནས་ཡོད་པར་རིག་པར་བྱའོ། དེ་ཡང་ས་བཅུ་པར་ས་དང་པོའི་དབང་དུ་མཛད་ནས། སྦྱིན་པའམ་སྙན་པར་སྨྲ་བའམ་དོན་སྤྱོད་པའམ་དོན་མཐུན་པ་ལས་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་སངས་རྒྱས་ཡིད་ལ་བྱ་བ་དག་དང་། ཆོས་ཡིད་ལ་བྱ་བ་དག་དང་། དགེ་འདུན་ཡིད་ལ་བྱ་བ་དག་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དག་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དག་དང་། ཕ་རོལ་དུ་ཕྱིན་པ་ཡིད་ལ་བྱ་བ་དག་དང་། ས་ཡིད་ལ་བྱ་བ་དག་དང་། སྟོབས་ཡིད་ལ་བྱ་བ་དག་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་དག་ནས་རྣམ་པ་

(༦༩༠)ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དག་དང་མི་འབྲལ་བ་ཡིན་ཏེ། ཞེས་གསུངས་པས་ནི་མོས་པའི་ཡུལ་བཅུ་པོ་དག་ཡིད་ལ་བྱེད་པ་དང་མི་འབྲལ་བར་གསུངས་པས་ནི་དང་པོ་མོས་པ་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ཏེ། དེ་ཡང་བསྟན་བཅོས་འདི་ཉིད་ཀྱི་རིམ་པ་དང་མཐུན་པར་གསུངས་སྣང་སྟེ། སེམས་བསྐྱེད་པའི་རྒྱུ་དཀོན་མཆོག་གསུམ་ལ་མོས་པ་རྣམ་པ་གསུམ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་ནི་སྨོན་པའི་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱེད་པ་ནི་འཇུག་པའི་སེམས་བསྐྱེད་པ་ཡིད་ལ་བྱེད་པ་ཡིན་ཞིང་། ཕ་རོལ་དུ་ཕྱིན་པ་དྲུག་ཡིད་ལ་བྱེད་པ་ནི་སེམས་བསྐྱེད་པའི་དམིགས་པ་བྱང་ཆུབ་ཡིད་ལ་བྱེད་པ་ཡིན་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བཤད་པའི་ཕྱིར་རོ། གཞན་ཡང་སློབ་པའི་སྐབས་ཀྱི་བྱང་ཆུབ་ནི་ས་བཅུ་པོ་ཡིན་པས་དེ་དག་ཡིད་ལ་བྱེད་པ་ཡང་བྱང་ཆུབ་ཡིད་ལ་བྱེད་པ་ཡིན་ལ། ལྷག་མ་སྟོབས་ཡིད་ལ་བྱེད་པ་དང་། མི་འཇིགས་པ་ཡིད་ལ་བྱེད་པ་དང་། མ་འདྲེས་པ་བཅུ་བརྒྱད་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱེད་པ་ནི་གཞན་གྱི་དོན་དང་བཅས་པའི་ཆོས་སྐུའི་ཡོན་ཏན་ཡིད་ལ་བྱེད་པའོ། །དེ་ལྟར་ན་ཡིད་ལ་བྱེད་པ་བཞི་པ་དང་ལྔ་པས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་གནས་སྐབས་བསྟན་ལ། དྲུག་པ་དང་བདུན་པས་ནི་བྱང་ཆུབ་བསྟན་ཞིང་། ལྷག་མ་གསུམ་གྱིས་

(༦༩༡)ནི་བྱང་ཆུབ་ཀྱི་ཡོན་ཏན་བསྟན་པ་ཡིན་ནོ། ཤེས་རབ་ཕུན་སུམ་ཚོགས་པ་ཡང་དེ་ཉིད་ལས། ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ། །བརྟག་མེད་རྟོག་བྲལ་ཤིན་དུ་དྲེག་པར་དཀའ། །གསལ་བ་རིག་པ་མཁས་པ་བརྟོགས་པ་སྟེ། །རང་བཞིན་ཞི་བ་འགོག་མིན་འབྱུང་མ་ཡིན། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་སའི་རང་གི་ངོ་བོ། དེ་བཞིན་ཉིད་ཤེས་པའི་ཤེས་རབ་ཕུན་སུམ་ཚོགས་པ་བསྟན་པས་བསྟན་པ་ཡིན་ནོ། །དེ་ལ་དྲང་སྲོང་ཆེན་པོ་སངས་རྒྱས་རྣམས་ཀྱི་རྒྱུར་གྱུར་པའི་ལམ་ནི་ཕྲ་ཞིང་ཤེས་པར་དཀའ་སྟེ། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་བརྟག་ཏུ་མེད་པ་ནི་རྗེས་སུ་དཔག་པའི་ཚད་མས་སོ། །རྟོག་བྲལ་ནི་དེ་དང་མཐུན་པའི་རྟོག་པའི་ཡུལ་སྤ་ཡིན་པའི་ཕྱིར་རོ། །འོ་ན་སུའི་སྤྱོད་ཡུལ་ཡིན་སྙམ་ན། མ་རིག་པ་དང་བྲལ་བས་ཤེས་བྱའི་ཡུལ་གསལ་བ་དང་། བདེན་པ་མཐོང་བས་རིག་པ་དང་། དེ་སྟོན་པའི་སྡེ་སྣོད་གསུམ་དང་། དེ་སློབ་མ་ལ་བརྡའ་སྤྲོད་པ་ལ་མཁས་པ་རྣམས་ཀྱི་ཡུལ་ཡིན་ཞེས་པའོ། །རང་གི་ངོ་བོ་ནི་ཉོན་མོངས་པ་དང་རྣམ་པར་རྟོག་པ་རང་བཞིན་གྱིས་ཞི་བའི་རྣམ་པ་ཅན་ཡིན་ལ། དེ་ལྟར་ཡིན་ཡང་འགོག་པ་མྱ་ངན་ལས་འདས་པ་དང་འབྱུང་བ་འཁོར་བའི་ཕྱོགས་གཉིས་སུ་མ་ལྷུང་བའོ། །བསམ་གཏན་ཕུན་སུམ་ཚོགས་པ་ནི་དེ་ཉིད་ལས། རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཏིང་ངེ་འཛིན་

(༦༩༢)བརྒྱ་རབ་ཏུ་ཐོབ་ཅིང་སྙོམས་པར་ཡང་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་གྱིས་བརླབས་ཀྱང་ཡང་དག་པར་བསྐལ་པ་བརྒྱར་གནས་པར་བྱེད་པ་དང་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་ཀུན་དུ་སྟོན་པ་དང་། ལུས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་ཀུན་ཏུ་སྟོན་པའི་བརྩོན་འགྲུས་རྣམ་པ་དེ་ལྟ་བུ་རྩོམ་མོ། ཞེས་གསུངས་པ་འདིས་བསྟན་པ་ཡིན་ནོ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་བསམ་གཏན་གྱི་ལས་གཙོ་བོ་སྟེ། རྣམ་པར་སྨིན་པ་ཡོངས་སུ་འཛིན་པ་དང་། འབྲས་བུའི་ཕན་ཡོན་གྱི་ཁྱད་པར་རྣམ་པ་གཉིས་སུ་རིག་པར་བྱའོ། འདི་ལྟ་སྟེ༴ ཏིང་ངེ་འཛིན་ནི་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་དབང་ཐོབ་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་ལས་ནི་སངས་རྒྱས་མཐོང་བ་ལ་སོགས་པ་སྟེ། དེ་སངས་རྒྱས་རྣམས་དང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་ཡེ་ཤེས་ཚོལ་བར་བྱེད་དོ། །གཡོ་བར་བྱེད་པ་ཉིད་ཀྱིས་ནི་གདུལ་བྱ་རྣམས་འདུན་པར་བྱེད་དོ། །འགྲོ་བ་དང་སྣང་བར་བྱེད་པ་གཉིས་ཀྱིས་སོང་སྟེ་མཐོང་ནས་ཡོངས་སུ་སྨིན་པར་བྱེད་དོ། །སྐྱེ་བའི་ཁྱད་པར་ཡོངས་སུ་འཛིན་པས་ནི་བསྐལ་པ་བརྒྱར་གནས་པར་བྱེད་དོ། །སེམས་ཅན་རྣམས་

(༦༩༣)ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་སྡིག་པ་དང་བྲལ་བའི་དབང་དུ་བྱས་ཏེ་ལས་ཀྱི་རྒྱུད་སྟོན་ཏོ། །རང་གི་བློ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་དག་གི་དོན་སེམས་སོ། །ལུས་བརྒྱ་ཀུན་དུ་སྟོན་པ་དང་། ལུས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་སྟོན་པས་ནི་དེ་དོན་མང་དུ་བྱེད་པར་སྦྱོར་བ་དང་། དོན་མྱུར་བར་བྱེད་པར་སྦྱོར་བར་རིག་པར་བྱའོ། །ཞེས་གསུངས་ཏེ། འདི་དག་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཤེས་ཕྱོགས་བདེའི་མཁས་པ་རྣམས་ལ་གྲགས་མོད་ཀྱི། གོང་འོག་ཕལ་ཆེར་དུ་ཆོས་ཐམས་ཅད་བཅུ་ཚན་གྱིས་སྟོན་པའི་ཕྱིར་བཅུར་རྣམ་པར་གཞག་ན་ལེགས་སམ་སྙམ་སྟེ། དེ་དག་གི་བྱིན་གྱིས་བརླབས་ཤེས་བྱ་བ་འདི་ལ་བརྒྱ་ཕྲག་གི་གྲངས་ཀྱང་མདོར་མི་འབྱུང་བ་སངས་རྒྱས་བརྒྱ་མཐོང་བ་དང་གཅིག་ཏུ་བགྲང་ངོ་། །ཐ་མར་གཉིས་ལྟ་བུར་སྣང་ཡང་འཁོར་བརྒྱ་ཕྲག་རེ་དང་བཅས་པའི་ལུས་བརྒྱ་སྟོན་ཞེས་བྱས་ནས་གཅིག་ཏུ་བགྲང་ངོ་། །འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་ཅེས་པ་ནི་འོད་ཀྱི་འགེངས་པ་ལྟ་བུ་མ་ཡིན་གྱི། ཞིང་དེར་སེམས་ཅན་རྣམས་ཀྱིས་རང་ཉིད་མཐོང་བར་བྱེད་པའོ། །བསྐལ་པ་བརྒྱར་གནས་པ་ནི་རང་ཉིད་བསྐལ་པ་བརྒྱའི་བར་དུ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྐྱེས་རབས་སྣ་ཚོགས་སྟོན་པའོ། །བསྐལ་པ་བརྒྱའི་བར་དུ་སྔོན་དང་ཕྱི་མའི་མཐའ་ཤེས་པ་ནི་སྐྱེས་རབས་དེ་དག་སོ་སོ་ལ་སྔོན་ལས་འདི་བྱས་པས་ཕྱི་མར་འབྲས་བུ་འདི་ལྟ་བུར་སྨིན་པའི་ཆ་རྣམས་གཞན་ལ་སྟོན་པའོ། །ལྷག་མ་ནི་གོ་སླ་སྟེ། དེ་དག་སྟོན་པའི་ཏིང་ངེ་འཛིན་

(༦༩༤)བརྒྱ་ནི་དུས་མཉམ་དུ་འབྱུང་བ་མ་ཡིན་གྱི་སྐད་ཅིག་གཅིག་གི་ཡུལ་ལ་འཇུག་པ་དང་ལྡང་བའི་རིམ་པ་བརྒྱ་བྱེད་པའོ། །སྙིང་རྗེ་ཕུན་སུམ་ཚོགས་པ་ནི། དེ་ཉིད་ལས༴ འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ལྟ་བ་ངན་པར་ལྷུང་བའི་སེམས་ཀྱི་རྒྱུད་དང་མ་རིག་པའི་མུན་པས་ཀུན་ནས་ཁེབས་པའི་ཡིད་དང་། ང་རྒྱལ་གྱི་རྒྱལ་མཚན་ཤིན་དུ་སྒྲེང་བའི་ཀུན་དུ་རྟོག་པ་རྣམས་དང་། སྲེད་པའི་དྲ་བས་མངོན་པར་འདོད་པའི་ཡིད་ལ་བྱེད་པ་རྣམས་དང་རྒྱུ་དང་གཡོ་ཐིབས་པོའི་རྗེས་སུ་རྒྱུ་བའི་སེམས་ཀྱི་བསམ་པ་རྣམས་དང་ཕྲག་དགེ་དང་སེར་སྣ་དང་མཚུངས་པར་ལྡན་པས་ལྡན་པས་འགྲོ་བར་སྐྱེ་བར་སྦྱོར་བ་རྣམས་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་འདྲིས་པའི་ལས་སྩོགས་པ་རྣམས་དང་ཁྲོ་བོ་དང་འཁོན་དུ་འཛིན་པ་སྣར་བའི་སེམས་ཀྱི་མེ་ལྕེ་འབར་བ་རྣམས་དང་། ཕྱིན་ཅི་ལོག་དང་མཚུངས་པར་ལྡན་པས་ལས་བྱ་བ་མངོན་པར་སྒྲུབ་ལ་རྣམས་དང་། འདོད་པ་དང་སྲིད་པ་དང་མ་རིག་པའི་ཟག་པ་དང་འབྲེལ་བའི་སེམས་དང་ཡིད་དང་རྣམ་པར་ཤེས་པའི་ས་བོན་རྣམས་ཀྱིས་གང་འདི་ཁམས་གསུམ་དུ་མིང་དང་གཟུགས་དང་ལྡན་ཅིག་འབྱུང་བའི་མི་འབྲལ་བ་ཡང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱེད་དོ། །མིང་དང་གཟུགས་དེ་རྣམ་པར་འཕེལ་ནས་སྐྱེ་མཆེད་དྲུག་གི་གྲོང་འབྱུང་བར་འགྱུར་རོ། །སྐྱེ་མཆོད་རྣམས་བྱུང་ནས་ཕན་ཚུན་རེག་སྟེ་ཕྲད་པས་ཚོར་བ་འབྱུང་བར་འགྱུར་རོ། །ཚེར་བ་དེ་ཉིད་ལ་ཕྱི་ཕྱིར་ཞིང་མངོན་པར་དགའ་བའི་སྲེད་པ་དང་ལེན་པ་རྣམ་པར་འཕེལ་ལོ། །རྣམ་པར་འཕེལ་ནས་སྲིད་པ་འབྱུང་ངོ་། །བྱུང་ནས་སྐྱེ་བ་དང་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་

(༦༩༥)མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་ཕུང་པོ་བདག་དང་བདག་གི་མེད་པ། གསོབ་གསོག་སྟོང་པ་དབྱེ་བ་གཡོ་བ་མེད་པ་བྱེད་པ་མེད་པ་བེམས་པོ་།།།ཏྲ་དང་ཤིང་དང་རྩིག་པ་དང་མིག་ཡོར་ལྟ་བུ་མངོན་པར་འགྲུབ་ཀྱང་འདི་ཁོང་དུ་མི་ཆུད་དོ་ཞེས་དེས་སེམས་ཅན་རྣམས་སྡུག་བསྔལ་གྱི་ཕུང་པོ་ལས་མ་ཐར་པ་དེ་ལྟ་བུ་མཐོང་ནས་དེའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་རྒྱས་པ་འབྱུང་སྟེ་སེམས་ཅན་འདི་དག་ནི་བདག་གིས་ཡོངས་སུ་གྲོལ་བར་བྱ་བ་དག་གོ །ཤིན་དུ་བདེ་བའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པར་བྱ་བ་དག་གོ་སྙམ་སྟེ། དེའི་ཕྱིར་དེའི་བྱམས་པ་ཆེན་པོ་རྒྱས་པ་འབྱུང་ངོ་། །ཞེས་བྱ་བའི་གཞུང་འདིས་བསྟན་ཏོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ཐམས་ཅད་སྡུག་བསྔལ་ཡིན་ལ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོས་ནི་དེ་དག་དང་བྲལ་བ་ཙམ་ཞིག་བྱེད་པ་མ་ཡིན་གྱི། སྡུག་བསྔལ་གྱི་བཟློག་ཟླ་ཐེས་ཀྱི་སྐུའི་བདེ་བ་ཕུན་སུམ་ཚོགས་པ་ལ་འགོད་པ་ཡིན་ཞིང་། བྱེ་བྲག་ཏུ་མ་རིག་བག་ཆགས་ཀྱིས་ཉོན་མོངས་པའི་ཀུན་འབྱུང་དང་ཟག་པ་མེད་པའི་ལས་ནི་ལས་ཀྱི་ཀུན་འབྱུང་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་བསམ་གྱི་མི་ཁྱབ་པར་བསྒྱུར་བའི་འཆི་བ་ཕོ་སྡུག་བསྔལ་གྱི་གནས་སུ་བརྩིས་ནས་དེ་དག་ལས་གྲོལ་བར་བྱེད་པའི་སྙིང་རྗེ་ཆེན་པོ་འཇུག་པ་ནི་བསྟན་བཅོས་འདིར་ངེས་པར་ཤེས་པར་བྱ་དགོས་སོ། །དེ་ལ་འདི་ལྟར་ཤེས་པར་བྱ་སྟེ། འདིར་བྱིས་པ་རྣམས་ཀྱི་སྲིད་པར་འཁྱམས་པའི་རྒྱུ་ཕྱིན་ཅི་ལོག་

(༦༩༦)བཞི་ཡིན་ནོ་ཞེས་ཉོན་མོངས་པ་དང་ལྟ་བ་འཁོར་བའི་རྒྱུར་གྱུར་པ་ཇི་སྙེད་གཅིག་ལས་བཞིར་བསྡུས་པ་ནི་བཅོམ་ལྡན་འདས་ཀྱི་འཁོར་ལོ་དང་པོའི་གཏམ་སྔོན་ལྟར་གྱུར་པའམ་མིར་གྱུར་པ་སུས་ཀྱང་མ་བསྐོར་ཞེས་གསུངས་པའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་འབའ་ཞིག་གི་ཁྱད་པར་གྱི་ཆོས་ཏེ། འདི་ལྟར་སངས་རྒྱས་པ་ལས་གཞན་པ་ལ་ངན་སོང་ལས་བཟློག་སྟེ་སྲིད་པའི་རྩེ་མོའི་བར་གྱི་ཐབས་ཙམ་ཡོད་མོད་ཀྱི། དང་པོ་མི་རྟག་པའི་རྣམ་པ་འདུས་བྱས་ཐམས་ཅད་སྐད་ཅིག་པ་ཞེས་པ་འདི་ཕྱི་རོལ་པ་སུ་ལ་ཡང་མེད་དེ། ནང་པའི་ཡང་གནས་མ་བུ་པ་ལ་སོགས་པ་ཁ་ཅིག་སྐད་ཅིག་མ་དྲུག་ཙམ་གྱི་བར་དུ་གནས་པར་འདོད་པ་ཡང་ཡོད་པར་གྲག་གོ །སྡུག་བསྔལ་བ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་བ་དང་། འགྱུར་བའི་སྡུག་བསྔལ་ལ་ཡིད་འབྱུང་བ་ནི་ཕྱི་རོལ་པ་དག་ལ་ཡང་ཡོད་མོད། འདུ་བྱེད་ཐམས་ཅད་མི་རྟག་ཅིང་དེ་ལས་ཟག་པ་དང་བཅས་པ་ཐམས་ཅད། མི་རྟག་ཉེས་པའི་རྟེན་ཕྱིར་དང་། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཕྱིར། ཞེས་རང་དབང་མེད་པར་མི་འདོད་བཞིན་དུ་འབྱུང་བ་སྡུག་བསྔལ་གྱི་ངོ་བོ་དང་སྡུག་བསྔལ་གཞན་གཉིས་པོ་སྐྱེ་བའི་གནས་ངན་ལེན་དང་ལྡན་པས་སྡུག་བསྔལ་འདུ་བྱེད་པའི་མོས་གཉིས་པོ་འདི་ཡང་། ཕྱི་རོལ་པ་ལ་མེད་དེ། དེ་དག་ཐར་པ་དོན་དུ་གཉེར་བ་ན་ཡང་ཟག་པ་དང་བཅས་པའི་ཆོས་ཀྱི་ཁྱད་པར་གང་ཡང་རུང་བ་ཞིག་ལ་ཐར་པར་འདུ་ཤེས་པ་ཡིན་ནོ། །བདག་མེད་པའི་གཏམ་ཡང་ཕྱི་རོལ་པ་ལ་མེད་ན་སྒོམ་པ་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས། མི་གཙང་བ་ཡང་སྡུག་བསྔལ་བ་ཉིད་ཀྱི་ཕྱིར་མཁས་པས་དེ་ལ་རྟེན་པར་མི་

(༦༩༧)འོས་པའི་ཆོས་ཏེ། དེ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྣམ་པའི་ནང་ཚན་ནོ། །ཇི་ལྟ་བུར་རྣམ་པར་གཞག་སའི་ཀྱང་འགལ་བ་མེད་པས་རེས་འགའ་ནི་བདག་མེད་པ་ལ་སྟོང་པ་དང་བདག་མེད་པ་ཞེས་རྣམ་པ་གཉིས་སུ་འཇོག་ཅིང་། རེས་འགལ་ནི་སྡུག་བསྔལ་ལ་སྡུག་བསྔལ་དང་མི་གཙང་བ་ཞེས་རྣམ་པ་གཉིས་སུ་ཕྱེ་ནས་སྡུག་བསྔལ་གྱི་རྣམ་པ་བཞི་བཞིར་འཇོག་གོ །འཕགས་པ་ཉན་ཐོས་རྣམས་ཀྱིས་རྣམ་པ་བཞི་པོ་འདི་ཚད་མས་གཏན་ལ་ཕབ་ནས་བསྒོམས་པས་ལམ་རྒྱུད་ལ་སྐྱེས་པ་ན་བྱིས་པའི་ཕྱིན་ཅི་ལོག་བཞི་དང་རྣམ་པ་དངོས་སུ་མི་མཐུན་པས་གནོད་བྱ་གནོད་བྱེད་དུ་འགྱུར་ལ། ཚད་མས་གཏན་ལ་ཕབ་པའི་བདེན་པའི་ཡུལ་ཅན་ཡིན་པའི་ཕྱིར་སྟོབས་ཆེ་བས་སྤོང་བར་ནུས་པ་ཡང་ཡིན་ནོ། །འཁོར་ལོ་བར་པར་ནི་བདེན་པ་གཉིས་ལ་བརྟེན་ནས་སྡུག་བསྔལ་གྱི་རྣམ་པ་བརྒྱད་དུ་འགྱུར་བ་ཡིན་ཏེ། ཀུན་རྫོབ་ཀུ་ཏུ་ཉན་ཐོས་ཀྱིས་རྟོགས་པའི་རྣམ་པ་བཞི་པོ་དེ་དག་ཉིད་དང་། དོན་དམ་པའི་དབང་དུ་བྱས་ནས་སྐྱེ་བ་མེད་པའི་ངོ་བོ་ཉིད་གཅིག་ལ་ཆར་རྣམ་པར་ཕྱེ་སྟེ་མི་རྟག་དོན་ནི་མེད་དོན་དང་། ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སྡུག་བསྔལ་གྱི་རྣམ་པ་བཞིར་འཇོག་གོ །དེ་ལྟར་ན་འཁོར་ལོ་བར་པར་སྤང་བར་བྱ་བ་བཞི། དེའི་གཉེན་པོ་བརྒྱད་དེ་ཆོས་བཅུ་གཉིས་སུ་རྣམ་པར་གཞག་གོ །འཁོར་ལོ་ཐ་མར་ནི་ཉན་ཐོས་རྣམས་ཀྱི་ཚད་མ་དང་ལྡན་པའི་རྣམ་པ་བཞི་པོ་དེ་དག་ཉིད་ཆོས་ཀྱི་སྐུའི་གནས་ཚུལ་ལ་ལྟོས་ནས་ཕྱིན་ཅི་ལོག་ཉིད་དང་སྡུག་བསྔལ་ཉིད་དུ་རྣམ་པར་འཇོག་སྟེ། འདོད་

(༦༩༨)ཆགས་ལ་སོགས་པའི་ཉོན་མོངས་པ་དང་། ཟག་པ་དང་བཅས་པའི་ཕུང་པོ་ལྔ་པོ་དོན་དམ་པར་བདེ་བ་ཡིན་ལ་དེ་མ་ཤེས་པར་སྡུག་བསྔལ་དུ་འདུ་ཤེས་པ་ཉིད་ཀྱིས་ཚེ་ཟད་པ་ལ་དགའ་བར་བྱེད་པའི་ཕྱིར་རོ་སྙམ་དུ་དགོངས་ནས་འཁོར་ལོ་ཕྱི་མར་གཙང་བ་དང་བདག་དང་བདེ་བ་དང་རྟག་པ་ཉིད་དུ་རྟོགས་པའི་ལམ་སྟོན་པར་མཛད་དེ། འདིར་གཙང་བར་འདུ་ཤེས་པ་ལ་སོགས་པ་བཞི་པོས་ཉན་ཐོས་ཀྱི་རྣམ་པ་བཞི་པོ་སྤོང་བ་ན་འཛིན་སྟངས་འགལ་བས་སྤོང་བ་ནི་མ་ཡིན་ཏེ། ཉན་ཐོས་ཀྱི་བཞི་པོ་དེ་དག་ཚད་མ་དང་ལྡན་པའི་ཕྱིར་དང་། ཚད་མ་ལ་འགྲན་ཟླའི་ཚད་མ་མི་སྲིད་པའི་ཕྱིར་རོ། །འདིར་ཉན་ཐོས་རྣམས་ཀྱི་མི་རྟག་པ་ལ་སོགས་པའི་རྣམ་པ་བཞི་སྤང་བར་བྱ་བ་དང་། དེའི་གཉེན་པོ་གཙང་བར་འདུ་ཤེས་པ་ལ་སོགས་པ་བཞི་གསུངས་པ་ནི་ཉན་ཐོས་ཀྱི་རྣམ་པ་དེ་དག་ཚད་མ་དང་ལྡན་པ་ཡིན་པས་གནོད་བྱེད་ཀྱི་གཉེན་པོ་མེད་ཀྱི་ཉན་ཐོས་རྣམས་ཀྱི་ལམ་གྱིས་སྤང་བར་མ་ནུས་པའི་སྤང་བར་བྱ་བའི་ལྷག་མ་གཞན་ཞིག་འཁོར་ལོ་ཕྱི་མའི་ལམ་གྱིས་སྤོང་བ་མ་ཡིན་ནམ། ཚད་མ་དང་ལྡན་པའི་ལམ་ལ་ཡང་དེ་ལས་བཟློག་པའི་གཉེན་པོ་ཡོད་ན་ཚད་མ་ཐམས་ཅད་ལ་ཡིད་གཏན་དུ་མེད་པར་མི་འགྱུར་རམ་ཞེ་ན། ཉན་ཐོས་ཀྱི་ལམ་གྱིས་སྤོང་བར་མ་ནུས་པའི་སྤང་བར་བྱ་བའི་ལྷག་མ་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་སྤོང་བར་ནུས་སོ་ཞེས་སློབ་དཔོན་མཁས་པ་རྣམས་ཀྱིས་གསུངས་པ་ནི་བདེན་མོད། འོན་ཀྱང་ཉན་ཐོས་ཀྱི་ལམ་ཉིད་འཁོར་ལོ་གསུམ་པས་གསུངས་པ་ན་སྡུག་

(༦༩༩)བསྔལ་དུ་སྣང་བ་ཅན་ཡིན་པས་སྣང་བ་ཕྱིན་ཅི་ལོག་ཏུ་གྱུར་པ་སྐྲ་ཤད་དམ་དུང་སེར་པོར་སྣང་བ་ལྟ་བུར་གསུངས་པ་ཡིན་ནོ། དེ་ཡང་སྣང་བ་ཕྱིན་ཅི་ལོག་ཏུ་གྱུར་པའི་གཉེན་པོར་སྣང་བ་དེ་གཏན་ཚིགས་ཀྱིས་མི་འགོག་པར་རྒྱུ་དབང་པོ་བསླད་པ་ལས་བྱུང་བར་ཤེས་ནས་དབང་པོ་ལེགས་པར་སྦྱོང་བ་ཡིན་ཏེ། དེ་བས་ན་ཉན་ཐོས་ཀྱི་ལམ་དེ་དག་གི་སྣང་བ་ལོག་པ་ཉིད་སེལ་བ་ཡིན་གྱི། འཛིན་སྟངས་ལ་ཚད་མས་གནོད་པའི་ཚུལ་གྱིས་སྤོང་བ་ནི་མ་ཡིན་ཏེ། སློབ་དཔོན་ཆོས་ཀྱི་གྲགས་པས་རྣམ་རྟོག་ཐམས་ཅད་རང་བཞིན་གྱིས་མ་རིག་པ་ཡིན་པར་ཞལ་གྱིས་བཞེས་ནས་ཕུང་པོ་བདག་མེད་པར་རྟོགས་པའི་རྗེས་སུ་དཔག་པ་ཡང་མ་རིག་པར་ཞལ་གྱིས་བཞེས་པས་དེའི་སྣང་བ་ཕྱིན་ཅི་ལོག་ཡང་དག་པའི་ཏིང་ངེ་འཛིན་གོམས་པས་སྤོབས་ཡིན་གྱི། །བཟློག་ཕྱོགས་ཀྱི་ཚད་མ་གཞན་ཚོལ་བར་མི་མཛད་པས་དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་དུ་བསྒོམས་གྱུར་པ། །སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པ་ཡིན་ཏེ། རྟོག་པའི་རྫས་ཀྱི་སྟེང་ན་མུན་པར་གྱུར་པའི་ཆ་དང་རང་རིག་པའི་མངོན་སུམ་ཞེས་བྱ་བ་སྣང་བའི་ཆ་ཡང་ཞལ་གྱིས་བཞེས་ནས་མུན་པ་དེ་གོམས་པས་སེལ། སྣང་བ་དེ་ཡང་གོམས་པས་རྒྱས་པར་བྱེད་པའི་ཚུལ་འདི་བསྟན་བཅོས་ལ་སྣང་སྟེ། དེ་ལེགས་པར་ཤེས་ན་འཁོར་ལོ་ཕྱི་མ་འདིར་གཙང་བ་ལ་སོགས་པར་འདུ་ཤེས་པས་མི་གཙང་བ་ལ་སོགས་པར་འདུ་ཤེས་པ་སྤོང་ངོ་ཞེས་པའི་དོན་ཁོང་དུ་ཆུད་པར་འགྱུར་རོ། །དེ་བས་ན་འཕགས་

(༧༠༠)པ་ཉན་ཐོས་རྣམས་ལ་སྲིད་པ་མཐའ་དག་སྡུག་བསྔལ་དུ་སྣང་བ་ན་དེའི་གཉེན་པོ་བདེ་བར་སྣང་བའི་ལམ་གོམས་པས་སྤོང་བ་ཡིན་གྱི། འཛིན་སྟངས་འགལ་བའི་ལམ་གྱིས་སྤོང་བ་མ་ཡིན་ནོ་ཞེས་མང་དུ་བརྗོད་དོ། །འདིར་སློབ་དཔོན་ཆོས་ཀྱི་གྲགས་པས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། ཞེས་བཤད་པ་ལྟར་འདིར་ཡང་། བདེ་བར་སྣང་བས་གྲོལ་གྱུར་གྱི་སྣང་བ་ལྷག་མ་དེ་དོན་ཡིན། །ཞེས་སྦྱར་ཏེ། གཙང་བར་སྣང་བ་དང་རྟག་པར་སྣང་བ་དང་བདག་ཏུ་སྣང་བ་ཐམས་ཅད་བདེ་བར་སྣང་བའི་ཡན་ལག་ཏུ་འགྱུར་རོ་ཞེས་ངེས་པར་བྱའོ། །འོ་ན་མིག་ནད་ཅན་གྱི་སྐྲ་ཤད་ལ་སོགས་པའི་སྣང་བ་ལོག་པ་དེ་སེལ་བ་ན་རྗེས་སུ་དཔག་པས་མི་སེལ་གྱི། དབང་པོ་ལེགས་པར་བྱེད་པའི་སྨན་གྱིས་དབང་པོ་གསོས་ཏེ་བྱེད་པ་ནི་བདེན་མོད་ཀྱི། འདིར་རྗེས་སུ་དཔག་པ་མི་ཚོལ་བར་ཉན་ཐོས་ཀྱི་ལམ་གྱི་སྣང་བ་ལོག་པ་དེ་སེལ་བར་བྱེད་པ་ཡང་དེ་དང་འདྲ་ན། །དབང་པོ་ལེགས་པར་བྱེད་པའི་སྨན་དེ་ཇི་འདྲ་བ་ཞིག་ཡིན་ཞེ་ན། ལེགས་པར་དྲིས་ཏེ་སྟོང་པ་ཉིད་ཀྱི་མིག་སྨན་གྱིས་སྦྱོང་བ་ཡིན་ནོ། །སྟོང་པ་ཉིད་ཅི་འདྲ་བ་ཞིག་གིས་ཤེ་ན། བསམ་བ་དགག་པའི་རྣམ་པ་ཅན་དང་། འཇོག་པ་སྒྲུབ་པའི་རྣམ་པ་ཅན་གྱིས་རྟོག་པས་ཡིད་མ་དཀྲུགས་པར་ཇི་ལྟར་སྣང་བ་ཉིད་ལ་ངང་དུ་གནས་པ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་མིང་དུ་སྟོང་པ་ཉིད་ཅེས་འདོགས་ཏེ། འདིར་མིག་སྨིན་དེ་ཡིན་ལ། ཆོས་ཀྱི་སྐུའི་དབང་དུ་བྱས་ནས་གཙང་བར་འདུ་ཤེས་པ་སོགས་བཞི་གསུངས་པ་

(༧༠༡)དེ་ཡང་ཕྱག་རྒྱ་ཆེན་པོའི་ལམ་དེ་ཉིད་ལ་བྱའི། དེ་ལས་གཞན་དུ་མཚན་མར་འཛིན་པའི་འདུ་ཤེས་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། ཇི་ལྟར་མི་གཙང་མི་མཐུན་པ། དེ་བཞིན་ཆགས་དང་བཅས་རྣམས་ཀྱི། །འདོད་པ་བསྟེན་པའི་རྒྱུ་ཡིན་ཕྱིར། །ཀུན་ནས་ལྡང་བ་མི་གཙང་འདྲ། །ཞེས་ཀུན་རྫོབ་ཀྱི་ལམ་གྱི་དབང་དུ་བྱས་ནས་གསུངས་པ་ལ་འདིར་ནི་འདོད་ཆགས་ཀྱི་ཀུན་དུ་རྟོག་པ་དྲག་པོ་སྐྱེས་པ་ན་དེ་དག་འབྱུང་ཞིང་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་བློ་ཡང་མི་བསྐྱེད་པར་འདོད་ཆགས་ཀྱི་རྟོགས་དེ་ཉིད་ལ་ངང་གིས་གནས་པ་ན་འདོད་ཆགས་སྐྱེ་བའི་རྐྱེན་ཡིད་ཀྱི་དབང་པོ་འཁྲུག་པ་དེ་ཉིད་ཞི་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུ་ལ་གཙང་བར་སྒོམ་པ་ཞེས་བྱའི། འདི་ནི་མི་གཙང་བ་མ་ཡིན་ཏེ། དོན་དམ་གཙང་བ་ཡིན་ནོ་ཞེས་ལོང་འདོགས་པའི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ངང་དེ་ཉིད་ལ་གནས་པ་ན་སེམས་ཀྱི་སྔགས་ཕྱིའི་རྒྱུན་སྔ་མ་ཇི་ལྟར་གནས་པ་དེ་བཞིན་དུ་གནས་པ་ན་གཉིས་སུ་སྣང་བའི་མཐོ་དམན་མེད་པས་རྟག་པར་འདུ་ཤེས་པའི་མིང་དུ་འདོགས་སོ། །དེ་བཞིན་དུ་དེ་ལྟར་གནས་པའི་སེམས་ཕྱིན་ཅི་ལོག་ཏུ་སྣང་བའི་སྤྲིན་དང་བྲལ་ནས་ནམ་མཁའ་ལྟ་བུར་འཇུག་པ་གཅིག་གིས་གནས་པ་ན་སེམས་ལ་རང་དབང་ཐོབ་ཅེས་བྱ་བའོ། བདག་ཏུ་འདུ་ཤེས་པ་ཞེས་འདོགས་སོ། །སྣང་བ་ལོག་པ་ཐམས་ཅད་ཡུལ་དང་ཡུལ་ཅན་ཏེ་གཉིས་སུ་སྣང་བ་ལས་ཡིན་པར་ངེས་ནས་ངང་དེ་ཉིད་ལ་གནས་པ་ན་གཉིས་སུ་མེད་པའི་ཡེ་ཤེས་སོ་སོ་རང་

(༧༠༢)གིས་རིག་པ་ཤར་ཏེ། དེའི་སྟོབས་ཀྱིས་འཁོར་བ་ལ་སྤོང་བར་འདོད་པ་དང་མྱ་ངན་ལས་འདས་པ་ལ་སྒྲུབ་པར་འདོད་པའི་རྟོག་པ་ཐམས་ཅད་ཞི་སྟེ་སེམས་ལ་ཟུག་ཏུ་ཅི་ཡང་མེད་ཅིང་། སྡུག་བསྔལ་གྱི་སྣང་བ་མཐའ་དག་དང་བྲལ་བ་ལ་བདེ་བ་སྒོམ་པ་ཞེས་བྱའོ། །བཤད་པའི་དོན་དེ་དག་ཉིད་ཀྱིས་མོས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་ཁམས་རྣམ་པར་དག་པའི་རྒྱུར་བཤད་པའི་ཞེས་བྱ་བ་ལ་སོགས་པ་ལེགས་པར་བཤད་པ་ཡིན་ནོ། །དེ་ལྟར་བཤད་པ་ན། དེ་ལ་གང་ཞིག་གཟུགས་ལ་སོགས་པའི་དངོས་པོ་མི་རྟག་པ་ལ་རྟག་གོ་སྙམ་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བའོ། སྙམ་པ་དང་། བདག་མེད་པ་ལ་བདག་གོ་སྙམ་པ་དང་། མི་གཙང་བ་ལ་གཙང་བའོ་སྙམ་པར་འདུ་ཤེས་པ་འདི་ནི་ཕྱིན་ཅི་ལོག་རྣམ་པ་བཞི་ཞེས་བརྗོད་ལ། ཞེས་བྱ་བ་ནི་གཞི་གཟུགས་ལ་སོགས་པ་ལ་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བ་རྣམས་ཚད་མས་གྲུབ་པའི་ཕྱིར་ཡང་དག་པ་ཡིན་ལ། དེ་ལས་ལོག་པར་གཟུང་བས་ཕྱིན་ཅི་ལོག་ཏུ་བརྗོད་དོ་ཞེས་པའོ། །འདི་ལས་བཟློག་པ་ལ་ནི་ཕྱིན་ཅི་མ་ལོག་པ་རྣམ་པ་བཞི་ཉིད་དུ་རིག་པར་བྱའོ། །རྣམ་པ་བཞི་པོ་གང་ཞེ་ན། གཟུགས་ལ་སོགས་པའི་དངོས་པོ་དེ་ཉིད་ལ་མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་བའི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་གང་ཡིན་པ་སྟེ། འདི་ནི་ཕྱིན་ཅི་ལོག་རྣམ་པ་བཞི་ལས་བཟློག་པའོ། ཞེས་བྱ་བ་ནི་བྱིས་པ་དང་འཕགས་

(༧༠༣)པ་གཉིས་ཁྱད་པར་གྱི་ཆོས་ཐ་དད་པས་ཐ་དད་པ་ཡིན་གྱི། ཆོས་ཅན་ནམ་གཞི་ནི་གཟུགས་ལ་སོགས་པ་དེ་ཉིད་ཡིན་ནོ། ཆོས་ཐ་དད་པས་བྱིས་པའི་བློའི་ཡུལ་ནི་ཚད་མས་གནོད་པའི་ཕྱིར་མེད་ལ། འཕགས་པའི་ནི་ཡོད་པས་ཕྱིན་ཅི་ལོག་ལས་བཟློག་པ་ཕྱིན་ཅི་མ་ལོག་པ་ཡིན་ཞེས་པའོ། །དེ་ཡང་རྟག་པ་ལ་སོགས་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་དབང་དུ་བྱས་ཏེ་འདིར་ཕྱིན་ཅི་ལོག་ཏུ་འདོད་དོ། ཞེས་བྱ་བ་ནི་ཉན་ཐོས་འཕགས་པའི་ཕྱིན་ཅི་མ་ལོག་པ་བཞི་པོ་དེ་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་རྟག་པ་ལ་སོགས་པའི་མཚན་ཉིད་བཞི་པོ་སྣང་བ་ཕྱིན་ཅི་མ་ལོག་པའི་དབང་དུ་བྱས་པའམ་དེ་ལ་ལྟོས་ནས་འདིར་ཕྱིན་ཅི་ལོག་ཅེས་བརྗོད་དེ། དེ་ཡང་སྣང་བ་ཕྱིན་ཅི་ལོག་པས་ཡིན་གྱི། འཕགས་པའི་ཡུལ་ལ་རིགས་པས་གནོད་པས་ནི་མ་ཡིན་ནོ་ཞེས་པའོ། །གང་གི་།།།གཉེན་པོར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་རྣམ་པ་བཞི་རྣམ་པར་གཞག་པ་སྟེ། འདི་ལྟ་སྟེ་རྟག་པའི་ཕ་རོལ་དུ་ཕྱིན་པ་དང་། བདེ་བའི་ཕ་རོལ་དུ་ཕྱིན་པ་དང་། བདག་གི་ཕ་རོལ་དུ་ཕྱིན་པ་དང་། གཙང་བའི་ཕ་རོལ་དུ་ཕྱིན་པའོ། ཞེས་བྱ་བ་ནི་ཕགས་པའི་ཡེ་ཤེས་ཀྱི་སྣང་བ་བཞི་པོ་ནི་ཕྱིན་ཅི་ལོག་ཡིན་ཏེ། དེའི་གཉེན་པོར་གྱུར་པའི་ཡེ་ཤེས་ཀྱི་ཡུལ་རྟག་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་བཞི་བཅོམ་ལྡན་འདས་ཀྱིས་རྣམ་པར་གཞག་པའི་ཕྱིར་རོ་ཞེས་པའོ།

(༧༠༤)རྟག་པ་།།།སོགས་ལ་ཡོན་ཏན་ཞེས་བརྗོད་པ་ནི་ཁྱད་པར་གྱི་ཆོས་ཡིན་པའི་ཕྱིར་རམ་ཁྱད་པར་གྱི་གཞི་གཞན་ལས་ལྷག་པར་གོ་བར་བྱེད་པའི་ཕྱིར་རོ། །དོན་དེ་ཉིད་ལུང་གིས་སྒྲུབ་པའི་ཕྱིར་གཞུང་འདི་ཡང་རྒྱས་པར་ནི་དཔལ་ཕྲེང་གི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། ཞེས་གསུངས་ཏེ། གཞུང་ནི་འདོད་པའོ། །དེ་ཡང་དཔལ་ཕྲེང་གི་མདོའི་ཚིག་དང་དོན་གཉི་ག་ཇི་ལྟ་བ་བཞིན་དུ་བྲིས་པ་ཡིན་གྱི་རང་བཟོ་མ་ཡིན་ནོ་ཞེས་པའོ། །མདོའི་ཚིག་ཉིད་ནི། བཅོམ་ལྡན་འདས་སེམས་ཅན་རྣམས་ནི་ཟིན་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དེ་དག་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་ལགས་སོ། ཞེས་བྱ་བ་ནི་སེམས་ཅན་རྣམས་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སོ། །ནང་གི་ཕུང་པོ་རྣམས་སེམས་ཀྱིས་ཟིན་པའི་ཕྱིར་ཟིན་པ་ཞེས་བྱ་ལ། དེ་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་བླངས་པའི་ཕྱིར་རམ་འདིས་ཉོན་མོངས་པ་ཉེ་བར་ལེན་པའི་ཕྱིར་ཡང་ཉེ་བར་ལེན་པ་ཞེས་བྱའོ། །དེ་ལྟ་བུའི་ཕུང་པོ་ལྔ་པོ་རྣམས་ནི་ཕྱིན་ཅི་ལོག་གི་རྟེན་ནོ། །དེ་རྣམས་ལ་ཁྱད་པར་གྱི་ཆོས་ཚད་མ་དང་མི་ལྡན་པ་བཞི་གཟུང་ནས་ཕྱིན་ཅི་ལོག་ཏུ་གྱུར་ཏེ་འདི་ལྟར་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྔར་མ་མཐོང་བ་

(༧༠༥)ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །ཞེས་བྱ་བ་ནི་སོ་སྐྱེ་རྣམས་སུ་མ་ཟད་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་ཕྱིན་ཅི་ལོག་ཏུ་གྱུར་པར་བརྗོད་རིགས་པ་ཞིག་ཡོད་དེ། བྱིས་པ་ཕྱིན་ཅི་ལོག་ཏུ་གྱུར་པའི་གཞི་དེ་ཉིད་ལ་འཕགས་པ་རྣམས་ཕྱིན་ཅི་མ་ལོག་པ་ཡིན་མོད་ཀྱི། དོན་གྱི་གནས་སྐབས་འདིར་ནི་དེ་རྣམས་ཕྱིན་ཅི་ལོག་ཏུ་གྱུར་པའི་གཞི་ནི་གལ་ཏེ་མཐོང་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མཐོང་བར་བྱ་བ་ལས་དེ་རྣམས་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པའི་ཕྱིར་སྔར་མ་མཐོང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པས་མེད་པ་ཡང་མ་ཡིན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །ཉན་ཐོས་རྣམས་ཀྱིས་རྟེན་ཆོས་ཅན་མ་མཐོང་བས་དེའི་ཁྱད་པར་གྱི་ཆོས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །ཉན་ཐོས་རྣམས་ཀྱིས་རྟེན་ཆོས་ཅན་མ་མཐོང་བས་དེའི་ཁྱད་པར་གྱི་ཆོས་ཕྱིན་ཅི་ལོག་ཏུ་འཛིན་པ་མི་སྲིད་ན་ཉན་ཐོས་རྣམས་ཇི་ལྟར་ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག་ཏུ་འགྱུར་སྙམ་ན། འདི་ནི་ལྟས་པས་ཕྱིན་ཅི་ལོག་སྟེ། བྱང་ཆུབ་སེམས་དཔའ་ཉེ་དུར་མ་གྱུར་པའི་སེམས་ཅན་གཞན་ལ་ཡང་གཅེས་པར་འཛིན་པ་ན་སྲིན་མོས་དེ་རྣམས་མ་མཐོང་ཡང་རང་གི་བུ་ཟ་བར་བྱེད་པ་ན་བྱང་ཆུབ་སེམས་དཔའ་ལས་ཕྱིན་ཅི་ལོག་ཅེས་མི་བརྗོད་དམ། ངེས་པའི་དོན་ནི་འདོད་ཆགས་ལ་སོགས་པ་རྣམས་དོན་དམ་པར་ཆོས་ཀྱི་སྐུའི་རང་བཞིན་ཡིན་ལ་

(༧༠༦)འཕགས་པ་ཉན་ཐོས་རྣམས་ཀྱིས་འདོད་ཆགས་ཡང་དག་པ་ཉིད་དུ་འཛིན་པས་ཕྱིན་ཅི་ལོག་ཅེས་བྱ་སྟེ། སྔོན་པོ་འཛིན་པའི་མིག་གི་རྣམ་པར་ཤེས་པ་དོན་དམ་པའི་ཤེས་པ་ལ་ལྟོས་ནས་འཁྲུལ་པར་བརྗོད་པ་བཞིན་ནོ། །མདོར་ན་སྒྲ་རྟག་པར་འཛིན་པ་ལ་སོགས་པ་ནི་རང་གིས་ངེས་ཤིང་གཟུང་བའི་ཆོས་ཅན་སྒྲ་གཟུང་སྟེ། དེའི་ཁྱད་པར་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་ཐོབ་པའི་ཡོངས་སུ་ཉམས་པ་ལྟ་བུ་ཡིན་ལ། དབུལ་པོ་རང་གི་ཁྱིམ་ན་གཏེར་ཡོད་ཀྱང་མ་མཐོང་བས་ནོར་གྱི་ཕུང་པོ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡང་ཡིན་ཏེ། དེ་ནི་མ་ཐོབ་པའི་ཡོངས་སུ་ཉམས་པ་ལྟ་བུའོ། །ཉན་ཐོས་ཀྱིས་མ་མཐོང་དེ་བཞིན་གཤེགས་པས་གཟིགས་པའི་ཡུལ་དེ་ལ་ཕྱིན་ཅི་མ་ལོག་པའི་གང་ཟག་གཞན་ཡོད་དམ་ཞེ་ན། ཡོད་དེ༴ བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཡིན་པས། བཅོམ་ལྡན་འདས་རྟག་པར་འདུ་ཤེས་པ། བདེ་བར་འདུ་ཤེས་པ། བདག་ཏུ་འདུ་ཤེས་པ། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དང་དེ་དག་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པ་མཐོང་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་ནི་རྟག་པའི་ཕ་རོལ་དུ་ཕྱིན་པ། བདེ་བའི་ཕ་རོལ་དུ་ཕྱིན་པ། བདག་གི་ཕ་རོལ་དུ་ཕྱིན་པ། གཙང་བའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་

(༧༠༧)སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ལྟར་མཐོང་བ་དེ་དག་ནི་ཡང་དག་པར་མཐོང་བའོ། །ཡང་དག་པར་མཐོང་བ་གང་ལགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྲས་ལགས་སོ། ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་རྣམས་སྒྲའི་རྗེས་སུ་འགྲོ་བ་ཡིན་།།།པས་ཤྭ་རིའི་བུ་ལ་སོགས་པའི་ཆེན་པོ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་ཞལ་ལས་སྐྱེད་པའི་སྲས་ཤེས་ནི་བརྗོད་ལ། བྱང་སེམས་འཕགས་པ་རྣམས་ནི་དོན་བཅོམ་ལྡན་འདས་དང་མཐུན་པར་མངོན་སུམ་དུ་མཐོང་བས་ཐུགས་ཀྱི་སྲས་ཤེས་བ་དགས་སོ། །བྱང་ཆུབ་སེམས་དཔའི་མཐོང་བ་དེ་ཕྱིན་ཅི་ལོག་མ་ཡིན་ཞིང་ཕྱིན་ཅི་མ་ལོག་པ་ཡིན་ཏེ། ཆོས་ཀྱི་སྐུ་ནི་རྟག་སོགས་བཞིའི་ཕ་རོལ་དུ་ཕྱིན་པ་ཡིན་པ་ལ་ཡིན་པ་ལྟར་མཐོང་བའི་ཕྱིར་ཞེས་པའོ། །དོན་འདི་ཉིད་སྟོན་པའི་ཚིག་གཞན་ཡང་མང་དུ་ཡོད་པས་རྒྱས་པར་གསུངས་པ་བལྟ་བར་བྱའོ། །འདིར་བཞི་བརྒྱ་པར་གཟུགས་མཐོང་ཚེ་ན་བུམ་པ་ནི། །ཐམས་ཅད་ཁོ་ན་མཐོང་མི་འགྱུར། །བུམ་པ་མངོན་སུམ་ཞེས་བྱ་བའང་། །དེ་ཉིད་རིག་པ་སུ་ཞིག་སྨྲ། །ཞེས་གསུངས་པ་ལྟར་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་ཆོས་ཀྱི་སྐུའི་ཕྱོགས་ཅིག་ཙམ་མངོན་སུམ་དུ་མཐོང་བས་མངོན་སུམ་བཏགས་པ་བ་ཡིན་གྱི་དངོས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་སྟེ། འཇུག་པ་ལས། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །

(༧༠༨)མངོན་སུམ་ཞེས་བྱར་མི་འདོད་དོ། ཞེས་གསུངས་པ་ལྟར་རོ། །དེ་དག་གིས་ནི། ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག །རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོ༴ ཞེས་བྱ་བ་རྒྱས་པར་བཤད་པ་ཡིན་ལ། ད་ནི༴ འདི་དག་འབྲས་ནི་མདོར་བསྡུ་ན། །གཉེན་པོས་རབ་ཏུ་ཕྱེ་བ་ཉིད། ཅེས་གསུངས་པའི་དོན་རྒྱས་པར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་འདི་བཞི་ནི་རྒྱུའི་རིམ་གྱི་གོ་རིམས་ལས་བཟློག་སྟེ་རིག་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ནི་རྟག་པར་འདུ་ཤེས་པ་དང་བདེ་བར་འདུ་ཤེས་པ་དང་བདག་ཏུ་འདུ་ཤེས་པ་དང་། གཙང་བར་འདུ་ཤེས་པ་བཞི་ཡིན་ལ། དེའི་རིམ་པ་ལས་བཟློག་སྟེ་གཙང་བ་དང་བདག་དང་བདེ་བ་དང་རྟག་པའི་ཕ་རོལ་དུ་ཕྱིན་པ་ཞེས་བསྟན་ཏོ་ཞེས་པའོ། །འདིར་སྒྲིབ་པའི་རྟེན་གང་ཟག་བཞི། དེ་ལ་གནས་པའི་ཕྱིན་ཅི་ལོག་བཞི། དེ་ལས་བཟློག་པའི་ཉན་ཐོས་རྣམས་ཀྱི་ཡིད་ལ་བྱེད་པ་བཞི། དེའི་གཉེན་པོ་བཞི། དེ་དག་གི་འབྲས་བུ་བཞི་ཞེས་བཞི་ཚན་ལས་བསྟན་པར་བྱ་བ་ཡིན་པ་ལས་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་བཞི་པོ་དོར་ནས་སོ་སོ་སྐྱེ་བོའི་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཉིད་ཀྱིས་འབྲས་བུ་བཞི་འབྱུང་བར་བསྟན་པ་ནི་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་བཞི་དང་། དེ་བྱང་ཆུབ་སེམས་དཔས་སྤོང་བའི་རིམ་པ་ནི་ད་ལྟ་ཉིད་དུ་བཤད་ཟིན་མ་ཐག་ཡིན་པས་མི་འཆད་པར་ཆོས་ལ་ཁོང་ཁྲོ་བ་དང་བདག་ཏུ་ལྟ་བ་ལ་སོགས་པའི་སྒྲིབ་པ་ད་ལྟ་ཉིད་དུ་མ་བཤད་པ་རྣམས་སྤོང་བར་སྟོན་པ་ཡིན་ནོ།

(༧༠༩) །འདིར་དེ་རྣམས་གཅིག་ཏུ་བསྡོམས་ན་རྟག་སོགས་སུ་འཛིན་པའི་ཕྱིན་ཅི་ལོག་བཞི། དེའི་རྟེན་སོ་སོ་སྐྱེ་བོ་བཞི། རྟག་སོགས་སུ་འཛིན་པ་ལས་བཟློག་པའི་ཡིད་བྱེད་བཞི། དེའི་རྟེན་འཕགས་པ་བཞི། དེའི་གཉེན་པོ་རྟག་པར་འདུ་ཤེས་པ་སོགས་བཞི། དེའི་རྟེན་བྱང་ཆུབ་སེམས་དཔའ་བཞི། འབྲས་བུ་ཕ་རོལ་དུ་ཕྱིན་པ་བཞི། དེའི་རྟེན་སངས་རྒྱས་ཀྱི་སྐུ་བཞི། ཆོས་ལ་ཁོང་ཁྲོ་སོགས་སྒྲིབ་པ་བཞི། །དེའི་རྟེན་གང་ཟག་བཞི་སྟེ་དེ་ལྟར་ན་བཞི་ཚན་བཅུ་ཕྲག་གཅིག་གིས་གཏན་ལ་དབབ་སྟེ། མོས་པ་ལ་སོགས་པ་བཞི་ནི་གཙང་བར་འདུ་ཤེས་པ་ལ་སོགས་པ་བཞི་པོའི་ངོ་བོ་ཉིད་ཡིན་པར་སྦྱར་རོ། །སྐུ་བཞི་པོ་ཕ་རོལ་དུ་ཕྱིན་པ་བཞིའི་རྟེན་དུ་ཇི་ལྟར་སྦྱར་ཞེ་ན། ངོ་བོ་ཉིད་ཀྱི་སྐུའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། བག་ཆགས་བཅས་པའི་ཉེས་པ་རྣམ་སྤངས་པའོ། །ཞེས་གསུངས་ཤིང་། འདིར་༴ དེ་ནི་རང་བཞིན་དག་ཕྱིར་དང་། བག་ཆགས་སྤངས་ཕྱིར་གཙང་བ་ཡིན། ཞེས་བྱ་བས་གཙང་བའི་ཕ་རོལ་དུ་ཕྱིན་པ་དང་སྦྱར་རོ། ཆོས་ཀྱི་སྐུ་ལ་རྟོགས་པའི་ཆོས་ཀྱི་སྐུ་དང་བསྟན་པའི་ཆོས་ཀྱི་སྐུ་གཉིས་ལས་རྟོགས་པའི་ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་ཀྱི་སྐུ་ཉིད་ཡིན་ལ། བསྟན་པའི་ཆོས་ཀྱི་སྐུ་ནི་སྦྲང་རྩི་རོ་གཅིག་པ་བཞིན་དུ་དངོས་དང་བརྒྱུད་པས་བདག་མེད་སྟོན་པར་རོ་གཅིག་པས། བདག་རང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག་དང་སྦྱར་རོ། །ལོངས་སྤྱོད་རྫོགས་པ་ནི་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་

(༧༡༠)དགའ་བའི་བདེ་བ་མྱོང་བར་མཛད་པས་བདེ་བའི་ཕ་རོལ་དུ་ཕྱིན་པ་དང་སྦྱར་རོ། །སྤྲུལ་པའི་སྐུ་ནི་སངས་རྒྱས་ཀྱི་ཞིང་དག་ཏུ་སྐྱེ་བ་འཁོར་བའི་ཚུལ་དང་ཞི་བ་མྱ་ངན་ལས་འདས་པའི་ཚུལ་གཉི་ག་ཡང་དང་ཡང་དུ་སྟོན་པས་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པའི་རྟག་པའི་ཕ་རོལ་དུ་ཕྱིན་པ་དང་སྦྱར་རོ། །དེ་ལ་རྗེ་བཙུན་གྱི་མདོ་རྡེའི་རྒྱན་ཡང་ཆོས་བཞི་པོ་འདི་དག་ཉིད་ཀྱི་དབང་དུ་མཛད་ནས་སྦྱར་བར་སྣང་སྟེ། དང་པོར་ཐེག་པ་ཆེན་པོ་བཀར་སྒྲུབ་པ་ནི་ཐེག་པ་ཆེན་པོའི་ཆོས་ལ་སྡང་བའི་གཉེན་པོ་མོས་པའི་དབང་དུ་མཛད་པའོ། །དེ་ནས་སྐྱབས་སུ་འགྲོ་བ་ནི་ཐབས་མ་ཡིན་པ་ལ་ཞུགས་པ་མུ་སྟེགས་ཅན་རྣམས་ཀྱི་སྐྱབས་མ་ཡིན་པ་ལ་སྐྱབས་སུ་གཟུང་བ་ལས་བཟློག་པའི་དོན་དུ་ཡིན་ནོ། །དེ་ནས་ཐེག་པ་ཆེན་པོའི་རིགས་དང་། སེམས་བསྐྱེད་པ་དང་། སྒྲུབ་པ་དང་། དེ་ཁོ་ན་ཉིད་དང་། མཐུའི་མཐར་ཐུག་པ་ནི་ཐབས་ལ་ཞུགས་ཀྱང་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་ཐེག་པ་དམན་པར་ཞུགས་པ་རྣམས་ཐེག་པ་ཆེན་པོར་གཞུག་པའི་དོན་དུ་ག་ཡིན་ནོ། །སེམས་ཅན་གྱི་དོན་ལ་ལྟོས་པ་མེད་པའི་རང་རྒྱལ་གྱི་ལམ་ལས་བཟློག་ནས་སྙིང་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསྟན་ཏོ། །བྱང་ཆུབ་ནི་ཆོས་བཞི་པོ་དག་གི་འབྲས་བུ་ཕ་རོལ་དུ་ཕྱིན་པ་བཞི་དང་སྦྱར་རོ། །འདི་མན་ཆད་མོས་པ་མང་བ་ལ་སོགས་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་བར་ནི་འདི་དག་ཉིད་ཀྱི་རྒྱས་པར་བཤད་པ་ཁོ་ན་ཡིན་ནོ། །དེ་དག་ལས་འབྲས་བུ་དང་པོའི་རྒྱུ་དང་འབྲས་

(༧༡༡)བུ་རྣམས་རྒྱས་པར་བསྟན་པའི་ཕྱིར། །དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་སྣང་བའི་འདོད་ཆེན་པ་རྣམས་ཀྱི་མི་གཙང་བའི་འཁོར་བ་ལ་མངོན་པར་དགའ་བ་ལས་བཟློག་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསྒོམས་པ་ལས་ནི་འབྲས་བུ་གཙང་བའི་ཕ་རོལ་དུ་ཕྱིན་པ་ཐོབ་པར་བལྟའོ། །ཞེས་གསུངས་ཏེ། འདོད་ཆེན་པ་ནི་སྒྲིབ་པའི་རྟེན་ཏེ། དེ་རྣམས་ཀྱི་མི་གཙང་བའི་འཁོར་བ་ལ་མངོན་པར་དགའ་བ་ནི་མོས་པའི་མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པ་ཡིན་ལ་དེའི་རྟེན་གང་ཟག་གཉིས་ཡོད་དེ། ཐོག་མ་མེད་པ་ནས་རིང་དུ་ཞུགས་པའི་མ་རིག་པའི་མཐུ་ཆེ་བ་ཉིད་ཀྱིས་འཁོར་བའི་ཉེས་པ་མི་གཙང་བར་མི་ཤེས་པ་ནི་གཅིག་གོ །གཞན་ནི་འཁོར་བའི་ཉེས་པ་དང་ཐར་པའི་ཕན་ཡོན་ཅུང་ཟད་ཤེས་ཀྱང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པས་ཐེག་པ་ཆེན་པོའི་ཆོས་ནི་ཐར་པ་དང་མི་མཐུན་པར་བལྟ་བས་ཤིན་ཏུ་སྡང་བར་གྱུར་བ་ཐེག་པ་ཆེན་པོ་བཀར་སྒྲུབ་པར་བྱ་བའི་ཉན་ཐོས་དང་། དེ་ལྟ་བུ་དང་མཐུན་པ་དག་གོ །འཁོར་བ་མི་གཙང་བ་ནི་འདི་ཉིད་དུ། །འཁོར་བའི་སྐྱེ་འཆི་ཐོག་མ་མེད་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ། །མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། ཅེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ཏེ། འཁོར་བ་ནི་རྒྱུད་ལྔའི་ཕུང་པོ་རྣམས་ཡིན་ལ། དེ་མི་གཙང་བ་དང་འདྲ་སྟེ། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པའི། བདེ་བ་བདག་པོ་བགྱིད་པ་ཇི་ལྟ་བར། ཞེས་པའི་ཚུལ་གྱིས་ཐར་བ་ཉིད་བདེ་བ་ཡིན་ལ། དེའི་མི་མཐུན་པའི་

(༧༡༢)ཕྱོགས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་དྲི་མི་ཞིམ་པ་དང་མཚུངས་སོ། །ཐེག་པ་ཆེན་པོའི་ཆོས་དང་དེ་ལ་སྡང་བ་བཟློག་པ་ཡང་འདི་ཉིད་ཀྱི་ལེའུ་ཕྱི་མས་རྒྱས་པར་བཤད་པ་ཡིན་ཏེ། ཆོས་ནི་རྒྱལ་བའི་བཀའ་སྟེ། དེ་ཡང་རིགས་པའི་རྗེས་སུ་འགྲོ་བ་དང་ལུང་གི་རྗེས་སུ་འགྲོ་བ་གཉིས་ཡིན་ལ། དེ་གཉིས་གང་ཟག་གང་གི་ཁའི་སྒོ་ལས་འབྱུང་ཡང་རུང་རྒྱལ་བའི་བཀར་གཞག་གོ །དེ་ལ་རིགས་པའི་རྗེས་སུ་འགྲོ་བ་ནི། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཕྱིར་ཞིང་། ཞེས་བྱ་བ་ལ་སོགས་པས་བསྟན་ལ། ལུང་གི་རྗེས་སུ་འགྲོ་བ་ནི། གང་ཞིག་སྟོན་པ་རྒྱལ་བ་འབའ་ཞིག་གི། ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ནོ། །ཆོས་དེ་ཡང་ཐེག་པ་ཆེན་པོ་ཉིད་རྗོད་པར་བྱེད་པས་ཐེག་པ་ཆེན་པོའི་ཆོས་ཤེས་བྱའོ། །དེ་ལ་སྡང་བ་ནི་ཐེ་ཚོམ་ཙམ་གྱིས་མ་ཡིན་པར་ཆོས་དེ་ལ་ཞེ་སྡང་བ་ཡོངས་སུ་སྨིན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཆོས་སྤོང་བར་གྲགས་པ་རྣམས་སོ། །དེ་བཟློག་པ་ཡང་། གང་ཕྱིར་རྒྱལ་ལས་ཆོས་མཁས་འགའ་ཡང་། ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ཏེ། ལས་འདིའི་རྟེན་དུ་གྱུར་པའི་ཉན་ཐོས་རྣམས་ནི་མཐའ་གཅིག་ཏུ་འཁོར་བ་འདོད་པ་མེད་ཀྱང་མཐུ་ཆེན་པོའི་ལས་ཀྱིས་ཐར་པའི་མིང་ཡང་མི་ཐོས་པའི་གནས་སུ་འཇུག་པར་འགྱུར་བས་འཁོར་བ་ཉིད་ལ་མངོན་པར་དག་བའི་ཁོངས་སུ་བསྡུས་སོ། །དེའི་གཉེན་པོ་ནི་ཐེག་ཆེན་ལ་སྡང་བ་དེ་ལས་བཟློག་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་སྒོམ་པ་ཡིན་ཏེ། དེ་

(༧༡༣)ཡང་ཐར་པའི་ཆ་མཐུན་ནས་ཆོས་ཀྱི་མཆོག་གི་བར་གྱི་མོས་པ་རྣམས་ཀྱིས་ནི་སྒྲིབ་པ་དེའི་མཐུ་ཤིན་དུ་སྲབ་པར་བྱེད་ལ། ས་ལ་གནས་པའི་མོས་པས་ནི་ས་བོན་དྲུངས་འབྱིན་པར་བྱེད་དོ། །ཇི་ལྟར་ཉན་ཐོས་དགྲ་བཅོམ་པ་རྣམས་ལ་ཉོན་མོངས་པ་མངོན་དུ་གྱུར་པས་དངས་བྱང་དེའི་བག་ཆགས་ཕྲ་མོ་ཡོད་པ་ལྟར་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི་སྒྲིབ་པ་གསུམ་ག་མེད་ཀྱང་དེ་དག་གི་བག་དང་ལྡན་པའི་མ་རིག་པའི་བག་ཆགས་ཀྱིས་པ་ལ་སྟེགས་པའི་འཁོར་བ་ཆ་མཐུན་པ་ཡོད་པས་དེ་ཡང་མོས་པས་སྦྱོང་བར་བྱེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི། བག་ཆགས་སྤངས་ཕྱིར་གཙང་བ་ཡིན། ཞེས་བྱ་བ་འདི་དེའི་འབྲས་བུར་མི་འགྱུར་རོ། །དེ་ལྟ་བས་ན་མོས་པ་བསྒོམས་པ་ལས་འབྲས་བུ་གཙང་བའི་ཕ་རོལ་དུ་ཕྱིན་པ་ཐོབ་པར་བལྟའོ། །འབྲས་བུ་གཉིས་པའི་རྒྱུ་དང་འབྲས་བུ་བསྟན་པའི་ཕྱིར། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་ཏུ་ལྟ་བ་གཞན་མུ་སྟེགས་པ་དག་གི་ཡོད་པ་མ་ཡིན་པ་བདག་ཏུ་འཛིན་པ་ལ་མངོན་པར་དགའ་བ་ལས་བཟློག་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པ་ལས་ནི་འབྲས་བུ་བདག་དམ་པའི་ཕ་རོལ་དུ་ཕྱིན་པ་ཐོབ་པར་བལྟའོ། །འདི་ལྟར་མུ་སྟེགས་པ་གཞན་ཐམས་ཅད་ནི་གཟུགས་ལ་སོགས་པ་དེའི་རང་བཞིན་མ་ཡིན་པའི་དངོས་པོ་བདག་ཏུ་ཁས་ལེན་པ་དེ་དག་གིས་ཇི་ལྟར་གཟུང་བའི་དངོས་པོ་དེ་ཡང་བདག་གི་མཚན་ཉིད་ཀྱིས་སླུ་བ་དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་བདག་མེད་དོ། །

(༧༡༤)དེ་བཞིན་གཤེགས་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་བདག་མེད་པ་དམ་པའི་ཕ་རོལ་དུ་ཕྱིན་པ་བསྙེས་ལ། དེའི་ཇི་ལྟར་གཟིགས་པ་བདག་མེད་པ་དེ་ཡང་བདག་ཡོད་པ་མ་ཡིན་པའི་མཚན་ཉིད་ཀྱིས་མི་སླུ་བ་དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་བདག་ཏུ་འདོད་དོ། །བདག་མེད་པ་ཉིད་བདག་ཏུ་བྱས་པ་སྟེ། ཇི་སྐད་དུ་མི་གནས་པའི་ཚུལ་གྱིས་གནས་པ། ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་ཏེ། ཆོས་འདི་ལས་གཞན་ཏེ་སྟོན་པ་དང་བསྟན་པ་གཉི་ག་སངས་རྒྱས་པའི་འདི་ལས་ཐ་དད་པར་གྱུར་པའི་མུ་སྟེགས་པ་དག་ནི་སྒྲིབ་པའི་རྟེན་ནོ། །རྒྱང་པན་པ་ཞེས་བྱ་བ་ལ་ནི་བསྟན་བཅོས་རྩོམ་པ་པོའི་སྟོན་པ་ཡོད་དུ་ཆུག་ཀྱང་ལམ་སྟོན་པ་པོ་ནི་མེད་དེ། ལམ་ཉིད་མི་འདོད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་འདོད་ཆེན་པའི་ཁོངས་སུ་གཏོགས་པར་བྱས་སོ་།།། དེ་ལྟར་ན་ལམ་སྟོན་པའི་སྟོན་པ་ཡོད་ཅིང་། །དེ་ཡང་ལམ་འདི་ལས་གཞན་པ་སྟོན་པའི་སྟོན་པའི་རྗེས་སུ་འཇུག་པ་དག་གཞུང་གིས་བདག་གི་ཁྱད་པར་སྣ་ཚོགས་སུ་སྒྲོ་འདོགས་པར་བྱེད་པས་བདག་ཏུ་ལྟ་བ་ཞེས་བྱ་བའི་སྒྲིབ་པ་འདིའི་རྟེན་གྱི་གཙོ་བོ་ཡིན་པས་སྨོས་སུ་ཟད་ཀྱི་གཞན་དུ་ན་བྱོལ་སོང་རྣམས་ལ་འཇིག་ཚོགས་ལྟ། ལྷན་ཅིག་སྐྱེས་ཡོད་ཞི་མ་གྱུར། ཞེས་པའི་ཚུལ་གྱིས་སོ་སོའི་སྐྱེ་བོ་ཐམས་ཅད་ནི་བདག་ཏུ་ལྟ་བའི་རྟེན་ཡིན་ནོ། །ཡོད་པ་མ་ཡིན་པའི་བདག་ཏུ་འཛིན་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བ་རྣམས་ལ་བྱ་ལ། མངོན་པར་དགའ་བ་ནི་བདག་ལ་ཆགས་པ་

(༧༡༥)དང་དེར་ལྟ་བ་ལ་ཆགས་པའི་ཆགས་པའོ། །བདག་ཏུ་ལྟ་བའི་ཚུལ་ནི་ངའོ་སྙམ་པ་ཙམ་གྱི་རྣམ་པར་རྟོག་པ་ནི་འཕགས་པ་རྣམས་ལ་ཡང་ཡོད་དེ། དེ་ཙམ་ལ་མི་བྱའི་ང་ཞེས་བྱ་བའི་ཁྱད་པར་གྱི་ཆོས་ང་དེའི་རང་གི་ངོ་བོ་ཉིད་མེད་བཞིན་དུ་འཛིན་པས་ན་བདག་ཏུ་ལྟ་བ་ནི་ཁྱད་པར་གྱི་ཆོས་སུ་འཛིན་པའི་རྟོག་པ་ཁོ་ན་ཡིན་ལ། རྟོག་པ་དེ་ལས་ཀྱང་ཤེས་རབ་ཉོན་མོངས་ཅན་ནོ། །ཤེས་རབ་ཉོན་མོངས་ཅན་མ་ཡིན་པའི་བདག་གི་ངོ་བོར་འཛིན་པ་ལ་ནི་ལྟ་བ་མ་ཡིན་པའི་མ་རིག་པ་ཞེས་བྱའོ། །དེ་མུ་སྟེགས་ཅན་དག་ལ་ཇི་ལྟར་ཡོད་ཅེ་ན། མུ་སྟེགས་པ་དག་ནི་བདག་ཏུ་ལྟ་བའི་ཁྱད་པར་ཤིན་དུ་མང་པོས་བདག་ཏུ་ལྟ་བར་བྱེད་མོད་ཀྱི། ཐམས་ཅད་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བརྟེན་ནས་བདག་ཏུ་སྒྲོ་འདོགས་པ་ཁོ་ན་ཡིན་གྱི། ཕུང་པོའི་ཁྱད་པར་ཅུང་ཟད་ཅིག་ཀྱང་མ་གཟུང་བར་བདག་ཏུ་ལྟ་བ་མེད་པས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་ངམ་བྲམ་ཟེ་སུ་དག་ཅིག་བདག་ཏུ་ལྟ་བ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་བལྟའོ་ཞེས་གསུངས་པ་ཡིན་ནོ། །གཉེན་པོ་ནི་བདག་ལ་མངོན་པར་དགའ་བ་དེ་ལས་བཟློག་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཤེས་རབ་གང་གིས་གང་ཟག་དང་ཆོས་ཀྱི་བདག་མེད་པ་རྣམ་པ་གཉིས་པོས་སྟོང་པར་བསྒོམས་པའམ། སྣང་བ་ཐམས་ཅད་འོད་གསལ་བར་བསྒོམས་པས་ཀྱང་རུང་སྟེ། དེས་ཀྱང་སོ་སོ་སྐྱེ་བོ་ལམ་དུ་བདག་ཏུ་ལྟ་བ་སྲབ་མོར་བྱེད་ལ། ས་ཐོབ་ནས་

(༧༡༦)ནི་ས་བོན་དྲུངས་འབྱིན་པར་བྱེད་པས་ས་ཐོབ་ཕྱིན་ཆད་བདག་ཏུ་ལྟ་བ་མངོན་དུ་རྒྱུ་བ་འབྱུང་མི་སྲིད་དེ། ཅི་ཕྱིར་ཞེ་ན་དེ་ལ་བདག་གི་གནས་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ས་བཅུ་པའི་བར་དུ་བག་ཆགས་ཀྱི་ལུས་ཕྲ་མོ་ལ་སོགས་པ་ཡོད་པ་དེའི་གཉེན་པོར་ཡང་དེ་བཞིན་གཤེགས་པའི་སྙིང་པོ་འོད་གསལ་བ་ཉིད་སྒོམ་པའི་ཤེས་རབ་ཀྱིས་རིམ་གྱིས་རིམ་གྱིས་སྤོང་བ་ཡིན་ནོ། །དེ་ལས་འབྲས་བུ་བདག་དམ་པའི་ཕ་རོལ་དུ་ཕྱིན་པ་ཐོབ་པར་བལྟ་སྟེ། དམ་པའི་སྒྲ་ནི་གཞན་གྱི་སྒྲའི་རྣམ་གྲངས་སུ་ཡང་འགྱུར་རོ། །དེ་ཉིད་རྒྱས་པར་བཤད་པ་ནི་འདི་ལྟར་གཞན་མུ་སྟེགས་པ་ཐམས་ཅད་ནི་གཟུགས་དང་སོགས་པས་ཚོར་བ་ལ་སོགས་པའི་བདག་དེའི་རང་བཞིན་ནམ་ངོ་བོ་ཉིད་མ་ཡིན་ཞིང་མེད་པའི་དངོས་པོ་ལ་བརྟེན་ནས་བདག་ཏུ་ཁས་ལེན་པ་དེ་དག་གིས་ཇི་ལྟར་གཟུང་བའི་དངོས་པོ་དེ་ཡང་དུས་ཐམས་ཅད་དུ་བདག་མེད་དེ། བདག་གི་མཚན་ཉིད་ནི་བདག་གི་ངོ་བོའམ་རང་བཞིན་ཏེ། དེ་ལ་རིགས་པས་བརྟགས་ན་ནམ་དུ་ཡང་མི་རྙེད་པས་བསླུ་བ་དང་ལྡན་པའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་མུ་སྟེགས་ཅན་རྣམས་ལས་བཟློག་སྟེ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡུལ་ཅན་གྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ལ་བདག་གཉི་ག་མེད་པ་གཟིགས་ཤིང་དེ་ཡང་དམ་པའི་ཕ་རོལ་དུ་ཕྱིན་པ་སྟེ། བདག་མེད་གཟིགས་པའི་ཡེ་ཤེས་མཐར་ཐུག་པ་བརྙེས་པ་ཡིན་ནོ། །འོ་ན་བདག་མེད་པ་གཟིགས་ན་བདག་གི་ཕ་རོལ་དུ་ཕྱིན་པར་འདོད་པ་ཅི་ཡིན་ཞེ་ན། དེའི་ཇི་ལྟར་གཟིགས་པ་བདག་མེད་པ་དེ་ཡང་རིགས་པས་ཇི་ལྟ་བུར་བཙལ་

(༧༡༧)ཡང་ཏུང་བདག་ཡོད་པ་མ་ཡིན་པའི་མཚན་ཉིད་དེས་དུས་ཐམས་ཅད་དུ་མི་བསླུ་བ་དང་ལྡན་ཏེ། གཟིགས་པའི་ཡུལ་བདག་མེད་པ་དེ་ལ་ཇི་ལྟར་བཙལ་ཡང་བདག་མེད་པ་ཉིད་གནས་ཤིང་རྙེད་པས་མི་སླུ་བ་དང་ལྡན་པའི་ཕྱིར་བདག་ཏུ་འདོད་ཅིང་བདག་གི་མིང་བཏགས་སོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། །དངོས་ པོ་རྣམས་ནི་མ་སྐྱེས་ཉིད། རང་བཞིན་བཅོས་མ་མེད་པའི་ཕྱིར། །འདི་ལ་ཉམས་པ་མེད་པས་ན། །བདག་ཅེས་ཀྱང་ནི་བརྗོད་པ་ཡིན། །ཞེས་གསུངས་ལ། སློབ་དཔོན་ཟླ་བས་ཀྱང་བཞི་བརྒྱ་པའི་འགྲེལ་པར། མེད་པར་དགག་པ་ལ་བརྟེན་ནས་དངོས་པོ་མེད་པ་ཁོ་ན་རང་བཞིན་ཡིན་ཏེ། དེ་ནི་དངོས་པོ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་བས་ན་ཕུང་པོའམ་དེ་ལས་གཞན་པའི་སྒྲུབ་པའི་བདག་ཅིག་ཡོད་ནས་འདིར་བདག་ཅེས་བརྗོད་པ་མ་ཡིན་གྱི་བདག་མེད་པ་ལ་དཔྱད་ཀྱང་བདག་མེད་པ་ཡིན་པས་དེ་ཉིད་བདག་ཅེས་པའི་སྒྲའི་བརྗོད་བྱར་བྱས་པ་ཡིན་ཏེ། ཇི་སྐད་དུ་ཡུམ་ལས། མི་གནས་པའི་ཚུལ་གྱིས་གནས་པ་ཞེས་གསུངས་པ་བཞིན་ཏེ། རྣལ་འབྱོར་པས་གཟུགས་ལ་སོགས་པའི་མཚན་མ་ལ་མི་གནས་པར་སེམས་རྒྱུན་གྱིས་འཇུག་པ་ཉིད་ལ་གནས་པར་བརྗོད་པ་བཞིན་ནོ་ཞེས་པའོ། །བཤད་པ་དེ་ནི་སློབ་དཔོན་ཟླ་བའི་གསུང་བཞིན་དུ་མེད་པར་དགག་པ་ལ་བརྟེན་ནས་ཡིན་ལ། གཞན་ཡང་ནམ་མཁའ་མེ་ཆུ་ལ་སོགས་པ་གང་གིས་ཀྱང་རྒྱུན་གཞིག་ཏུ་མེད་པར་གོ་སྐབས་ཙམ་གྱི་ཆོས་སུ་རྟག་པ་དེ་བཞིན་དུ་སྙིང་པོའི་སེམས་ཀྱང་གཤིས་ཁ་མི་

(༧༡༨)འགྱུར་ཞིང་ངང་གཅིག་ཏུ་གནས་པས་རང་བཞིན་དང་བདག་ལ་སོགས་པའི་སྒས་།།།བརྗོད། །འབྲས་བུ་གསུམ་པའི་རྒྱུ་དང་འབྲས་བུ་བསྟན་པའི་ཕྱིར། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་འཁོར་བའི་སྡུག་བསྔལ་ཉེ་པར་།།།ཞོ་བརྩམ་མངོན་པར་འདོད་པ་ལས་བཟློག་ནས་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པ་ལས་ནི་འབྲས་བུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེ་བ་དམ་པའི་ཕ་རོལ་དུ་ཕྱིན་པ་ཐོབ་པར་བལྟ་བར་བྱའོ། །ཞེས་གསུངས་ཏེ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་སྒྲིབ་པའི་རྟེན་ནོ། །དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཚར་ཕྱིན་པར་རྟོགས་པ་མ་ཡིན་པར་ཕུང་པོ་ལ་གང་ཟག་གི་བདག་མེད་པ་མངོན་སུམ་དུ་རྟོགས་པའི་ཀུན་ཤེས་པ་ཉིད་དང་། དེ་དང་རྗེས་སུ་མཐུན་པའི་འཇིག་རྟེན་པའི་ལམ་དག་ཀྱང་ཉན་ཐོས་ཀྱི་ཐེག་པ་ཡིན་ལ། དེ་ལ་གནས་པའི་གང་ཟག་ལ་ནི་ཐེག་པ་ལ་ཞེས་བྱའོ། །དེའི་སྒྲིབ་པ་ནི་སྡུག་བསྔལ་འཁོར་བ་ཅན་ཕུང་པོ། ཞེས་པས་ཟག་པ་དང་བཅས་པའི་ཕུང་པོ་ཉིད་ནི་འཁོར་བའི་སྡུག་བསྔལ་ཏེ། དེ་ཉེ་བར་རམ་མ་ལུས་པར་ཞི་བའི་འགོག་པ་ལ་མངོན་པར་དགའི། ཙམ་གྱི་སྒྲས་སེམས་ཅན་གྱི་དོན་ལ་མངོན་པར་མི་དགའ་བའོ། །དེ་ཉན་ཐོས་རྣམས་ལ་ཇི་ལྟར་ཡོད་ན་སྲིད་པས་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ། ཞེས་པས་འཁོར་བའི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པས་མྱ་ངན་ལས་འདས་པ་ཉིད་འདོད་པ་ཡིན་ནོ། །དེ་ལ་བརྟེན་ནས་སེམས་ཅན་གྱི་

(༧༡༩)།དོན་ལ་རྒྱབ་ཀྱིས་ཕྱོགས་པར་ཡང་འགྱུར་ཏེ། ནད་ཀྱིས་འཇིགས་ན་སྨན་པ་ནད་པའི་ཁྱིམ་དུ་མི་འཇུག་པ་བཞིན་ནོ། དེ་ལས་བཟློག་ནས་བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་མཛོད་དང་རིན་ཆེའི་ཕྱག་རྒྱ་ལ་སོགས་པའི་ཏིང་ངེ་འཛིན་གྲངས་མེད་པ་བསྒོམས་པས་གནས་སྐབས་ཀྱི་འབྲས་བུ་གཉིས་འབྱུང་སྟེ། ཇི་ལྟར་མཚན་མོ་ཉེ་འཁོར་ན་།།།སློངས་མོ་བ་གནས་པ་ལ་ཁ་ཟས་དང་སྒྲོན་མེ་ཐོགས་ཏེ་འགྲོ་བ་ལྟར་སེམས་ཅན་གྱི་གནས་དང་སྡུག་བསྔལ་མཐོང་བའི་མངོན་པར་ཤེས་པའི་སྒྲོན་མེ་དང་པོ་དེ་བཞིན་གྱི་ནོར་བུ་ལ་སོགས་པ་ནམ་མཁའ་ལས་བསམས་པ་ཙམ་གྱིས་བྱུང་ནས་སེམས་ཅན་གྱི་དབུལ་བ་སེལ་བ་དང་། མཁན་པོའི་གཟུགས་སུ་གནས་ནས་བསླབ་པ་སྦྱིན་ཏེ་ཚུལ་ཁྲིམས་ལ་འགོད་པ་དང་། བཟོད་པར་སྨྲ་བ་ལ་སོགས་པའི་དྲང་དྲོང་གི་གཟུགས་དུ་བསྒྱུར་ཏེ་བཟོད་པ་ལ་འགོད་པ་ལ་སོགས་པ་སེམས་ཅན་གྱི་ཡིད་དང་མཐུན་པར་སྦྱོར་ནུས་པའོ། །ནམ་མཁའ་མཛོད་ཅེས་བྱ་བ་ནི་བསམ་པས་ཙམ་གྱིས་ནམ་མཁའ་ལས་འདོད་པའི་དངོས་པོ་འབྱུང་བའི་ཕྱིར་ནམ་མཁའ་ཉིད་མཛོད་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཡུལ་གྱི་མིང་གིས་ཡུལ་ཅན་ལ་བཏགས་པ་མི་གཙང་བ་ལ་སོགས་པ་བཞིན་ནོ། །གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བརྒྱ་ཉི་ཤུ་ལ་སོགས་པ་ཐམས་ཅད་ཏིང་ངེ་འཛིན་དེ་དག་ནི་སྔོན་གྱི་སྤྱོད་པའམ་སྦྱོར་བ་ཐ་དད་པས་ཐ་དད་དུ་གྱུར་པ་ཡིན་གྱི། དངོས་གཞིའི་དུས་སུ་སྐྱེ་བ་མེད་པ་རྟོགས་ཤིང་སྒོམ་པ་ལ་ཁྱད་པར་མེད་དོ་ཞེ་

(༧༢༠)གནོད་འཇོམས་མཁན་པོས་མཁན་པོ་བཤད་དོ། །དེ་བཞིན་དུ་འདིར་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཆེད་དུ་ནམ་མཁའ་ལས་རིན་པོ་ཆེའི་ཆར་དབབ་པར་བྱའོ་སྙམ་པའི་སྦྱོར་བའི་འདུ་ཤེས་སྔོན་དུ་བཏང་ནས་སྐྱེ་བ་མེད་པ་ལ་མཉམ་པར་གཞག་ནས་དྲིན་པོ་ཆེའི་ཆར་འབབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །མན་ངག་པ་དག་ནི་ཆར་དབབ་པའི་བསམ་པས་བླ་མ་ལ་གསོལ་བ་བཏབ་སྟེ་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག་ན་ཚར་འབབ་པར་བཞེད་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྡུག་བསྔལ་ལ་བསམ་གཏན་གྱི་སྟོབས་ཀྱིས་བདེ་བར་འདུ་ཤེས་བསྐྱེད་པས་འཇིགས་པར་མི་འགྱུར་ཏེ། འཕགས་པ་ལེགས་འོངས་མེའི་ཁམས་ལ་སྙོམས་པར་ཞུགས་པས་ཀླུས་མི་འཇིགས་པ་བཞིན་ནོ། །དེ་ལྟར་བྱས་པས་འབྲས་བུ་འཇིག་རྟེན་པའི་བདེ་བ་ནོར་ཕུན་སུམ་ཚོགས་པ་འབྱོར་བ་ལས་བྱུང་བའི་ཡིད་དགའ་བ་དང་ལུས་བདེ་བ་དང་། བསམ་གཏན་བསྒོམས་པ་ལས་བྱུང་བའི་དགའ་བ་དང་བདེ་བ་དང་། སྲིད་པའི་རྩེ་མོའི་བཏང་སྙོམས་ཉིད་ཀྱང་བདེ་བ་ཞེས་བྱ་སྟེ་ཟག་པ་དང་བཅས་པ་རྣམས་སོ། །འཇིག་རྟེན་ལས་འདས་པ་ནི་མྱ་ངན་ལས་འདས་པ་ལ་བདེ་བར་གཞག་པ་བཞིན་དུ་སྲེད་པ་ཟད་པའི་གནས་ཡིན་པས་འགོག་པ་དང་ལམ་གཉི་ག་ལ་བདེ་བར་བརྗོད་པར་བྱའོ། །བདེ་བ་དེ་དག་གི་དམ་པ་དང་མཆོག་ཏུ་གྱུར་ཅིང་བདེ་བའི་མཐར་།ཐུག་པ་ནི་ཆོས་ཀྱི་སྐུ་ཉིད་དེ་དེ་ཐོབ་པར་བལྟ་བར་བྱའོ། །འབྲས་བུ་བཞི་པའི་རྒྱུ་དང་འབྲས་བུ་བསྟན་པའི་ཕྱིར། །སེམས་ཅན་གྱི་དོན་ལ་།།།

(༧༢༡)ལྟོས་པ་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་འདུ་འཛི་མེད་པར་གནས་པ་ལ་མངོན་པར་དགའ་བ་ལས་བཟློག་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་བསྒོམས་པ་ལས་ནི་རྟག་ཏུ་རྒྱུན་མི་འཆད་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་ཡོངས་སུ་སྦྱོང་བ་ཡོངས་སུ་དག་པའི་ཕྱིར་འབྲས་བུ་རྟག་པའི་ཕ་རོལ་དུ་ཕྱིན་པ་ཐོབ་པ་བལྟ་བར་བྱའོ། ཞེས་གསུངས་ཏེ། སྒྲིབ་པའི་རྟེན་ནི་ས་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཏེ། གང་ཟག་གི་བདག་མེད་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཚར་ཕྱིན་པར་མངོན་སུམ་དུ་རྟོགས་པའི་ཀུན་ཤེས་པ་ཉིད་དང་། །དེ་དང་རྗེས་སུ་མཐུན་པའི་འཇིག་རྟེན་པ་དག་ནི་རང་སངས་རྒྱས་ཀྱི་ཐེག་པ་ཡིན་ལ། དེ་ལ་གནས་པའི་གང་ཟག་ནི་ཐེག་པ་པའོ། །དེ་རྣམས་ཀྱི་སྒྲིབ་པ་ནི་འདུ་འཛི་མེད་པར་གནས་པ་ལ་མངོན་པར་དགའ་བ་སྟེ། འདུ་འཛི་ནི་ས་སྐྲྀ་ཏ་ལ་ས་ས་རྒ་སྟེ། ས་ནི་ས་མཱ་ས་སྟེ་འདུས་པའམ་འདྲེས་པ་ཡིན་ལ། །སྒ་ནི་སྡེ་སྟེ་སྐྱེ་བོའི་ཚོགས་མང་པོའོ། །དེས་ན་སྐྱེ་བོའི་ཚོགས་མང་པོ་དང་འདྲེ་ཞིང་གནས་པ་ལ་འདུ་འཛི་ཞེས་བྱའོ། །དེ་མེད་པ་ནི་དེའི་མི་མཐུན་ཕྱོགས་གཅིག་པུར་གནས་པ་ལ་མངོན་པར་དགའ་བ་ཡིན་ལ། དེ་དེ་དག་ལ་ཇི་ལྟར་ཡོད་ཅེ་ན། །སེམས་ཅན་གཞན་གྱི་དོན་ལ་མི་ལྟོས་ཤིང་རེ་བ་མེད་པ་ཉིད་དེ། རྟོག་གེ་འབར་བར། ཁ་ནི་གླང་ཆེན་དྲེགས་པ་ཡི། །གླད་པ་བགམ་ཞིང་དབྱེ་མི་སེམས། །གདོལ་པ་རྒྱ་མཚོའི་མཐས་ཀླས་པའི། །ས་ཡི་དཀྱིལ་འཁོར་

(༧༢༢)བསྐྱང་མི་སེམ། །དེ་བཞིན་སེམས་ཅན་དམན་པ་ཡང་། །ཟབ་ཅིང་བླ་མེད་རྒྱ་ཆེ་བ། །ཡོན་ཏན་བགྲང་འདས་འབྱུང་བའི་གནས། །སངས་རྒྱས་ཉིད་ལ་རེ་བའང་མེད། །ཅེས་པ་ལྟར་བློ་དམན་པ་ཉིད་ཀྱིས་སེམས་ཅན་དང་འགྲོགས་པར་མི་བཟོད་པའོ། །འོན་ཀྱང་འདི་ཉན་ཐོས་རྣམས་པས་མཆོག་ཏུ་སྙིང་རྗེ་ཆེ་ཞིང་མངོན་པར་ཤེས་པ་ཡང་སྟོབས་ཆེ་བར་བཤད་དོ། །དོན་དུ་ན་དེ་རྣམས་ཀྱི་སེམས་ཅན་དང་འགྲོགས་པས་སྐྱོ་བའི་ཡིད་ནི་སྒྲིབ་པའོ། །གཉེན་པོ་ནི་དེ་ལས་བཟློག་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་སེམས་ཅན་མཐའ་ཡས་པ་ལ་དམིགས་པས་ཆེ་ཞིང་དམིགས་པ་མེད་པ་ཉིད་ཀྱིས་ཀྱང་ཆེ་བ་ཡིན་ཏེ། རྗེས་ཐོབ་ཏུ་བདག་པས་གཞན་གཅེས་པར་འཛིན་པ་བསྒོམས་པའོ། །དེ་ལས་འབྲས་བུ་རྟག་པའི་ཕ་རོལ་དུ་ཕྱིན་པའི་ཆོས་ཀྱི་སྐུ་ཐོབ་པར་བལྟའ་བར་བྱ་སྟེ། འཁོར་བ་ཇི་སྲིད་ཀྱི་བར་དུ་སྤྱིར་རྟག་ཅིང་རེས་འགའ་ཙམ་དུ་ཡང་བར་མི་འཆད་པས་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་གྱི་དྲི་མ་སྐྱོ་བའི་ཡིད་ཡོངས་སུ་སྦྱོང་བས་དྲི་མ་དེ་མ་ལུས་པར་ཡོངས་སུ་དག་པའི་ཕྱིར་རོ། །སྤྱིའི་དོན་བསྡུ་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོ་བསྒོམས་པ་རྣམས་ཀྱི་འབྲས་བུ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་གཙང་བ་དང་། བདག་དང་། བདེ་བ་དང་། རྟག་པའི་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་རྣམ་པ་བཞི་འགྲུབ་བོ། །ཞེས་གསུངས་སོ། །འདི་དག་ལས་ཤེས་

(༧༢༣)རབ་ལ་སོགས་པ་གསུམ་གྱིས་རིམ་པ་བཞིན་དུ་གཏི་མུག་དང་འདོད་ཆགས་དང་ཞེ་སྡང་རྣམས་སོ་སོའི་གཉེན་པོར་གྱུར་པ་ཡང་བསྟན་ཏོ། །དེ་ཡང་ཤེས་རབ་ནི་འཕགས་པའི་གནས་པ་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱི་ངོ་བོ་ཡིན་ལ། བསམ་གཏན་ནི་ལྷའི་གནས་པ་བསམ་གཏན་བཞིའི་ངོ་བོ་ཉིད་ཡིན་ཞིང་། སྙིང་རྗེ་ནི་ཚངས་པའི་གནས་པ་ཚད་མེད་པ་བཞིའི་ངོ་བོ་ཡིན་ནོ་ཞེས་བྱ་བ་དག་ནི། འདོད་ཆགས་།།།རྡུལ་ནི་སྤངས་ཕྱིར་དང་། །གདུལ་བྱ་ཡི་ནི་པདྨ་ལ། །བསམ་གཏན་ཆུ་ནི་འབབ་ཕྱིར་ཏེ། །ཆུ་དག་རྗིང་དང་མཚུངས་པ་ཡིན། ཞེ་སྡང་སྒྲ་གཅན་ལས་གྲོལ་བས། །སྙིང་རྗེ་བྱམས་ཆེན་འོད་ཟེར་གྱིས། །འགྲོ་བ་ཁྱབ་པའི་ཕྱིར་ན་དེ། །དྲི་མེད་ཟླ་བ་ཉ་བ་བཞིན། །གཏི་མུག་སྤྲིན་ལས་རྣམ་གྲོལ་བས། །འགྲོ་བར་ཡེ་ཤེས་འོད་ཟེར་གྱིས། །མུན་པ་སེལ་ཕྱིར་སངས་རྒྱས་ཉིད། །དེ་ནི་དྲི་མེད་ཉི་མ་བཞིན། །ཞེས་བྱ་བའི་གཞུང་འདི་དག་གིས་བསྟན་ཏེ། །དེ་དག་གིས་རྣམ་པར་གྲོལ་བའི་སྐུ་རྫོགས་པར་བྱེད་པ་ཉིད་བསྟན་པའི་ཤུགས་ཀྱིས་མོས་པས་ནི་ཆོས་ཀྱི་སྐུ་རྫོགས་པར་བྱེད་པར་ཡང་བསྟན་ཏོ། །དེ་ལྟར་འབྲས་བུ་བཞི་པོ་ལ་ཕ་རོལ་དུ་ཕྱིན་པའི་སྒྲས་བསྟན་པའི་དོན་མཐའ་མེད་པའི་མཐའ་ཅན་དུ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ནི་འདི་དག་གིས་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ། ནམ་མཁའི་ཁམས་ཀྱི་མཐས་ཀླས་པ། ཕྱི་མའི་མཐའི་མུར་ཐུག་པ་ཞེས་བརྗོད་དོ། །འདི་ལྟར་

(༧༢༤)ཐེག་པ་ཆེན་པོའི་ཆོས་དམ་པ་ལ་ལྷག་པར་མོས་པ་བསྒོམས་པས་ནི་དེ་བཞིན་གཤེགས་པའི་ཤིན་དུ་གཙང་བའི་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་བརྙེས་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་ཉིད་འགྲུབ་བོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནམ་མཁའ་ལྟ་བུ་བདག་མེད་པའི་མཐར་ཐུག་པ་ཉིད་དུ་རྟོགས་པའི་ཕྱིར་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་འཛིན་བསྒོམས་པས་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་དམ་པ་ཐམས་ཅད་དུ་ཁྱབ་པ་ཀུན་དུ་སྟོན་པའི་ཕྱིར་ནམ་མཁའི་ཁམས་ཀྱི་མཐས་ཀླས་པའོ། །སྙིང་རྗེ་ཆེན་པོ་བསྒོམས་པས་སེམས་ཅན་ཐམས་ཅད་ལ་དུས་མུ་མེད་པར་སྙིང་རྗེ་དང་ལྡན་པའི་ཕྱིར་ན་ཕྱི་མའི་མཐའི་མུར་ཐུག་པ་ཡིན་ནོ། ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ནི། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། ཤེས་གསུངས་པས་ཆོས་ཀྱི་སྐུའོ། །འདི་དག་གིས་ཤེས་བྱ་བ་ནི་མོས་པ་ལ་སོགས་པའི་རྒྱུ་བཞི་པོ་འདི་དག་གིས་འབྲས་བུ་ཆོས་ཀྱི་དབྱིངས་དང་། ནམ་མཁའ་དང་། ཕྱི་མའི་མཐའ་དང་མཚུངས་པས་ན་མཐའ་མེད་པའི་མཐའ་ཅན་ཐོབ་སྟེ། དེ་ཡང་འདིར་ཆོས་གསུམ་གསུངས་པ་ནི་ས་བཅུ་པའི་ས་དང་པོར་སྨོན་ལམ་ཆེན་པོ་བཅུ་གསུངས་པའི་སྨོན་ལམ་རེ་རེ་ཞིང་གི་མཐར། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། །ཕྱི་མའི་མཐའི་མུར་ཐུག་པ། ཞེས་འབྱུང་བ་དེ་བཀོད་པར་སྣང་ཞིང་ཚིག་ཅུང་ཟད་མི་འདྲ་བ་ནི་ལོ་ཙཱ་བ་དག་གི་འགྱུར་གྱི་ཁྱད་པར་ལས་ཡིན་ཏེ། འདིར་ཆོས་ཀྱི་དབྱིངས་ཀྱི་

(༧༢༥)མཐར་ཐུག་པ་ཞེས་འབྱུང་བ་ལ། རྒྱ་དཔེར་།།།ཏུ་པ་ར་མ་ཞེས་འབྱུང་ལ། ས་བཅུ་པའི་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་ཞེས་པ་དེ་ལ་ཡང་པས་མ་ཡོད་པར་མངོན་ཏེ། དབྱིག་གཉེན་གྱིས་དེའི་འགྲེལ་པར། །དགེ་བའི་རྩ་བ་གཞན་པས་མཆོག་ཏུ་གྱུར་པའོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ལྟར་ཐེག་པ་ཆེན་པོའི་ཆོས་དམ་པ་མཐའ་ཡས་པ་ལ་ལྷག་པར་མོས་པ་བསྒོམས་པས་ནི་གཙང་བའི་མཐར་ཐུག་པའི་ཆོས་སུ་ཐོབ་པ། ཤེས་རབ་ཀྱིས་ནམ་མཁའ་ལྟར་ཞི་བའི་བདག་མེད་རྟོགས་ཤིང་། བསམ་གཏན་གྱིས་ནམ་མཁས་ཐམས་ཅད་དུ་ཁྱབ་པ་ལྟར་ཆོས་ཀྱི་དབང་ཕྱུག་བརྙེས་པས་ཐམས་ཅད་དུ་ཆོས་སྟོན་པའོ། །སྙིང་རྗེ་ཆེན་པོས་དུས་མུ་མེད་པར་སེམས་ཅན་སྒྲོལ་བར་བསྒོམས་པས་ཕྱི་མའི་དུས་ལྟར་མཐའ་མེད་པར་གནས་པའོ། །འདིར་ཤེས་རབ་དང་བསམ་གཏན་གཉི་ག་ནམ་མཁའ་གཅིག་པུ་དང་སྦྱར་བ་ཡང་ལེགས་མོད་ཀྱི། །ས་བཅུ་པའི་མདོར་མོས་པས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། །ཕྱི་མའི་མཐའི་མུར་ཐུག་པ། ཞེས་འབྱུང་བས་བཞི་པོ་མོས་པ་ལ་སོགས་པ་དང་གྲངས་བཞིན་དུ་སྦྱར་ན་ཡང་ལེགས་པར་འབྱོར་བར་སེམས་སོ། །དེ་དག་གིས་ནི་མོས་པ་རྣམས་ཀྱིས་མ་དག་པའི་གནས་སྐབས་ཀྱི་སྤང་བར་བྱ་བ་རྣམས་སྤོང་བར་བསྟན་ནས། །ད་ནི་མ་དག་པ་དང་དག་པའི་གནས་སྐབས་ཀྱིས་དང་བར་བྱ་བ་བཞི་ཡང་སྤོང་བར་བསྟན་པའི་ཕྱིར། ཟག་པ་མེད་པའི་ ལ་སོགས་པ་

(༧༢༦)དབྱིངས་ལ་གནས་པའི་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་རྣམ་པ་འདི་བཞི་ཐོབ་པའི་གེགས་སུ་གྱུར་པ་ནི་།།།བཞི་སྟེ། འདི་ལྟ་སྟེ་རྐྱེན་གྱི་མཚན་ཉིད་དང་། རྒྱུའི་མཚན་ཉིད་དང་། འབྱུང་བའི་མཚན་ཉིད་དང་། འཇིག་པའི་མཚན་ཉིད་དོ། །དེ་ལ་རྐྱེན་གྱི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་ས་སྟེ། འདུ་བྱེད་རྣམས་ཀྱི་མ་རིག་པ་བཞིན་ནོ། །རྒྱུའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཉིད་དེ་འདུ་བྱེད་བཞིན་ནོ། །འབྱུང་བའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་དང་ལྡན་པ་ཟག་པ་མེད་པའི་ལས་ཀྱི་རྒྱུ་ཅན་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་གྲུབ་པ་སྟེ། ཉེ་བར་ལེན་པ་བཞིའི་རྐྱེན་དང་ལྡན་པ་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ཅན་གྱི་སྲིད་པ་གསུམ་མངོན་པར་འགྲུབ་པ་བཞིན་ནོ། །འཇིག་པའི་མཚན་ཉིད་ནི་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་མངོན་པར་གྲུབ་པའི་རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་སྟེ། སྐྱེ་བའི་རྐྱེན་ཅན་གྱི་རྒ་ཤི་བཞིན་ནོ། །དེ་ལ་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་མ་རིག་པའི་བག་ཆགས་ཀྱི་ས་མ་སྤངས་པས་ནས་ན་ཉོན་མོངས་པའི་དྲི་མའི་དྲི་ང་བའི་བག་ཆགས་རྣམས་དང་ལྡན་པའི་ཕྱིར་གཙང་བའི་ཕ་རོལ་དུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པ་མི་འཐོབ་བོ་

(༧༢༧)མ་རིག་པའི་བག་ཆགས་ཀྱི་ས་དེ་ཉིད་ལ་བརྟེན་ནས་མཚན་མའི་སྤྲོས་པ་ཀུན་དུ་སྤྱོད་པ་ཕྲ་མོ་དང་ལྡན་པའི་ཕྱིར་བདག་གི་ཕ་རོལ་དུ་ཕྱིན་པ་ཤིན་དུ་མངོན་པར་འདུས་མ་བྱས་པ་མི་འཐོབ་བོ། །མ་རིག་པའི་བག་ཆགས་ཀྱི་ས་དེ་དང་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་མཚན་མའི་སྤྲོས་པ་ཀུན་དུ་སྤྱོད་པའི་ཕྲ་མོས་ཀུན་ནས་བསླང་བ་ཟག་པ་མེད་པའི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་ཀུན་འབྱུང་བའི་ཕྱིར་དེ་འགགས་པ་ཤིན་དུ་བདེ་བའི་ཕ་རོལ་དུ་ཕྱིན་པ་མི་འཐོབ་བོ། །ཇི་སྲིད་དུ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མ་ལུས་པ་འགགས་པ་ལས་གྱུར་པ་དེ་བཞིན་གཤེགས་པའི་ཁམས་མངོན་དུ་མ་བྱས་པ་དེ་སྲིད་དུ་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་དང་ལྡན་པའི་འཆི་འཕོ་བ་དང་མི་འབྲལ་བའི་ཕྱིར་གཞན་དུ་འགྱུར་བ་མེད་པ་རྟག་པའི་ཕ་རོལ་དུ་ཕྱིན་པ་མི་འཐོབ་བོ། །དེ་ལ་མ་རིག་པའི་བག་ཆགས་ཀྱི་ས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་མངོན་པར་འགྲུབ་པ་དང་། བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་དང་ལྡན་པའི་འཆི་འཕོ་བ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཞིན་ནི། གཞུང་འདི་སངས་རྒྱས་པར་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་ཀྱིས་ཟག་པ་དང་བཅས་པའི་ལས་ཀྱི་སྒྱུ་ལས་བྱུང་བའི་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ་བཅོམ་

(༧༢༨)ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བ་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་རྣམས་ནི་ས་གསུམ་པོ་འདི་དག་ཏུ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་པོ་འདི་དག་འབྱུང་བ་དང་། ཟག་པ་མེད་པའི་ལས་མངོན་པར་འགྲུབ་པའི་རྐྱེན་ལགས་སོ། །ཞེས་རྒྱས་པར་འབྱུང་ངོ་། །ཞེས་གསུངས་ཏེ། ཅིའི་ཕྱིར་མ་དག་པ་དང་དག་པའི་གནས་སྐབས་ཤེས་བྱ་ཞེ་ན། མ་རིག་བག་ཆགས་ཀྱིས་དང་ཟག་པ་མེད་པའི་ལས་ཏེ་ཀུན་འབྱུང་བའི་མིང་ཅན་གཉིས་དང་། ཡིད་ཀྱི་རང་བཞིན་གྱིས་ལུས་དང་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་སྟེ་སྡུག་བསྔལ་གྱི་མིང་ཅན་གཉིས་སོ། །དེ་ལྟ་བུའི་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་བཅས་པའི་ཕྱིར་མ་དག་པ་ཞེས་བྱ་ལ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་ཀྱི་ཀུན་འབྱུང་བ་དང་སྡུག་བསྔལ་དག་མ་ལུས་པར་འགགས་ཤིང་སླར་མི་འབྱུང་བས་ན་དག་པ་ཞེས་ཀྱང་བརྗོད་དོ། མིང་གི་རྣམ་གྲངས་གཞན་འདུས་བྱས་དང་འདུས་མ་བྱས་ཤེས་ཀྱང་བརྗོད་དེ། དཔལ་གྱི་ཕྲེང་བ་ལས། བཅོམ་ལྡན་འདས་དེ་ལྟ་ལགས་པས་འཁོར་བ་ལ་ཡང་འདུས་བྱས་དང་འདུས་མ་བྱས་པ་མཆིས་སོ། །མྱ་ངན་ལས་འདས་པ་ལ་ཡང་འདུས་བྱས་དང་འདུས་མ་བྱས་པ་མཆིས་སོ། །ཞེས་གསུངས་པ་ཡིན་ནོ། །གནས་སྐབས་དེ་ལ་གནས་པའི་གང་ཟག་ནི་ཟག་པ་མེད་པའི་དབྱིངས་

(༧༢༩)ལ་གནས་པའི་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་ལ་ཉན་ཐོས་དང་རང་རྒྱལ་བ་འཕགས་པ་རྣམས་ཀྱི་མཐར་ཐུག་པའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། འདོད་པས་ཡུལ་དུ་བྱས་པ་དང་། འདོད་པས་ཡུལ་དུ་མ་བྱས་པའོ། །འདོད་པས་ཡུལ་དུ་བྱས་པ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་འགགས་ཤིང་གཏན་མི་འབྱུང་བའི་སོ་སོར་བརྟགས་པ་དང་། སོ་སོར་མ་བརྟགས་པའི་འགོག་པའོ། །འགོག་པ་དེ་དག་ཀྱང་བྱེ་བྲག་ཏུ་སྨྲ་བས་རང་གི་ངོ་བོ་གྲུབ་པའི་རྫས་སུ་ཡོད་པར་འདོད་ལ། མདོ་སྡེ་པས་ཕུང་པོ་མེད་པ་ཙམ་གྱི་མེད་པར་དགག་པ་ལ་འདོད་པ་ཡིན་ནོ། །འདོད་པས་ཡུལ་དུ་མ་བྱས་པ་ནི་བཟང་སྐྱོང་གིས་ཞུས་པ་ལས། དཔེར་ན་དགྲ་བཅོམ་པ་འགོག་པའི་སྙོམས་པར་ཞུགས་པའི་རྣམ་པར་ཤེས་པའི་ཁམས་དེ་ཁོག་པ་འགགས་ནས་ཡོངས་སུ་འཕྱན་པ་དེ་བཞིན་དུ། ཞེས་དགྲ་བཅོམ་པ་ལྷག་མེད་དུ་མྱ་ངན་ལས་འདའ་ཁ་མའི་ཚེ་འགོག་པ་ལ་སྙོམས་པར་ཞུགས་པས་ཚོགས་བདུན་དེ་ཉིད་དུ་འགགས་ཤིང་previous hit ཀུནགཞིརྣམ་པར་ཤེས next hit་པ་འཕྱན་ཞིང་འཁྱམ་པར་འགྱུར་བས་དེ་ལ་ཡང་ཐེག་པ་ཆེན་པོའི་གཞུང་ལས་སོ་སོར་བརྟགས་པ་ལ་སོགས་པ་དང་འདྲ་བར་འདོད་དོ། །དེ་ཕན་ཆད་ནི་ཀུན་གཞི་ཡང་ཁམས་གསུམ་པའི་ཟག་པའི་དབང་དུ་བྱས་པའི་ཟག་པ་མེད་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱང་ཡིད་ཀྱི་ལུས་ལ་སོགས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་དབྱིངས་ཏེ། ཟག་པ་མེ་

(༧༣༠)པའི་དབྱིངས་ནི་དེ་ལྟ་བུའོ། །ཉན་ཐོས་པ་རྣམས་ལྷག་མ་མེད་པར་ཞུགས་ཕྱིན་དགྲ་བཅོམ་པར་ཐ་སྙད་མི་བྱེད་ཀྱང་ཐེག་པ་ཆེན་པོ་བས་ནི་དེ་ལྟ་བུའི་ཀུན་གཞི་ལ་བརྟེན་ནས་གང་ཟག་ཏུ་གདགས་པ་མཛད་པས་དགྲ་བཅོམ་པའི་ཐ་སྙད་མཛད་དོ། །འདི་ལ་སྐྱེ་བོ་ནད་བུ་ཅན་ཞིག་གིས་འཚོ་བྱེད་ལ་དེ་གསོ་བའི་དཔྱད་མཛད་པར་གསོལ་བ་ན་འཚོ་བྱེད་ཀྱིས་སྨན་ཤིན་དུ་རྙེད་པར་དཀའོ་ཞེས་སྨྲས་པས་འཚོ་བྱེད་ཀྱིས་སྤངས་ན་གསོ་བའི་ཐབས་ག་ལ་ཡོད་སྙམ་ནས་འཆི་བར་འདོད་པས་དུར་ཁྲོད་དུ་སོང་བ་ན་དེར་བཀྲེས་ཏེ་ནེའུ་ལེ་འཐབས་ཏེ་ཤི་བའི་ཤ་ཟོས་ཤིང་། ལྷས་ཆར་ཕབ་པའི་འོད་ཆུ་འཐུངས་པས་ནད་སོས་ཏེ་སླར་གྲོང་ཁྱེར་དུ་འོངས་པ་ན་འཚོ་བྱེད་དང་ཕྲད་དེ་སྨན་ཤིན་དུ་རྙེད་པར་དཀའོ་ཞེས་གསུང་ན་སྨན་ཇི་ལྟ་བུ་ཡིན་ཞེས་དྲིས་ཏེ། འཚོ་བྱེད་ཀྱིས་སྨན་ནི་དུར་ཁྲོད་དུ་ནེའུ་ལེ་འཐབས་ཏེ་ཤི་བའི་ཤ་དང་། ལྷས་ཆར་ཕབ་པའི་འོད་ཆུའོ་ཞེས་སྨྲས་པས་ཤིན་དུ་ཡིད་ཆེས་པར་གྱུར་ཅེས་ལུང་ལས་འབྱུང་ངོ་། །དེ་ལ་ནད་བུ་ཅན་དེའི་འདོད་པའི་ཡུལ་ནི་འཆི་བ་ཡིན་ལ། འདོད་པར་མ་བྱས་ཀྱང་ཐོབ་པ་ནི་ནེའུ་ལེའི་ཤ་ལ་སོགས་པ་ཡིན་ནོ། །དགྲ་བཅོམ་པ་དག་གི་འབྲས་བུ་རྣམ་པ་གཉིས་པོ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ས་བརྒྱད་པ་ཡན་ཆད་ལ་གྲགས་ཆེ་བ་ཡིན་མོད་ཀྱི། །ས་དང་པོ་བས་ཀྱང་ཚེ་ལ་དབང་བ་སོགས་མ་ཐོབ་པ་མ་ཡིན་པས་ས་བཅུ་ལ་གནས་པ་ཐམས་ཅད་དོ། །སྐབས་འདི་དག་གི་བཤད་པ་ནི་ཡིད་ཀྱི་ལུས་ཤེས་པ་ལ་རག་ལས་པས་དེ་བཤད་པར་བྱ་སྟེ། དེ་ཡང་ལང་

(༧༣༡)དཀར་གཤེགས་པ་ལས། བཅོམ་ལྡན་འདས་ཅིའི་སླད་དུ་ཡིད་ཀྱི་ལུས་ཤེས་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཡིད་ཀྱི་ལུས་ཤེས་བྱ་བ་ནི་ཡིད་ལྟར་ཐོགས་པ་མེད་ཅིང་མགྱོགས་པར་འགྲོ་བའི་ཕྱིར་ཡིད་ཀྱི་ལུས་ཤེས་བྱ་སྟེ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཡིད་ནི་རི་དང་། རྩིག་པ་དང་། བབ་ཆུ་དང་། ཤིང་ལ་སོགས་པ་ལ་ཐོགས་པ་མེད་པར་དཔག་ཚད་བརྒྱ་སྟོང་དུ་མར་སྔོན་མཐོང་བ་དང་མྱོང་བའི་ཡུལ་རྗེས་སུ་དྲན་ཞིང་རང་གི་སེམས་ཀྱི་རྒྱུན་མ་ཆད་པའི་ལུས་ཐོགས་པ་མེད་པའི་འགྲོས་ཀྱིས་འཇུག་གོ །བློ་གྲོས་ཆེན་པོ་དེ་བཞིན་དུ་ཡིད་ཀྱི་ལུས་ཀྱང་ཐོབ་མ་ཐག་ཏུ་རྒྱུ་མ་དང་འདྲ་བའི་ཏིང་ངེ་འཛིན་གྱིས་སྟོབས་དང་། དབང་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་དང་མཚན་དང་གྱི་མེ་ཏོག་རྒྱས་པ་དང་། འཕགས་པའི་མེ་ཏོག་རིས་སུ་ལྷན་ཅིག་རྒྱས་པ་འགྲོ་བ་ལ་ཐོགས་པ་མེད་པར་སྔོན་གྱི་སྨོན་ལམ་གྱི་ཡུལ་རྗེས་སུ་དྲན་ཞིང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡིད་བཞིན་དུ་འཇུག་སྟེ། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་རྟོགས་པའི་ཡུལ་ལ་མངོན་པར་མོས་སོ། །ཞེས་བྱ་བ་དང་། ཡང་དེ་ཉིད་ལས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། བློ་གྲོས་ཆེན་པོ་ཡིད་ཀྱི་ལུས་རྟོགས་པ་རབ་ཏུ་དབྱེ་བའི་མཚན་ཉིད་བསྟན་གྱིས་དེ་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ།

(༧༣༢)ལེགས་སོ་བཅོམ་ལྡན་འདས་ཤེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་།།།བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་སླར་ཉན་པ་དང་དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། བློ་གྲོས་ཆེན་པོ་ཡིད་ཀྱི་ལུས་རྣམ་པ་གསུམ་སྟེ། རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ༴ ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས་དང་། ཆོས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པའི་ཡིད་ཀྱི་ལུས་དང་། དྲིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་དང་། ས་དང་པོ་ནས་གོང་ནས་གོང་དུ་སའི་མཚན་ཉིད་ཡོངས་སུ་ཤེས་པས་རྣལ་འབྱོར་ཅན་རྣམས་ཀྱིས་འཐོབ་པར་འགྱུར་རོ། །དེ་ལ་བློ་གྲོས་ཆེན་པོ་ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས་གང་ཞེ་ན། འདི་ལྟ་སྟེ༴ ས་གསུམ་དང་བཞི་དང་ལྔ་ལ་རང་གི་སེམས་རྣམ་པ་མང་པོ་དབེན་པར་སྤྱོད་པས་སེམས་ཀྱི་རྒྱ་མཚོ་ལ་འཇུག་པའི་རྣམ་པར་ཤེས་པའི་རླབས་ཀྱི་མཚན་ཉིད་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་མི་འབྱུང་སྟེ། རང་གི་སེམས་སྣང་བའི་ཡུལ་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་ཡོངས་སུ་ཤེས་པས་ཡིད་ཀྱི་ལུས་ཤེས་བྱའོ། །དེ་ལ་ཆོས་ཀྱི་ངོ་བོ་ཉིད་རྟོགས་པའི་ཡིད་ཀྱི་ལུས་གང་ཞེ་ན། འདི་ལྟ་སྟེ༴ ས་བརྒྱད་པ་ལ་སྒྱུ་མ་ལ་སོགས་པའི་ཆོས་ལ་སྣང་བ་མེད་པའི་རབ་ཏུ་རྣམ་པར་འབྱེད་པ་ཁོང་དུ་ཆུད་པས་སེམས་ཀྱི་གནས་ཤིན་དུ་འགྱུར་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ་དང་། ཏིང་ངེ་འཛིན་གྱི་སྒོ་གཞན་དག་རབ་ཏུ་ཐོབ་པ་དང་། མཚན་དང་

(༧༣༣)དེ༴ གཟུགས་བརྙན་དེ་རྣམས་ལས་སེམས་ཅན་ཐ་མལ་པར་སྣང་བ་རྣམས་འཕགས་པའི་ལམ་ལ་འཛུད་པའི་ཚུལ་དང་། ཉན་ཐོས་དང་རང་རྒྱལ་བ་རྣམས་ཐེག་པ་ཆེན་པོར་གཟུད་པའི་ཚུལ་ལྟར་མཛད་པ་མ་དག་པའི་ཞིང་དུ་ཡང་བྱ་བ་དེ་རྣམས་དངོས་སུ་འབྱུང་བར་བསྟན་པ་ཡིན་ལ། གླིང་འདིར་མིའམ་ཅིའི་རྒྱལ་པོས་ཞུས་པའི་མདོ་ལ་སོགས་པ་རྣམས་སྡུག་པོའི་ཞིང་ནས་བྱུང་བར་གསུངས་པའི་དོན་ཡང་དེ་ལྟ་བུ་ཁོ་ན་ཡིན་ནོ། །བསྡུ་ན་འདི་ལྟར་ཤེས་པར་བྱ་སྟེ། ཟག་པ་དང་བཅས་པའི་ཁམས་གསུམ་ལ་སོགས་པ་ཤེས་བྱ་མཐའ་ཡས་པའི་གཟུགས་བརྙན་པ་དང་རྒྱས་ཀྱི་ཆོས་ཀྱི་སྐུ་ལ་འཆར་ལ། གཟུགས་བརྙན་དེ་ལས་འོག་མིན་དུ་ཞིང་དང་སྟོན་པ་དང་འཁོར་དང་ཆོས་ཀྱི་འཁོར་ལོའི་རྒྱུན་རྣམས་ཇི་ཙམ་འཚམ་པར་འབྱུང་ལ། དེ་ལས་མ་དག་པའི་ཞིང་རྣམས་སུ་སྤྲུལ་པའི་སྐུ་བྱང་ཆུབ་སེམས་དཔའི་འཁོར་འབའ་ཞིག་པའམ། ཉན་ཐོས་ཀྱི་ཚོགས་དང་བཅས་པ་ལ་ཆོས་སྟོན་པར་སྣང་བ་ཡང་འབྱུང་ལ། དེ་དག་ཉིད་སླར་ཡང་ཆོས་ཀྱི་སྐུ་ལ་གཟུགས་བརྙན་གྱི་ཚུལ་དུ་སྣང་སྟེ། དོན་དེ་ཉིད་ནི་བསྟན་བཅོས་འདིར་ལོངས་སྤྱོད་རྫོགས་པ་ནམ་མཁའི་ཟླ་བ་དང་འདྲ་ཞིང་། སྤྲུལ་པའི་སྐུ་ཆུ་དང་བར་དེའི་གཟུགས་བརྙན་ཤར་བ་དང་འདྲ་བར་གསུངས་པ་དང་། བཻ་ཌཱ་རྒྱའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་འཆར་བ་ལ་སོགས་པའི་དཔེས་གསུངས་པ་ཡིན་ཏེ། ལང་ཀར་གཤེགས་པ་ལས་སངས་རྒྱས་ཀྱི་ཞིང་ཕྱི་རོལ་ཁྱད་པར་ཅན་བཤད་པ་ཡང་དེ་ཉིད་ལ་བྱ་ལ། དེའི་ཚུལ་ནི་

(༧༣༤)སངས་རྒྱས་ཕལ་པོ་ཆེ་ལས་རྒྱས་པར་བཤད་པ་ཡིན་ནོ། །ཡིད་ལུས་དང་པོ་ནི་ས་ཐོབ་ནས་ས་ལྔ་པའི་བར་དུ་སོ་སོ་སྐྱེ་བོ་དག་ཁྱིམ་གྱི་འབྱོར་པ་བཏང་ནས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཐོས་པ་དོན་དུ་གཉེར་ཞིང་། བྱང་ཆུབ་ཀྱི་ཕྱོག་བསྒོམས་ཏེ་དེ་ལས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་ལྟར་ས་དང་པོ་ནས་ལྔ་པའི་བར་དུ་ཡང་དེ་དང་ཚུལ་མཐུན་པར་སྒྲུབ་པ་ནི་ས་བཅུ་པའི་མདོ་ལས་གསལ་བར་བཤད་ལ། བདེ་བ་ལ་སྙོམས་པར་འཇུག་པ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་འགོག་པའི་སྒོའི་བདེ་བ་ལ་སྙོམས་པར་འཇུག་པ་ཞེས་ལང་གཤེགས་ཉིད་ལས་བཤད་པས་ས་ལྔ་པ་མན་ཆད་དུ་དེ་མི་འཐོབ་ལ། ས་དྲུག་པ་ནས་འཐོབ་སྟེ། དེ་བས་ན་ཏིང་ངེ་འཛིན་གྱི་སྒོའི་བདེ་བ་ལ་སྙོམས་པར་འཇུག་པ་དྲུག་པར་ཐོབ་པ་དེའི་ཐབས་ནི་ས་དང་པོ་ནས་ལྔ་པའི་བར་དུ་རྣམ་པར་གཞག་པ་ཡིན་ནོ། །བདུན་པར་ནི་འགོག་པ་དེ་འཕེལ་བས་སྐད་ཅིག་དྲང་སྐད་ཅིག་ལ་སྙོམས་པར་འཇུག་ཅེས་བཤད་དོ། །དེ་ལ་ས་དང་པོ་ནས་བདུན་པའི་བར་དུ་བདག་ཏུ་ལྟ་བའི་བག་ཆགས་ཡོད་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཇུག་པ་སོགས་མི་ནུས་ལ། ས་བརྒྱད་པ་ནས་ནི་བག་ཆགས་དེ་ལོག་པས་གནས་གྱུར་གསར་པ་ཐོབ་སྟེ། རྟོག་པའི་བག་ཆགས་ཀྱི་མཐུས་སེམས་ལ་སྣང་བ་འཆར་བ་དག་ནས་སྣང་བ་གང་འཆར་ཐམས་ཅད་རྣམ་པར་མི་རྟོག་པའི་སྣང་བ་ཡིན་ཞིང་། རྣམ་པར་མི་རྟོག་པ་ལ་ཆ་རིས་སུ་འབྱེད་པ་མེད་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེའི་ཡིད་ལུས་འབྱུང་བ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་རྣམས་

(༧༣༥)དཔེར་ན་ཡིད་ཀྱི་ལུས་འདི་རྨི་ལམ་དང་འདྲ་ཞིང་། བར་མ་དོའི་སྲིད་པ་དང་འདྲ་བ་ཡིན་ལ། རྨི་ལམ་ནི་གཉིད་ཀྱིས་དབང་པོ་ནང་དུ་མ་བསྡུས་ཀྱི་བར་ལ་འཆར་བ་མི་སྲིད་ལ། བར་དོ་ཡང་མ་ཤི་བར་དུ་འཆར་བ་སྲིད་ཀྱི། ཤི་མ་ཐག་འཆར་བ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་རང་གི་ཕུང་པོ་དང་མ་བྲལ་གྱི་བར་དུ་མི་འབྱུང་ལ། བྲལ་མ་ཐག་ཏུ་ལུས་ཙམ་འབྱུང་བ་ཡིན་ལ། ཁྱད་པར་ཅན་ནི་འོད་ཀྱིས་སྐུལ་ནས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ནི་ཤི་འཕོས་པའི་རྗེས་ཉིད་མ་ཡིན་པར་དབང་པོ་ལྔ་པོ་གནས་གྱུར་ཏེ་གཞན་དུ་གྱུར་པའི་ཚུལ་གྱིས་ཡིན་པས་རྒྱན་སྡུག་པོར་ཡང་གཞན་དུ་གྱུར་པ་ལས་ཡིན་པར་མང་དུ་གསུངས་སོ། །དེས་ན་ལུས་དེ་ཉན་ཐོས་དང་རང་རྒྱལ་རྣམས་ཀྱི་ལམ་ལ་ལྟོས་ནས་ནི་འགོག་པའི་བདེན་པ་ཡིན་ཞིང་འདུས་མ་བྱས་པར་ཡང་བརྗོད་དོ། །ཡང་སངས་རྒྱས་སྟོང་འཇིག་རྟེན་འདིར་སེམས་ཅན་གྱི་དོན་མཛད་པའི་སླད་དུ་གཤེགས་པ་ན་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་དགེ་བའི་རྩ་བ་དང་། དེར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ལས་གཉི་ག་ལས་གྲུབ་པ་ལྟར་སྡུག་པོ་བཀོད་པའི་ཞིང་ཁམས་ཀྱང་སངས་རྒྱས་ཀྱི་མཐུ་དང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བ་ལས་གྲུབ་པ་ཡིན་ཏེ། མདོའི་གླེང་གཞིར་འཇིག་རྟེན་ལས་འདས་པའི་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཞེས་གསུངས་པའི་དོན་འཇིག་རྟེན་ལས་འདས་པའི་བླ་མ་ནི་སངས་རྒྱས་ཡིན་ལ། དེའི་དགེ་བའི་རྩ་བ་ལས་བྱུང་ཞེས་བྱ་བ་ནི་བཤད་པ་གཅིག་གོ །འཇིག་

(༧༣༦)རྟེན་ལས་འདས་པ་ནི་མཉམ་པར་གཞག་པ་རྣམ་པར་མི་རྟོག་པའི་ཤེས་པ་ཡིན་ལ། དེའི་བླ་མ་ནི་དེའི་རྗེས་ལ་ཐོབ་པ་ཡིན་ཏེ། རྗེས་ཐོབ་ཀྱི་དགེ་བའི་རྩ་བ་ལས་བྱུང་ཞེས་པ་ནི་བཤད་པ་གཅིག་ཡིན་ཏེ། བཤད་པ་དེ་གཉི་ག་།།།གྱིས་བཞེས་པར་མཛད་པའི་ཕྱིར་རོ། །དེ་བས་ན་སྡུག་པོ་བཀོད་པ་ནི་སངས་རྒྱས་དང་ས་བཅུ་པའི་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའི་ཐུན་།།།འབྲས་བུའོ། །དེ་ལ་ཡིད་ཀྱི་ལུས་ནི་ཉན་ཐོས་དང་རང་རྒྱལ་བ་ལ་ལྟོས་ནས་འགོག་པར་འཇོག་པ་ཡང་རྒྱན་སྡུག་པོའི་མདོ་ལས། སངས་རྒྱས་ཀྱི་ཞིང་སྡུག་པོ་ཡང་སངས་རྒྱས་ཀྱི་ཞིང་གཞན་གྱི་རང་བཞིན་རྡུལ་ཕྲ་བ་ཉིད་ལས་འདས་ཏེ་གནས་སོ། །སངས་རྒྱས་ཀྱི་ཞིང་སྡུག་པོ་ནི་འོད་དང་གཟི་དང་ཟླ་བ་སྤངས་པ་སྟེ་འདུས་མ་བྱས་ཀྱི་རང་བཞིན་ཉིད་ཀྱིས་ཤིན་ཏུ་ཕྲ་བའི་རྡུལ་གྱི་ཕྲ་བ་ཉིད་དུ་མི་སྣང་གི་གཞན་དུ་མྱ་ངན་ལས་འདས་པ་དང་ནམ་མཁའ་དང་མ་བརྟགས་པར་འགོག་པ་ལྟ་བུར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་སངས་རྒྱས་ཀྱི་ཞིང་གཞན་དག་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གཟིགས་སོ། ཞེས་བྱ་བའི་གཞུང་འདིས་བསྟན་པ་ཡིན་ནོ། །དེ་འདྲ་བའི་ཡིད་ཀྱི་ལུས་གནས་དང་ལོངས་སྤྱོད་དུ་ཡང་སྣང་ཞེས་བྱ་བ་ནི་དཔེར་ན་སྡུག་པོའི་ཞིང་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་འགྲོ་བ་མཐོ་དམན་དང་ཉན་རང་ལ་སོགས་པའི་ཐར་པའི་ལམ་ལ་སྤྱོད་པ་དང་ཉི་ཟླ་དང་ཙམ་པ་ཀ་ལ་སོགས་པའི་སྣ་ཚོགས་པའི་གཟུགས་སུ་བསྟན་པར་བཤད་

(༧༣༧)དབང་དང་། མངོན་པར་ཤེས་པ་དུ་མའི་མེ་ཏོག་རྒྱས་ཤིང་ཡིད་ཀྱི་མགྱོགས་པ་དང་མཚུངས་པ་སྒྱུ་མ་དང་རྨི་ལམ་དང་གཟུགས་བརྙན་ལྟ་བུ་འབྱུང་བ་ལས་གྱུར་པ་མ་ཡིན་ལ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདྲ་བ་གཟུགས་ཐམས་ཅད་ཀྱི་ཡན་ལག་སྣ་ཚོགས་འདུས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཁོར་གྱི་དཀྱིལ་འཁོར་དུ་རྗེས་སུ་སོང་བའི་ལུས་དེ་ནི་ཆོས་ཀྱི་ངོ་བོ་ཉིད་རྟོགས་པར་ཁོང་དུ་ཆུད་པའི་ཕྱིར་ཡིད་ཀྱི་ལུས་ཤེས་བྱའོ། །དེ་ལ་རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་སོ་སོ་རང་གིས་རིག་པའི་བདེ་བའི་མཚན་ཉིད་ཁོང་དུ་ཆུད་པས་རིས་སུ་ལྷན་ཅིག་སྐྱེས་པ་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་ཤེས་བྱའོ། །བློ་གྲོས་ཆེན་པོ་ལུས་གསུམ་གྱི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་འདི་ལ་ཁྱོད་ཀྱི་བརྩོན་པར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཐེག་ཆེན་པ་ཡི་ཐེག་མ་ཡིན། །ཡི་གེ་མེད་ཅིང་སྒྲ་ཡང་མེད། །བདེན་པ་མེད་དེ་རྣམ་ཐར་མེད། །སྣང་བ་མེད་པའི་སྤྱོད་ཡུལ་མེད་འོན་ཀྱང་ཐེག་ཆེན་ཐེག་པ་སྟེ། ཏིང་ངེ་འཛིན་ལ་དབང་བྱེད་ཅིང་། ཡིད་ཀྱི་ལུས་ནི་སྣ་ཚོགས་ལ། །དབང་གི་མེ་ཏོག་དག་གིས་བརྒྱན། ཞེས་གསུངས་ཏེ། འདི་དག་གི་དོན་ནི་དགྲ་བཅོམ་པ་ལ་སོགས་པའི་འཕགས་པ་གསུམ་པོ་ལ་འབྱུང་བའི་ཡིད་ཀྱི་ལུས་དེའི་རྒྱུ་མཚན་གང་གིས་མིང་དེ་ཆགས་པ་ནི་དཔེའི་མིང་གིས་དཔེ་ཅན་ལ་བཏགས་པ་སྟེ། ལུས་དེ་ཡིད་དང་འདྲ་བས་ཡིད་ཀྱི་ལུས་ཤེས་གདགས་པ་ཡིན་ནོ། །དཔེར་གྱུར་པའི་ཡིད་དེ་ཇི་

(༧༣༨)ལྟ་བུ་ཞེ་ན། སྐྱེ་བོ་དག་གི་རྣམ་པར་རྟོག་པའི་ཡིད་གང་བདག་ཉིད་ལུས་དེ་དང་ཆ་ལུགས་དེས་ཡུལ་གཞན་ཐག་རིང་པོར་འགྲོ་བ་ལ་ཐོགས་པ་མེད་ཅིང་ཡུལ་སྣ་ཚོགས་སུ་ཕྱིན་པར་སྤང་སྣང་བའི་ཡིད་ཀྱི་རྟོག་པ་ལ་ཤར་བའི་གཟུགས་བརྙན་ལ་དེ་ལ་ཡིད་ཅེས་བྱ་སྟེ། དེ་དང་འཕགས་པ་གསུམ་པོའི་ལུས་ནི་ཤིན་དུ་འདྲ་ཞེས་པའོ། །དེའི་རང་གི་ངོ་བོ་ནི་འཕགས་པ་རྣམས་ཀྱི་ཟག་པ་མེད་པའི་སེམས་ཀྱི་སྣང་བརྙན་ལུས་དང་གནས་དང་ལོངས་སྤྱོད་དུ་ཤར་བ་སྟེ། མདོའི་ལུང་ཕྱི་མར་འབྱུང་བ་ལས་གྱུར་པ་མ་ཡིན་ལ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདྲ་བ་ཞེས་གསུངས་པའི་ཕྱིར་རྡུལ་ལས་གྲུབ་པ་མ་ཡིན་གྱི་ཤེས་པའི་དངོས་པོ་ཡིན་ནོ། །ཤེས་པ་ཡང་ཅི་འདྲ་བ་ཞིག་ཅེ་ན། བླ་མ་ཁ་ཅིག་གིས་ཀུན་གཞི་ལུས་སུ་སྣང་བ་ཡིན་ཞེས་གསུང་བ་དང་། འགའ་ཞིག་གིས་དབང་ཤེས་ཀྱི་ངོ་ན་ལུས་སུ་སི་སྣང་ཞིང་། ཡིད་ཤེས་ཀྱི་ངོ་ན་སྣང་བ་ཞིག་གོ་ཞེས་སྤྱི་ཙམ་གྱིས་བརྗོད་པར་མཛད་མོད་ཀྱི། ས་བཅུ་པ་ཚུན་ཆད་དམྱལ་བའི་སྲིད་པའི་བར་གྱི་སེམས་ཀྱི་སྣང་བ་ཐམས་ཅད་ཀུན་གཞིའི་བག་ཆགས་ལས་བྱུང་བས་ཀུན་གཞིའི་རྒྱུ་ཅན་ལ་འདོད་ན་ནི་དེས་ཡིད་ཀྱི་ལུས་མཚོན་མི་ནུས་ལ། ཀུན་གཞི་ཉིད་ལ་འདོད་ན་ནི་མ་རིག་པའི་བག་ཆགས་ཀྱི་ས་ཞེས་བྱ་བ་དེས་ཡིད་ཀྱི་ལུས་བསྐྱེད་པར་བཤད་ཀྱི། །ལུས་ཀྱི་ངོ་བོ་ཉིད་ཡིན་པར་མ་བཤད་པས་མི་འགྲིག་གོ །ཡིད་ངོ་ན་ལུས་སུ་སྣང་བ་ཙམ་ཡང་ད་ལྟར་ཡིད་ལུས་དེའི་དཔེར་བརྗོད་མ་ཐག་པའི་ཚུལ་དེ་ཡིན་པས་ལུས་དེའི་དཔེར་གྱུར་གྱི། དེ་ཉིད་ལ་ཡིད་ཀྱི་ལུས་ཤེས་མི་བརྗོད་དོ། །དེ་ལ་

(༧༣༩)ས་དེ་ནས་མཛད་པ་ཡང་འདྲེས་པས་འཕགས་པ་རྣམ་པར་གྲོལ་བའི་སྡེས། ས་དེར་གཏོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དོན་བྱ་བ་ཐ་མི་དད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ས་བརྒྱད་པར་སྣང་བའི་ཡིད་ལུས་ཐམས་ཅད་རྣམ་པར་མི་རྟོག་པའི་སྣང་བ་ཡིན་མོད་ཀྱི། རྣམ་པར་མི་རྟོག་པ་དེ་ཉིད་ཀྱང་མ་རིག་བག་ཆགས་ཀྱི་སའི་དྲི་མ་མ་སྤང་ལ། སངས་རྒྱས་ནས་ནི་དེ་ཡང་སྤངས་པས་དེའི་ཡིད་ཀྱི་ལུས་ནི་ཕ་རོལ་དུ་ཕྱིན་པ་བཞིའི་རང་བཞིན་དུ་བཤད་པ་ཡིན་ནོ། །དེས་ན་ས་དང་པོ་ནས་ཉོན་མོངས་པ་དང་ལས་ཀྱིས་འཕངས་པའི་འཁོར་བ་མཐའ་དག་ལོག་ཀྱང་བདུན་པའི་བར་དུ་བདག་ཏུ་ལྟ་བའི་བག་ཆགས་ཀྱི་སྣང་བ་ཡོད་ལ། དག་པ་ས་གསུམ་དུ་མ་རིག་པའི་བག་ཆགས་ཀྱིས་།།།སྤགས་པའི་སྣང་བ་ཡོད་ཅིང་། སངས་རྒྱས་ནས་ནི་བག་ཆགས་དེ་ལས་ཀྱང་གྲོལ་བའི་ཐར་པ་ཐོབ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས། བག་ཆགས་བྲལ་ན་བདེ་བ་སྟེ། །བདེ་བའི་སེམས་ནི་ཐར་པ་ཉིད་ཅེས་གསུངས་སོ། །འཕགས་པ་ཉན་ཐོས་རྣམས་ཀྱང་དེ་ལྟ་བུའི་ཡིད་ལུས་དེ་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱིས་སད་པར་བྱས་ནས་ཐེག་པ་ཆེན་པོར་ཞུགས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་མཐར་སངས་རྒྱ་བའི་ཚུལ་ནི་འཇམ་དཔལ་རྩ་བའི་རྒྱུད་ལས། བཙུན་པ་ཤྭ་རིའི་བུ་དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཤིན་དུ་ཞི་བའི་རྣམ་པས་གནས་པ་འཇིག་རྟེན་པའི་ཡུལ་སུན་འབྱིན་པའི་སྟོབས་དྲག་པོས་རབ་ཏུ་ཚར་བཅད་པས་མིག་ལ་སོགས་པ་ཡུལ་ལ་

(༧༤༠)འཇུག་པ་ལས་ལོག་པ། སྐྱེས་བུ་རིམས་འབྱིད་བྱེད་ཀྱིས་བཏབ་པའི་ཤེས་པ་ལྟར་རབ་ཏུ་མི་གསལ་བ། ར་རོ་བའི་མིག་ལྟ་བུ། སྡོམ་པའི་ཚུལ་ཁྲིམས་ཀྱི་འབྲས་བུ་དང་། སྔགས་དང་ཕྱག་རྒྱ་ལ་སོགས་པ་ལེགས་པར་སྤྱད་པ་དུ་མ་ལས་གྲུབ་པའི་ཡིད་ཀྱི་ལུས་མེ་ལོང་གི་ནང་དང་ཆུ་ནང་གི་གཟུགས་ལྟར་རབ་ཏུ་གཞིག་པ་དང་། གཟུང་བར་མི་ནུས་ཤིང་བལྟ་བར་དཀའ་བ་དྲི་ཟའི་སེམས་ཅན་ལྟར་དངོས་པོ་གཞན་དང་ཕྲད་པས་རྡུགས་པ་མེད་པ། འཇའ་ཚོན་ལྟར་འབྱུང་བ་དང་འཇིག་པའི་རྒྱུ་རྟོགས་པར་དགའ་བ་འཐོབ་སྟེ། སངས་རྒྱས་ཀྱི་ཞིང་འོག་མིན་དང་། མངོན་པར་དགའ་བ་དང་། བདེ་བ་ཅན་ལ་སོགས་པ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་དེ་དང་དེ་དག་གི་གདན་པདྨ་རིན་པོ་ཆེའི་རྒྱུ་ལས་གྲུབ་པ་དག་གི་སྦུ་གུ་དང་། སྡོང་བུའི་ཕྲག་དང་། སྙིང་པོའི་གནས་དེ་དང་དེ་དག་ཏུ་སྐྱེས་ནས་གནས་པ་དེ་དག་ཀྱང་ཇི་ཙམ་གྱི་དུས་ཀྱི་རང་གི་སྲིད་པ་ལ་སྤོང་བའི་སེམས་དང་ལེགས་པར་སྤྱད་པའི་འབྲས་བུ་དེ་དག་བསྐལ་པ་བྱེ་བ་ཕྲག་མང་པོ་རབ་ཏུ་འདས་པ་ན་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་རམ། ཁ་ཅིག་ངའི་ལུས་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་རེག་པ་ན་རྣམ་པར་སད་དེ། འཇིག་རྟེན་གསུམ་གྱི་འཁོར་ལོ་ལྟར་སྣང་བར་བྱས་ནས་ངའི་ལུས་བྱིས་པའི་ཆ་བྱད་ཅན་དང་འཇིག་རྟེན་དབང་ཕྱུག་དང་། འཕགས་པ་ལག་ན་རྡོ་རྗེ་ལ་སོགས་པའི་ལུས་ཉེ་བར་བསྟན་ཏེ། སྔོན་རྣམ་པར་བཏང་བའི་སེམས་ཅན་ཐམས་ཅད་སླར་བདག་གིར་བྱས་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་ཡུད་ཙམ་རེ་རེས་ཀྱང་གོང་ནས་གོང་

(༧༤༡)དུ་སྤེལ་ནས་སངས་རྒྱས་ཀྱི་སའི་བར་དུ་འཐོབ་པ་དེའི་དུས་དང་དེའི་ཚེ་ཡང་མེད་པ་མ་ཡིན་ཏེ། ཞེས་བྱ་བས་གསལ་བར་བཤད་དོ། །ཡིད་ལུས་དེའི་དཔེར་རྨི་ལམ། གསུངས་པ་ལ་སློབ་དཔོན་ཟླ་བས་སྟོང་ཉིད་བདུན་བཅུ་པའི་འགྲེལ་པར། འདི་ལྟར་རྣམ་པར་ཤེས་པའི་ཚོགས་དྲུག་ནི་དབང་པོ་དྲུག་དང་ཡུལ་དྲུག་ལས་ཏེ། དབང་པོ་དང་ཡུལ་དག་མེད་ན་མེད་པ་ལྟ་བུར་དེ་ལ་མིག་ལ་སོགས་པའི་དབང་པོའི་རྣམ་པར་ཤེས་པ་འཐད་པ་མ་ཡིན་ནོ། ཞེས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་བག་ཆགས་སྣ་ཚོགས་པ་ཡོངས་སུ་སྨིན་པས་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པར་མི་རུང་སྟེ། གཉིད་དང་མཚུངས་པར་ལྡན་པས་དེ་ཤིན་དུ་བླུན་པའི་ཕྱིར་ཏེ། ཞེས་དང་། ཇི་སྲིད་འདིར་རྨི་ལམ་མཐོང་བ་ལས་སད་པར་མ་གྱུར་པ་དེ་སྲིད་དུ་དེའི་བདག་ཉིད་ཀྱི་དངོས་པོའི་མིག་གིས་གཟུགས་མཐོང་སྟེ། ཇི་སྲིད་མིག་མ་ཚང་བ་དང་བསྒྲིབས་པར་མ་གྱུར་གྱི་བར་དུ། དེ་བཞིན་དུ་རྣ་བས་སྒྲ་ཐོས་པ་ནས་ཇི་སྲིད་ཡིད་ཀྱི་ཆོས་རྣམས་ཤེས་པ་དང་། དགེ་བ་དང་མི་དགེ་བའི་ལས་ཀྱང་བྱེད་ལ། ཞེས་གསུངས་པ་ལྟར་རང་གི་ངོ་བོ་སྣང་བ་ཙམ་ཡིན་པ་ནི་དཔེ་གཞན་དང་ཐུན་མོང་གི་ཆོས་སོ། །ལུང་དང་པོ་ནི་རྨི་ལམ་ན་མིག་སོགས་ཀྱི་དབང་པོ་དང་དེ་ལས་སྐྱེས་པའི་རྣམ་ཤེས་ཡུལ་འཛིན་པ་མེད་ཅེས་པ་ཡིན་ལ། དེ་བཞིན་དུ་འཕགས་པ་གསུམ་པོ་ལ་ཡང་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཁམས་བཅུ་ལྔ་པོ་ནི་གཏན་མི་སྲིད་དེ། དེ་ཐམས་

(༧༤༢)ཅད་ཉོན་མོངས་པའི་ཟག་བཅས་ཡིན་པའི་ཕྱིར་རོ། །དོན་དེ་ནི་སྔགས་དྲངས་པའི་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དེས་ཀྱང་བཤད་དོ། །ལུང་གཉིས་པས་དགྲ་བཅོམ་པ་དག་ལ་རང་སའི་དབང་པོ་འབྱུང་བ་ཡང་གཉིད་དང་འདྲ་བའི་མཚན་མེ་ཀྱི་ཏིང་ངེ་འཛིན་།།། །ལུང་གསུམ་པས་ནི་སངས་རྒྱས་ཀྱི་འོད་ཀྱིས་སད་པར་བྱས་པ་ན་རང་སའི་དབང་པོ་དྲུག་ཡོད་ཅིང་དེ་དག་གིས། འབྱུང་མེད་གཟུགས་དོན་ལྷ་དང་གཏམ་བཟང་ནི། ཞེས་བྱ་བ་ལ་སོགས་པའི་རང་རང་གི་ཡུལ་རྣམས་ཀྱང་འཛིན་ལ། སངས་རྒྱས་མཆོད་པ་ལ་སོགས་པ་ཡང་བྱེད་དོ། །དེས་ན་མདོ་སྡེའི་རྒྱན་དུ། དབང་པོ་ལྔ་རྣམས་གཞན་གྱུར་ན། དོན་ཀུན་འཛིན་དང་ཐམས་ཅད་ཀྱིས། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་དོན་ས་ཐོབ་པ་ན་འཁོར་བའི་དབང་པོ་ལྔ་རྣམས་གནས་གྱུར་ཅིང་ལོག་ནས་འཕགས་པའི་མིག་ལ་སོགས་པ་སྐྱེས་པ་ན་དབང་པོ་རེ་རེས་ཀྱང་དོན་ལྔ་ཆར་འཛིན་ཞེས་བྱ་བར་ཁོང་དུ་མ་ཆུད་པར་ས་ཐོབ་ནས་ཐ་མལ་པའི་མིག་ཡོད་ཅིང་དེས་སྒྲ་འཛིན་པར་བྱེད་དོ། ཞེས་སྨྲ། བ་ནི་བབ་ཆོལ་ཁོ་ནའོ། །མེ་ལོང་གི་གཟུགས་བརྙན་ནི་སེམས་མེད་དེ། ཆ་དེ་ནས་ཡིད་ཀྱི་ལུས་དང་འདྲ་བ་མ་ཡིན་ཀྱང་ལུས་ཀྱི་ཡན་ལག་གི་རྣམ་པ་ཐམས་ཅད་ཚང་བའི་ནས་ཤིན་དུ་འདྲ་བའི་དཔེར་རུང་ངོ་། །སྒྲ་བརྙན་གྱིས་ཀྱང་ས་ཐོབ་ནས་ཡིད་ཀྱི་ལུས་ཡོད་པ་ཇི་ལྟ་བ་བཞིན་དུ་དེ་དང་རང་བཞིན་མཚུངས་པའི་ངག་ཀྱང་ཡོད་དེ། དེ་བས་ན་ས་གསུམ་པར་ཐོས་པ་ལ་བརྩོན་པར་བྱེད་ཅེས་

(༧༤༣)བྱ་བའི་དོན་ཡང་དེ་ལྟ་བུ་ཡིན་ཏེ། གསུང་དེ་ཡང་རིགས་དྲུག་གི་སྐད་མཐའ་ཡས་པ་དང་། མི་ལ་ཡང་གླིང་བཞི་སོ་སོའི་སྐད་དང་འཛམ་བུའི་གླིང་ཉིད་ན་ཡང་ཡུལ་སོ་སོའི་མི་འདྲ་བའི་སྐད་མཐའ་ཡས་པ་སྒྲ་བརྙན་ལྟ་བུ་རྣམས་བྱང་ཆུབ་སེམས་དཔའ་དེ་དག་ལ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་ཡིད་ལུས་དངོས་མོས་པས་སྤྱོད་པ་ན་མེད་ཀྱང་མོས་པས་སྤྱོད་པ་ཆེན་པོ་ཐོབ་པའི་བྱང་ཆུབ་སེམས་དཔའི་ལུས་ཀྱི་ཚད་སྟོང་གསུམ་དད་མཉམ་པ་ཐོབ་པར་དཀོན་མཆོག་སྤྲིན་ལས་བཤད་དེ། གནས་སྐབས་དེར་ཡང་བསྐལ་པ་གྲངས་མེད་པའི་ཆོས་རྣམས་གསལ་བར་སྣང་བའི་ཤེས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ཤུགས་ལས་བྱུང་བ་ཐོབ་པར་ཡང་མདོ་དེ་ཉིད་ལས་བཤད་དེ། འདིས་ཀྱང་སྐད་མཐའ་ཡས་པ་ཤེས་ཤིང་སྔགས་ཀྱི་གཟུངས་ཀྱང་ཐོབ་པར་གསུངས་པས་ངག་ཕུན་སུམ་ཚོགས་པ་ཡོད་པར་མངོན་ནོ། །སྒྱུ་མ་དཔེར་བྱས་པ་ཡང་སྒྱུ་མ་མཁན་བཟང་པོས་སྒྱུ་མའི་ཁང་བཟངས་སུ་སྟོན་པ་འཁོར་དང་བཅས་པ་སྤྱན་དྲངས་ནས་ཞལ་ཟས་ཀྱིས་མཆོད་པ་ལྟར་འཕགས་པ་རྣམས་ཀྱི་ཡིད་ཀྱི་ལུས་དེས་ཀྱང་སངས་རྒྱས་ཀྱི་ཞིང་མང་པོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཐའ་ཡས་པའི་མཆོད་པའི་ཁྱད་པར་གྱིས་ཀྱང་མཆོད་པར་བྱེད་ལ། སེམས་ཅན་རྣམས་ཀྱི་ངན་སོང་སྦྱོང་བ་དང་རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་རིམ་པ་དུ་མས་བསོད་ནམས་ཀྱི་ཚོགས་སོག་པར་བྱེད་ཅིང་སངས་རྒྱས་མཐའ་ཕབ་པ་ལས་ཆོས་ཐོས་པས་རང་གི་རྒྱུད་ཀྱང་གོང་ནས་གོང་དུ་འགྱུར་བར་ཤེས་པར་བྱ་སྟེ། དཔལ་མར་མེ་མཛད་ཀྱིས། མངོན་

(༧༤༤)ཤེས་ལྡན་པའི་ཉིན་མཚན་གྱི་བསོད་ནམས་དག་ནི་གང་ཡིན་ཏེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །ཞེས་ལམ་གྱི་སྒྲོན་མར་གསུངས་པ་ལྟར་མངོན་པར་ཤེས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་དག་ལས་ས་ཐོབ་པ་ན་ཆེས་ཁྱད་ཞུགས་ཤིང་། ས་རྣམས་ཀྱང་གོང་ནས་གོང་དུ་ཁྱད་ཞུགས་པ་དང་། བྱེ་བྲག་ཏུ་ས་བདུན་པ་མན་ཆད་ཀྱི་བསྐལ་པ་གྲངས་མེད་པའི་བསོད་ནམས་ཐམས་ཅད་པས་ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཉིན་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་པར་མདོ་ལས་གསུངས་པའི་རིམ་པ་འདི་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསོད་ནམས་མཐའ་ཡས་ཤིང་མུ་མེད་དེ། མཚན་ལན་ཅིག་ཐོས་པས་ཀྱང་ནམ་ཡང་ཆུད་མི་ཟ་བའི་ཐར་པའི་ས་བོན་ཐོབས་པ་དང་དེ་དག་གི་སྐུ་གཟུགས་རི་མོར་བྱས་པ་མཐོང་བས་ཀྱང་ཐེག་པ་གཞན་གཉིས་ཀྱི་འཕགས་པའི་བསོད་ནམས་ཟིལ་གྱིས་གནོན་པ་ལ་སོགས་པ་རྣམས་ལ་ངེས་པ་དྲང་བར་བྱའོ། །དེ་ལྟར་འཕགས་པ་གསུམ་དང་ཞར་ལ་ཆོས་ཀྱི་སྐུའི་ཡིད་ལུས་ཀྱང་བཤད་ནས་འཕགས་པ་དེ་རྣམས་ལ་ཆོས་ཀྱི་སྐུའི་ཡིད་ལུས་ཐོབ་པའི་གེགས་སུ་གྱུར་པ་དག་འཆད་དེ། སོ་སོ་སྐྱེ་བོ་རྣམས་ལ་ཆོས་ལ་ཁོང་ཁྲོ་བ་ལ་སོགས་པའི་སྒྲིབ་པ་རྣམ་པ་བཞི་ཡོད་པའི་ཚབ་ཏུ་འཕགས་པ་གསུམ་པོ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་རྣམ་པ་འདི་བཞིན་ཐོབ་པའི་གེགས་སུ་གྱུར་པ་ཀུན་འབྱུང་གི་བདེན་པ་བསྡུས་པ་གཉིས་དང་སྡུག་བསྔལ་གྱི་བདེན་པས་བསྡུས་པ་གཉིས་ཏེ་རྣམ་

(༧༤༥)པ་བཞི་པོ་འདི་དག་ཡོད་དོ། །དེ་ལ་ཀུན་འབྱུང་གི་བདེན་པས་བསྡུས་པ་གཉིས་ཀྱིས་ནི་ཕ་རོལ་དུ་ཕྱིན་པ་དང་པོ་གཉིས་ཀྱི་གེགས་བྱེད་དོ། །སྡུག་བསྔལ་གྱི་བདེན་པས་བསྡུས་པ་གཉིས་ཀྱིས་ནི་ཕྱི་མ་གཉིས་ཀྱི་གེགས་བྱེད་དོ། འདི་ལྟ་སྟེ། རྐྱེན་གྱི་མཚན་ཉིད་ཉོན་མོངས་པའི་ཀུན་འབྱུང་དང་། རྒྱུའི་མཚན་ཉིད་ལས་ཀྱི་ཀུན་འབྱུང་ལྟ་བུ་གཉིས་དང་། འབྱུང་བ་སྐྱེ་བའི་མཚན་ཉིད་དང་། འཇིག་པ་རྒ་ཤིའི་མཚན་ཉིད་དེ་འབྲས་བུ་སྡུག་བསྔལ་ལྟ་བུ་རྣམ་པ་གཉིས་སོ། །འདིར་དཔལ་ཕྲེང་ལས་འཕགས་པའི་བདེན་པ་རྣམ་པ་བརྒྱད་ཅེས་མ་དག་པའི་གནས་སྐབས་ཀྱི་བདེན་པ་བཞི་དང་། མ་དག་པ་དང་དག་པའི་གནས་སྐབས་ཀྱི་བདེན་པ་རྣམ་པ་བཞི་གསུངས་པ་ལས་སྔ་མ་དཔེ་ཡིན་ལ། ཕྱི་མ་དཔེ་ཅན་ཡིན་པས་སྔ་མའི་སྡུག་བསྔལ་དང་ཀུན་འབྱུང་གི་རྣམ་པ་ཅུང་ཟད་བཤད་པར་བྱ་སྟེ། ཀུན་ལས་བཏུས་ལས། སྡུག་བསྔལ་གྱི་སྤྱིའི་མཚན་ཉིད་གང་ཞེ་ན། མི་རྟག་པ་ཉིད་ཀྱི་མཚན་ཉིད་དང་། སྡུག་བསྔལ་བའི་མཚན་ཉིད་དང་། སྟོང་པའི་མཚན་ཉིད་དང་། བདག་མེད་པའི་མཚན་ཉིད་དོ། །ཞེས་དང་། དེ་དག་གི་དོན་འཕགས་རྣམ་པར་གྲོལ་བའི་སྡེས་བཤད་པ་ནི། དེ་ལ་མི་རྟག་པ་ཉིད་ཅེས་བྱ་བ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ། སྡུག་བསྔལ་ཉིད་ཅེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོ་རྣམས་རྗེས་སུ་མི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འཕགས་པའི་ལམ་ནི་མི་རྟག་པ་ཡིན་ཡང་ཟག་པ་མེད་པ་ཉིད་ཀྱིས་འཕགས་

(༧༤༦)པ་།།།ཏུམས་དང་མི་མཐུན་པ་མ་ཡིན་པའི་ཕྱིར་འདི་སྡུག་བསྔལ་ཉིད་དུ་ཐལ་བར་མི་འགྱུར་རོ། །བདག་མེད་པ་ཉིད་ཅེས་བྱ་བ་ནི་བདག་གཞན་གྱིས་སྟོང་པ་ཡིན་པའི་ཕྱིར་རོ། །ཞི་བ་ཉིད་ཅེས་བྱ་བ་ནི་རང་ཉིད་བདག་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ཏེ། སྡུག་བསྔལ་གྱི་རྣམ་པ་ཕྱི་མ་གཉིས་ཡུམ་དང་གྱི་མདོ་དང་སྦྱར་ནས་གསུངས་པ་ཡིན་པས་མངོན་པ་དང་དོན་མི་མཐུན་པ་མེད་དེ། མངོན་པའི་བདག་མེད་པ་ལ་སུམ་དུ་ཞི་བར་གསུངས་པར་ཟད་དོ། །ཡང་ཀུན་ལས་བཏུས་ལས། དེ་དག་མདོར་བསྡུ་ན་ཀུན་འབྱུང་བའི་མཚན་ཉིད་རྣམ་པ་བཞིར་རིག་པར་བྱ་སྟེ། རྒྱུའི་མཚན་ཉིད་དང་། ཀུན་འབྱུང་བའི་མཚན་ཉིད་དང་། །རབ་ཏུ་སྐྱེ་བའི་མཚན་ཉིད་དང་། རྐྱེན་གྱི་མཚན་ཉིད་དོ། །རྒྱུའི་མཚན་ཉིད་གང་ཞེ་ན། ཡང་སྲིད་པའི་བག་ཆགས་འཇོག་པའི་བྱེད་རྒྱུ་ཡིན་པའི་ཕྱིར་རྒྱུའི་མཚན་ཉིད་དུ་རིག་པར་བྱའོ། །ཀུན་འབྱུང་བའི་མཚན་ཉིད་གང་ཞེ་ན། སེམས་ཅན་བག་ཆགས་བསགས་པ་དེ་དང་དེ་དག་གི་སེམས་ཅན་གྱི་རིས་དེ་དང་དེར་ཀུན་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར་ཀུན་འབྱུང་བའི་མཚན་ཉིད་དུ་རིག་པར་བྱའོ། །རབ་ཏུ་སྐྱེ་བའི་མཚན་ཉིད་གང་ཞེ་ན། སོ་སོ་རང་དང་རྣམ་པ་དང་མཆོག་ཏུ་འབྱུང་བས་བྱེད་རྒྱུ་ཡིན་པའི་ཕྱིར་རབ་ཏུ་སྐྱེ་བའི་མཚན་ཉིད་དུ་བལྟའོ། །རྐྱེན་གྱི་མཚན་ཉིད་གང་ཞེ་ན། གཞན་དང་གཞན་འཐོབ་པ་དང་འདའ་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རྐྱེན་གྱི་མཚན་ཉིད་དུ་རིག་པར་བྱའོ། ཞེས་གསུངས་ཏེ། དེ་དག་གི་དོན་ནི་ཀུན་འབྱུང་གི་ངོ་བོ་ཉོན་མོངས་པ་དང་ལས་

(༧༤༧)ཡིན་ལ༴ དེ་ཡང་སྤྱིར་ཡང་སྲིད་ཙམ་གྱི་རྒྱུ་བྱེད་པས་རྒྱུ་དང་། བྱེ་བྲག་ཏུ་འགྲོ་བའི་རིས་གཞན་དང་གཞན་དུ་ཕྱེ་ནས་སྐྱེད་པར་བྱེད་པས་ཀུན་འབྱུང་བ་དང་། མིའི་ལུས་ལྟ་བུ་ཉིད་ལ་ཡང་རྒྱལ་རིགས་ལ་སོགས་པ་སོ་སོ་དང་ལུས་ཀྱི་རྣམ་པ་དང་ཆ་བྱད་མི་འདྲ་བར་བྱེད་པ་དང་། ཕྱུག་དབུལ་སོགས་མཆོག་ཏུ་བྱུང་བའི་རྒྱུ་བྱེད་པས་རབ་ཏུ་སྐྱེ་བ་སྟེ། འདིར་རབ་ཀྱི་སྐད་དོད་པྲ་ནི་རྣམ་པ་གསུམ་དུ་བཤད་དེ། པྲ་ཏི་པྲ་ཏི་ཞེས་བྱ་བ་སོ་སོ་དང་། པྲཱ་ཀཱ་ར་ཞེས་བྱ་བ་རྣམ་པ་དང་། པ་ར་མ་ཞེས་བྱ་བ་མཆོག་གི་དོན་ལ་བཤད་པ་ཡིན་ནོ། །རྐྱེན་ནི་རྟའི་ལུས་སུ་གནས་པ་གཞན་གླང་ལ་སོགས་པར་སྐྱེ་བ་དང་། དེ་ལས་ཀྱང་གཞན་དུ་འདའ་བའི་རྐྱེན་ཡིན་པའོ། །དེ་ལས་འདིར་དེ་ལ་རྐྱེན་གྱི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་ས་སྟེ་ཞེས་པ་ནི་ཀུན་གཞི་ལ་བག་ཆགས་ཀྱི་ཆོས་སུ་གནས་པ་ཡིད་ཀྱི་ལུས་བསྐྱེད་པའི་ས་བོན་ཏེ། དེས་མཚོན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཡིད་ཀྱི་ཤེས་པས་བསྡུས་པ་ཡང་རྐྱེན་གྱི་མཚན་ཉིད་ཡིན་ཏེ་དེའི་རྟེན་ནི་མ་དག་པའི་གནས་སྐབས་ཀྱི་འདུ་བྱེད་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་རྒྱུ་ཉོན་མོངས་ཅན་གྱི་མ་རིག་པ་བཞིན་ནོ། །དེ་ལ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། གསུངས་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་རྣམས་ཀྱང་ཡིད་ཀྱི་ལུས་བསྐྱེད་པའི་རྒྱུ་ཡིན་ལ། དེ་ཡང་ཉོན་མོངས་ཀྱི་མིང་གིས་གསུངས་པས་ཉོན་མོངས་པའི་ཀུན་འབྱུང་དང་འདྲ་བར་བསྡུའོ།

(༧༤༨)རྒྱུའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་ས་དང་དེས་མཚོན་པའི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་དང་། དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ཉོན་མོངས་པའི་རྐྱེན་ལས་བྱུང་བ་ཅན་མ་དག་པའི་གནས་སྐབས་ཀྱི་ཟག་པ་མེད་པའི་ལས་འཕགས་པ་ཉན་ཐོས་རྣམས་ཀྱི་ལམ་གྱི་བདེན་པ་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་སྙིང་རྗེས་ལ་ཐོབ་པས་བསྡུས་པའི་དགེ་བའི་རྩ་བ་དག་སྟེ། མ་དག་པའི་གནས་སྐབས་ཀྱི་འདུ་བྱེད་བཞིན་ནོ། །འོ་ན་མ་དག་པའི་གནས་སྐབས་སུ་ཡང་སྲིད་འཕེན་པའི་རིང་བའི་རྒྱུ་ལ་རྒྱུ་ཞེས་བརྗོད་ལ། ཉེ་བའི་རྒྱུ་རྣམས་ལ་རྐྱེན་ཞེས་བརྗོད་ན། འདིར་རིང་བའི་རྒྱུ་ལ་རྐྱེན་ཞེས་པ་དང་། ཉེ་བའི་རྒྱུ་ལ་རྒྱུ་ཞེས་ཐ་སྙད་མཛད་པ་ཅིང་ཡིན་སྙམ་ན། འདི་ནི་མ་དག་པའི་གནས་སྐབས་སུ་གཉི་ག་ཡང་གཉི་གར་འགལ་བ་མེད་པའི་དོན་ཏེ། སེམས་ཅན་གཞན་གྱིས་བཀྲི་མིན་པར། །བདེ་སྡུག་དོར་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། ཞེས་དང་། བློ་ནི་ཕྱིན་ཅི་ལོག་གྱུར་པས། །བརྩེ་དགས་འགྲོ་བའི་གནས་སུ་འགྲོ་ཞེས་མིང་གཟུགས་ལེན་པའི་ཉེ་བའི་རྒྱུ་བར་སྲིད་ཀྱི་གནས་སུ་ཡང་མ་རིག་པ་དང་སྲེད་པས་མཚམས་སྦྱོར་བས་རྐྱེན་བྱེད་པར་བཤད་པ་ཡིན་ནོ། །དེ་བཞིན་དུ་མ་དག་པ་དང་དག་པའི་གནས་སྐབས་སུ་བལྟ་བར་བྱའོ། །དེ་ལ་མ་དག་པའི་གནས་སྐབས་ཀྱི་ཀུན་འབྱུང་བ་ལ་ལུས་གཞན་དང་གཞན་ལེན་པའི་རྒྱུ་བྱེད་པ་དང་རྣམ་པ་དང་ཆ་བྱད་མི་འདྲ་བར་འབྱུང་བ་དང་གཞན་དང་གཞན་དུ་བསྒྱུར་བ་སོགས་ཀྱི་ཡིད་ཀྱི་ལུས་ཀྱི་རིམ་

(༧༤༩)པ་རྣམས་ལ་ཡང་མཚུངས་པར་བལྟ་བར་བྱའོ། །མ་རིག་པའི་བག་ཆགས་ཀྱི་ས་ནི་ཉེ་བར་ལེན་པ་བཞི་དང་འདྲ་ལ། ཟག་པ་མེད་པའི་ལས་ནི་ཟག་པ་དང་བཅས་པའི་ལས་དང་འདྲ་ཞིང་། ཡིད་ཀྱི་རང་བཞིན་གྱི་ལུས་ཁམས་གསུམ་པ་འདྲ་བ་རྣམ་པ་གསུམ་ནི་མ་དག་པའི་གནས་སྐབས་ཀྱི་སྐྱེ་བའི་སྲིད་པ་གསུམ་མངོན་པར་འགྲུབ་པ་བཞིན་ཏེ། ཡིད་ཀྱི་ལུས་གསུམ་པོའི་སྐྱེ་བ་ལ་འབྱུང་བའི་མཚན་ཉིད་ཅེས་བྱའོ། །ཡིད་ཀྱི་ལུས་ཐོབ་པ་དེ་ཉིད་ལྷའི་རྣམ་པ་ལས་ལོག་ནས་ངན་སོང་གི་རྣམ་པ་ལྟ་བུ་དང་། །ངན་སོང་གི་རྣམ་པ་དག་ཀྱང་སོ་སོར་བསྒྱུར་ཞིང་ཡོངས་སུ་རྗེ་བ་དག་ནི་སྔ་མ་བཏང་ནས་ཕྱི་མ་གཞན་དུ་འགྱུར་བས་འཇིག་པའི་མཚན་ཉིད་ཅེས་བྱ་སྟེ། མ་དག་པའི་སྐྱེ་བའི་རྐྱེན་ཅན་གྱི་རྒ་ཤི་བཞིན་ནོ། །འདི་ལ་སྐབས་འགར་ཡོངས་སུ་བསྒྱུར་བ་ནི་ཡོངས་སུ་བསྔོས་པ་ཞེས་ཀྱང་འདོན་པར་བྱེད་དེ། དོན་ནི་འདྲའོ། །འཕགས་པ་རྣམས་ཀྱི་ཡིད་ཀྱི་ལུས་གཞན་དང་གཞན་དུ་བསྒྱུར་བ་ལ་བསམ་གྱིས་མི་ཁྱབ་པར་བསྒྱུར་བ་ཞེས་བཤད་པ་བཞིན་དུ་དེས་སྤྲུལ་པའི་འཐོ་བའི་གནས་སུ་ལྷ་མི་དང་དུད་འགྲོ་ལ་སོགས་པའི་རྣམ་པར་བསྟན་པའི་སྤྲུལ་པ་དེ་ལ་ཡང་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་ཅེས་བྱ་ལ། མ་ངེས་པའི་ཉན་ཐོས་འདོད་པ་ལ་འདོད་ཆགས་དང་བྲལ་བ་འདོད་པའི་ཁམས་སུ་སྤྲུལ་པའི་སྐྱེ་བ་འབྱུང་བ་དང་། འདོད་པའི་འདོད་ཆགས་དང་མ་བྲལ་བའི་ཉན་ཐོས་འཕགས་པ་སྨོན་ལམ་གྱིས་སྐྱེ་བ་བླངས་པ་ལ་ཡང་བསམ་གྱིས་མི་ཁྱབ་པར་བསྒྱུར་བ་ཞེས་བཤད་དེ། དེ་ལྟར་ན་བསམ་གྱིས་མི་

(༧༥༠)ཁྱབ་པར་བསྒྱུར་བའི་སྐྱེ་བ་དང་འཆི་འཕོ་ནི་གསུང་རབ་དག་ན་མང་དུ་སྣང་བས་དོན་གྱི་གནས་སྐབས་བརྟགས་ཏེ་འཇུག་པར་བྱའོ། །དེ་ལ་འདིར་འབྱུང་བ་དང་འཇིག་པའི་མཚན་ཉིད་ཅེས་བཤད་པ་ནི་འཕགས་པ་གྲོལ་སྡེས་སྐྱེ་ཞིང་འཇིག་པས་མི་རྟག་པ་ཞེས་བཤད་པ་དེ་ཉིད་དང་རྗེས་སུ་མཐུན་པར་མི་རྟག་པ་ཉིད་ཀྱི་རྣམ་པའི་དབྱེ་བ་ཡིན་ལ། གཞན་མ་དག་པ་དང་དག་པའི་གནས་སྐབས་སུ་ཡང་མི་གཙང་བ་དང་སྡུག་བསྔལ་བ་དང་བདག་མེད་པའི་མཚན་ཉིད་རྣམས་ཀྱང་མ་དག་པའི་གནས་སྐབས་དང་འདྲ་བར་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། བག་ཆགས་ཀྱིས་གོས་པས་མི་གཙང་བ་དང་། བག་ཆགས་ལས་བྱུང་ཞིང་སྡུག་བསྔལ་ཅན་གྱི་ཕུང་པོ་དང་འདྲ་བས་སྡུག་བསྔལ་བ་དང་། བདག་མེད་པའི་སྤྲོས་པའི་བག་ཆགས་ཡོད་པས་ཉན་ཐོས་རྣམས་ཀྱི་བདག་མེད་པའི་རྣམ་པ་དང་འདྲའོ་ཞེས་བྱའོ། །དོན་དེ་དག་ཉིད་བཤད་པ་ནི་དེ་ལ་དགྲ་བཅོམ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། འཕགས་པ་གསུམ་པོ་དེ་དག་མ་རིག་བག་ཆགས་ཀྱིས་མ་སྤངས་པས་བག་ཆགས་དེའི་འབྲས་བུ་ཡིད་ཀྱི་ལུས་ལ་ཡང་ཆོས་ཀྱི་སྐུ་ལ་བལྟོས་ནས་མ་ཞི་བའི་མཚན་ཉིད་དུ་ཡོད་པ་དེ་ལ་དྲི་ང་བ་ཞེས་བྱའོ། །དཔེར་ན་ཏིལ་མར་ལ་མེ་ཏོག་ངན་པའི་དྲི་ཆགས་པ་བཞིན་ནོ། །མ་རིག་པའི་བག་ཆགས་ཀྱི་ས་ཞེས་བྱ་བ་ལ་སོགས་པ་ནི་བདག་གི་ཕ་རོལ་དུ་ཕྱིན་པའི་དོན་སེམས་རང་དབང་དུ་གྱུར་པ་མཐར་ཕྱིན་པ་ལ་བརྗོད་ལ། འཕགས་པ་དེ་གསུམ་ལ་མཚན་མ་རྣམ་པར་རྟོག་པ་ལ་ཤར་བའི་དོན་གྱི་གཟུགས་བརྙན་དང་སྤྲོས་པ་མིང་གི་གཟུགས་བརྙན་རགས་པ་

(༧༥༡)ལོག་ཀྱང་ཕྲ་མོ་ཀུན་དུ་སྤྱོད་པ་དང་ལྡན་པ་ནི་ས་བདུན་པའི་བར་དུ་ཡོད་ལ། མིང་དོན་གྱི་མཚན་མ་ཕྲ་མོ་དེ་ཡང་མ་རིག་བག་ཆགས་ཀྱི་ས་ལ་བརྟེན་ཅིང་བག་ཆགས་ཀྱི་ཚུལ་དུ་གནས་པ་ནི་ས་བཅུ་པའི་བར་དུ་ཡོད་པས་སེམས་དེ་དག་གི་གཞན་དུ་གྱུར་པའི་ཕྱིར་བདག་གི་ཕ་རོལ་དུ་ཕྱིན་པ་མ་ཐོབ་བོ། །མ་རིག་པའི་བག་ཆགས་ཀྱི་ས་དེ་དང་ཞེས་བྱ་བ་ལ་སོགས་པ་ནི་མ་རིག་པའི་བག་ཆགས་ལ་བརྟེན་ནས་མཚན་མའི་སྤྲོས་པ་ཕྲ་མོ་ཀུན་འབྱུང་བ་ངོ་བོ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་དེས་ཟག་པ་མེད་པའི་ལས་བསྐྱེད། དེ་ལས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་སྐྱེ་ཞིང་དེ་སྣ་ཚོགས་སུ་འབྱུང་བའི་སྐྱེ་བའི་སྡུག་བསྔལ་དང་ལྡན་པའི་ཕྱིར་བདེ་བའི་ཕ་རོལ་དུ་ཕྱིན་པ་མ་ཐོབ་ཅེས་བྱའོ། །ཇི་སྲིད་དུ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཁམས་ལ་ལས་ཉོན་སྐྱེ་བ་གསུམ་གྱིས་གདོད་ནས་སྟོང་པ་ཡིན་ལ། སྟོང་པ་དེ་མ་ལུས་པར་མངོན་སུམ་དུ་བྱས་ན་དེ་ཐམས་ཅད་མ་ལུས་པར་ཟློག་མོད་ཀྱི། ས་བཅུ་པར་ཡང་སྤྲིན་མཐོངས་ཀྱི་ནམ་མཁའ་ཙམ་ཞིག་ལས་མ་མཐོང་བས་མངོན་སུམ་དུ་མ་བྱས་སོ། །དེས་ན་གནས་སྐབས་དེར་ཡིད་ཀྱི་ལུས་ཀྱི་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ནི་ཆོས་ཀྱི་སྐུ་ལ་ལྟོས་ན་གཞན་དུ་འགྱུར་བའི་སྡུག་བསྔལ་ཁོ་ན་ཡིན་པས་རྟག་པའི་ཕ་རོལ་དུ་མ་ཕྱིན་ཞེས་པའོ། །ལས་དང་ཉོན་མོངས་པ་དང་སྐྱེ་བའི་སྡུག་བསྔལ་གསུམ་པ་དང་པོ་ཉིད་ནས་སྤངས་པ་མ་ཡིན་ནམ། ས་བཅུ་པའི་བར་དུ་ཇི་ལྟར་ན་མ་འགགས་ཤེ་ན། དེ་འགགས་མོད་ཀྱི་

(༧༥༢)འདིར་མ་རིག་བག་ཆགས་ཀྱི་ས་འཁོར་བས་ལ་དེ་དག་དང་འདྲ་བས་མིང་དུ་འདོགས་པ་ཡིན་ནོ། །ཇི་ལྟར་འདྲ་ན༴ དེ་ལ་མ་རིག་པའི་བག་ཆགས་ཀྱི་ས་ནི་འཁོར་བའི་གནས་སྐབས་ཀྱི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མ་རིག་པ་དང་སྲེད་པ་དང་ལེན་པ་བཞིན་ནོ། །ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་འདུ་བྱེད་དང་སྲིད་པ་བཞིན་ནོ། ཡིད་ཀྱི་རང་བཞིན་གྱི་ལུས་མངོན་པར་འགྲུབ་པ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྐྱེ་བ་དང་འདྲ་ལ། བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་དང་ལྡན་པའི་འཆི་འཕོ་བ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྒ་ཤི་བཞིན་ནོ། །ཡང་འཁོར་བའི་གནས་སྐབས་དེ་དག་ལས་སྐྱེ་བ་སྔ་མའི་ཉོན་མོངས་པ་ནི་སྡུག་བསྔལ་གྱི་དྲི་མི་ཞིམ་པ་ལྡང་བའི་ཕྱིར་མི་གཙང་བ་དང་འདྲ་ལ། དེ་ལས་རྣམ་པར་ཤེས་པ་བར་མ་དོར་གནས་པ་ནི་རང་དབང་དང་བྲལ་བའི་ཕྱིར་བདག་པོ་མེད་དོ། །དེ་ལས་མིང་དང་གཟུགས་ལ་སོགས་པའི་སྐྱེ་བ་གྲུབ་པ་ནི་སློབ་སྤྲིང་ལས། མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམ་ལ་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ། །ཞེས་གསུངས་པ་ལྟར་ཤིན་དུ་སྡུག་བསྔལ་བ་ཡིན་ཞིང་། ཤི་བ་ལ་ནི་མི་རྟག་ཅེས་འཇིག་རྟེན་ན་གྲགས་སོ། །དེ་བཞིན་དུ་མ་རིག་བག་ཆགས་ཀྱི་ས་ནི་སྐྱེ་བ་སྔ་མའི་ཉོན་མོངས་ཀྱི་སྐབས་དང་འདྲ་བས་མི་གཙང་ལ། མཚན་མའི་

(༧༥༣)སྤྲོས་པ་ཕྲ་མོ་ནི་བདག་པོ་མེད་པའི་བར་སྲིད་དང་འདྲ་ཞིང་། ཡིད་ལུས་ཐོག་མར་གྲུབ་པ་ནི་སྐྱེ་བ་དང་འདྲ་བས་སྡུག་བསྔལ་ལ། དེ་གཞིན་དུ་འགྱུར་བ་ནི་རྒ་ཤི་དང་འདྲ་བས་མི་རྟག་ཅེས་བྱའོ། །གཞུང་འདི་ཡང་རྒྱས་པར་བཤད་པ་ནི་མདོ་ཇི་ལྟ་བ་བཞིན་དུ་བཤད་པ་ཡིན་པར་རྟོགས་པར་བྱ་སྟེ། དེས་ན་བཤད་པ་དེ་དག་གིས་མདོ་འདིའི་དོན་ཡང་རྟོགས་པར་སླའོ། །དེ་ལྟར་འབྲས་བུའི་གེགས་སུ་གྱུར་པ་དག་བཤད་ནས། ད་ནི་འབྲས་བུ་ཉིད་བསྟན་པའི་ཕྱིར། གང་གི་ཕྱིར་དགྲ་བཅོམ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡིད་ཀྱི་རང་བཞིན་གྱི་ལུས་འདི་གསུམ་ལ་གཙང་བ་དང་བདག་དང་བདེ་བ་དང་རྟག་པའི་ཕ་རོལ་དུ་ཕྱིན་པ་མེད་པ་དེའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཁོ་ན་རྟག་པའི་ཕ་རོལ་དུ་ཕྱིན་པ། བདེ་བའི་ཕ་རོལ་དུ་ཕྱིན་པ། བདག་གི་ཕ་རོལ་དུ་ཕྱིན་པ། གཙང་བའི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །དེ་ནི་རང་བཞིན་དག་ཕྱིར་དང་། བག་ཆགས་སྤངས་ཕྱིར་གཙང་བ་ཡིན། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག །ཡིད་ཀྱི་རང་བཞིན་ཕུང་པོ་དང་། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །ཅེས་བྱ་བ་གསུངས་ཏེ། ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་ཅན་ནོ། །གཙང་བ་ལས་སོགས་ཕ་རོལ་དུ་ཕྱིན་པ་བཞི་ནི་དེའི་ཆོས་ཏེ། ཆོས་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སམ་དམ་བཅའ་བའོ། །ཁོ་ན་ཞེས་སྨོས་པ་ནི་འཕགས་

(༧༥༤)པ་གསུམ་གཏན་ཚིགས་འདི་དག་གི་མི་མཐུན་པའི་ཕྱོགས་བཟློག་པའི་ཡུལ་ཡིན་པར་བསྟན་ནོ། །དེ་ནི་རང་བཞིན་དག་ཕྱིར་དང་། ཞེས་བྱ་བ་ལ་སོགས་པའི་རྩ་བའི་ཚིག་ནི་གཏན་ཚིགས་དགོད་པའོ། །དེ་དག་ཉིད་གསལ་བར་བཤད་པའི་ཕྱིར། །མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་བའི་ཕྱི་རོལ་དུ་ཕྱིན་པར་རིག་པར་བྱ་སྟེ། སྤྱིའི་མཚན་ཉིད་རང་བཞིན་གྱིས་ཡོངས་སུ་དག་པ་དང་། ཁྱད་པར་གྱི་མཚན་ཉིད་དྲི་མ་མེད་པའི་ཡོངས་སུ་དག་པས་སོ། །རྒྱུ་རྣམ་པ་གཉིས་ཀྱིས་བདག་གི་ཕ་རོལ་དུ་ཕྱིན་པར་རིག་པར་བྱ་སྟེ། མུ་སྟེགས་ཀྱི་མཐའ་དང་བྲལ་བས་བདག་གི་སྤྲོས་པ་དང་བྲལ་བའི་ཕྱིར་དང་། ཉན་ཐོས་ཀྱི་མཐའ་སྤངས་པས་བདག་མེད་པའི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །རྒྱུ་རྣམ་པ་གཉིས་ཀྱིས་བདེ་བའི་ཕ་རོལ་དུ་ཕྱིན་པར་རིག་པར་བྱ་སྟེ། སྡུག་བསྔལ་ཀུན་འབྱུང་བའི་རྣམ་པ་ཐམས་ཅད་སྤངས་པས་བག་ཆགས་ཀྱི་མཚམས་སྦྱོར་བ་བཅོམ་པའི་ཕྱིར་དང་། སྡུག་བསྔལ་འགོག་པའི་རྣམ་པ་ཐམས་ཅད་མངོན་དུ་བྱས་པས་ཡིད་ཀྱི་རང་བཞིན་གྱི་ལུས་འགགས་པ་མངོན་དུ་བྱས་པའི་ཕྱིར་རོ། །རྒྱུ་གཉིས་ཀྱིས་རྟག་པའི་ཕ་རོལ་དུ་ཕྱིན་པར་རིག་པར་བྱ་སྟེ། འཁོར་བ་མི་རྟག་པ་མི་འབྲིད་པས་ཆད་པའི་མཐར་མ་ལྷུང་ཆའི་ཕྱིར་དང་། མྱ་ངན་ལས་འདས་པ་རྟག་པ་མི་སྣོན་པས་རྟག་པའི་མཐར་མ་ལྷུང་བའི་ཕྱིར་རོ། །ཞེས་བྱ་བ་ལ༴ འདིར་རྒྱུ་ཞེས་བྱ་བ་ནི་ཤེས་པར་བྱེད་པའི་རྒྱུ་སྟེ། གཏན་ཚིགས་སོ། །གཉིས་ཀྱིས་ཤེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཅིག་

(༧༥༥)ལ་གཏན་ཚིགས་གཉིས་སྦྱོར་བ་མ་ཡིན་གྱི། གཏན་ཚིགས་རེ་རེ་ཞིང་སྤང་ཆོས་གཉིས་གཉིས་དང་ལྡན་པར་སྦྱོར་བ་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་བཞི་པོ་ཐམས་ཅད་ལ་ཐ་སྙད་འབའ་ཞིག་སྒྲུབ་པ་སྟེ། དོན་སྒྲུབ་པ་ནི་མ་ཡིན་ནོ། །གཏན་ཚིགས་སྔ་མ་ལ་རང་བཞིན་དག་པ་ལ་སྤྱིའི་མཚན་ཉིད་དུ་བརྗོད་པ་ནི་མཚན་ཉིད་དེ་སེམས་ཅན་དང་སངས་རྒྱས་གཉི་ག་ལ་ཡོད་པའི་ཕྱིར་རོ། །བག་ཆགས་སངས་པ་ནི། ཉེས་པ་བག་ཆགས་བཅས་དེ་ཡང་། །སྐྱོབ་པ་གཅིག་པུ་ལ་མི་མངའ། །ཞེས་བྱ་བས་སངས་རྒྱས་ཉིད་ཀྱི་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་རང་གི་མཚན་ཉིད་དོ། །གཏན་ཚིགས་གཉིས་པར་མུ་སྟེགས་བྱེད་ལ་བདག་གི་སྤྲོས་པ་སྦྱར་བ་ནི་མཚོན་པ་སྟེ། སོ་སོའི་སྐྱེ་བོ་རྫས་འཛིན་རྟོག་པ་དང་ལྡན་པའི་སྤྲོས་པ་ཐམས་ཅད་དོ། །བདག་མེད་པའི་སྤྲོས་པ་ཉན་ཐོས་ལ་སྦྱར་བ་ཡང་རང་སངས་རྒྱས་ཀྱང་མཚོན་པར་ནུས་ཏེ། དེ་བཞིན་དུ་མ་ངེས་པའི་ཉན་ཐོས་འཕགས་པ་རྣམས་ལ་ཡང་ཡོད་དེ། བཏགས་འཛིན་གྱི་རྟོག་པའི་སྤྲོས་པའོ་གཏན་ཚིགས་གསུམ་པར་མཚམས་སྦྱོར་བ་ནི་སྐྱེ་བ་གཞན་དང་གཞན་དུ་མཚམས་སྦྱོར་བའི་ཉོན་མོངས་པ་ལ་བརྗོད་དེ་རགས་པའོ། །ཕྲ་བ་ནི་དགྲ་བཅོམ་པ་རྣམས་ལ་ཡང་བག་ཆགས་ཕྲ་མོ་ཡོད་པས་ངེས་ཡིད་ཀྱི་ལུས་སུ་མཚམས་སྦྱོར་རོ། །དེས་ན་དགྲ་བཅོམ་པ་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་བག་ཆགས་ཀྱི་མཚམས་སྦྱོར་བ་ཡོད་པས་དེ་ཡངས་སྤངས་པ་ནི་རྣམ་པ་ཐམས་ཅད་མཁྱེན་

(༧༥༦)པ་ཉིད་ཁོ་ན་ལ་ཡོད་ཀྱི་ལམ་ཐམས་ཅད་ཤེས་པ་ཉིད་དང་གཞི་ཐམས་ཅད་ཤེས་པ་ཉིད་ལ་མེད་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བཤད་དོ། །གཏན་ཚིགས་བཞི་པར་མཐའ་ནི་ཆ་སྟེ་ཆོས་ཀྱི་སྐུས་རྟག་པ་དང་ཆད་པའི་ཆ་ལ་མ་དམིགས་ཤིང་རྟག་ཆད་དང་བྲལ་བར་རྟོགས་པའི་ཕྱིར་ཞེས་པ་ཡིན་ལ། འཁོར་བ་ལ་མི་རྟག་པར་མ་དམིགས་ཏེ་སྙིང་པོ་ཇི་ལྟར་གནས་པ་ཉིད་གཟིགས་པ་ན་འཁོར་བ་གསར་དུ་མི་འབྲིད་པའི་ཕྱིར་དང་། མྱ་ངན་ལས་འདས་པ་སྔར་མེད་མི་སྣོན་པའི་ཕྱིར་ཏེ། འཆད་པར་འགྱུར་བའི། འདི་ལས་བསལ་བྱ་ཅི་ཡང་མེད། ཅེས་བྱ་བའི་དོན་ཉེ་བར་སྦྱར་བ་ཡིན་པས་ཕྱོགས་ཀྱི་ཆོས་གྲུབ་པ་ཡིན་ནོ། །དེ་ལྟར་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་བཞི་ནི་འགོག་པའི་བདེན་པ་ཉིད་ཀྱི་ཡོན་ཏན་ཏེ། འགོག་པའི་རྣམ་པ་བཞི་པོ་ཡང་དོན་གྱིས་བསྟན་པ་ཡིན་ནོ། །དེ་ཡང་གཙང་བའི་ཕ་རོལ་དུ་ཕྱིན་པ་ནི་འགོག་པའི་རྣམ་པའོ། །བདག་གི་ཕ་རོལ་དུ་ཕྱིན་པ་ནི་ཞི་བའི་རྣམ་པ་སྟེ་ཉེ་བར་ཞི་ཞེས་བྱ་བའི་སྒྲས་ཀྱང་བསྟན་པ་ཡིན་ནོ། །བདེ་བའི་ཕ་རོལ་དུ་ཕྱིན་པ་ནི་འདོད་པར་བྱ་བ་དམ་པ་ཉིད་ཡིན་པས་གྱ་ནོམ་པར་བསྟན་པ་ཡིན་ནོ། །རྟག་པའི་ཕ་རོལ་དུ་ཕྱིན་པ་ནི་མིང་ཉིད་ཀྱིས་རྟག་པའི་སྒྲའི་རྣམ་གྲངས་ངེས་པར་འབྱུང་བ་ཉིད་དུ་བལྟ་བར་བྱའོ། །འདི་དག་གི་ཤུགས་ཀྱིས་ན་ཟག་པ་མེད་པའི་མོས་པ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པའི་ལམ་མོ། །ཤེས་རབ་ནི་མི་རིགས་པ་རྣམ་པར་རྟོག་པའི་གཉེན་པོ་ཉིད་ཀྱི་ཕྱིར་རིགས་པའོ། །བསམ་གཏན་ནི་ཕྱིན་ཅི་མ་ལོག་པས་

(༧༥༧)བདེ་བའི་ཆོས་སྐུ་སྒྲུབ་པའི་ཕྱིར་སྒྲུབ་པ་སྟེ། བསམ་གཏན་བདེ་བའི་སྒྲུབ་བྱེད་དུ་སྦྱར་བ་ཡང་། བསམ་གཏན་གྱི་བདེ་བའི་མངལ་གནས་ཤེས་བྱ་བས་བསྟན་པ་ཡིན་ནོ། །སྙིང་རྗེས་ནི་ནམ་མཁའ་སྲིད་དུ་ཕྲིན་ལས་མཛད་པས་རྟག་པའི་གོ་འཕང་ཐོབ་པར་བྱེད་པར་མང་དུ་གསུངས་ཏེ། དེ་བས་ན་ངེས་པར་འབྱིན་པའི་རྣམ་པ་ཡིན་ནོ། །དཔལ་ཕྲེང་ལ་འཕགས་པའི་བདེན་པ་རྣམ་པ་བརྒྱ་ཅེས་བཤད་པ་དེ་ལ་མ་དག་པའི་གནས་སྐབས་ཀྱི་བདེན་པ་བཞི་ནི་སྡུག་བསྔལ་དང་ཀུན་འབྱུང་འཁོར་བའི་ཆོས་དང་། ཉན་ཐོས་དང་རང་རྒྱལ་གྱི་ལམ་དང་འགོག་པ་ནི་རྣམ་པར་བྱང་བའི་ཆོས་ཏེ། དེ་དག་གི་བདེན་པ་བཞིའི་རྣམ་གཞག་ནི་ཤིན་དུ་གསལ་བ་ཡིན་ལ། བདེན་པ་ཕྱི་མ་བཞིའི་སྡུག་བསྔལ་དང་ཀུན་འབྱུང་གསལ་པོར་བསྟན་ཀྱང་ལམ་དང་འགོག་པ་ཅུང་ཟད་མི་གསལ་བས་བཤད་པ་བྱས་པ་ཡིན་ནོ། །གཏན་ཚིགས་བཞི་པའི་ཤེས་པར་བྱེད་པ། ཇི་སྐད་དུ་བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་བར་འགྱུར། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་རྟག་པ་ཞེས་བགྱི་བར་ལྟ་ན་དེ་ནི་དེའི་རྟག་པར་ལྟ་བར་འགྱུར། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ། ཞེས་གསུངས་པ་བཞིན་ནོ། ཞེས་བྱ་བ་ལ། ཡེ་ཤེས་སྡེས་མདོའི་འགྱུར་ལ། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་ལ་མི་

(༧༥༨)རྟག་པར་ལྟ་ན་དེ་ནི་དེའི་ཆད་པའི་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་ལ་རྟག་པར་ལྟ་ན་དེ་ནི་དེའི་རྟག་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །ཞེས་འབྱུང་བ་ནི་འཁོར་འདས་མཉམ་པ་ཉིད་དུ་བསྟན་པའི་ཕྱིར་འཁོར་བ་མི་འབྲིད་པ་དང་མྱ་ངན་ལས་འདས་པ་མི་སྣོན་པའི་བཤད་པ་ཉིད་དང་འབྱོར་པས་རྔོག་གི་འགྱུར་ལེགས་པར་མངོན་ནོ། །དེ་དག་གིས་ནི་སྤང་བར་བྱ་བ་དང་དེའི་གཉེན་པོ་དང་གཉེན་པོས་ཐོབ་པའི་འབྲས་བུ་རྣམས་བཞི་ཚན་གྱིས་བཤད་ལ། ད་ནི་དེ་དག་ཉིད་གཉིས་ཚན་དུ་བསྡུ་བར་མཛད། སྤང་བར་བྱ་བ་ནི་བྱིས་པ་རྣམས་ཀྱི་འཁོར་བ་ལ་ཆགས་པ་དང་། འཕགས་པ་རྣམས་ཀྱི་ཞི་བ་ལ་ཆགས་པ་རྣམ་པ་གཉིས་སུ་བསྡུ་ལ། ལམ་ཡང་ཤེས་རབ་དང་སྙིང་རྗེ་གཉིས་སུ་བསྡུ་ཞིང་། འབྲས་བུ་ཡང་མཐའ་གཉིས་ལ་མི་གནས་པར་སྟོན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཚུལ་འདིས་ནི་དོན་དམ་པར་འཁོར་བ་ཉིད་མྱ་ངན་ལས་འདས་པར་བརྗོད་པ་ཡིན་ཏེ། གཉི་ག་ལྟར་རྣམ་པར་མི་རྟོག་པ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་རྒྱུ་གཉིས་ཀྱི་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་ཉེ་བ་དང་རིང་བ་དང་བྲལ་བས་མི་གནས་པའི་གནས་ཐོབ་པ་ཙམ་བསྟན་པ་ཡིན་ནོ། ཞེས་བྱ་བ་འདིས་ནི་མདོར་བསྟན་ཏེ། འདི་ལ་ཆོས་ཀྱི་དབྱིངས་ནི་སྤྲོས་པ་མཐའ་དག་གིས་དབེན་པ་འོད་གསལ་བའི་སེམས་སོ། །དེའི་ཚུལ་ནི་

(༧༥༩)དེ་སྟོན་པར་བྱེད་པའི་གཞུང་སྟེ། དཔལ་ཕྲེང་གི་མདའོ། །དེ་ཉིད་སྙིང་པོའི་དོན་རྟོགས་པའི་སྒོ་ཡིན་པའི་ཕྱིར་སྒོ་ཞེས་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་མི་རྟག་གོ་ཞེས་བྱ་བ་ལ་སོགས་པ་འདིས་ནི་བྱིས་པའི་སྣང་བ་ཚད་མར་བྱས་ནས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་རྣམ་པར་གཞག་ཀྱང་འཁོར་བར་འཇོག་པའི་གཞི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཉིད་དོན་དམ་པ་འཕགས་པའི་ཡེ་ཤེས་ཚད་མར་བྱས་ནས་མྱ་ངན་ལས་འདས་པར་བརྗོད་པ་ཡིན་ཏེ། འདི་ལྟར་བྱིས་པ་རྣམས་ལ་འདོད་ཆགས་ཤེས་བྱ་བ་སྡུག་བསྔལ་བསྐྱེད་པའི་རྒྱུ་བུད་མེད་ཀྱི་ལུས་ནི་ཙན་དན་ལ་སོགས་པའི་དྲིས་བྱུགས་པས་གཙང་བར་གྲགས་པ་དེ་ཉིད་རྣལ་འབྱོར་ཀུན་རྫོབ་ཐུགས་སུ་ཆུད་པའི་ཉན་ཐོས་འཕགས་པ་རྣམས་ཀྱིས་ནི། བུད་མེད་ལུས་ལ་དོན་དུ་ན། །གཙང་བ་ཅུང་ཟད་ཡོད་མ་ཡིན། ཞེས་བྱ་བས་འཇིག་རྟེན་ལ་ལྟོས་པའི་དོན་དམ་དུ་མི་གཙང་བར་རྟོགས་ནས་འཕགས་པ་ཉན་ཐོས་རྣམས་སྤོང་བར་བྱེད་མོད་ཀྱི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་འདོད་ཆགས་ཀྱི་རྣམ་པར་རྟོག་པ་ལ་འདིས་སེམས་ཅན་གྱི་དོན་བྱེད་པ་ན་འདིར་སེམས་ཅན་སྡུད་པར་བྱེད་ཅིང་ཕྱི་མར་སེམས་ཅན་ལ་ཕན་པའི་སྐྱེ་བའི་རྒྱུར་ཡང་འགྱུར་རོ་སྙམ་ནས་ཅུང་ཟད་སྲེལ་བར་ཡང་བྱེད་དོ། །སྙིང་པོའི་ཚུལ་ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པ་འདི་དག་ཉིད་རྣལ་འབྱོར་གྱི་མིག་གིས་ལེགས་པར་བརྟགས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་ངོ་བོ་ཡིན་ཏེ། འདི་ཏིང་ངེ་འཛིན་གྱི་སྣོད་དུ་

(༧༦༠)བླུགས་ནས་རྟོག་དཔྱོད་ཀྱི་གཡོ་བ་མེད་པར་གཞག་ན་འོད་གསལ་བ་ཉིད་མངོན་སུམ་དུ་འགྱུར་རོ་ཞེས་ཤེས་ནས་སྤོང་བར་མི་བྱེད་དེ། དེས་ན་འཁོར་ལོ་ཕྱི་མའི་ཚུལ་འདིར་བསལ་གཞག་མེད་པའི་རྣལ་འབྱོར་ཉིད་ལྷུར་སྟོན་པར་མཛད་དོ། དེ་དག་མདོར་བསྡུ་ན་ཁ་བ་དང་ཆབ་རོམ་དང་རླབས་རྣམས་ཆུ་ཡིན་པར་ཤེས་པས་ན་ཆབ་རོམ་ཉིད་དོན་དམ་པར་ཆུ་གཙང་ཡིན་ནོ་ཞེས་བརྗོད་པ་དང་འདྲ་བ་ཡིན་གྱི། འདོད་ཆགས་ལ་སོགས་པ་རིགས་པས་བརྟགས་ན་མ་དམིགས་པ་ཙམ་གྱིས་དེ་སྐད་དུ་བརྗོད་པ་མ་ཡིན་ནོ། །དེ་ལྟར་ཡང་ལམ་འདི་ལ་རྣམ་པར་མི་རྟོག་པའི་སྒྲུབ་པའི་སྒོ་ཡོད་པས་དེ་སྐད་དུ་བརྗོད་པ་ཡིན་གྱི། འཁོར་ལོ་བར་པའི་ཚུལ་ལ་གནས་ཏེ་འདོད་ཆགས་ལ་སོགས་པ་རང་བཞིན་མེད་པར་སྒོམ་པར་བྱེད་པ་ཡང་ཤིན་དུ་བ་ནི་ཡིན་ནོ། །འདིར་འཁོར་བ་ཉིད་མྱང་འདས་སུ་བརྗོད་པའི་དགོས་པ་ནི་འཁོར་འདས་ལ་གཉི་ག་ལྟ་བུའི་རྣམ་པས་རྣམ་པར་མི་རྟོག་པ་གོམས་པ་ལས་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་ཕྱིར་རོ། །འཁོར་བ་དོན་དམ་པར་མྱ་ངན་ལས་འདས་པ་ཡིན་པ་དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་དོན་དམ་པའི་ཕྱོགས་གཅིག་པུ་འཛིན་པ་མ་ཡིན་གྱི་ཤེས་རབ་དང་སྙིང་རྗེའི་རྒྱུ་གཉིས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ཉེ་བ་དང་རིང་བ་དང་བྲལ་བས་མི་གནས་པའི་གནས་དང་གོ་འཕང་ཐོབ་པ་ཙམ་བསྟན་པ་ཡིན་ནོ། དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་རྒྱུ་གཉིས་པ་གང་དག་གིས་ཤ་ན། ཞེས་དྲིས་པའི་ལན་དུ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་དང་

(༧༦༡)ལ་ཉེ་བ་དང་རིང་བ་དང་བྲལ་བས་མི་གནས་པའི་གནས་དང་གོ་འཕང་ཐོབ་པ་ཙམ་བསྟན་པ་ཡིན་ནོ། །དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་རྒྱུ་གཉིས་པོ་གང་དག་གིས་ཤེ་ན་ཞེས་དྲིས་པའི་ལན་དུ། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་དང་ཉེ་བ་མ་ཡིན་ཏེ། ཤེས་རབ་ཀྱིས་སྲེད་པའི་བག་ལ་ཉལ་མཐ་དག་སྤངས་པའི་ཕྱིར་རོ། རིང་བའང་མ་ཡིན་ཏེ། སྙིང་རྗེ་ཆེན་པོས་དེ་དག་ཡོངས་སུ་མ་བཏང་བའི་ཕྱིར་རོ། །དི་ནི་མི་གནས་པའི་རང་བཞིན་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པའི་ཐབས་ཏེ། ཤེས་རབ་ཀྱི་ནི་བྱང་ཆུབ་སེམས་དཔའ་སྲེད་པའི་བག་ལ་ཉལ་མཐའ་དག་སྤངས་པས་ནི་བདག་ལ་ཕན་པའི་ཕྱིར་མྱ་ངན་ལས་འདས་པ་ལ་བརྟེན་པའི་བསམ་པ་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་བཞིན་དུ་འཁོར་བ་ལ་མི་གནས་ལ། སྙིང་རྗེ་ཆེན་པོས་སྡུག་བསྔལ་བའི་སེམས་ཅན་ཡོངས་སུ་མ་བཏང་བས་ནི་གཞན་ལ་ཕན་པའི་ཕྱིར་འཁོར་བ་ལ་བརྟེན་པའི་སྦྱོར་བ་ཅན་ཞི་བ་བགྲོད་པ་གཅིག་པའི་རིགས་ཅན་བཞིན་དུ་མྱ་ངན་ལས་འདས་པ་ལ་མི་གནས་སོ། །ཞེས་བྱ་བས་བཤད་དེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་བློའི་ཕྱོགས་གཅིག་གི་ཆ་ནས་ཉེ་ཞེས་བྱ་བའི་ཁྱད་པར་གཟུང་བ་མེད་པར་མཐའ་གཅིག་ཏུ་སེམས་ཅན་རྣམས་ལ་ཉེ་བ་མ་ཡིན་ཏེ། སེམས་ཅན་དུ་གདགས་པའི་རྒྱུ་ཟག་པ་དང་བཅས་པའི་ཕུང་པོ་ཡིན་ན་དེའི་རྒྱུ་སྲེད་པའི་བག་ལ་ཉལ་མཐའ་དག་བདག་མེད་པར་རྟོགས་པའི་ཤེས་རབ་ཀྱིས་སྤངས་

(༧༦༢)པའི་ཕྱིར་རོ། །ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་རིང་བ་ཁོ་ན་མ་ཡིན་ཏེ། སྙིང་རྗེས་ཆེན་པོས་དེ་དག་ཡོངས་སུ་མ་བཏང་བར་གཟུང་བའི་ཕྱིར་རོ། །གཞུང་ལྷག་མའི་དོན་ནི་སྔར་བཤད་པའི་སྤང་བྱ་བཞི་པོ་དེ་དག་ལས་ཆོས་ལ་ཁོང་ཁྲོ་དང་བདག་ལྟ་གཉིས་སྤངས་ལ། སྙིང་རྗེས་ནི་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་སེམས་ཅན་གྱི་དོན་ལ་ལྟོས་པ་མེད་པ་ཉིད་སྤངས་པ་ཡིན་ཏེ། སྤང་བྱ་བཞི་པོ་དེ་དག་ལས་ཤེས་རབ་ཀྱི་མི་མཐུན་ཕྱོགས་འཁོར་བ་ཁོ་ན་འདོད་པ་ཉིད་དང་། སྙིང་རྗེའི་མི་མཐུན་ཕྱོགས་ཞི་བ་གཅིག་པུ་པ་སྨོས་པ་ཡིན་ནོ། །དེ་ལྟར་ན་ཆོས་གཉིས་པོ་འདི་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བའི་གནས་སུ་བསྟན་པ་ནི། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བསྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདས་མི་འགྱུར། ཞེས་བྱ་བ་འདི་སྔར་བཤད་པ་རྣམས་ཀྱི་དོན་བསྡུས་པ་ཡིན་ལ། །དེར་མ་ཟད་སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་དོན་བསྡུས་པ་ཡིན་ཏེ། སྡོང་པོ་བཀོད་པའི་མདོ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་གྱི་དབང་དུ་མཛད་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ། །ཞེས་གསུངས་པའི་དོན་ཏེ། དེ་ལ་བྱ་བའི་ཡུལ་རང་དང་གཞན་གཉིས་ལས་མི་སྲིད་ལ། བྱ་བ་ཡང་རང་གི་དོན་དང་གཞན་གྱི་དོན་ལས་གཞན་པ་མི་སྲིད་དོ། །རང་གི་དོན་མཐར་ཐུག་པ་ནི་སེམས་བསྐྱེད་

(༧༦༣)པའི་དམིགས་པ་བྱང་ཆུབ་ཡིན་ཏེ། དེའི་སྤངས་པ་དང་རྟོགས་པ་གཉི་ག་ཡང་ཤེས་རབ་ཀྱིས་སྒྲུབ་པར་བྱེད་ལ། གཞན་གྱི་དོན་ཕན་འདོགས་པ་དང་གནོད་པ་སེལ་བ་གཉི་ག་ཡོང་སྙིང་རྗེ་ཆེན་པོས་བྱེད་པའི་ཕྱིར་རོ། །བཤད་ཟིན་པའི་རིགས་ཀྱིས་ནི་སྙིང་རྗེའི་ཕྱོགས་གཙོ་བོར་འཛིན་ལ། དེ་བཞིན་ཉིད་ནི་ཤེས་རབ་ཀྱི་ཡུལ་ཡིན་ཞིང་། ཆོས་ཀྱི་སྐུ་ལ་ནི་དེ་གཉི་ག་ཆ་མཉམ་པས་དཀོན་མཆོག་གསུམ་ལ་ཡང་རང་གི་དོན་དང་གཞན་གྱི་དོན་ཆ་མཉམ་པར་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་སྔར་སྡོམ་གྱི་ཚིག་བཅུར་བཞག་པའི་དབང་དུ་བྱས་པའི་ལས་ཀྱི་དོན་ལས་བརྩམས་ཤིང་གཞིར་བྱས་ནས་ཚིགས་སུ་བཅད་པའི་ཕྱེད་ཕྱི་མ། སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལས་ཅན་ནོ། ཞེས་མདོར་གཞག་པ་དེས་རྒྱས་པར་དོན་ཅི་ཞིག་བསྟན་ཞེ་ན། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་པའང་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། ཏེ་ཁམས་ཀྱི་གནས་སྐབས་ཀྱི་འབྲས་བུ་ལ་ལས་ཤེས་བྱ་ལ༴ དེ་ཡང་སེམས་ཅན་གང་ཡང་རུང་བ་ཞིག་ལ་འབྲས་བུའི་རྟགས་ཀྱིས་རྒྱུ་ཁམས་རྗེས་སུ་དཔོག་པར་བྱེད་ལ། གལ་ཏེ་དེ་ལ་སངས་རྒྱས་ཀྱི་ཁམས་མེད་ན་འདུ་བྱེད་ཀྱི་སྡུག་བསྔལ་ལ་སྐྱོ་བར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་གསུམ་པོ་གང་ཡང་རུང་བ་ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པའང་མེད་པར་འགྱུར་རོ་ཞེས་བྱ་བ་ལྷག་པའི་ཁྱབ་པ་བརྗོད་

(༧༦༤)པ་སྟེ། དེ་ཡང་། ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་ནི་སྡུག་བསྔལ་ལ་ཡང་སྐོ་བར་མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པ་ཡང་མེད་པར་འགྱུར་རོ། །ཞེས་དཔལ་ཕྲེང་ལས་གསུངས་པ་བཞིན་དུ་མདོ་དེའི་དོན་འདིར་བཀོད་པ་ཙམ་མོ། །དེ་ལ་མདོར་བསྡུ་ན་སངས་རྒྱས་ཀྱི་ཁམས་རྣམ་པར་དག་པའི་རིགས་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་ཡང་ལས་རྣམ་པ་གཉིས་ཉེ་བར་གནས་པར་བྱེད་དེ། འཁོར་བ་ལ་སྡུག་བསྔལ་བའི་ཉེས་པ་མཐོང་བ་ལ་བརྟེན་ནས་སྐྱོ་བ་སྐྱེད་པར་བྱེད་པ་དང་མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་ལ་བརྟེན་ནས་འདུན་པ་དང་། འདོད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་སྐྱེད་པར་བྱེད་པའོ། ཞེས་བྱ་བ་ནི་དེ་ལ་ཁམས་ཡོད་པའི་གཏན་ཚིགས་སྦྱོང་བྱེད་ཀྱི་ཆོས་དྲུག་བཅུ་ལ་སོགས་པ་མང་དུ་གསུངས་པ་ལས་མདོར་བསྡུ་ན་རྣམ་པར་དག་པ་ཆོས་ཀྱི་སྐུའི་རྒྱུ་སངས་རྒྱས་ཀྱི་ཁམས་ནི་མཐའི་འབྲས་བུ་རྣམ་པར་དག་པའི་ཆོས་ཀྱི་སྐུ་བྱེད་ཀྱང་གནས་སྐབས་སུ་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་ཡང་ལས་རྣམ་པ་གཉིས་བྱེད་ན། དགེ་བའི་རྩ་བ་དང་ལྡན་པ་རྣམས་ལ་ལྟ་ཅི་སྨོས་ཏེ། དེ་ཡང་ཁམས་ཀྱི་ཐོག་མ་ཉིད་ནས་ལས་གཉིས་པོ་དངོས་སུ་མི་བྱེད་ཀྱི་ལས་དེ་དག་གི་རྒྱུ་ཉེ་བར་གནས་པར་བྱེད་དེ། དེ་ཡང་འདིའི་སྐད་དོད་པྲ་རྒྱུ་པ་སྠ་ན་ཞེས་འབྱུང་སྟེ། ཕྱི་ཕྱིར་ཉེ་བར་སྒྲུབ་པར་བྱེད་ཅེས་བྱ་བ་ཡིན་ནོ། །དེ་ལ་ཕྱི་ཕྱིར་ནི་ཡང་དང་ཡང་དུའོ། །ཉེ་བར་ནི་རྒྱུ་

(༧༦༥)དང་འཚམ་ཞིང་མཐུན་པར་ཞེས་བྱ་བའི་དོན་ཏོ། །སྒྲུབ་པར་བྱེད་པ་ནི་སྐྱེད་པར་བྱེད་པའོ། །དེ་ཡང་ཁམས་ཐོག་མ་མེད་པ་ནས་ཡོད་ཀྱང་རྐྱེན་དང་མ་ཕྲད་ན་ལས་སྒྲུབ་པར་མི་བྱེད་པས་གང་གི་ཚེ་དུད་འགྲོར་གྱུར་པ་ན་ཡང་སངས་རྒྱས་ཀྱི་མཚན་ཙམ་རྣ་བར་ལྷུང་བ་དང་སྐུ་གཟུགས་དང་མཆོད་རྟེན་ལ་ཆུའམ་རླུང་ལ་དགོས་པས་བདས་ཏེ་རེག་པ་ཙམ་དུ་གྱུར་པ་ན་ཐར་པའི་ས་བོན་ཕྲ་མོ་འཛིན་པར་འགྱུར་ལ། དེ་ཡང་རྟེན་མེད་པའི་ཉེས་པས་ཉམས་ཤིང་ཆུད་ཟ་བར་མི་འགྱུར་བ་ནི་རྟེན་ཁམས་རྟག་ཏུ་གནས་པ་དེས་བྱེད་པ་ཡིན་ནོ། །དེ་ལྟར་བྱས་པ་ལས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འགའ་ཞིག་ལ་ཞུགས་ཏེ་དགེ་བའི་རྩ་བས་རྒྱས་པའི་རིགས་སམ་ཡང་དག་པར་བླངས་པ་ལས་བྱུང་བའི་རིགས་སྒྲུབ་པར་བྱེད་ལ། རིགས་དེ་ལས་སྡུག་བསྔལ་བའི་ཉེས་པ་མཐོང་བ་ལ་བརྟེན་ནས་འཁོར་བ་ལ་སྐྱོ་བའི་ཡིད་སྐྱེད་པར་བྱེད་པ་ནི་དོན་དེ་ལ་མི་དགའ་ཞིང་འདོད་པ་དང་བཅས་པའི་ཚོར་བ་སྡུག་བསྔལ་ཏེ། དེ་དང་གཏན་དུ་བདེ་བའི་ཡོན་ཏན་མཐོང་བ་ལ་བརྟེན་ནས་མྱ་ངན་ལས་འདས་པ་ལ་འདུན་པ་དང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པ་སྐྱེད་པར་བྱེད་པའོ། །དོན་དེ་དག་ཉིད་དེ་ལ་འདུན་པ་ནི་མངོན་པར་འདོད་པའོ། །འདོད་པ་ནི་མངོན་པར་འདོད་པའི་དོན་ཐོབ་པ་ལ་ཕྱོགས་པའོ། །དོན་དུ་གཉེར་བ་ནི་མངོན་པར་འདོད་པའི་དོན་འཐོབ་པའི་ཐབས་ཚོལ་བའོ། །སྨོན་པ་ནི་གང་མངོན་པར་འདོད་པའི་དོན་ལ་སེམས་མངོན་པར་འདུ་བྱེད་པའོ། ཞེས་བྱ་བས་བཤད་དེ། དེ་ལ་འདིར་འདུན་པ་ལ་

(༧༦༦)སོགས་པ་གསུམ་ནི་འདུན་པ་ཉིད་ལ་བྱ་བའི་བྱེ་བྲག་གིས་ཕྱེ་བ་ཡིན་ལ། སྨོན་པ་ནི་སེམས་བྱུང་སེམས་པའོ། །དེ་ལ་བདུན་པ་ནི་མྱ་ངན་ལས་འདས་པ་ཐོབ་ན་ཅི་མ་རུང་སྙམ་པའོ། །འདོད་པ་ནི་འདུན་པ་དེ་ཉིད་ཤས་ཆེན་པོར་གྱུར་ཏེ་མྱ་ངན་ལས་འདས་པ་དང་འཁོར་བ་གཉིས་ལས་མྱ་ངན་ལས་འདས་པ་ལ་ཕྱོགས་ཤིང་ཉེ་བའོ། །དོན་དུ་གཉེར་བ་ནི་དེ་ཉིད་དུ་རྒྱུར་བྱས་ནས་དགེ་བའི་བཤེས་གཉེན་བསྟེན་པ་སོགས་དེའི་ཐབས་ཚོལ་བའོ། །སྨོན་པ་ནི་ཕྱི་མ་ཕན་ཆད་དུ་ཡང་ཡིད་ལ་བྱེད་པ་འདི་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་སེམས་པ་གང་འདོད་པའི་དོན་ལ་སེམས་མངོན་པར་འདུ་བྱེད་པའི་ཐབས་ལ་གནས་པའོ། །རྗེས་སུ་འགྲོ་བ་སྟོན་པའི་ཕྱིར། སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། ཞེས་གསུངས་ཏེ། སྲིད་པ་ལ་དེའི་སྡུག་བསྔལ་གྱི་སྐྱོན་མཐོང་བ་དང་། མྱ་ངན་ལས་འདས་པ་ལ་དེའི་ཡོན་ཏན་མཐོང་བ་ལས་འདུན་སོགས་བཞི་པོ་སྒྲུབ་པའི་རྣམ་པར་སྐྱེ་བ་དང་། སྲིད་པ་ལ་འདུན་སོགས་བཞི་བྲལ་བའི་རྣམ་པར་སྐྱེ་བ་ནི་རྒྱུ་ཁམས་དང་རིགས་རྐྱེན་དང་ལྡན་པ་ཁ་ན་ཡོད་པ་ཁོ་ན་ལས་ཡིན་པས་རྗེས་སུ་འགྲོ་བ་གྲུབ་སྟེ། རྒྱུ་ཡོད་ཀྱང་རྐྱེན་ཉེ་བར་མི་གནས་ན་ནི་འདུན་སོགས་བཞི་འབྱུང་བ་མ་ཡིན་ཏེ། རྐྱེན་གྱི་རིགས་མེད་པའི་སེམས་ཅན་རྣམས་ལ་འདུན་སོགས་མེད་པའི་ཕྱིར་རོ། །དེ་ཡང་འདུན་སོགས་བཞི་ཡོད་ན་ཁམས་ཡོད་པའི་རྗེས་འགྲོའི་ཤེས་བྱེད་དུ་མི་མཐུན་ཕྱོགས་ལ་

(༧༦༧)མེད་པའི་ལྡོག་པ་གཏན་ཚིགས་སུ་སྦྱར་བ་ནི་མ་ཡིན་ཏེ། རྗེས་འགྲོ་དང་ལྡོག་པ་གཉིས་ལ་རྟགས་དང་རྟགས་ཅན་མེད་པའི་ཕྱིར་རོ། །དེ་བས་ན། རིགས་མེད་དག་ལ་མེད་ཕྱིར་རོ། ཞེས་བྱ་བ་ནི་རྒྱུ་རྐྱེན་དང་བཅས་པའི་ཁམས་དང་རྗེས་འགྲོ་མ་གྲུབ་ན། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། ཞེས་བྱ་བ་དང་། དེ་ཕྱིར་དབང་སོགས་རང་རིགས་ལ། །ལྟོས་མེད་པར་ནི་འབྱུང་ཡིན་ན། །ཅི་ལྟར་གཅིག་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། །ཞེས་བྱ་བའི་རིགས་པ་རྗོད་པར་བྱེད་པ་ཡིན་ནོ། །མཐོང་བ་འདི་ཞེས་ཉེ་བའི་ཚིག་སྨོས་པ་འདིས་གཏན་ཚིགས་རང་རང་གི་ཚད་མས་གྲུབ་དགོས་པར་བསྟན་ཏོ། །དེ་ཉིད་འགྲེལ་པས་བཤད་པ་ནི། །དཀར་པོའི་ཆ་དང་ལྡན་པའི་གང་ཟག་གི་འཁོར་བ་ལ་སྡུག་བསྔལ་གྱི་ཉེས་པ་མཐོང་བ་དང་། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་གང་ཡིན་པ་འདི་ཡང་རིགས་ཡོད་པ་ལས་གྱུར་པ་ཡིན་གྱི་རྒྱུ་མེད་རྐྱེན་མེད་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་གལ་ཏེ་སྡིག་ཏོ་སེལ་བའི་ཚུལ་གྱིས་རྒྱུ་མེད་རྐྱེན་མེད་པར་དེར་འགྱུར་ན་ནི་ལོག་སྲེད་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་རྣམས་ལ་ཡང་དེར་འགྱུར་ན། ཇི་སྲིད་དུ་བློ་བུར་གྱི་དྲི་མ་རྣམ་པར་དག་པའི་རིགས་སྐྱེས་བུ་དམ་པ་ལ་བསྟེན་པ་ལ་སོགས་པ་འཁོར་ལོ་བཞི་ཡང་དག་པར་འབྱོར་བའི་ཚུལ་གྱིས་གསུམ་ལས་གང་ཡང་རུང་བའི་ཆོས་ལ་མོས་པ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་སྲིད་དུ་ནི་འགྱུར་བ་ཡང་མ་ཡིན་ནོ། ཞེས་

(༧༦༨)བྱ་སྟེ༴ དཀར་པོའི་ཆ་དང་ལྡན་པའི་གང་ཟག་ནི་ཆོས་ཅན་ནོ། །དེ་ལ་དཀར་པོ་ནི་མྱ་ངན་ལས་འདས་པ་སྟེ། འདུལ་བ་ལས། སངས་རྒྱས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་ཉེ་བར་སྟོན་པ༴ ཞེས་གསུངས་པའི་ཕྱིར་རོ། །དེའི་ཆ་ནི་དེ་ལ་ཕན་པའི་ཆ་ཤས་སུ་གྱུར་པའི་དགེ་བའི་རྩ་བ་སྟེ། མདོར་ན་ཐར་པ་ཆ་མཐུན་ལ་གནས་པའི་གང་ཟག་གོ །གང་ཟག་གི་ཞེས་དྲུག་པ་སྨོས་པ་ནི་གཏན་ཚིགས་དང་ཆོས་དག་ཆོས་ཅན་གྱི་ཆོས་སུ་ཤེས་པར་བྱེད་པའི་ཕྱིར་རོ། །འཁོར་བ་ལ་སྡུག་བསྔལ་གྱི་ཉེས་པ་མཐོང་བ་དང་མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་གང་ཡིན་པ་འདི་ཞེས་པ་ནི་གཏན་ཚིགས་སོ། །རིགས་ཡོད་པ་ལས་གྱུར་པ་ཡིན་གྱི་ཞེས་བྱ་བ་ནི་གཏན་ཚིགས་དེའི་རྗེས་འགྲོ་སྟོན་པའོ། །རྒྱུ་མེད་རྐྱེན་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལྡོག་པ་སྟོན་པའོ། ཡང་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་དང་ཆོས་དག་གི་གཞི་ཆོས་ཅན་ཡིན་པ་བཞིན་དུ་གཏན་ཚིགས་འདི་ཉིད་ཀྱང་རྗེས་འགྲོ་དང་ལྡོག་པའི་རྟེན་ཡིན་ཞེས་པའོ། །དེ་དག་གིས་ནི༴ སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོ་ལས་ཡིན༴ ཞེས་བྱ་བ་དེ་བཤད་པ་ཡིན་ནོ། །འདིར་ཆོས་སུ་གྱུར་པའི་རིགས་དེ་ཅི་འདྲ་བ་ཞིག་ཅེ་ན། དེ་ལ་རིགས་ནི་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ། ཆོས་ཉིད་ཀྱིས་ཐོབ་པ༴ སྐྱེ་མཆེད་དྲུག་གི་ཁྱད་པར༴ དེ་འདྲ་བ་ཡིན་ནོ། ཞེས་གསུངས་པས་རིགས་ལ་ཡང་རང་བཞིན་དུ་གནས་པ་དང་། ཡང་དག་པར་

(༧༦༩)བླངས་པ་ལས་བྱུང་བ་གཉིས་ལས་རང་བཞིན་དུ་གནས་པའི་མཚན་ཉིད་དེ། དེ་ལ་ཐོག་མ་མེད་པའི་དུས་ནས་འོངས་ཤེས་བྱ་བ་འདིས་ནི། ཐོག་མ་མེད་དུས་ཅན་གྱི་དབྱིངས༴ །ཤེས་བཤད་པ་བཞིན་དུ་དེའི་དུས་ཀྱི་ཁྱད་པར་བསྟན་པ་ཡིན་ནོ། །བརྒྱུད་ནས་འོངས་པ་ཞེས་པས་ནི་ཤིན་དུ་རྟག་པ་མ་ཡིན་གྱི་སྐད་ཅིག་ལ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་ཤེས་པའོ། །ཆོས་ཉིད་ཀྱིས་ཐོབ་པ་ཞེས་པ་ནི་དགེ་བའི་རྩ་བ་གསར་དུ་རྙེད་པ་ལ་མི་ལྟོས་ཏེ་སེམས་ཅན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་ཐོབ་པ་ཡིན་ཏེ། དེས་ནི་རང་བཞིན་དུ་གནས་པའི་དོན་བཤད་དོ། །དེ་ཕྱི་རོལ་དག་ལ་ཡང་ཡོད་དམ། རྒྱུད་དུ་གཏོགས་པ་ཞིག་ཡིན་སྙམ་ན། རྒྱུད་དུ་གཏོགས་པ་ཁོ་ན་སྟེ། མིག་ལ་སོགས་པའི་ནང་གི་སྐྱེ་མཆེད་དྲུག་གི་ཁྱད་པར་རོ། ཁྱད་པར་ཅི་ལྟ་བུ་སྙམ་ན། དེ་འདྲ་བ་ཡིན་ནོ་ཞེས་བྱ་བ་སྟེ། ཆོས་གང་གི་རིགས་ཡིན་པ་དེ་ནི་དེ་དང་འདྲ་བ་ཉིད་ལ་རྣམ་པར་འཇོག་པ་ཡིན་ཏེ། ཆོས་ཀྱི་གྲགས་པས། །དངོས་པོ་རིགས་མི་མཐུན་པ་ལས་བཟློག་པ་རྣམས་ཀྱི་འདྲ་བ་ཉིད་གང་ཡིན་པ་དེ་རིགས་ཡིན་ནོ་ཞེས། བཤད་པའི་ཕྱིར་རོ། །དེས་ན་འདིར་ངེས་པར་བྱ་བ་ནི་སངས་རྒྱས་ཀྱི་རིགས་ཡིན་པས་སངས་རྒྱས་དང་འདྲ་བའོ། །འདྲ་བ་ཞེས་པ་ཡང་འདྲ་བའི་གཞི་དང་། འདྲ་བའི་ཡུལ་དང་། འདྲ་བའི་ཆོས་ལ་བརྗོད་པ་ལས་འདིར་ནི་འདྲ་བའི་ཆོས་ཁོ་ན་ཡིན་གྱི་གཞན་གཉིས་ནི་མ་ཡིན་ནོ། །དེ་ལྟར་ན་སྐྱེ་མཆེད་དྲུག་ནི་འདྲ་བའི་གཞི་

(༧༧༠)ཡིན་ལ༴ སངས་རྒྱས་ནི་འདྲ་བའི་ཡུལ་ཡིན་ཞིང་། དེ་གཉིས་ཆོས་ཅི་འདྲ་བ་ཞིག་གིས་མཚུངས་ཤིང་འདྲ་བ་ཡིན་སྙམ་ན། ཟག་པ་དང་བཅས་པའི་སྐྱེ་མཆེད་དྲུག་པོ་དག་གཤིས་ལ་མ་གྲུབ་པས་ངོ་བོ་ཉིད་ཀྱིས་དག་པ་ཡིན་ལ། དེས་ཀྱང་སངས་རྒྱས་དང་འདྲ་ཞིང་གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྟོབས་ལ་སོགས་པའི་ཆོས་ཕྲ་མོ་ཡོད་པ་བཞིན་དུ་སངས་རྒྱས་ཀྱི་སའི་ཤའི་མིག་དང་ལྷའི་མིག་ལ་སོགས་པའི་དབང་པོ་དྲུག་པོ་རྣམས་སེམས་ཅན་གྱི་རྒྱུད་ཀྱི་སྙིང་པོའི་སྟེང་ན་ཤིན་དུ་ཕྲ་བར་ཡོད་དེ། དེ་ཡང་ཟག་པ་དང་བཅས་པའི་ཀུན་གཞི་ལ་ཕྱོགས་མཐུན་ཞིག་འཆར་བས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་previous hit རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ༴ ཞེས་གསུངས་པ་ཡིན་ནོ། །ཀུནགཞི next hit་ལ་ཡོད་པ་དེ་ཉིད་ཀྱིས་རྒྱུའི་རྐྱེན་བྱས་ནས་དབང་པོ་དྲུག་ཏུ་འཆར་བ་ཡིན་ཏེ། འདི་ཡང་ཀུན་གཞི་ཁས་ལེན་པ་རྣམས་ལ་རབ་ཏུ་གྲགས་ཏེ། དེ་ལྟར་ན་སྙིང་པོ་དང་ཀུན་གཞི་དང་དབང་པོ་དྲུག་རྣམས་འདྲ་ཞིང་དེ་ཐམས་ཅད་སངས་རྒྱས་དང་འདྲ་བ་ཡིན་ནོ། །ཁྱད་པར་གྱི་ཆོས་ནི་ཡུལ་རྟོགས་པ་ཉིད་ཡིན་ཏེ། ཆོས་དེས་སངས་རྒྱས་དང་འདྲ་ཞེས་བྱ་སྟེ། དེ་ཉིད་རྒྱས་ལ་སངས་རྒྱས་བསྙད་ཇི་བཞིན། ཞེས་བྱ་བའི་ཚུལ་གྱིས་སོ། །བྱང་ཆུབ་སེམས་དཔའི་ས་ལས་ཀྱང་། དེ་ལ་རིགས་གང་ཞེ་ན༴ མདོར་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པ་དང་། ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་

(༧༧༡)དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་ལ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། དོན་གྱི་སྐབས་འདིར་ནི་རྣམ་པ་གཉི་ག་ཡང་འདོད་དོ། །རིགས་དེ་ནི་ས་བོན་ཞེས་ཀྱང་བྱ། ཁམས་དང་རང་བཞིན་ཞེས་ཀྱང་བྱའོ། །དེ་ཡང་འབྲས་བུ་ཡང་དག་པར་མ་གྲུབ་པ་ནི་འབྲས་བུ་མེད་པས་ཆ་ཕྲ་བ་ཡིན་ནོ། །འབྲས་བུ་ཡང་དག་པར་གྲུབ་པ་ནི་འབྲས་བུ་དང་བཅས་པས་རགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རིགས་དེ་དང་ལྡན་པ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་ཀྱང་འདས་པ་ཡིན་ན། སེམས་ཅན་གཞན་ཐམས་ཅད་ལྟ་།།།ལས་ཅི་སྨོས་ཏེ། བླ་ན་མེད་པའི་ཁྱད་པར་ཅན་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མདོར་ན་རྣམ་པར་དག་པ་ནི་འདི་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ཡིན་ནོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རིགས་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པས་རྣམ་པར་དག་པར་འགྱུར་གྱི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་རིགས་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་ཀྱང་རྣམ་པར་དག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ཞེས་བྱའོ། ཞེས་

(༧༧༢)བྱ་བ་དག་འདིར་དྲངས་པ་ནི་སློབ་དཔོན་ཐོགས་མེད་ཀྱིས་བསྟན་བཅོས་མང་དུ་མཛད་པ་ལ་འདི་ཁོ་ན་དབུ་མ་ཡིན་ལ། གཞན་དག་ནི་སེམས་ཙམ་གྱི་བསྟན་བཅོས་ཡིན་པར་མཁས་པ་མང་པོ་བཞེད་པས་ཇི་ལྟར་ཡང་རུང་སྟེ། འདི་དང་བྱང་ཆུབ་སེམས་པའི་ས་ལ་རིགས་ཀྱི་རྣམ་པར་གཞག་པ་མཚུངས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ལ་མཚན་ཉིད་གཞན་རྣམས་ནི་འདི་ཉིད་དུ་བཤད་པ་དེ་ཡིན་ཞིང་། དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་དེ་འདྲ་བ་ཡིན་ནོ་ཞེས་བྱ་བ་དང་འགྱུར་གྱི་ཁྱད་པར་རོ། །རྒྱུ་ཕྲ་མོའི་ངོ་བོ་ཉིད་ཀྱིས་ས་བོན་དང་། འབྲས་བུ་དང་འདྲ་བས་རང་བཞིན་དང་། འབྱུང་ཁུངས་ཡིན་པས་ཁམས་དང་། འབྲས་བུ་ཡང་དག་པར་གྲུབ་པ་ནི་རིགས་ཀྱི་རྟགས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། ཞེས་བྱ་བ་ལ་སོགས་པ་ཡིན་ལ། ཐོག་མ་མེད་པ་ནས་རྟགས་དེ་སྐྱེད་པར་མ་ནུས་པའི་བར་དུ་ནི་ཕྲ་བ་ཞེས་བྱ་སྟེ། རྟགས་མེད་པས་རྟོགས་པར་དཀའ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་རིགས་ཀྱིས་ཉན་ཐོས་ཟིལ་གྱིས་གནོན་པར་བཤད་པ་ནི་ཐེག་པ་གསུམ་པོ་གནས་སྐབས་སོ་སོར་ངེས་པའི་ས་མཚམས་རིགས་ཀྱི་གནས་སྐབས་ནས་དབྱེ་བར་སྟོན་པ་ཡིན་ནོ། །འཕགས་པ་རྣམ་པར་གྲོལ་བའི་སྡེ་དང་སློབ་དཔོན་སེང་གེ་བཟང་པོས་ཆོས་ཉིད་སྟོང་པ་ཉིད་ལ་རིགས་སུ་གཞག་སྟེ་དེ་ལ་དམིགས་ཤིང་གོམས་པས་འཕགས་པའི་ཆོས་སྐྱེ་བར་འགྱུར་བའི་ཕྱིར་ཞེས་བཞེད་ལ། འདིར་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པ་ལས་བྱུང་ཞིང་ཤེས་པས་

(༧༧༣)འཕགས་པའི་ཡོན་ཏན་ཐམས་ཅད་འབྱུང་བར་གསུངས་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་ནི་དམིགས་པས་ཀྱང་རིགས་སུ་གཞག་ཏུ་རུང་ལ། ས་བོན་དང་ཁམས་ཡིན་པས་ཀྱང་རིགས་སུ་གཞག་ཏུ་རུང་ངོ་། །ད་ནི། རིགས་མེད་དག་ལ་མེད་ཕྱིར་རོ། ཞེས་བྱ་བ་དེ་འཆད་དེ། རྒྱུ་དང་རྐྱེན་མེད་པར་འདུན་སོགས་མི་འབྱུང་བ་དེ་ལ་རྒྱུ་མཚན་ཅི་ཡོད་སྙམ་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་སོ། །ལན་ནི་གནོད་པ་ཅན་གྱི་ཚད་མ་སྟོན་ཏེ། རྒྱུ་མེད་རྐྱེན་མེད་པར་འདུན་སོགས་སྐྱེ་བར་འགྱུར་ན་ནི་ལོག་པ་འཁོར་བ་ཁོ་ན་ལ་སྲེད་པ་སྡུག་པོ་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བ་སྟེ་ཐར་པར་འགྱུར་བའི་དགེ་བའི་རྩ་བ་གཏན་མེད་པ་རྣམས་ལ་ཡང་འདུན་པ་སོགས་སྐྱེ་བ་དེར་ཐལ་ཏེ། དུ་བ་མེ་ལ་མི་ལྟོས་ན་བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་འབྱུང་བར་ཐལ་བ་བཞིན་ནོ། ཞེས་བྱ་བས་གནོད་དོ། །དོན་ནི་འདུན་པ་ལ་སོགས་པ་ནི་ཁམས་དང་ཡང་དག་པར་བླངས་པའི་དགེ་བ་སྔོན་དུ་སོང་བར་ངེས་ཏེ། རྒྱུ་དང་བཅས་ཤིང་ཁམས་དང་བླངས་པའི་དགེ་བའི་རྩ་བ་མེད་ན་མེད་པའི་ཕྱིར་རོ་ཞེས་བྱའོ། །དགེ་བའི་རྩ་བ་མེད་ཀྱང་ལོག་སྲེད་ཅན་དེའི་སྔར་བསགས་པའི་སྡིག་ཏོ་རྣམས་བསལ་ཞིང་སྦྱོང་བའི་ཚུལ་གྱིས་མེད་པར་གྱུར་ན་དགེ་བ་གསར་པ་མེད་ཀྱང་ཁམས་ཉིད་ལས་འདུན་པ་སོགས་སྐྱེ་བར་འགྱུར་མོད་སྙམ་ན། དེ་ནི་མ་ཡིན་ཏེ༴ སྡིག་ཏོ་སེལ་བ་ཉིད་ལ་དགེ་བའི་རྩ་བ་གསར་དུ་བསྐྱེད་དགོས་སོ། །རྔོག་གི་འགྱུར་འདི་ནི་དེ་ལྟ་བུར་བཤད་པར་བྱ་ལ། ནག་ཚོས་ནི། གང་གི་ཕྱིར་

(༧༧༤)རིགས་དེ་མེད་པར་ཡང་ཡོད་ན་ནི་རྒྱུ་རྐྱེན་མེད་པར་ཡང་སྡིག་པ་ཀུན་དུ་བསགས་པ་དང་ལྡན་པའི་འདོད་ཞེན་ཅན་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བའི་རིགས་ཅན་ཡིན་པར་འགྱུར་རོ། །ཞེས་བསྒྱུར་རོ༴ །ལོག་སྲེད་ཅན་ལ་ཡང་འདུན་པ་སོགས་སྐྱེ་བ་སྲིད་དམ་སྙམ་ན། ཇི་སྲིད་དུ་བློ་བུར་གྱི་དྲི་མ་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་དག་པ་གཉིས་ལས་གང་ཡང་རུང་བ་བསྐྱེད་པའི་རིགས་ནི་སྐྱེས་བུ་དམ་པ་ལ་བརྟེན་པ་ལ་སོགས་པ་འཁོར་ལོ་བཞི་དང་ཡང་དག་པར་འབྱོར་ཞིང་ཕྲད་པའི་ཚུལ་གྱིས་ཐེག་པ་གསུམ་ལས་གང་ཡང་རུང་བའི་ཆོས་མྱ་ངན་ལས་འདས་པ་ལ་མོས་པ་བསྐྱེད་ནུས་པར་བྱེད་པ་མ་ཡིན་པ་དེ་སྲིད་དུ་འདུན་པ་སོགས་སྐྱེ་བར་འགྱུར་བ་ཡང་མ་ཡིན་ནོ། །འཁོར་ལོ་བཞི་ཡང་དག་པར་འབྱོར་བའི་ཚུལ་གྱིས་ཤེས་བྱ་བ་ནི་རྣམ་པ་དེ་ལྟ་བུས་ཤེས་བྱ་བས་དཔེར་བྱ་བའི་དོན་ཏེ། ཐར་པར་འགྲོ་བ་ལ་ངེས་པར་འཁོར་ལོ་བཞི་ཚང་བ་ནི་དགོས་པ་མ་ཡིན་ཏེ། རྣག་རྫི་དགའ་བོའི་འཁོར་བས་མནན་པའི་།།།སྩལ་པ་ལྟ་བུ་དང་། ཕ་བསད་པ་མཁན་པོ་ལྟར་བཅོས་པའི་སློབ་མས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བཤད་པ་ལྟ་བུའོ། །དེས་ན་དེ་དཔེར་བྱས་ནས་ཐེག་པ་གསུམ་གྱི་ཆོས་ལ་མོས་པ་སྐྱེ་བ་ལ་དགེ་བའི་རྩ་བ་གང་ཡང་རུང་བས་བསྒྲུབས་པའི་རིགས་ནི་རྒྱུར་ངེས་པར་དགོས་སོ་ཞེས་བྱ་བ་ཡིན་ནོ། །འཁོར་ལོ་བཞི་ཡང་བཤེས་སྤྲིན་ལས། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་པ་ལ་ཡང་བསྟེན་པ་དང་། །བདག་གི་ལེགས་སྨོན་སྔོན་ཡང་བསོད་ནམས་ཀྱི། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་

(༧༧༥)མངའ༴ །ཞེས་གསུངས་པ་དག་སྟེ། བཞི་པོ་འདི་དག་མདོ་སྡེའི་རྒྱན་ལས་མཚན་ཉིད་ལྔ་ལྔས་གསུངས་པ་འདི་ལྟ་སྟེ། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། ཞེས་པ་སྟེ། བློ་ལྡན་བྱང་ཆུབ་སེམས་དཔའ་ཡུལ་གང་དུ་བྱང་ཆུབ་སེམས་དཔའི་སྒྲུབ་པ་ཉམས་སུ་ལེན་པའི་ཡུལ་ནི་ཆོས་གོས་དང་བསོད་སྙོམས་སོགས་ཚོགས་ཆུང་ངུས་ལེགས་པར་རྙེད་པ་དང་། ཆོམ་རྐུན་ལ་སོགས་པའི་འཚེ་བ་མེད་པས་གནས་བཟང་བ་དང་། ནད་སྐྱེད་པར་མི་བྱེད་པས་ས་བཟང་བ་དང་། ཚུལ་ཁྲིམས་དང་ལྟ་བ་མཐུན་པས་གྲོགས་བཟང་བ་དང་། རྣལ་འབྱོར་བདེ་བའི་ཡོན་ཏན་ནི་ཉིན་མོ་འདུ་འཛི་ཉུང་བ་ནི་དང་སྣ་ཚོགས་པའི་བརྗོད་པ་ཉུང་བ་དང་། མཚན་མོ་སྒྲ་ཆུང་བ་སྟེ། ཉིན་པར་མིའི་རྒྱུན་ལུགས་ཉུང་བ་དང་མཚན་མོ་མི་མ་ཡིན་པས་བྱས་པའི་སྒྲ་ཉུང་བའོ། །བསྟེན་པར་འོས་པའི་སྐྱེས་བུ་དམ་པའི་མཚན་ཉིད་ནི། བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། ཞེས་པ་སྟེ༴ ཐོས་པ་མང་བས་ནི་དྲང་བའི་དོན་གྱི་ཆོས་སྟོན་པར་ནུས་ལ། བདེན་པ་མཐོང་བས་ནི་ངེས་པའི་དོན་སྟོན་པར་ནུས་ཤིང་། སྨྲ་མཁས་ནི་གདུལ་བྱ་སོ་སོ་ལ་སྐད་ཀྱི་བརྡ་སྤྲོད་ནུས་པ་དང་འཚམ་པར་འཆད་པའོ། །སྙིང་རྗེ་ནི་བརྩེ་བས་ཡིན་གྱི་རྙེད་བཀུར་སོགས་ལ་ཆགས་པས་མ་ཡིན་པའོ། །སྐྱོ་བ་མེད་པ་ནི་གཞན་གྱི་ལོག་པར་སྒྲུབ་པ་བཟོད་

(༧༧༦)ཅིང་ཡུན་རིང་བས་དལ་བར་མི་འགྱུར་བའོ། །བདག་ཉིད་ཀྱིས་སྔོན་སྨོན་ལམ་ལེགས་པར་བཏབ་པའི་སྨོན་ལམ་གྱི་མཚན་ཉིད་ཀྱང་། དམིགས་པ་བཟང་དང་རྟོན་པ་བཟང་། །ཐབས་བཟང་བ་དང་ངེས་འབྱུང་དང་། །སྦྱོར་བ་བཟང་པོའི་བདག་ཉིད་ནི། །ཡང་དག་སྨོན་ལམ་ཡིན་པར་བཤད། །ཅེས་པ་སྟེ༴ སྨོན་པའི་ཡུལ་ཐེག་པ་གསུམ་གྱི་དབང་དུ་བྱས་པའི་ཆོས་ལ་དམིགས་པ་དང་སྨོན་ལམ་དེ་འགྲུབ་པའི་རྡུ་བསོད་ནམས་ནམས་ཀྱི་ཚོགས་ཀྱིས་རྟོན་པ་དང་ཞི་གནས་དང་ལྷག་མཐོང་བསྐྱེད་པའི་ཐབས་ལ་མཁས་པ་དང་། ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པར་གོང་དུ་ངེས་པར་འབྱུང་བ་དང་། རྟག་ཏུ་དང་གུས་པར་སྦྱོར་བའི་བརྩོན་འགྲུས་རྣམས་སོ། །སྔོན་ཆད་བསོད་ནམས་བསགས་པ་དང་ཡང་མཚན་ཉིད་ལྔ་དང་ལྡན་པ་སྟེ། །དགའ་དང་དལ་བར་སྐྱེ་བ་དང་། །ནད་མེད་པ་དང་ཏིང་འཛིན་དང་། རྣམ་པར་འབྱེད་པའི་བྱེད་རྒྱུ་ནི། །སྔོན་ཆད་བསོད་ནམས་བྱས་པ་ཉིད། ཅེས་པ་སྟེ། དགའ་བ་ནི་ཡུལ་ངན་པར་གནས་ཀྱང་ཡོ་བྱད་ཚོགས་པར་འགྱུར་བས་ཡིད་དགའ་བ་དང་། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འདུག་ནུས་པས་དལ་བར་སྐྱེ་བ་དང་། ལུས་ལ་ནད་བུ་མེད་པས་ཤིན་དུ་སྦྱངས་པ་ཐོབ་པར་སླ་བ་དང་། ཏིང་ངེ་འཛིན་ཏེ་ཞི་གནས་མྱུར་དུ་སྐྱེ་ཞིང་རྣམ་པར་འབྱེད་པ་ལྷག་མཐོང་སྐྱེ་བའི་རྒྱུ་ཐོས་པས་མ་འཕོངས་པའོ། །དེ་དག་ནི་མདོ་སྡེའི་རྒྱན་ལས། ཉོན་མོངས་གོམས་དང་གྲོགས་ངན་དང་། །འཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་དམིགས་ནི། །

(༧༧༧)རྣམ་པ་བཞི་ཏུ་ཤེས་པར་བྱ། ཞེས་གསུངས་པའི་རིགས་ཀྱི་ཉེས་པ་རྣམས་ཀྱི་གཉེན་པོ་སྟེ། ཉོན་མོངས་པ་མང་བའི་གཉེན་པོ་ནི་སྔོན་གྱི་སྨོན་ལམ་བཟང་པོ་བཏབ་པའོ། །གྲོགས་ངན་པའི་གཉེན་པོ་ནི་སྐྱེས་བུ་དམ་པ་བསྟེན་པའོ། །འཕོངས་པའི་གཉེན་པོ་ནི་མཐུན་པའི་ཡུལ་ན་གནས་པའོ། །གཞན་གྱི་དབང་དུ་གྱུར་པའི་གཉེན་པོ་ནི་སྔོན་བསོད་ནམས་བསགས་པའོ། །དེ་ལ་རིགས་ཀྱི་སྐད་དོད་གོ་ཏྲ་ཞེས་པ་གོ་ནི་གུ་།།།སྟེ་ཡོན་ཏན་དང་ཏྲ་ནི་ཏ་ར་སྟེ་སྒྲོལ་བ་ཡིན་པས་ཡོན་ཏན་གོང་ནས་གོང་དུ་སྒྲོལ་ཞིང་འདོད་པའི་གནས་སུ་ཕྱིན་པར་བྱེད་པ་ནི་རིགས་ཡིན་ལ། དེ་ཡང་རིགས་ནི་ཤིང་རྟའི་ཁོག་པ་ལྟ་བུ་ཡིན་ཞིང་། འཁོར་ལོ་བཞི་ནི་དེའི་འཁོར་ལོ་ལྟ་བུ་སྟེ། དེ་ལས་འཁོར་ལོ་དང་པོ་གཉིས་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་དུ་བཅུག་པའི་བྱང་ཆུབ་ཀྱི་སེམས་ཀྱི་གཉའ་ཤིང་གིས་སྦྲེལ་ལ། འཁོར་ལོ་ཕྱི་མ་གཉིས་ནི་ཞི་གནས་དང་ལྷག་མཐོང་གི་གཉའ་ཤིང་གིས་སྦྲེལ་ལོ། །ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་བཤད་པ་ཡང་དུས་རིང་མོ་ཞིག་ཏུ་མི་འདའ་བས་དམན་པ་ལ་དགག་པའི་སྒྲ་སྦྱར་བ་སྟེ། དེ་དག་ཀྱང་མཐར་མྱ་ངན་ལས་འདའ་བར་འགྱུར་བའི་ཤེས་པར་བྱེད་པ་ནི་གང་གི་ཕྱིར་ཏེ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་གང་ལས། དེའི་འོག་ཏུ་ནི་ཐ་ན་ལོག་པ་ཉིད་དུ་ངེས་པའི་རྒྱུད་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་ལུས་ལ་ཡང་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འོད་ཟེར་ཕོག་པས་དེ་དག་ལ་ཕན་འདོགས་པར་འགྱུར་ཞིང་།

(༧༧༨)མ་འོངས་པའི་རྒྱུ་ཡང་དག་པར་བསྐྱེད་པས་ན་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་ཡང་འགྱུར་རོ། ཞེས་གསུངས་སོ། ཞེས་པ་ལ། དེ་བཞིན་གཤེགས་པའི་ཉི་མའི་འོད་དང་པོར་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པའི་རི་ལ་འབབ་ཅིང་། དེ་ནས་རང་སངས་རྒྱས་དང་། དེ་ནས་ཉན་ཐོས་དང་། དེ་ནས་སེམས་ཅན་ལྷག་པའི་བསམ་པ་དང་མོས་པ་ཇི་ལྟ་བ་དང་ལྡན་པ་ལ་འབབ་སྟེ་དེའི་འོག་ཏུ་ཞེས་པའོ། །ཐ་ན་དེ་བཞིན་གཤེགས་པའི་འོད་ཕོག་པར་འགྱུར་བ་རྣམས་ཀྱི་དམའ་ཤོས་ཤེས་པའོ། །སྔར་ཡུན་རིང་པོར་ལོག་པ་ཉིད་དུ་ངེས་པའི་ལས་བྱས་པས་དམྱལ་བ་ལ་སོགས་པར་སྡུག་བསྔལ་མང་དུ་མྱོང་བས་ལས་བསྲབས་ཏེ་ཕྱིས་དེའི་རྒྱུད་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་ལུས་ལ་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་ཉི་མ་དང་འདྲ་ལ། དེའི་འོད་ཟེར་ནི་ཡེ་ཤེས་ལས་གྲུབ་པའི་སྣང་བའི་ཚོགས་སོ། །དེས་ཕོག་ཅིང་རེག་པས་དེ་དག་ལ་ཕན་འདོགས་པར་འགྱུར་ཏེ། དེ་ལ་ཕན་པ་ནི་ལུས་དགེ་བའི་སེམས་ཀྱི་རྟེན་དུ་རུང་བའོ། །དེ་འོད་ཀྱིས་བསྐྱེད་པས་ན་ཕན་འདོགས་ཤེས་བྱའོ། །མ་འོངས་པ་ནས་མ་འོངས་པར་དགེ་བའི་སེམས་བསྐྱེད་པའི་རྒྱུ་ཡང་དག་པར་བསྐྱེད་པས་ན་སྒྲུབ་པའི་རིགས་སད་པར་འགྱུར་ཞིང་། དེ་ལས་འདུན་པ་ལ་སོགས་པའི་ཆོས་རྣམས་ཀྱིས་ཐར་པའི་དགེ་བ་རྣམ་པར་འཕེལ་བར་ཡང་འགྱུར་རོ་ཞེས་པའོ། །འོ་ན་ལུང་ལས་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གསུངས་པ་དང་། ལོག་སྲེད་ཅན་ལ་ཡང་དེ་བཞིན་གཤེགས་པའི་འོད་ཕོག་པས་དགེ་བའི་རྩ་བ་སྙེད་པར་

(༧༧༩)འགྱུར་རོ་ཞེས་བྱ་བ་ནི་འགལ་ལོ་ཞེ་ན། ལན་ནི༴ འདི་སྐད་དུ་ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་ལོག་སྲེད་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་སྣང་བ་བཟློག་པའི་དོན་དུ་དུས་གཞན་ལ་དགོངས་ནས་གསུངས་པ་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར་འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བར་ནི་འོས་པ་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་རྣམ་པར་དག་པར་།།།རུང་བ་ཉིད་ཡོད་པ་ལ་དགོངས་ནས། ཐེག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་ཕྱི་བསྒྲིབས་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། ཞེས་གསུངས་སོ། ཞེས་བྱ་བ་སྟེ། ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འད་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལང་ཀར་གཤེགས་པ་ལས་ཀྱང་། དེ་ལ་དགེ་བའི་རྩ་བ་ཐམས་ཅད་སྤངས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་འདི་དག་ནི་ཐར་པ་དང་མཐུན་པའི་མདོ་དང་འདུལ་བ་མ་ཡིན་ནོ་ཞེས་སྨྲ་བས་སྤོང་ཞིང་སྐུར་བ་དང་ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པའི་ཕྱིར་མྱ་ངན་ལས་མི་འདའ་བའོ། །ཞེས་གསུངས་པ་སྟེ། དེ་ཡང་གཏན་དུ་བ་མ་ཡིན་པར། བློ་གྲོས་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་སྤོང་

(༧༨༠)བའི་འདོད་ཆེན་པ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་བརླབས་ཀྱིས་བརྒྱ་ལ་གལ་ཏེ་ན། དགེ་བའི་རྩ་བ་ཡོངས་སུ་སྦྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་ངོ་། ཞེས་གསུངས་པས་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་ནི་ལོག་སྲེད་ཅན་ཞེས་བྱ་བ་དགེ་བའི་རྩ་བ་ཐམས་ཅད་།།།དད་པ་དེའི་རྒྱུ་ཡིན་པའི་ཕྱིར་འབྲས་བུ་དགེ་རྩ་ཆད་པའི་ཉེས་དམིགས་གསུངས་པས་རྒྱུ་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་དེ་བཟློག་པའི་དོན་དུ་གཏན་ཐར་བ་མེད་པ་སྐང་དུ་གསུངས་པ་ནི་དུས་གཞན་རིགས་དང་ལྡན་པ་རྣམས་ཀྱི་དུས་ལས་ཤིན་དུ་རིང་བར་སྐལ་མེད་དུ་གནས་པ་ལ་དགོངས་ནས་གསུངས་པས་དགོངས་པ་ཅན་ཡིན་གྱི། ངེས་པའི་དོན་ནི་མ་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པའི་རིགས་གཉེན་པོ་ཡེ་ཤེས་ཀྱི་ས་བོན་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པའི་ཕྱིར་དང་། ལོག་སྲེད་ཅན་གྱི་སྒྲིབ་པ་ཡང་ལེགས་པར་ཞུགས་པ་ཉིད་ཀྱིས་གཉེན་པོ་དང་ཕྲད་ན་སྤོང་བར་ནུས་པའི་ཕྱིར་སེམས་ཅན་འདི་ངེས་ལས་འགའ་ཡང་སྟེ་ཉུང་ཟད་ཅིག་ཀྱང་གཏན་རྣམ་པར་དག་པར་མི་འགྱུར་བར་ནི་རིགས་པས་ཀྱང་འོས་ཤིང་འཐད་པ་མ་ཡིན་ཏེ། འདི་ལྟར་ལོག་སྲེད་ཅན་དེ་ཉིད་ཀྱང་ངན་སོང་གི་གནས་སུ་ཤིན་དུ་ཡུན་རིང་བར་གནས་པའི་རྟེན་ཡང་previous hit ཀུནགཞིརྣམ་པར་ཤེས next hit་པ་མེད་ན་མི་རུང་ལ། ཉུན་གཞི་རྣམ་པར་ཤེས་པ་ཐམས་ཅད་ལ་ཐོས་པའི་བག་ཆགས་ཤེས་བྱ་བ་ཟག་པ་མེད་པའི་ས་བོན་བཟློག་ཏུ་མི་རུང་བ་ཡོད་པའི་ཕྱིར་དང་། ཐེག་པ་ཆེན་པོའི་

(༧༨༡)ཆོས་ལ་སྡང་བ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱང་ཀུན་གཞི་ལ་བག་ཆགས་གཞག་ནས་སླར་ཡང་ལྡང་བར་ཟད་ཀྱི། ཉོན་མོངས་པ་གཅིག་གི་རྒྱུན་གྱིས་ལོ་གཅིག་ཙམ་དུ་གནས་པར་ནུས་པ་ཡང་སོ་སོའི་སྐྱེ་བོ་ལ་མེད་པས་འདི་དག་པར་འོས་པ་ཁོ་ན་ཡིན་ནོ། །དོན་དེའི་ཤེས་པར་བྱེད་པའི་ལུང་ཡང་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་རྣམ་པར་དག་པར་རུང་བ་ཉིད་ཡོད་པ་ལ་དགོངས་ནས་ཏེ་གང་རྣམ་པར་དག་པར་འགྱུར་བའི་སྙིང་པོའི་དབང་དུ་མཛད་ནས་རང་བཞིན་གྱིས་དག་པ་རྒྱུན་གྱིས་རྟག་པའི་ཆོས་ཅན་ནི་ཐོག་མ་མེད་པའི་དྲི་མའི་སྦུབས་ཀྱིས་ཕྱི་རོལ་ནས་བསྒྲིབས་པས་བྱིས་པས་མངོན་སུམ་དུ་མི་མཐོང་སྟེ། དཔེ་ཇི་ལྟར་འགྱུར་བ་མེད་པའི་གསེར་གྱི་གཟུགས་པས་བསྒྲིབས་པས་དབུལ་པོས་མ་མཐོང་བ་བཞིན་ནོ། །དུས་ནམ་ཞིག་ན་སྙིང་པོ་དེ་མཐོང་བར་འགྱུར་བའི་སྐབས་ཀྱང་ངེས་པར་ཡོད་དེ། སྒྲིབ་བྱེད་ཀྱི་སྦུབས་དེ་ལ་ཐོག་མ་མེད་ཀྱང་ཟད་པའི་ཐ་མ་ཡོད་པའི་ཕྱིར་རོ། ཞེས་བྱ་བའི་དོན་འདི་གསུངས་སོ། །འདིར་སེམས་ཅན་ཐམས་ཅད་ནི་ངེས་པར་སངས་རྒྱའོ་ཞེས་ཁས་བླངས་པ་ལ། ཁ་ཅིག་གིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུའི་ཚོགས་པ་ཚང་བར་འགྱུར་ཏེ་སངས་རྒྱ་བར་ངེས་པའི་ཕྱིར་རོ་ཞེས་རྗོད་པར་བྱེད་དོ་དེ་ལ་ནི་མདུན་གྱི་ནམ་མཁའ་འདི་ལ་སྣང་བ་མེད་ན་མུན་པ་འབྱུང་བར་ངེས་ལ། མུན་པ་ཟད་ན་ནི་ཡང་སྣང་བ་འབྱུང་བར་ངེས་པའི་ཕྱིར་མུན་པ་དང་སྣང་བའི་རྒྱུའི་ཚོགས་པ་ཚང་བར་འགྱུར་རོ་ཞེས་བྱ་བ་འདི་བརྗོད་

(༧༨༢)པར་བྱའོ། །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། རྗེས་སུ་དཔོག་པ་གང་ཡིན་པ། དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། ཅེས་བྱ་བས་ནི་མྱུ་གུའི་རྒྱུའི་རིགས་ཙམ་ཚང་བས་དེ་ཉིད་གོང་ནས་གོང་དུ་ཡོངས་སུ་གྱུར་ཏེ། གེགས་མེད་ན་འབྲས་བུ་འགྲུབ་པར་ངེས་པ་ཞེས་བྱ་བ་ནི་འབྲས་བུ་སྐྱེ་བར་རུང་བའི་དོན་ཡིན་ནོ་ཞེས་ཀ་མ་ལ་ཤཱི་ལས་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པར་བཤད་དོ། །སངས་རྒྱས་ཀྱི་རིགས་ཤེས་བྱ་བ་ལ་ཟག་པ་མེད་པའི་ཆོས་མཐའ་ཡས་པ་བསྐྱོད་པའི་ནུས་པ་ནི་སངས་རྒྱས་དང་སེམས་ཅན་སུས་ཀྱང་བཅོས་ཤིང་འཕྲལ་དུ་བྱས་པ་མ་ཡིན་པར་ངོ་བོ་ཉིད་ཀྱིས་གནས་པའི་ཕྱིར་རིགས་འདི་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གེགས་དང་བྲལ་ན་བྲལ་བ་དེ་ཉིད་ཀྱི་ཚེ་ཇི་ལྟར་སངས་རྒྱས་མ་ཡིན་ཏེ། དེའི་ཚེ་དེ་སྒྲིབ་པ་གཏན་མེད་པའི་རིག་པའི་ཆོས་སུ་གནས་པའི་ཕྱིར་རོ། །དེ་ལྟར་ན་རྒྱུ་ཚོགས་ཚང་བར་ཐལ་བ་ནི་འདོད་པ་ཁོ་ན་ཡིན་ཏེ། དེ་ལྟར་སྨྲ་བ་དེས་ནི། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་བྱ་བའི་དོན་ཁོང་དུ་མ་ཆུད་པར་ཟད་དོ། །སྒྲིབ་པ་ཐམས་ཅད་ལ་སྤང་དུ་རུང་བའི་ཆོས་ཡོད་ན་དེ་རིང་ནས་འཁོར་བ་སྤྱིའི་སྒྲིབ་པ་གཏན་མེད་དེ་ཞེས་བྱ་བ་འདི་སྲིད་པར་འགྱུར་ཏེ། འཁོར་བའི་སྒྲིབ་པ་ཐམས་ཅད་སྤང་དུ་རུང་བ་ཁོ་ན་ཡིན་པའི་ཕྱིར་རོ་སྙམ་དུ་སེམ་པ་དེ་ལ་ཡང་དངོས་པོ་ཐམས་ཅད་ཀྱིས་འབྲས་བུ་ཕྱུང་ཟིན་ནས་ད་ནི་འབྲས་བུ་འབྱིན་པ་མེད་དོ་ཞེས་

(༧༨༣)བྱ་བའི་དུས་ཤིག་ཡོད་པར་འགྱུར་ཏེ། དངོས་པོ་ཐམས་ཅད་ཀྱིས་འབྲས་བུ་འབྱིན་པར་ངེས་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་ལྟ་བུ་ལ་སོགས་པའི་ངན་པའི་རྟོག་པ་རྣམས་ནི་མཐའ་མེད་པ་ལ་མཐའ་དང་བཅས་པར་བསམས་པ་ལས་བྱུང་བ་ཡིན་ཏེ། བསམ་པ་།།།རླག་པར་འགྱུར་བའི་རྒྱུ་ཡིན་པར་མགོན་པོ་ཀླུ་སྒྲུབ་ཀྱིས་རིན་པོ་ཆེའི་ཕྲེང་བར་བཤད་དོ། །དེས་ན་འདོད་ཆགས་ལ་སོགས་པ་ནི་ཐོག་མ་མེད་པ་ནས་ཞུགས་ཀྱང་སྤང་བར་ནུས་པ་ཉིད་དང་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱུན་ནི་ཐོག་མ་ཡང་མེད་ལ། ཐ་མ་ཡང་མེད་དོ་ཞེས་བྱ་བ་དང་། འདི་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་ནོ་ཞེས་བྱ་བ་དང་། སྙིང་པོ་དང་ཤུན་པ་གང་ལ་ཡང་དངོས་པོའི་ངོ་བོ་ཉིད་ཅེས་བྱ་བ་སྐྲའི་རྩེ་མོ་གཟུགས་པའི་ཆ་ཙམ་ཡང་མེད་དོ་ཞེས་བྱ་བ་དང་། ལོག་སྲེད་ཅན་ཡང་གཞན་གྱི་རྐྱེན་ཁོ་ནས་དགེ་བའི་རྩ་བ་རྙེད་པར་འགྱུར་བས་སྐྱེས་བུ་དམ་ལ་བསྟེན་པར་བྱའོ་ཞེས་བྱ་བ་དང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཚད་མ་དང་མི་ལྡན་པ་ཅུང་ཟད་ཀྱང་མེད་ཅིང་བསྐལ་པ་གྲངས་མེད་པ་མཐའ་ཡས་པར་བསྒྲུབས་པའི་བདེན་པའི་ཚིག་ཡིན་པས་འདིའི་ཆ་ཤས་ཀྱང་སྤང་བར་མི་བྱ་ལ། གཞུང་དང་དོན་ལ་ཅུང་ཟད་ཙམ་ཞིག་དད་པས་ཀྱང་དགེ་བ་གཞན་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ་ཞེས་བྱ་བ་ནི་འཁོར་ལོ་ཕྱི་མའི་གཏམ་གྱི་གཙོ་བོ་བསྡུས་པའོ། །དད་ནི་ལྡན་པ་དང་འཇུག་པའི་དོན་བཤད་པར་བྱ་བ་ལས། དེ་ལ་ལྡན་པའི་དོན་ལས་བརྩམས་ནས་

(༧༨༤)ཚིགས་སུ་བཅད་པ། རྒྱ་མཚོ་ཆེ་བཞིན་དཔག་མེད་པ། །ཡོན་ཏན་རིན་ཆེན་མི་ཟད་གནས། །དབྱེར་མེད་ཡོན་ཏན་དང་ལྡན་པའི། །ངོ་བོ་ཉིད་ཕྱིར་མར་མེ་བཞིན་ཞེས་བྱ་བས་མདོར་བསྟན་ཏེ། དེ་ཡང་ལྡན་པ་ནི་འབྲེལ་པ་སྟེ། སློབ་དཔོན་དུལ་བ་ལྷས་འབྲེལ་པ་བརྟག་པའི་འགྲེལ་པར༴ འབྲེལ་ཞེས་བྱ་བ་ནི་འབྲེལ་པས་ན་འབྲེལ་པ་སྟེ། སྦྱོར་བ་དང་ལྡན་པ་དང་རེག་པ་དང་ཕྲད་པ་དང་དངོས་པོ་ཉེ་བར་གྱུར་པ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །ཞེས་ལྡན་པ་ནི་འབྲེལ་པ་དང་སྒྲ་རྣམ་གྲངས་པ་ཡིན་ལ། དེ་ལ་བྱེད་པར་སྒྲུབ་པས་འདིས་འབྲེལ་བས་ན་འབྲེལ་བ་སྟེ་ཐག་པ་ལྟ་བུའོ། །ལས་སུ་སྒྲུབ་པས་འདི་འབྲེལ་བས་ན་འབྲེལ་པ་སྟེ་ལྟ་སྦྱིན་དང་མཆོད་སྦྱིན་དག་བཞིན་ནོ། །འབྲེལ་པ་ཡང་དེ་ལས་བྱུང་བ་དང་བདག་གཅིག་པའི་དབྱེ་བས་རྣམ་པ་གཉིས་སུ་གནས་སོ། །དེ་ལ་མོས་པ་ནི་རྒྱ་མཚོ་ཆེན་པོ་བཞིན་དུ་ཤེས་རབ་ལ་སོགས་པ་དཔག་ཏུ་མེད་ཅིང་མི་ཟད་པའི་ཡོན་ཏན་རིན་པོ་ཆེའི་གནས་དང་སྣོད་ཡིན་ནོ་ཞེས་དེ་ལས་བྱུང་བའི་འབྲེལ་པ་བསྟན་ལ། བདག་ཉིད་ཐ་མི་དད་ཅིང་དབྱེར་མེད་པའི་ཡོན་ཏན་དང་ངོ་བོ་ཉིད་ཀྱིས་ལྡན་པའི་ཕྱིར་འབྲེལ་ཏེ་མར་མེའི་འོད་དང་ཁ་དོག་དང་དྲོ་བ་རྣམས་མར་མེའི་ངོ་བོ་ཉིད་ཡིན་པ་བཞིན་ནོ། །དེ་ཉིད་རྒྱས་པར་བཤད་པའི་ཕྱིར་དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་དོན་ཅི་བསྟན་ཞེ་ན་ཞེས་བྱ་བ་ནི་དྲི་བའོ། །ལན་ནི༴ ཆོས་སྐུ་རྒྱལ་བའི་ཡེ་ཤེས་དང་། །ཐུགས་རྗེའི་ཁམས་ནི་བསྡུས་པའི་ཕྱིར། །སྣོད་དང་རིན་ཆེན་ཆུ་ཡིས་འདི། །རྒྱ་མཚོ་དང་ནི་

(༧༨༥)མཚུངས་པར་བསྟན་པ་སྟེ། མོས་པ་ལ་སོགས་པ་ཆོས་བཞིན་པོ་འདི་དག་ནི་སྣོད་དང་དེ་ན་གནས་པའི་རིན་པོ་ཆེ་དང་ཆུས་གང་བའི་ཆོས་གསུམ་གྱིས་རྒྱ་མཚོ་དང་མཚུངས་པར་བསྟན་ལ། ཆོས་གསུམ་པོ་འདིའི་སྣོད་ཀྱིས་ཆོས་ཀྱི་སྐུ་འབྲས་བུར་བསྡུས་ཤིང་། རིན་པོ་ཆེས་རྒྱལ་བའི་ཡེ་ཤེས་འབྲས་བུར་བསྡུས་ལ། ཆུས་རྒྱལ་བའི་ཐུགས་རྗེ་ཆེན་པོ་བསྡུས་ཏེ་དེ་ཡང་ཁམས་ཤེས་བྱ་བའི་སྒྲས་ཆོས་ཀྱི་སྐུ་ལ་སོགས་པའི་རྒྱུ་བསྡུས་ཏེ། དེ་བས་ན་རྒྱུ་དང་འབྲས་བུར་འབྲེལ་ཞེས་བྱའོ། །དེ་ལ་ཆོས་ཀྱི་སྐུ་ནི། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། ཞེས་བྱ་བའི་ཆོས་གསུམ་དང་ལྡན་པའོ། །རྒྱལ་བའི་ཡེ་ཤེས་ནི་མཁྱེན་དང་ཞེས་བྱ་བ་དེ་ཉིད་དོ། ཐུགས་རྗེ་ནི་བརྩེ་དང་ཞེས་བྱ་བ་དེ་ཉིད་དོ། དེ་ཉིད་རྒྱས་པར་བཤད་པ་ནི་གོ་རིམས་ཇི་ལྟ་བར་གནས་གསུམ་པོ་རྣམས་ཀྱི་རྒྱ་མཚོ་ཆེན་པོ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནི་དེ་བཞིན་གཤེགས་པའི་ཁམས་རྒྱུ་དང་ལྡན་པའི་དབང་དུ་བྱས་ཏེ་ལྡན་པའི་དོན་དུ་རིག་པར་བྱའོ། གནས་གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་དང་། སངས་རྒྱས་ཀྱི་ཡེ་ཤེས་འཐོབ་པའི་རྒྱུ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུའོ། །ཞེས་བྱ་བ་ལ། དེ་ལ་ཆོས་ཀྱི་སྐུ་ནི་འབྲས་བུ་དང་རིགས་ནི་ཐོག་མའི་རྒྱུ་དང་དེ་བཞིན་ཉིད་ནི་རིགས་གཞན་དུ་འགྱུར་བ་མེད་པ་ཉིད་ཀྱིས་ཆོས་སྐུར་བསྟན་པ་ཡིན་ནོ་ཞེས་སྔར་ནི་དེ་སྐད་དུ་བརྗོད་དོ། །ད་ལྟར་

(༧༨༦)ནི་ཆོས་ཀྱི་སྐུ་ནི་རང་མིང་གིས་བསྟན་ལ། རྒྱལ་བའི་ཡེ་ཤེས་ནི་དེ་བཞིན་ཉིད་ཀྱི་ཡུལ་ཅན་ཡིན་ཞིང་། རིགས་ཡོངས་སུ་རྫོགས་པར་གྱུར་པ་ནི་ཐུགས་རྗེས་ཡིན་པས་ཆོས་གསུམ་པོ་སངས་རྒྱས་ཀྱི་ས་ཉིད་དུ་གཞག་ནས་མོས་པ་ལ་སོགས་པའི་རྒྱུ་རྣམས་དང་འབྲེལ་ཏེ། གོ་རིམས་ཇི་ལྟ་བར་གནས་སམ་རྟེན་མོས་པ་ལ་སོགས་པ་གསུམ་ནི་རྒྱ་མཚོ་ཆེན་པོ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ཏེ་གསུམ་དུ་བསྟན་པས་དེ་བཞིན་གཤེགས་པའི་ཁམས་རྒྱུ་དང་ལྡན་པའི་དབང་དུ་བྱས་ནས་བསྟན་པ་ཡིན་པས་རྒྱུ་དང་འབྲས་བུའི་ལྡན་པ་དང་འབྲེལ་བའི་དོན་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཆོས་ཀྱི་སྐུ་ལ་སོགས་པ་སངས་རྒྱས་ཀྱི་སས་བསྡུས་པ་རྣམ་པ་གསུམ་དང་བྱང་ཆུབ་སེམས་དཔའི་མོས་པ་སོགས་ཆོས་གསུམ་ནི་ལས་སུ་སྒྲུབ་པ་སྟེ། གང་དང་གང་འབྲེལ་བའོ། །གང་དང་གང་འབྲལ་བའི། །གང་གིས་འབྲེལ་བ་ནི་རྒྱུ་དང་འབྲས་བུའི་ཚུལ་གྱིས་འབྲེལ་བ་སྟེ། དེ་ཡང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་རྒྱུ་དང་འབྲས་བུ་ཤིན་དུ་མཐུན་ཞིང་མཚུངས་པར་གྱུར་པའི་ཆོས་ཐག་པ་ལྟ་བུས་འབྲེལ་ལོ། །གནས་གསུམ་པོ་གང་ཞེ་ན་ཞེས་སོགས་ནི་རྒྱུ་གསུམ་པོ་དེ་ལ་གནས་ཤེས་བརྗོད་དེ། འབྲས་བུའི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་དག་སོ་སོར་བཤད་པ་ནི། དེ་ལ་ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་ནི་ཐེག་པ་ཆེན་པོ་ལ་མོས་པ་སྒོམ་པར་བལྟའོ། །སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་ནི་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་སྒོམ་པའོ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུ་ནི་

(༧༨༧)བྱང་ཆུབ་སེམས་དཔའི་སྙིང་རྗེ་སྒོམ་པའོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་སྒོམ་པ་ནི་སྣོད་དང་ཆོས་མཐུན་པ་སྟེ། དཔག་ཏུ་མེད་པ་ཟད་མི་ཤེས་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་རིན་པོ་ཆེ་དང་།ཐུགས་རྗེའི་ཆུ་རྣམས་དེར་འདུ་བའི་ཕྱིར་རོ། །ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་སྒོམ་པ་ནི་རིན་པོ་ཆེ་དང་ཆོས་མཐུན་པ་སྟེ་དེ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང་། མཐུ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྒོམ་པ་ནི་ཆུ་དང་ཆོས་མཐུན་པ་སྟེ། དེ་ནི་འགྲོ་བ་ཐམས་ཅད་ལ་མཆོག་ཏུ་རླན་པའི་རང་བཞིན་གྱི་རོ་གཅིག་པ་དང་ལྡན་པའི་ཕྱིར་རོ། །ཆོས་གསུམ་པོ་དེ་དག་ཐམས་ཅད་ཀྱང་རྒྱུ་གསུམ་པོ་འདིས་དེ་དང་འབྲེལ་བ་དང་ལྡན་པ་ནི་འབྲེལ་པ་ཞེས་བརྗོད་དོ། ཞེས་བྱ་བ་སྟེ། དེ་ལ་ཆོས་ཀྱི་སྐུ་ཞེས་སོགས་ཀྱིས་ནི་འདིའི་རྒྱུ་འདིའོ་ཞེས་བརྡའ་སྤྲད་པ་ཡིན་ཏེ། རྟོགས་པར་སླའོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་ཞེས་སོགས་ནི་ཤེས་རབ་དང་ཏིང་ངེ་འཛིན་གྱི་རིན་པོ་ཆེ་དང་སྙིང་རྗེའི་ཆུ་རྣམས་དེར་འདུ་བའི་ཕྱིར་ཞེས་བྱ་བས་ནི་དང་པོ་ཉིད་དུ་མོས་པ་ཁོ་ན་བསྒོམ་པར་བྱ་སྟེ་དེ་ལས་རང་རྒྱུད་ཀྱི་ཤེས་རབ་དང་ཏིང་ངེ་འཛིན་སྐྱེ་ཞིང་། དེ་ལས་གཞན་ལ་ཕན་པའི་སྙིང་རྗེ་ཆེན་པོ་འབྱུང་ངོ་ཞེས་རྒྱུ་གསུམ་པོ་འདི་དག་ཉིད་ཀྱི་ནང་ཚན་གྱི་རྒྱུ་དང་འབྲས་བུའི་འབྲེལ་པ་ཡང་བསྟན་ཏེ། དེ་ཡང་རིན་པོ་ཆེ་ཁ་ཅིག་ལས་ཆུ་བོ་མང་དུ་འབྱུང་བར་ཕལ་པོ་ཆེ་ལས་གསུངས་པས་ཆུའི་རྒྱུ་ཡིན་ལ། དེ་བཞིན་དུ་ཤེས་རབ་དང་

(༧༨༨)ཏིང་ངེ་འཛིན་ཡང་སྙིང་རྗེའི་འོ། །ཤེས་རབ་དང་ཏིང་ངེ་འཛིན་གྱིས་ནི་གོ་རིམས་བཞིན་དུ་མི་རྟོག་པ་དང་མཐུ་དང་ལྡན་པའི་ཆོས་མཚུངས་སུ་སྦྱར་ཏེ་ཏིང་ངེ་འཛིན་གྱི་སྐབས་སུ་མཐུ་གཞན་ཡང་ཁས་མི་ལེན་པ་མ་ཡིན་མོད། གཙོ་བོར་མངོན་པར་ཤེས་པའོ། །འགྲོ་བ་ཐམས་ཅད་ལ་མཆོག་ཏུ་རྒྱུན་ཞེས་བྱ་བས་ནི་ཞེ་སྡང་གི་མེ་ཞི་བར་བསྟན་ཏོ། །འགྲོ་བ་ཐམས་ཅད་ལ་རོ་གཅིག་ཅེས་བྱ་བས་ནི་ཡིད་དུ་འོང་བ་ཁ་ཅིག་ལ་མ་ཡིན་གྱི་དགྲ་བོ་ལ་ཡང་བུ་དང་མཚུངས་པར་བསྟན་པས་ཡིད་དུ་འོང་བ་ཁོ་ནའི་ཕྱོགས་ལ་མ་ཡིན་ཏེ། འདོད་ཆགས་དང་བྲལ་བར་བསྟན་ཏོ། །འགྲོ་བ་ཐམས་ཅད་ལ་རོ་གཅིག་པར་བསྟན་པའི་ཤུགས་ཀྱིས་བདག་ལ་ཆགས་པ་དང་བྲལ་བའི་ཕྱིར་གཏི་མུག་མེད་པར་ཡང་བསྟན་ཏེ། དེ་ལྟར་ན་སྙིང་རྗེས་ཉོན་མོངས་པའི་སྒྲིབ་པ་སྤོང་བ་དང་། ཤེས་རབ་ཀྱིས་ཤེས་བྱའི་སྒྲིབ་པ་སྤོང་བ་དང་། ཏིང་ངེ་འཛིན་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་སྤོང་བར་ཡང་བསྟན་ཏོ། །ཆོས་སྐུ་ལ་སོགས་པའི་ཆོས་གསུམ་པོ་དེ་དག་ཀྱང་མོས་པ་ལ་སོགས་པའི་རྒྱུ་གསུམ་པོ་འདིས་འབྲེལ་བའི་ཡུལ་བྱས་པས་འབྲེལ་པ་དང་ལྡན་པ་ནི་ལྡན་པ་ཞེས་བརྗོད་དོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་ཕྱི་མ། དབྱེར་མེད་ཡོན་ཏན་དང་ལྡན་པའི། །ངོ་བོ་ཉིད་ཕྱིར་མར་མེ་བཞིན། །ཞེས་བྱ་བས་དོན་ཅི་བསྟན་ཞེ་ན། དྲི་མེད་གནས་ལ་མངོན་ཤེས་དང་། ཡེ་ཤེས་དྲི་མེད་དེ་ཉིད་དང་། །རྣམ་དབྱེར་མེད་ཕྱིར་བས་མེ་ཡི། །སྣང་དང་དྲོ་མདོག་ཆོས་མཚུངས་ཅན། ཞེས་བྱ་བ་འདི་དག་བསྟན་ཏེ། དྲི་མ་མེད་པའི་གནས་ནི་ཟག་པ་

(༧༨༩)མེད་པའི་དབྱིངས་ཆོས་ཀྱི་སྐུ་ཉིད་དོ། །དེ་ཡང་མི་སློབ་པའི་ཆོས་བདུན་གྱི་རྟེན་ནི་ཁྱད་པར་གྱི་གཞིར་གྱུར་པས་གནས་ཤེས་བརྗོད་དེ་འཁོར་གཞོང་དང་རྒྱ་ཤུག་ལྟ་བུ་ནི་མ་ཡིན་ནོ། །དེའི་ཡོན་ཏན་ནི་རྫུ་འཕྲུལ་ལ་སོགས་པའི་མངོན་པར་ཤེས་པ་ལྔ་དང་ ཡེ་ཤེས་ནི་ཟག་པ་མེད་པའི་ཡེ་ཤེས་ཏེ་དྲུག་པོ་དེ་དག་ནི་ཆུབ་པ་ཡིན་ལ། དྲི་མ་མེད་པ་ནི་སྤངས་པའམ་བྱང་བ་ཡིན་ཞིང་དེ་ལྟ་བུའི་གནས་གྱུར་དེ་ཉིད་ནི་ཁྱད་གཞི་ཟག་པ་མེད་པའི་དབྱིངས་ལ་ངོ་བོ་རྣམ་པར་དབྱེར་མེད་པས་བདག་ཉིད་གཅིག་ཏུ་འབྲེལ་བའི་ཕྱིར་ལྡན་པ་ཞེས་བྱ་སྟེ། མར་མེའི་མུན་པ་སེལ་ནུས་པའི་སྣང་བ་དང་བུད་ཤིང་སྲེག་ནུས་པའི་དྲོད་དང་ཁ་དོག་དམར་བའམ་དཀར་བའམ་སེར་བར་གནས་པ་དག་རྟེན་མར་མེ་དེ་ལས་ངོ་བོ་དབྱེར་མེད་པའི་ཆོས་མཚུངས་པ་ཅན་ནོ། །དེ་ཉིད་བཤད་པ་ནི་གོ་རིམས་ཇི་ལྟ་བར་གནས་གསུམ་པོ་རྣམས་ཀྱི་མར་མེ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནི་དེ་བཞིན་གཤེགས་པའི་ཁམས་འབྲས་བུ་དང་ལྡན་པའི་དབང་དུ་བྱས་ཏེ་ལྡན་པའི་དོན་དུ་རིག་པར་བྱའོ། །གནས་གསུམ་གང་ཞེ་ན། འདི་ལྟ་སྟེ་མངོན་པར་ཤེས་པ་དང་ །ཟག་པ་ཟད་པའི་ཡེ་ཤེས་དང་ །ཟག་པ་ཟད་པའོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་སྣང་བ་དང་ཆོས་མཚུངས་ཏེ། དེ་ནི་དག་དོན་ཉམས་སུ་མྱོང་བའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་འཇོམས་པ་ཉིད་དུ་ཉེ་བར་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཟག་པ་ཟད་པའི་ཡེ་ཤེས་ནི་དྲོ་བ་དང་ཆོས་མཐུན་པ་སྟེ། དེ་ནི་ལས་དང་ཉོན་མོངས་པའི་

(༧༩༠)བུད་ཤིང་མ་ལུས་པ་སྲེག་པར་ཉེ་བར་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །གནས་ཡོངས་སུ་གྱུར་པ་གང་ཟག་པ་ཟད་པ་ནི་མདོག་དང་ཆོས་མཐུན་པ་སྟེ། འདི་ནི་ཤིན་དུ་དྲི་མ་མེད་པ་རྣམ་པར་དག་པ་འོད་གསལ་བའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལ་དྲི་མ་མེད་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །རྣམ་པར་དག་པ་ནི་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །འོད་གསལ་ནི་དེ་གཉི་ག་བློ་བུར་བ་ཉིད་ཀྱིས་རང་བཞིན་མ་ཡིན་པའི་ཕྱིར་རོ། །ཞེས་པ་སྟེ༴ ལྡན་པ་ནི་འབྲེལ་པ་ཡིན་པས་འབྲེལ་པའི་ཡུལ་ནི་དེ་བཞིན་གཤེགས་པའི་ཁམས་ཏེ་རྩ་བར་དྲི་མེད་གནས་ཤེས་པ་དེའོ། །འབྲེལ་བ་པོ་ནི་མོས་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་སྟེ་དེ་དག་ཁམས་དང་འབྲེལ་བའོ། །དེ་ཡང་ཡོན་ཏན་དང་ཡོན་ཏན་ཅན་བདག་ཉིད་གཅིག་ཏུ་འབྲེལ་བའི་དཔེ་མར་མེའི་སྣང་བ་དྲོ་བ་ཁ་དོག་རྣམས་མར་མེ་དང་བདག་ཉིད་གཅིག་ཏུ་འབྲེལ་བ་ལྟར་གོ་རིམས་ཇི་ལྟ་བར་མངོན་པར་ཤེས་པ་ལ་སོགས་པའི་གནས་གསུམ་པོ་རྣམས་ཀྱི་མར་མེ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་བདག་གཅིག་པའི་ལྡན་པའི་དོན་རིག་པར་བྱའོ། །དེ་ཉིད་བཤད་པའི་ཕྱིར་གནས་གསུམ་པོ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ༴ མངོན་པར་ཤེས་པ་དང་ཞེས་བྱ་བ་ནི་གང་ཟག་གཞན་ལ་ལྐོག་ཏུ་གྱུར་པའི་དོན་བསྒོམས་པས་མངོན་སུམ་དུ་ཤེས་པ་ལ་མངོན་པར་ཤེས་པ་ཞེས་བྱ་སྟེ། དེ་ཡང་མངོན་པ་ཀུན་ལས་བཏུས་ལས། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱིས་

(༧༩༡)རྣམ་པར་འཕྲུལ་པ་སྣ་ཚོགས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དག་དང་ཚུལ་མཚུངས་པར་ལྡན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་སོ། །ལྟའི་རྣ་བའི་མངོན་པར་ཤེས་པ་གང་ཞེ་ན། སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བས་སྔ་མ་བཞིན་ནོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་གང་ཞེ་ན། སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ་ཡང་དག་པར་འབྱོར་བ་ཞེས་བྱ་བ་སྔ་མ་བཞིན་ནོ། །འཆི་འཕོ་བ་དང་སྐྱེ་བ་མངོན་པར་ཤེས་པ་གང་ཞེ་ན། སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཐོང་བ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་ཟག་པ་ཟད་པ་ཤེས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། ཞེས་གསུངས་པ་ལྟར་ཏེ། དེ་ལ་རྫུ་འཕྲུལ་གྱི་མངོན་ཤེས་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྒྲུབ་སྟེ། རྒྱན་ལས། ཇི་ལྟར་རྣམ་གནས་ཡི་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། ཞེས་གསུངས་པ་ལྟར་བསམ་གཏན་གྱི་དངོས་གཞི་ཐོབ་པའི་སེམས་གྱིས་

(༧༩༢)ལུས་ཤིང་བལ་གྱི་འད་མ་ལྟར་ཡང་བར་ཡིད་ལ་བྱེད་པ་དང་། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང་། མེར་འབར་ཞིང་དུ་བར་འཐུལ་བ་དང་། མཁའ་ལ་འགྲོ་ཞིང་ས་ལ་བྱི་ཟུལ་བྱེད་པ་དང་། ར་བ་དང་རི་ལ་ཐོགས་པ་མེད་པར་འགྲོ་བ་དང་། ཁང་བཟངས་དང་སྐྱེད་མོས་ཚལ་ལ་སོགས་པའི་རྫུ་འཕྲུལ་གྱི་ཡུལ་མང་པོ་རྣམས་ཀྱི་རྣམ་པ་རྟོག་པས་ཤེས་པའི་བདུན་དུ་དམིགས་པར་འཇོག་པ་ནི་རྣམ་གཞག་གོ །དེ་ལྟར་ཡིད་ལ་བྱས་པས་རྗེ་ཞིག་ལྟར་ལ་རྣམ་པ་དེ་དག་མངོན་སུམ་དུ་ཤེས་པའི་ཤེས་པ་སྐྱེ་བར་འགྱུར་ཏེ་དེས་རྫུ་འཕྲུལ་གྱི་བྱ་བ་སྣ་ཚོགས་རྣམས་རང་གིས་ཉམས་སུ་མྱོང་ཞིང་གཞན་ལ་ཡང་སྟོན་ནུས་པར་འགྱུར་རོ། །འོན་ཀྱང་རྣམ་པ་དེ་ཤེས་པའི་མངོན་སུམ་སྐྱེས་པ་ཙམ་གྱིས་མི་ཆོག་གི། མངོན་སུམ་དེ་ནར་སོན་པས་འབྲས་བུ་རྫུ་འཕྲུལ་གྱི་ཡུལ་སྟོན་པ་ལ་དབང་འབྱོར་བ་ཞེས་བྱ་བ་འདོད་དགུར་འཇུག་པའོ། །མངོན་སུམ་དེའི་ངོ་བོ་ནི་སེམས་བྱུང་ཤེས་རབ་དང་ཏིང་ངེ་འཛིན་ཏེ། ཞི་གནས་དང་ལྷག་མཐོང་ཡིན་ལ། དེའི་འཁོར་ནི་དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་ཡིན་པས་གཙོ་བོ་དང་འཁོར་གྱི་ཁྱད་མ་གཏོགས་དེ་ཐམས་ཅད་མངོན་པར་ཤེས་པ་ཡིན་ནོ། །བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རྣ་བའི་ནང་དང་ཕྱི་རོལ་གྱི་ཆུའི་སྒྲ་ལ་སོགས་པ་སྒྲ་སྣ་ཚོགས་ལ་ཡིད་གཏད་དེ་བསྒོམས་པས་མངོན་སུམ་གྱི་ཤེས་པ་སྐྱེས་ཤིང་དེ་ལ་དབང་འབྱོར་ཏེ། ཞི་ལྷག་འཁོར་བཅས་སོགས་ཐམས་ཅད་འདྲའོ། །གཞན་གྱི་སེམས་ཀྱང་དང་པོར་གང་ཟག་གཅིག་གི་སེམས་

(༧༩༣)ལ་ཡིད་གཏད་དེ་སྒོམ་པ་དང་། ཕྱི་ནས་སེམས་ཅན་གྲངས་མེད་པའི་སེམས་རྣམས་ཀྱང་སེམས་ཅན་གཅིག་གི་སེམས་ལ་བསྡུས་ཏེ་སྒོམ་པ་སོགས་བྱས་པ་ལས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ནི་བདག་དང་གཞན་གྱི་ཡང་རུང་སྟེ་སྔོན་གྱི་གནས་ཡིད་ལ་བྱས་ཤིང་ཕྱི་ནས་དེ་ཇེ་རིང་དང་ཇེ་ཆེར་སྤེལ་བས་འགྲུབ་བོ། །འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ཡང་དང་པོར་སེམས་ཅན་གཅིག་གི་འཆི་འཕོ་སྐྱེ་བ་ལ་ཡིད་གཏད་དེ་ཕྱི་ནས་དེ་རྒྱ་ཆེར་བསྐྱེད་པ་ལ་ཡིད་གཏད་དེ་བསྒོམས་པས་གྲུབ་སྟེ། འཆི་བ་ནི་འཆི་སྲིད་དང་འཕོ་བ་ནི་བར་སྲིད་དང་སྐྱེ་བ་ནི་སྐྱེ་སྲིད་དོ་ཞེས་སློབ་དཔོན་ལེགས་ལྡན་འབྱེད་གསུང་ངོ༴ དེ་ལ་དང་པོར་རང་གི་གནས་ཁང་ཡིད་ལ་བྱས་པས་དེ་མངོན་སུམ་དུ་ཤེས་པ་ན་ཡུལ་ཁམས་རྒྱ་ཆེན་པོ་ལ་ཡང་དག་པར་བསྐྱེད་པས་འགྲུབ་པར་ཡང་གསུངས་ཏེ། ལྟའི་མིག་གི་མངོན་ཤེས་ཞེས་ཀྱང་བྱའོ། འདི་ལ་མངོན་པར་ཤེས་པ་ལྔ་པོ་འདི་དག་ནི་ཕྱི་རོལ་པ་དང་ཡང་ཐུན་མོང་བ་ཡིན་ལ། འོན་ཀྱང་ཕྱི་རོལ་པས་སྔོན་གྱི་འཇིག་ཆགས་ཀྱི་བསྐལ་པ་དགུ་བཅུའི་མཐར་ཐུག་པ་རྗེས་སུ་དྲན་གྱི། དེའི་ཕ་རོལ་དུ་ཤེས་པ་མི་འཇུག་པར་ཡེ་ཤེས་རྒྱས་པའི་མདོ་ལས་བཤད་དེ། གཞན་རྣམས་ལ་ཡང་ཚད་ཅན་དུ་བཤད་དགོས་ལ། བྱང་ཆུབ་སེམས་དཔའ་རྣམས་ལ་ཚད་མེད་ཅིང་། ཉན་ཐོས་དང་རང་སངས་རྒྱས་ནི་ཕྱི་མ་མངོན་པར་ཤེས་པའི་ཡུལ་རྒྱ་ཆེ་བར་མདོ་སྡེ་དུ་མ་ལས་གསུངས་སོ། །ཟག་པ་ཟད་པ་ཤེས་པ་ནི་རང་དང་གཞན་གྱི་ལམ་གང་གིས་ཟག་པ་ཟད་པར་འགྱུར་བའི་རྒྱུ་ཤེས་པ་སྟེ། འདི་ནི་

(༧༩༤)བར་ཆད་མེད་ལམ་གྱི་རང་རང་གི་ངོ་སྐལ་གྱི་ཟག་པ་ཟད་པར་འགྱུར་བ་ལ་མི་བྱའི། ཟག་པ་རྫོགས་པར་ཟད་པའི་ཐབས་ལ་བྱའོ། །དེ་ནི་ཉན་རང་དགྲ་བཅོམ་པ་དང་ཐེག་པ་ཆེན་པོའི་ས་དང་པོ་ཐོབ་ནས་ཡོད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ནི་གཞན་གྱི་དོན་སྒྲུབ་པའི་ཐབས་ཏེ། རྒྱན་ལས༴ གང་གིས་འཕགས་དང་ལྷ་དང་ཚངས་པ་ཡི། །གནས་པ་དཔེ་མེད་རྒྱ་ཆེས་རྟག་ཏུ་གནས། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་དག །ཡང་དག་མཆོད་བྱེད་རྣམ་པར་དག་པ་བསྐྱེད། ཅེས་གསུངས་པའོ། །དེ་ལ་འཕགས་པའི་གནས་པ་ནི་སྟོང་པ་ཉིད་ལ་སོགས་པ་གསུམ་མོ། །ལྷའི་གནས་པ་ནི་བསམ་གཏན་བཞིའོ། །ཚངས་པའི་གནས་པ་ནི་བྱམས་པ་ལ་སོགས་པ་བཞིའོ། །དེ་དག་དཔེ་མེད་པ་ནི་འགྲན་ཟླ་མེད་པའོ། །རྒྱ་ཆེ་བ་ནི་སེམས་ཅན་མཐའ་ཡས་པ་ལ་དམིགས་པས་སོ། །དེ་ལྟར་འདིར་ཟག་པ་ཟད་པའི་ཐབས་ཤེས་པ་ལས་བྱུང་བའི་ཟག་པ་ཟད་པ་དངོས་ནི་གནས་གྱུར་པ་ཙམ་ལ་བྱ་ལ། བྱེ་བྲག་ཏུ་ཐེག་པ་ཆེན་པོའི་གནས་གྱུར་ནི་གང་ཞིག་ཕྱིས་ཟག་པ་མི་སྐྱེ་བའི་རྟེན་དུ་གྱུར་པའི་འོད་གསལ་གྱི་ཡེ་ཤེས་སོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་མར་མེའི་སྣང་བ་དང་ཆོས་མཚུངས་ཏེ། དེ་དག་ནི་དོན་ནམ་ཡུལ་གསལ་བར་ཉམས་སུ་མྱོང་བ་ལ་གེགས་བྱེད་པའི་སྒྲིབ་པ་ལ་མི་མཐུན་པའི་ཕྱོགས་ཤེས་བྱ་ལ། དེ་ཡང་མར་མེས་ནི་མི་མཐུན་ཕྱོགས་།།།གྱི་མུན་པ་འཇོམས་ཤིང་མངོན་ཤེས་ཀྱིས་ནི་མུན་པ་དང་མཚུངས་པའི་སྙོམས་པར་འཇུག་པའི་སྒྲིབ་པ་འཇོམས་པའི་ཕྱིར་མི་མཐུན་ཕྱོགས་སེལ་

(༧༩༥)བའི་ཆོས་ནི་མར་མེ་དང་མངོན་པར་ཤེས་པ་གཉི་ག་ལ་ཡོད་དོ། །ཉེ་བར་གནས་པ་ནི་མི་མཐུན་ཕྱོགས་འཇོམས་པའི་ཐབས་ཡིན་ལ། དེའི་མཚན་ཉིད་དམ་རང་བཞིན་ཞེས་བྱ་བ་དོན་ཐ་དད་པ་མ་ཡིན་ནོ། །ཟག་པ་ཟད་པའི་ཐབས་ཤེས་པའི་ཡེ་ཤེས་ནི་མར་མེའི་དྲོད་དང་ཆོས་མཚུངས་ཏེ། དྲོད་ཀྱིས་བུད་ཤིང་རྩ་བ་ནས་ཟད་པར་བྱེད་ལ། ཡེ་ཤེས་ཀྱིས་ལས་དང་ཉོན་མོངས་པ་མ་ལུས་པ་སྲེག་པའི་ཐབས་སུ་ཉེ་བར་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་མི་མཐུན་ ཕྱོགས་རྩ་བ་ནས་ཟད་པར་བྱེད་པའི་ཆོས་ཀྱིས་མཚུངས་སོ། །གནས་ཡོངས་སུ་གྱུར་པའི་དོན་གང་ཟག་པ་ཟད་པ་ཞེས་མིང་དུ་བྱས་པ་ནི་མར་མེའི་མདོག་དང་སྒྲིབ་གཡོགས་མེད་པའི་ཆོས་ཀྱིས་མཐུན་ཏེ། འདི་ནི་ཤིན་དུ་ཉོན་མོངས་པའི་དྲི་མ་མེད་པ། ཤེས་བྱའི་སྒྲིབ་པས་རྣམ་པར་དག་པ་དེ་གཉི་ག་བློ་བུར་བ་ཡིན་ཞིང་རང་བཞིན་མ་ཡིན་པས་དེ་དག་དང་བྲལ་ཏེ་བུམ་པ་ཆག་པའི་ནང་གི་མར་མེ་ལྟར་ཤེས་བྱ་མཐའ་ཡས་པ་གསལ་བའི་ཕྱིར་རོ། །དེ་ལ་སྡོམ་གྱིས་བསྡུས་པའི་ཁམས་ཀྱི་འབྲས་བུ་ནི་གཙང་བ་སོགས་ཕ་རོལ་དུ་ཕྱིན་པ་བཞི་ཡིན་པས་དེ་དག་དེ་བྷིན་གཤེགས་པའི་ཁམས་དང་དབྱེར་མེད་པར་བསྟན་པར་རིགས་ཀྱི། དེ་མ་བསྟན་པར་མི་སློབ་པའི་ཆོས་བདུན་འབྲས་བུར་བཤད་པ་ནི་འཆོལ་བ་མ་ཡིན་ནམ་ཞེ་ན། ཕ་རོལ་དུ་ཕྱིན་པ་བཞི་པོ་ཉིད་མངོན་པར་ཤེས་པ་ལ་སོགས་པའི་ཐབས་ཀྱིས་བསྟན་པ་ཡིན་པས་འཆོལ་བར་དགོས་པར་མི་བྱ་སྟེ། འདི་ལྟར་གཙང་བའི་ཕ་རོལ་དུ་ཕྱིན་པ་ནི་ཟག་པ་

(༧༩༦)བག་ཆགས་དང་བཅས་པ་ཟད་པའི་རང་བཞིན་ཡིན་པས་ཟག་པ་ཟད་པ་ཉིད་ཡིན་ནོ། །བདག་དང་བདག་མེད་པའི་སྤྲོས་པ་ཉེ་བར་ཞི་བའི་བདག་གི་ཕ་རོལ་དུ་ཕྱིན་པ་ནི་ཤེས་རབ་ཀྱི་འབྲས་བུ་ཡིན་པས་ཟག་པ་ཟད་པའི་ཐབས་ཤེས་པ་ཉིད་ཡིན་ནོ། །བདེ་བའི་ཕ་རོལ་དུ་ཕྱིན་པ་ནི་བསམ་གཏན་གྱི་འབྲས་བུ་ཡིན་པས་བསམ་གཏན་བསྒོམས་པ་ལས་བྱུང་བའི་མངོན་པར་ཤེས་པ་ལྔའི་རང་བཞིན་ཡིན་ལ། རྟག་པའི་ཕ་རོལ་དུ་ཕྱིན་པ་ནི་སྙིང་རྗེའི་འབྲས་བུ་ཡིན་པས་མངོན་པར་ཤེས་པས་གཞན་གྱི་དོན་བྱེད་པའི་ངོ་བོ་ཉིད་ཡིན་ནོ། །དེ་ལྟར་ཟག་པ་མེད་པའི་མངོན་པར་ཤེས་པ་དང་། ཡེ་ཤེས་དང་སྤངས་པས་བསྡུས་པ་མི་སློབ་པའི་རྒྱུད་ཀྱི་ཆོས་བདུན་པོ་འདི་དག་ཟག་པ་མེད་པའི་དབྱིངས་ན་ཕན་ཚུན་རྣམ་པར་དབྱེ་བ་མེད་པ་ཉིད་སོ་སོ་མ་ཡིན་པ་དབྱིངས་མཉམ་པ་ཉིད་ཀྱིས་ལྡན་པ་ནི་ལྡན་པ་ཞེས་བྱའོ། ཞེས་བྱ་བ་ནི་སྔ་མ་དག་གི་དོན་བསྡུས་པ་སྟེ། བདུན་པོ་འདི་དག་ཉན་ཐོས་དང་རང་སངས་རྒྱས་མི་སློབ་པ་དང་གནས་སྐབས་ཀྱི་མི་སློབ་པ་བྱང་ཆུབ་སེམས་དཔའ་འཕགས་པ་སྟེ། དེ་དག་ལ་ཆོས་བདུན་པོ་རང་དང་འཚམ་པར་ཡོད་པས་མི་སློབ་པའི་ཆོས་བདུན་ཞེས་བྱ་བ་ཡིན་མོད་ཀྱི། འདི་ནི་དེ་བཞིན་གཤེགས་པའི་ཁམས་ཀྱི་འབྲས་བུའི་ཡོན་ཏན་གྱི་དབང་དུ་བྱས་པ་ཡིན་པས་ཆོས་ཀྱི་སྐུ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །ཉན་རང་དང་ས་བདུན་པ་མན་ཆད་དུ་ནི་སྦྱོར་བ་དང་བཅས་པ་ཡིན་ལ། ས་བརྒྱད་པ་ཡན་ཆོད་དུ་ནི་སྦྱོར་བ་མེད་པར་རང་འཆར་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ལ་དུས་དྲུག་ཏུ་གཟིགས་

(༧༩༧)པར་མང་དུ་གསུངས་མོད་ཀྱི་དེ་དང་སྟོན་པས་འཇིག་རྟེན་པའི་སེམས་མངོན་དུ་མཛད་པ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་དག་ནི་གྲོང་ཁྱེར་དུ་བསོད་སྙོམས་བཞེས་པ་ལ་སོགས་པ་དང་འདྲ་བར་གཞན་འདུལ་བའི་ཐབས་ཁོ་ནར་བསྟན་པ་ཡིན་གྱི་རང་གི་ཚུལ་ནི་མ་ཡིན་པས་འདིར་བཤད་པའི་མངོན་པར་ཤེས་པ་ལྔ་ལ་ནི་འཕེལ་བ་མེད་ཅིང་འགྲིབ་པ་མེད་དེ་རྟག་པའི་ཕ་རོལ་དུ་ཕྱིན་པ་ཡིན་ནོ༴ དེ་ལྟར་ཆོས་བདུན་པོ་དེ་དག་དེ་བཞིན་གཤེགས་པའི་ཁམས་ཀྱི་ཡོན་ཏན་ནམ་ཁྱད་པར་གྱི་ཆོས་དེ་དག་ཡོན་ཏན་ཅན་ནམ་ཁྱད་པར་གྱི་གཞི་དེ་བཞིན་གཤེགས་པའི་ཁམས་དང་ངོ་བོ་གཅིག་ཅིང་བདག་ཉིད་ཐ་མི་དད་པས་བདག་གཅིག་ཏུ་འབྲེལ་བ་ལ་ཡང་ལྡན་པ་ཞེས་བྱ་ལ། མཉམ་པ་ཉིད་ཀྱིས་ཤེས་བྱ་བ་ནི་མར་མེ་དང་ཆོས་མཚུངས་པ་ཉིད་ཀྱིས་ཤེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ཆེན་པོ་གསུམ་གྱིས་ནི་ཐེག་པ་ཆེན་པོའི་དོན་ཐམས་ཅད་བསྡུས་ཏེ། འདིར་ཡང་མངོན་པར་ཤེས་པ་ལྔ་ནི་གཞན་གྱི་དོན་བྱེད་པའི་མཚན་ཉིད་ཅན་གྱི་སེམས་ཆེན་པོའོ། །ཟག་པ་ཟད་པའི་ཡེ་ཤེས་ནི་རྟོགས་པ་ཆེན་པོའོ། །ཟག་པ་ཟད་པ་ནི་སྤངས་པ་ཆེན་པའོ། །དེ་དག་གི་ཤེས་པར་བྱེད་པའི་ལུང་ཡོད་པས་ལྡན་པའི་དོན་ལས་བརྩམས་པའི་མར་མེའི་དཔེ་འདི་རྒྱས་པར་མདོ་ལས་འབྱུང་བས་དེ་ཇི་ལྟ་བ་བྷིན་དུ་བསྟན་བཅོས་སུ་བཀོད་པར་རྟོགས་པར་བྱ་སྟེ། མདོ་ནི། ཤ་རིའི་བུ་དཔེར་ན་མར་མེ་ནི་འདི་ལྟ་སྟེ། སྣང་བ་དང་དྲོ་བ་དང་མདོག་དག་གིས་སམ། ནོར་བུ་ནི་སྣང་བ་དང་མདོག་དང་

(༧༩༨)དབྱིབས་དག་གིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་དང་མ་བྲལ་བའི་ཡོན་ཏན་ཅན་ནོ། །ཤཱ་རིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཆོས་གང་གའི་ཀླུང་གི་བྱེ་མ་ལས་འདས་པ་རྣམས་ཀྱིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་དང་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ། །ཞེས་བྱའོ། །ཞེས་འབྱུང་སྟེ༴ དོན་།།།ཕལ་ཆེར་ནི་བཤད་ཟིན་ལ། འབྲས་བུའི་ལྡན་པ་བཤད་པ་འདིས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆོས་གང་གའི་ཀླུང་གི་བྱེ་མ་ལས་འདས་པ་རྣམས་གདོད་མ་ཉིད་ནས་ཁམས་དང་འབྲལ་མི་ཤེས་སུ་གནས་པར་བསྟན་པའི་ཕྱིར་བདག་ཉིད་གཅིག་པའི་ལྡན་པ་གསུངས་པ་ཡིན་ལ། འོན་ཀྱང་མར་མེ་དང་ནོར་བུའི་པེ་ལ་ཆོས་གསུམ་གསུམ་གྱི་མཚུངས་པ་ཉིད་སྦྱར་བའི་ཕྱིར་ཡོན་ཏན་མཐའ་ཡས་པ་རྣམས་ཀྱང་མངོན་ཤེས་སོགས་གསུམ་དུ་བསྡུས་ནས་རྗེ་བཙུན་གྱིས་གསུངས་སོ་ཞེས་ཤེས་པར་བྱའོ། །སྡོམ་གྱི་གནས་སྐབས་སུ་འཇུག་པ་དང་ཞེས་གསུངས་པ་དེ་ལ་ངོ་བོ་ནས་ལས་ཀྱི་བར་བཤད་ཟིན་པས། ད་ནི་འཇུག་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། སོ་སོ་སྐྱེ་འཕགས་རྫོགས་སངས་ཀྱི། །དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་བསྟན་ཏོ། ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། དེ་བཞིན་ཉིད་ལ་རིས་ཐ་དད་པའི་དབྱེ་བ་མེད་ཀྱང་རྟེན་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་༴ རང་སངས་རྒྱས་འཁོར་བའི་ཕུང་པོ་དང་བཅས་པ་དང་། ལྷག་མ་མེད་པའི་

(༧༩༩)གནས་སྐབས་ཀྱི་ཡིད་ཀྱི་ལུས་ཅན་དང་། བྱང་ཆུབ་སེམས་དཔའ་འཕགས་པ་འཁོར་བའི་ཕུང་པོ་མེད་ཀྱང་སྒྲིབ་པའི་ལྷག་མ་དང་བཅས་པ་རྣམས་དང་། སྒྲིབ་པའི་ལྷག་མ་མེད་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྟེན་གྱི་དབྱེ་བས་དེ་བཞིན་ཉིད་ཐ་དད་པ་གསུམ་དུ་འཇུག་པ་ལས་དགོངས་ནས་སེམས་ཅན་ལ་རྒྱལ་བའི་སྙིང་པོ་འདི་ཡོད་པར་བསྟན་ཏེ། སུ་ཞིག་གིས་ཤེ་ན། དེ་བཞིན་ཉིད་ཀྱི་མིང་གི་རྣམ་གྲངས་དེ་ཁོ་ན་ཉིད་གཟིགས་པའི་སངས་རྒྱས་ཀྱིས་བསྟན་ཏོ། །དེ་ལ་འདིར་འཇུག་པའི་དོན་དེ་བྷིན་ཉིད་ཀྱི་དབྱེ་བས་གསུངས་པར་བཤད་ལ། ལྡན་པའི་དོན་ནི་ཆོས་ཀྱི་སྐུའི་དབྱེ་བས་བཤད་པ་ཡིན་ཏེ། ཆོས་སྐུའི་རྒྱུ་བཞི་དང་དེ་དག་གི་འབྲས་བུའི་དབང་དུ་བྱས་ནས་བཤད་པའི་ཕྱིར་རོ། །ལས་ཀྱི་དོན་ནི་རིགས་ཀྱི་དབྱེ་བ་ལས་བཤད་པ་ཡིན་ཏེ། རིགས་ཡོད་ལས་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ནི་ཆོས་ཀྱི་སྐུ་ཉིད་ཀྱི་དབང་དུ་མཛད་ནས་གསུངས་པར་གསལ་ལོ། །ངོ་བོའི་དོན་ནི་ཆོས་ཀྱི་སྐུ་དང་དེ་བཞིན་ཉིད་དང་རིགས་ཏེ་གསུམ་གའི་དབང་དུ་བྱས་པའོ། །བསྟན་བཅོས་འདི་དང་ཀུན་ལས་བཏུས་ལ་སོགས་པ་བསྟན་བཅོས་གཞན་དང་གཞན་དུ་དོན་དྲུག་ཏུ་བཤད་པ་མང་དུ་ཡོད་དེ་ཐམས་ཅད་དུ་ངོ་བོའི་དོན་ནི་རྟོགས་པར་བྱ་བའི་དོན་གྱི་གཙོ་བོ་ཡིན་ལ། ལྷག་མ་རྒྱུ་ལ་སོགས་པ་ལ་།།།པ་ལྔ་པོ་རྣམས་ནི་ངོ་བོའི་དོན་རྟོགས་པར་བྱེད་པའི་ཐབས་ཡིན་ནོ་ཞེས་ཤེས་པར་བྱའོ། །ད་ནི་རྒྱས་པར་བཤད་དེ། ཚིགས་སུ་བཅད་པ་འདིས་དོན་ཅི་ཞིག་བསྟན་ཞེ་ན་ཞེས་བྱ་བ་ནི་རི་བའོ། །ལན་ནི་

(༨༠༠)སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །དེ་བཞིན་གཤེགས་པ་ཅི་ལྟ་བཞིན། །ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད། ཅེས་བྱ་བ་སྟེ། སོ་སོའི་སྐྱེ་བོ་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྟེན་གྱི་གང་ཟག་གསུམ་དུ་ཕྱེ་བ་ནི་ཡུལ་དེ་བཞིན་ཉིད་ལ་ཤེས་པའི་འཇུག་པ་ཐ་དད་པས་ ཕྱེ་བ་ཡིན་ཏེ། འདི་ལྟར་སོ་སོའི་སྐྱེ་བོ་ནི་དེ་བཞིན་ཉིད་ལ་ཤེས་པ་ཕྱིན་ཅི་ལོག་ཁོ་ན་ཡིན་ཞིང་། བདེན་པ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག་ལས་བཟློག་པ་ཕྱིན་ཅི་མ་ལོག་པའི་།།།ཤེས་པ་དང་ལྡན་ཡང་ཕྱིན་ཅི་ལོག་གི་ཤེས་པ་དང་ལྡན་ཡང་ ཕྱིན་ཅི་ལོག་གི་ལྷག་མ་ཅུང་ཟད་དང་བཅས་ལ། དེ་བཞིན་གཤེགས་པ་ནི་ཤེས་བྱ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟིགས་པས་ཕྱིན་ཅི་མ་ལོག་ཅིང་ཡང་བར་བྱ་བའི་ལྷག་མའི་སྤྲོས་པ་ཡང་མེད་པ་ཉིད་དེ། འཇིག་རྟེན་ན་བྱ་བར་འོས་པའི་ལས་རྫོགས་ནས་གཞན་ཅུང་ཟད་བྱས་པ་ལ་སྤྲོས་པ་བྱས་སོ་ཞེས་གྲགས་སོ། །དེ་བཤད་པའི་ཕྱིར༴ དེ་བཞིན་གཤེགས་པའི་ཁམས་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སོགས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྒོ་ལ་གདམས་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་དག་པ་སྤྱིའི་མཚན་ཉིད་བསྟན་པ་གང་ཡིན་པ་དེ་གང་ཟག་རྣམ་པ་གསུམ་པོ་དེ་ཁོ་ན་མ་མཐོང་བ་སོ་སོའི་སྐྱེ་བོ་དང་། དེ་ཁོ་ན་མཐོང་བ་འཕགས་པ་དང་། དེ་ཁོ་ན་མཐོང་བ་རྣམ་པར་དག་པའི་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་ཀྱི་འཇུག་པ་རྣམ་པ་གསུམ་ཐ་དད་པར་རིག་པར་བྱ་

(༨༠༡)སྟེ༴ འདི་ལྟ་སྟེ་ཕྱིན་ཅི་ལོག་པ་དང་ཕྱིན་ཅི་མ་ལོག་པ་དང་ཡང་དག་པར་ཕྱིན་ཅི་མ་ལོག་པ་སྤྲོས་པ་མེད་པ་སྟེ་གོ་རིམས་བཞིན་ནོ། ཞེས་བྱ་བ་གསུངས་ཏེ། འདིར་ཡུ་བ་ནི་དེ་བཞིན་གཤེགས་པའི་ཁམས་ཏེ། དེ་ལ་ཡང་སྤྱིའི་མཚན་ཉིད་གང་ཟག་དང་ཆོས་ཀྱི་བདག་རྣམ་པར་བཅད་པའི་དེ་བཞིན་ཉིད་དང་སེམས་ཀྱི་རང་བཞིན་འོད་གསལ་བ་འགྱུར་བ་མེད་པ་གཉིས་གཞེད་པ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་རྣམས་སུ་རྣམ་པར་མི་རྟོགས་པའི་ཡེ་ཤེས་མཐོང་བ་དང་སྒོམ་པ་དང་དེ་དག་གི་སྔོན་དུ་འགྲོ་བའི་སྦྱོར་བ་དང་བཅས་པ་ལ་གདམས་པ་ལས་བརྩམས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བགྱི། །དེ་སྐད་ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་ཅེས་བྱ་བར་ཡང་

(༨༠༢)ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་དོ་ཞེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཟོད་མ་ནས་སྤྲོས་པ་རྣམས་པར་དག་པ་དེ་ནི། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། ཅེས་བྱ་བའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དམ་རང་བཞིན་བསྟན་པ་གང་ཡིན་པ་དེ་ནི་ཤེས་པའི་ཡུལ་ལོ༴ །དེ་ལ་སྒོ་ཞེས་བྱ་བ་ནི་བསྟན་པ་དང་རྟོགས་པའི་དབང་གིས་རྣམ་པ་གཉིས་ཏེ། བསྟན་པ་ནི་རྟོགས་པ་ལ་འཇུག་པའི་སྒོ་ཡིན་པའི་ཕྱིར་སྒོ་ཞེས་བྱ་ལ། རྟོག་པ་མཐོང་བའི་ལམ་ལ་སོགས་པ་ནི་འབྲས་བུ་རྣམ་པར་གྲོལ་བའི་སྒོ་ཡིན་པའི་ཕྱིར་སྒོ་ཞེས་བྱའོ། །གདམས་པ་ནི་ས་སྐྲྀ་ཏ་ལ་ཨ་བ་བཱ་ད་ཞེས་བྱ་སྟེ་ཨ་བ་ནི་ངེས་པ་དང་བཱ་ད་ནི་སྨྲ་བ་སྟེ། ནན་གྱིས་བཅོལ་བ་སྟེ་སྐབས་འདིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དང་ཡང་དུ་བརྩོན་འགྲུས་བརྩོམས་ཤིག་ཅེས་བྱ་བ་སྟེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་སྤྱོད་པ་པོ་བྱང་ཆུབ་སེམས་དཔའ་དང་། སྤྱོད་པའི་འབྲས་བུ་བྱང་ཆུབ་

(༨༠༣)དང་༴ སྤྱོད་པའི་ངོ་བོ་བརྩོན་འགྲུས་ཏེ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའོ། །དེ་ལ་འདི་ནི་དང་པོར་རྗེས་སུ་དཔག་པའི་ཤེས་པས་སྟོང་པ་ཉིད་གཏན་ལ་ཕབ་ནས་དེ་སྒོམ་པ་གོམས་པར་བྱེད་པ་ཡིན་ཏེ། རྗེས་སུ་དཔག་པས་རྣམ་པར་དཔྱོད་པའི་ཚེ་ནི་དཔྱད་པར་བྱ་བའི་གཞི་བྱང་ཆུབ་སེམས་དཔའ་གྲུབ་པའི་མཐའི་དོད་པས་ཁྱད་པར་དུ་བྱས་པ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ཙམ་ཞིག་ནི་དཔྱད་པའི་གཞི་ཡིན་པས་ངེས་པར་ཡོད་དགོས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་ཞེས་གསུངས་པ་ཡིན་ཏེ། བདེན་གཉིས་ལས་སྣང་བའི་ངོ་བོ་གང་ཡིན་པ། །དེ་ནི་འགོག་པ་མ་ཡིན་ཉིད། ཉམས་སུ་མྱོང་བ་གང་ཡང་ནི། །དགག་པར་རིགས་པ་མ་ཡིན་ནོ། ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཅི་ཞིག་འགོག་ཅེ་ན། སྐྱེ་ལ་དགོས་པའི་རྣམ་པ་གང་། །སྣང་བ་མིན་ལ་དེ་ཡང་ནི། །ཡང་དག་པར་ཞེས་བྱ་སོགས་པར། །གཞན་གྱིས་ཡོངས་སུ་བརྟགས་པ་འགོག །ཅེས་གསུངས་པ་བཞིན་དུ་བྱང་ཆུབ་སེམས་དཔའི་ངོ་བོ་དང་ཁྱད་པར་གང་ཡང་ཡང་དག་པར་རམ་དོན་དམ་པར་རྗེས་སུ་དཔྱོད་པའི་ཤེས་རབ་ཀྱིས་མི་མཐོང་བས་སྣང་བ་མ་དམིགས་པའི་ཚད་མས་ངེས་པར་བྱེད་དོ། །དེ་བཞིན་དུ་སྒོམ་པའི་ཚེ་ཡང་བླ་མ་འགའ་ཞིག་གིས་ཞི་གནས་ཀྱི་ལག་པས་གཟུང་། ལྷག་མཐོང་གིས་ལྟ། ཤེས་རབ་ཀྱི་མཚོན་གྱིས་དྲལ་ཞེས་གསུངས་པ་བཞིན་དུ་དམིགས་རྟེན་བྱང་ཆུབ་སེམས་དཔའ་ཞི་གནས་ཀྱིས་མ་ཤོར་བར་གཟུང་བར་བྱ་བ་ཡིན་ལ། དེ་ཡང་ཞི་གནས་ནི་སེམས་ནང་དུ་ཤིན་མཐོང་གིས་ལྟ་ གི་མིག་

(༨༠༤)དུ་ཕྱོགས་པ་ཡིན་པས་མིག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་དངོས་སུ་མི་སྣང་གི་བྱང་ཆུབ་སེམས་དཔའ་དེ་དང་ཤིན་དུ་ཆ་མཐུན་ཞིང་འདྲ་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་བརྟན་པར་གྱུར་པ་རྟེན་དུ་བྱས་ནས་ལྷག་མཐོང་གིས་བྱེད་པར་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས་བཀའ་སྩལ་ཏོ། །དེ་ནས་ནི་ནང་གི་ཡིད་ལ་བྱེད་པ་རྟོག་པ་དང་བཅས་པའི་ཤེས་པས་བཙལ་ཞིང་སོ་སོར་བརྟག་པར་བྱ་བའི་ལྷག་མཐོང་སྒོམ་སྟེ། རྒྱན་ལས༴ ཡིད་ཀྱི་བརྗོད་པས་རྒྱུན་ཆགས་སུ། །བཙལ་བྱ་སོ་སོར་བརྟག་པར་བྱ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བྱས་པས་ཀྱང་སྣང་བ་མ་དམིགས་པའི་ཚད་མས་ཡང་དག་པའི་བྱང་ཆུབ་སེམས་དཔའ་མེད་པར་མཐོང་སྟེ། དེ་ལྟར་མཐོང་བའི་ལྷག་མཐོང་སྐྱེས་པ་ན་སེམས་དེ་ཉིད་ཀྱི་དང་ལ་གནས་པ་ཙམ་ལས་རྟོག་པས་ཡང་དང་ཡང་དུ་དཔྱོད་པ་སྤང་བར་བྱ་སྟེ༴ རྒྱན་ལས༴ ཡིད་ལ་བྱེད་པ་བརྗོད་མེད་པ། །རོ་གཅིག་པས་ཀྱང་དཔྱད་པར་བྱ། ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཡོད་བཞིན་དུ་ཞེས་བྱ་བའི་ཚིག་རྗེས་སུ་འཇུག་སྟེ། བྱང་ཆུབ་ཡོད་བཞིན་དུ་བྱང་ཆུབ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་དང་། སྤྱོད་པ་ཡོད་བཞིན་དུ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་སྦྱར་བར་བྱ་སྟེ་སྒོམ་པའི་ཚུལ་ནི་སྔ་མ་བཞིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་བ་ནི་གང་ཟག་གི་བདག་མེད་པར་རྟོགས་པ་ཡིན་ལ། རྟོགས་པ་དེ་ཉིད་ལ་བརྟེན་ནས་ཆོས་ཀྱི་བདག་མེད་པ་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔར་

(༨༠༥)གདགས་པའི་རྟེན་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། ཤེས་བ་དེ་བཞིན་ཀུན་ལ་བློ་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན། །ཞེས་གསུངས་པ་ལྟར་རོ། །འདི་དག་ནི་ཐོག་མ་ཉིད་དུ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་བྱ་བའི་དོན་ཉེ་བར་གཟུང་བ་ཡིན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དོན་དུ་གཉེར་བར་བྱ་བ་སྒོམ་པ་ཡིན་པའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་སྔར་བསྐྱེད་པར་མ་ཟད་རྣལ་འབྱོར་སྒོམ་པ་ཉིད་ཀྱི་ཚེ་འང་ཡང་དང་ཡང་དུ་ཡིད་ལ་བྱའོ། །ཡུལ་དེ་བཞིན་ཉིད་དེ་ལ་གང་ཟག་རྣམ་པ་གསུམ་པོ་དེ་ཁོ་ན་མ་མཐོང་བ་སོ་སོའི་སྐྱེ་བོ་དང་། དེ་ཁོ་ན་མཐོང་བ་འཕགས་པ་དང་། དེ་ཁོ་ན་མཐོང་བ་རྣམ་པར་དག་པའི་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་ཀྱི་འཇུག་པའམ་རབ་ཏུ་དབྱེ་བ་རྣམ་པ་གསུམ་གྱི་ཐ་དད་པ་གསུམ་ནི་གང་རིག་པར་བྱ་བའོ། །གང་གིས་རིག་པར་བྱེད་པ་ནི་འདི་ལྟ་སྟེ༴ གང་ཟག་དེ་དག་གི་ཤེས་པ་ཕྱིན་ཅི་ལོག་པ་དང་། དེ་དང་མི་མཐུན་པའི་ཕྱིན་ཅི་མ་ལོག་པ་དང་། དེ་ལས་ཀྱང་ཡང་དག་པར་ཏེ་མ་ལུས་པར་ཕྱིན་ཅི་མ་ལོག་པ་དང་ཕྱིན་ཅི་ལོག་གི་ལྷག་མའི་

(༨༠༦)སྤྲོས་པ་མེད་པ་སྟེ་ཡུལ་ཅན་ཤེས་པ་གསུམ་ཐ་དད་པས་ཡུལ་ཐ་དད་པར་རྟོགས་པར་བྱ་སྟེ། རྣམ་འགྲེལ་ལས། དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །གང་གིས་གོ་བར་འགྱུར་བ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། ཤེས་གསུངས་པ་ལྟར་རོ། །དེ་ལ་མཐོང་བ་གསུམ་པོ་དེ་རྟོགས་བྱ་དེ་བཞིན་ཉིད་ཀྱི་གོ་རིམས་དང་སྦྱར་བར་བྱའོ་ཞེས་པའོ། །སླར་ཡང་དེ་གསལ་བར་བཤད་པ་ནི། དེ་ལ་ཕྱིན་ཅི་ལོག་ནི་བྱིས་པ་རྣམས་ཀྱི་སྟེ། འདུ་ཤེས་དང་༴ སེམས་དང་། ལྟ་བ་ཕྱིན་ཅི་ལོག་པའི་ཕྱིར་རོ། །བཟློག་པས་ཕྱིན་ཅི་མ་ལོག་པ་ནི་འཕགས་པ་རྣམས་ཀྱི་སྟེ། །དེ་སྤངས་པའི་ཕྱིར་རོ། །ཡང་དག་པར་ཕྱིན་ཅི་མ་ལོག་པ་སྤྲོས་པ་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བཅོམ་པའི་ཕྱིར་རོ། ཞེས་པ་སྟེ། གསུམ་བཤད་པ་དེ་ལ་མཁས་པས་དཔྱད་པར་བྱ་བའི་བླང་བ་དང་དོར་བའི་གནས་ལ་ཤེད་མ་བྱེ་བས་ན་བྱིས་པའོ། །ད་ལྟར་མཉམ་དུ་འདུག་པ་དག་ཀྱང་ལས་ཀྱི་དབང་གིས་འགྲོ་བའི་རིས་སོ་སོར་སྐྱེ་བའི་བྱ་བ་དེའི་བྱེད་པ་པོ་ནི་སྐྱེ་བའོ། །དེ་རྣམས་ཀྱི་ཤེས་པ་ནི་ཕལ་ཆེར་དེ་བཞིན་ཉིད་ལས་རྒྱབ་ཀྱིས་ཕྱོགས་ཏེ་ཕྱིན་ཅི་ལོག་པ་ཁོ་ན་ཡིན་ལ། གང་ཞིག་རྗེས་སུ་དཔག་པའི་ཤེས་པས་དེ་ཁོ་ན་ཉིད་རྟོགས་པའི་ཚེ་ཡང་ཉི་མའི་སྣང་བ་དམར་རེང་ཤར་བ་ཤར་བའི་ཚེ་ཉི་མ་ཤར་བའི་ཐ་སྙད་མི་བྱེད་ལ། ཉི་མའི་དཀྱིལ་འཁོར་ཉིད་ཤར་བས་ཉི་མ་ཤར་ཞེས་ཐ་སྙད་བྱེད་པ་

(༨༠༧)བཞིན་དུ་འཕགས་པའི་ཤེས་མཐོང་ཚད་མར་བྱེད་པ་དེའི་ཚེ་ནི་རྗེས་སུ་དཔག་པ་དེ་ལ་དེ་ཁོ་ན་ཉིད་མཐོང་བ་ཞེས་ཐ་སྙད་མི་བྱེད་ཅིང་འཕགས་པ་ལྟོས་ནས་ནི་ལོག་པའི་ཤེས་པའོ། །གང་ཉན་ཐོས་དང་རང་སངས་རྒྱས་ལྷག་མེད་དུ་ཞུགས་པ་དག་ལ་ནི་འཁོར་བའི་ཀུན་འབྱུང་བ་དང་སྡུག་བསྔལ་དག་ཟད་པས་མ་དག་པ་དང་དག་པའི་གནས་སྐབས་སུ་བརྗོད་ལ། དེ་ཁོ་ན་ཉིད་མཐོང་བ་དང་མ་མཐོང་བའི་དབྱེ་བ་འཆད་པ་ན་ནི་མ་མཐོང་བ་ཁོ་ན་སྟེ། ལང་ཀར་གཤེགས་པ་ལས་ཉན་ཐོས་དང་རང་སངས་རྒྱས་ལ་ནི་ཆོས་ལ་བདག་མེད་པ་མཐོང་བ་མེད་པའི་ཕྱིར་ཐར་པ་མེད་དོ་ཞེས་འབྱུང་བ་དང་། ཁྱད་པར་དུ་ལྷག་མ་མེད་པའི་དབང་དུ་བྱས་ཏེ། ཇི་ལྟར་ཤིང་ནི་རྒྱ་མཚོ་ཏུ། །རྦ་རླབས་ཀྱིས་ནི་རྣམ་པར་གཡེངས། །དེ་བཞིན་ཉན་ཐོས་རྨོངས་པ་ཡང་། །མཚན་ཉིད་ཀྱིས་ནི་རྣམ་པར་གཡེངས། ཤེས་གསུངས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ཕྱིན་ཅི་ལོག་ཏུ་འཇོག་པའི་རྒྱུ་མཚན་ནི་ཕུང་པོ་ཕྱི་མ་གསུམ་ལ་གནས་ཏེ་འདུ་ཤེས་དང་། སེམས་ཏེ་རྣམ་ཤེས་དང་། འདུ་བྱེད་ལས་ལྟ་བ་ཕྱིན་ཅི་ལོག་པའི་ཕྱིར་རོ། །འདི་དག་ཀྱང་ཕན་ཚུན་དུ་གཅིག་གི་རྒྱུ་གཅིག་སྟེ། འདི་ལྟར་གང་ཟག་དང་ཆོས་སུ་མངོན་པར་ཞེན་པའི་ལྟ་བ་དྲག་པོས་ནི་ཆོས་དང་གང་ཟག་གི་བདག་གི་མིང་དང་དོན་གྱི་མཚན་མར་འདུ་ཤེས་པ་འཇུག་ལ། དེས་སེམས་ཀྱི་བདག་པོ་བྱས་པ་ལས་ཡིད་ཀྱི་རྣམ་པར་ཤེས་པ་ལྟ་ཞོག །མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡང་ཕྱིན་ཅི་ལོག་གི་སྣང་

(༨༠༨) བ་དང་ལྡན་པར་འགྱུར་ལ། ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པའི་སྣང་བ་ལ་འདུ་ཤེས་ཀྱིས་དེ་ཁོ་ན་བཞིན་དུ་མཚན་མར་ཞེན་པས་མངོན་པར་ཞེན་པའི་ལྟ་བ་སྐྱེ་བར་འགྱུར་ཞིང་། དེས་ཉོན་མོངས་པ་གཞན་རྣམས་ཀྱི་རྟེན་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་གསུམ་ག་ལམ་དང་འགལ་བ་ལྷན་ཅིག་མི་གནས་པ་ཡིན་མོད་ཀྱི། གཞན་ལས་འཇིག་ཚོགས་ལྟ་བ་སྟེ། །དེ་སྤངས་པ་ན་སྤོང་ཕྱིར་རོ། ཞེས་བྱ་བ་དང་། ཉོན་མོངས་རྐྱེན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །གཞན་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་བཤད་པ་ནི་གཡུལ་དུ་འཇུག་པ་ན་དཔའ་བོ་ལ་བསྣུན་གྱི་གཞན་དག་ལ་མ་ཡིན་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་ཤེས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། གང་ཟག་དང་ཆོས་སུ་འཛིན་པའི་འདུ་ཤེས་ལ་སོགས་པ་གསུམ་ལས་འཛིན་སྟངས་བཟློག་པའི་གཉེན་པོས་གསུམ་པོ་དེ་དག་སྤངས་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་པ་ནི་ཡང་དག་པར་ཕྱིན་ཅི་མ་ལོག་ཅིང་སྤྲོས་པ་མེད་པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྤྲོས་པའམ་ལྷག་མ་ནི་བག་ཆགས་ཡིན་ལ། དེ་དང་བཅས་པར་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་ནི། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །ཞེས་བྱ་བའི་དོན་དྲུག་པོ་བཤད་པ་ཡིན་ལ། འདི་ཕན་ཆད་ཀྱི་དོན་རྣམས་ནི་འཇུག་པའི་དོན་ཉིད་ལས་བརྩམས་ཤིང་གཞིར་བྱས་ནས་

(༨༠༩)འཇུག་པ་དེ་ལས་རྣམ་པར་གཞག་པ་གཞན་པའི་དོན་གནས་སྐབས་དང་། ཀུན་དུ་འགྲོ་བ་དང་། འགྱུར་བ་མེད་པ་དང་། ཡོན་ཏན་དབྱེར་མེད་པ་རྣམ་པ་བཞི་པོ་ཡང་དེ་བཞིན་གཤེགས་པའི་ཁམས་ཀྱི་དབྱེ་བའམ་ཁྱད་པར་ཡིན་པས་དེ་སྟོན་པར་རིག་པར་བྱའོ། །དེ་དག་ལས་གནས་སྐབས་ཀྱི་དོན་ནི་གང་ཟག་བཤད་ཟིན་འདི་གསུམ་གྱི་གནས་སྐབས་ཀྱི་རབ་ཏུ་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ནི། །མ་དག་མ་དག་དག་པ་དང་། །ཤིན་དུ་རྣམ་དག་གོ་རིམས་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་བྱ་བ་སྟེ། མ་དག་པའི་གནས་སྐབས་དང་། མ་དག་པ་དང་དག་པའི་གནས་སྐབས་དང་། ཤིན་དུ་རྣམ་པར་དག་པའི་གནས་སྐབས་གསུམ་གྱི་དབྱེ་བས་གནས་སྐབས་ཅན་དེ་བཞིན་གཤེགས་པའི་ཁམས་ལ་ཡང་མིང་གསུམ་གྱིས་བརྗོད་དེ། གོ་རིམས་བཞིན་དུ་མ་དག་པའི་གནས་སྐབས་སུ་སེམས་ཅན་གྱི་ཁམས་ཤེས་བྱ་བ་དང་། མ་དག་པ་དང་དག་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། ཤིན་དུ་རྣམ་པར་དག་པའི་གནས་སྐབས་སུ་དེ་བཞིན་གཤེགས་པ་ཞེས་བརྗོད་དེ། ཤིན་དུ་ནི་སུ་ཞེས་བྱ་བའི་སྒྲ་ལས་ཡིན་པས་དེ་ནི་དོན་གསུམ་ལ་འཇུག་སྟེ། མཛེས་པ་དང་༴ མ་ལུས་པ་དང་། སླར་མི་ལྡོག་པའོ། །མཛེས་པ་ལ་ནི་སྐྱེས་བུ་གཟུགས་ལེགས་ཤེས་པ་ལྟ་བུའོ། །མ་ལུས་པ་ལ་ནི་བུམ་པ་ལེགས་པར་གང་ཞེས་པ་ལྟ་བུའོ། །སླར་མི་ལྡོག་པ་ལ་ནི་རིམས་མང་ལེགས་པར་བྱང་ཞེས་པ་ལྟ་བུའོ། །འདིར་ཡང་

(༨༡༠)ཉོན་མོངས་པའི་སྒྲིབ་པ་དག་པས་ནི་མཛེས་ཤིང་། ཤེས་བྱའི་སྒྲིབ་པ་དག་པས་མ་ལུས་ལ། གཉི་ག་གནས་གྱུར་ཐོབ་པས་སླར་མི་ལྡོག་པའོ། །དེ་ཉིད་རྒྱས་པར་བཤད་པ་ནི་ཚིགས་སུ་བཅད་པ་འདིས་དོན་ཅི་བསྟན་ཞེ་ན། ཞེས་བྱ་བ་ནི་དྲི་བའོ། །ལན་ནི༴ ངོ་བོ་ཉིད་ལ་སོགས་པའི་དོན། །འདི་དྲུག་གིས་ནི་བསྡུས་པ་ཡི། ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཡིན། ཞེས་བྱ་བ་སྟེ། ངོ་བོ་ཉིད་ལ་སོགས་པ་འཇུག་པའི་བར་དོན་དྲུག་སྟོན་པར་བྱེད་པའི་ཚིག་དག་གིས་བསྡུས་ཤིང་གཟུང་བའི་དེ་བཞིན་གཤེགས་པའི་ཁམས་གནས་སྐབས་གསུམ་དུ་མིང་ཐ་དད་པ་གསུམ་གྱིས་དོན་ཁམས་ཁོ་ན་བསྟན་པ་ཉིད་དོ། །དེ་ཉིད་བཤད་པ་ནི། དེ་ལྟར་གང་ཅི་ཡང་རུང་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་དུ་མར་རྒྱས་པར་བསྟན་པའི་ཟག་པ་མེད་པའི་ཁམས་བསྟན་པ། ངོ་བོ་དང་རྒྱུ་དང་འབྲས་བུ་དང་ལས་དང་ལྡན་པ་དང་འཇུག་པའི་དོན་དྲུག་པོ་འདིས་བསྡུས་པ་དེ་ཐམས་ཅད་ནི་མདོར་བསྡུས་ཏེ་གནས་སྐབས་གསུམ་དུ་གོ་རིམས་བཞིན་མིང་གསུམ་བསྟན་པས་བསྟན་པར་བྱ་སྟེ། འདི་ལྟ་སྟེ༴ མ་དག་པའི་གནས་སྐབས་སུ་ནི་སེམས་ཅན་གྱི་ཁམས་ཤེས་བྱ་བ་དང་། མ་དག་པ་དང་དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། རིག་པར་ཤིན་དུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། ཞེས་བྱ་བ་སྟེ། འདིར་བཅོམ་ལྡན་འདས་ཀྱི་བཀའ་ནི་གང་ཅི་ཡང་

(༨༡༡)རུང་སྟེ༴ བཅོམ་ལྡན་འདས་ཀྱི་ཆོས་ནི་གསུང་རབ་སྟེ་དེའི་རྣམ་གྲངས་ནི་གཞུང་ཐ་དད་པའོ། །དེ་དག་ཉིད་ཟབ་མོའི་དོན་རྟོགས་པའི་ཐབས་ཀྱི་དང་པོ་ཡིན་པས་སྒོའོ། །དེ་ནི་བསྐལ་པ་བཟང་པོ་སོགས་དང་། །དཀོན་མཆོག་བརྩེགས་པ་དང་། ཕལ་པོ་ཆེ་ལ་སོགས་པའི་མདོ་སྡེ་དུ་མར་ཟག་པ་མེད་པའི་ཁམས་རྒྱས་པར་བསྟན་པའི་ཕྱིར་དུ་ལ་ལར་ནི་ངོ་བོ་དང་ལ་ལར་ནི་རྒྱུ་དང་ལ་ལར་ནི་འབྲས་བུ་དང་ལ་ལར་ནི་ལས་དང་ལ་ལར་ནི་ལྡན་པ་དང་ལ་ལར་འཇུག་པའི་དོན་ཏེ་དྲུག་པོ་འདི་གང་ཡང་རུང་བས་ཁམས་བསྡུས་ཤིང་བསྟན་པ་ཤ་སྟག་ཡིན་པས་རྒྱས་པར་བསྟན་པ་དེ་དག་ཐམས་ཅད་ནི་མདོར་བསྡུས་ཏེ་གནས་སྐབས་གསུམ་དུ་ཕྱེ་བས་སྙིང་པོ་ཉིད་ལ་གོ་རིམས་བཞིན་དུ་མིང་གསུམ་བསྟན་པས་ཁམས་ཉིད་བསྟན་པར་རིག་པར་བྱའོ། །འདི་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པའི་གསུང་རབ་ཐམས་ཅད་ཀྱིས་རེས་འགའ་ནི་སངས་རྒྱས་ཀྱི་ཆེ་བ་བརྗོད་པའི་སྒོ་ནས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་ལ། རེས་འགའ་ནི་དེ་བཞིན་ཉིད་བདག་མེད་པ་བསྟན་པའི་སྒོ་ནས་བསྟན་ཞིང་། རེས་འགའ་ནི་སྣོད་དང་བ་ཅུད་ཀྱིས་བསྡུས་པའི་འགྲོ་བ་ཐམས་ཅད་སྡུག་བསྔལ་བའི་ཚུལ་གསུང་བ་ན་དེ་བཞིན་གཤེགས་པའི་སྙིང་པོ་རིགས་ཀྱི་ཚུལ་དུ་བསྟན་ཏེ། གསུམ་པོ་དེར་ཡང་སེམས་ཅན་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་ །དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་གིས་བསྟན་ཏོ། །དེ་ཡང་༴ ཀཽ་དི་ནྱ་ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་འབའ་ཞིག་བཤད་ན་ལ་ལས་ནི་གཟུགས་རྟག་

(༨༡༢)ཅེས་བྱ་བར་ཐོས་སོ། ཞེས་གསུངས་པའི་ཚུལ་གྱིས་འཁོར་ལོ་བར་པར་ནི་སྟོང་པ་ཉིད་མི་སྟོན་པའི་རྒྱལ་བའི་བཀའ་ཅུང་ཟད་ཀྱང་མེད་ཅེས་འཆད་ལ། ཐ་མར་ནི་སངས་རྒྱས་ཀྱི་ཁམས་མི་སྟོན་པའི་གསུང་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་འདི་ནི་གང་ཅི་ཡང་རུང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་དུ་མར་ཞེས་བྱ་བས་བསྟན་པ་ཡིན་ནོ། །དེ་ཉིད་སླར་བཤད་པ་འདི་ལྟ་སྟེ། མ་དག་པའི་གནས་སྐབས་སུ་སྐབས་ཅན་དེ་བཞིན་གཤེགས་པའི་ཁམས་ལ་སེམས་ཅན་གྱི་ཁམས་ཤེས་བྱ་བ་དང་། མ་དག་པ་དང་དག་པའི་གནས་སྐབས་སུ་ནི་སྐབས་ཅན་ཁམས་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། ཤིན་དུ་རྣམ་པར་དག་པའི་གནས་སྐབས་སུ་ནི་སྐབས་ཅན་ཁམས་ལ་དེ་བཞིན་གཤེགས་པ་ཞེས་བྱའོ། །འདི་ཡང་མུ་གསུམ་པ་སྟེ། མ་དག་པའི་གནས་སྐབས་ཀྱི་གང་ཟག་ནི་སེམས་ཅན་ཁོ་ན་ཡིན་གྱི་བྱང་ཆུབ་སེམས་དཔའ་ཡང་མ་ཡིན་ལ། དེ་བཞིན་གཤེགས་པ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཡང་དེ་བཞིན་གཤེགས་པ་ཁོ་ན་ཡིན་གྱི་བྱང་ཆུབ་སེམས་དཔའ་ཡང་མ་ཡིན་ལ། སེམས་ཅན་ཀྱང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་གཉི་ག་སྟེ་མ་རིག་བག་ཆགས་ཀྱི་ས་ལ་སོགས་པས་མ་དག་པའི་ཆ་ནས་སེམས་ཅན་ནམ་སེམས་དཔའ་ཞེས་བྱ་ལ། འཁོར་བ་གཏན་དག་པའི་ཆ་ནས་བྱང་ཆུབ་བམ་དེ་བཞིན་གཤེགས་པ་ཞེས་བྱའོ། །དེའི་ཤེས་པར་བྱེད་པའི་ལུང་ནི། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྣུབས་བྱེ་བ་མཐའ་ཡས་པས་བཏུམས་ལ།

(༨༡༣)འཁོར་བའི་སྡུག་བསྔལ་གྱི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་དག་ཏུ་འཁོར་བ་ནི་སེམས་ཅན་གྱི་ཁམས་ཤེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱི་སྡུག་བསྔལ་ལ་སྐྱེ་བར་གྱུར་པ། འདོད་པའི་ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་བ། ཕ་རོལ་དུ་ཕྱིན་པ་བ་ཅུའི་ཁོངས་སུ་གཏོགས་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བྱང་ཆུབ་ཀྱི་དོན་དུ་སྤྱད་པ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྣུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བ། སྡུག་བ་སྔལ་ཐམས་ཅད་ལས་འདས་པ། ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་བ། །།།ངག་པ་རྣམ་པར་དག་པ་མཆོག་ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱིས་ལྟ་བའི་ས་ལ་བཞུགས་པ། ཤེས་བྱའི་ས་མཐའ་དག་ལ་གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ། སྒྲིབ་པ་མེད་པའི་ཆོས་ཅན། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་པ་ནི་དེ་བཞིན་གཤེགས་པ་དགྲ་བ་ཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བརྗོད་དོ། ཞེས་གསུངས་པ་བཞིན་ནོ། ཞེས་གསུངས་པ་སྟེ། དེ་ལ་མ་དག་པའི་གནས་སྐབས་ཀྱི་དབང་དུ་མཛད་ནས་ཀྱང་ཆོས་ཀྱིས་སྐུ་དེ་ཉིད་ཅེས་བྱ་བ་ནི་སེམས་ཅན་གྱི་གནས་སྐབས་ཀྱི་ ཁམས་ཉིད་ལ་ཡང་འབྲས་བུ་སངས་རྒྱས་ཀྱི་སའི་མིང་གིས་བཏགས་པ་སྟེ། སངས་རྒྱས་རིགས་ལ་དེ་འབྲས་ཉེར་བཏགས་ཕྱིར། ཞེས་གསུངས་

(༨༡༤)པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཀྱི་སྐུ་དེ་ཉིད་ལ་ཡང་འཁོར་བ་ཞེས་བརྗོད་དེ། སྒྲིབ་པར་བྱེད་པའི་མིང་གིས་ནང་གི་སྙིང་པོ་ལ་བཏགས་པའོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས། །དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །གསུམ་ལས་གཉིས་འབྱུང་གཉིས་ལས་ཀྱང་། །བདུན་འབྱུང་དེ་བཞིན་མུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་འདི། །ཉིད་ནི་ཡང་དང་ཡང་དུ་འཁོར། ཞེས་གསུངས་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་པོ་དག་ལ་བར་མེད་པར་ཡང་དང་ཡང་དུ་འཁོར་བའི་ཕྱིར་འཁོར་བ་སྟེ་དེ་ལས་ཉོན་མོངས་པའི་སྣུབས་བྱེ་བ་མཐའ་ཡས་པས་བཏུམས་པ་ནི་མ་རིག་པའི་གནས་སྐབས་སོ། །འཁོར་བའི་སྡུག་བསྔལ་གྱི་རྒྱུན་གྱིས་ཁྱེར་བ་ནི་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པ་སྟེ་ཆོས་དགུ་ནི་སྡུག་བསྔལ་གྱི་རྒྱུན་ཏེ། དེས་སྙིང་པོ་མ་རིག་པའི་སྣུབས་དང་བཅས་བཞིན་དུ་ཡང་སྲིད་པར་འཁྱེར་བར་བྱེད་དེ། ཐམས་ཅད་དུ་མ་རིག་པ་རྗེས་སུ་འགྲོ་བའི་ཕྱིར་རོ། །སྐྱེ་བ་དང་འཆི་བ་ནི་རྒ་ཤི་སྟེ་དེ་དག་ནི་ལན་འག་ཙམ་མ་ཡིན་པར་ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཁོར་ཏེ། དེ་ལ་གང་དུ་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་པའི་འགྲོ་བའི་འཁོར་བར་འཁོར་རོ། །གང་འཁོར་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྩིབས་བཅུ་གཉིས་པོ་ཉིད་དོ། །ཇི་ལྟར་འཁོར་བ་ནི་རྩིབས་རྣམས་ཐམས་ཅད་དེ་བཞིན་གཤེགས་

(༨༡༥)པའི་སྙིང་པོ་ལ་བརྟེན་པས་སྙིང་པོའི་ལྡེ་བ་བརྟན་པོ་དེ་འཁོར་བས་སོ། །འདི་ལ་ཕྱི་རོལ་པ་དག་འཁོར་བ་རྣམས་སུ་ཡང་དང་ཡང་དུ་འཁོར་བ་ལ་རྟེན་བརྟན་པོ་ཞིག་དགོས་པས་བདག་རྟག་པ་ཉིད་རྟེན་དུ་རྟོག་པར་བྱེད་དོ། །སངས་རྒྱས་པ་ཁ་ཅིག་ཀྱང་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་གཞན་ནམ་ཡིད་ཤེས་ཀྱི་རྒྱུན་ལ་སོགས་པ་ལས་དང་འབྲས་བུའི་རྟེན་དུ་རྟོག་པར་བྱེད་ལ། ཐེག་པ་ཆེན་པོ་པ་དག་ནི་previous hit ཀུནགཞིརྣམ་པར་ཤེས next hit་པ་རྟེན་དུ་རྟོག་ཅིང་བསྟན་བཅོས་འདི་ལ་སོགས་པའི་དགོངས་པས་ནི་ཉོན་མོངས་པ་དང་སྐྱེ་བ་དང་ལས་རྣམས་བློ་བུར་བ་ཡིན་པ་ཉིད་ཀྱི་བཟློག་ཏུ་རུང་ལ། དེ་དག་གི་རྟེན་བག་ཆགས་ཀྱང་བློ་བུར་བ་ཡིན་པའི་ཕྱིར་བཟློག་ཏུ་རུང་ངོ་། །བག་ཆགས་མེད་ན་ནི་ཀུན་གཞི་ཡང་མེད་པར་འགྱུར་ཏེ། ཚ་བ་མེད་ན་མེ་མེད་པ་བཞིན་ནོ། །ཀུན་གཞི་ལོག་ན་ཡང་ཡེ་ཤེས་ཀྱི་ཆོས་མི་ཟློག་པར་སེམས་ཅན་གྱི་སྐྱབས་སུ་རྟག་ཏུ་གནས་པ་ནི་ཆོས་ཀྱི་སྐུ་ཡིན་པས་སྙིང་པོ་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐམས་ཅད་ཀྱི་ལྟེ་བ་ཡིན་པར་དགོངས་སོ། །འདི་ནི་ཤིན་ཏུ་རྟག་པ་ཡིན་ན་ཡང་འཁོར་བའི་སྡུག་བསྔལ་གྱིས་མི་འཁྱེར་ལ། མེད་པར་དགག་པ་ཞིག་ན་ཡང་སྡུག་བསྔལ་གྱིས་མི་འཁྱེར་ཏེ། སྡུག་བསྔལ་ལོག་ནས་ཀྱང་དེ་གཉི་གས་སྐྱབས་ཀྱི་བྱ་བ་མི་བྱེད་དེ། དེ་བས་ནི་སྙིང་པོ་སྐད་ཅིག་མའི་རྒྱུན་གྱིས་རྟག་པ་ནི་རྗེ་བཙུན་འཇམ་དཔལ་གྱིས། རྒྱུན་དང་རྣམ་གྲངས་ཀྱིས་གནས་པ། །དེ་ཡི་ངོ་བོ་རྟོགས་པར་བྱ། ཞེས་གསུངས་པ་འདི་ལ་མཁས་པ་རྣམས་ཀྱིས་

(༨༡༦)ཡིད་གཏད་པར་བྱའོ། །མ་དག་པ་དར་དག་པའི་གནས་སྐབས་ཀྱི་དབང་དུ་མཛད་ནས་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་ཕ་རོལ་དུ་ཕྱིན་པ་བཅུ་དང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་གསུངས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔར་བཤད་པའི་ཚུལ་གྱིས་རིགས་ལ་གནས་པའི་ཚེ་ཡང་འཁོར་བ་ལ་ཉན་ཐོས་རྣམས་ལས་བརྒྱ་འགྱུར་དུ་སྐྱོ་བར་བྱ་དགོས་ལ། དེ་ལ་བརྟེན་ནས་བརྩོན་འགྲུས་བརྩམས་པས་ས་དང་པོར་འཁོར་བ་ལ་འདོད་ཆགས་དང་བྲལ་བར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་བཟོད་པའོ། །བཟོད་པ་དེ་ཡང་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། ཞེས་གསུངས་པའི་ཕྱིར་རོ། །ས་དང་པོ་ནས་བཅུ་པའི་བར་དུ་རེ་རེ་ལ་ཕ་རོལ་དུ་ཕྱིན་པ་རེ་རེ་གཙོ་བོར་སྤྱོད་པ་ན་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་གསེར་ས་ལེ་སྦྲམ་ལྟར་སྦྱོང་བྱེད་རྣམས་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། སྦྱངས་པས་སྟོབས་ལ་སོགས་པའི་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་བཅུ་ར་ཙ་བཞི་ལ་ཆོས་ཤེས་བྱ་ལ། དེའི་ཕུང་པོ་ལ་ནི་སྐུ་ཞེས་བྱ་སྟེ། དེའི་དོན་དུ་སྤྱད་པ་སྤྱོད་པ་ནི་ཡང་སྙིང་པོའི་དོན་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ཁོ་ན་ཡིན་ནོ་ཞེས་བྱའོ། །དེ་ལ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་བསྟན་པའི་ཆོས་ལ་བྱས་ནས་དེའི་ཚིགས་སུ་བཅད་པ་དང་ཡི་གེ་ལ་སོགས་པའི་གྲངས་ཀྱིས་སྟོང་ཕྲག་བརྒྱད་བཅུ་རྩ་བཞིར་འཇོག་པ་ནི་ཆོས་མངོན་པ་གོང་འོག་གཉིས་ཀྱི་འགྲེལ་པ་ལས་འབྱུང་བ། སྟོབས་ལ་

(༨༡༧)ལ་སོགས་པ་ལ་ཆོས་ཀྱི་ཕུང་པོར་བཤད་པ་ནི་དྲི་མ་མེད་པའི་འོད་ལས་འབྱུང་བ་ཡིན་ནོ། །བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་དོན་དུ་སྤྱད་པ་སྤྱོད་ཅེས་བྱ་བ་ཡང་ཐ་སྙད་པ་ནི་གང་ཟག་ལ་བྱ་ལ། །དངོས་སུ་ན་སྙིང་པོ་ཉིད་ཀྱིས་བྱང་ཆུབ་ཏུ་སྤྱོད་དེ་ཞེས་བྱ་བར་ཤེས་པར་བྱའོ། །ཤིན་དུ་རྣམ་པར་དག་པའི་གནས་སྐབས་ཀྱི་དབང་དུ་བྱས་ནས་ཆོས་ཀྱི་སྐུ་དེ་ཉིད་ལ་དེ་བཞིན་གཤེགས་པ་དགྲ་བ་ཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བརྗོད་དོ་ཞེས་སྦྲེལ་ལོ། །ནམ་གྱི་ཚེ་སྙམ་ན་སྔར་མ་དག་པའི་གནས་སྐབས་ཀྱི་ཉོན་མོངས་པའི་སྣུབས་ལས་ཡོངས་སུ་གྲོལ་ཏེ་མ་རིག་པའི་སྒོ་ངའི་ནུབས་བཅོམ་པ། འདུ་བྱེད་ནས་སྲིད་པའི་བར་གྱི་སྡུག་བསྔལ་ཐམས་ཅད་ལས་འདས་པ། སྐྱེ་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་ཏེ་མ་རིག་པའི་བག་ཆགས་ཀྱི་ས་ཡང་སྤངས་པ། ཟག་པ་མེད་པའི་ལས་དང་བྲལ་བས་དག་པ། ཡིད་ཀྱི་ལུས་ལས་གྲོལ་བས་རྣམ་པར་དག་པ། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་མེད་པས་མཆོག་ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པས་གཙང་བ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་བཞི་ཐོབ་པའོ། །སྐྱབས་འདོད་པའི་སེམས་ཅན་ཐམས་ཅད་ཀྱིས་རེ་བའི་སེམས་དང་ལྡན་པས་ལྟ་ཞིང་བ་སྙེན་བཀུར་བའི་ས་ལ་བཞུགས་པའི་སེམས་ཆེན་པོ་ཐོབ་པ། གང་དང་མཉམ་པ་སུ་ཡང་མེད་པས་ཤེས་བྱའི་ས་མཐའ་དག་གཟིགས་པ་ལ་གཉིས་སུ་སྟེ་གཉིས་པ་མེད་པའི་སྐྱེས་བུ་

(༨༡༨)ཁྱུ་མཆོག་གི་མཐུ་ཐོབ་པས་རྟོགས་པ་ཆེན་པོ་དང་ལྡན་པ། ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་པར་འཇུག་པའི་སྒྲིབ་པ་སྤངས་པས་སྒྲིབ་པ་མེད་པའི་ཆོས་འགོག་པའི་བདེན་པའི་ཆོས་ཅན་ཡིན་པ་ཉིད་ཀྱིས་སྤོང་བ་ཆེན་པོ་བརྙེས་པ། སེམས་ཅན་ཐམས་ཅད་ལ་ཅིག་ཆར་སོ་སོའི་སྐད་ཀྱིས་ཆོས་སྟོན་པའི་ལུང་གི་ཆོས་ཐམས་ཅད་ལ་དབང་འབྱོར་བའི་དབང་ཕྱུག་གི་སྟོབས་བཅུ་པོ་ཐོགས་པ་མེད་པ་ཐོག་པའི་ཚེ་ན་བརྗོད་པ་ཡིན་ནོ། །དེ་ལྟར་ཁམས་གཅིག་ཉིད་གནས་སྐབས་གསུམ་དུ་མིང་ཐ་དད་པས་བསྟན་ཏོ་ཞེས་བྱ་བས་ཀུན་དུ་འགྲོ་བ་ཙམ་ནི་གྲུབ་མོད་ཀྱི། ཁྱད་པར་གྱི་ཆོས་གང་གིས་ཁྱབ་ན་སྤྱིའི་མཚན་ཉིད་རྣམ་པར་མི་རྟོག་པའི་དང་ལྡན་པས་ཀུན་དུ་འགྲོ་བར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་ཁམས་གནས་སྐབས་གསུམ་པོ་དེ་དག་ཉིད་དུ་ཐམས་ཅད་དུ་འགྲོ་ཞིང་ཁྱབ་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ནི༴ ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་དུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་དུ་འགྲོ་བ་ཉིད། ཅེས་བྱ་བ་སྟེ། ཇི་ལྟར་ནམ་མཁའ་སྒྲིབ་པ་མེད་པ་ཉིད་ཀྱིས་གཟུགས་ཅན་ཀུན་དུ་རྗེས་སུ་སོང་བ་ལྟར། དེ་བཞིན་དུ་སེམས་ཀྱི་རང་བཞིན་འོད་གསལ་བ་དྲི་མ་མེད་པའི་དབྱིངས་ཀྱང་སྤྱིའི་མཚན་ཉིད་རྣམ་པར་རྟོག་པ་མེད་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱིས་གནས་སྐབས་གསུམ་པོ་ཀུན་དུ་འགྲོ་བ་ཉིད་ཡིན་ནོ། །དེ་ཉིད་བཤད་པའི་ཕྱིར་ཚིགས་སུ་བཅད་པ་འདིས་དོན་ཅི་བསྟན་ཞེ་ན་ཞེས་བྱ་བ་ནི་དྲི་བའོ། །ལན་ནི་དེ་སྤྱིའི་མཚན་

(༨༡༩)ཉིད་ཉེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། ཞེས་བྱ་བ་སྟེ། ཁམས་དེས་ཉེས་པས་མ་དག་པའི་གནས་སྐབས་དང་། ཕྱོགས་གཅིག་དག་པ་དང་། ཡོན་ཏན་གྱི་མཐར་ཐུག་པའི་སངས་རྒྱས་ཀྱི་བར་དུ་ཁྱབ་པ་སྟེ། ཁྱད་པར་གྱི་ཆོས་གང་གིས་ཁྱབ་ན་སྤྱིའི་མཚན་ཉིད་རྣམ་པར་མི་རྟོག་པའི་ཆོས་ཀྱིས་ཁྱབ་པ་ཡིན་ཏེ། གཟུགས་ཀྱི་རྣམ་པ་དམན་པ་ས་དང་བར་མ་ཟངས་དང་མཆོག་གསེར་གྱི་སྣོད་ལ་ནམ་མཁས་སྒྲིབ་པ་མེད་པའི་ཆོས་ཀྱིས་ཁྱབ་པ་བཞིན་ནོ། །དེ་ལ་གནས་སྐབས་གསུམ་དུ་ཁམས་མིང་ཐ་དད་པ་ཙམ་གྱིས་བཤད་པས་ནི་ས་དང་རྡོ་བ་དང་ཤིང་རྣམས་དོན་དམ་པར་ནམ་མཁའི་རང་བཞིན་ཡིན་གྱི་ནམ་མཁའ་ལས་རྫས་གཞན་དུ་གྱུར་པ་ནི་ཅི་ཡང་མེད་དོ་ཞེས་བྱ་བས་ནམ་མཁའ་དང་ས་ལ་སོགས་པ་དག་བདག་ཉིད་གཅིག་པས་ནམ་མཁའ་ཉིད་ས་ལ་སོགས་པའི་རྟེན་ཡིན་ནོ་ཞེས་བསྟན་ལ། ཀུན་དུ་འགྲོ་བའི་དོན་གྱིས་ནི་ཀུན་བྱང་གི་ཆོས་རྣམས་རྟེན་དུ་བྱས་ནས་དེ་ལ་དེ་བཞིན་གཤེགས་པའི་ཁམས་བརྟེན་ཏེ་ཞེས་བྱ་བར་བརྗོད་དེ། གནས་སྐབས་དང་ཀུན་འགྲོའི་ཁྱད་པར་ནི་དེ་ཙམ་ཞིག་གོ །འདིར་རྣལ་འབྱོར་པས་འདོད་ཆགས་ལ་སོགས་པ་རྣམས་འོད་གསལ་བའི་ངོ་བོ་ཉིད་དུ་སྒོམ་པར་བྱེད་དེ། ཆབ་རོམ་ཆུར་ཞུ་བ་དང་རླབས་མཚོའི་ཆུར་ཞི་བ་བཞིན་ནོ། །ཕྱི་ནས་ནི༴ བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། ཤེས་བྱ་བའི་ཚུལ་དུ་སེམས་ཅན་ཐམས་

(༨༢༠)ཅད་ཀྱི་ཉོན་མོངས་པ་རྣམས་ཀྱང་སྙིང་པོ་ཉིད་ཉོན་མོངས་སུ་གྱུར་པའོ་ཞེས་ཤེས་པའི་རིམ་པ་གཉིས་པོ་འདི་རྟོགས་པའི་ཆེད་དུ་ཡིན་ནོ། །རིམ་པ་གཉིས་པོ་འདི་ཡང་སྔར་དགེ་འདུན་དཀོན་མཆོག་གི་སྐབས་སུ༴ འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས། །ཤེས་བྱ་བ་དང་༴ ཐམས་ཅད་ལ་རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་ཤེས་བྱ་བའི་རིམ་པ་གཉིས་པོ་དེ་ཉིད་ཡིན་ནོ། །དེ་དག་ཉིད་བཤད་པ་ནི༴ འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས། །ཤེས་བྱ་བ་དང་༴ ཐམས་ཅད་ལ་རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་ཤེས་བྱ་བའི་རིམ་པ་གཉིས་པོ་དེ་ཉིད་ཡིན་ནོ། །དེ་དག་ཉིད་བཤད་པ་ནི༴ སོ་སོའི་སྐྱེ་བོ་དང་། འཕགས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་ཉེས་པ་དང་ཡོན་ཏན་དང་ཡོན་ཏན་རྣམ་པར་དག་པ་མཐར་ཐུག་པའི་གནས་སྐབས་གསུམ་གར་ཡང་རྗེས་སུ་སོང་བ། རྗེས་སུ་ཞུགས་པ་མཚུངས་པ། དུས་ཐམས་ཅད་དུ་ཐ་ཁྱད་པར་མེད་པར་གྱུར་པ་སྟེ། གོ་རིམས་ཇི་ལྟ་བ་བཞིན་ས་དང་ཟངས་དང་གསེར་གྱི་སྣོད་ན་ནམ་མཁ་བཞིན་ནོ། །ཞེས་བྱ་བ་སྟེ༴ སོ་སོའི་སྐྱེ་བོ་དང་འཕགས་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡུལ་ཏེ་ཁྱབ་པར་བྱ་བའོ། །དེ་རྣམས་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་ཁྱབ་པར་བྱེད་པ་སྟེ། ཡུལ་གསུམ་པོ་ཐོས་ཅང་ཀྱི་སྤྱིའི་མཚན་ཉིད་ང་རང་བཞིན་ཡིན་པའི་ཕྱིར། ཡུལ་གསུམ་པོ་ཐམས་ཅད་དུ་རྗེས་སུ་སོང་ལ། དེར་མ་ཟད་ཡུལ་གསུམ་པོ་དེ་དག་གི་ཁྱད་པར་གྱི་ཆོས་ཉེས་པ་དང་ཡོན་ཏན་དང་ཡོན་ཏན་རྣམ་པར་དག་པ་མཐར་ཐུག་པའི་གནས་སྐབས་གསུམ་གར་ཡང་རྗེས་སུ་སོང་བ། དེ་ཡང་ཕྲུ་གུ་མའི་རྗེས་སུ་སོང་བ་ལྟ་བུ་མ་ཡིན་པར་ཡུལ་གསུམ་པོ་དེ་དག་

(༨༢༡)གི་ནང་དུ་རྗེས་སུ་ཞུགས་པ། དེ་ཡང་ནང་དུ་ཞུགས་ཀྱང་མངལ་ནང་གི་སེམས་ཅན་ལྟར་མ་ཡིན་པར་བདག་ཉིད་ཐམས་ཅད་ཀྱི་རོ་མཚུངས་པ་སྟེ། དོན་གྱིས་ན་རྒྱུས་འབྲས་བུ་ལ་ཁྱབ་པ་དང་རོ་དང་གཟུགས་ལྟར་ལྡན་ཅིག་པ་ཡང་མ་ཡིན་པར་བདག་ཉིད་ལ་བདག་ཉིད་ཅན་གྱིས་ཁྱབ་པའོ། །དེ་ཡང་རེས་འགའ་བ་ཙམ་མ་ཡིན་པར་དུས་ཐམས་ཅད་དུ་ཁྱད་པར་མེད་པར་ཁྱབ་པར་གྱུར་པ་སྟེ། འདིས་ནི་སངས་རྒྱས་ཀྱི་ཡོན་ཏན་ཁྱབ་པ་ཉིད་དང་རྟག་པ་ཉིད་སྟོན་པར་བྱེད་དོ། །གོ་རིམས་ཇི་ལྟ་བར་སོ་སོའི་སྐྱེ་བོ་ས་དང་། འཕགས་པ་ཟངས་དང་། སངས་རྒྱས་གསེར་གྱི་སྣོད་ལྟ་བུ་སྟེ། སྣོད་ན་ནམ་མཁའ་ལྟ་བུར་གང་ཟག་གསུམ་ལ་སྙིང་པོས་ཁྱབ་པའོ། །དེའི་ལུང་ནི༴ དེ་ཉིད་ཀྱི་ཕྱིར་གནས་སྐབས་བསྟན་པའི་དེ་མ་ཐག་ཏུ། ཤཱ་རིའི་བུ་དེའི་ཕྱིར་ན་སེམས་ཅན་གྱི་ཁམས་ཀྱང་གཞན་ལ། ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ནོ། །སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུ། ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་གཉིས་སུ་མེད་དེ། ཡི་གེ་ཙམ་ཐ་དད་པ་ཡིན་ནོ། ཞེས་གསུངས་པ་ཡིན་ནོ། ཞེས་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་ཉིད་ལས་ཤེས་བྱ་བ་སྟེ། གནས་སྐབས་བསྟན་པའི་ཚིག་སངས་རྒྱས་ཤེས་བརྗོད་དོ་ཞེས་པའི་དེ་མ་ཐག་ཏུ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། སྤྱིའི་མཚན་ཉིད་རྣམ་པར་མི་རྟོག་པ་ནི་ནམ་མཁའ་དང་འདྲ་བ་ཉིད་ཀྱི་ཕྱིར་གསེར་སྣོད་ཀྱི་ནམ་

(༨༢༢)མཁའ་དང་སའི་སྣོད་ཀྱི་ནམ་མཁའ་དག་སྒྲིབ་པ་མེད་པའི་ཆོས་ཀྱིས་ཐ་མི་དད་པ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱང་ཆོས་ཀྱི་སྐུ་ལས་གཞན་ལ་ཆོས་ཀྱི་སྐུ་ཡང་སེམས་ཅན་གྱི་ཁམས་ལས་གཞན་པ་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཀྱི་སྤྱིའི་མཚན་ཉིད་དེ་ཉིད་ཆོས་ཀྱི་སྐུའི་རང་བཞིན་དང་། ཆོས་ཀྱི་སྐུའི་སྤྱིའི་མཚན་ཉིད་དེ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་།།།ནི་བརྗོད་པར་བྱ་བའི་དོན་གྱིས་ཐ་དད་པ་མེད་ཀྱི། རྗོད་པར་བྱེད་པའི་ཡི་གེ་ཐ་དད་པ་ཡིན་ནོ། །འདི་ལྟར་རིག་པར་བྱ་སྟེ༴ མེད་པར་དགག་པ་ལ་དེ་བཞིན་དུ་ཉིད་དུ་གཞག་པའི་ཚེ་ན་སངས་རྒྱས་ཀྱི་ས་བཞིན་མེད་པ་ཡིན་པས། སེམས་ཅན་གྱི་རང་བཞིན་མེད་པ་གང་ཡིན་པ་དེ་ཉིད་སེམས་ཅན་གྱི་རང་བཞིན་མེད་པ་ཡིན་ལ། སེམས་ཅན་གྱི་རང་བཞིན་མེད་པ་གང་ཡིན་པ་དེ་ཉིད་སངས་རྒྱས་ཀྱི་རང་བཞིན་མེད་པ་ཡང་ཡིན་ཏེ། ངོ་བོ་ལ་ཁྱད་པར་མེད་དོ། །ཡང་མདོ་སྡེ་པས་ཐོགས་པའི་རེག་བྱ་མེད་པ་ཉིད་ལ་ནམ་མཁར་གཞག་པ་དེའི་ཚེ་ནི་གསེར་གྱི་སྣོད་ན་ཐོགས་པའི་རེག་པ་མེད་པ་ཉིད་སའི་སྣོད་ཀྱི་ཐོགས་པའི་རེག་པ་མེད་པ་ཡིན་ཞིང་སའི་སྣོད་ཀྱི་ཐོགས་པའི་རེག་པ་མེད་པ་ཉིད་ཀྱང་གསེར་གྱི་སྣོད་ཀྱི་ཐོགས་པའི་རེག་པ་མེད་པ་ཉིད་ཡིན་ནོ། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པར་ཆུ་དང་གསེར་དང་ནམ་མཁའི་དཔེ་རྣམས་ཀྱིས་གནས་ཡོངས་སུ་གྱུར་པ་སྟོན་པའི་ཚེ་དཔེ་གསུམ་པོ་ལ་རྒྱུན་ཡོད་པར་འཆད་དེ་དེ་བས་ན་གོ་སྐབས་ཡོད་ཙམ་གྱི་ནམ་མཁའ་སྐད་ཅིག་མའི་བདག་ཉིད་དུ་གནས་པ་རྒྱུན་དང་ལྡན་པ་ཡང་མེད་པ་མ་ཡིན་ནོ། །དེ་ལ་དུས་

(༨༢༣)ཀྱི་དབང་དུ་བྱས་ནས་བསྐལ་པ་དང་པོའི་ནམ་མཁའ་ནི་འཇིག་པའི་དུས་ཀྱི་ནམ་མཁའ་མ་ཡིན་ལ། གནས་ཀྱི་དབང་དུ་བྱས་ནས་གསེར་སྣོད་ཀྱི་གོ་སྐབས་ཡོད་ཙམ་གྱི་རྫས་དེ་ཉིད་སའི་སྣོད་ཀྱི་གོ་སྐབས་ཡོད་ཙམ་ནི་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་གྱི་ཁམས་རིག་པའི་ཆོས་ཅན་རྒྱུན་གྱིས་འཇུག་པ་དེའི་སྐད་ཅིག་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐད་ཅིག་ཏུ་ནི་མི་འགྱུར་རོ། །འོན་ཀྱང་གསེར་དང་སའི་སྣོད་ཀྱི་གོ་སྐབས་ཡོད་ཙམ་དག་རིགས་ལ་ཐ་དད་པ་མེད་པ་ལྟར་སངས་རྒྱས་ཀྱི་རྣམ་པར་མི་རྟོག་པ་དང་སེམས་ཅན་གྱི་རྣམ་པར་མི་རྟོག་པ་རིས་ཤིན་དུ་འདྲ་ཞིང་། དེ་ལ་གཅིག་གི་ཐ་སྙད་ཀྱང་ཡོད་དེ། ང་དང་སངས་རྒྱས་རྣམས་གསུང་གཅིག་ཅེས་བྱ་བ་ལྟ་བུའོ། །དེ་ལྟར་ཀུན་དུ་འགྲོ་བས་ཁྱབ་པའི་དོན་བསྟན་ནས། །ད་ནི་རྟག་པའི་དོན་བསྟན་པའི་ཕྱིར། །དེ་བཞིན་གཤེགས་པའི་ཁམས་གནས་སྐབས་གསུམ་པོ་འདི་ཐམས་ཅད་དུ་སོང་བ་ཡིན་ཡང་། ཁམས་དེའི་ཀུན་ནས་ཉོན་མོངས་པས་མ་དག་པའི་རང་བཞིན་དུ་མི་འགྱུར་ཞིང་། རྣམ་པར་བྱང་བའི་ཡོན་ཏན་དག་གིས་སྔར་རང་བཞིན་གྱིས་མ་དག་པ་ཕྱིས་དག་པར་ཡང་མི་བྱེད་པས་འགྱུར་བ་དང་མི་རྟག་པ་དག་ཁམས་ལ་གནས་ཀྱང་ཁམས་རང་བཞིན་གྱིས་འགྱུར་བ་མེད་པའི་དོན་ལས་བརྩམས་ནས་རྩ་བ་ལྟ་བུའི་ཚིགས་སུ་བཅད་པ་བཅུ་བཞི་སྟེ། འདི་ནི་ཚིགས་སུ་བཅད་པ་བཅུ་བཞི་སོ་དེ་དག་གི་བསྡུས་པའི་དོན་མདོར་བསྟན་དུ་རིག་པར་བྱ་སྟེ། །ཉེས་པ་བློ་བུར་དང་ལྡན་པ། །ཡོན་ཏན་རང་བཞིན་ཉིད་ལྡན་

(༨༢༤)ཕྱིར༴ ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། ཞེས་པ་སྟེ། ཁམས་འདི་ཐོག་མ་མེད་པ་ནས་ཉེས་པའི་སྣུབས་སུ་ཞུགས་ལ། ཕྱིས་ཉེས་པ་དེ་དག་ནས་རྣམ་པར་བྱང་བའི་ཡོན་ཏན་དང་ལྡན་པར་འགྱུར་བས་རྣམ་པར་འགྱུར་བ་ཅན་ལྟ་བུར་སྣང་མོད་ཀྱི་གནས་སྐབས་འགྱུར་ཡང་རང་བཞིན་ལ་ནི་འགྱུར་བ་མེད་དེ། སྔར་གྱི་ཉེས་པ་རྣམས་བློ་བུར་བ་ཡིན་པ་ཉིད་ཀྱིས་ཁམས་དང་ལྡན་ཡང་རང་བཞིན་མ་ཡིན་ལ། ཕྱིས་སྟོབས་ལ་སོགས་པའི་ཡོན་ཏན་རྒྱས་པར་གྱུར་ཀྱང་ཁམས་ཀྱི་རང་བཞིན་ཉིད་རྒྱས་པ་ཡིན་གྱི་ལོགས་ཤིག་ཏུ་རྒྱས་པ་མ་ཡིན་པས་བདག་གཅིག་པ་ཉིད་ཀྱི་འབྲེལ་པ་དང་ལྡན་པའི་ཕྱིར་རོ། །དེས་ན་ཁམས་འདིའི་རང་བཞིན་སྔར་འཁོར་བའི་གནས་སྐབས་ན་ཇི་ལྟར་ཡིན་པ་དེ་བཞིན་དུ་ཕྱིས་མྱ་ངན་ལས་འདས་པའི་གནས་སྐབས་ན་ཡང་སྔར་གྱི་དེ་ཁོ་ན་བཞིན་ཡིན་ཏེ། རང་བཞིན་དེ་ནི་ཆོས་ཉིད་ཡིན་པས་འགྱུར་བ་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །རང་བྱུང་རྡོ་རྗེས༴ ཐ་མལ་ཤེས་པ་འདི་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །བཟང་དུ་འཕགས་པས་བཏང་བ་མེད། །ངན་དུ་སེམས་ཅན་གྱིས་མ་བཏང་། ཞེས་གསུངས་པ་དེའོ། །དེ་ལ་ཐལ་མལ་གྱི་སྒྲ་ནི་ཕལ་པའི་དོན་རྗོད་པར་བྱེད་པ་མ་ཡིན་གྱི། མ་བཅོས་པའི་དོན་ཡིན་ནོ། །དེ་བས་ན་འགྲོ་བའི་རིས་མཐོ་དམན་དང་

(༨༢༥)ཉོན་མོངས་པ་སྣ་ཚོགས་པས་དཀྲུགས་ཀྱང་རང་བཞིན་མི་འགྱུར་བས་སེམས་ངང་ལ་གནས་པ་ཉིད་ཀྱིས་དེ་མཐའ་དག་ཞི་ཞིང་དག་པར་འགྱུར་ལ། །དག་པ་ན་ཡོན་ཏན་རྣམས་དེའི་བཞིན་ཡིན་པས་ངང་གིས་འཕེལ་བར་འགྱུར་ཏེ། ཁྱིམ་བཅོམ་པས་ནམ་མཁའ་བཞིན་ནོ། །དེ་ལ་དངོས་པོར་།།།མངོན་པར་ཞེན་པའི་གདུལ་བྱ་རྣམས་དྲང་བ་ཕྱིར་རིགས་པ་བརྒྱ་སྟོང་གིས་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པའི་མེད་པར་དགག་པ་རྟོགས་སུ་བཅུག་ནས་མེད་པར་དགག་པ་དེ་ཉིད་ལ་ཆོས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་ལ་སོགས་པའི་མིང་གིས་བཏགས་སོ། །དེའི་ཡུལ་ཅན་གྱི་རྗེས་སུ་དཔག་པའི་ཤེས་པ་ལ་ཡང་དོན་དམ་པའི་ཤེས་པར་ཐ་སྙད་མཛད་དེ། དེ་དག་ནི་དྲང་བའི་དོན་ཙམ་མོ། །དེ་ཅིའི་ཕྱིར་ཞེ་ན༴ དེ་ནི་དགོས་པ་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ་ཡིན། ཞེས་རྗེས་སུ་དཔག་པས་དེའི་རྒྱུན་གྱི་དོན་གྱི་མཆོག་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་དེའི་ཐབས་སུ་གྱུར་པས་རྗེས་སུ་དཔག་པ་ལ་དོན་དམ་པ་ཞེས་བྱ་མོད་ཀྱི། བརྒྱུད་པའི་ཐབས་ཙམ་ལས་དངོས་སུ་ཀྱི་ཐབས་སུ་མི་འགྱུར་ཏེ། རྣམ་པར་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པའི་རྒྱུན་གོམས་པས་མེད་པར་དགག་པའི་ཡུལ་ཅན་གྱི་མངོན་སུམ་སྐྱེ་ལ། དེ་མྱ་ངན་ལས་འདས་པའི་དངོས་ཀྱི་ཐབས་ཡིན་མོད་སྙམ་ན། དེ་ལ་མངོན་སུམ་དེ་སྐྱེས་པའི་ཤེས་བྱའི་ཆོས་རྣམས་མི་འཆར་ན་ཤེས་བྱ་ཤེས་པའི་ཐབས་གཞན་ཞིག་བཙལ་དགོས་པས་དངོས་ཀྱི་ཐབས་སུ་མི་འགྱུར་ལ་

(༨༢༦)ཤེས་པར་བྱ་བ་འཆར་ན་ནི་འདི་མ་ཡིན་པར་དགག་པའི་ཡུལ་ཅན་དུ་འགྱུར་གྱི་མེད་པར་དགག་པའི་ཡུལ་ཅན་དུ་ནི་མི་འགྱུར་རོ། །དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་འཐོབ་སྟེ༴ ཞེས་གསུངས་པའི་དོན་ཡང་མི་སློབ་པའི་ས་ཁོ་ནར་སྦྱར་བ་མ་ཡིན་གྱི། །སློབ་པའི་ལམ་དུ་ཡང་སྦྱར་དགོས་པས། ཤེས་འཆར་བ་མ་གཏོགས་པར། །རྣམ་རྟོག་ཟད་པར་མི་འགྱུར་ཏེ། ཞེས་སྦྱར་བར་བྱ་བ་ཡིན་ནོ། །དེ་བས་ན་སྐབས་འདིར་མེད་པར་དགག་པ་ལ་དམིགས་ནས་ཡོན་ཏན་མཐའ་དག་བོས་པ་བཞིན་དུ་འདུ་བའི་ཕྱིར་ཡོན་ཏན་རང་བཞིན་གྱིས་ལྡན་པ་ཡིན་ནོ་ཞེས་རྗོད་པར་བྱེད་པས་ནི་ཡོན་ཏན་དེ་དག་བློ་བུར་དུ་བྱུང་བར་ལ་མཐོང་བའི་ཕྱིར་རང་བཞིན་གྱིས་ལྡན་པའི་དོན་ལ་མ་རེག་གོ །འོ་ན་ངེས་པའི་དོན་གྱི་དེ་ཁོ་ན་ཉིད་གང་ཞེ་ན། སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བའི་རང་རིག་པ་ཉིད་དོ། །འོ་ན་དེ་སྐད་ཅིག་མར་ནི་སྨྲ་ན། དེ་ཇི་ལྟར་ཀུན་རྫོབ་མ་ཡིན་ཞེ་ན༴ མ་ཡིན་ཏེ། ཀུན་རྫོབ་ཀྱི་སྒྲའི་དོན་དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པ་མ་ཡིན་པའི་ཕྱིར་དང་༴ དེ་ལ་དམིགས་ནས་ཀུན་ནས་ཉོན་མོངས་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །རིགས་པས་དཔྱད་མི་བཟོད་པ་ཉིད་ཀྱིས་ཀུན་རྫོབ་ཏུ་འགྱུར་བ་ཡང་མ་ཡིན་ཏེ། མྱུ་གུ་ལ་སོགས་པ་འཇལ་བའི་ཚད་མས་དེ་ལ་དངོས་པོར་འཛིན་པའི་སྒྲོ་འདོགས་མི་ཁེགས་པས་རིགས་པས་དཔྱད་པར་བྱ་དགོས་ན་མཚན་མ་དང་སྤྲོས་པ་ཅི་ཡང་མ་ཡིན་པའི་རིག་པ་ཉིད་ཚད་མས་མཐོང་ན་ཚད་མ་དེ་ཉིད་ཀྱིས་སྤྲོས་པ་མཐའ་དག་

(༨༢༧)འགོག་ནུས་པའི་ཕྱིར་སླར་དཔྱོད་པར་བྱེད་པའི་རིགས་པ་བཅུག་པས་བསྐྱེད་དུ་བྱ་བའི་ཞིག་ཡོད། དེས་ན་དེ་ཉིད་ལ་དོན་དམ་པའི་བ་དེན་པའི་མིང་གི་རྣམ་གྲངས་མང་པོ་རྣམས་སྦྱར་བར་བྱ་བར་སློབ་དཔོན་ཨཱདྱ་དེ་བས་གསུངས་པ་ཡིན་ནོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་གསུངས་པའི་ཆོས་ཀྱི་དབྱིངས་དང་ཆོས་སྐྱོན་མེད་པ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་རྣམས་ཀྱང་བདེ་བར་གཤེགས་པའི་སྙིང་པོ་ཉིད་ལ་སྦྱར་བར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ལ་འཇུག་སྟེ། ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཞེས་བྱ་བ་ལ་སོགས་པ་ནས། བློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་གོ་རིམས་བཞིན་དུ་མ་དག་པའི་གནས་སྐབས་དང་། སྐྱེ་འཆི་ན་དང་རྒ་བ་པས་གྲོལ་བ་དང་། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་གོ་རིམས་བཞིན་དུ་མ་དག་པ་དང་དག་པའི་གནས་སྐབས་ཏེ། གནས་སྐབས་གཉིས་པོ་དེ་དག་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་དང་ལྡན་དུ་ཟིན་ཀྱང་དེ་དག་བློ་བུར་བ་ཡིན་པས་རང་བཞིན་ལ་མ་ཞུགས་པའི་ཕྱིར་དང་ །ཚིགས་སུ་བཅད་པ་བཅུ་བཞི་པ། གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། ཞེས་བྱ་བ་ལ་སོགས་པས་ནི་ཤིན་དུ་རྣམ་པར་དག་པའི་གནས་སྐབས་ན་དོན་དམ་པའི་བདེན་པར་གཏོགས་པས་བ་སམ་གྱིས་མི་ཁྱབ་པ། གྲངས་གང་གའི་ཀླུང་གི་བྱེ་མ་ལས་འདས་པའི་སངས་རྒྱས་ཀྱི་ཁྱད་པར་གྱི་ཆོས་དང་ལྡན་དུ་ཟིན་ཀྱང་

(༨༢༨)མངོན་སུམ་གྱི་བློ་དག་པའི་ཁམས་དང་དབྱེ་བ་བྱར་མེད་ལ། མངོན་སུམ་ལ་།།།གཞན་པའི་ཤེས་པས་ཁམས་དང་བྲལ་བར་མི་ཤེས་པའི་ཕྱིར་རང་བཞིན་ཉིད་ཀྱིས་ལྡན་པའི་ཕྱིར་རྒྱུན་སྔར་མེད་གསར་བྱུང་གི་འགྱུར་བ་མ་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པའི་ཁམས་ནམ་མཁའ་སྤྲིན་གྱིས་བཀབ་པ་དང་སྤྲིན་ལས་གྲོལ་བའི་གནས་སྐབས་གཉིས་ལ་ངང་ཚུལ་འགྱུར་བ་མེད་པ་ལྟར་སྔ་མ་འཁོར་བ་དང་ཕྱི་མ་རྣམ་པར་བྱང་བའི་གནས་སྐབས་སུ་གཏན་འགྱུར་བ་མེད་པར་བསྟན་ཏོ། །དེ་ལ་མ་དག་པའི་གནས་སྐབས་ན་འགྱུར་བ་མེད་པའི་མཚན་ཉིད་ལས་བརྩམས་པའི་ཚིགས་སུ་བཅད་པ་བཅུ་གཉིས་པོ་གང་དག་ཡིན་ཞེ་ན་ནི་དྲི་བའོ། །ལན་ནི༴ ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེ་བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་གོས་པ་མེད། །ཇི་ལྟར་འཇིག་རྟེན་ཐམས་ཅད་དུ༴ །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་འདི་ནི་འཆི་བ་དང་། །ན་དང་རྒ་བའི་མེས་མི་འཚིག །ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་།།།རྟག་ཏུ་གནས། །ཚུལ་བཞིན་

(༨༢༩)མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ས་དང་འདྲ་བར་ཕུང་པོ་དང་། སྐྱེ་མཆེད་ཁམས་རྣམས་ཤེས་པར་བྱ། །ཆུ་ཁམས་དང་འདྲར་ལུས་ཅན་གྱི། །ལས་དང་ཉོན་མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །རླུང་གི་ཁམས་དང་འདྲ་བར་བལྟ་རང་བཞིན་ནམ་མཁའི་ཁམས་བཞིན་དུ། །དེ་གཞི་ཅན་མིན་གནས་པ་མེད། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱི། །ལས་པ་ཉོན་མོངས་རབ་ཏུ་ཕྱེ། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང་། །དེ་འཇིག་པ་དང་ཆགས་པ་ལྟར། །སྐྱེ་དང་འཇིག་པར་འགྱུར་བ་ཡིན། །སེམས་ཀྱི་རང་བཞིན་ནམ་མཁའ་ཡི། ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། ཆོ་གས་པ་མེད་ཅིང་སྐྱེ་བ་དང་། འཇིག་དང་གནས་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །བློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། ཞེས་བྱ་བ་དག་སྟེ། འདི་ལ་ཚིགས་སུ་བཅད་པ་དང་པོས་ནི་མདོར་བསྟན་ཏོ། །ཚིགས་སུ་བཅད་པ་གཉིས་པ་དང་གསུམ་པས་ནི་རྒྱས་པར་བཤད་དོ། །བཞི་པ་ནས་ཤིན་དུ་ཡང་རྒྱས་པར་བཤད་དེ། དེ་ལ་ཡང་ཚིགས་སུ་བཅད་པ་ལྔས་སྐྱེ་བས་མི་གོས་པར་བསྟན་ལ་ལྷག་མ་བཞིས་ནི་འཇིག་པས་ཀྱང་

(༨༣༠)མི་གོས་པར་བསྟན་ཏོ། །མདོར་བསྟན་པ་ནི་ཏིལ་ལ་སོགས་པའི་ཕུང་པོ་རགས་པ་ཉིད་ཀྱི་ཕྱིར་ཙམ་པ་ཀ་ལ་སོགས་པའི་དྲིས་གོས་པར་འགྱུར་གྱི་ཇི་ལྟར་ནམ་མཁའ་ནི་གཟུགས་ཅན་ཀུན་དུ་སོང་ཡང་དབང་པོས་མི་སོད་དེ། ཤིན་དུ་ཕྲ་བ་ཉིད་ཀྱི་ཕྱིར་གཟུགས་ཅན་གཞན་རྣམས་ཀྱིས་གོས་པར་མི་འགྱུར་ཏེ། ཙམ་པ་ཀ་ལ་སོགས་པའི་དྲི་མི་འཛིན་ཏེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རྟེན་ནམ་གནས་ཆོས་ཀྱི་དབྱིངས་ནི་སེམས་ཅན་ཐམས་ཅད་དུ་སོང་ཡང་ཕྲ་བའི་ཕྱིར་བག་ཆགས་ཀྱི་དྲི་འཛིན་པར་མི་བྱེད་དེ། བག་ཆགས་དང་བྲལ་ནས་ཀྱང་ལོགས་ཤིག་ཏུ་གནས་པར་ནུས་སོ། །དེ་རྒྱས་པར་བཤད་པ་ནི་ཇི་ལྟར་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུ་ནི་སྐྱེ་ན་ཡང་ནམ་མཁའ་ལ་སྐྱེ་ལ། འཇིག་ན་ཡང་ནམ་མཁའ་ཉིད་དུ་འཇིག་སྟེ། དེ་བཞིན་དུ་ནང་གི་དབང་པོ་ལ་སོགས་པའི་བཅུད་རྣམས་ཀྱང་སྐྱེ་ན་ཡང་འདུས་མ་བྱས་པའི་དབྱིངས་ཉིད་ལ་སྐྱེ་ཞིང་འཇིག་ན་ཡང་དེ་ཉིད་དུ་འཇིག་སྟེ། སེམས་ཅན་རྣམས་མའི་མངལ་དུ་སྤྱིའི་མཚན་ཉིད་རྣམ་པར་མི་རྟོག་པའི་དབྱིངས་ཀྱི་ཕྱོགས་ཙམ་མཐོང་ལ། འཆི་བའི་དུས་ན་ཡང་ཕྱོགས་ཙམ་མཐོང་སྟེ། བཅས་པ་དང་དར་མ་དང་རྒས་པ་ལ་སོགས་པའི་གནས་སྐབས་སུ་ཡང་དབང་པོ་ཐམས་ཅད་རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་སོ། །དེས་ནི་ཀུན་དུ་སོང་བའི་དོན་བསྟན་ལ། གོས་པ་མེད་པའི་དོན་ཡང་ཇི་ལྟར་ནམ་མཁའ་སྔོན་ཆད་མེ་གསུམ་པོ་རྣམས་ཀྱིས་ནམ་ཡང་ཚིག་པ་མེད་ཅིང་མ་འོངས་པ་ན་ཡང་འཚིག་པར་མི་འགྱུར་རོ། །དེ་བཞིན་དུ་མི་རྟོག་པའི་

(༨༣༡)དབྱིངས་འདི་ནི་འཆི་བ་དང་ན་བ་དང་རྒ་བའི་མེ་རྣམས་ཀྱིས་མི་འཚིག་གོ །དེ་ལ་འཆི་བ་ན་ཡང་མི་རྟོག་པའི་དབྱིངས་སུ་ཐིམ་པ་ཡིན་ལ། ན་བའི་སྡུག་བསྔལ་གྱི་ཟུག་རྡུ་ཡང་མི་རྟོག་པའི་དབྱིངས་ཉིད་ཟུག་རྡུར་ཤར་ལ་རྒས་པ་ན་ཡང་དབྱིངས་ཉིད་རྒས་པའི་རྣམ་པར་གྱུར་པ་ཡིན་ཏེ། དེ་ལས་དགོངས་ནས་སྐྱེས་པ་དང་བུད་མེད་དང་རྒན་པོ་དང་གཞོན་ནུ་དང་མཛེ་ཕོ་ལ་སོགས་པ་ཐམས་ཅད་བླ་མའི་ཐབས་དང་ལྡན་ན་དེ་ཁོ་ན་ཉིད་མཐོང་བར་ནུས་པར་དམ་པ་སངས་རྒྱས་བཞེད་དོ། །བཙན་ལུགས་པ་རྣམས་ཀྱང་གནས་སྐབས་འདི་དག་མན་ངག་གིས་ལམ་དུ་བྱེད་པར་འདོད་དོ། །རྒྱས་པར་བཤད་པ་ནི་དཔེར་ན་ཕྱི་རོལ་ གྱི་སའི་དཀྱིལ་འཁོར་གསེར་གྱི་གཞི་ལ་ཐུག་པ་ནི་ཆུའི་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ལ། ཆུའི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་ལ་གནས་ཤིང་རླུང་གི་དཀྱིལ་འཁོར་ནི་ནམ་མཁའ་ལ་རབ་ཏུ་གནས་སོ། །དེ་ལྟར་ན་འོག་མ་འོག་མ་རྣམས་གོང་མ་རྣམས་ཀྱི་རྟེན་ཡིན་པས་བསྐལ་པའི་ཆའི་བར་དུ་འོག་ཏུ་མི་ལྟུང་ཞིང་ཕྱོགས་སུ་མི་འགྱེས་པའི་བྱ་བ་བྱེད་དོ། །དེ་བཞིན་དུ་སྐྱེ་བ་ན་ཡང་འོག་མ་འོག་མ་ལས་སྟེང་མ་སྟེང་མ་སྐྱེ་བ་ཡིན་ཏེ། དེ་བས་ན་སྐྱེ་བའི་རྟེན་ཡང་ཡིན་ལ། གནས་པའི་རྟེན་ཡང་ཡིན་ནོ། །དེ་ཡང་ཕྱི་རོལ་གྱི་སྣོད་ཐམས་ཅད་ནི་ནམ་མཁའ་ལས་སྐྱེ་ཞིང་ནམ་མཁའི་བདག་ཉིད་དུ་གནས་ལ་འོག་ན་གནས་པའི་ནམ་མཁའ་དང་དཀྱིལ་འཁོར་རྣམས་ལ་རྗེས་སུ་ཞུགས་པའི་ནམ་མཁའ་ནི་རླུང་དང་ཆུ་དག་དང་སའི་དཀྱིལ་འཁོར་ལ་གནས་པ་མ་ཡིན་ཏེ། དེ་དག་མེད་ན་ཡང་དེ་ལ་གནོད་པ་མོད་པའི་

(༨༣༢)ཕྱིར་རོ། །འོག་ཏུ་རླུང་གི་རྟེན་དུ་གྱུར་པའི་ནམ་མཁའ་དེ་ཡང་ནམ་མཁའ་ཁྱད་པར་ཅན་ཏེ། ལས་ཀྱི་མཐུས་བྱིན་གྱིས་བརླབས་པ་སྟེ་ནམ་མཁའ་ཙམ་གྱིས་ནི་འབྱུང་བ་རྣམས་འདེགས་པར་མི་ནུས་སོ། །དེ་ལྟར་ན་སྣོད་ཐམས་ཅད་ནི་སྐྱེ་ན་ཡང་ནམ་མཁའ་ལས་སྐྱེ། གནས་ན་ཡང་ནམ་མཁའི་རང་བཞིན་དུ་གནས། འཇིག་ན་ཡང་ནམ་མཁའ་ཉིད་དུ་འཇིག་སྟེ། སྟོངས་པ་ཞེས་བྱ་བ་ཡང་ནམ་མཁའོ། །དེ་བཞིན་དུ་ས་དང་འདྲ་བའི་ཕུང་པོ་དང་ཁམས་དང་དབང་པོ་རྣམས་ནི་ཆུ་དང་འདྲ་བའི་ལས་དང་ཉོན་མོངས་པ་དག་ལ་གནས་སོ། །ལས་དང་ཉོན་མོངས་པ་ནི་རླུང་དང་འདྲ་བའི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་རྟག་ཏུ་སྟེ་ངེས་པར་གནས་སོ། །ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ནི་རང་བཞིན་གྱིས་དག་པའི་སེམས་ལ་རབ་ཏུ་གནས་སོ། །སེམས་ཀྱི་རང་བཞིན་ནི་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ལ་གནས་པ་མེད་དེ། དེ་དག་མེད་ན་ཡང་སེམས་ཀྱི་རང་བཞིན་ཡོད་པའི་ཕྱིར་རོ། །དེ་ལ་མི་རྟག་པ་ལ་རྟག་པར་འཛིན་པ་དང་། སྡུག་བསྔལ་ལ་བདེ་བར་འཛིན་པ་དང་། བདག་མེད་པ་ལ་བདག་ཏུ་འཛིན་པ་དང་། མི་གཙང་བ་ལ་གཙང་བར་འཛིན་པ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དེ། སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པའི་རྒྱུའོ། །མ་རིག་པ་ནི་ཉོན་མོངས་པ་དང་འདུ་བྱེད་ནི་ལས་ཏེ། གཉིས་པོ་འདི་ནི་ཆུའི་དཔེས་བསྟན་ཏོ། །རྣམ་པར་ཤེས་པ་ནས་སྐྱེ་བའི་བར་ནི་སའི་དཔེས་བསྟན་ཏོ། །རྒ་ཤི་ནི་མེའི་དཔེས་སྟོན་པར་འགྱུར་རོ། །དེ་ལ་ཕྱི་རོལ་དུ་ས་ནི་གསེར་

(༨༣༣)གྱི་གཞི་ལ་བརྟེན་པའི་རི་རབ་དང་གསེར་གྱི་རི་དང་རོལ་པའི་མཚོ་དང་གླིང་བཞི་དང་ལྕགས་རི་སྟེ། ཇི་ལྟར་འོས་པའི་ཁ་དོག་དང་དབྱིབས་ཀྱི་བཀོད་པ་དང་ལྡན་པའོ། །དེ་བཞིན་དུ་ནང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱང་ཇི་ལྟར་རིགས་པར་ཁ་དོག་དང་དབྱིབས་ཀྱི་བཀོད་པ་ཅན་དུ་གནས་ཏོ། །དེ་ལ་ཕུང་པོ་ལྔ་ལས་ཚེར་བ་ལ་སོགས་པ་བཞི་ལ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་རྣམ་པར་ཤེས་པ་དང་ཚེར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པ་རྣམས་ལ་ཡང་ཁ་དོག་དང་དབྱིབས་ཀྱི་བཀོད་པ་ཡོད་དམ་ཞེ་ན། འདི་དག་ལ་ཐ་མལ་པའི་མིག་གིས་གཟུང་བར་བྱ་བའི་བཀོད་པ་མེད་ཀྱང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་བཀོད་པ་ཁྱད་པར་ཅན་ཡོད་པར་ཆོས་རྗེ་འབྲི་ཁུང་བ་བཞེད་དོ། །དེ་ལྟར་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་ས་དང་འདྲ་བར་ཤེས་པར་བྱ་སྟེ། ས་ནི་འཇིག་རྟེན་ཆགས་པའི་ཚེ་སྙིགས་མ་ལས་གཙོ་བོར་གྲུབ་པ་ལྟར་འདི་དག་ལས་དང་ཉོན་མོངས་པའི་རྣམ་པར་སྨིན་པ་ཉིད་དུ་གནས་པ་དང་བཀོད་པ་རགས་པ་ཡིན་པའི་ཕྱིར་རོ། །ལུས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་ནི་ཆུའི་ཁམས་དང་འདྲ་བ་ཡིན་ཏེ། སྲེད་པའི་རླན་དང་བཅས་པའི་ཕྱིར་དང་འོག་ཏུ་ལྟུང་བའི་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ནི་རླུང་གི་ཁམས་དང་འདྲ་བར་ལྟ་སྟེ། དངོས་པོའི་ཇི་ལྟ་བ་ལས་གཞན་དུ་གཡོ་ཞིང་འགྲོ་བའི་ཕྱིར་རོ། །སེམས་ཀྱི་རང་བཞིན་ནི་ནམ་མཁའི་ཁམས་བཞིན་དུ་

(༨༣༤)བལྟ་བར་བྱ་སྟེ། རང་ཉིད་ངང་གིས་འཇུག་པ་ལས་དབང་པོ་དང་དམིགས་པ་ལ་སོགས་པའི་གཞི་རྟེན་བཅས་ནས་དེ་ལ་དམིགས་པ་མེད་པའི་ཕྱིར་རོ། །དེ་དག་གིས་སྐྱེ་བས་མི་དགོས་པར་བསྟན་ཏོ། །ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ནི་སེམས་ཀྱི་རང་བཞིན་ཁོ་ན་ལས་བྱུང་ཞིང་དེ་ལ་གནས་ཏེ། ཇི་ཙམ་དུ་འཕྲོ་ཞིང་རྒྱུག་ཀྱང་སེམས་ཀྱི་རང་བཞིན་ལས་གཞན་དུ་འཕྲོ་བའི་གནས་མེད་པ་ཡིན་ནོ། །ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱིས་ནི་ཉོན་མོངས་པ་བྱེ་བྲག་ཏུ་བྱེ་ཞིང་བསྐྱེད་ལ། དེ་ལས་བྱེ་བྲག་ཏུ་ཕྱེ་ཞིང་བསྐྱེད་པ་ཡིན་ནོ། །ལས་དང་ཉོན་མོངས་པ་ཆུ་དང་འདྲ་བ་ལས་ཟག་པ་དང་བཅས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འབྱུང་བས་ཕྱི་རོལ་དང་ཆོས་མཐུན་ནོ། །དེ་ཡང་རང་བཞིན་རྣམ་དག་གི་ཁམས་ལས་previous hit ཀུནགཞིརྣམ་པར་ཤེས next hit་པ་བྱུང་ཞིང་དེ་ལས་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དག་འབྱུང་ཡང་འདིར་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་རང་བཞིན་གྱིས་དག་པའི་ཁམས་ཉིད་ལས་འབྱུང་བར་བསྟན་པ་ནི་ཕྱི་རོལ་གྱི་རླུང་ལ་སོགས་པ་ཐམས་ཅད་ལ་ནམ་མཁའ་རྗེས་སུ་ཞུགས་ཤིང་ནམ་མཁའི་བདག་ཉིད་ཡིན་པར་བརྗོད་པ་བཞིན་དུ་ནང་གི་ཕུང་པོ་ལ་སོགས་པའི་མཐར་ཐུག་པའི་རིམ་པ་ཐམས་ཅད་རང་བཞིན་གྱིས་དག་པའི་སེམས་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་ལས་རྣལ་འབྱོར་པ་རྣམས་ཡིད་ལ་བྱེད་པའི་ཚེ་ཀུན་གཞི་ནི་རྣམ་པར་མི་རིག་པས་ཅི་ཡང་བྱར་མེད་ལ། རྩ་བའི་ཀུན་དུ་རྟོག་པ་ཉིད་དག་པའི་ཁམས་ཀྱི་རང་བཞིན་ཏེ། འོད་གསལ་བར་ཉམས་སུ་བླངས་པ་

(༨༣༥)ལས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལོག་སྟེ། དེ་ལས་འཁོར་བའི་ཆོས་རྣམས་བཟློག་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་དགོངས་ནས་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དང་སེམས་ཀྱི་དག་པ་ཉིད་སྦྱོར་བར་མཛད་དོ། །སྣོད་ཀྱི་འཇིག་རྟེན་དེ་དག་འཆགས་པ་དང་འཇིག་པ་ལྟར་ནང་གི་ཆོས་རྣམས་ཀྱང་སྲིད་པ་རེ་རེར་སྐྱེ་ཞིང་འཇིག་ཅིང་ཤི་ནས་སྲིད་པ་གཞན་དུ་འགྲོ་བ་ཡིན་ནོ། །ཕྱི་རོལ་གྱི་ནམ་མཁའི་ཁམས་འཆགས་པ་དང་འཇིག་པ་མེད་པ་ལྟར་དག་པའི་སེམས་ཀྱི་རང་བཞིན་ཀྱང་ཀུན་དུ་རྟོག་པ་ལ་སོགས་པའི་རྒྱུ་དང་རྐྱེན་གྱིས་དེའི་རྒྱུན་བསྐྱེད་པ་མེད་དེ། དེ་ཡང་སྐད་ཅིག་གི་ཆོས་ཡིན་པ་ཉིད་ཀྱིས་གཏན་ནས་མ་སྐྱེས་ན་ནི་དོན་བྱེད་པར་མི་རུང་བར་ཐལ་བས་ན་བཟོ་བོ་དང་ལས་མི་འདུས་ནས་ཁང་བཟང་བྱེད་པ་ལྟ་བུའི་འཕྲལ་གྱི་རྒྱུ་དང་རྐྱེན་ཚོགས་ནས་དག་པའི་སེམས་བྱེད་པར་རྩོམ་པ་མེད་ཅིང་དེའི་རྒྱུན་ཚོགས་པ་ལས་སྐྱེས་པ་མེད་ཅིང་ཚོགས་པས་འཇིག་པ་ཡང་ཡོད་པ་ཡང་མ་ཡིན་ནོ། །འཕྲལ་གྱི་རྒྱུ་དང་རྐྱེན་ཚོགས་ཤིང་འདུས་ནས་བྱེད་པ་མེད་པའི་ཕྱིར་འདུས་མ་བྱས་སུ་ཡང་བརྗོད་དོ། །དེ་བཞིན་དུ་ཚོགས་པས་གཟུང་བའི་གནས་པ་ཡང་ཡོད་པ་མ་ཡིན་ཏེ། ཚོགས་པ་མེད་ན་ཡང་གནས་པའི་ཕྱིར་རོ། །ཕྱི་རོལ་གྱི་རྫ་བཅག་ན་རྒྱང་རིང་དུ་འོད་འཕྲོ་བའི་བུམ་པའི་ནང་གི་མར་མེ་ལྟར་ཡུལ་དང་དབང་པོ་ལ་མི་ལྟོས་པར་སྒྲིབ་པར་བྱེད་པ་མེད་པ་ཙམ་གྱིས་རྒྱ་ཆེར་འབར་བར་འགྱུར་བའི་སེམས་ནི་རང་བཞིན་གྱིས་འོད་གསལ་བའོ། །འོད་གང་ཡིན་པ་

(༨༣༦)དེ་ནི་ནམ་མཁའི་ཁམས་ཆོས་འགའ་ཞིག་གིས་འཕེལ་བ་དང་འགའ་ཞིག་གིས་འབྲིད་པའི་རྣམ་པར་འགྱུར་བ་མེད་པ་བཞིན་དུ་འདི་ཡང་སྐྱོན་གྱིས་རྣམ་པར་འགྱུར་བ་མེད་དེ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལས་བྱུང་བའི་འདོད་ཆགས་དང་སོགས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་མཐར་ཐུག་པའི་བློ་བུར་གྱི་དྲི་མ་རྣམས་ཀྱིས་ཉོན་མོངས་ཅན་དུ་བྱེད་ནུས་ན་འགྱུར་སྲིད་པ་ལས་ཉོན་མོངས་ཅན་དུ་འགྱུར་མི་སྲིད་པའི་ཕྱིར་ཏེ་རྒྱུ་མ་དམིགས་པའི་གཏན་ཚིགས་སོ། །དེ་ལྟར་རྩ་བ་ལྟ་བུའི་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་ནམ་མཁའི་དཔེ་འདིས་མ་དག་པའི་གནས་སྐབས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནམ་མཁའ་ཇི་ལྟ་བར་རྣམ་པར་འགྱུར་བ་མེད་པའི་ཆོས་ཉིད་དུ་བ་སྟན་པ་དེ་བསྡུས་ནས་བརྗོད་པ་ནི། ལས་དང་ཉོན་མོངས་།།།བུ་ཚོགས་ཀྱིས། །འདི་ནི་མངོན་པར་འགྲུབ་མིན་ཏེ། །འཆི་དང་ན་དང་རྒ་བའི་མེ། །མི་བཟད་པས་ཀྱང་འཚིག་མི་འགྱུར། ཞེས་བྱ་བ་སྟེ། ཁམས་འདི་ནི་ལས་དང་ཉོན་མོངས་པའི་ཆུའི་ཚོགས་ཀྱིས་ཕུང་པོ་ལ་སོགས་པ་ལྟར་མངོན་པར་འགྲུབ་པ་མ་ཡིན་ཏེ། འཆི་བ་དང་ན་བ་དང་རྒ་བའི་མེས་ཕུང་པོ་ལ་སོགས་པ་འཚིག་ཅིང་འཇིག་པར་བྱེད་པ་ལྟར་ནི་ཁམས་འདི་ནི་མེ་ཆུང་ངུ་ལྟ་ཞོག །མི་བཟད་པ་དྲག་པོས་ཀྱང་ཚིག་པ་དང་འཇིག་པར་མི་འགྱུར་རོ། །ཇི་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རླུང་གི་དཀྱིལ་འཁོར་ལས་བྱུང་བ་ལས་དང་ཉོན་མོངས་པའི་ཆུ་ལ་བརྟེན་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འཇིག་རྟེན་སྐྱེས་པས་སེམས་ཅན་གྱི་རང་བཞིན་གྱི་ནམ་མཁའ་ཆགས་པར་འགྱུར་བ་མ་ཡིན་པ་དེ་བཞིན་

(༨༣༧)དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལས་དང་ཉོན་མོངས་པའི་རླུང་དང་ཆུའི་ཕུང་པོ་ལ་གནས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་འཇིག་རྟེན་འཇིག་པར་བྱེད་པ་འཆི་བ་དང་ན་དང་རྒ་བའི་མེའི་ཚོགས་སྐྱེས་པས་ཀྱང་དེ་མི་འཇིག་པར་རིག་པར་བྱའོ། །དེ་ལྟར་མ་དག་པའི་ནས་སྐབས་ན་སྣོད་ཀྱི་འཇིག་རྟེན་བཞིན་དུ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མཐའ་དག་སྐྱེ་བ་དང་འཇིག་པས་ཀྱང་འདུས་མ་བྱས་པ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ནམ་མཁའ་བཞིན་དུ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཤིན་དུ་མི་འགྱུར་བའི་ཆོས་ཉིད་དུ་བསྟན་པ་ཡིན་ནོ། ཞེས་བྱ་བ་ལ། ཇི་ལྟར་ཚུལ་བཞིན་མ་ཡིན་པ་ཞེས་བྱ་བ་ནས། དེ་མི་འཇིག་པར་རིག་པར་བྱའོ། །ཞེས་བྱ་བའི་བར་གྱིས་ནི་ཁམས་འདི་ཕུང་སོགས་འཇིག་པར་བྱེད་པའི་རྐྱེན་རྣམས་ཀྱིས་མི་འཇིག་སྟེ་ཕུང་སོགས་སྐྱེད་པར་བྱེད་པའི་རྐྱེན་རྣམས་ལས་མ་སྐྱེས་པའི་ཕྱིར་ཞེས་བྱ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས་སྐྱེ་བ་འགགས་པས་རྒ་ཤི་འགག་པའི་བར་གྱིས་རིགས་པ་བསྟན་པའོ། །དེ་ལྟར་མ་དག་པའི་གནས་སྐབས་ན་ཞེས་བྱ་བ་ནས། ཆོས་ཉིད་དུ་བསྟན་པ་ཡིན་ནོ། ཞེས་བྱ་བའི་བར་གྱིས་ནི་ལས་དང་ཉོན་མོངས་པ་དང་སྐྱེ་བའི་ཉོན་མོངས་པ་ནི་ཕུང་པོ་ལ་སོགས་པ་སྟེ་དེ་རྣམས་སྐྱེ་བ་ལྟར་ཁམས་འདི་མི་སྐྱེ་ཞིང་དེ་རྣམས་འཇིག་པ་ལྟར་ཁམས་འདི་མི་འཇིག་སྟེ། འཁོར་བའི་སྐྱེ་འཆི་ལས་གྲོལ་ནས་ཀྱང་འདིའི་རྒྱུན་འཇིག་པ་མེད་པའི་ཕྱིར་ཤིན་དུ་འཇིག་པ་མེད་པ་ཡིན་ནོ་ཞེས་བསྟན་ཏོ། །

(༨༣༨)དོན་འདི་དག་ཀྱང་རང་བཟོར་མ་ཡིན་གྱི་རང་བཞིན་གྱིས་རྣམ་པར་དག་པའི་སྒོའི་ཆོས་སྣང་བའི་སྒོ་ལས་བརྩམས་པ་ནམ་མཁའི་དཔེ་འདི་རྒྱས་པར་ནི་ནམ་མཁའ་མཛོད་ཀྱི་མདོ་ཇི་ལྟ་བ་བཞིན་དུ་བྲིས་པ་ཡིན་པར་རྟོགས་པར་བྱ་སྟེ། དྲང་སྲོང་ཆེན་པོ་ཉོན་མོངས་པ་ནི་མུན་པ། རྣམ་པར་དག་པ་ནི་སྣང་བའོ། །ཉོན་མོངས་པ་ནི་སྟོབས་ཆུང་བ། ལྷག་མཐོང་ནི་སྟོབས་དང་ལྡན་པའོ། །ཉོན་མོངས་པ་ནི་བློ་བུར་བ། རང་བཞིན་གྱིས་རྣམ་པར་དག་པ་ནི་རྩ་བའོ། །ཉོན་མོངས་པ་ནི་ཀུན་དུ་བརྟགས་པ། རང་བཞིན་ནི་ཀུན་དུ་མ་བརྟགས་པའོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། ས་ཆེན་པོ་འདི་ནི་ཆུ་ལ་གནས་པ། ཆུ་ནི་རླུང་ལ་རབ་ཏུ་གནས་པ། རླུང་ནི་ནམ་མཁའ་རབ་ཏུ་གནས་པ་ཡིན་ལ། ནམ་མཁའ་ནི་གནས་པ་མེད་པའོ། །དེ་བཞིན་དུ་ཁམས་བཞི་པོ་འདི་རྣམས་ལས་སའི་ཁམས་དང་ཆུའི་ཁམས་དང་རླུང་གི་ཁམས་པས་ནི་ནམ་མཁའི་ཁམས་ཉིད་སྟོབས་དང་ལྡན་པ་བརྟན་པ་མི་གཡོ་བ་འགྲིབ་པ་མེད་པ། སྐྱེ་བ་མེད་པ་འགག་པ་མེད་པ་སྟེ། རང་གི་ངང་གིས་གནས་པའོ། །དེ་ལ་ཁམས་གསུམ་པོ་གང་ཡིན་པ་དེ་དག་ནི་སྐྱེ་བ་དང་འཇིག་པ་དང་ལྡན་པ། མི་གནས་པ༴ བརྟན་པ་མི་གཡོ་བ་འགྲིབ་པ་མེད་པ། སྐྱེ་བ་མེད་པ་འགག་པ་མེད་པ་སྟེ། རང་གི་ངང་གིས་གནས་པའོ། །དེ་ལ་ཁམས་གསུམ་པོ་གང་ཡིན་པ་དེ་དག་ནི་སྐྱེ་བ་དང་འཇིག་པ་དང་ལྡན་པ། མི་གནས་པ༴ ཡུན་རིང་དུ་མི་གནས་པ་སྟེ། འདི་དག་ལ་ནི་རྣམ་པར་འགྱུར་བ་མཐོང་གི་ནམ་མཁའི་ཁམས་ལ་ནི་རྣམ་པར་འགྱུར་བ་གང་ཡང་མེད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ནི་ལས་དང་ཉོན་མོངས་པ་ལ་རབ་ཏུ་གནས་པའོ། །ལས་དང་ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་རབ་

(༨༣༩)ཏུ་གནས་སོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ལ་རབ་ཏུ་གནས་པའོ། །དེས་ན་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་སྟེ། བློ་བུར་གྱི་ཉེ་བའི་ཉོན་མོངས་པས་སྙོན་མ་མོངས་པའོ་ཞེས་བརྗོད་དོ། །དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གང་ཡིན་པ་དང་། ལས་དང་ཉོན་མོངས་པ་གང་ཡིན་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་གང་ཡིན་པའི་ཆོས་འདི་མཐའ་དག་ནི་རྒྱུ་རྐྱེན་གྱིས་བསྡུས་པ་སྐྱེ་དང་བྲལ་ན་འགག་པར་འགྱུར་གྱི་རང་བཞིན་གང་ཡིན་པ་དེ་ནི་རྒྱུ་མེད་པ་རྐྱེན་མེད་པ་ཚོགས་པ་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་ལ་ནམ་མཁའི་ཁམས་ཇི་ལྟ་བ་དེ་ལྟར་ནི་རང་བཞིན་ནོ། །རླུང་གི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ཆུའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ལས་དང་ཉོན་མོངས་པའོ། །སའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་དོ། །དེས་ན་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ་ཆད་པ་སྟེ། སྙིང་པོ་བསྟེ་པའི་རྩ་བ་ཅན། མི་གནས་པའི་རྩ་བ་ཅན། དག་པའི་རྩ་བ་ཅན། རྩ་བ་མེད་པའི་རྩ་བ་ཅན་ནོ། །འོའོ། ཞེས་བྱ་བ་འདི་ལ་འདིར་དྲངས་ལའི་ཚིག་གི་ཐོག་མར། ཀྱེ་གྲོགས་པོ་དག་ཉོན་མོངས་པ་ནི་ཡུལ་ལའང་མི་གནས་ཤིང་ཕྱོགས་ན་ཡང་མི་གནས་ཏེ། ཉོན་མོངས་པ་ནི་བརྩེགས་པའང་མེད། ཕུང་པོའི་དངོས་པོ་ཡང་མེད་དོ། །ཚུལ་བཞིན་མ་ཡིན་པ་བྱུང་

(༨༤༠)བས་ཉོན་མོངས་པ་བྱུང་ངོ་། །ཚུ་།།།འབུ་བཞིན་བྱུང་བས་རྣམ་པར་དག་པ་བྱུང་ངོ་། །དེ་ལ་དེ་ལྟར་ཀུན་ནས་ཉོན་མོངས་པ་འབྱུང་བ་དེ་ཚུལ་བཞིན་བརྟགས་ན་རྣམ་པར་དག་པ་འབྱུང་བར་འགྱུར་རོ། །ངས་འདི་ལས་དགོངས་ཏེ་ལོག་པར་ལྟ་བ་ལོག་པར་ལྟ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ན། དེ་དེའི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་ཚིག་འདི་སྨྲས་སོ། །ནམ་ཡང་ལོག་པར་ལྟ་བ་ཞེ་ཡང་དག་པའི་ལྟ་བར་མ་གྱུར་མི་འགྱུར་འགྱུར་བ་མེད་དོ། །འོན་ཀྱང་ཇི་ལྟར་ལོག་པར་ལྟ་བ་ལ་ལོག་པར་ལྟ་བར་རིག་ནས་དེ་ལ་མི་གནས་རབ་ཏུ་མ་གནས་སྤྱོད་པ་མེད་པ་དེ་ན། ཡང་དག་པར་ལྟ་བའི་ལམ་ལ་འཇུག་པ་སྟེ། འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཞེས་ཀྱང་འབྱུང་སྟེ། ནམ་མཁའ་མཛོད་ཀྱི་མདོར་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་རང་གི་ནམ་མཁའི་མཛོད་དེ་བདུད་སྡིག་ཅན་ལ་བསྟན་པ་ན་བདུད་ཀྱིས་བྱང་ཆུབ་སེམས་དཔའ་ལ་མཛོད་དེ་བསུངས་སོ། །བྱང་ཆུབ་སེམས་དཔས་ཁྱོ་བྱང་ཆུབ་ཏུ་སེམས་བསྐྱེས་པ་ན་མཛོད་སྦྱིན་ནོ་ཞེས་སྨྲས་པས་བདུད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེས་དེ། མྱུར་དུ་ཆོས་ཀྱི་སྣང་བ་ཐོབ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་མཐོང་ནས་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ལ་སོགས་པའི་ལྷ་རྣམས་བདུད་ཀྱི་ལས་དེ་སྙེད་བརྒྱས་ཀྱང་བཅོམ་ལྡན་འདས་མཐོང་བས་བྱང་ཆུབ་ཏུ་ལུང་སྟོན་པ་འདི་ནི་ངོ་མཚར་ཏེ། གང་ཟག་གིས་གང་ཟག་གི་དྲོད་གཟུང་བར་དཀའོ་སྙམ་པ་ལ་བཅོམ་ལྡན་འདས་ཀྱིས་ཚུལ་

(༨༤༡)བཞིན་ཡིད་ལ་བྱས་ན་དེ་ཤིན་དུ་སྟོབས་དང་ལྡན་པས་ཡུན་རིང་དུ་བསགས་པའི་སྡིག་པའི་ལས་དང་དེ་སོག་པའི་ཉོན་མོངས་པ་རྣམས་གཞོམ་པར་སླའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་བརྒྱ་བྱིན་ལ་སོགས་པ་རྣམས་ལ་གྲོགས་པོ་དག་ཅེས་བོས་ནས་ཉོན་མོངས་པ་རྣམས་ནི་སེམས་མ་གཏོགས་པའི་གནས་སམ་རྟེན་ཞིག་ཡོད་ན་བསལ་བར་དཀའ་ཡང་ཡུལ་འདི་ནའང་མི་གནས་ཤིང་ཕྱོགས་གཞན་ན་ཡང་མི་གནས་ལ། རང་གི་དབང་པོ་སོགས་ལའང་མི་གནས་ཤིང་རྟེན་ས་གཞན་མེད་ཀྱི་སེམས་ལ་གནས་པ་ཉིད་དོ། །སེམས་ལ་གནས་པའི་ཚེའང་སྔ་ཕྱི་ཡུན་རིང་དུ་བསགས་པའི་དཔུང་ཡང་མེད་ལ། ད་ལྟར་མཉམ་དུ་འདུས་པའི་ཕུང་པོའི་དཔུང་ཡང་མེད་དེ། གཞོམ་པར་མི་སླ་བ་མ་ཡིན་ནོ། །སེམས་ལ་གནས་མོད་ཀྱི་སེམས་ཉིད་ཚུལ་བཞིན་མ་ཡིན་པའི་ཡིད་དུ་བྱུང་བས་ཉོན་མོངས་སུ་བྱུང་བ་ཡིན་ན། ད་ཚུལ་བཞིན་ཡིད་ལ་བྱས་ན་ཉོན་མོངས་པ་དེ་རྒྱུ་དང་བཅས་པར་སེམས་ལ་མི་གནས་ཏེ། དེ་བས་ན་ཚུལ་བཞིན་ཡིད་ལ་བྱའོ༴ དེས་ལས་དང་ཉོན་མོངས་པ་རྣམ་པར་དག་པ་འབྱུང་བར་འགྱུར་རོ། །དེ་ལ་དེ་ལྟར་ཀུན་ནས་ཉོན་མོངས་པ་འབྱུང་བའི་རྒྱུ་ཚུལ་མིན་ཡིད་བྱེད་དེ་ལ་ཤེས་རབ་ཀྱི་བརྟགས་ན་རྣམ་པར་དག་པ་འབྱུང་བར་འགྱུར་ཏེ། ངས་འདི་ལས་དགོངས་ཏེ་ལོག་པར་ལྟ་བ་ལོག་པར་ལྟ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ན་དེ་དེའི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་ཚིག་འདི་སྨྲས་སོ་ཞེས་ཏེ། ལོག་པར་

(༨༤༢)ལྟ་བ་དེ་ལོག་པར་ལྟ་བ་ཉིད་དུ་ཤེས་པ་ལ་ཐོག་མར་མི་རྟག་པ་ལ་མི་རྟག་པ་དང་སྡུག་བསྔལ་ལ་སྡུག་བསྔལ་ཉིད་ལ་སོགས་པར་ཤེས་དགོས་པས་ཤེས་པ་དེ་གང་ཟག་དེའི་ཡུལ་བདེན་པ་ཤེས་པ་ཡིན་པས་ཡང་དག་པའི་ལྟ་བར་བཀའ་སྩལ་པ་ཡིན་ནོ། ལོག་པར་ལྟ་བ་འདི་ཡང་ནམ་ཞིག་ན་ཡང་དག་པའི་ལྟ་བར་ཡང་འགྱུར་སྲིད་པ་མ་ཡིན་སྙམ་ན། ལོག་པར་ལྟ་བ་ཉིད་ནི་རང་གི་ངོ་བོ་མ་དོར་བར་ཡང་དག་པའི་ལྟ་བར་དུས་གསུམ་དུ་ཡང་མི་འགྱུར་རོ། །འོན་ཀྱང་ལོག་པར་ལྟ་བ་ལ་ལོག་པར་ལྟ་བ་ཉིད་དུ་རིག་ནས་ལོག་པར་ལྟ་བ་ལ་ཡིད་མི་རྟོན་ཏེ་མི་གནས། དེ་དང་མཐུན་པའི་སེམས་གཞན་གྱིས་ཀྱང་གནས་པར་མི་བྱེད། ལོག་པར་ལྟ་བ་དེའི་ཡུལ་ལ་མི་སྤྱོད་ཅིང་སེམས་མི་རྒྱུག །དེ་དང་མཐུན་པའི་སེམས་གཞན་གྱིས་ཀྱང་མི་སྤྱོད་ན་ཞེས་བྱ་བ་ནི་ལོག་པར་ལྟ་བ་ལོག་པར་ལྟ་བར་ཤེས་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི། དེ་ལ་གནས་འཆའ་བ་དང་དེའི་ཡུལ་ལ་སེམས་མངོན་པར་འདུ་བྱེད་པ་བྱུང་ན་གཉེན་པོ་ཚུལ་བཞིན་ཡིད་ལ་བྱེད་པས་དེ་དག་རྣམ་པར་གནོན་ནུས་པར་གྱུར་པ་དེའི་ཚེ་ཡང་དག་པའི་ལྟ་བ་ཡིན་ནོ་ཞེས་པའོ། །དྲང་སྲོང་ཆེན་པོ་ཞེས་པ་ནི་ཡི་གེ་ནོར་པ་ལས་བསྒྱུར་བ་སྟེ། མརྵ་ཞེས་པ་གྲོགས་པོའམ་བཟོད་འོས་ཡིན་པ་ལ། མ་ཧརྵ་ར་ནོར་བ་ཡིན་ནོ། །འདི་སྙམ་དུ་ཐོག་མ་མེད་པ་ནས་སགས་པའི་ཉོན་མོངས་པ་དེ་ཙམ་ཞིག་ད་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ཆུང་ངུ་ཞིག་གིས་ཅི་བཟློགས་སྙམ་པ་ཡིན་ན། དེ་ནི་སྟོབས་ཀྱི་ཁྱད་པར་གྱིས་ཡིན་ཏེ། སྣང་བ་ཆུང་ངུས་མུན་པ་

(༨༤༣)ཆེན་པོ་འཇོམས་པ་ནི་མཐོང་མོད། དེ་ལྟ་ན་ཉོན་མོངས་པ་ནི་མུན་པ་ཡིན་ལ། རྣམ་པར་དག་པ་ཡིད་ལ་བྱེད་པ་ནི་སྣང་བ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་པས་ཡུན་རིང་པོ་ལོན་ཡང་སྟོབས་ཆུང་བས་སྟོབས་ཆེ་བའི་ལྷག་མཐོང་གིས་གཞོམ་པར་ནུས་སོ། །བྲམ་ཟེ་ཆེན་པོས་མུན་ནག་ཆེན་པོར་ཟླ་བའི་ནོར་བུ་ནི། །ཇི་ལྟར་འཆར་བར་བྱེད་པ་དེ་བཞིན་དུ། །མཆོག་ཏུ་བདེ་ཆེན་སྐད་ཅིག་གཅིག་ལ་ནི། །སྙིང་ཁམས་ཅན་གྱིས་སྡིག་པ་མ་ལུས་ཕམ་པར་བྱེད་པའོ། ཞེས་གསུངས་སོ། ཉོན་མོངས་པ་ནི་བློ་བུར་བ་སྟེ། བཙན་དོང་དུ་ཕྱིན་ཅི་ལོག་ཏུ་གཟུང་བ་ཡིན་ལ། རང་བཞིན་གྱིས་རྣམ་པར་དག་པ་ནི་བདེན་པའི་རྩ་བ་ཅན་ནོ། །ཉོན་མོངས་པས་ལོག་པར་གཟུང་བར་མ་ཟད་འཛིན་བྱེད་ཉོན་མོངས་པ་ཉིད་ཀུན་དུ་བརྟགས་པ་ཡིན་ཏེ། བཙལ་ན་མི་རྙེད་དོ། ས་ཆེན་པོ་འདི་ནི་ཆུ་ལ་གནས་སོ་ཞེས་བྱ་བ་ལ་སོགས་པ་ནི་གཞུང་གིས་སྔར་ཉིད་དུ་བཤད་ཟིན་ཏོ། ཁམས་བཞི་ལས་ནམ་མཁའ་ཉིད་ཀུན་དུ་བརྟགས་པ་ཡིན་ཏེ། བཙལ་ན་མི་སྙེད་དོ། ས་ཆེན་པོ་འདི་ནི་ཆུ་ལ་གནས་སོ་ཞེས་བྱ་ལ་སོགས་པ་ནི་གཞུང་གིས་སྔར་ཉིད་དུ་བཤད་ཟིན་ཏོ། ཁམས་བཞི་ལས་ནམ་མཁའ་ཉིད་སྟོབས་དང་ལྡན་ཏེ་ཁམས་བཞི་པོ་ཞིག་ནས་ནི་ནམ་མཁར་འགྱུར་ལ། ནམ་མཁ་ཞིག་ནས་ཁམས་བཞི་པོར་འབྱུར་བ་མེད་དོ། ཁམས་བཞི་པོ་སྐྱེ་བ་ན་རྐྱེན་མང་དུ་ཚོགས་དགོས་ལ། ནམ་མཁའ་ནི་ཚོགས་པ་མེད་པར་རང་གི་ངང་གིས་འབྱུང་བ་ཡིན་ནོ། །དེས་ན་བརྟན་པ་ལ་སོགས་པ་ནི་རྟག་པའི་མིང་གི་རྣམ་གྲངས་སོ། ཁམས་གསུམ་ལས་ནམ་མཁའ་འབྱུང་བར་སྟོབས་ཆེ་བར་

(༨༤༤)བཤད་པའི་དགོངས་པ་ནི་མཚན་མར་འཛིན་པའི་སེམས་ལས་མཚན་མ་མེད་པའི་སེམས་སྟོབས་ཆེ་བར་རྟོགས་པར་བྱ་བའི་ཆེད་དུ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་ཡང་གཞུང་གིས་བཤད་ཟིན་ཏོ། །བློ་བུར་གྱི་ཉེ་བའི་ཉོན་མོངས་པས་སྙན་མ་མོངས་པའོ་ཞེས་བྱ་བ་འདི་ལ་གཞུང་ཁ་ཅིག་ཏུ་ཉོན་མོངས་པའོ་ཞེས་འབྱུང་མོད་ཀྱི། བློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། ཞེས་བྱ་བས་ཉོན་མ་མོངས་པ་ཉིད་དག་པར་མངོན་ནོ། །དེ་ལ་ཀུན་ནས་ཉོན་མོངས་པའི་རྩ་བ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཡིན་ན། དེ་སེམས་ཀྱི་དག་པ་ལ་བརྟེན་ཡང་དམིགས་པའི་རྩ་བ་ཡོངས་སུ་ཆད་དེ་རྩ་བ་མེད་པ་ཡིན་ལ། དེས་ན་སེམས་ཀྱི་དག་པ་རྩ་བ་མེད་པ་དེ་ཉིད་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱི་རྩ་བ་ཡིན་པས་རྩ་བ་མེད་པའི་རྩ་བ་ཅན་ནོ། ཁམས་དེ་ལ་ཚུལ་བཞིན་མ་ཡིན་པའི་ས་བོན་ནམ་སྙིང་པོ་མེད་པས་སྙིང་པོ་མེད་པའི་རྩ་བ་ཅན་ནོ། ཁས་དེ་རང་བཞིན་གྱིས་ཚུལ་བཞིན་མ་ཡིན་པ་དང་བྲལ་བ་ཡིན་པས་དག་པའི་རྩ་བ་ཅན་ནོ། །དེ་ལྟར་ནི་ཕྱི་རོལ་གྱི་རླུང་ལ་སོགས་པ་ཡང་ནམ་མཁའ་ལ་མི་གནས་པའི་ཚུལ་གྱིས་གནས་པར་ཤེས་པར་བྱའོ། །རང་བཞིན་གྱིས་རྣམ་པར་དག་པའི་སྒོ་ཞེས་སོགས་ལ་ཁམས་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ལ། དེ་མཐོང་ན་ཉོན་མོངས་པ་རྣམས་བཟློག་པར་ནུས་པ་ནི་ཁམས་དེའི་ཆོས་

(༨༤༥)ཏེ། དེ་སྣང་བའི་ཤེས་རབ་ལ་ཆོས་སྣང་བ་ཞེས་བྱ་སྟེ། སྔར་བཤད་པའི་སྣང་བ་བརྒྱད་ཀྱི་ཁོངས་སུ་གཏོགས་སོ། །གསུང་རབ་ནི་སྣང་བ་དེ་བསྐྱེད་པའི་སྒོ་ཡིན་པས་ཆོས་སྣང་བའི་སྒོ་ཞེས་བྱའོ། །གསུང་རབ་དེ་ཡང་གཞན་མ་ཡིན་གྱི་ད་ལྟ་ཉིད་དུ་དྲངས་པ་དེ་དག་གོ། མ་དག་པའི་གནས་སྐབས་ན་འགྱུར་བ་མེད་པའི་མཚན་ཉིད་ལས་བརྩམས་ཏེ། རང་བཞིན་ནམ་མཁའ་དང་ཆོས་མཚུངས་པ་དང་། དེ་ལ་བརྟེན་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལས་དང་ཉོན་མོངས་པ་རྣམས་རྒྱུའི་མཚན་ཉིད་ལས་བརྩམས་ནས་རླུང་གི་ཁམས་དང་ཆོས་མཚུངས་པ་དང་ཆུའི་ཁམས་དང་ཆོས་མཚུངས་པ་དང་། དེ་ལས་བྱུང་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་སྨིན་པའི་མཚན་ཉིད་ལས་བརྩམས་ཏེ། སའི་ཁ་དང་ཆོས་མཚུངས་པ་ནི་བཤད་ཟིན་ཏོ། དེ་འཇིག་པའི་རྒྱུ་འཆི་བ་དང་ན་བ་དང་རྒ་བའི་མེ་འགོ་ནད་ཀྱི་མཚན་ཉིད་ལས་བརྩམས་ཏེ་མེའི་ཁམས་དང་ཆོས་མཚུངས་པ་ནི་བ་ཤད་པས་ན་དེ་བརྗོད་པ། དུས་མཐའ་དམྱལ་བ་ཐ་མལ་པའི། །མེ་གསུམ་འཆི་དང་ན་བ་དང་། །རྒ་བའི་མེ་གསུམ་རིམ་བཞིན་དུ། །དེ་དང་དྲ་བར་ཤེས་པར་བྱ། ཞེས་བྱ་བ་ནི་དོན་གསུམ་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་འཆི་བ་ནི་དུས་མཐའི་མེད་དང་། ན་བ་ནི་དམྱལ་བའི་མེ་དང་། རྒ་བ་ནི་ཐ་མལ་པའི་མེ་སྟེ་དཔེ་གསུམ་པོ་དེ་དག་དང་འདྲ་བར་ཤེས་པར་བྱའོ། །འདི་ལྟར་འཆི་བ་དང་ན་བ་དང་རྒ་བ་རྣམ་

(༨༤༦)ནི་གོ་རིམས་བཞིན་རྒྱུ་གསུམ་གྱི་མེ་དང་འདྲ་བ་རིག་པར་བྱ་སྟེ། སྐྱེ་མཆེད་དྲུག་བདག་གི་བ་མེད་པར་བྱེད་པ་དང་། སྡུག་བསྔལ་སྣ་ཚོགས་མྱོང་བར་བྱེད་པ་དང་། འདུ་བྱེད་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །གོ་རིམས་ཇི་ལྟ་བ་བཞིན་དུ་འཆི་བ་ནི་དུས་མཐའི་མེ་དང་འདྲ་སྟེ། འཇིག་རྟེན་ཆགས་པའི་ཚེ་ཚངས་པ་ནི་འཇིག་རྟེན་འདི་དག་ངས་སྤྲུལ་པའོ་སྙམ་དུ་བདག་གིར་བྱེད་ལ། གང་གི་ཚེ་དུས་མཐའི་མེས་ཚངས་པའི་འཇིག་རྟེན་གྱི་བར་མ་ལུས་པར་བསྲེགས་པར་གྱུར་པ་དེའི་ཚེ་ཚངས་པ་ཡང་མེད་པའི་ཕྱིར་བདག་པོ་མེད་པས་བདག་གི་བ་མེད་དོ། །འཆི་བའི་མེས་ཀྱང་རྣམ་པར་ཤེས་པ་དང་ལུས་ཕྲལ་ཏེ་བདག་པོ་རྣམ་ཤེས་མེད་པར་གྱུར་པ་དེའི་ཚེ་སྐྱེ་མཆེད་དྲུག་བདག་གི་བ་མེད་པར་བྱེད་པའི་ཕྱིར་རོ། །ན་བ་ནི་དམྱལ་བའི་མེ་དང་འདྲ་སྟེ། ལུས་ཀྱི་ཆ་ཐམས་ཅད་དུ་སྡུག་བསྔལ་སྣ་ཚོགས་མྱོང་བར་བྱེད་པའི་ཕྱིར་རོ། །རྒ་བ་ནི་ཐ་མལ་པའི་མེ་དང་འདྲ་སྟེ། ཉི་མས་ལོ་ཐོག་སྨིན་པར་བྱེད་པ་དང་ཐབས་ཀྱི་མེས་ཟས་སྨིན་པར་བྱེད་པ་ལྟར། ལུས་ངག་ཡིད་གསུམ་གྱི་འདུ་བྱེད་དེ་བྱ་བ་རྣམས་སྨིན་ཞིང་མྱུར་དུ་འབྲལ་བར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་རྒྱུ་སྟེ་གཏན་ཚིགས་གསུམ་གྱིས་མེ་དང་འདྲ་བར་ཤེས་ཡང་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་ཁམས་དག་པའི་གནས་སྐབས་ན་མི་འགྱུར་བར་མ་ཟད་མ་དག་པའི་གནས་སྐབས་ན་ཡང་འཆི་བའི་མེ་སེམས་ཉམས་པར་བྱེད་ལ། ན་བའི་མེས་ངག་ཉམ་ཆུང་བར་བྱེད་ཅིང་། རྒ་བའི་མེས་ལུས་ཉམས་པར་བྱེད་ཀྱང་མེ་གསུམ་པོ་འདི་དག་གིས་དེ་བཞིན་

(༨༤༧)གཤེགས་པའི་ཁམས་ནི་འཆི་བར་ཡང་མི་འགྱུར་ལ། ན་བར་ཡང་མི་འགྱུར་ཞིང་། རྒས་པར་ཡང་མི་འགྱུར་བ་ཉིད་ལས་བརྩམས་ཏེ། དཔལ་ཕྲེང་གི་མདོར་འདི་སྐད་ཅེས་འབྱུང་སྟེ། བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་དང་སྐྱེ་བ་ཞེས་བགྱི་བ་འདི་ནི་འཇིག་རྟེན་གྱི་ཐ་སྙད་དོ། །བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་འདི་ནི་དབང་པོ་འགགས་པའོ། །བཅོམ་ལྡན་འདས་སྐྱེ་བ་ཞེས་བགྱི་བ་འདི་ནི་དབང་པོ་གསར་པ་རྣམས་འཐོབ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྐྱེ་བའམ་རྒ་བའམ་འཆི་བའམ་འཆི་འཕོ་བ་དང་སྐྱེ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་སྟེ། རྟག་པ་བརྟན་པ་ཞི་བ་གཡུང་དྲུང་ངོ་ཞེས་གསུངས་སོ། །སེམས་ཅན་སྐྱེ་བ་ཞེས་བྱ་བ་དང་སེམས་ཅན་འཆི་བ་ཞེས་བྱ་བ་འདི་ནི་འཇིག་རྟེན་གྱི་ཐ་སྙད་ཙམ་དང་བཏགས་པ་ཙམ་ཡིན་ཏེ། ཤི་བ་ཞེས་པའི་ཐ་སྙད་འདི་ནི་དབང་པོ་རྙིང་པ་རྣམས་འགགས་ཤིང་ཆད་པ་ལ་ལྷ་སྦྱིན་ཤི་འོ་ཞེས་བཏགས་པ་ཡིན་ལ། སྐྱེ་བའམ་སྐྱེས་པ་ཞེས་བྱ་བ་ནི་དབང་པོ་གསར་པ་རྣམས་དང་པོར་ཐོབ་པ་ལ་ལྷ་སྦྱིན་སྐྱེས་ཤེས་བཏགས་པ་ཙམ་མོ། །དེ་ལྟར་ན་ལྷ་སྦྱིན་ཉིད་ཕུང་པོ་ལ་བཏགས་པ་ཙམ་དུ་ཟད་པས་དོན་དམ་པར་སེམས་ཅན་སུ་ཡང་སྐྱེ་བ་དང་འཆི་བ་མེད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་ལ་བདག་ཏུ་བརྗོད་པས་དེ་ལ་སྐྱེ་བ་དང་འཆི་བ་ཡོད་མོད་སྙམ་ན། དེ་བཞིན་གཤེགས་པའི་སྙིང་པོ་ནི་

(༨༤༨)བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན་པས་སྐྱེ་བ་པོའམ་རྒ་བ་པོའམ། འཆི་བ་པོའམ། བར་དོར་འཆི་འཕོ་བ་དང་ཡང་སྲིད་དུ་སྐྱེ་བ་པོ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི་འདུས་བྱས་ཀྱི་མཚན་ཉིད་ནི་སྐྱེ་བ་དང་གནས་པ་དང་རྒ་བ་དང་གཞན་དུ་འགྱུར་བ་ལ་བརྗོད་ན། དེ་དག་གི་ཡུལ་དང་གཞི་རྟེན་མཚན་གཞི་མ་ཡིན་ཞིང་དེ་ལས་འདས་ནས་འདུས་མ་བྱས་པའི་མཚན་ཉིད་ཅན་ནོ། །སྐྱེ་བ་མེད་པས་རྟག་པ། རྒས་པ་མེད་པས་བརྟན་པ། འཆི་བ་མེད་པས་ཞི་བ༴ སྲིད་པ་གཞན་དུ་མཚམས་སྦྱོར་བ་མེད་པས་གཡུང་རུང་ངོ་ཞེས་གསུངས་སོ། །དད་ནི་གནས་སྐབས་གཉིས་པར་འགྱུར་བ་མེད་པ་བསྟན་པའི་ཕྱིར་དེ་ལ་མ་དག་པ་དང་དག་པའི་གནས་སྐབས་ན་འགྱུར་བ་མེད་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ། འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། སྐྱེ་སོགས་འཕོངས་དང་བྲལ་ཡང་དེ་ཡི་རྒྱུས། བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བསྟེན། ཞེས་བྱ་བ་གསུངས་ཏེ། མྱ་ངན་ལས་འདས་པའི་སྡུག་བསྔལ་དང་ཀུན་འབྱུང་གཉིས་ཀྱིས་མ་དག་པ་དང་འཁོར་བའི་སྡུག་བསྔལ་དང་ཀུན་འབྱུང་གཉིས་ཀྱིས་དག་པའི་གནས་སྐབས་ན་ཡང་ཁམས་འགྱུར་བ་མེད་པ་ལས་བརྩམས་ནས་བཤད་པ་ནི་ཁམས་འདིའི་བཅོས་མ་མ་ཡིན་པའི་རང་བཞིན་ཇི་ལྟར་གནས་པ་དེ་བྱང་ཆུབ་སེམས་དཔའ་འཕགས་པས་ཇི་ལྟ་བ་བཞིན་དུ་རྟོགས་སོ། །རང་བཞིན་ཅི་

(༨༤༩)འདྲ་བ་ཞེ་ན༴ འཁོར་བའི་སྐྱེ་བ་དང་འཆི་བ་དང་ན་བ་དང་རྒ་བ་ལས་ངོ་བོ་ཉིད་ཀྱིས་གྲོལ་བའོ། །རྟོགས་པ་དེ་ཐོབ་པས་སྐྱེ་བ་ལ་སོགས་པའི་འཕོངས་པ་སྟེ་ཐར་པའི་བདེ་བ་མེད་པ་ལས་གྲོལ་བར་གྱུར་ཏེ། དག་པའི་གནས་སྐབས་ཐོབ་བོ། །འདི་ནི་མ་འབྲེལ་ཏེ། ཙན་དན་མཐོང་བས་དུག་གི་ཚེར་མ་ལྟས་གྲོལ་ཞེས་པ་ལྟར་ཁམས་སྐྱེ་འཆི་མེད་པར་མཐོང་བས་བྱང་ཆུབ་སེམས་དཔའ་ལ་སྐྱེ་འཆི་མེད་དོ་ཞེས་བྱ་བ་ཇི་ལྟར་འབྲེལ་ཞེ་ན། འཕགས་པ་དགྲ་བ་ཅོམ་པ་རྣམས་ཀྱིས་གང་ཟག་གི་བདག་མེད་པ་རྟོགས་ཏེ། མ་རིག་པ་བ་ཅོམ་པས་དེའི་འབྲས་བུ་ན་བ་དང་རྒ་བ་དང་འཆི་བའི་སྡུག་བསྔལ་མ་འོངས་པ་ན་སྐྱེ་འགྱུར་བཅོམ་ཡང་ད་ལྟ་དེ་གསུམ་དང་མ་བྲལ་བ་ལྟ་བུ་མ་ཡིན་པར་བྱང་ཆུབ་སེམས་དཔས་ཁམས་མངོན་སུམ་དུ་རྟོགས་པ་ན་ཉོན་མོངས་པ་དང་ཕུང་པོ་ཉིད་གདོད་མ་ནས་སྟོང་པར་རྟོགས་པ་ཡིན་པས་རྟོགས་པ་དེའི་འབྲས་བུ་འགོག་པའི་བདེན་པ་ཐོབ་པ་ན་སྐྱེ་སོགས་ཀྱི་སྡུག་བ་སྔལ་མ་འོངས་པ་ལྟ་ཞོག །ད་ལྟར་བ་ཡང་ཟད་པ་ཡིན་ནོ་ཞེས་བྱ་བ་ཡང་ཟད་པ་ཡན་ཞ་ཞེས་བྱ་བ་འདི་ནི་ཉན་ཐོས་ལས་ཁྱད་པར་རོ། །ཐེག་པ་ཆེན་པོ་འདི་ལ་ནི་འཇུག་པར། གང་གིས་སྤྲིན་ཚོགས་དང་མཚུངས་གཏི་མུག་སྟུག་པོ་འཇིག་རྟེན་ལ་ཡོད་པ་དེས་ན་ཡུལ་རྣམས་ལོག་པ་དག་ཏུ་སྣང་བར་འགྱུར། ཇི་ལྟར་རབ་རིབ་མཐུ་ཡིས་འགའ་ཞིག་སྐྲ་ཤད་ཟླ་གཉིས་དང་། རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་ལོག་པར་ཛིན་བྱེད་པ་

(༨༥༠)དེ་བཞིན་དུ་ནི་གཏི་མུག་སྐྱོན་གྱི་དབང་གིས་མི་མཁས་པས། འདུས་བྱས་ལྟ་ཞིག་སྣ་ཚོགས་བློ་གྲོས་ཀྱིས་ནི་རྟོགས་པར་འགྱུར། ཞེས་གསུངས་པ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་ནི་གཏི་མུག་གི་དབང་གིས་ལོག་པར་སྣང་བ་ཁོ་ན་ཡིན་ལ། གཏི་མུག་ཀྱང་ཆོས་ཀྱི་མཚན་མར་འཛིན་པ་སྟེ། དེ་མེད་པས་བྱང་ཆུབ་སེམས་དཔའི་ས་ཐོབ་ནས་མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་ལོག་ཅིང་གནས་གྱུར་ཞེས་བྱ་བ་འདི་ནི་ངེས་པའོ། །འོ་ན་མཐོང་བའི་ལམ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་པ་དང་མ་དག་པའི་ཕུང་སོགས་འགགས་པ་དུས་མཉམ་པ་ཞིག་གམ། ནམ་གྱི་ཚེ་འགགས་སྙམ་ན། མོས་པས་སྤྱོད་པའི་དུས་ནས་འགགས་པ་ཉིད་དེ། མོས་པས་སྤྱོད་པ་དུ་ན་ཆེན་པོ་སྐྱེས་པའི་ཚེ་བསྐལ་པ་ཕྱི་མའི་མཐར་ཐུག་པར་རྣམ་པར་མི་རྟོག་པའི་ཤུགས་ཀྱི་སྣང་བ་ཐོབ་ཅིང་། ཏིང་ངེ་འཛིན་དང་གཟུངས་དང་རིག་པ་གྲངས་མེད་པས་རྣམ་པར་རོལ་བ་དང་། འདིའི་ལུས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནོན་པར་དཀོན་མཆོག་སྤྲིན་ལས་གསུངས་པའི་ཕྱིར་དང་སྦྱོར་བའི་ལམ་བཟོད་པའི་སྐབས་སུ་ལུས་ད་ཨང་ངག་དང་ཡིད་དང་མཚན་དང་ཞིང་དག་པ་ཐོབ་པར་གསུངས་པའི་ཕྱིར་རོ། །གཞན་ཡང་ཉན་རང་དགྲ་བཅོམ་པ་ལྷག་མེད་ལ་གནས་པ་ཐེག་ཆེན་དུ་འཇུག་པ་ན་སྦྱོར་བའི་ལམ་གྱི་སྔོན་རོལ་ནས་འཇུག་པར་སློབ་དཔོན་སངས་རྒྱས་གསང་བས་བཤད་ཅིང་། གཞན་དག་ཀྱང་མང་དུ་བཞེད་པས་དེ་དང་དང་པོ་ཉིད་

(༨༥༡)ནས་ཐེག་པ་ཆེན་པོར་ཞུགས་པ་དག་སྐལ་བ་མཚུངས་པ་མ་ཡིན་པར་ལྷག་མེད་པ་རྣམས་བགྲོད་པ་མྱུར་བར་ཡང་འགྱུར་རོ། །དེ་ལྟ་བས་ན་ཐེག་ཆེན་གྱི་སྦྱོར་བའི་ལམ་གྱི་གནས་སྐབས་ན་ཡང་ཡིད་ཀྱི་རང་བཞིན་གྱི་ལུས་ཡོད་དོ་ཞེས་བྱ་བར་ལུང་ལས་ངེས་པ་ཡིན་ནོ། །དོན་ནི་རྨི་ལམ་དུ་ཤེས་པས་རྨི་ལམ་ཀྱི་མེས་ཚིག་པར་མི་འགྱུར་བ་དང་། ཐག་པར་ཤེས་པས་སྦྲུལ་གྱི་དུག་མི་འཇུག་པ་ལྟར་ཡང་དག་པའི་ཡེ་ཤེས་སྐྱེས་པའི་ཚེ་འཁོར་བའི་ཀུན་འབྱུང་དང་སྡུག་བསྔལ་གཉི་ག་ལས་གྲོལ་བ་ཡིན་ནོ། །དེ་ལྟ་ན་ཡང་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་དས་པའི་ཕྱོགས་ཉིད་ལ་མི་གནས་པར་ཁམས་ཇི་ལྟ་བ་བཞིན་རྟོགས་པ་དེའི་རྒྱུས་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེས་པའི་ཕྱིར་སྐྱེ་སོགས་ཀྱི་རྣམ་པ་ཙམ་ཞིག་བསྟེན་ཞིང་སྟོན་པར་མཛད་དོ། །རིན་ཆེན་ཕྲེང་བར། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་། མཐོང་ནས་མྱ་ངན་འདའ་བར་འདོད། འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། ཞེས་གསུངས་སོ་དེ་དག་ཉིད་རྒྱས་པར་བཤད་པའི་ཕྱིར། འདིས་ཅི་བསྟན་ཞེ་ན་ཞེས་དྲིས་སོ། །ལན་ནི་འཕགས་པས་འཆི་དང་ན་བ་དང་། རྒ་བའི་སྡུག་བསྔལ་རྩང་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། ཅེས་བྱ་བ་སྟེ། དོན་དམ་པའི་འཕགས་པས་འཆི་བ་དང་ན་བ་དང་རྒ་བའི་སྡུག་བསྔལ་རྣམས་རྩད་དེ་རྩ་བ་དང་བཅས་པར་སྤངས་ཏེ། རྩ་བ་ནི་ལས་དང་

(༨༥༢)ཉོན་མོངས་པའི་དབང་གིས་བྱུང་བའི་སྐྱེ་བ་ཡིན་ན། འཕགས་པ་དེ་ལ་སྐྱེ་བ་དེ་མེད་པའི་ཕྱིར་འཆི་བ་སོགས་དེ་དག་མེད་དོ། །དེ་ཉིད་བཤད་པ་ནི། མ་དག་པའི་གནས་སྐབས་ཀྱི་འཆི་བ་དང་ན་བ་དང་རྒ་བའི་མེ་འདིའི་བུད་ཤིང་ལྟ་བུའི་ཉེ་བར་ལེན་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལས་དང་ཉོན་མོངས་པ་སྔོན་སུ་འགྲོ་བ་ཅན་གྱི་སྐྱེ་བ་ཡིན་ཏེ། མ་དག་པ་དང་དག་པའི་གནས་སྐབས་ན་ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གང་ཞིག་ཤིན་དུ་སྣང་བ་མེད་པར་འགྱུར་བས་ཅིག་ཤོས་གཏན་འབར་བ་མེད་པར་རྟོགས་པའོ། །ཞེས་པ་སྟེ༴ མ་དག་པའི་གནས་སྐབས་ཀྱི་འཆི་བ་དང་ན་བ་དང་རྒ་བའི་སྡུག་བསྔལ་མ་གསུམ་གྱིས་མཚོན་པར་བྱ་བ་འདིའི་རྩ་བ་གྱུར་པ་མོའི་ཉེ་བར་ལེན་པ་བུད་ཤིང་ལྟ་བུ་ནི་སྐྱེ་བ་ཡིན་ཏེ། འབྲས་བུ་སྡུག་བསྔལ་གསུམ་བ་སྐྱེད་པའི་རྒྱུར་ཉེ་བར་བླང་བར་བྱ་བ་ཡིན་པའི་ཕྱིར་ཉེ་བར་ལེན་པའོ། །དེའི་བརྩ་བ་ནི་ལས་ཡིན་པས་དེ་སྔོན་དུ་འགྲོ་ཞིང་། དེའི་སྔོན་དུ་ཉོན་མོངས་པ་འགྲོ་ལ། དེའི་སྔོན་དུ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་འགྲོ་བས་མ་དག་པ་དང་དག་པའི་གནས་སྐབས་ན་ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་གང་ཞིག་སྣང་ཞིང་འབར་བ་ཤིན་དུ་མེད་པར་གྱུར་པས་ལས་དང་ཉོན་མོངས་པ་མེད་ལ། དེ་མེད་པས་སྐྱེ་མ་མེད་ཅིང་དེ་མེད་པས་ཅིག་ཤོས་སྡུག་བ་སྔལ་གྱི་མེ་གཏན་འབར་བ་མེད་པར་རྟོགས་པའོ། །དེས་ནི༴ སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ། །

(༨༥༣)འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། སྐྱེ་སོགས་འཕོངས་དང་བྲལ་ཞེས་བྱ་བ་དེ་བཤད་ལ། དེ་ཡི་རྒྱུས༴ བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བསྟེན། །ཞེས་བྱ་བའི་དོན་བསྟན་པའི་ཕྱིར། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། འཆི་དང་ན་དང་རྒ་བར་སྟོན། །ཞེས་བྱ་བ་གསུངས་ཏེ། ཁམས་འཆི་བ་དང་ན་བ་དང་རྒ་བའི་རང་བཞིན་གྱིས་སྟོང་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར་སྐྱེ་བ་ལ་སོགས་པ་རྣམས་ལས་འདས་ཏེ་འཁོར་བའི་སྡུག་བསྔལ་གཏན་མེད་པར་གྱུར་ཀྱང་བྱིས་པ་དག་གི་ནང་དུ་སྐྱེ་བ་དང་འཆི་བ་དང་ན་བ་དང་རྒ་བར་གྱུར་པ་དག་ཏུ་སྟོན་ཏེ། བྱིས་པ་རྣམས་དང་སྐལ་བ་མཉམ་པར་སྟོན་ཏོ། །རྒྱུ་ཅི་ལས་ཤེ་ན། སེམས་ཅན་རྣམས་རྣམ་ལ་དེས་སྡུག་བསྔལ་ལས་སྒྲོལ་བར་བཞེད་པའི་སྙིང་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་ཏེ་རྐྱེན་ལ་མི་ལྟོས་པར་རང་གི་ངང་གིས་འབྱུང་བ་ལས་སོ། །དེ་ཉིད་བཤད་པ་ནི༴ བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བའི་ཀུན་དུ་སྦྱོར་བ་ཅན་ཏེ། བསམས་བཞིན་དུ་སྐྱེ་བ་ལ་དབང་བ་ལ་བརྟེན་ནས། སྙིང་རྗེས་ཁམས་གསུམ་དུ་ཡང་དག་པར་སྦྱོར་རོ། །སྐྱེ་བ་།།།ཡང་ཉེ་བར་སྟོན་ལ། རྒ་བ་དང་ན་བ་དང་འཆི་བ་ཡང་ཉེ་བར་སྟོན་ཏོ། །དེ་དག་ལ་སྐྱེ་བ་ལ་སོགས་པའི་ཆོས་འདི་དག་ཀྱང་མེད་དེ། ཁམས་དེ་ཉིད་སྐྱེ་བ་མེད་པ་དང་འབྱུང་བ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ཕྱིར་རོ་

(༨༥༤)ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེས་ཁམས་གསུམ་གྱི་རྣམ་པ་འདྲ་བའི་རྟེན་གསུམ་དུ་ཡང་དག་པར་ཏེ་ངེས་པར་སྦྱོར་རོ། །སྦྱོར་ཕོད་པའི་སྙིང་རྗེ་ཡོད་ཀྱང་རྒྱུ་ཉོན་མོངས་མེད་པས་མི་སྦྱོར་རོ་སྙམ་ན། ཉོན་མོངས་མེད་ཀྱང་དབང་བཅུ་ལས་བསམ་པ་ཇི་ལྟ་བ་བཞིན་དུ་སྐྱེ་བ་ལ་དབང་བ་ཉིད་ལ་བརྟེན་ནས་སྦྱོར་རོ། །དབང་དེ་ཡང་ཟག་པ་མེད་པའི་དགེ་བའི་རྩ་བ་སྤྱི་དང་ཁྱད་པར་དུ་སྨོན་ལམ་གྱི་ཀུན་དུ་སྦྱོར་བ་ཅན་ཏེ། དེས་དབང་ཐོབ་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་ཡང་སྐྱེ་བ་ཉེ་བར་སྟོན་ལ། དེ་བློ་བུར་གྱི་རྐྱེན་གྱིས་རྒ་བ་དང་ན་བ་དང་འཆི་བ་ཉེ་བར་ཏེ་ངེས་པར་སྟོན་ཏོ། །བསྟན་པ་བཞིན་དུ་བྱིས་པ་རྣམས་ལ་སྣང་ངོ་། །དེ་ལྟར་ནི་ཕ་མ་དག་འདུས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཆ་འགའ་ཞིག་ལ་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་སེམས་དང་བཅས་པ་བཞིན་དུ་སྨྲ་ཞིང་ཆོས་སྟོན་ལ། བྱ་བ་སྣ་ཚོགས་བྱེད་པར་སྟོན་པ་ནི་རོ་ལངས་དང་འདྲ་སྟེ། ལྟ་མ་ཡིན་གྱི་དབང་པོས་བྱིན་གྱིས་བ་རླབས་པའི་རོ་སྨྲ་ཞིང་གར་བྱེད་ལ་རྒྱུག་པ་བཞིན་ནོ། །དེ་ལ་ན་ཉོན་མོངས་པའི་ཆ་ཤས་ཅུང་ཟད་ཅིག་ལུས་པ་མ་ཡིན་ནམ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ལ་ནི་ཟག་པ་མེད་པའི་ལུས་སུ་གནས་པས་སྐྱེ་བ་ལ་སོགས་པའི་ཆོས་བཞི་པོ་འདི་དག་ཀྱང་མེད་དེ། ཁམས་དེ་ཉིད་སྐྱེ་བ་མེད་པ་དང་སྲིད་པར་འབྱུང་བ་མེད་པའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་རིག་པ་གཏན་ལོག་པའི་ཕྱིར་རོ། །འདི་སྐད་དུ་སྟོན་པ་ཡིན་ཏེ་

(༨༥༥)མ་རིག་པ་གཏན་ལོག་པས་བྱང་ཆུབ་སེམས་དཔའི་ཡིད་ཀྱི་ལུས་ལ་ནི་རྒ་ཤི་མེད་ལ། འོན་ཀྱང་ཏིང་ངེ་འཛིན་གྱི་མཐུས་ཡིད་ཀྱི་ལུས་དེ་ཉིད་སྣ་ཚོགས་སུ་བསྒྱུར་བ་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱེད་པའི་ལུས་གཞན་ཞིག་འབྱུང་ཞིང་བྱིས་པས་དེ་མཐོང་བ་ཡིན་གྱི། མངོན་པར་ཤེས་པ་ཆེན་པོ་དང་ལྡན་པ་མ་གཏོགས་པར་ཟག་པ་མེད་པའི་ཡིད་ཀྱི་ལུས་མཐོང་བ་མེད་དོ། །དེའི་སྟོབས་ཀྱིས་ཐ་མལ་པའི་མིག་གི་ལམ་དུ་གྱུར་པའི་བྱང་ཆུབ་སེམས་དཔའི་ལུས་སུ་བརྗོད་པ་དེ་ལ་ཡང་རྣམ་པ་གཉིས་ཡོད་དེ། །རོ་ལངས་ལྟ་བུར་བརྗོད་པའི་འབྱུང་བ་ལས་གྱུར་པའི་རྟེན་དང་། སྤྲུལ་པ་ཙམ་གྱི་ལུས་སོ། །འབྱུང་བ་ལས་གྱུར་པ་ལ་ནི་སེམས་ཅན་དུ་སྟོན་པར་མ་ཟད་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བསྒྲུབས་ཀྱི་ཐུན་མོང་བའི་ལས་ཀྱིས་མ་ཡིན་པའི་སྣོད་ཀྱི་འཇིག་རྟེན་བསྐལ་པ་བས་ལྷག་པར་གནས་པ་ཡང་ཡོད་དེ། འདི་ལྟ་བུ་ལ་སོགས་པའི་མཐུ་ཕུན་སུམ་ཚོགས་པ་ནི་མདོ་སྡེ་རྣམས་ན་མང་དུ་སྣང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སེམས་ཅན་རྣམས་ལ་ནོར་གྱི་ཕུང་པོ་བྱིན་པ་ན་ཡང་ནོར་དངོས་ཉིད་དང་སྤྲུལ་པ་སྟེ་རྣམ་པ་གཉིས་ཡོད་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་གནས་སྐབས་འདི་མདོ་ལ་བརྟེན་ནས་བཤད་པ་ཡིན་པས་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་སྟེ། མདོ་ནི། ཇི་སྐད་དུ་དེ་དག་གི་འཁོར་བའི་རྒྱུན་ཅན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་

(༨༥༦)ལྟ་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང་། སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་མི་སྐྱོ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་དང་། ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང་ཕ་རོལ་དུ་ཕྱིན་པའི་ཀུན་དུ་སྦྱོར་བ་རྣམས་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ་གང་དག་གིས་བྱང་ཆུབ་སེམས་དཔའ་ཀུན་དུ་སྦྱོར་བར་བྱེད་ཀྱང་ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་འདི་དག་གོ། ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་དག་གི་འཁོར་བའི་རྒྱུན་གཅིག་ནས་གཅིག་ཏུ་འཇུག་པ་ཅན་གྱི་རྒྱུ་རང་གི་ངོ་བོ་དགེ་བའི་རྩ་བ་ཡིན་ལ། བྱེད་ལས་མཚུངས་པར་ལྡན་པ་ནི་ཀུན་དུ་སྦྱོར་བ་སྟེ། ས་སྐྲྀ་ཏ་ལ༴ ས་ཡུཀྟཞེས་འབྱུང་བའི་ཕྱིར་རོ། །དེ་ལ་ཉོན་མོངས་པའི་མིང་གིས་ཀྱང་གསུངས་ན་དེ་གང་ཞེ་ན་ཞེས་པའོ། །ལན་དུ་དགེ་བའི་རྩ་བ་བརྒྱད་གསུངས་པ་ལ། སྔ་མ་སྔ་མ་ནི་རྒྱུ་དང་ཕྱི་མ་ཕྱི་མ་ནི་འབྲས་བུའོ། །དེ་ལ་བསོད་ནམས་ནི་སྦྱིན་པ་ལས་བྱུང་བ་དང་ཚུལ་ཁྲིམས་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བ་སྟེ། ཕ་རོལ་དུ་ཕྱིན་པ་དང་པོ་ལྔའོ། །འདི་ས་ཀྲྀ་ཏ་ལ་པུ་ཎྱ་ཞེས་བྱ་སྟེ། པུ་ནི་པུ་ཥྱ་སྟེ་གསོ་བ་ཡིན་ལ། ཎྱ་ནི་ན་ཡ་སྟེ་རྒྱུན་ཆགས་པ་ཡིན་

(༨༥༧)པས་འདི་རྣམས་ཀྱི་འབྲས་བུ་བདེ་བས་སྲིད་པ་རྣམས་སུ་གསོ་ཞིང་ཕྱི་མ་ཡང་འདྲེན་ཏེ་རྒྱུན་མི་འཆད་པའི་ཕྱིར་རོ། །དེ་དག་ཀུན་ནས་བསྡུ་བ་ནི་ཚོགས་ཏེ་བདག་ཉིད་ཀྱི་རྒྱུད་ལ་བྱུང་ཟིན་པས་མི་ངོམས་པར་སླར་གོང་ནས་གོང་དུ་ཡོངས་སུ་ཚོལ་བར་འདོད་པ་ནི་དང་པོའོ། །འདོད་པ་དེས་བསམས་བཞིན་དུ་སྲིད་པ་གསུམ་དུ་སྐྱེ་བ་ཡོངས་སུ་འཛིན་པར་འདོད་པ་ནི་གཉིས་པ་སྟེ་སྐྱེ་བའི་རྟེན་ལ་བརྟེན་ནས་ཚོགས་མང་དུ་སོག་པའི་ཕྱིར་རོ། །བསམས་བཞིན་དུ་སྲིད་པར་སྐྱེ་བ་འཛིན་པ་ཡང་ཚོགས་སོག་པའི་ཕྱིར་དུ་ཡིན་ལ། ཚོགས་ཀྱང་སངས་རྒྱས་ལ་བརྟེན་ནས་སོག་པ་ཉིད་ཆེས་ཁྱད་པར་དུ་འཕགས་པས་སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བར་འདོད་དོ། །སངས་རྒྱས་དང་ཕྲད་པ་ན་ཡང་སངས་རྒྱས་ཀྱི་གདུང་མི་གཅོད་པས་སེམས་ཅན་རྣམས་དགེ་བའི་རྩ་བ་ཆུང་ངུ་ལ་སྦྱར་ནས་དེས་འབྲས་བུ་འབྱུང་དུ་རུང་བ་ཡོངས་སུ་སྨིན་པའི་བར་དུས་རིང་པོར་གནས་ཀྱང་དེས་མི་སྐྱོ་བར་སེམས་ཅན་གྱི་རྒྱུད་ལ་དགེ་བ་སྒྲུབ་པར་འདོད་པའོ། །སྐྱེས་བུ་དམ་པའམ་ཆེན་པོ་རྣམས་ཀྱི་ལུང་དང་རྟོགས་པའི་ཆོས་ཀྱི་བསྟན་པ་གང་ཉམས་པར་འགྱུར་བར་མཐོང་བ་དེ་ཉམས་པར་མི་འགྱུར་བར་ཡོངས་སུ་སྟེ་ཀུན་དུ་འཛིན་པ་ལ་སྤྲོ་ཞིང་བརྩོན་འགྲུས་བརྩོམ་པར་འདོད་པ་སྟེ། འདི་ནི་བསོད་ནམས་ཤིན་དུ་ཆེ་བར་གསང་བའི་མདོ་དང་དཔལ་ཕྲེང་ལས་བཤད་དོ། །སེམས་ཅན་སྨིན་པར་འདོད་པ་དང་ཆོས་འཛིན་པར་སྤྲོ་བས་སེམས་ཅན་རྣམས་ཀྱི་དགེ་བའི་ལས་སུ་བྱ་བ་ཅི་དང་ཅི་ཡོད་པ་ལ། བདག་ཉིད་གཅིག་པུས་

(༨༥༨)བྱའོ་ཞེས། འདི་ནི་ལས་ཀྱི་ང་རྒྱལ་།།། ཅེས་བྱ་བའི་ཚུལ་གྱིས་འགྲུས་ཤིང་ཉམས་འོག་ཏུ་ཆུད་པར་འདོད་པའོ། །སེམས་ཅན་གྱི་བྱ་བ་བྱེད་པ་ན་ཡང་དེ་དག་གྲོལ་བ་ཁོ་ནའི་ཆེད་དུ་བྱེད་པས་གྲོལ་བའི་ལམ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ལ་ཆགས་པ་སྟེ་ཆོས་ཀྱི་བསམ་པ་དེ་དང་མི་འབྲལ་བར་འདོད་པའོ། །འདོད་པ་དེ་དང་ལྡན་པས་དགེ་བའི་ཆོས་ཐམས་ཅད་བསྡུས་པའི་ཕ་རོལ་དུ་ཕྱིན་པ་དྲུག་པོ་རྣམས་ལ་ཀུན་དུ་སྦྱོར་ཞིང་བརྩོན་པ་མིང་འདོར་བ་སྟེ། གང་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་དུ་ཀུན་དུ་སྦྱོར་བར་བྱེད་པས་ཉོན་མོངས་ལྟར་སྣང་ཡང་ཉོན་མོངས་པའི་སྐྱོན་སྡུག་བསྔལ་རྣམས་ཀྱིས་མི་གོས་པ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པའི་མིང་ཅན་ནི་འདོད་པ་བརྒྱད་དང་དེས་བསྒྲུབས་པའི་དགེ་བའི་རྩ་བ་འདི་དག་གོ །ཡང་གསུངས་པ་ཞེས་པ་ནི་ཅུང་ཟད་འགྱུར་ནོར་བ་སྟེ། ཡང་གསོལ་བ་ཞེས་པའོ། །ཅི་ཞིག་གསོལ་བ་ནི་བཅོམ་ལྡན་འདས་གང་གི་ཚེ་དགེ་བའི་རྩ་བ་ལགས་ན། དེ་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱིད་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟར་དེ་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་འདི་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་པར་ཀུན་དུ་སྦྱོར་ལ། ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པ་དང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམས་བཞིན་དུ་ཁམས་གསུམ་དུ་ཀུན་དུ་སྦྱོར་ཏེ། དེས་ན་དགེ་བའི་རྩ་བ་དང་མཚུངས་པར་

(༨༥༩)ལྡན་པའི་ཉོན་མོངས་པ་ཞེས་བྱའོ། །ཇི་སྲིད་དུ་ཁམས་གསུམ་པར་ཀུན་དུ་སྦྱོར་བས་ཡིན་གྱི་སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། ཞེས་བྱ་བ་སྟེ། དགེ་བའི་རྩ་བ་ཞེས་གསུངས་པ་གང་གི་ཚེ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་པ་ཉིད་རྗེས་སུ་བརྗོད་པ་སྟེ་དགེ་བའི་རྩ་བ་ལགས་ན་ཉོན་མོངས་ཉིད་ཡིན་པར་འགལ་བས་ན་ཉོན་མོངས་ཤེས་བགྱི་བ་འདི་བཏགས་པ་བར་གསུང་དགོས་ཏེ། དེ་རྒྱུ་ཅིའི་སླད་དུ་སྟེ་འདོགས་པའི་རྒྱུ་མཚན་གང་ལགས་ཤེས་པའོ། །ལན་ནི་འདི་ལྟར་བསོད་ནམས་ཀྱིས་མི་ངོམས་པ་སོགས་དེ་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་འདི་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་དུ་སྐྱེ་བའི་ཀུན་དུ་སྦྱོར་བ་བྱེད་ལ། སེམས་ཅན་རྣམས་ཀྱི་ཁམས་གསུམ་པ་ཡང་ཉོན་མོངས་པའི་ཀུན་དུ་སྦྱོར་བ་ལས་བྱུང་བ་ཡིན་ནོ། དེས་ན་ཁམས་གསུམ་དུ་ཀུན་དུ་སྦྱོར་བའི་ཆོས་ཀྱིས་ཉོན་མོངས་རྣམས་དང་མཚུངས་པས་ཉོན་མོངས་པ་ཞེས་བརྗོད་པ་ཡིན་ཏེ། འདྲ་བ་ལས་ཉེ་བར་བཏགས་པ་ཡིན་ནོ། །འོ་ན་ཀྱང་ཁྱད་པར་ནི་དེ་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་བྱེད་པའི་ཐབས་སྐྱེ་བ་འཛིན་པ་ཡིན་པས་དེའི་ཡུལ་ཅན་གྱི་མཁས་པའི་ཤེས་རབ་དང་། དགེ་བའི་རྩ་བ་རྣམས་སེམས་ཅན་ལ་ཕན་པའི་སྟོབས་དང་མཐུ་བསྐྱེད་པས་དབང་མེད་དུ་མ་ཡིན་པར་བསམས་བཞིན་དུ་ཀུན་དུ་སྦྱོར་ཏེ། སེམས་ཅན་རྣམས་ནི་དབང་མེད་པར་སྦྱོར་བས་རྣམ་པ་ཐམས་ཅད་དུ་འདྲ་བ་ཡང་མ་ཡིན་ནོ། ཁམས་གསུམ་དུ་སྦྱོར་

(༨༦༠)བར་ཆོས་མཐུན་པ་དེས་ན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་ནི་དགེ་བའི་རྩ་བའི་ཀུན་དུ་སྦྱོར་བ་སྟེ། ཆོས་ཅན་དེ་ལ་མིང་ཉོན་མོངས་པ་ཞེས་བཏགས་སོ། །ཇི་སྲིད་དུ་ཁམས་གསུམ་པར་ཀུན་དུ་སྦྱོར་བའི་ཆོས་ཀྱིས་ཉོན་མོངས་པ་ཞེས་བརྗོད་པ་ཡིན་གྱི། སེམས་ཉེ་བར་ཉོན་མོངས་པར་བྱེད་པས་ཉོན་མོངས་པ་ཞེས་བརྗོད་པ་མ་ཡིན་པའི་ཕྱིར་བཏགས་པ་བ་ཁོ་ནའོ། །དེ་དཔེ་བསྟན་པའི་ཕྱིར། །བློ་གྲོས་རྒྱ་མཚོ་དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་ལ་བུ་གཅིག་པ། འདོད་པ་སྡུག་པ་ཕངས་པ་ཡིད་དུ་འོང་བ་མཐོང་ན་མི་མཐུན་པ་མེད་པ་ཞིག་ཡོད་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་པ་ན་མི་གཙང་བའི་དོང་དུ་ལྷུང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེའི་མ་དང་གཉེན་གྱིས་ཁྱེའུ་དེ་མི་གཙང་བའི་དོང་དུ་ལྷུང་བ་དེ་མཐོང་ལ། མཐོང་ནས་ཀྱང་ཆོ་ངེ་ཆེན་པོ་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཞིང་མི་གཙང་བའི་དོང་དེར་ཞུགས་ཏེ། ཁྱེའུ་དེ་འདོན་པར་ནི་མི་བྱེད་དོ། །དེ་ནས་ཁྱེའུ་དེའི་ཕ་ཕྱོགས་དེར་སོང་སྟེ། དེས་བུ་གཅིག་པུ་དེ་མི་གཙང་བའི་དོང་དུ་ལྷུང་བ་མཐོང་ངོ་། །མཐོང་ནས་ཀྱང་རིངས་པ་རིངས་པར་རྟབས་པའི་ཚུལ་གྱིས་བུ་གཅིག་པུ་འདོན་པར་འདོད་པའི་སྲེད་པས་བྱས་ཏེ། སྐྱུག་བྲོ་བས་མེད་པར་མི་གཙང་བའི་གནས་དེར་བབས་ཏེ་བུ་གཅིག་པུ་ཕྱུང་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་འདི་ནི་ཇི་སྲིད་དོན་འདི་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པའོ། །དོན་དེ་གང་ཡིན་པར་བལྟ་ཞེ་ན། བློ་གྲོས་རྒྱ་མཚོ་མི་གཙང་བའི་ངེ་ཞེས་བྱ་བ་

(༨༦༡)འདི་ནི་ཁམས་གསུམ་པའི་ཚིག་བླ་དགས་སོ། །དབུ་གཅིག་པ་ཞེས་བྱ་བ་འདི་ནི་སེམས་ཅན་རྣམས་ཀྱི་ཚིག་བླ་དགས་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་ཀྱིས་ཉེ་བར་གནས་པར་འགྱུར་རོ། །མ་དང་གཉེན་བཤེས་ཞེས་བྱ་བ་འདི་ནི་གང་དག་འཁོར་བར་ལྟུང་བའི་སེམས་ཅན་མཐོང་ནས་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི་འདོན་པར་ནུས་པ་ནི་མེད་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་ཀྱི་ཚིག་བླ་དགས་སོ། །ཚོང་དཔོན་ནམ་མཁྱིམ་བདག་ཅེས་བྱ་བ་འདི་ནི་གང་ཞིག་གཙང་བ་དྲི་མ་མེད་པ་དྲི་མ་དང་བྲལ་བའི་སེམས་དང་ལྡན་པ་འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་རྟོགས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁམས་གསུམ་པར་མཚམས་སྦྱོར་བར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བླ་དགས་སོ། ཞེས་བྱ་བ་སྟེ། བུ་གཅིག་པ་ཞེས་བྱ་བ་ནི། མང་པོ་རྟག་ཏུ་འཐབ་འགྱུར་གྱི། གཉིས་པོ་དག་ཀྱང་འགྲན་ཟླར་འགྱུར། ཞེས་པས་གཞན་གྱི་ཕྲག་དོག་གིས་མི་སྟིབ་པའོ། །འདོད་པ་ཞེས་བྱ་བ་ནི། མི་སྡིག་པའི་ཁྱེའུ་ཞིག་བཙས། །བོང་བུའི་མགོ་ལ་བོང་མགྲིན་པོ་ཐམས་ཅད་རྩུབ་པོ་རལ་པ་ཅན། དེ་མཐོང་འཇིགས་པས་མྱུར་དུ་ནི། སྣམ་ཕྱི་སར་ནི་དེ་བོར་རོ། ཞེས་པ་ལྟ་བུ་མ་ཡིན་པར་མཐོང་བས་དགའ་སྟེ་ཡང་དང་ཡང་དུ་བལྟ་བར་འདོད་པའོ། །སྡུག་པ་ཞེས་པ་ནི་སྙིང་ལ་འབབ་པའོ། །འཕངས་

(༨༦༢)པ་ཞེས་པ་ནི་ལས་ལ་བསྐོལ་བར་མི་བྱ་བའོ། །ཡིད་དུ་འོང་བ་ཞེས་པ་ནི་ཡོན་ཏན་མང་པོ་མཐོང་བས་ཡིད་དགའ་བའོ། །མཐོང་ན་མི་མཐུན་པ་མེད་པ་ནི་ལན་མང་དུ་བལྟས་ཀྱང་ཡིད་སྐྱོ་བར་མི་འགྱུར་བའོ། །དོན་ནི་བྱང་ཆུབ་སེམས་དཔས་སེམས་ཅན་མ་ལུས་པ་ལ་ཁྱབ་པའི་བྱམས་པ་སྒོམ་པའི་ཚེ་ཚུལ་རྣམ་པ་གསུམ་སྟེ། དྲིན་ལན་བླན་པ་དང་། རྗེ་དཔོན་གྱི་དགོངས་པ་དང་མཐུན་པ་དང་། མཆོད་པར་བྱ་བ་ཡིན་པ་ཉིད་ཀྱིས་ཏེ་ཀུན་རྫོབ་པའི་རྣམ་པ་གསུམ་དང་རུས་པ་གཅིག་ཏུ་བསམས་པས་དོན་དམ་པ་པ་བསྐྱེད་པའོ། །དང་པོ་དྲིན་ལན་བླན་པ་ན་ཐོག་མ་མེད་པ་ནས་ལན་མང་དུ་ཕན་བཏགས་པ་སུ་ཡང་མེད་པས་དེ་དག་གི་དྲིན་བསམས་ཏེ་བུ་གཅིག་པ་ལ་སྐྱེ་བའི་ཚད་དུ་ཕྱིན་མ་ཕྱིན་དང་སྦྱར་ཏེ་སྒོམ་པའོ། །རྗེ་དཔོན་གྱི་དགོངས་པ་དང་མཐུན་པ་ནི་བདག་ཉིད་ཀྱི་རྗེ་བོ་དཀོན་མཆོག་གསུམ་པོ་ནི་སེམས་ཅན་ལ་རྩེ་གཅིག་ཏུ་དགོངས་པ་ལས་གཞན་མེད་པས་དཀོན་མཆོག་གི་མཆོད་པར་འགྱུར་བར་བསམ་པའོ། །མཆོད་པར་བྱ་བ་ཡིན་པ་ནི་བྱང་ཆུབ་ཀྱི་སེམས་མེད་ན་སངས་རྒྱས་མི་འཐོབ་ལ། སེམས་ཅན་མེད་ན་སེམས་དེ་མི་འཐོབ་པས་སེམས་བསྐྱེད་པ་པོའི་བླ་མ་དང་འདྲ་བར་གུས་པར་བྱས་ཏེ་མཆོད་པའོ། །རུས་གཅིག་པ་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་རུས་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམས་པ་ལས་བྱམས་པ་ལ་སོགས་པའི་སེམས་ཐོབ་པར་འགྱུར་བའོ། །མདོར་བསྡུ་ན་བྱམས་པ་སྒོམ་པའི་ཚེ་མའམ་གྲོགས་པོའམ་བླ་མ་ལྟ་བུ་

(༨༦༣)རང་གི་ཡིད་ལ་གང་འབབ་པ་དེ་ཉིད་ལ་བྱམས་པ་སྐྱེ་བ་ན་བྱམས་པ་དེ་ཉིད་ཀྱི་རྒྱུན་ཡང་དང་ཡང་དུ་བསྐྱངས་ཏེ། དེ་ནས་སེམས་ཅན་འཛའ་བ་དང་། དེ་ནས་བར་མ་དང་། དེ་ནས་དགྲ་བོ་ལ་བསྐྱེད་དོ་ཞེས་བྱ་བ་ནི་མན་ངག་གོ །ཆོ་ངེ་ནི་སྡུག་བསྔལ་བའི་སྒྲ་ཟབ་མོ་སྐད་གསང་མཐོན་པོས་འབྱིན་པའོ། །མྱ་ངན་བྱེད་ཅིང་ཞེས་བྱ་བ་ནི་ཡི་།།།ཤེས་འགྱུར་པའོ། །སྨྲེ་སྔགས་ནི་སྡུག་བསྔལ་བའི་ཁྱད་པར་མང་པོ་བརྗོད་པ་ནི་སྨྲེ་བ་ཡིན་ལ། དེའི་ཚིག་དག་ལ་སྔགས་ཤེས་བྱའོ། །མི་གཙང་བའི་དོང་དེར་ཞུགས་ཏེ་ཁྱེའུ་དེ་འདོན་པར་མི་བྱེད་པའི་དཔེས་ནི་འཕགས་པ་ཉན་ཐོས་དག་ལྷ་དང་མིའི་སྐྱེ་བའི་གནས་ལ་ཅུང་ཟད་ཙམ་ཡང་འདོད་པར་མི་བྱེད་པའོ། །ཕ་ཐེ་ཚོམ་མེད་པར་མི་གཙང་བའི་དོང་དུ་འཇུག་པའི་དཔེས་ནི་དོན་རྣམ་པ་གཉིས་བསྟན་ཏེ། བྱང་ཧུབ་སེམས་དཔའ་སོ་སོའི་སྐྱེ་བོ་བསམ་གཏན་ཐོབ་པ་དག་བསམ་གཏན་གྱི་བདེ་བ་སྤངས་ཏེ་འདོད་པར་སྐྱེ་བ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་ཡིན་ཡང་སྙིང་རྗེ་ཆེན་པོའི་མཐུ་ཐོབ་པ་དག་ངན་སོང་གི་གནས་སུ་ཡང་འཇུག་པ་ནི་གཅིག་གོ །བྱང་ཆུབ་སེམས་དཔའ་འཕགས་པ་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ལ་སྐྱོ་བར་གྱུར་ཀྱང་སེམས་ཅན་གྱི་དོན་དུ་དེ་འཛིན་པའོ། །དེ་ལ་སོ་སོའི་སྐྱེ་བོ་སྙིང་རྗེའི་གཞན་དབང་དུ་མ་གྱུར་པ་ལ་ནི། སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་བཏང་བར་མི་བྱ་སྟེ། ཞེས་གསུངས་ལ། བསམ་པ་དག་པ་ལ་ནི༴ ལུས་བཅད་སྟེར་ཞིང་བདག་གི་

(༨༦༤)སྡུག་བསྔལ་གྱིས། །གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི། །སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་ནི། །དེ་བཅད་བྱ་ཕྱིར་མྱུར་དུ་བརྩོན་འགྲུས་རྩོམ། ཞེས་གསུངས་པ་དང་རྟག་ཏུ་ངུ་ཚོགས་ཀྱི་ས་ལ་གནས་པ་ཞིག་རླ་ཤ་མེད་པར་གཏོགས་ཏེ་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སྤོང་བས་མཚོན་པར་བྱའོ། །བརྟབས་པ་དང་རིངས་པའི་དཔེས་ནི། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མི་མཛེས། བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པ། བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། ཤེས་གསུངས་པ་ཉིད་དོ། །མདོའི་དོན་བསྡུས་ཏེ་བསྟན་པའི་ཕྱིར། བློ་གྲོས་རྒྱ་མཚོ་མཚམས་སྦྱོར་བ་ཐམས་ཅད་ལས་ཤིན་དུ་གྲོལ་ཡང་སྲིད་པར་སྐྱེ་བ་ལེན་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ། ཐབས་མཁས་པ་དང་ཤེས་རབ་གྱིས་ཡོངས་སུ་ཟིན་པས་ཀུན་ནས་ཉོན་མོངས་པ་དག་གིས་ཀྱང་མི་གནོད་ལ། ཉོན་མོངས་པའི་འཆིང་བ་ཐམས་ཅད་གྲོལ་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་མོས་ཀྱང་སྟོན་པའོ། །ཞེས་གསུངས་པ་བཞིན་ནོ། ཞེས་བྱ་བ་གསུངས་ཏེ། དེ་ལས་དང་པོ་ནས་བདུན་པའི་བར་དུ་ཉོན་མོངས་པ་དང་ལས་ཀྱི་མཚམས་སྦྱོར་ལས་གྲོལ་ཡང་རྣམ་པར་རྟོག་པའི་མཚམས་སྦྱོར་དང་བཅས་ལ། ས་བརྒྱད་པ་ནས་ནི་དེ་ལས་ཀྱང་གྲོལ་ཏེ། དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་གནོད་པ་ཡང་མེད་ལ། ཤེས་རབ་དང་ཐབས་མཁས་པས་སྐྱེ་བ་སོགས་

(༨༦༥)སུ་ཡང་སྟོན་ཏོ་ཞེས་པའོ། །མདོའི་ཚིག་གིས་སྤྱིར་བསྟན་པ་ལྟར་སྣང་ཡང་གནས་སྐབས་གཉིས་པ་།།།ཉིད་བསྟན་པའི་ཤེས་པར་བྱེད་པ་དང་བཅས་ཏེ་བརྗོད་པ་ནི། དེས་ན་མདོའི་དུམ་བུ་འདིས་ནི་གཞན་ལ་ཕན་པར་བྱ་བའི་དོན་དུ་དབང་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དང་སྙིང་རྗེ་གཉིས་ཀྱི་སྟོབས་ཀྱིས་བསམས་བཞིན་དུ་སྐྱེ་བ་ལ་སྦྱོར་བའི་ཕྱིར་དང་ཐབས་དང་ཤེས་རབ་གཉིས་ཀྱི་སྟོབས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་མ་དག་པ་དང་དག་པའི་གནས་སྐབས་བསྟན་ཏོ། ཞེས་བྱ་བ་སྟེ། གཞན་ལ་ཕན་པར་བྱ་བའི་དོན་དུ་ཞེས་པ་ནས་སྐྱེ་བ་ལ་སྦྱོར་བའི་ཕྱིར་ཞེས་བྱ་བའི་བར་གྱིས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་ལ་དགོངས་པའི་ཕྱིར་མ་དག་པའི་གནས་སྐབས་བསྟན་ལ། ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པས་དག་པའི་གནས་སྐབས་བསྟན་ཏོ། །ཇི་བཞིན་ཡང་དག་མཐོང་བའི་ཕྱིར། ཞེས་བྱ་བའི་དོན་སྔར་ཡང་བཤད་མདོ་ཀྱི། བློ་གྲོས་རྒྱ་མཚོའི་མདོ་།།།སངས་རྒྱས་པར་བསྟན་པ་ལ་འཇུག་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཁམས་འདི་མ་སྐྱེས་པ་དང་མ་བྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ཐོབ་ནས་བྱང་ཆུབ་སེམས་དཔའ་ཆོས་ཉིད་འདི་རྗེས་སུ་ཐོབ་པ་དེ་ལྟར་ནི་རྒྱས་པར་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། ཞེས་བྱ་བ་གསུངས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་འཕགས་པ་དག་དེ་བཞིན་གཤེགས་པའི་ཁམས་འདིའི་ཁྱད་པར་རང་གི་ངོ་བོ་སམ་སྐྱེས་པ་དང་། སྔར་སྲིད་པར་མ་བྱུང་བའི་ཡུལ་གྱི་ཡང་དག་པ་ཇི་ལྟ་བ་

(༨༦༦)བཞིན་མཐོང་བའི་ཡེ་ཤེས་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཆོས་ཉིད་དུ་གྱུར་པའི་ཁམས་འདི་ཡུལ་ཇི་ལྟར་གནས་པ་དང་རྗེས་སུ་མཐུན་པར་ཐོབ་པ་དེ་ལྟར་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། མདོ་ནི༴ ཇི་སྐད་དུ༴ བློ་གྲོས་རྒྱ་མཚོ་ཆོས་རྣམས་ཀྱི་སྙིང་པོ་མེད་པ་ཉིད་དང་། བྱེད་པ་པོ་མེད་པ་ཉིད་དང་། བདག་མེད་པ་ཉིད་དང་ །སེམས་ཅན་མེད་པ་ཉིད་དང་ །སྲོག་མེད་པ་ཉིད་དང་གང་ཟག་མེད་པ་ཉིད་དང་། བདག་པོ་མེད་པ་ཉིད་ལ་ལྟོས། འདི་ལྟར་གང་ཇི་ལྟར་འདོད་པ་དེ་ལྟར་གྲུབ་པར་འགྱུར་ལ། གྲུབ་ན་ཡང་སེམ་པར་མི་བྱེད། རབ་ཏུ་རྟོག་པར་མི་བྱེད་དེ། བློ་གྲོས་རྒྱ་མཚོ་རྣམ་པར་བསྒྲུབས་པའི་ཆོས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ཡང་ཁོང་ཁྲོ་བ་སྐྱེད་པར་མི་བྱེད་དོ། །འདི་ལ་འགའ་ཡང་ཕན་འདོགས་པའམ་གནོད་པ་མེད་དོ་ཞེས་དེ་ལྟར་དེའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་ནོ་རབ་ཏུ་ཤེས་པ་དང་། དེ་ལྟར་སྙིང་རྗེ་ཆེན་པོའི་གོ་ཆ་མི་འདོར་བ་ཡིན་ནོ། །ཞེས་བྱ་བ་དག་གིས་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་དང་སྙིང་རྗེའི་རང་བཞིན་བཤད་དེ། ཤེས་རབ་ནི་ཆོས་རྣམས་ལ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའོ། །གང་ཟག་ལ་བདག་མེད་པ་ནི་བདག་ཏུ་རྟོག་པ་རྣམ་པ་བདུན་བཀག་པ་ལས་བལྟ་བར་བྱ་སྟེ། དེ་ལ་ཤུན་པ་ལྟ་བུ་ནི་ཕུང་པོ་རྣམས་ཡིན་ལ། དེ་དག་གི་དབུས་ན་གྲངས་ཅན་པ་དག་གིས་རིག་པ་དང་། བྱེ་བྲག་པས་བེམས་

(༨༦༧)པོའི་བདག་ཉིད་དུ་བརྟགས་པ་ཟ་བ་པོ་ལ་སོགས་པའི་ཁྱད་པར་དང་ལྡན་པར་སྟེ། དེ་འདྲ་བ་ནི་ཤུན་པ་རྣམས་རེ་རེ་ནས་བཀར་ཏེ་བཙལ་ན་སྙིང་པོར་གྱུར་པ་ཅི་ཡང་མེད་དོ། སྐྱེ་བ་དང་བྲལ་བའི་ཕྱིར་ཏེ། དྲིན་ཆེན་ཕྲེང་བར། ཇི་ལྟར་ཆུ་ཤིང་ཡན་ལག་དག་རྣམ་པར་ཕྱེ་ན་འགའ་མེད་པ། དེ་བཞིན་དུ་ནི་གང་ཟག་ཀྱང་། ཁམས་བཅས་གཤིག་ན་དེ་དང་འདྲ། ཞེས་གསུངས་སོ། །དགེ་བ་ལ་སོགས་པའི་ལས་ཀྱི་རྟེན་ཡིན་པས་བྱེད་པ་པོ་དང་། འདི་ལས་ང་རྒྱལ་སྐྱེ་བའི་ཕྱིར་བདག་དང་། ཞུམ་པའི་བདག་ཉིད་ཅན་ཡིན་པས་ན་སེམས་ཅན་དང་། སྲོག་གི་དབང་པོའི་དབང་གིས་སྐལ་བ་མཉམ་པའི་རིས་རྫོགས་ཀྱི་བར་དུ་གནས་བས་ན་སྲོག་དང་། འགྲོ་བ་རྣམས་སུ་ཡང་དང་ཡང་དུ་གནས་པས་ན་གང་ཟག་དང་ཕུང་པོ་རྣམས་ལ་ང་ཡིར་བྱེད་པའི་བདག་པོ་ལ་སོགས་པར་བརྟགས་པ་རྣམས། གལ་ཏེ་ཕུང་པོ་བདག་ཡིན་ན། སྐྱེ་དང་འཇིག་པ་ཅན་དུ་འགྱུར་གལ་ཏེ་ཕུང་པོ་རྣམས་ལས་གཞན་ཕུང་པོའི་མཚན་ཉིད་མེད་པར་འགྱུར། ཞེས་གསུངས་པའི་ཚུལ་གྱིས་རིགས་པས་མི་གནས་པ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་མེད་དོ། །དེ་ཡང་སྔོན་གྱི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དེ་ལ་བདག་ཏུ་ལྟ་བ་རྣམ་པ་དུ་མ་དག་གི་ཡུལ་ཡང་ཕུང་པོ་ཡིན་པའི་ཕྱིར་ཕུང་པོ་རྣམས་ཁོ་ན་ལས་བརྩམས་ནས་དཔྱད་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་ངམ་བྲམ་ཟེ་གང་དག་བདག་ཏུ་ཡང་དག་

(༨༦༨)པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཉིད་ལ་ཡང་དག་པར་རྗེས་སུ་བལྟའོ། །ཞེས་གསུངས་སོ། །དེ་དག་ལ་རེ་ཤིག་གང་དག་འབྱུང་བ་ཆེན་པོ་ལུས་ཀྱི་རྣམ་པར་འཇུག་པ་དག་གམ། འབྱུང་བ་འདུས་པའམ། དབང་པོ་རྣམས་སམ། དབང་པོ་འདུས་པའམ། རྣམ་པར་ཤེས་པ་བདག་ཡིན་ནོ། །ཞེས་སྨྲ་བ་དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འབྱུང་བ་དང་དབང་པོ་དང་རྣམ་པར་ཤེས་པ་སོ་སོའམ། འདུས་པ་དག་ཕུང་པོའི་མཚན་ཉིད་ཡིན་པའི་ཕྱིར་དེ་དག་བདག་ཡིན་པར་རྟོག་ན་གལ་ཏེ་ཕུང་པོ་བདག་ཡིན་ན་ཇི་ལྟར་ཁོ་བོ་ཅག་གིས་ཐ་སྙད་ཀྱི་དོན་དུ་ཕུང་པོའི་ཡུལ་ལ་བདག་ཅེས་སྟོན་པར་བྱེད་པ་ལྟ་བུ་ཡིན་ནམ། འོན་ཏེ་གཞན་ཞིག་ཡིན། གལ་ཏེ་ཇི་ལྟར་ཡང་རུང་སྟེ། བདག་གྲུབ་པའི་ཕྱིར་འདོད་པའི་དོན་གྲུབ་བོ་ཞེ་ན། དེའི་ཕྱིར་ད་དེ་དཔྱད་པར་བྱ་སྟེ། ཁྱོད་འདོད་པ་ལྟར། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདིས་ནི་ཕུང་པོའི་ཆོས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པར་བསྟན་ཏོ། །འདིར་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱང་མཚན་ཉིད་ཀྱི་སྒྲའི་ཚུལ་གྱིས་གཟུང་བར་ཟད་ཀྱི། ཇི་ལྟར་ཕུང་པོའི་ཆོས་སྐྱེ་བ་དང་། འཇིག་པའི་ཆོས་ཅན་ཉིད་ཡིན་པ་དེ་བཞིན་དུ་ཕུང་པོའི་ཆོས་འབྲས་བུ་ཉིད་དང་ །རྒྱུ་ཉིད་དང་། རྟོགས་པར་བྱ་བ་ཉིད་དང་། རྣམ་པར་སྨིན་པ་ཉིད་ལ་སོགས་པ་གཞན་དག་ཀྱང་ཡིན་པར་ཤེས་པར་

(༨༦༩)བྱའོ༴ འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་འབྱུང་བ་དང་འབྱུང་བ་འདུས་པ་དང་དབང་པོ་དང་དབང་པོ་འདུས་པ་དང་། རྣམ་པར་ཤེས་པ་དང་དབང་པོ་དང་བཅས་པའི་ལུས་དང་རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་བདག་མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་བཞིན་ནོ། །དེ་བཞིན་དུ་འབྲས་བུ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་རེ་རེས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ། །གསལ་བ་སྨྲ་བ་དག་ལ་ཡང་གསལ་བའི་ཕྱིར་བུམ་པ་ལ་སོགས་པ་དག་ལ་བདག་མེད་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་ལུས་བདག་དང་བཅས་པར་སྨྲ་བ་རྣམས་ལ་རང་གི་རྗེས་སུ་དཔག་པས་གནོད་དོ། །ཡང་ན༴ གལ་ཏེ་ཕུང་པོ་བདག་ཡིན་ན། ཞེས་བྱ་བ་ནི་ལུས་ལ་བདག་མང་པོ་ཉིད་དུ་འགྱུར་ཏེ། ཕུང་པོ་མང་བ་ཉིད་ཡིན་པའི་ཕྱིར་རོ། ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཡང་ན༴ གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་དེས་ན་ཕུང་པོར་རྗེས་སུ་དཔོག་པས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱིས་བདག་གི་ཆོས་ཅན་གྱི་ཁྱད་པར་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་མ་ཡིན་པ་བསལ་བའི་ཕྱིར། །མ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ། །ཡང་ན་གལ་ཏེ་ཕུང་པོ་བདག་ཡིན་ན། སྐྱེ་དང་འཇིག་པ་ཅན་དུ་འགྱུར། ཞེས་བྱ་བ་ནི་དེས་ན་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་རྗེས་སུ་དཔོག་པས་བདག་མ་ཡིན་པ་ཉིད་ཀྱིས་བདག་གི་དེའི་བདག་ཉིད་བསལ་བའི་ཕྱིར་དམ་

(༨༧༠)བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ། །ཡང་ན་གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པ་ཅན་དུ་མི་འདོད་པས་དེའི་མཚན་ཉིད་མ་ཡིན་པ་ཡོད་པ་ཉིད་དུ་བསྟན་དཀའ་བ་དང་། དོན་དམ་པར་བདག་མེད་པར་ནི་སྨྲ་བར་ནུས་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་མ་ཡིན་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ། །ཡང་ན་གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། ཞེས་བྱ་བ་ནི་ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དེས་ན་དོན་དམ་པར་གཟུགས་སུ་རུང་བ་དང་མྱོང་བ་དང་མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་ཀྱི་ཕུང་པོ་ལྔ་པོ་དག་ནི་བདག་མ་ཡིན་པར་ཤེས་པར་བྱར་ནུས་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །ཞེས་ཤེས་རབ་སྒྲོན་མ་ལས་བཤད་དོ། །དེ་ལ་སྤྱིར་སེམས་ཅན་རྣམས་ངའོ་སྙམ་པའི་རྣམ་པར་རྟོག་པས་བྱ་བ་མང་དུ་བྱེད་ཅིང་། རྣམ་པར་རྟོག་པ་དེས་བརྟགས་པའི་ང་ཞེས་བྱ་བ་དང་ལྷ་སྦྱིན་ཞེས་བྱ་བ་དང་མཆོད་སྦྱིན་ཞེས་བྱ་བ་ལ་སོགས་པ་ཙམ་ཞིག་ནི་གཏན་མེད་པ་ནི་མ་ཡིན་ཏེ། གལ་ཏེ་གཏན་མེད་ན་ནི་བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་ལོ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་རྣམས་ཐ་སྙད་དུ་ཡང་ཕྱིན་ཅི་ལོག་ཁོ་ནར་འགྱུར་རོ། །གཞན་ཡང་དེ་ཙམ་ཞིག་མེད་ན་རྒོལ་བ་དང་ཕྱིར་རྒོལ་བ་ཞེས་བྱ་བ་དང་། འཆད་པ་པོ་དང་ཉན་པ་པོ་ཞེས་བྱ་བ་ཡང་མེད་

(༨༧༡)པར་འགྱུར་བས་ཅི་ཡང་མི་སྨྲ་བར་རིགས་སོ། །ང་ཙམ་ཞིག་ཐ་སྙད་ཀྱི་ལམ་དུ་གནས་པ་འདི་ལ་ངོ་བོ་ཉིད་ཀྱིས་ཡོད་པའམ། བཅོས་མ་མ་ཡིན་པའི་དོན་དུ་ཡོད་པ་ནི་སངས་རྒྱས་པ་དག་གིས་འགོག་ཅིང་ཐར་པ་འདོད་པས་དགག་པར་རིགས་པ་ཡང་ཡིན་ནོ། །དང་ཙམ་ཞིག་ཡོད་པར་མ་ཟད་ཀྱི། ང་ནི་ཚེ་ཕྱི་མ་ལ་ཡང་ཆོས་ལ་སྤྱོད་དོ་ཞེས་བྱ་བ་དང་། ང་ནི་ཕ་དེའི་བུ་གཅིག་པུ་ཞིག་གོ་སྙམ་ལ་དང་། ཕོར་བུ་འདི་ནི་ང་ཉིད་ཀྱི་ཡིན་གྱི་བྲམ་ཟེ་གཞན་གྱི་མ་ཡིན་ནོ་ཞེས་བྱ་བ་དང་། ལྷ་སྦྱིན་གྱི་མིག་གིས་ལྷ་སྦྱིན་བདག་ཉིད་ཀྱིས་མཐོང་བ་ཡིན་གྱིས་ལྷ་སྦྱིན་གྱི་མིག་གིས་མཆོད་སྦྱིན་གྱིས་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བ་དག་ཀྱང་ཚད་མ་དང་མི་ལྡན་པ་མ་ཡིན་ཞིང་། ཁྱད་པར་དེ་དག་ཀྱང་བཅོས་མ་མ་ཡིན་པའི་དོན་དུ་ཡོད་པ་ནི་དགག་པར་བྱའོ། །ཁྱད་པར་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་ཡིན་པར་འཛིན་པ་ན་རྟག་གཅིག་རང་དབང་ཅན་དུ་འཛིན་པ་ཞེས་བྱ་སྟེ། འཛིན་པ་དེ་ནི་གྲུབ་པའི་མཐའ་ལ་མ་ཞུགས་པ་རྣམས་ལ་ཡང་ཡོད་དོ། །མུ་སྟེགས་བྱེད་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་འཛིན་པ་དེའི་སྟེང་ནས་ཁྱད་པར་དེ་དག་ཉིད་ཁྱད་པར་གཞན་མང་པོ་དང་བཅས་ཏེ་ཀུན་དུ་རྟོག་པར་བྱེད་དོ། །སངས་རྒྱས་པའི་སློབ་དཔོན་རྣམས་ཀྱིས་མུ་སྟེགས་རྣམས་ཀྱིས་བརྟགས་པའི་ཁྱད་པར་མང་པོ་དག་འགོག་པར་མཛད་མོད་ཀྱི། དེ་དག་ལས་རྟག་པ་ཉིད་འགོག་པ་ལ་བད་ཅིང་ཤས་ཆེ་བར་སྣང་ངོ་། །འགོག་པར་བྱེད་པའི་རིགས་པ་ཡང་མང་དུ་བརྗོད་མོད་གཙོ་

(༨༧༢)བོ་ནི་བདག་དང་གཞན་གཉིས་སམ་རྫས་གིག་དང་ཐ་དད་དུ་བརྟགས་ཏེ་འགོག་པ་འདི་རིགས་པ་རྣམས་ཀྱི་རྩ་བ་ཡིན་པས། གལ་ཏེ་ཕུང་པོ་བདག་ཡིན་ན། ཞེས་བྱ་བ་ལ་སོགས་པས་རིགས་པ་དེ་བརྗོད་པར་མཛད་དོ། །དོན་ནི༴ བདག་ནི་ངོ་བོ་ཉིད་ཀྱིས་མེད་དེ། ཕུང་པོའི་ངོ་བོ་ཉིད་ཀྱང་མ་ཡིན། ཕུང་པོ་ལས་ངོ་བོ་ཉིད་ཐ་དད་པ་ཡང་མ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ཡིན་ནོ། །ཕུང་པོའི་ངོ་བོ་ཉིད་མ་ཡིན་པའི་ཕྱོགས་ཀྱི་ཆོས་ནི་བདག་ནི་ཕུང་པོའི་ངོ་བོ་ཉིད་མ་ཡིན་ཏེ། སྐྱེ་བ་དང་འཇིག་པ་དང་མི་ལྡན་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། སྦྱོར་བ་འདིའི་བཟློག་པའི་ཁྱབ་པ་ཕུང་པོ་ཡིན་ན་མི་རྟག་པས་ཁྱབ་པར་ནི་འདུས་བྱས་ཐམས་ཅད་མི་རྟག་པར་སྒྲུབ་པའི་རིགས་པ་མང་པོས་བསྒྲུབས་ཤིང་གྲུབ་ལ། དེས་ནི་ཕུང་པོའི་ངོ་བོ་ཉིད་དམ་ཕུང་པོར་བདེན་ན་སྐྱེ་བ་དང་འཇིག་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བཟློག་པ་ལ་ཡང་གནོད་པ་མེད་པར་གྲུབ་བོ། །གལ་ཏེ་ཕུང་པོ་རྣམས་ལས་གཞན། ཞེས་བྱ་བ་འདི་ནི་གྲུབ་མཐའ་ལ་མ་ཞུགས་པའི་འཛིན་པ་ལ་ཕུང་པོའི་ངོ་བོ་ཉིད་དུ་འཛིན་པ་དང་ཕུང་པོ་ལས་ངོ་བོ་ཉིད་གཞན་དུ་འཛིན་པ་གཉི་ག་མེད་དོ་ཞེས་བྱ་བའི་དོན་འདི་སློབ་དཔོན་ཟླ་བ་གྲགས་པ་བཞེད་དོ། །ཕྱི་རོལ་པ་རྣམས་ཀྱིས་ནི་ཕུང་པོ་ལས་ངོ་བོ་ཉིད་ཐ་དད་པར་སྨྲ་བ་ཁོ་ན་སྟེ། བདག་འགོག་པ་འདི་ལ་སློབ་དཔོན་ལེགས་ལྡན་གྱིས་རིགས་པ་དྲུག་ཙམ་ཞིག་བརྗོད་པར་མཛད་དེ། དང་པོ་ནི་འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཅན་དབང་པོ་དང་འབྱུང་སོགས་འདུས་པའི་ལུས་

(༨༧༣)ནི་རྒྱང་པན་པ་ཡན་ཆད་ཐམས་ཅད་ལ་གྲུབ་བོ། །ཆོས་བདག་མ་ཡིན་ཏེ། ཞེས་བྱ་བ་ནི་རྟག་པའི་ཁྱད་པར་དང་ལྡན་པའི་བདག་མ་ཡིན་ཞེས་བྱའོ། །གཏན་ཚིགས་སྐྱེ་འཇིག་ཅན་ཡིན་པའི་ཕྱོགས་ཀྱི་ཆོས་ཀྱང་ཕྱི་རོལ་པ་རྣམས་ལ་གྲུབ་སྟེ། བདག་རྟག་ལུས་མི་རྟག་ཅེས་ཟེར་བས། སྐྱེ་བ་དྲན་པ་ཡོད་པའི་ཕྱིར། བདག་རྟག་སྙམ་དུ་སེམ་ན་ནི། །སྔོན་བྱས་པ་ཡི་རྨ་མཐོང་ནས། །ཁྱོད་ཀྱི་ལུས་ཀོ་ཅེས་མི་རྟག །ཅེས་འཕགས་པའི་ལྷས་གསུངས་སོ། །ཁྱབ་པ་ནི་ཕྱི་རོལ་གྱི་འབྱུང་བའི་སྟེང་དུ་གྲུབ་བོ། །དེ་ལ་གྲངས་ཅན་མངོན་པར་གསལ་བར་སྨྲ་བ་དག་ལ་མི་གསལ་བའི་བུམ་པ་ལ་བདག་ཡོད་ཀྱང་གསལ་བ་ལ་བདག་མེད་པར་སྨྲ་བས་གསལ་བ་འདི་བདག་མེད་པ་དང་འབྲེལ་ཏེ། དེ་ལྟ་ན་ལུས་ནི་བདག་མེད་པ་ཡིན་ཏེ། གསལ་བའི་ཕྱིར་ཞེས་བྱ་བའི་རང་གི་ཁས་བླངས་ཀྱིས་གནོད་ཅེས་བྱའོ། །རྩ་བས་དངོས་སུ་མ་བརྗོད་ཀྱང་དགོངས་པས་ཕུང་པོ་བདག་ཡིན་ན་བ་དག་མང་པོར་འགྱུར་ཞེས་འཕེན་ཏེ་བདག་གི་གཅིག་པ་ཉིད་འགོག་པའོ། །འདིར་ཡང་ལུས་ནི་བདག་མ་ཡིན་ཏེ། ཡན་ལག་གི་ཚོགས་མང་པོ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །བདག་ཆོས་ཅན་དུ་འཛིན་པ་ན་ཕྱི་རོལ་པས་རྟག་པའི་བདག་ཆོས་ཅན་དུ་འཛིན་པ་ཡིན་ལ། དེ་ལ་ཕུང་པོ་ཡིན་པས་ཆོས་ཅན་གྱི་ཁྱད་པར་རྟག་པ་ཡིན་པ་ལ་གནོད་དེ། ཕུང་པོ་ཡིན་ན་མི་རྟག་པས་ཁྱབ་པ་ཡིན་ནོ་ཞེས་པའོ། །བདག་གི་ངོ་བོ་ཉིད་ཆོས་ཅན་དུ་བྱེད་ན་དེ་ལ་ཡང་ཕུང་པོ་ཡིན་ན་བདག་གི་ངོ་

(༨༧༤)བོ་ཉིད་མ་ཡིན་པས་ཁྱབ་པས་ཆོས་ཅན་གྱི་ངོ་བོ་ཉིད་འགོག་པའི་འགལ་བ་ཡིན་ནོ། །ངོ་བོ་དང་ཁྱད་པར་འགོག་པའི་འགལ་བ་བརྗོད་པ་འདི་ལ། ཚིག་ཙམ་གྱིས་ཆོས་ཅན་གྱི་ཁྱད་པར་དང་ངོ་བོར་ཕྱིར་རྒོལ་བས་བརྗོད་ཀྱང་ཞེ་འདོད་ནི་ཆོས་ཀྱི་ཁྱད་པར་ཉིད་དུ་འདོད་པ་ཡིན་པར། དེ་ནི་ལྟོས་ནས་ཆོས་དག་དང་། །ཆོས་ཅན་ཁྱད་པར་ཡིན་པར་བརྗོད། ཅེས་ཆོས་ཀྱི་གྲགས་པས་གསུངས་སོ། །བདག་ནི་དོན་དམ་པར་མེད་དེ། སྐྱེ་འཇིག་ཅན་མ་ཡིན་པའི་ཕྱིར་རི་བོང་གི་རྭ་བཞིན་ཞེས་སྦྱར་ཏེ། འདིར་ཡང་གཏན་ཚིགས་ནི་ཁས་བླངས་པ་ཙམ་ཡིན་ལ། བསྒྲུབ་པར་བྱ་བའི་ཆོས་ནི་དོན་དམ་པའི་བདག་གི་དངོས་པོར་མེད་པ་ཡིན་པས་རང་རྒྱུད་མ་ཡིན་གྱི། འགལ་བ་བརྗོད་པའི་ཐལ་འགྱུར་རོ། །ཡང་ཕུང་པོ་རྣམས་ཆོས་ཅན་ནོ། །བསྒྲུབ་པར་བྱ་བའི་ཆོས་ནི་དོན་དམ་པར་བདག་མ་ཡིན་པའོ། །གཏན་ཚིགས་ནི་སྐྱེ་བ་དང་འཇིག་པ་ཅན་ཏེ། འདི་ནི་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བའི་ཚུལ་གཉིས་དང་ལྡན་པའི་ཕྱིར་བསྒྲུབ་བྱ་སྒྲུབ་པར་ནུས་པ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་ལེགས་ལྡན་གྱི་བཞེད་པའོ། །གཞན་ཡང་དོན་དམ་པའི་བདག་ནི་གཏན་མ་གྲུབ་པས་དེ་འགོག་པ་ན་ཆོས་ཅན་དེའི་སྟེང་དུ་གྲུབ་པའི་ཁྱད་པར་གྱི་ཆོས་ཅི་བཀོད་ཀྱང་གཏན་ཚིགས་སུ་འགྱུར་རོ་ཞེས་བྱ་བ་ནི་སློབ་དཔོན་གྱི་བཞེད་པ་ཡིན་པས་དེ་བཞིན་དུ། འབྲས་བུ་ཉིད་དང་༴ རྒྱུ་ཉིད་དང་། ལན་འགའ་དགའ་ཐ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་དང་། ཐེ་ཚོམ་ཅན་གྱི་ཤེས་པ་དང་། ལོག་པའི་ཤེས་པའི་རྒྱུ་

(༨༧༥)ཉིད་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གིས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བྱའོ། །ཞེས་གསུངས་སོ། །ཚིགས་སུ་བཅད་པའི་ཕྱེད་ཕྱི་མ། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་བྱ་བ་འདི་ནི་ཕུང་པོ་མ་གཟུང་བའི་བདག་འབའ་ཞིག་འཛིན་པ་ཡོད་པར་ཐལ་བར་འགྱུར་ཏེ། རང་གི་རྒྱུད་དུ་བདུན་ནི་བདག་ནི་ཕུང་པོ་ལས་ངོ་བོ་ཉིད་ཀྱིས་གཞན་མ་ཡིན་ཏེ། ཕུང་པོ་མ་གཟུང་བའི་བདག་གི་ཡུལ་ཅན་མེད་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། གཏན་ཚིགས་འདིའི་དོན་ནི། དེ་ལ་བདག་ཏུ་ལྟ་བ་རྣམ་པ་དུ་མ་དག་གི་ཡུལ་ཡང་ཞེས་བྱ་བ་ནས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཉིད་ལ་ཡང་དག་པར་རྗེས་སུ་བལྟའོ། །ཞེས་བྱ་བའི་བར་གྱིས་རྫས་པ་བསྟན་ཏོ། །ལྟོས་ཤེས་བྱ་བ་ནི་ཤེས་རབ་ཀྱིས་ཡང་དང་ཡང་དུ་བལྟ་བར་བྱ་ཞེས་པའོ། །ཆོས་ཀྱི་བདག་མེད་པ་བསྟན་པའི་ཕྱིར་འདི་ལྟར་ཞེས་བྱ་བ་ལས་སོགས་པ་གསུངས་པ་ཡིན་ཏེ། དེ་ཡང་༴ འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ལས་ནི་སེམས་པ་དང་དེས་བྱས། །ཤེས་བྱ་བའི་ཚུལ་གྱིས་མ་རིག་པ་བདག་པོར་གྱུར་པའི་རྣམ་པར་རྟོག་པས་སྣོད་ཀྱི་འཇིག་རྟེན་ལ་སོགས་པ་འདི་འགྲུབ་ཅིང་། དེ་གྲུབ་པའི་ཚེ་ན་ཡང་བྱེད་པ་མེད་པར་རང་གི་ངང་གིས་འགག་པའི་ཕྱིར་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ཡིན་ཏེ། གྲུབ་པ་ན་ཡང་སེམ་པར་མི་བྱེད་ཅེས་བྱ་བ་ནི་འདུས་བྱས་ཐམས་ཅད་རང་གི་ངོ་བོ་ཉིད་གྲུབ་ཙམ་ལས་མ་གཏོགས་

(༨༧༦)པའི་འབྲས་བུ་བསྐྱེད་པའི་བྱེད་པ་ཅི་ཡང་མེད་དེ། དེ་བས་ན་ངོ་བོ་ཉིད་ཀྱིས་སྟོང་ཞེས་བྱའོ། །འདིས་ནི་དོན་གྱིས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏན་ཚིགས་བསྟན་པ་ཡིན་ཏེ། གང་རྟེན་ཅིང་འབྲེལ་བར་འབྱུང་བ་བྲེལ་བཅོས་མ་ཡིན་པས་ཁྱབ་བོ་ཞེས་བྱ་བ་དང་། བཅོས་བུ་གཟུགས་བརྙན་དང་མཚུངས་པ། །དེ་ལ་བདེན་ཉིད་ག་ལ་ཡོད། །ཅེས་བྱ་བའི་རིགས་།།།སྦྱར་བར་བྱ་བ་ཡིན་ནོ། །བློ་གྲོས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཏེ། རྣམ་པར་བསྒྲུབས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེའི་ཆོས་ནི་མྱ་ངན་ལས་འདས་པ་སྟེ་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལ་མོས་ཤིང་གོམས་ན། དེ་ལྟར་སྟོང་པའི་ཆོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ཆགས་སྡང་གི་རྣམ་པར་རྟོག་པ་ཐམས་ཅད་བཟློག་པར་འགྱུར་རོ་ཞེས་པའོ། །དེ་དག་ལོག་པས་མ་རིག་པ་ལོག་པའི་ཕྱིར་སྐྱེ་སྒ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་བཟློག་གོ། །འཁོར་བ་ལོག་ཀྱང་སྙིང་རྗེ་ཆེན་པོ་སྐྱེས་པའི་སྟོབས་ཀྱིས་སྐྱེ་བ་སོགས་སྟོན་པར་འགྱུར་རོ་ཞེས་བྱ་བའི་དོན་དུ་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་དེ་ལྟར་སྙིང་རྗེ་ཆེན་པོའི་གོ་མ་མི་འདོར་བ་ཡིན་ནོ། ཞེས་སྟོང་པ་ཉིད་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེ་ཞིང་རང་གི་དོན་ཡིད་ལ་བྱེད་པའི་མཚོན་རྣམས་རྡུགས་པར་འགྱུར་བའི་གོ་ཆ་བརྟན་པོ་བགོས་ནས་འཁོར་བའི་གཡུལ་ངོར་འཇུག་ཆེས་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་བློ་བུར་གྱི་དྲི་མ་མཐའ་ཡས་

(༨༧༧)པས་གཏུམས་མོད། དེ་ཐམས་ཅད་ཀྱང་བསྡུ་ན་ཆོས་ལ་ཁོང་ཁྲོ་བ་ལ་སོགས་པ་རྣམ་པ་བཞིར་བསྡུས་ནས་མོས་པ་ལ་སོགས་པ་བཞིས་སྤོང་བར་གསུངས་པ་ལ། མ་དག་པ་དང་དག་པའི་གནས་སྐབས་འདིར་ནི་མོས་སོགས་བཞི་པོ་ཐམས་ཅད་ཀྱང་ཤེས་རབ་དང་སྙིང་རྗེ་གཉིས་སུ་བསྡུས་ཏེ། སྦྱོང་བར་བྱེད་པའི་ཆོས་དེ་གཉིས་ཀྱིས་ཁམས་ཀྱི་དྲི་མ་རིམ་གྱིས་སྦྱངས་ནས་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་འདིའི་དཔེ་བསྟན་པའི་ཕྱིར། བློ་གྲོས་རྒྱ་མཚོ་དཔེར་ན་ནོར་བུ་རིན་པོ་ཆེ་བཻ་དུ་རྒྱ་རིན་ཐང་མེད་པ་ཤིན་དུ་སྦྱངས་པ་ཤིན་དུ་ཡོངས་སུ་དག་པ་ཤིན་དུ་དྲི་མ་མེད་པ་འདམ་དུ་བཅུག་སྟེ། ལོ་སྟོང་ཕྲག་གནས་པར་གྱུར་པ་དེ་ལོ་སྟོང་འདས་ནས་འདམ་དེ་ནས་ཕྱུང་སྟེ་སྦྱངས་ཤིང་བྱི་དོར་བྱས་ཏེ། ལེགས་པར་བཀྲུས་ལེགས་པར་སྦྱངས་ལེགས་པར་བྱི་དོར་བྱས་པ་ན་དག་དེ་ཅིང་རི་མ་མེད་པ་ནོར་བུ་རིན་པོ་ཆེའི་ངོ་བོ་དེ་ཉིད་མི་འདོར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་ཤེས་ཏེ། འོན་ཀྱང་བློ་བུར་གྱི་ཉེ་བའི་ཉོན་མོངས་པས་སྙོན་རྨོངས་པར་མཐོང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ་ཉོན་མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་གྱིས་འོད་གསལ་བར་ཞུགས་པ་མ་ཡིན་ནོ། །ཉོན་མོངས་པ་འདི་དག་ནི་བློ་བུར་བ་སྟེ། ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པས་བསྐྱེད་པའོ། །གང་གིས་སེམས་ཅན་འདི་དག་ཉེ་བའི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་ནུས་སོ་སྙམ་སྟེ་

(༨༧༨)དེ་ལྟར་དེ་ལ་ཞུམ་པའི་སེམས་མི་བསྐྱེད་དོ། །དེ་ནི་ལན་མང་དུ་སེམས་ཅན་རྣམས་ཀྱི་ཐད་དུ་འགྲོ་བའི་སེམས་སྐྱེའོ། །དེ་འདི་སྙམ་དུ་ཡང་སེམས་ཏེ། ཉོན་མོངས་པ་འདི་དག་ལ་སྟོབས་སམ། མཐུ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཉོན་མོངས་པ་འདི་དག་ནི་སྟོབས་ཆུང་བ་སྟོབས་མེད་པའོ། །འདི་དག་ལ་ནི་མང་དག་པའི་གནས་འགའ་ཡང་མེད་དོ། །ཉོན་མོངས་འདི་ནི་ཡང་དག་པ་མ་ཡིན་པར་ཀུན་བརྟགས་པ་སྟེ། དེ་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཚུལ་བཞིན་ཡིད་ལ་བྱེད་པས་བརྟགས་པ་ན་ཁོང་ཁྲོ་བར་མི་འགྱུར་རོ། །དེ་ནི་ཁོ་བོས་ཅི་ནས་ཀྱང་འབྲེལ་བར་མི་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ། །ཉོན་མོངས་པ་དང་མ་འབྲེལ་བ་ལེགས་ཀྱི་འབྲེལ་བ་མ་ཡིན་ནོ། །གལ་ཏེ་བདག་ཉིད་ཉོན་མོངས་པ་རྣམས་དང་འབྲེལ་ན་དེ་ཇི་ལྟར་ཉོན་མོངས་པའི་འཆིང་བས་བཅིངས་པའི་སེམས་ཅན་རྣམས་ཉོན་མོངས་པའི་འཆིང་བ་སྤང་བར་བྱ་བའི་ཕྱིར་ཆོས་བསྟན། འོན་ཀྱང་ཁོ་བོ་ཉོན་མོངས་པ་དང་ཡང་མ་འབྲེལ་ལ། ཉོན་མོངས་པའི་འཆིང་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཡང་ཆོས་བསྟན་པར་བྱའོ། །འཁོར་བ་དང་འབྲེལ་བར་བྱེད་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཡིན་པ་དེ་དག་དང་ནི་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འབྲེལ་བར་བྱའོ་སྙམ་མོད་ཞེས་གསུངས་པ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། བློ་གྲོས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་ལ། ཁམས་ཀྱི་དྲི་མ་སྦྱངས་པས་མངོན་པར་འདོད་པའི་འབྲས་བུ་ཕུན་སུམ་

(༨༧༩)ཚོགས་པར་འགྱུར་རོ་ཞེས་བྱ་བར་ནོར་བུ་རིན་པོ་ཆེའི་ངོ་ཏི་ཉིད་མི་འདོར་རོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེའི་འོག་ཏུ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པས་དྲི་མའི་གཙོ་བོ་ཉོན་མོངས་པ་སྦྱང་བར་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་ཉོན་མོངས་སྦྱང་བར་ནུས་པར་བསྟན་ཏོ། །དེ་ནི་ལན་།།།མཐུ་དུ་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་སྦྱོང་བ་ལ་བརྩོན་འགྲུས་རྩོམ་པར་བསྟན་ཏོ། །དེ་འདི་སྙམ་དུ་ཡང་སེམས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཉོན་མོངས་པའི་གཉེན་པོ་ཤེས་རབ་ཡིན་པར་བསྟན་ཏོ། །ཉོན་མོངས་པ་རྣམས་དང་མ་འབྲེལ་བ་ལེགས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ཉོན་མོངས་པ་མ་སྦྱངས་ན་སེམས་བསྐྱེད་པ་ཉམས་པར་འགྱུར་བར་བསྟན་ཏོ། །འཁོར་བར་འབྲེལ་བར་བྱེད་པ་ཞེས་བྱ་བ་ལ་སོགས་པས་ནི་ཉོན་མོངས་དངོས་སྤངས་ཀྱང་བཏགས་པ་བ་ལ་བསླབ་པར་བསྟན་ཏོ། །དེ་ལ་སྔར་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་འབྱུང་བའི་བཻ་དུ་རྒྱ་སྦྱོང་བའི་རིམ་པ་ནི་བདག་ཉིད་ཀྱི་རྒྱུད་ཀྱི་སྙིང་པོའི་དྲི་མ་སྦྱོང་བའི་དབང་དུ་མཛད་ལ། སྐབས་འདིར་ནི་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དྲི་མ་མེད་པ་ལ་སྒྲིབ་པར་བྱེད་པ་སྦྱོང་བ་དང་། དེའི་རྗེས་སུ་སེམས་ཅན་གཞན་གྱི་སྙིང་པོའི་དྲི་མ་སྦྱོང་བའི་རིམ་པ་གཉིས་བསྟན་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་ནི་རང་གི་ས་ན་དྲི་མ་མཐའ་དག་དང་བྲལ་ལོ་ཞེས་བྱ་བ་ནི་ནོར་བུ་རིན་པོ་ཆེ་བཻ་དུ་རྒྱ་ཞེས་བྱ་

(༨༨༠)བ་ལ་སོགས་པས་བསྟན་ཏེ། བཻ་དུ་རྒྱ་ནི་ཆོས་ཀྱི་སྐུའི་དཔེའོ། །རིན་ཐང་མེད་པ་ནི་འདོད་པ་རྫོགས་པར་བྱེད་པའི་འབྲས་བུ་མཆོག་ཡིན་པའི་དཔེའོ། །ཤིན་དུ་སྦྱངས་པ་ནི་ཉོན་མོངས་པ་དག་པར་བྱས་པའི་ཕྱིར་རོ། །ཤིན་དུ་ཡོངས་སུ་དག་པ་ནི་ཤེས་བྱའི་སྒྲིབ་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །ཤིན་དུ་དྲི་མ་མེད་པ་ནི་དེ་གཉིས་གང་ཡང་རུང་བའི་གནས་ངན་ལེན་དང་བྲལ་བའི་པོའོ། །འདམ་དུ་བཅུག་སྟེ་ཞེས་བྱ་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་དང་སེམས་ཅན་གཞན་ལ་ཡང་ཆོས་ཀྱི་སྐུ་ལ་སྒྲིབ་པར་བྱེད་པ་ཡོད་པའི་དཔེའོ། །ལོ་སྟོང་ཕྲག་གནས་པར་གྱུར་པ་ནི་བདག་དང་སེམས་ཅན་གྱི་སྒྲིབ་པ་ཡུན་རིང་བའི་དཔེའོ། །དེ་ལོ་སྟོང་འདས་ནས་འདམ་དེ་ནས་ཕྱུང་སྟེ་ཞེས་བྱ་བ་ནི་རང་གི་རྒྱུད་ཀྱི་ཆོས་ཀྱི་སྐུ་ལ་སྒྲིབ་པའི་དྲི་མ་འཁོར་བའི་ཆོས་ཀྱིས་བསྡུས་པ་དང་བྲལ་བའི་དཔེའོ། །སྦྱངས་ཤིང་བྱི་དོར་བྱས་ཏེ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལེགས་པར་བཀྲུས་ཤེས་བྱ་བ་ལ་སོགས་པ་ནི་བཤད་པ་ཡིན་ཏེ། མ་དག་པ་དང་དག་པའི་གནས་སྐབས་ཀྱི་ཉོན་མོངས་པའི་ཕྱོགས་དང་ཤེས་བྱ་དང་གང་ཡང་ཏུང་བའི་སྒྲིབ་པ་རྣམས་སྦྱངས་པ་དང་སྦྱར་རོ། །སྦྱངས་ཤིང་དག་པ་ན་ནོར་བུ་རིན་པོ་ཆེའི་ངོ་བོ་ཉིད་མི་འདོར་བའི་དཔེས་ནི་རང་གི་རྒྱུད་ཀྱི་སྙིང་པོའི་དྲི་མ་དག་པ་དང་གཞན་གྱི་རྒྱུད་ཀྱི་ཆོས་ཀྱི་སྐུ་དག་རྣམ་པ་ཤིན་དུ་གཅིག་ཅེས་བྱ་བར་སྟོན་ཏོ། །བློ་གྲོས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པས་དྲི་མའི་གཙོ་བོ་ཉོན་མོངས་པ་སྦྱོང་བར་སྟོན་ཏེ། བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཀྱི་སེམས་རང་

(༨༨༡)བཞིན་གྱིས་འོད་གསལ་བར་རབ་ཏུ་ཤེས་ཏེ་ཞེས་བྱ་བ་ནི་ཐོག་མར། བདག་མེད་པའི་མཐའ་ཞི་བ་ཡང་དག་པར་རྟོགས་པས་རང་གི་སེམས་འོད་གསལ་བར་ཤེས་ལ་དེ་ནས་ནི་ཐམས་ཅད་ལ་རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་ཞེས་བྱ་བ་དེའོ། །དེ་ལ་དཔེའི་སྐབས་སུ་ནོར་བུ་སྦྱངས་ཤིང་དྲི་མ་མེད་པ་།།།འདམ་སུ་བཅུག་པར་བསྟན་པས་ནི་ནོར་བུའི་དཔེས་སངས་རྒྱས་རྣམས་ཀྱི་ཆོས་སྐུ་མཚོན་པར་བྱས་ལ། འདི་ནི་སེམས་ཅན་གྱི་སེམས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཤིན་དུ་རིས་གཅིག་པ་ཉིད་ཀྱིས་བཻ་དུ་རྒྱ་དི་དཔེས་མཚོན་པར་བྱ་བ་ཉིད་དུ་བསྟན་ཏོ། །འོན་ཀྱང་དེ་བློ་བུར་གྱི་ཉེ་བའི་ཉོན་མོངས་པས་སྙིང་པོ་དེ་ཉིད་སྙོན་མོངས་ཤིང་དྲི་མར་གྱུར་པ་ལྟ་བུར་མཐོང་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཉིད་རང་བཞིན་དབང་བཙན་དུ་བྱས་ནས་འོད་གསལ་དུ་མཐོང་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ལ་སོགས་པས་ཉོན་མོངས་པ་སྦྱོང་ནུས་པར་བསྟན་པ་ནི་ཐོག་མ་མེད་པའི་དུས་ནས་སྙིང་པོ་དེ་ཉོན་མོངས་ལྟ་བུར་གྱུར་ན། དེ་བསལ་དཀའོ་སྙམ་ན། ཉོན་མོངས་པ་འདི་དག་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་གནས་ཀྱང་གཏན་མི་འབྲལ་བའི་ངོ་བོ་ཉིད་དུ་ཞུགས་པ་མ་ཡིན་ཏེ། གལ་ཏེ་ཞུགས་ན་དེ་ཉིད་རང་བཞིན་གཉུག་མ་ཡིན་པས་སྦྲལ་བར་དཀའ་ན་ཉོན་མོངས་པ་འདི་དག་ནི་གཉུག་མ་མ་ཡིན་གྱི་བློ་བུར་བ་ཡིན་ནོ། །བློ་བུར་བ་ཞེས་བྱ་བ་ཡང་ཐོག་མ་མེད་པའི་དུས་ནས་རྒྱུན་གྱིས་གནས་ཀྱང་གཤིས་དང་མི་

(༨༨༢)མཐུན་པར་བཙན་ཐབས་སུ་ལོག་པར་གཟུང་བ་ཡིན་ཏེ། དེ་ལྟ་བུ་འཛིན་པ་ཡང་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པས་བསྐྱེད་པའི་ཕྱིར་རོ། །ཉོན་མོངས་པས་ཉེ་བར་ཞི་བ་ནི་འགོག་པའི་བདེན་པ་སྟེ། དེའི་རྒྱུ་ནི་ཟག་པ་མེད་པའི་ཤེས་རབ་ཡིན་ལ། བདག་གིས་སེམས་ཅན་འདི་དག་ལ་ཤེས་རབ་ཀྱི་རྒྱུ་ཆོས་བསྟན་པར་ནུས་ཤིང་ཐོས་པའི་རིམ་གྱིས་འགོག་པ་ཐོབ་པར་འགྱུར་སྙམ་དུ་དགོངས་ཏོ༴ དེ་ལྟར་ན་སེམས་ཅན་ཤིན་དུ་མང་བ་འདི་དག་གི་ཉོན་མོངས་པ་སེལ་བར་ག་ལ་ནུས་སྙམ་པའི་ཞུམ་པའི་སེམས་བྱང་ཆུབ་སེམས་དཔའ་དེ་ལ་མི་སྐྱེའོ། །སྔར་སྙིང་རྗེའི་གོ་ཆ་བགོ་བར་བཤད་པ་ཉིད་འདིར་བརྩོན་འགྲུས་ནས་རྩོམ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་རྣམས་ཀྱི་ཐད་དུ་ཆོས་བསྟན་པའི་ཕྱིར་ལན་མང་དུ་འགྲོ་བའི་བརྩོན་པའི་སེམས་སྐྱེའོ། །དེ་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཉོན་མོངས་པ་ནི་བརྫུན་པའི་དོན་ཅན་ཡིན་པས་དེའི་གཉེན་པོར་བདེན་པའི་ཡུལ་ཅན་གྱི་ཤེས་རབ་བསྐྱེད་དེ། ཉོན་མོངས་པ་ལ་ཤེས་རབ་དང་འགྲན་པའི་སྟོབས་མེད་དོ། །འདི་ལྟར་སྟོང་མ་མི་སྟོང་སྙམ་པའི་ཐེ་ཚོམ་གྱིས་ཀྱང་ཉོན་མོངས་པའི་སྟོབས་ཉམས་པར་བྱེད་པས་སྟོབས་ཆུང་བ་ཡིན་ལ། ཉོན་མོངས་པ་འདི་དག་ལ་ནི་ཡང་དག་པའི་གནས་ཏེ་དམིགས་པ་འགའ་ཡང་མེད་དེ། ཕྱིན་ཅི་ལོག་ཏུ་དམིགས་པ་ཤ་སྟག་གོ །ཉོན་མོངས་པ་འདི་དག་ནི་རྒྱུ་ཡང་དག་པ་མ་ཡིན་པར་ཀུན་དུ་བརྟགས་པ་སྟེ། དེའི་གཉེན་པོར་རྒྱུ་དང་འབྲས་བུ་

(༨༨༣)དེ་དག་ལ་དམིགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཤེས་རབ་ཀྱིས་བརྟགས་པས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་བྱ་བས་ན་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་མི་གནས་པའི་ཕྱིར་ཁྲོ་བ་ལ་སོགས་པའི་ཉོན་མོངས་པ་འབྱུང་བར་མི་འགྱུར་རོ། །འདིར་ཉོན་མོངས་པ་རྣམས་ལས་ཁྲོ་བ་བཟློག་པ་ཉིད་ཅིའི་ཕྱིར་བཤད་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་སྡུད་པར་བྱེད་པ་ན་སེམས་ཅན་རྣམས་འབྱེད་པར་བྱེད་པ་ནི་ཁྲོ་བ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །ཤེས་རབ་ཀྱིས་ཉོན་མོངས་པ་ལན་ཅིག་བཟློག་ཀྱང་གོམས་པ་ཆུང་ན་སླར་ཡང་བཟློག་སྲིད་པས་ཉོན་མོངས་པ་དེ་ནི་ཁོ་བོས་ཅི་ནས་ཀྱང་སྟེ་རྣམ་པ་ཐམས་ཅད་དུ་འབྲེལ་བར་མི་འགྱུར་བ་དེ་ལྟར་ཡང་དང་ཡང་དུ་སོ་སོར་བརྟག་པའི་ཤེས་རབ་གོམས་པར་བྱའོ། །བྱང་ཆུབ་སེམས་དཔས་ཉོན་མོངས་པ་མི་སྤོང་བར་བཤད་པ་མ་ཡིན་ནམ་སྙམ་ན། ཉོན་མོངས་པ་མ་སྦྱངས་ན་བྱང་ཆུབ་ཀྱི་སེམས་ཉམས་པར་འགྱུར་བས་ཉོན་མོངས་པ་རྣམས་དང་མ་འབྲེལ་བ་ལེགས་ཀྱི་འབྲེལ་བ་ནི་བྱང་ཆུབ་སེམས་དཔའ་ལ་མཛེས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་པར་བདག་ཉིད་ཉོན་མོངས་པ་རྣམས་དང་འབྲེལ་ན་ཉོན་མོངས་པའི་འཆིང་བས་བཅིངས་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་འཆིང་བ་སྤང་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་རྒྱུ་ཆོས་བསྟན་པ་ཇི་ལྟར་རིགས་ཏེ། སྤྱོད་པ་ལ་

(༨༨༤)འཇུག་པར༴ ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །འགྲོ་བ་ཉོན་མོངས་ལས་སྒྲོལ་བར། །དམ་བཅས་གང་ཚེ་བདག་ཉིད་ཀྱང་། །ཉོན་མོངས་རྣམས་ལས་མ་གྲོལ་བར། བདག་གི་ཚོད་ཀྱང་མི་ཤེས་པར། །སྨྲ་བ་ཇི་ལྟར་སྨྱོན་པ་མིན། ཞེས་གསུངས་པ་ལྟར་རོ། །ཉོན་མོངས་པ་མི་སྤོང་བར་བཤད་པ་དོན་གཞན་སྟོན་པ་ཞིག་ཡོད་མོད་ཀྱི་འོན་ཀྱང་ཁོ་བོ་རང་ཉིད་དང་པོར་ཉོན་མོངས་པ་རྣམས་མ་འབྲེལ་བར་བྱས་ལ། དེ་ནས་ཉོན་མོངས་པའི་འཆིང་བ་སྤང་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཡང་ཆོས་བསྟན་པར་བྱའོ། །དེ་ལྟར་ཉོན་མོངས་པ་དངོས་ནི་ངེས་པར་སྤང་བར་བྱ་ལ། མི་སྤོང་བར་བཤད་པ་ནི་བཏགས་པ་བ་ཡིན་པས་འཁོར་བར་འབྲེལ་བར་བྱེད་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཡིན་པ་དེ་དག་དང་ནི་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འབྲེལ་བར་བྱའོ་སྙམ་དུ་བསམ་པར་བྱའོ། །ཞེས་གསུངས་སོ། །ཉོན་མོངས་པ་བཏགས་པ་བ་ཡིན་པའི་རྒྱུ་མཚན་དེའི་འབྲས་བུ་བསྟན་པ་ནི། འཁོར་བ་ཡང་འདི་ལྟར་ཟག་པ་མེད་པའི་དབྱིངས་ན་ཁམས་གསུམ་པའི་གཟུགས་བརྙན་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་ཡིན་པར་འདོད་དོ། །དེ་ནི་ཟག་པ་མེད་པའི་དགེ་བའི་རྩ་བས་མངོན་པར་འདུས་བྱས་པའི་ཕྱིར་འཁོར་བ་ཡིན་ལ། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པས་མངོན་པར་འདུས་བྱས་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཡང་དེ་ཉིད་དེ། ཞེས་བྱ་བ་ལ། མ་དག་པའི་དབང་དུ་བྱས་ནས་གང་འཁོར་བ་དང་གང་དུ་འཁོར་བ་

(༨༨༥)གཉིས་ཏེ༴ གང་འཁོར་བ་ནི་རླུང་གིས་བཅིངས་པའི་རྣམ་པར་ཤེས་པའི་ཁམས་སོ། །གང་དུ་འཁོར་བ་ནི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་ལ་ཆགས་པའི་ཟག་པ་ར་གྱས་པར་བྱེད་པའི་ཁམས་འདོད་པ་ནང་གི་ཏིང་ངེ་འཛིན་གྱི་གཟུགས་ལ་ཆགས་པའི་ཉོན་མོངས་པ་རྒྱས་པར་བྱེད་པའི་ཁམས་གཟུགས་དང་། གཟུགས་ལས་འདས་ཏེ་ནམ་མཁའ་ལ་སོགས་པའི་སྣང་བ་ལ་ཆགས་པའི་ཟག་པ་རྒྱས་པར་བྱེད་པའི་གཟུགས་མེད་པ་སྟེ་ཁམས་གསུམ་དུ་འཁོར་རོ། །དེ་བཞིན་དུ་གནས་སྐབས་གཉིས་པར་ཡིད་ཀྱི་རང་བཞིན་གྱི་ལུས་ཏེ་དེ་ཡང་ཁམས་གསུམ་པའི་གཟུགས་བརྙན་གྱི་ལུས་སོ། །གང་དུ་འཁོར་ན་ཁམས་གསུམ་པའི་ཟག་པས་གནས་ཐོད་པ་མེད་པའི་དབྱིངས་ཏེ་ཁམས་སུ་འཁོར་བ་ཡིན་ནོ། །གནས་སྐབས་དང་པོར་འཁོར་བའི་ཉེས་པ་ནི་སྡུག་བསྔལ་གསུམ་མ་མ་བརྒྱད་དོ། །གནས་སྐབས་གཉིས་པར་འཁོར་བའི་ཉེས་པ་ནི་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕའོ། །གང་གིས་བསྐོར་བ་ནི་གནས་སྐབས་དང་པོར་མ་རིག་པ་དང་འདུ་བྱེད་དོ། །གནས་སྐབས་གཉིས་པར་ནི་མ་རིག་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་སོ། །ཡིད་ཀྱི་རང་བཞིན་གྱི་ལུས་དེ་ནི་ཟག་པ་མེད་པའི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པའི་ཕྱིར་འཁོར་བ་ཞེས་བརྗོད་པ་ཡིན་ལ། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པས་མངོན་པར་འདུས་བྱས་པའི་དགྲ་བཅོམ་པ་ཐ་མའི་ལུས་ཀྱང་མ་ཡིན་ཞིང་། དེ་ལས་འདས་པའི་ཕྱིར་

(༨༨༦)ལྷག་མ་མེད་པའི་གནས་སྐབས་ཀྱི་སོ་སོར་བརྟགས་པའི་འགོག་པ་དང་ལྡན་ཅིག་ཏུ་མྱ་ངན་ལས་འདས་པར་བརྗོད་པ་ཡང་ཡིད་ཀྱི་རང་བཞིན་གྱི་ལུས་དེ་ཉིད་དོ། །དེ་ལྟ་ན་མ་དག་པའི་འཁོར་བ་ལས་འདས་པའི་ཕྱིར་མྱ་ངན་ལས་འདས་པའི་བརྗོད་པ་གཅིག་ཉིད་ཀྱིས་ཆོག་མོད། འཁོར་བའི་མིང་གིས་བཏགས་པས་ཅི་ཞིག་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་གནས་སྐབས་འདི་ལྟ་བུ་ལས་ཀྱང་འདས་ཏེ་དེ་བས་ན་ལྟོས་པའི་དབང་གིས་འཁོར་བའི་སྒྲས་ཀྱང་བརྗོད་པ་ཡིན་ནོ། །དེའི་ཤེས་པར་བྱེད་པ་ནི་ཡིད་ཀྱི་ལུས་ལ་འཁོར་འདས་གཉི་གར་རྣམ་པར་གཞག་པ་གང་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་དེའི་སླད་དུ་འདུས་བྱས་པ་དང་འདུས་མ་བྱས་པའི་འཁོར་བ་ཡང་མཆིས་ལ། འདུས་བྱས་པ་དང་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཡང་མཆིས་སོ། ཞེས་གསུངས་པ་ཡིན་ནོ། ཞེས་གསུངས་ཏེ། དེ་ལ་བསྟན་པ་འདི་ལས་འདུས་མ་བྱས་པ་ནི་རྣམ་པ་གསུམ་སྟེ། ཐོགས་པ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་ནམ་མཁའ་དང་། ཉན་ཐོས་ཀྱི་སོ་སོར་བརྟགས་པའི་འགོག་པ་ལ་སོགས་པ་ལས་དང་ཉོན་མོངས་པ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་མེད་པར་དགག་པ་དང་ །དེ་གཉིས་མ་ཡིན་དགག་གི་ཆོས་སུ་བརྟགས་པ་ཡང་སྟེ་དེ་ལྟ་བུ་དག་ནི་ཅུང་ཟད་ཀྱང་མ་སྐྱེས་པའི་ཕྱིར་འདུས་མ་བྱས་ཤེས་བྱ་བ་ནི་གཅིག་གོ །སངས་རྒྱས་ཀྱི་ཆོས་ཀྱི་སྐུ་སངས་རྒྱས་མ་ཐག་པ་ནས་ནམ་མཁའ་ཇི་སྲིད་ཀྱི་བར་དུ་མཐོ་དམན་དང་འཕེལ་བ་དང་འགྲིབ་པ་ཅུང་ཟད་ཀྱང་མི་བྱེད་པ་དེ་ལ། ཐོག་མ་དང་དབུས་དང་

(༨༨༧)ཐ་མའི་མི་འདྲ་བའི་ཆ་མེད་པས་དེ་དང་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་འདུས་མ་བྱས་སུ་བརྗོད་པ་ནི་གཉིས་པའོ། །འཕགས་པ་རྣམས་ཀྱི་ཡིད་ཀྱི་ལུས་ལ་འགྲོ་བ་དང་འོང་བ་དང་ལྷའི་རྣམ་པ་ལས་མིའི་རྣམ་པར་འགྱུར་བ་ལ་སོགས་པའི་འགྱུར་བ་དག་ཡོད་དུ་ཟིན་ཀྱང་འཁོར་བའི་ལས་དང་ཉོན་མོངས་པས་མ་བྱས་པའི་ཕྱིར་འདུས་མ་བྱས་སུ་བརྗོད་པ་ནི་གསུམ་པ་སྟེ། དེ་ཟག་པ་མེད་པའི་ལས་ཀྱིས་བྱས་པ་ལས་ནི་འདུས་བྱས་ཤེས་ཀྱང་བརྗོད་དེ། དོན་དེ་དག་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པར་ཡང་བརྗོད་དོ། །གཉིས་པོ་དེ་དག་གི་གནས་སྐབས་བསྟན་པའི་ཕྱིར། དེ་ལ་འདུས་བྱས་དང་འདུས་མ་བྱས་འདྲེས་པའི་སེམས་དང་སེམས་ལས་བྱུང་བ་ཀུན་དུ་སྤྱོད་པ་དང་ལྡན་པའི་ཕྱིར་འདི་དག་པ་དང་མ་དག་པའི་གནས་སྐབས་ཤེས་བྱའོ། །དེ་ཡང་ཐོགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པ་དང་། སྙིང་རྗེ་ཆེན་པོ་བསྒོམས་པས་ཟག་པ་ཟད་པའི་མངོན་པར་ཤེས་པ་ལ་མངོན་དུ་ཕྱོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྐྱབས་པའི་དོན་དུ་དེ་མངོན་དུ་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་ལ་གཙོ་བོར་རྣམ་པར་གཞག་པ་ཡིན་ནོ། ཞེས་བྱ་བ་གསུངས་ཏེ། འཕགས་པའི་ཡིད་ཀྱི་ལུས་འདི་སྔར་ནི་འཁོར་བ་ལ་ལྟོས་ནས་འདུས་མ་བྱས་སུ་བརྗོད་ལ། ཟག་པ་མེད་པའི་ལས་ལས་བྱུང་བ་ཉིད་ཀྱིས་འདུས་བྱས་སུ་ཡང་བརྗོད་ཅིང་། འཁོར་བས་དག་པ་དང་བསམ་གྱིས་མི་ཁྱབ་པའི་འཕོ་འགྱུར་གྱིས་

(༨༨༨)མ་དག་པས་དག་པ་དང་མ་དག་པའི་གནས་སྐབས་ཤེས་བརྗོད་པ་ཡིན་ལ། ད་ནི་འཁོར་བས་དག་པ་ལ་མ་ལྟོས་པར་གནས་སྐབས་གཉིས་པ་འདི་ཉིད་ན་ཤེས་རབ་ཀྱིས་དག་པ་དང་སྙིང་རྗེས་མ་དག་པར་བཤད་པས་དག་པ་དང་མ་དག་པར་བརྗོད་པའི་རྒྱུ་མཚན་ལྷག་པོ་ཞིག་ཀྱང་སྟོན་ཏེ། འདི་ལྟར་འདུས་བྱས་སྙིང་རྗེ་དང་འདུས་མ་བྱས་ཤེས་རབ་རྒྱུད་གཅིག་ལ་འདྲེས་པའི་སེམས་དང་སེམས་ལས་བྱུང་བ་ཀུན་དུ་སྤྱོད་ཅིང་རྒྱུ་བ་དང་ལྡན་པའི་ཕྱིར་རྒྱུ་མཚན་གཉིས་པ་འདིས་ཀྱང་ས་བཅུ་པོ་འདི་ལ་དག་པ་དང་མ་དག་པའི་གནས་སྐབས་ཤེས་བྱའོ། །རྣམ་གྲངས་གཞན་གྱིས་ཀྱང་ས་བཅུ་པོ་ལ་དག་པ་དང་མ་དག་པའི་གནས་སྐབས་གཉིས་གསུངས་ཏེ། འདི་ལྟར་ས་བརྒྱད་པ་ཡན་ཆད་ནི་དག་པ་དང་བདུན་པའི་བར་དུ་ནི་མ་དག་པའོ། །འདྲེས་པའི་སྐབས་ཤེས་བཤད་པ་དེ་ཡང་ཤེས་བྱ་ལ་ཐོགས་པའི་སྒྲིབ་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དོན་དམ་པ་སྟོང་པ་ཉིད་ཀྱི་ཡུལ་ཅན་མཚན་མ་མེད་པ་བསྒོམས་པས་མྱ་ངན་ལས་འདས་པ་དང་འདྲ་བའི་འགོག་པ་ཐོབ་སྟེ་ཟག་པ་ཟད་པའི་མངོན་པར་ཤེས་པ་ལ་མངོན་དུ་ཕྱོགས་ཤིང་མངོན་སུམ་དུ་གྱུར་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱིས་བརྒྱུད་མར་སྡུག་བསྔལ་བའི་སེམས་ཅན་ལ་དེ་དང་བྲལ་བར་བཞེད་པའི་སྙིང་རྗེ་ཆེན་པོ་བསྒོམས་པས་སེམས་ཅན་གྱི་ཁམས་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་དོན་དུ་ཟག་པ་ཟད་པ་དེ་ལྡང་བ་མེད་པའི་ཚུལ་གྱིས་ མངོན་དུ་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་འདྲེས་ཤིང་ཆ་མཉམ་པའི་ཆོས་དེ་གཙོ་བོར་རྣམ་

(༨༨༩)དེ་རྣམས་ཕུང་པོ་ལ་སོགས་པ་གསུམ་ནི་མ་དག་པའི་གནས་སྐབས་ཀྱི་ཡིན་པས་ས་དང་པོ་ནས་མེད་དོ། །གཞན་འཕྲུལ་དབང་བྱེད་ན་གནས་པའི་བདུད་ཀྱིས་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལུས་ཀྱང་ལྟ་བར་དཀའ་ན་འཕགས་པ་རྣམས་ཀྱི་ལུས་ལྷ་ག་ལ་མཐོང་། དེ་ལྟ་ན་ཡང་གནས་སྐབས་གཉིས་པར་ཉོན་མོངས་པ་དང་ལས་བཏགས་སྔ་དཔྱད་དགོས་རྣམ་པར་གཞག་པ་བཞིན་དུ་མཐོང་བ་དང་སྒོམ་པས་སྤང་བར་བྱ་བས་བསྡུས་པའི་བདུད་ཀྱི་ལས་བཏགས་པ་བ་སྤང་རྣམ་པར་འཇོག་པར་ཤེས་པར་བྱའོ། །རྐང་པ་ཡ་གཅིག་ཅེས་བྱ་བ་ནི་ཤེས་རབ་ཀྱི་རྐང་པའོ། །ཡང་ཡ་གཅིག་ཅེས་བྱ་བ་ནི་ཐབས་ཀྱི་རྐང་པའོ། །བྱམས་པ་ཉེ་བར་གནས་པར་འགྱུར་བའོ་ཞེས་བྱ་བ་ནི་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚད་མེད་པ་བཞི་ནི་སེམས་ཅན་སོ་སོ་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་ཅན་ཡིན་ཞེས་པའོ། །ཟག་པ་ཟད་པའི་སྤྱི་བོར་ཕྱིན་པ་ནི་ས་དང་པོ་ནས་འཁོར་བའི་ཟག་པ་ཟད་པའི་ཕྱིར་ས་དྲུག་པར་ནི་དེའི་ཕྱིར་བོར་ཕྱིན་པ་ལྟ་བུ་ཡིན་ཏེ། ཐེག་པ་དམན་པས་ཟག་པ་ཟད་པ་ནི་ཉན་ཐོས་དང་རང་རྒྱལ་གྱི་མི་ཐོབ་པ་རྣམ་པ་གཉིས་ཡིན་པ་ལས་ལ་ལྔ་པར་ནི་འཕགས་པའི་བདེན་པ་བཞི་བསྒོམས་པས་ཉན་ཐོས་ཀྱི་ཟག་པ་ཟད་པ་དང་འདྲ་ལ། ས་དྲུག་པར་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས་རང་སངས་རྒྱས་ཀྱི་ཟག་པ་ཟད་པ་དང་འདྲ་ཞིང་། ས་བདུན་པ་ནས་ནི་དེ་ལྟ་བུའི་ཆོས་མཐུན་པ་ལས་ཀྱང་འདས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ།

(༨༩༠)གྱིས་གནོན་ཞེས་བརྗོད་དོ། །ཅི་འདྲ་བའི་ཐབས་ལ་མཁས་པས་ཤེས་བྱ་བ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་འཛིན་པའི་ཐབས་ལ་མཁས་པའོ། །འགོག་པའི་སྒོའི་བདེ་བ་དེ་ལ་མ་ཆགས་པར་སེམས་ཅན་སྐྱོབ་པའི་ཐབས་ལ་མཁས་པ་ནི་སྐྱེས་བུ་སྐྱིད་པའི་གྲོང་ཁྱེར་གྱི་ཐེམ་པ་ལས་ཕྱིར་ལོག་སྟེ་བུ་དྲན་པས་ཉམ་ང་བའི་ལམ་དུ་འཇུག་པ་ཅི་འདྲ་བ་དེ་འདྲ་བའི་མཁས་འདི་ལ་ངོ་མཚར་གྱི་འདུ་ཤེས་ཀྱིས་ལྟོས་ཤིག་ཅེས་པའོ། །བཅོམ་ལྡན་འདས་ཤེས་བྱ་བ་ལ་སོགས་པས་ནི་ངོ་མཚར་བའི་ཡུལ་ལ་ལྟོས་ཤིག་ཅེས་གསུངས་པ་བཞིན་དུ་བལྟས་པས་ངོ་མཚར་ཆེར་སྐྱེས་པའོ། །དབུ་མཐོང་ན་དགའ་བ་ལ་སོགས་པའི་ཁྱད་པར་སྨོས་པ་ནི་བྱང་ཆུབ་སེམས་དཔས་སོ་སོ་སྐྱེ་བོའི་གནས་སྐབས་སུ་ཡང་སེམས་ཅན་ལ་ལྟ་བའི་ཚད་མེད་པ་བཞི་ཐོབ་པར་བསྟན་ཏོ། །བུ་གཅིག་པ་བོར་བས་ནི་སོ་སོ་སྐྱེ་བོའི་ས་ལས་རིང་དུ་སོང་བར་བསྟན་ཏོ། །བུ་གཅིག་པའི་སར་སླར་འོངས་པས་ནི་བྱང་ཆུབ་སེམས་དཔས་སོ་སོ་སྐྱེ་བོའི་ལུས་སུ་བསྟན་པ་སྟེ། མདོ་ལས་སེམས་ཅན་རྣམས་ལ་ལྟ་བས་ཕྱིར་ཕྱོགས་ཏེ་སླར་ལོག་ནས་སོ་སོ་སྐྱེ་བོའི་ས་ན་ཡང་ཀུན་དུ་སྣང་ངོ་། ཞེས་གསུངས་པའི་ཕྱིར་རོ། །འབད་ཆེན་པོ་དང་བརྩོན་པ་ཆེན་པོ་ནི་གོ་རིམས་བཞིན་ལུས་དང་སེམས་ཀྱིའོ། །ལྷག་པའི་བསམ་པ་བརྟན་པོར་བསྒྲུབས་པས་མངོན་པར་ཤེས་པ་ལྔ་སྐྱོད་པར་བྱེད་དོ་ཞེས་བྱ་བ་ནི་ས་དང་པོར་ཐོབ་པའི་ལྷག་པའི་བསམ་པ་དེ་དེའི་གོང་དུ་ས་གཉིས་པ་ལ་སོགས་པ་གསུམ་གྱིས་བརྟན་པོར་བསྒྲུབས་པས་ས་ལྔ་པ་ལ་བསམ་གཏན་གཙོ་བོར་སྤྱད་

(༨༩༡)ཐད་པའི་ཤེས་པ་ཡོངས་སུ་སྦྱང་བ་བྱས་ཏེ། ཞེས་འབྱུང་བ་ལ། དཔེ་འདི་དག་དང་སྦྱོར་བ་ཡང་མདོ་ཉིད་ལས། རིགས་ཀྱི་བུ་གྲོང་ཁྱེར་ཞེས་བྱ་བ་དེ་ནི་ཟག་པ་ཟད་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ། །དཔག་ཚད་བརྒྱ་སྟོང་ཕྲག་བྱེ་བ་བགྲོད་དགོས་པ་ཞེས་བྱ་བ་དེ་ནི་འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པའི་ཚིག་བླ་དགས་སོ། །བར་དུ་གཅོད་པ་མང་པོ་བགྲོད་ཅེས་བྱ་བ་དེ་ནི་བདུད་ཀྱིས་འདུན་པ་ལྡོག་པའི་བར་ཆད་ཀྱི་ཚིག་བླ་དགས་སོ། །སྐྱེས་བུ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་སོ། །རྐང་པ་ཡ་གཅིག་གིས་གྲོང་ཁྱེར་གྱི་སྒོའི་ཐེམ་པ་ལ་གཞག །རྐང་པ་ཡ་གཅིག་ནི་སྒོའི་ཕྱིར་རོལ་དུ་གཞག་ཅེས་བྱ་བ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་འདུས་བྱས་དང་འདུས་མ་བྱས་འདྲེས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་འཇུག་པའོ། །བུ་གཅིག་པ་དྲན་ནས་གྲོང་ཁྱེར་ཆེན་པོ་དེར་ཞུགས་པ་ལས་ཕྱིར་ཕྱོགས་ཏེ་སླར་ལོག་ཅེས་བྱ་བ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཨན་ལ་བུ་གཅིག་པ་བཞིན་དུ་བྱམས་པ་ཉེ་བར་གནས་པར་འགྱུར་བའོ། །དེ་ཟག་པ་ཟད་པའི་སྤྱི་བོར་ཕྱིན་ཀྱང་ཟག་པ་ཡང་མི་ཡོང་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱིར་ཕྱོགས་ཤིང་བཟློག་པར་ཡང་འགྱུར་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནས་ཅི་འདྲ་བའི་ཐབས་ལ་མཁས་པས་སེམས་ཅན་རྣམས་ལ་ཆེར་སྙིང་རྗེ་བ་ལ་ལྟོས། ཞེས་པ་དང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདི་ལྟར་བྱང་ཆུབ་ལག་མཐིལ་དུ་ཐོབ་

(༨༩༢)པ་ཡང་མི་འཚལ་བར་འཁོར་བ་ཉིད་ཀྱི་རྗེས་སུ་འཇུག་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པས་ཡོངས་སུ་མི་སྐྱེ་བ་ནི་ངོ་མཚར་རོ། ཞེས་གསུངས་པ་ལ། ཟག་པ་ཟད་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ་ཞེས་བྱ་བ་ནི་ས་དྲུག་པར་ཐོབ་པ་དེའོ། །འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་ཞེས་བྱ་བ་ནི། སློབ་དཔོན་དབྱིག་གཉེན་གྱིས་མོས་པས་སྤྱོད་པ་ནས་ས་བཅུ་པའི་བར་དུ་རེ་རེ་ལ་བསྐལ་པ་གྲངས་མེད་པ་གསུམ་གསུམ་གྱིས་བགྲོད་པར་བྱ་བར་གསུངས་པས་མོས་པས་སྤྱོད་པ་ནས་ས་ལྔ་པའི་བར་དུ་བསྐལ་པ་གྲངས་མེད་པ་བརྩ་བརྒྱ་དེ། དེ་དག་ཏུ་བྱང་ཆུབ་སེམས་དཔས་འཁོར་བའི་ལུས་ཡོངས་སུ་འཛིན་པའོ། །བདུད་ཀྱིས་འདུན་པ་བཟློག་པའི་བར་ཆད་ཅེས་པ་ནི་མངོན་པར་རྟོགས་པའི་རྒྱན་ལས་ས་བརྒྱད་པའི་དབང་དུ་མཛད་ནས། དགྲ་རྣམས་ལས་ནི་འདས་པ་དང་། ཞེས་གསུངས་པ་དང་། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཏེ། ཞེས་གསུངས་པས་ས་བདུན་པའི་བར་དུ་སེམས་ཀྱི་སྣང་བ་ཡོད་ཅིང་དེ་ལ་སེམས་འཇུག་པ་ཡང་ཡོད་པས་བདུད་ཀྱི་ཡུལ་ལས་མ་འདས་ཤེས་བྱའོ། །དེ་ལ་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་ཅེས་བྱ་བ་བྷིར་གྲགས་པ་ལས། ཕུང་པོ་ལ་སོགས་པ་གསུམ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་གི་རྒྱུད་ཀྱིས་བསྡུས་པའོ། །ལྟའི་བུའི་བདུད་ནི་གཙོ་བོ་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་གནས་པ་དང་ཡི་དགས་ཀྱི་སྲིད་པའི་བར་དུ་འཁོར་དུ་གནས་པ་དག་གོ་

(༨༩༣)པར་གཞག་པ་ཡིན་ནོ། །དེ་ཡང་ས་གཉིས་པ་ནས་བཅུ་པའི་བར་ལ་སྒོམ་པའི་ལམ་དུ་རྣམ་པར་གཞག་པའི་དབང་དུ་བྱས་ནས་ཀྱང་ས་དྲུག་པར་སྤང་བར་བྱ་བ་ཡང་འབྲིང་གི་འབྲིང་དང་༴ གཉེན་པོ་ཡང་འབྲིང་གི་འབྲིང་སྟེ། དེས་ཀྱང་ཆ་མཉམ་པར་བརྗོད་དོ། རྒྱན་ལས༴ འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ་ཞེས་གསུངས་པ་ཡང་སྙིང་རྗེ་ཧེན་པོ་ལ་འཁོར་བ་ཞེས་བརྗོད་ཅིང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མྱ་ངན་ལས་འདས་པ་ཞེས་བརྗོད་དེ་འདིར་བཤད་པ་དང་དོན་གཅིག་གོ། །ས་བདུན་པ་ནས་ནི་ཤེས་རབ་ཀྱི་ཕྱོགས་ལ། རིང་དུ་སོ་འདིར་འདི་ནི་སྐད་ཅིག་དང་། སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། ཞེས་བྱ་བས་འགོག་པ་ཤས་ཆེ་ཞིང་ཐབས་ལ་སྤྱོད་པ་ན་ཡང་མཚན་མ་མེད་པར་སྤྱོད་ནུས་མོད་ཀྱི། ས་དེར་འགོག་པ་ལ་སྐད་ཅིག་རེ་རེར་ཞུགས་པའི་ཤུགས་པའི་ཀྱིས་ས་བརྒྱད་པར་སོན་པ་ན་རྒྱལ་བ་རྣམས་ཀྱིས་འགོག་པ་ལས་སློང་བར་བྱ་དགོས་པ་ཡིན་ནོ། །བསླང་བ་བཞིན་དུ་ཤེས་རབ་ཀྱི་ཕྱོགས་པས་ཐབས་ཀྱི་ཕྱོགས་ལ་སློབ་པ་གཙོ་ཆེ་སྟེ། དེ་ལྟར་གོམས་པ་ལས་སངས་རྒྱས་ཀྱི་སར་ནི་ཤེས་རབ་དང་སྙིང་རྗེ་ཡེ་ཤེས་ཀྱི་དངོས་པོ་གཅིག་ཉིད་ཀྱི་ཆས་པ་རྣམས་པར་འཇོག་སྟེ། རྫས་ཐ་དད་པ་གཉིས་ལྷན་ཅིག་ཏུ་འབྱུང་བ་མ་ཡིན་ནོ། ཟག་པ་ཟད་པའི་ཤེས་པ་རྟོགས་པར་བྱ་བའི་ཕྱིར་དེ་ལས་བརྩམས་ཏེ། གྲོང་ཁྱེར་གྱི་དཔེར་བརྗོད་པ་ཇི་སྐད་གསུངས་པ་བཞིན་ཏེ། ཞེས་བརྗོད་

(༨༩༤)པར་བྱ་བ་ལ། མིའི་དཔེར་བརྗོད་པ་ཞེས་འབྱུང་བ་ནི་ན་ག་ར་ཡིན་པ་ལ་ན་རར་མཐོང་བའི་འགྱུར་ནོར་པའོ། །དེ་ཡང་གཙུག་ན་རིན་པོ་ཆེས་ཞུས་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དང་ག་ཚད་བརྒྱ་སྟོང་ཕྲག་བྱེ་བ་བགྲོད་དགོས་པ་ན་གྲོང་ཁྱེར་ཆེན་པོ་ཞིག་ཡོད་དེ། གྲོང་ཁྱེར་དེའི་ལམ་ནི་བགྲོད་པར་དཀའ་ཞིང་རིང་ལ་ཉམ་ང་སྟེ་འཇིགས་པ་དང་བཅས་ལ་ཟས་དང་སྐོམ་དང་བཟའ་བ་ཡང་མེད་པ་ཞིག་ལ་གང་གྲོང་ཁྱེར་ཆེན་པོ་དེར་ཕྱིན་པ་ན་དེའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་འགྱུར་བ་ཞིག་ཡོད་པ་དང་དེ་ནས་སྐྱེས་བུ་ལ་ལ་ཞིག་གི་གྲོང་ཁྱེར་ཆེན་པོ་དེའི་ཡང་དག་པའི་ཡོན་ཏན་ཐོས་ནས་སྐྱེས་བུ་དེ་ལ་བུ་མཐོང་ན་དག་བ་སྡུག་པ་ཡིད་དུ་འོང་བ་མི་མཐུན་པ་མ་ཡིན་པ་ཅིག་ཀྱང་ཡོད་པ་ལས་དེས་བུ་གཅིག་པ་དེ་བོར་ནས་གྲོང་ཁྱེར་དེའི་ལམ་དུ་ཞུགས་ཏེ། དེའི་སྟོབས་ཀྱི་ཤུགས་དང་བརྩོན་འགྲུས་ཀྱིས་སེམ་སྟེ་མ་ལ་ཀྱེ་མའོ། །བདག་གི་བུ་གཅིག་པོ་དེ་འདིར་ཁྲིད་དེ་མ་འོངས་པ་ལྟ་ཞིག་སྙམ་ནས་བུ་གཅིག་དུ་དེ་སྡུག་པས་གྲོང་ཁྱེར་ཆེན་པོ་དོར་བ་ཞུགས་ཀྱི། ཕྱིར་ཕྱོགས་ནས་དེས་བུ་གཅིག་པ་དེ་ག་ལ་འདུག་པར་སླར་ལོག་པ་དེ་བཞིན་དུ། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་འབད་པ་ཆེན་པོ་དང་བརྩོན་པ་ཆེན་པོ་དང་ལྷག་པའི་བསམ་པ་བརྟན་པར་བསྒྲུབས་པས་མངོན་པར་ཤེས་པ་ལྔ་སྐྱེད་པར་བྱེད་དོ། །བསམ་གཏན་དང་མངོན་པར་ཤེས་པ་ལ་སེམས་ཡོངས་སུ་སྦྱང་བ་བྱས་པ་དེ་ལ་ཟག་པ་ཟད་པ་མངོན་དུ་ཕྱོགས་པར་འགྱུར་རོ། །སེམས་ཅན་ཡོངས་སུ་བསྐྱབ་པའི་དོན་དུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས་ཟག་པ་

(༨༩༥)དེ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་མངོན་པར་ཤེས་པ་ལྔ་སྐྱེད་པར་བྱེད་དོ། །ས་བཅུ་པའི་ས་ལྔ་པར། སྒོམ་པ་མངོན་པར་སྒྲུབ་པ་ལ་མཁས་པས་མངོན་པར་ཤེས་པ་མངོན་པར་སྒྲུབ་པ་ཐོབ་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །བསམ་གཏན་དང་མངོན་ཤེས་ལ་སྦྱངས་པས་ས་དྲུག་པར་ཟག་པ་ཟད་པ་མངོན་དུ་ཕྱོགས་པར་འགྱུར་བའོ། །ས་དྲུག་པར་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས་ཟག་པ་ཟད་པའི་ཁམས་བཻ་དུ་རྒྱས་ས་ལེ་སྦྲམ་ཡོངས་སུ་སྦྱོང་བ་ལྟར་ཡོངས་སུ་སྦྱོང་སྟེ། ས་བཅུ་པའི་དྲུག་པར༴ ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན་གསེར་གྱི་ས་ལེ་སྦྲམ་དེ་ཉིད་བཻ་དུ་རྒྱས་ཕྱིས་ན་དེ་བས་ཀྱང་ཤས་ཧེར་རབ་ཏུ་བྱང་ཞིང་ཤིན་དུ་འོད་གསལ་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སླར་ཡང་སེམས་ཡོངས་སུ་སྦྱང་བ་བྱས་པས་ས་དྲུག་པ་ལ་ཆགས་པ་མེད་པའི་ཤེས་རབ་སྐྱེས་པའི་ཕྱིར་ཟག་པ་ཟད་པ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་འདི་ལ་ཟག་པ་ཟད་པ་མངོན་དུ་བྱེད་པ་ལ་དབང་ཐོབ་པ་ནི་རྣམ་པར་དག་པའི་གནས་སྐབས་བསྟན་པའོ། །དེ་ལྟ་བུའི་བདག་ཉིད་དུ་ཡང་དག་པར་ཞུགས་པ་དེ་གཞན་དག་ཀྱང་ཡང་དག་པར་རྟོགས་པ་འདི་ཉིད་ལ་གཞག་པར་བྱའོ། །ཞེས་སྙིང་རྗེ་ཆེན་པོས་ལོག་པར་ཞུགས་པའི་སེམས་ཅན་ཡོངས་སུ་བསྐྱབ་པར་འདོད་པ་ཞི་བའི་བདེ་བའི་རོ་མི་མྱང་བའི་ཐབས་ལ་བྱང་བར་བྱས་པ་འཁོར་བ་ལ་མངོན་དུ་ཕྱོགས་པའི་སེམས་ཅན་ལ་ལྟོས་ཏེ་མྱ་ངན་ལས་འདས་པ་ལ་རྒྱབ་

(༨༩༦)ཀྱིས་ཕྱོགས་པ། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསམ་གཏན་དག་གིས་གནས་ནས་སླར་འདོད་པའི་ཁམས་སུ་བསམ་པ་བཞིན་དུ་སྐྱེ་བ་འཛིན་པ་ཇི་སྲིད་མྱུར་དུ་སེམས་ཅན་གྱི་དོན་བྱ་བར་འདོད་པ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམ་པ་དུ་མར་སྐྱེ་བའི་བྱེ་བྲག་གིས་སོ་སོའི་སྐྱེ་བོའི་ལུས་སྟོན་པ་ལ་དབང་འབྱོར་བ་ནི་མ་དག་པའི་གནས་སྐབས་བསྟན་པ་ཡིན་ནོ། །ཞེས་བྱ་བ་ལ་སླར་ཡང་སེམས་ཡོངས་སུ་སྦྱང་བ་བྱས་པས་ཤེས་བྱ་བ་ནི་ས་ལྔ་པར་བསམ་གཏན་གྱིས་ཁམས་ཡོངས་སུ་སྦྱངས་པའི་རྗེས་ལ་ས་དྲུག་པ་ཐོབ་པའི་ཕྱིར་འབད་པས་ས་དྲུག་པ་ལ་ཆགས་པ་མེད་པའི་ཤེས་རབ་སྐྱེས་པའི་ཕྱིར་ཟག་པ་ཟད་པ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །ཟག་པ་ཟད་པ་མངོན་སུམ་དུ་གྱུར་པས་ཟག་པ་ཟད་པ་ལ་དབང་ཐོབ་པ་ནི་དབང་བཅུ་ལས་ཡེ་ཤེས་ལ་དབང་བ་སྟེ། དེ་ཐོབ་པ་ནི་རྣམ་པར་དག་པའི་གནས་སྐབས་སུ་བསྟན་ཏོ། །དེ་ལྟ་བུའི་བདག་ཉིད་དུ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནས། མ་དག་པའི་གནས་སྐབས་བསྟན་པ་ཡིན་ནོ། ཞེས་བྱ་བའི་བར་གྱིས་སྙིང་རྗེ་ཆེན་པོའི་ཕྱོགས་ལས་མ་དག་པའི་གནས་སྐབས་སུ་བསྟན་ཏེ། དེ་ལྟ་བུའི་བདག་ཉིད་དུ་ཡང་དག་པར་ཞུགས་པ་ནི་ཟག་པ་ཟད་པ་ལ་དབང་ཐོབ་པས་དེའི་ཡེ་ཤེས་རང་གི་ངང་གིས་འབྱུང་བ་ནི་བདག་ཉིད་དུ་ཡང་དག་པར་ཞུགས་པའོ། །ཟག་པ་ཟད་པའི་ངང་དུ་གྱུར་ན་དེ་ཉིད་ལས་མི་ལྡང་ངམ་སྙམ་ན། ལངས་ནས་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ་སྙིང་རྗེའི་རྣམ་པ་ནི་གཞན་དག་ཀྱང་རྟོགས་པ་འདི་ཉིད་ལ་

(༨༩༧)ཡང་དག་པར་གཞག་པར་བྱའོ་སྙམ་པའོ། །དེ་ལྟ་བུའི་སྙིང་རྗེ་ཉིད་ཟག་པ་ཟད་པ་ལས་ཕྱིན་ཅི་ལོག་དུ་ལོག་པར་ཞུགས་པའི་སེམས་ཅན་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པར་འདོད་པ་ཡིན་ཏེ། ཞི་བ་ཟག་པ་ཟད་པའི་བདེ་བའི་རོ་མི་མྱང་བར་སེམས་ཅན་ཡོངས་སུ་བསྐྱབ་པ་དེའི་ཐབས་ལ་བྱང་ཞིང་མཁས་པར་བྱས་པ། སྙིང་རྗེས་སེམས་ཅན་ཡོངས་སུ་བསྐྱབ་པའི་ཐབས་ལ་མཁས་པས་སེམས་ཅན་ལ་ལྟོས་ཏེ་འཁོར་བ་ལ་མངོན་དུ་ཕྱོགས་པ། ཞི་བའི་བདེ་བའི་རོ་མི་མྱང་བས་ནི་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །ཇི་ལྟར་ཕྱོགས་ཤེ་ན། མཐོང་བའི་ལམ་དུ་ཟད་པ་དང་མི་སྐྱེ་བ་ཤེས་པའི་བྱང་ཆུབ་ཐོབ་པས་དེའི་ཡན་ལག་གམ་ཆ་ཤས་སུ་གྱུར་པའི་དྲན་པ་ཡང་དག་པ་ལ་སོགས་པ་རྣམ་པ་བདུན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཆེད་དུ་དེའི་རྟེན་བསམ་གཏན་བཞི་པོ་དག་གིས་གནས་ཤིང་ལན་མང་དུ་བྱས་ནས་འདོད་པའི་ཉོན་མོངས་མཐའ་དག་ཟད་པར་བྱས་ཀྱང་སྙིང་རྗེས་སླར་ཡང་འདོད་པའི་ཁམས་སུ་བསམ་པ་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པས་དུས་ཇི་སྲིད་དུ་སེམས་ཅན་གྱི་དོན་བྱ་བར་འདོད་པ་དེ་སྲིད་དུ་འདོད་པའི་སྐྱེ་བ་རྣམས་ཀྱི་ནང་ནས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་བྱ་དང་ཉ་དང་གཅན་ཟན་དང་མ་ཧེ་ལ་སོགས་པ་རྣམ་པ་དུ་མར་སྐྱེ་བའི་བྱེ་བྲག་གིས་སོ་སོའི་སྐྱེ་བོའི་ལུས་སུ་སྟོན་པ་ལ་དབང་འབྱོར་བ་ནི་སྐྱེ་བ་ལ་དབང་བའོ། །དེ་དག་གིས་ནི༴ སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་པོ་དེའི་དོན་བྱང་ཆུབ་སེམས་

(༨༩༨)དཔའ་འཕགས་པ་སྤྱིའི་ཤེས་རབ་དང་སྙིང་རྗེས་མ་དག་པ་དང་དག་པར་བསྟན་ནས། །ད་ནི་ཚིགས་སུ་བཅད་པ་གཅིག་པོ་དེའི་དོན་གཞན་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་བྱང་ཆུབ་སེམས་དཔའ་བཞིར་ཕྱེ་ནས་དེ་དག་གི་ཡོན་ཏན་གྱི་ཁྱད་པར་རྣམས་བསྟན་པའི་ཕྱིར། རྒྱལ་སྲས་འགྱུར་མེད་ཆོས་ཉིད་འདི། །རྟོགས་ནས་མ་རིག་ལྡོངས་རྣམས་ཀྱིས། །སྐྱེ་བ་ལ་སོགས་དག་ཏུ་ནི། །མཐོང་བ་གང་ཡིན་དེ་རྨད་དོ། ༡ །འཕགས་པའི་སྤྱོད་ཡུལ་ཐོབ་པ་གང་། །བྱིས་པའི་སྤྱོད་ཡུལ་དུ་སྟོན་ཏེ། །དེ་ཉིད་ཕྱིར་ན་འགྲོ་བ་ཡི། །གཉེན་གྱི་ཐབས་དང་སྙིང་རྗེ་མཆོག ༢ །དེ་ནི་འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མ་གཡོས། །འཇིག་རྟེན་དོན་དུ་འཇིག་རྟེན་ན། །འཇིག་རྟེན་དྲི་མས་མ་གོས་སྤྱོད། ༣ །ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་པ་ཆུ་ཡིས་གོས་པ་མེད༴ །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མི་གོས། ༤ །བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་སྙོམས་པར་ཞུགས་པ་ཡིན། ༥ །སྔོན་གྱི་འཕེན་པའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར། །དེ་ནི་ལུས་ཅན་སྨིན་པ་ཡི། །དོན་དུ་འབད་པའང་བྱེད་མ་ཡིན། ༦ །བསྟན་དང་གཟུགས་སྐུ་དག་དང་ནི། །སྤྱོད་དང་སྤྱོད་ལམ་གྱིས་ཀྱང་རུང་། །གང་ཞིག་ཇི་ལྟར་གང་གིས་འདུལ། །དེས་དེ་དེ་ལྟ་ཉིད་དུ་ཤེས། ༧ །དེ་ལྟར་ནམ་མཁའི་མཐས་ཀླས་ཀྱི། །འགྲོ་བར་རྟག་ཏུ་ལྷུན་གྲུབ་པར།

(༨༩༩) ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག ༨ །བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། ༩ །དེ་ལྟ་མོད་ཀྱི་ས་།།།དང་། །རྒྱ་མཚོ་བ་ལ་སྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། ༡༠ ཞེས་བྱ་བ་དག་གི་དོན་འཆད་པ་ན་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་རྟེན་དུ་བྱས་ནས་བཤད་པར་བྱ་བ་ཡིན་པའི་ཕྱིར་སའི་རྣམ་པར་གཞག་པ་ཅུང་ཟད་ཅིག་བརྗོད་པར་བྱའོ། །དེ་ལ་སའི་རང་གི་ངོ་བོ་ནི་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིན་མཚུངས་པར་ལྡན་པ་དང་བཅས་པའོ། །དེ་ལྟ་བུའི་ཡེ་ཤེས་ལ་རང་གི་ཡུལ་དང་རྣམ་པ་མི་འདྲ་བའི་སྒོ་ནས་དབྱེ་བར་བྱད་མེད་དེ། ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དང་། ཆོས་ཀྱི་དབྱིངས་ལ་ངོ་བོའི་དབྱེ་བ་མེད་པའི་ཕྱིར་རོ། །འདི་ནི་དབུ་མ་ལ་འཇུག་པའི་འགྲེལ་པར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་པ་ཉིད་ཆར་རྣམ་པར་ཕྱེ་བ་ན་ས་ཞེས་བྱ་བའི་མིང་འཐོབ་སྟེ། ཡོན་ཏན་གྱི་གནས་སུ་མྱུར་པའི་ཕྱིར་རོ། །དེ་ཡང་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་དང་མཐུ་ཕུལ་དུ་བྱུང་བ་ཐོབ་པ་དང་སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་ཀླགས་པ་དང་། རྣམ་པར་སྨིན་པ་འཕེལ་བའི་བྱེ་བྲག་གིས་ས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བ་རྣམ་པ་

(༩༠༠)བཅུར་རྣམ་པར་གཞག་ལ། འདི་ལ་རང་གི་ངོ་བོའི་ཁྱད་པར་གྱིས་བྱས་པའི་དབྱེ་བ་ནི་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ༴ ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་སྲས་ཀྱི་ས་ཀུན་ཡང་། །བརྗོད་མི་ནུ་ན་མཉན་པར་ག་ལ་ནུས། ཤེས་གསུངས་སོ། །ཞེས་བཤད་པ་ལ། ཁྱད་པར་གང་གིས་ས་བཅུར་དབྱེ་བའི་ཁྱད་པར་ནི་ས་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལྷག་པར་སྤྱོད་པའི་ཁྱད་པར་ནི་གཅིག་ཡིན་ཏེ། ས་དང་པོ་ལ་སྦྱིན་པ། གཉིས་པ་ལ་ཚུལ་ཁྲིམས། གསུམ་པ་ལ་བཟོད་པ། བཞི་པ་ལ་བརྩོན་འགྲུས། ལྔ་པ་ལ་བསམ་གཏན། དྲུག་པ་ལ་ཤེས་རབ། བདུན་པ་ལ་ཐབས། བརྒྱད་པ་ལ་སྨོན་ལམ། དགུ་པ་ལ་སྟོབས། བཅུ་པ་ལ་ཡེ་ཤེས་ལྷག་པར་སྤྱོད་པའོ། །ཡོན་ཏན་ནི་ས་དང་པོར་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ་པ་དང་། སྙོམས་པར་འཇུག་པར་འགྱུར་བ་དང་། སངས་རྒྱས་བརྒྱ་མཐོང་བར་འགྱུར་བ་དང་། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་རྣམ་པར་ཤེས་པར་འགྱུར་བ་ལ་སོགས་པའོ། །མཐུ་ནི་འཇིག་རྟེན་གྱི་སྤང་བརྒྱ་འབུལ་བར་བྱེད་པ་དང་སྣང་བར་བྱེད་པ་དང་ཞིང་བརྒྱ་ཕྲག་གཅིག་ཏུ་གནོན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །ས་གཉིས་པ་ལ་མཐུ་དང་ཡོན་ཏན་དེ་དག་སྟོང་ཕྲག་གཅིག་དང་། གསུམ་པ་ལ་འབུམ། བཞི་པ་ལ་བྱེ་བ་ཕྲག་བརྒྱ། ལྔ་པ་ལ་བྱེ་བ་ཕྲག་སྟོང་། དྲུག་པ་ལ་བྱེ་བ་འབུམ། བདུན་པ་ལ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དང་། བརྒྱད་པ་བས་སྟོང་གསུམ་འབུམ་ཕྲག་

(༩༠༡)གཅིག་གི་རྡུལ་གྲངས་དང་མཉམ་པ། །དགུ་པར་སྟོང་གསུམ་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་གྲངས་དང་མཉམ་པ། བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་དང་མཐུ་ཐོབ་བོ། །མཐུ་དང་ཡོན་ཏན་དེ་དག་ནི་ས་བཅུ་པའི་མདོ་ལས། །རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམས་པར་ཡང་འཇུག་པ་དང་སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་གྱིས་བརླབས་ཀྱང་ཡང་དག་པར་ཤེས་པ་དང་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱར་འགྲོ་བ་དང་འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་བསྐལ་པ་བརྒྱར་གནས་པར་བྱེད་པ་དང་བསྐལ་པ་བརྒྱ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐར་འཇུག་པ་དང་ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་ལུས་བརྒྱ་ཀུན་དུ་སྟོན་པ་དང་ལུས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་ཀུན་དུ་སྟོན་པའི་བརྩོན་འགྲུས་རྣམ་པ་དེ་ལྟ་བུ་རྩོམ་མོ་ཞེས་མདོ་ལས་གསུངས་པ་རྣམས་སོ། །ཡོན་ཏན་དེ་དག་ལས་གང་ཞིག་རང་གི་རྒྱུད་ལ་འབྱུང་ཞིང་གཞན་ལ་སྟོན་པ་མ་ཡིན་པ་དེ་དག་ལ་ནི་ཡོན་ཏན་ཞེས་བྱ་ལ། གཞན་ལ་སྟོན་པ་རྣམས་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པའི་མཐུས་ཡིན་པས་མཐུ་ཞེས་བྱའོ། །རྣམ་པར་སྨིན་པ་ནི་ས་དང་པོ་ལ་འཛམ་བུའི་གླིང་ལ་དབང་བའི་འཁོར་ལོས་བསྒྱུར་བ་དང་། གཉིས་པ་ལ་གླིང་བཞི་

(༩༠༢)ལ་དབང་བ་དང་། གསུམ་པ་ལ་ལྷའི་དབང་པོ་བརྒྱ་བྱིན་དང་། བཞི་པ་ལ་འཐབ་བྲལ་གྱི་ལྷའི་དབང་པོ་དང་། ལྔ་པ་ལ་དགའ་ལྡན་གྱི་ལྷའི་དབང་པོ་དང་། དྲུག་པ་ལ་འཕྲུལ་དགའི་ལྷའི་དབང་པོ་དང་། བདུན་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བདག་པོ་དང་། བརྒྱད་པ་ལ་སྟོང་གི་བདག་པོ་ཚངས་པ་དང་ །དགུ་པ་ལ་སྟོང་གཉིས་ཀྱི་བདག་པོ་ཚངས་པ་དང་། བཅུ་པ་ལ་འོག་མིན་གྱི་ལྷའི་བུ་དབང་ཕྱུག་ཆེན་པོར་འགྱུར་བ་ཡིན་ནོ། །དེ་ལས་དང་པོ་ནས་ལྔ་པའི་བར་དུ་ཉན་ཐོས་དང་མཐུན་པར་སྤྱོད་དེ། ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་རིགས་སད་ཅིང་ཐར་པ་འདོད་པས་ཁྱིམ་ལ་མ་ཆགས་པར་ཡོ་བྱད་ཐམས་ཅད་སྦྱིན་པར་བྱེད་ཅིང་། དེ་ནས་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་བསླང་ལ། དེ་ནས་ཕུང་པོ་ལ་མཁས་པ་ལ་སོགས་པའི་དོན་དུ་ཐོས་པ་ཚོལ་ལ། ཐོས་པའི་འོག་ཏུ་བྱང་ཆུབ་ཀྱི་ཕྱོགས་སྒོམ་ཞིང་དེ་ནས་འཕགས་པའི་བདེན་པ་བཞི་རྟོགས་པའི་འཕགས་པའི་ཡེ་ཤེས་བསྐྱེད་ནས་ཉོན་མོངས་པ་ཐམས་ཅད་སྤོང་ངོ་། །བྱང་ཆུབ་སེམས་དཔའ་ཡང་སྤྱིར་ནི་དེ་དང་འདྲ་བ་ལས་བྱེ་བྲག་ཏུ་ནི་དོན་དམ་པའི་སྤྱོད་པ་ལ་སྤྱོད་པའི་ཕྱིར་ས་དང་པོར་སྦྱིན་པ་ལ་གཙོ་བོར་སྤྱོད་པ་ན་སྦྱིན་པའི་སྐད་ཅིག་རེ་རེ་ཞིང་འཁོར་གསུམ་རྣམ་པར་དག་པ་སྟེ་འཁོར་གསུམ་པོ་ཐམས་ཅད་ལ་དངོས་པོར་འཛིན་པ་དང་བྲལ་བའོ། །ས་གཉིས་པར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ཕྲ་ཞིང་ཕྲ་བ་ལ་ཡང་ཤེས་བཞིན་དང་ལྡན་པས་སྤྱོད་པ་ཁོ་ན་སྟེ་

(༩༠༣)དེ་ནི་ས་དང་པོ་བ་ལ་མེད་དོ། །ས་གསུམ་པ་ལ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་།།།སྦྱིན་པ། སྤྱོད་པས་མི་བཟོད་པ་ཅི་ཡང་མེད་ཅིང་། བྱེ་བྲག་ཏུ་ཐོས་པ་རྒྱ་ཆེན་པོ་ཚོལ་བས་ཆོས་ཀྱི་ཁྱད་པར་གང་ལ་ཡང་ཡིད་གཉིས་མེད་པའོ། །བཞི་པ་ལ་བརྩོན་འགྲུས་ཕུན་སུམ་ཚོགས་པས་ཤེས་བྱའི་སྒྲིབ་པའི་གཉེན་པོར་བྱང་ཆུབ་ཀྱི་ཕྱོགས་ལྷག་པར་བསྒོམ་པས་ལྟ་བའི་བག་ལ་ཉལ་ཟད་པར་བྱེད་ནུས་པའོ། །ལྔ་པ་ལ་བསམ་གཏན་ལ་གཙོ་བོར་སྤྱོད་པས་བདེན་པ་གཉིས་དང་བཞི་དང་བཅུ་བཞི་ལ་སོགས་པའི་ཁྱད་པར་ལ་མཁས་པ་ཐོབ་ཅིང་། ཉོན་མོངས་པ་ལས་རྒྱལ་བ་སྟེ། དེ་ཡང་ཐེག་པ་ཆེན་པོར་རྣམ་པར་རྟོག་པ་ལ་ཉོན་མོངས་སུ་བརྗོད་པས་རྣམ་པར་རྟོག་པའི་རྒྱུ་བའི་རགས་པ་འགོག་ནུས་པའོ། །ས་དྲུག་པ་ལ་རང་སངས་རྒྱས་དང་མཐུན་པྲ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་བསྒོམས་པས་ཟབ་མོའི་ཆོས་རྟོགས་པའི་ཤེས་རབ་དང་། སེམས་ཅན་གྱི་དོ་ན་བྱེད་པའི་སྙིང་རྗེ་གཉིས་ཆ་མཉམ་ལ། རྣམ་རྟོག་གི་མཚན་མ་ཇི་ཙམ་འདོད་ཀྱི་བར་དུ་འགོག་ནུས་པའི་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའོ། །ས་བདུན་པ་ལ་ནི་ཤེས་རབ་ཀྱི་ཕྱོགས་ནས་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ལ་མ་བརྟེན་པར་སྐད་ཅིག་སྐད་ཅིག་ལ་འཇུག་ལྡང་བྱེད་ཅིང་། གང་དང་གང་སྒོམ་པར། འདོད་པའི་འབད་རྩོལ་ཙམ་ཡོད་ཀྱི། ཐབས་དང་ཤེས་རབ་ཀྱི་ཕྱོགས་གཉི་ག་ལ་མཚན་མ་ཡིད་ལ་བྱེད་པའི་སྦྱོང་བ་མེད་པས་སྦྱོར་བ་ལས་

(༩༠༤)འདས་པའི་པའི་ས་ཞེས་བྱ་ཞིང་། དེས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ཟིལ་གྱིས་གནོན་ལ། ཐབས་ལ་གཙོ་བོར་སྤྱོད་པས་སྐད་ཅིག་རེ་རེ་ལ་ཐབས་ཀྱི་སྒོ་གྲངས་མེད་པ་ཐོབ་ཀྱང་སྦྱོར་བ་མེད་བཞིན་དུ་ཐོབ་པའོ། །ས་བརྒྱད་པར་ནི་མཚན་མ་དང་རྩོལ་བ་གཉི་ག་མེད་ཅིང་འགོག་པ་ལ་ཡང་ངང་གིས་སྙོམས་པར་འཇུག་ཀྱང་སངས་རྒྱས་རྣམས་ཀྱིས་དེ་ལས་སློང་བ་ཆོས་ཉིད་ཡིན་པས་ས་དང་པོར་བཏབ་པའི་སྨོན་ལམ་རྣམས་ཀྱང་ས་དེར་རྣམ་སྨིན་གྱི་ཚུལ་དུ་ཐོབ་སྟེ། ས་དེ་ཐོབ་ཕྱིན་ཆད་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་བྱ་བའི་སྤྱོད་ཡུལ་གཅིག་ཅིང་། ས་བདུན་པ་མན་ཆད་དུ་བསྐལ་པ་ཤིན་དུ་མང་བར་བསགས་པའི་དགེ་བའི་སྟོབས་རྣམས་ལས་ཆེས་ལྷག་པར་གྱུར་པ་སྐད་ཅིག་རེ་རེ་ལ་སོགས་པར་ནུས་སོ། །ས་དགུ་པ་ལ་ནི་སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་ཤས་ཆེ་བས་ཞིང་ཁམས་དང་གདུལ་བྱ་དང་དེ་དག་གི་མོས་པ་དང་དབང་པོ་དང་ཆོས་ཀྱི་རྣམ་གྲངས་རྣམས་ལ་རྨོངས་པའི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་བཅོམ་ནས་སོ་སོ་ཡང་དག་པར་རིག་པ་བཞིས་ཆོས་སྟོན་པ་ཐོབ་བོ། །བཅུ་པ་ལ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནམ་མཁའ་ལྟར་མཐའ་ཡས་པ་ལ་རང་ཉིད་ཀྱི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོའི་སྤྲིན་འཁྲིགས་པ་ལས་གྲངས་མེད་པའི་སངས་རྒྱས་ཀྱི་ཆོས་ཀྱི་ཆར་ཕབ་པ་ན་སྐད་ཅིག་གིས་འཛིན་པར་ནུས་པའོ། །དེ་ཡང་ས་བརྒྱད་པར་ནི་རྒྱལ་པོའི་སྲས་གཞོན་ནུ་ལྟ་བུར་འགྱུར་ཏེ། ས་བདུན་གྱི་མངལ་ལས་གྲོལ་མ་ཐག་ཏུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་

(༩༠༥)ཀྱི་སྐུ་འགྲུབ་པའི་ཕྱིར་རོ། །ས་དགུ་པ་ལ་ནི་རྒྱལ་ཚབ་ལྟ་བུར་འགྱུར་ཏེ། ཆོས་ཀྱི་རྒྱལ་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱ་བ་ལ་འཇུག་པའི་ཕྱིར་རོ། །ས་བཅུ་པ་ཐོབ་མ་ཐག་པར་ནི་སངས་རྒྱས་རྣམས་ཀྱི་འོད་ཟེར་ཆེན་པོས་ཆོས་ཀྱི་རྒྱལ་པོ་ཉིད་དུ་དབང་བསྐུར་བ་ཐོབ་ཅིང་། སངས་རྒྱས་ཀྱི་མཚན་གྱིས་ཀྱང་རྗོད་པར་བྱེད་དོ། །ས་འདི་ལ་ཆ་གསུམ་དུ་གནས་པ་ལས་དང་པོ་ལ་ནི་རྩེ་མོའི་མངོན་པར་རྟོགས་པ་ཐོབ་ལ། བར་དུ་མཐར་གྱིས་པའི་མངོན་པར་རྟོགས་པ་འཐོབ་ཅིང་། ཐ་མར་ནི་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པ་ཐོབ་སྟེ། དེ་ནི་ཀུན་དུ་བ་དང་པོའི་ས་ཞེས་བྱའོ། །ཀུན་དུ་བཟང་པོའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་དེའི་ལུས་ནི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་མ་གཏོགས་པར་ས་བཅུ་པ་ཐོབ་པ་ཡིན་ཡང་ཐོག་མ་དང་བར་དུ་གནས་པ་དག་གིས་མཐོང་བར་མི་ནུས་པར་གསུངས་སོ། །དེ་ལ༴ རྒྱལ་སྲས་འགྱུར་མེད་ཆོས་ཉིད་འདི། ཞེས་བྱ་བ་ནས༴ འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་བྱ་བའི་མཐར་ཐུག་པ་ཚིགས་སུ་བཅད་པ་དགུས་པ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བའི་འོག་ཆོས་མཆོག་མན་ཆད་དུ་མཆོག་ཏུ་ཀུན་ནས་ཉོན་མོངས་པ་འབྲས་བུ་དང་བཅས་པས་གནས་སྐབས་དང་པོ་མ་དག་པའི་གནས་སྐབས་ཉིད་དུ་བསྟན་ལ། བཅུ་པ་དེ་ལྟ་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་གྱི་སྟེང་དུ་མཆོག་ཏུ་རྣམ་པར་དག་པ་ཉིད་ཀྱི་གནས་སྐབས་གསུམ་པ་ཡིན་པ་ལ་ལྟོས་ཏེ་མདོར་བསྡུ་ན་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་

(༩༠༦)དཔའ་རྣམ་པ་བཞི་པོ་རྣམས་གནས་སྐབས་གཉིས་པ་དག་པ་དང་མ་དག་པའི་གནས་སྐབས་ཉིད་དུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་བཞི་ནི་དོན་དམ་པའི་སེམས་དང་པོ་བསྐྱེད་པ་དང་། མ་གོས་པའི་སྤྱོད་པ་ལ་ཞུགས་པ་དང་། ཡེ་ཤེས་ཕྱིར་མི་ལྡོག་པ་དང་། སངས་རྒྱས་ཀྱི་ས་ལ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་སོ། །དེ་ལ་ཚིགས་སུ་བཅད་པ་དང་པོ་དང་གཉིས་པས་ནི་ས་དང་པོ་རབ་ཏུ་དགའ་བ་ལ་ཐོག་མ་མེད་པའི་དུས་ནས་སྔོན་མ་མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་ཉིད་མཐོང་བའི་ཕྱིར་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཡོངས་སུ་དག་པའི་མཚན་ཉིད་བསྟན་ཏོ། ཞེས་བྱ་བ་འཇིག་རྟེན་ལས་འདས་པའི་ཆོས་ཉིད་དང་པོར་མཐོང་བའི་ཕྱིར་ཞེས་བྱས་ནོ་རྒྱ་དཔེ་དང་། ནག་ཚོ་གཉི་ག་དང་མཐུན་ནོ། །ས་དང་པོ་རབ་ཏུ་དགའ་བ་ལ་སེམས་དང་པོ་བསྐྱེད་པ་ཞེས་བྱ་སྟེ། ཐོག་མ་མེད་པའི་དུས་ནས་སྔོན་ནམ་ཡང་མཐོང་མ་མྱོང་བའི་འཇིག་རྟེན་ལས་འདས་པའི་ཆོས་ཉིད་མཐོང་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཆོས་ཉིད་དེ་དང་པོར་མཐོང་ཞིང་སྐྱེས་པ་ཡིན་པའི་ཕྱིར་རོ། །དེའི་ཡོན་ཏན་ཡོངས་སུ་དག་པའི་མཚན་ཉིད་ནི་དོན་དམ་པའི་རྒྱལ་བའི་སྲས་པོ་འགྱུར་བ་མེད་པའི་ཆོས་ཉིད་འདི་མངོན་སུམ་དུ་རྟོགས་ནས་རང་ཉིད་སྐྱེ་སོགས་དང་བྲལ་ཡང་མ་རིག་པས་ལྡོངས་པའི་སེམས་ཅན་རྣམས་ཀྱིས་སྐྱེ་སོགས་དང་བཅས་པར་མཐོང་ནས་དེ་ལས་ཆོས་ཉན་པ་ལ་སོགས་པའི་བྱ་བ་ལ་འཇུག་པ་གང་ཡིན་པ་དེ་ནི་སྔོན་མ་བྱུང་བས་རྨད་དུ་བྱུང་བ་ཡིན་ཏེ། སེམས་འགྲེལ་ལས། ཆོས་རྣམས་

(༩༠༧)དགོངས་ཏེ་གསུངས་པར་སེམས་ཏེ། དབུ་མ་ལ་འཇུག་པའི་བསྟན་བཅོས་ནི་ས་བཅུ་པའི་མདོ་སྡེ་ལ་བརྟེན་པར་གསུངས་པའི་ཕྱིར་རོ། །ཡང་ས་བདུན་པ་ལ་ཁམས་གསུམ་གྱི་ཉོན་མོངས་པ་མེད་ཅེས་མི་བརྗོད་པར་ཀུན་དུ་འབྱུང་བ་མེད་ཅེས་གསུངས་ན། དེའི་བག་ལ་ཉལ་ཡོད་པ་ཞིག་གམ་ཞེ་ན། སླར་ལྡང་བར་འགྱུར་བའི་ཉོན་མོངས་པའི་བག་ལ་ཉལ་ནི་ས་དང་པོ་ཉིད་ནས་མེད་ལ། འོན་ཀྱང་དེའི་བག་ཆགས་ནི་ཡོད་དེ། ཇི་ལྟར་ཉན་ཐོས་ཀྱི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབང་དུ་མཛད་ནས། དེ་དག་ཉོན་མོངས་བག་ཆགས་འབྲེལ་ཀུན་ནས་ལྡང་དང་ལྡན་མ་ཡིན། ཞེས་ལང་ཀར་གཤེགས་པ་ལས་གསུངས་པ་ལྟ་བུའོ། །དེ་ཡང་གསུང་རབ་ལས། རྣམ་ཤེས་སྔ་མས་གཞག་པ་ཡི། ནུས་པ་བག་ཆགས་ཡིན་པར་འདོད། ཅེས་ས་བོན་གྱི་ཆོས་སུ་གནས་པ་ལ་བག་ཆགས་སུ་བརྗོད་པ་དང་ལུས་ངག་ཡིད་གསུམ་ལ་ཉོན་མོངས་པས་བསྒོས་པའི་ཆ་ཕྲ་མོ་ལུས་པ་ཉོན་མོངས་བསྐྱེད་པར་མི་ནུས་པ་ལ་ཡང་བག་ཆགས་སུ་བརྗོད་དེ། འདི་ལ་སློབ་དཔོན་

(༩༠༨)ཟླ་བས་བག་ཆགས་དང་རྩ་བ་དང་གོམས་པ་དང་མུར་ཐུག་པའི་མིང་གི་རྣམ་གྲངས་གསུངས་སོ། །ས་བརྒྱད་པ་ནས་ནི་ཆུའི་སྣོད་མང་པོར་ཟླ་བའི་གཟུགས་བརྙན་འབྱུང་བ་ན་ཟླ་བ་འགྲོ་བ་མེད་པ་ལྟར་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་དེའི་ཡིད་ཀྱི་རང་བཞིན་གྱི་ལུས་འབྱུང་ཡང་འགྲོ་འོང་ནི་མེད་ཅེས་བྱའོ། །དེ་ལྟར་ན་སྤྱན་རས་གཟིགས་དབང་ཕྱུག་འོད་དཔག་མེད་ཀྱི་དྲུང་ནས་ཁང་པ་བརྩེགས་པར་ཞུགས་ཏེ་ཞིང་འདིར་ཐུབ་པ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཉན་པའི་ཕྱིར་འོངས་པ་ནི་སྤྲུལ་པ་ཉིད་དུ་བལྟ་བར་བྱའི། །རྩ་བའི་ལུས་དངོས་ནི་མ་ཡིན་ནོ། །དེ་ལྟར་ན་ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་བསྟན་པའི་དོན་ནི་བཤད་ཟིན་ཏོ། །བྱང་ཆུབ་སེམས་དཔའ་གསུམ་པ་ནི། ཚིགས་སུ་བཅད་པ་ལྔ་པས་ནི་ས་མི་གཡོ་བ་ལ་རྒྱུན་མི་འཆད་པར་བྱང་ཆུབ་ཆེན་པོ་ཐོབ་པའི་སྦྱོར་བའི་ཏིང་ངེ་འཛིན་ལ་ལེགས་པར་གནས་པའི་ཕྱིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམ་པར་དག་པའི་མཚན་ཉིད་བསྟན་ཏོ། ཞེས་པ་སྟེ། དེ་ལ་ས་མི་གཡོ་བ་ཐོབ་ནས་ཕྱིར་མི་ལྡོག་པར་བརྗོད་པ་ནི་མཉམ་པར་གཞག་པའི་ཡེ་ཤེས་ལ་ཞུགས་ནས་ནམ་མཁའ་སྲིད་ཀྱི་བར་དུ་ཕྱིར་ལྡང་བར་མི་བྱེད་པས་ཕྱིར་མི་ལྡོག་པ་ཞེས་བྱ་སྟེ། ས་བཅུ་པའི་མདོར། ཡེ་ཤེས་མི་བཟློགས་པའི་ཕྱིར་ཕྱིར་མི་ལྡོག་པའི་ས། ཞེས་གསུངས་པས་སོ། །དོན་དེ་ཉིད་འདིར་བྱང་ཆུབ་ཆེན་པོ་ནི་ཆོས་ཀྱི་སྐུ་ཡིན་ལ། དེའི་སྦྱོར་བའི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྒྱུན་མི་འཆད་

(༩༠༩)མེད་དེ༴ མི་དགེ་བའི་རྩ་བ་ཐམས་ཅད་དྲུངས་ཕྱུང་བའི་ཕྱིར་རོ། །གང་གཞན་གྱི་ཁུ་ཁྲག་གི་ས་བོན་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་མཐུས་སྐྱེས་བུ་ལྟ་བུར་བྱིན་གྱིས་བརླབས་ཏེ་བྱ་བ་སྣ་ཚོགས་བྱེད་པ་ན་ཡང་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་གང་ཡང་མེད་དེ། སེམས་མེད་པའི་ཕྱིར་རོ། །གོས་པ་མེད་པའི་དཔེ་ནི་ཇི་ལྟར་པདྨ་ཆུ་ཡི་ནང་དུ་སྐྱེས་ཀྱང་ཆུ་ཡིས་ཅུང་ཟད་ཀྱང་གོས་པ་མེད་དེ། དེ་དྲི་ང་བའི་ཆུ་ནང་དུ་སྐྱེས་ཀྱང་པདྨ་ཉིད་ཀྱི་ཆུའི་ཁམས་ནི་གཙང་ཞིང་དྲི་ཞིམ་པ་ཡིན་ལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འདི་ནི་འཇིག་རྟེན་དུ་སེམས་ཅན་རྣམས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་གཞན་གྱི་ཉོན་མོངས་པས་བྱས་ཏེ་སྐྱེས་པར་གྱུར་ཀྱང་འབྲས་བུ་བྱང་ཆུབ་སེམས་དཔའི་ལུས་དེ་ལ་འཇིག་རྟེན་གྱི་ཆོས་ཉོན་མོངས་པ་རྣམས་ཀྱིས་གོས་པ་མེད་དོ། །ཉོན་མོངས་པ་མེད་ཀྱང་ས་བརྒྱད་པའི་ཡེ་ཤེས་ལ་ལྟོས་ནས་ཉོན་མོངས་པ་ཅན་གྱི་གདགས་པ་ཡང་ཡོད་དེ། ས་བཅུ་པའི་མདོར། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ལྷག་པར་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་ཐམས་ཅད་ལས་ཀྱང་ཤིན་དུ་འདས་ཏེ་བྱང་ཆུབ་དཔའི་ས་རིང་དུ་སོང་བ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པ་དང་བཅས་པ་ཞེས་ཀྱང་མི་བྱ། ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན༴ ཉོན་མོངས་པ་རྣམས་ཀུན་དུ་མི་འབྱུང་བས་ཉོན་མོངས་པ་དང་བཅས་པ་ཞེས་མི་བྱའོ།

(༩༡༠)དེ་བཞིན་གཤེགས་པའི་ཡེ་ཤེས་མངོན་པར་འདོད་པ་དང་བསམ་པ་ཡོངས་སུ་མ་རྫོགས་པས་ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །ཞེས་གསུངས་ཏེ། ཉོན་མོངས་པ་ཀུན་དུ་མི་འབྱུང་བ་ནི་ཁམས་གསུམ་ན་སྤྱོད་པ་དག་ལ་བྱ་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་འདོད་པ་དང་བ་སམ་པ་ཡོངས་སུ་མ་རྫོགས་པ་གཉིས་ལ་ནི་ཉོན་མོངས་པའི་མིང་གིས་བཏགས་པས་དེ་དང་བཅས་པའི་ཕྱིར་ཞེས་བྱ་སྟེ། ཇི་ལྟར་འཕགས་པ་ཉན་ཐོས་སློབ་པ་དག་གི་བསམ་པ་ནི་རྣམ་པ་ཐམས་ཅད་དུ་ཉོན་མོངས་སྤོང་བར་འདོད་པ་ཡིན་ལ། ནམ་ཞིག་ཉོན་མོངས་ཟད་དེ་མི་སློབ་པར་འགྱུར་བའི་ཚེ་བརྣག་པ་རྫོགས་པ་ཞེས་ཀྱང་བརྗོད་པ་དེ་བཞིན་དུ་ས་བདུན་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ལ་རང་རང་གི་ཐབས་དང་ཤེས་རབ་ཀྱི་སེམས་གཉིས་པོ་ས་བརྒྱད་པ་ཐོབ་པ་ན་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་ཏེ་རྩོལ་བ་ཐམས་ཅད་དང་བྲལ་བར་འབྱུང་བས་རྩོལ་བ་དེ་ཉིད་ས་བདུན་པ་མན་ཆད་ན་ཡོད་པ་ན་དེ་ཉོན་མོངས་ལྟ་བུར་བྱས་ནས་སྤོང་བའི་བསམ་པ་ཡོད་ཅིང་དེ་ས་བརྒྱད་པ་ཐོབ་པས་རྫོགས་ཤེས་བྱ་སྟེ། དགྲ་བཅོམ་པ་བཞིན་ནོ་དེའི་ཕྱིར་ས་བརྒྱད་པ་ནི་གནས་སྐབས་ཀྱི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅུ་བརྒྱད་ཐོབ་པའི་ཕྱིར་དེ་ལ་དེ་བཞིན་གཤེགས་པ་ཞེས་བཏགས་ལ། སྟོབས་ལ་སོགས་པ་དེ་དག་འདོད་པ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་འདོད་པ་ཞེས་བྱའོ། །སློབ་དཔོན་ཟླ་བས་དབུ་མ་ལ་འཇུག་པར་ས་བརྒྱད་པ་ཐོབ་པ་ན་ཉོན་མོངས་པ་དྲུངས་ཕྱུང་ཞིང་དགྲ་བཅོམ་པར་གྱུར་ཞེས་གསུངས་པ་ཡང་འདི་ལྟ་བུ་ལ་

(༩༡༡)སྟོང་པར་འདིར་ཤེས་ནས། །ལས་ཀྱི་འབྲས་བུ་བསྟེན་པ་གང་། །ངོ་མཚར་ལས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། ཞེས་གསུངས་པ་ལྟར་རོ། ཇི་ལྟར་རྨད་དུ་བྱུང་ཞེ་ན། དངོས་སུ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཟག་པ་མེད་པའི་ལུས་ཐོབ་པ་གང་ཡིན་པ་དེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་གཟུགས་སུ་སྟོན་ཏེ་དེ་ལྟ་བུར་བསྟན་པ་དེ་ཉིད་ཀྱི་ཕྱིར་རབ་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་ནི་འགྲོ་བ་རྣམས་ཀྱི་དགེ་བའི་གྲོགས་བྱེད་པའི་གཉེན་གྱི་ཐབས་དང་ཚུལ་དུ་གྱུར་པ་ཡིན་ལ། སྟོན་པའི་བྱེད་པ་ཡང་སྙིང་རྗེ་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་ན་ཚིགས་སུ་བཅད་པ་དང་པོ་དང་གཉིས་པ་འདིས་བྱང་ཆུབ་སེམས་དཔའི་ཡོན་ཏན་རང་ཉིད་འཁོར་བའི་སྐྱོན་གྱིས་ཡོངས་སུ་དག་པའི་མཚན་ཉིད་བསྟན་ཏོ། །བྱང་ཆུབ་སེམས་དཔའ་གཉིས་པ་ནི། ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་ནི་དྲི་མ་མེད་པའི་ས་ས་ནས་གཟུང་སྟེ། མི་གཡོ་བའི་བར་གྱི་ས་ལ་ཉེ་བར་མ་གོས་པའི་སྤྱད་པ་སྤྱོད་པའི་ཕྱིར་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམ་པར་དག་པའི་མཚན་ཉིད་བསྟན་ཏོ། །ཞེས་བྱ་བ་ལ། དྲི་མ་མེད་པའི་ས་ནས་གཟུང་སྟེ། མི་གཡོ་བའི་བར་ཏེ་མི་གཡོ་བའི་སའི་འཇུག་པ་རྩོམ་པའི་བར་དུ་འཇིག་རྟེན་རྣམས་སུ་སྐྱེ་བ་བསྟན་ནས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པ་ན་ཉོན་མོངས་པ་ལྟར་སྤྱོད་ཀྱང་ཉོན་མོངས་པས་ཉེ་བར་མ་གོས་པའི་སྤྱད་པ་སྤྱོད་པའི་ཕྱིར་དོན་དམ་པའི་སྤྱོད་པ་མཚན་མ་དང་རྩོལ་

(༩༡༢)བ་རྣམ་པར་གནོན་པ་ལ་ཞུགས་པའི་ཕྱིར་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཉོན་མོངས་པས་རྣམ་པར་དག་པའི་མཚན་ཉིད་ནི་དྲི་མ་མེད་པ་ལ་སོགས་པའི་ས་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་འཇིག་རྟེན་ཁམས་གསུམ་པོ་ཐམས་ཅད་ལས་ཤེས་རབ་ཀྱིས་འདས་ཀྱང་སྙིང་རྗེས་འཇིག་རྟེན་ཐམས་ཅད་ལས་མ་གཡོས་ཤིང་མ་འདས་པར་འཇིག་རྟེན་གྱི་དོན་དུ་འཇིག་རྟེན་གསུམ་པོ་ཐམས་ཅད་ན་འཇིག་རྟེན་གྱི་ཉོན་མོངས་པའི་དྲི་མས་མ་གོས་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ཡང་འདོད་པའི་ཁམས་ན་གནས་པའི་ཚེ་ཕ་དང་མ་དང་ཉེ་དུ་ལ་སོགས་པའི་འབྲེལ་བ་ཅན་དུ་སྟོན་ཞིང་ཕ་མ་ལ་སོགས་པ་ཤི་བའི་མྱ་ངན་བྱེད་ཅིང་། རེས་འགའ་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་ཚོར་བ་དང་། རེས་འགའ་ཕ་རོལ་གྱི་སྐྱེ་བོ་མང་པོའི་སྲོག་འཕྲོག་པ་དང་། རེས་འགའ་བདག་ཉིད་གཞན་གྱིས་གསད་པ་དང་། རེས་འགའ་ཆོམ་རྐུན་དུ་གྱུར་ཏེ་གཞན་གྱིས་འཆིང་བས་བཅིངས་པ་དང་། དེར་མཛད་ལྷ་དང་ལྷ་མིན་གང་ཡང་རུང་བར་གྱུར་ཏེ་འཐབ་པ་དང་། དེ་ནས་ཤི་འཕོས་ཏེ་ངན་སོང་གི་གནས་རྣམས་སུ་སྡུག་བསྔལ་བར་སྣང་བ་དང་། རེས་འགའ་བྲམ་ཟེར་གྱུར་ཏེ་རིག་བྱེད་ལ་མཁས་པ་དང་། རེས་འགའ་རབ་ཏུ་བྱུང་སྟེ་ནགས་སུ་བསམ་གཏན་བྱེད་པ་ལ་སོགས་པའི་སྤྱོད་པ་གྲངས་མེད་པར་བྱེད་དོ། །དེ་ལྟར་བྱེད་པ་ན་དེ་དག་གི་ཉོན་མོངས་པའི་ཆོས་ཀྱིས་གོས་པ་མེད་དེ། བདག་ཏུ་ལྟ་བ་བཅོམ་པའི་ཕྱིར་རོ། །སྡུག་བསྔལ་གྱི་ཚོར་བས་གོས་པ་ཡང་

(༩༡༣)པར་ལེགས་པར་གནས་པའི་ཕྱིར་ཕྱིར་མི་ལྡོག་པ་ཞེས་བརྗོད་དོ་ཞེས་པའི་དོན་ཏེ། ལེགས་པར་ཞེས་བྱ་བ་ཡང་སླར་མི་ལྡོག་པའི་དོན་ལ་བྱའོ། །དེའི་ཡོན་ཏན་རྣམ་པར་དག་པའི་མཚན་ཉིད་ནི་ཉོན་མོངས་པ་དང་རྣམ་པར་རྟོག་པ་གཡོན་སྤྱོས་པའི་སེམས་ཅན་གྱི་ཚོགས་མཐའ་ཡས་པའི་བུད་ཤིང་གཟིགས་པ་ན་དེ་དག་སྐྱོབ་པའི་ཐབས་ཀྱི་བྱ་བ་སྣ་ཚོགས་སྒྲུབ་པ་ལ་དམིགས་པའི་བློ་རྟག་ཏུ་མེ་བཞིན་དུ་འབར་བར་འགྱུར་ཏེ། དེ་ལྟ་ན་ཡང་ཞི་བ་མྱ་ངན་ལས་འདས་པ་ཕྱོགས་གཅིག་པའི་འགོག་པའི་བསམ་གཏན་ལ་རྟག་ཏུ་རྒྱུན་མི་འཆད་པར་སྙོམས་པར་ཞུགས་པ་ཡང་ཡིན་པས་ས་འདི་ནི་འགོ་མ་དག་ལས་ཆེས་ཁྱད་པར་དུ་གྱུར་པ་ཡིན་ནོ། །དེས་ན་དེ་ལྟ་བུའི་ཡོན་ཏན་ནི་འབད་རྩོལ་དང་མཚན་མས་རྣམ་པར་དག་པ་ཡིན་ཏེ། དེ་ནི་ཚིགས་སུ་བཅད་པ་གཅིག་པུ་འདིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་བཞི་པ་ནི། ཚིགས་སུ་བཅད་པ་དྲུག་པ་དང་བདུན་པ་དང་བརྒྱད་པས་ནི་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་རང་དང་གཞན་གྱི་དོན་སྒྲུབ་པའི་ཐབས་མཐའ་དག་མཐར་ཕྱིན་པས་སངས་རྒྱས་ཀྱི་ས་ལ་སྐྱེ་བ་གཅིག་གིས་ཐོགས་པ་བླ་ན་མེད་པའི་མངོན་པར་རྫོགས་པར་བྱང་ཆུབ་མཆོག་ཐོབ་པའི་ཕྱིར་ཆུབ་མཆོག་ཐོབ་།།།སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོན་ཏན་ཡོངས་སུ་དག་པའི་མཚན་ཉིད་བསྟན་ཏོ། ཞེས་བྱ་བ་སྟེ། དེ་ལ་བརྡའ་ལ་འབྱུང་བའི་སེམས་དང་པོ་བསྐྱེད་པ་ནས་བརྩམས་ཏེ། རང་གི་དོན་དང་གཞན་གྱི་དོན་སྒྲུབ་པའི་ཐབས་ཀུན་

(༩༡༤)རྫོབ་པའི་རྣམ་པས་སྦྱངས་ལ། ས་དང་པོ་ནས་དྲུག་པའི་བར་དུ་ནི་དེ་གཉིས་དོན་དམ་པའི་རྣམ་པས་སྦྱངས་ཏེ་དྲུག་པར་ཆ་མཉམ་པར་ཡང་གྱུར་རོ། །བདུན་པར་ནི་མཚན་མ་མེད་པའི་རྣམ་པས་དེ་གཉིས་སྦྱངས་ལ། བརྒྱད་པ་ནས་ནི་རྩོལ་བ་ཡང་མེད་པ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་རྟོགས་པ་ཕུན་སུམ་ཚོགས་པ་ལ་སྦྱངས་ནས་ས་དགུ་པར་ནི་བསྟན་པ་ ཕུན་སུམ་ཚོགས་པའི་རྣམ་པས་སྦྱངས་སོ། །དེ་ལྟ་བུའི་རིམ་པས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ། སངས་རྒྱས་རྣམས་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བྱིན། དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྷན། །སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས། བསླབ་པ་བཅའ་བས་ཚར་གཅོད་ཕན་འདོགས་བྱེད་ལ་བརྩོན། །ཞེས་རྒྱན་ལས་གསུངས་པ་བཞིན་སངས་རྒྱས་རྣམས་ཀྱི་བྱ་བ་གང་ཡིན་པ་དེ་ལེགས་པར་ཤེས་པའི་ཕྱིར་རང་དང་གཞན་གྱི་དོན་སྒྲུབ་པའི་ཐབ་རྒྱུར་བསྡུས་པ་མཐའ་དག་མཐར་ཕྱིན་པ། སངས་རྒྱས་ཀྱི་ས་ལ་འཇིག་རྟེན་པ་རྣམས་ཀྱི་ངོར་སྐྱེ་བ་གཅིག་གིས་ཐོགས་ཏེ་སྐྱེ་བ་ཕྱི་མ་ལ་སངས་རྒྱ་ཞེས་བྱ་ལ། ངེས་པའི་དོན་དུ་ས་ཐོབ་ནས་སྐྱེ་བ་ལ་དབང་བའི་ཕྱིར་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ལས་སེམས་བ་སྐྱེད་པ་ཐ་མའི་བྱ་བ་མ་རྫོགས་པར་གནས་པས་སེམས་བསྐྱེད་པ་གཅིག་གིས་ཐོགས་པའོ། །དེ་ལྟར་ན་སེམས་བསྐྱེད་པ་གཅིག་གིས་བླ་ན་མེད་པ་མངོན་པར་རྫོགས་པར་བྱང་ཆུབ་པ་མཆོག་ཐོབ་པའི་ཕྱིར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་དུ་ཐམས་ཅད་ཀྱིས་མ་ཚང་བ་མེད་པས་ཡོངས་སུ་

(༩༡༥)དག་ཅིང་རྫོགས་པ་ནི་སྔོན་པ་དང་པོར་སྨོན་ལམ་གྲངས་མེད་པ་འབུམ་ཕྲག་བཅུའི་འཕེན་པའི་དབང་སྟེ་བདག་པོ་དང་། འབད་པ་དང་རྩོལ་བའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ནི་ལུས་ཅན་རྣམས་སྨིན་པ་རྣམ་པ་གཉིས་ཀྱི་དོན་དུ་རང་གི་ངང་གིས་སྦྱོར་བ་ཡིན་གྱི། འབད་པའི་རྣམ་པར་རྟོག་པས་བྱེད་པ་ནི་མ་ཡིན་ནོ། །རྣམ་རྟོག་གིས་འདི་ལ་ནི་འདི་བྱ་ལ། གཞན་ལ་ནི་གཞན་བྱའོ་ཞེས་བྱ་བའི་ཁྱད་པར་ཤེས་པ་མེད་ན་ཡང་འཆོལ་པར་མི་འགྱུར་ཏེ། གདུལ་བར་བྱ་བ་རྣམས་ལ་གང་ལ་།།།འཚམ་པའི་བསྟན་པ་གསུང་རབ་དང་། དེ་སྟོན་པའི་གཟུགས་ཀྱི་སྐུ་དང་། ནགས་དང་གཙུག་ལག་ཁང་ན་གནས་པའི་སྟོང་པའི་འདོད་ཆགས་པའི་སྤྱོད་པ་ཡང་རུང་བ་དང་། འགྲོ་བ་དང་འདུག་པ་ལ་སོགས་པའི་སྤྱོད་ལམ་གྱིས་ཀྱང་རུང་སྟེ་གདུལ་བྱ་གང་ཞིག་རྣམ་པ་ཇི་ལྟར་ཐབས་གང་གིས་འདུལ་བར་འོས་པ་ནི་གདུལ་བྱ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་རང་དང་འཚམ་པ་དེ་ལྟ་བུ་ཉིད་དུ་ཤེས་པར་འགྱུར་ཏེ། དེ་ལྟར་མ་འཆོལ་བ་འདི་ནི་སྔོན་གྱི་སྨོན་ལམ་གཙོ་བོར་གྱུར་པ་ལས་ཡིན་ནོ། །དེ་ལྟ་བུ་དེ་ཡང་གླིང་གཅིག་གམ་གླིང་བཞི་འམ་སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གཅིག་ཏུ་སྟོན་པ་མ་ཡིན་གྱི། ནམ་མཁའི་མཐས་ཀླས་ཤིང་ཁྱབ་པའི་འགྲོ་བ་རྣམས་ཀྱི་དོན་དུ་རྟག་ཏུ་རྒྱུན་མི་འཆད་པ་དང་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་སེམས་ཅན་གྱི་དོན་དུ་བློ་ལྡན་བྱང་ཆུབ་སེམས་དཔའ་དེ་ཐོགས་པ་མེད་པར་ཡང་དག་པར་འཇུག་གོ །དེ་ལྟར་ན་ཚིགས་སུ་བཅད་པ་དྲུག་པ་དང་བདུན་པ་དང་བརྒྱད་པ་འདི་

(༩༡༦)དག་གིས་ནི་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྟན་ཏོ། །ཚིགས་སུ་བཅད་པ་དགུ་པས་ནི་གཞན་གྱི་དོན་དང་རང་གི་དོན་ལས་བརྩམས་ཏེ། མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ཡོན་ཏན་ཁྱད་པར་མེད་པ་དང་ཁྱད་པར་དང་བཅས་པ་བསྟན་ཏོ། ཞེས་བྱ་བ་ལ༴ ཚིགས་སུ་བཅད་པ་དགུ་པས་ནི་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་རང་གི་དོན་དང་གཞན་གྱི་དོན་ལས་བརྩམས་པའི་ཡོན་ཏན་ཁྱད་པར་མེད་ཅིང་འདྲ་བར་བསྟན་པ་ནི་བྱང་ཆུབ་སེམས་དཔའི་གཞན་དོན་བྱེད་པའི་ཚུལ་རྣམ་པར་མི་རྟོག་པ་དང་མ་འཆོལ་བར་བྱེད་པ་དང་ནམ་མཁའི་མཐས་ཀླས་པར་ཁྱབ་པའི་ཚུལ་གསུམ་པོ་འདིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་ལ་ཐོབ་པ་ཇི་རྙེད་པ་མཁྱེན་པ་སེམས་ཅན་ཡང་དག་པར་སྒྲོལ་བ་ལ་འཇིག་རྟེན་ན་མཉམ་ཞིང་མཚུངས་པ་ཉིད་དོ༴ དེ་ལ་རྣམ་པར་མི་རྟོག་པས་ནི་རང་གི་དོན་ལ་མཚུངས་པར་བསྟན་ལ། མ་འཆོལ་བ་དང་ཁྱབ་པས་གཞན་གྱི་དོན་ལ་མཚུངས་པར་བསྟན་ཏོ། །ཚིགས་སུ་བཅད་པ་བཅུ་པས་ཁྱད་པར་དང་བཅས་པར་བསྟན་པ་ནི་ཆོས་གསུམ་གྱིས་མཚུངས་པ་དེ་ལྷ་མོད་ཀྱི་སའི་རྡུལ་ཕྲན་གཅིག་དང་ས་ཆེན་པོའི་ཚད་ཀྱི་ཁྱད་པར་གང་ཡིན་པ་དང་། རྒྱ་མཚོ་དང་བ་ལང་གི་རྨིག་པའི་རྗེས་ཀྱི་ཆུའི་ཁྱད་པར་ཇི་ཙམ་ཡོད་པ་གང་ཡིན་པ་འདི་ནི་སངས་རྒྱས་དང་ས་བཅུ་པའི་བྱང་ཆུབ་སེམས་དཔའི་རང་གཞན་གཉི་གའི་ཡོན་ཏན་གྱི་ཁྱད་པར་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ཙམ་བསྟན་པ་སྟེ། རང་གི་ངོ་བོ་ནི་ས་བཅུ་པའི་མདོར།

(༩༡༧)བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཡུལ་གྱི་བྱིན་གྱིས་བརླབས་འདི་ཡང་དེ་ལྟར་ཚད་མེད་ན་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང་ཡུལ་ལ་འཇུག་པ་ཅི་འདྲ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་རྡེའུ་རྒྱ་ཤུག་གི་ཚིག་གུ་ཙམ་གཉིས་སམ་གསུམ་ཞིག་བླངས་ཏེ། འདི་སྐད་དུ༴ འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དཀ་ན་སའི་ཁམས་ཇི་སྙེད་ཅིག་ཡོད། རྡེའུ་འདི་དག་ལས་ཇི་ཙམ་ཞིག་གིས་ལྷག་པར་འཕགས་ཤིང་ལྷག་པར་ཚད་མེད་ཅེས་ཟེར་བ་ཞིག་ཡོད་ན། ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཚད་མེད་པ་མངའ་བ་རྣམས་ཀྱི་ཆོས་ཉིད་ལ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱི་ས་འཇལ་བ་ནི་ཁྱོད་ཀྱི་ཚིག་འདི་དེ་དང་འདྲ་བར་བདག་གིས་དཔགས་སོ། །ཀྱེ་རྒྱལ་བའི་སྲས་ཇི་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་གང་བླངས་པའི་སའི་ཁམས་ནི་ཆུང་ལ་ལྷག་མ་ལས་པ་ནི་ཚད་མེད་པ་དེ་བཞིན་དུ་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ཁོ་ན་ཡང་བསྐལ་པ་དཔག་ཏུ་མེད་པར་བསྟན་ཀྱང་ཕྱོགས་ཙམ་ཞིག་བསྟན་པར་ཟད་ན་དེ་བཞིན་གཤེགས་པའི་ས་ལྟ་སྨོས་ཀྱང་ཅི་དགོས། ཀྱེ་རྒྱལ་བའི་སྲས་ཁྱོད་མོས་པར་བྱའོ། ཁྱོད་ཁོང་དུ་ཆུང་པར་བྱའོ། །དེ་བཞིན་གཤེགས་པ་འདི་བདག་གི་མདུན་ན་དབང་

(༩༡༨)དུ་བཞུགས་ཏེ། ཀྱེ་རྒྱལ་བའི་སྲས་གལ་ཏེ་ཕྱོགས་བཅུའི་ཕྱོགས་རེ་རེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཅིག་ས་འདི་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལྟ་སྟེ་དཔེར་ན་བུ་རམ་ཤིང་གི་ཚལ་ལམ་འོད་མའི་ཚལ་ལམ། འདམ་བུའི་ཚལ་ལམ། ཏིལ་གྱི་ཚལ་བཞིན་དུ་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་སྒྲུབ་པ་བསྐལ་པ་དཔག་ཏུ་མེད་པར་མངོན་པར་བསྒྲུབས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་སྐད་ཅིག་གཅིག་ལ་བྱུང་བའི་དེ་བཞིན་གཤེགས་པའི་ཡུལ་གྱི་བརྒྱའི་ཆར་ཉེ་བར་མི་འགྲོ། །སྟོང་གི་ཆ་དང་འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་འབུམ་གྱི་ཆ་དང་། བྱེ་བ་ཁྲག་ཁྲིག་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོ་བ་ནས་སྒྲུབ་པ་ཙམ་གྱི་བར་དུ་ཡང་ཉེ་བར་མི་འགྲོའོ། ཞེས་གསུངས་སོ། །དེ་དག་གིས་ནི་མ་དག་པ་དང་དག་པའི་གནས་སྐབས་ཀྱི་ཆོས་རྣམས་ཀྱིས་ཁམས་འགྱུར་བ་མེད་པར་བསྟན་ནས། །ད་ནི་དེ་ལ་ཤིན་དུ་དག་པའི་གནས་སྐབས་ན་ཁམས་རྣམ་པར་འགྱུར་བ་མེད་པ་ལས་བརྩམས་ཏེ་བཤད་པར་བྱ་བའི་ཚིགས་སུ་བཅད་པ་གཅིག་དང་འཆད་པར་བྱེད་པའི་ཚིགས་སུ་བཅད་པ་གསུམ་དང་འཆད་པར་བྱེད་པས་བཤད་པར་བྱ་བ་ཇི་ལྟར་བ་ཤད་པའི་ཚིགས་སུ་བཅད་པ་གསུམ་སྟེ། དེ་ལ་རྩ་བ་ལྟ་བུའི་ཚིགས་སུ་བཅད་པ་གཅིག་ནི། གཞན་འགྱུར་མིན་བདག་མི་ཟད་ཆོས་

(༩༡༩)ལྡན་ཕྱིར༴ འགྲོ་སྐྱབས་ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར། །དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར། །འཇིག་མེད་ཆོས་ཀྱང་མ་བྱས་རང་བཞིན་ཕྱིར། ཞེས་བྱ་བའོ༴ །ཚིགས་སུ་བཅད་པ་འདིས་དོན་ཅི་བསྟན་ཞེ་ན། སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །དེ་ནི་རྟག་དང་བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། ཞེས་བྱ་བའི་དམ་བཅའ་བ་རྣམ་པ་བཞི་དང་གཏན་ཚིགས་རྣམ་པ་བཞི་སྟེ་བརྒྱད་བསྟན་ཏོ། །དེ་ལ་གཞན་འགྱུར་མིན་བདག་ཅེས་བྱ་བས་ནི་སྐྱེ་བ་མེད་པར་བསྟན་ཏོ། །འགྲོ་སྐྱབས་ཤེས་བྱ་བས་ནི་འཆི་བ་མེད་པར་བསྟན་ཏོ། །དེ་ནི་རྟག་ཏུ་གཉིས་མེད་ཅེས་བྱ་བས་ནི་གནོད་པ་མེད་པར་བསྟན་ཏོ། །འཇིག་མེད་ཆོས་ཀྱང་ཞེས་བྱ་བས་ནི་རྒ་བ་མེད་པར་བསྟན་ཏེ། དམ་བཅའ་བ་བཞིའོ། །མི་ཟད་ཆོས་ལྡན་ཕྱིར་ཞེས་བྱ་བས་ནི་རྟག་པའི་ཕྱིར་ཞེས་བྱ་བར་བསྟན་ཏོ། །ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར་ཞེས་བྱ་བས་ནི་བརྟན་པར་བསྟན་ཏོ། །མི་རྟོག་ཕྱིར་ཞེས་བྱ་བས་ནི་ཞི་བའི་ཕྱིར་ཞེས་བྱ་བ་བསྟན་ཏོ། །མ་བྱས་རང་བཞིན་ཕྱིར་ཞེས་བྱ་བས་ནི་གཡུང་དྲུང་ཕྱིར་ཞེས་བྱ་བ་བསྟན་ཏོ། །ད་ནི་དམ་བཅའ་བ་དང་གཏན་ཚིགས་དག་དེ་ནི་ཡིད་ཀྱི་རང་བཞིན་གྱི། །ལུས་ཀྱིས་སྐྱེ་མེད་རྟག་པའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །འཆི་འཕོས་བརྟན་ཕྱིར་དེ་མི་འཆི། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །

(༩༢༠)ཟག་མེད་མངོན་པར་འདུ་བྱེད་ཀྱིས། །གཡུང་དྲུང་ཕྱིར་ན་རྒ་བ་མེད། །ཅེས་བྱ་བས་སྦྱར་ནས་སྟོན་པ་ཡིན་ནོ། །འདིར་ཆོས་ཀྱི་སྐུ་ལ་སྐྱེ་བ་སོགས་བཞི་མེད་པར་བསྟན་པ་ནི་མ་དག་པ་དང་དག་པའི་གནས་སྐབས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་བ་དག་སངས་རྒྱས་ཀྱི་སར་ཡང་ཡོད་པ་ཉིད་འགོག་སྟེ། དེའི་ཤུགས་ཀྱིས་སྤྲུལ་པའི་སྐུ་ལ་ཡང་འཁོར་བའི་སྐྱེ་བ་དང་འཆི་བ་སོགས་མེད་པར་ཤེས་པར་བྱེད་དོ། །གཏན་ཚིགས་འདི་དག་གི་ཆོས་ཅན་ནི་རིས་སུ་ལྷན་ཅིག་སྐྱེས་པ་མངོན་པར་འདུ་བྱ་བའི་ལུས་ཏེ། གཏན་ཚིགས་བཞི་པོ་ཐམས་ཅད་ཀྱི་ཆོས་ཅན་ནོ། །དེས་ན་ཆོས་ཀྱི་སྐུའི་བདག་ཉིད་ཀྱི་ཡིད་ཀྱི་ལུས་དེ་ནི་ཆོས་ཅན་ནོ། །ཡིད་ཀྱི་རང་བཞིན་གྱི་ལུས་ལྷའི་རྣམ་པར་གནས་པ་ལས་གཞན་མིའི་རྣམ་པར་འགྱུར་བའི་སྐྱེ་བ་མེད་པའི་བདག་ཉིད་ཡིན་ཏེ། གདོད་མ་ནས་གནས་པ་སྟོབས་ལ་སོགས་པ་ནམ་དུ་ཡང་མི་ཟད་པའི་ཆོས་དང་ལྡན་པའི་མཚན་ཉིད་ཅན་རྟག་པ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་ལུས་སྔ་མ་དེ་འདོར་བར་སྣང་བའི་འཆི་འཕོ་བ་མེད་པས་ནམ་ཡང་འཆི་བ་མེད་པར་གནས་པའི་སྐྱབས་ཡིན་ཏེ། ཕྱི་མའི་མཐའི་མུར་ཐུག་པར་སེམས་ཅན་བསྐྱབ་པའི་ཕྱིར་གནས་པའི་མཚན་ཉིད་ཀྱི་བརྟན་པ་ཡིན་པའི་ཕྱིར་རོ། །མ་རིག་པའི་བག་ཆགས་ཕྲ་མོ་དང་དེ་ལས་བྱུང་བའི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་གཉིས་ཀྱི་ནད་ཀྱིས་ཆོས་སྐུ་དེ་ནི་རྟག་ཏུ་གནོད་པ་མེད་པ་ཡིན་ཏེ། རྣམ་པར་མི་རྟོག་པ་ལས་མི་ལྡང་བའི་མཚན་ཉིད་གཉིས་སྣང་གི་མེ་ཞི་བ་ཉིད་ཀྱི་ཕྱིར་རོ། །ཟག་པ་མེད་པའི་ལས་མངོན་པར་

(༩༢༡)འདུ་བྱེད་པའི་ལས་ཀྱིས་འཇིག་པ་མེད་པའི་ཆོས་ཀྱི་མཚན་ཉིད་རྒ་བ་མེད་པ་ཡང་ཡིན་ཏེ། རྒྱུ་རྐྱེན་ཚོགས་པས་མ་བྱས་པའི་རང་བཞིན་གྱི་མཚན་ཉིད་གཡུང་དྲུང་བ་ཡིན་པའི་ཕྱིར་རོ། །དེ་ཉིད་འགྲེལ་པས་བཤད་པ། ཤིན་དུ་དྲི་མ་མེད་ཅིང་རྣམ་པར་དག་པ་འོད་གསལ་བའི་རང་གི་རང་བཞིན་སངས་རྒྱས་ཀྱི་ས་ལ་རྣམ་པར་གནས་པ་དེ་བཞིན་གཤེགས་པའི་ཁམས་དེ་ནི། སྔོན་གྱི་མཐའ་ཉེ་བར་གཟུང་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་མ་ཡིན་ཏེ། རྟག་པའི་ཕྱིར་རོ། །ཕྱི་མའི་མཐའ་ཉེ་བར་གཟུང་ནས་བ་དམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བས་འཆི་བ་མ་ཡིན་ཏེ། བརྟན་པའི་ཕྱིར་རོ། །སྔོན་དང་ཕྱི་མའི་མཐའ་ཉེ་བར་གཟུང་ན་སམ་རིག་བག་ཆགས་ཀྱི་ས་ཡོངས་སུ་འཛིན་པས་གནོད་པ་ཡང་མ་ཡིན་ཏེ། ཞི་བའི་ཕྱིར་རོ། །དེ་ལྟར་དོན་མེད་པས་མ་ཕོག་པ་གང་ཡིན་པ་དེ་ནི་གཡུང་དྲུང་ཉིད་ཀྱི་ཕྱིར་ཡིད་ཀྱི་ཟག་པ་མེད་པའི་ལས་ཀྱི་འབྲས་བུ་ཡོངས་སུ་སྨིན་པས་རྒ་བ་ཡང་མ་ཡིན་ནོ། །ཞེས་བྱ་བ་སྟེ༴ གཏན་ཚིགས་འདི་དག་གི་ཆོས་ཅན་ནི་ཁམས་ཏེ་མཐར་ཐུག་པའི་ཆོས་ཀྱི་སྐུ་དང་དེའི་བདག་ཉིད་ཀྱི་ལུས་དང་དོན་གིག་གོ །ཆོས་ཅན་དེའི་ཁྱད་པར་ནི་སངས་རྒྱས་ཀྱི་ས་ལ་རྣམ་པར་གནས་པ་སྟེ། རྣམ་པར་གནས་པའི་སྐད་དོད་ཨཱ་བ་ཏི་སྟེ་ལྡན་པ་ཡིན་ལ། དེ་ཡང་འབྲེལ་བ་དང་མིང་གི་རྣམ་གྲངས་ཡིན་པས་སངས་རྒྱས་ཀྱིས་དང་འབྲེལ་པའོ། །སངས་རྒྱས་ཉིད་ཀྱང་ཤིན་དུ་དྲི་མ་མེད་པས་སངས་ཤིང་། འོད་གསལ་བའི་རང་གི་རང་བཞིན་ཡིན་

(༩༢༢)པས་རྒྱས་པ་སྟེ། བྱང་ཆུབ་ཅེས་ཀྱང་བྱའོ། །དེ་ལྟར་ན་སངས་རྒྱས་ཀྱི་སའི་ཁམས་དང་དེ་བཞིན་གཤེགས་པའི་ཁམས་ནི་ཆོས་ཅན་ནོ། །ཚེ་གཅིག་གི་སྔོན་གྱི་མཐ་གཞིར་ཉེ་བར་གཟུང་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་མ་ཡིན་ཏེ་རྟག་པའི་ཕྱིར་རོ། །ཚེ་གིག་གིས་ཕྱི་མའི་མཐའ་གཞིར་ཉེ་བར་གཟུང་ནས་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བས་འཆི་བ་མ་ཡིན་ཏེ། བརྟན་པའི་ཕྱིར་རོ། །སྔོན་དང་ཕྱི་མའི་མཐའ་གཉི་ག་གཞིར་ཉེ་བར་གཟུང་ནས་མ་རིག་པའི་བག་ཆགས་ཀྱི་སའི་ནད་ཀྱི་ཡོངས་སུ་འཛིན་པས་གནོད་པ་ཡང་མ་ཡིན་ཏེ། ཞི་བའི་ཕྱིར་རོ། །དེ་ལྟར་དོན་མེད་པ་ནི་འདོད་པའི་དོན་མ་ཡིན་པའི་གནོད་པས་མ་ཕོག་ཅིང་མ་སྣད་པ་གང་ཡིན་པ་དེ་ནི་གཡུང་དྲུང་ཡིན་པ་ཉིད་ཀྱི་ཕྱིར་ཟག་པ་མེད་པའི་ལས་ཀྱི་འབྲས་བུ་ཡིད་ཀྱི་ལུས་ཡོངས་སུ་སྨིན་པས་རྒ་བ་ཡང་མ་ཡིན་ནོ༴ ༴འཆད་བྱེད་དེ་དག་གིས་བཤད་པར་བྱ་བ་ཇི་ལྟར་བཤད་པ་ནི། དེ་ལ་ཚིག་གཉིས་དེ་བཞིན་གཉིས། །གཉིས་དང་གཉིས་ཀྱིས་གོ་རིམས་བཞིན། །འདུས་མ་བྱས་པའི་དབྱིངས་ལ་ནི། །རྟག་པ་ལ་སོགས་དོན་ཤེས་བྱ། །ཞེས་བྱ་བ་ནི༴ དེ་ནི་ཡིད་ཀྱི་རང་བཞིན་གྱི། ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་དང་། བསམ་གྱིས་ཤེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་དང་། བག་ཆགས་ཤེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་དང་། ཟག་མེད་ཅེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་ཀྱིས་གོ་རིམས་བཞིན་དུ་ཆོས་ཅན་འདུས་མ་བྱས་པའི་དབྱིངས་ལ། གཞན་འགྱུར་མིན་

(༩༢༣)བདག་མི་ཟད་ཆོས་ལྡན་ཕྱིར། །ཞེས་པའི་ཚིག་རྐང་གཅིག་གིས་རྟག་པ་དང་། འགྲོ་སྐྱབས་ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར། ཞེས་བྱ་བའི་ཚིག་རྐང་གཅིག་གིས་བརྟན་པ་དང་། དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར། ཞེས་བྱ་བའི་ཚིག་རྐང་གཅིག་གིས་ཞི་བ་དང་། འཇིག་མེད་ཆོས་ཀྱང་མ་བྱས་རང་བཞིན་ཕྱིར། ཞེས་བྱ་བའི་ཚིག་རྐང་གཅིག་གིས་གཡུང་དྲུང་སྟེ། རྐང་པ་རེ་རེས་མདོར་བསྟན་པ་དང་། དེ་ནི་ཡིད་ཀྱི་རང་བཞིན་གྱི། ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་གཉིས་ཀྱིས་རྒྱས་པར་བཤད་པའི་རྣམ་པར་དབྱེ་བས་རྣམ་པར་ཕྱེ་བ་ཡིན་ནོ། །དེ་ཡང་རང་བཟོ་མ་ཡིན་གྱི་མདོ་ཇི་ལྟ་བ་བཞིན་དུ་བྲིས་པར་ཤེས་པར་བྱའོ། །ཇི་ལྟར་ཞེ་ན༴ ཇི་སྐད་དུ། ཤཱ་རིའི་བུ་མི་ཟད་པའི་ཆོས་ཉིད་ཀྱིས་ན་གཞན་དུ་མི་འགྱུར་བའི་ཆོས་ཀྱི་སྐུ་འདི་ནི་རྟག་པའོ། །ཞེས་བྱ་བ་ཉིད་བྲིས་པ་ནི། མི་ཟད་ཡོན་ཏན་དང་ལྡན་ཕྱིར། །གཞན་འགྱུར་མིན་བདག་རྟག་པའི་དོན། །ཞེས་བྱའོ། །ཤཱ་རིའི་བུ་ཕྱི་མའི་མཐའི་མུ་དང་མཚུངས་པ་ཉིད་ཀྱིས་བརྟན་པའི་སྐྱབས་སུ་གྱུར་པའི་ཆོས་ཀྱི་སྐུ་འདི་ནི་བརྟན་པའོ། །ཞེས་བྱ་བ་ནི༴ ཕྱི་མཐིང་མུ་དང་མཚུངས་པའི་ཕྱིར། །སྐྱབས་ཀྱི་བདག་ཉིད་བརྟན་པའི་དོན་ཞེས་པའོ། །ཤཱ་རིའི་བུ་རྣམ་པར་མི་རྟོག་པ་ཉིད་ཀྱིས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ནི་ཞི་བའོ། །ཞེས་བྱ་བ་ནི༴ རྣམ་པར་མི་རྟོག་རང་བཞིན་ཕྱིར། །གཉིས་མེད་ཆོས་ཉིད་ཞི་བའི་དོན། ཞེས་པའོ། །ཤཱ་རིའི་བུ་མ་བཅོས་པའི་ཆོས་ཉིད་ཀྱིས།

(༩༢༤)འཇིག་པ་མེད་པའི་ཆོས་ཀྱི་སྐུ་འདི་ནི་གཡུང་དྲུང་ངོ་། ཞེས་གསུངས་པ་ནི། མ་བཅོས་ཡོན་ཏན་ཉིད་ཕྱིར་ན། །།།མེད་དོན་ནི་གཡུང་དྲུང་ཉིད། ཅེས་བྱ་བ་འདི་ཡིན་ནོ། །ཉེས་པ་བློ་བུར་དང་ལྡན་དང་། ཞེས་བྱ་བ་ནས་བརྩམས་ཏེ། འཇིག་མེད་དོན་ནི་གཡུང་དྲུང་ཉིད། ཞེས་བྱ་བའི་མཐར་ཐུག་པའི་གཞུང་དག་གིས་དེ་བཞིན་གཤེགས་པའི་སྙིང་པོ་གནས་སྐབས་ཐམས་ཅད་དུ་འགྱུར་བ་མེད་པར་བཤད་དེ། དེས་ནི་སྔར༴ ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། ཤེས་བྱ་བ་དང་། འཆད་པར་འགྱུར་བའི། །ཐོག་མ་དབུས་མཐའ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གང་དང་གང་དུ་རྟག་པ་ཉིད་དང་བརྟན་པ་ཉིད་ལ་སོགས་པར་བརྟན་པའི་དོན་མཐའ་དག་བཤད་པར་རིག་པར་བྱ་སྟེ། འོན་ཀྱང་ལན་མང་དུ་བཤད་པ་ནི། སླར་ཡང་དོན་གཞན་ལ་བརྟེན་ནས། །དོན་དེ་ཉིད་ནི་བཟླས་པ་ཡིན། ཞེས་བྱ་བའི་ཚུལ་གྱིས་དོན་གཞན་ལ་བརྟེན་པ་ཡིན་ནོ༴ །དེ་ལྟར་ར་ཏག་པ་ལན་གྲངས་མང་དུ་བཤད་པ་རྣམས་ལས། འགྲོ་སྐྱབས་ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར། ཞེས་སྐྱབས་རྟག་པར་བཤད་པ་ཉིད་རྟོགས་པར་བྱ་བའི་དོན་ནི་གྱི་གཙོ་བོ་ཡིན་ནོ། །ད་ནི་བཤད་མ་ཐག་པའི་ཤིན་དུ་རྣམ་པར་བྱང་བ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་མི་སློབ་པ་དག་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམ་པར་བྱང་བ་ཡིན་ལ། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ལ་ནི་ཉོན་མོངས་པའི་འབྲས་བུ་ཟག་པ་དང་བཅས་པའི་ཕུང་པོ་རྣམས་ཀྱང་རྣམ་པར་

(༩༢༥)གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེར་མེད་པ། བྲལ་མི་ཤེས་པ་བ་སམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཆོས་བསམ་གྱིས་གང་གའི་ཀླུང་གི་བྱེ་མ་ལ་འདས་པས་མི་སྟོང་པའོ། ཞེས་གསུངས་སོ། །ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་ཆོས་རྣམ་པར་དབྱེ་བ་མེད་པའི་དོན་གསུངས་པ་ཡིན་ཏེ། གང་གི་དབང་དུ་མཛད་ནས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྟེན་ནོ། །དེའི་ཡོན་ཏན་ནི་རྟེན་ལས་གཞན་དུ་རྣམ་པར་ཕྱེ་ནས་འགྲོར་མེད་པ་སྟེ་ཐམས་ཅད་དུ་རྟེན་གྱིས་ཁྱབ་པའོ། །བྲལ་མི་ཤེས་པ་ནི་རྟེན་ལས་གཞན་དུ་དེ་དམིགས་པའི་ཚད་མ་མེད་པའོ། ངོ་བོ་རྟོག་གེ་ལས་འདས་པས་བསམ་གྱིས་མི་ཁྱབ་པ། གྲངས་བགྲང་བས་བརྗོད་ཀྱིས་མི་ལང་བས་ཤིན་དུ་མང་བ་དེས་ན་གང་གའི་ཀླུང་གི་བྱེ་མའི་གྲངས་ལས་འདས་པས་མི་སྟོང་ཞེས་བྱ་སྟེ། མདོར་བསྡུ་ན་ངོ་བོ་བ་སམ་གྱིས་མི་ཁྱབ་ཅིང་ཁྱད་པར་གྲངས་ལས་འདས་པའི་ཡོན་ཏན་རྣམས་ནི་གང་གིས་མི་སྟོང་པ་ཡིན་ལ། རྟེན་གཞན་མེད་པ་དང་གཞན་དུ་དམིགས་པའི་ཚད་མ་མེད་པ་གཉིས་ནི་ཇི་ལྟར་མི་སྟོང་པའོ། །དེའི་རིགས་རང་བཞིན་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་འཐོབ་པའི་དོན་ནི། གང་གི་དབང་དུ་མཛད་ནས། བརྒྱུད་ནས་འོངས་པ་དང་། ཐོག་མ་མེད་པའི་ཆོས་ཉིད་ཀྱིས་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཡིན་ནོ། ཞེས་གསུངས་པ་ཡིན་ནོ། །ཞེས་པ་ནི༴ རིགས་དེའི་རང་བཞིན་ནམ་མཐུ་ནི་རྟོག་གེས་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཐོབ་པའི་དོན་ནི་གང་གི་དབང་དུ་མཛད་ནས་མདོ་ལས་

(༩༢༦)ཐོག་མ་མེད་པའི་དུས་ནས་སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ། རྟེན་ཕུང་པོ་ལ་སོགས་པའི་ཆོས་ཉིད་ཀྱིས་ཐོབ་པས་བློ་བུར་བ་མ་ཡིན་པ། རྟེན་སྐྱེ་མཆེད་དྲུག་གི་ཁྱད་པར་གྱི་ཆོས་ཏེ་རང་རང་རིགས་ཅན་དེ་དང་འདྲ་བའོ། །བརྫུན་པ་མེད་པ་དང་བསླུ་བ་མེད་པའི་དོན་ནི་གང་གི་དབང་དུ་མཛད་ནས། དེ་ལ་དོན་དམ་པའི་བདེན་པ་ནི་མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པ་གང་ཡིན་པ་སྟེ༴ དེ་ཅིའི་ཕྱིར་ཞེ་ན༴ རིགས་དེ་ནི་གཏན་དུ་བའི་ཆོས་ཉིད་ཀྱིས་ན་རྟག་པའོ། །ཞེས་གསུངས་པ་ཡིན་ནོ། ཞེས་བྱ་བ་ནི་བརྫུན་པ་མེད་པ་དང་བསླུ་བ་མེད་པའི་དོན་ནི་གང་གི་དབང་དུ་མཛད་ནས་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་དམ་པ་གང་ཡིན་པ་དང་དོན་དམ་པའི་བདེན་པ་སྟེ་མི་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། དེ་ཅིའི་ཕྱིར་མི་བསླུ་སྙམ་ན། རིགས་དེ་ནི་གཏན་དུ་རྣམ་པར་འགྱུར་བ་མེད་པའི་ཆོས་ཉིད་ཀྱི་ཆོས་ཅན་ཡིན་པས་སྔར་ཁས་བླངས་པའི་དོན་ལས་གཞན་དུ་གྱུར་པའི་བསླུ་བ་ལྟ་བུ་མ་ཡིན་ཏེ། རྟག་པའི་ཕྱིར་རོ་ཞེས་བྱ་བ་སྟེ་མེད་པར་དགག་པ་ལ་དོན་དམ་པའི་བདེན་པར་གཞག་པ་ན་ཡང་རྟག་ཏུ་སྐྱེ་བ་མེད་པའི་ངོ་བོ་ཉིད་ཁོ་ནར་གནས་པས་མི་བསླུ་བ་ཡིན་ནོ། ཞེས་བྱ་བའི་དོན་འདི་སློབ་དཔོན་ཟླ་བ་གྲགས་པས་རིགས་པ་དྲུག་བཅུ་པའི་འགྲེལ་པར་གསུངས་སོ། །གཏན་དུ་ཉེ་བར་ཞི་བའི་དོན་ནི་གང་གི་དབང་དུ་མཛད་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གདོད་མ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དེ། སྐྱེ་བ་མེད་

(༩༢༧)ཕྱིར་ཉི་མ་དང་དེའི་འོད་ཟེར་དབྱེར་མེད་པ་བཞིན་དུ་ཡོན་ཏན་རྟོགས་པའི་ཆོས་དང་ཡངས་པ་གནས་གྱུར་པ་གཉིས་དབྱེར་མེད་པས་རྟོགས་པ་སངས་རྒྱས་ཉིད་ལས་མ་གཏོགས་ཏེ་གཞན་པའི་མྱ་ངན་ལས་འདས་པ་མེད་དེ། ཆོས་སྐུ་དང་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་རྟོགས་པའི་ཆོས་ཀྱིས་བཤད་ལ། དོན་དམ་པའི་བདེན་པ་དང་མྱ་ངན་ལས་འདས་པ་ནི་ཡངས་པའི་ཆོས་ཀྱིས་བཤད་དོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་དོན་ཅི་བསྟན་ཞེ་ན་ཞེས་བྱ་བ་ནི་དྲི་བའོ། །ལན་ནི༴ མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། ཞེས་བྱ་བའི་ཚིགས་སུ་བཅད་པ་དེའི་དོན་མདོར་བསྡུ་ན། ཆོས་ཅན་ཟག་པ་མེད་པའི་དབྱིངས་ལ། སངས་རྒྱས་ཆོས་དབྱེར་མེད་པ་ལ་སོགས་པའི་དོན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་བཞིས་བསྒྲུབ་པར་བྱ་བ་ཆོས་ཀྱི་སྐུ་ལ་སོགས་པའི་མིང་གི་རྣམ་གྲངས་བཞི་སྒྲུབ་པར་རིག་པར་བྱ་སྟེ། དེ་ཐམས་ཅད་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །དེ་ཉིད་བཤད་པ་ནི༴ མདོར་བསྡུ་ན་བརྗོད་པར་བྱ་བའི་དོན་ཟག་པ་མེད་པའི་དབྱིངས་ལ་མིང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་ནི་ཆོས་ཅན་ཏེ། ཆོས་སྐུ་ལ་སོགས་པའི་མིང་གི་རྣམ་གྲངས་བཞིར་རིག་པར་བྱ་སྟེ། གང་ལས་ན་མིང་དེ་དག་དོན་བཞིའི་དབང་དུ་བྱས་ཤིང་དོན་དེ་དག་ཁོང་དུ་ཆུད་པ་ལ་རག་ལས་པར་བྱས་ནས་སོ། །དོན་བཞི་གང་ཞེ་ན། སངས་

(༩༢༨)རྒྱས་ཆོས་དབྱེར་མེད་པ་དང་། །དེ་རིགས་དེ་བཞིན་ཐོབ་པ་དང་། །བརྫུན་མེད་བསླུ་མེད་ཆོས་ཉིད་དང་། །གདོད་ནས་རང་བཞིན་ཞི་ཉིད་དོ། ཞེས་བྱ་བ་སྟེ༴ སྟོབས་ལ་སོགས་པའི་གང་གི་ཀླུང་གི་བྱེ་མ་ལས་འདས་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ལ་ཆོས་ཤེས་བརྗོད་དེ། ཆོས་ཀྱི་སྒྲ་དོན་བཅུ་ལ་འཇུག་པ་ལས་འདིར་ངེས་པའོ། །དེ་དག་དང་སྙིང་པོ་དབྱེར་མེད་ཅིང་བདག་ཉིད་དུ་གྱུར་པ་ལ་སྐུ་ཞེས་བྱ་སྟེ། སྐབས་ཀྱིས་བདག་ཉིད་དང་རང་བཞིན་དང་ལུས་ཤེས་བྱ་བ་དག་རྣམ་གྲངས་སུ་འགྱུར་བའི་ཕྱིར་རོ། །ཡང་ཐོག་མ་མེད་པ་ནས་འོངས་པའི་རིགས་ལ་ནི་དེ་ཞེས་བྱ་ལ། དེ་སྔར་ཇི་ལྟ་བ་བཞིན་དུ་མ་འགྱུར་བར་ཐོབ་ཅིང་རྟོགས་པའོ། །དེ་ཡང་ག་ཏ་ནི་ཕྱིན་པ་དང་གནས་པ་དང་། འདས་པ་དང་༴ རྟོགས་པ་རྣམས་ལ་འཇུག་པ་ལས་འདིར་ཐ་མའོ། །ཆོས་ཉིད་ཀྱི་དོན་དུ་གྱུར་པའི་དབྱིངས་གང་ཡིན་པ་དེ་ཕྱིན་ཅི་ལོག་མ་ཡིན་པས་བརྫུན་པ་མ་ཡིན་པ་དང་། དེ་ལ་ལྟ་བ་དག་འདྲིད་པར་མི་བྱེད་པས་བསླུ་བ་མེད་པའི་ཕྱིར་བདེན་པ་ཞེས་བྱ་བ་ཡིན་ཏེ། དམ་པའི་སྒྲའི་དོན་ནི་མཐར་ཐུག་གི་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བས་ཁ་བསྐང་ངོ་། །སྡུག་བསྔལ་དང་ཀུན་འབྱུང་ནི་མྱ་ངན་ཡིན་ལ། དེ་གདོད་མ་ནས་རང་བཞིན་གྱིས་ཞི་ཞིང་འགགས་ལ། བློ་བུར་བ་དག་དང་ཡང་བྲལ་བ་ནི་མྱ་ངན་ལས་འདས་པའི་དོན་ཏོ། །དེ་དག་ཉིད་ལུང་དང་སྦྱར་ནས་བཤད་པ་ནི། སངས་རྒྱས་ཀྱི་ཆོས་རྣམ་པར་དབྱེ་བ་མེད་པའི་དོན་ནི། གང་གི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་བཞིན་

(༩༢༩)བྱང་ངོ་༴ །སངས་རྒྱས་རྣམས་ལ་ནི་ཟག་པ་མེད་པའི་ཡིད་ཀྱི་ལུས་རྟེན་བག་ཆགས་དང་བཅས་པ་ཡང་རྣམ་པར་བྱང་བས་ཤིན་དུ་མཐར་ཐུག་པ་ཡིན་ནོ། །དེ་ལྟར་རྣམ་པར་བྱད་བའི་དེ་བཞིན་གཤེགས་པའི་སྙིང་པོ་ནི་ལོགས་ཤིག་ན་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པ་མ་ཡིན་གྱི་ཆོས་ཀྱི་སྐུ་ཉིད་ཡིན་ཏེ། དེས་ན་ཆོས་ཀྱི་སྐུའི་ཡོན་ཏན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་༴ ཞེས་བྱ་བ་ལ་སོགས་པ་གསུངས་པ་ཐམས་ཅད་རྣམ་པར་དག་པའི་གནས་སྐབས་ཀྱི་ཁམས་འདི་ཉིད་ལ་དབྱེ་བ་མེད་པར་ཡོད་པ་ཡིན་གྱི། ཁམས་ནི་རྟོགས་པར་བྱ་བའི་ཡུལ་ཡིན་ལ་།དེ་ཉིད་ལས་དངོས་པོ་ཐ་དད་པའི་ཡེ་ཤེས་ཤིག་གིས་དེ་མཁྱེན་པ་ཡིན་ནོ། ཞེས་བྱ་བ་མ་ཡིན་པས་རྣམ་པར་དབྱེ་བ་མེད་པར་གསུངས་པ་ཡིན་ཏེ། འདིས་ནི་སྔར་མ་དག་པའི་ཁམས་ལ་ཡོན་ཏན་རང་བཞིན་གྱིས་ལྡན་པར་གསུངས་པའི་ཡོན་ཏན་དེ་དག་ཉིད་མཐར་ཐུག་པའི་སྐབས་སུ་སྟོབས་ལས་སོགས་པའི་ཡེ་ཤེས་སུ་གྱུར་པ་ཡིན་ཀྱི། རང་བཞིན་གྱི་པ་ལྡན་པའི་སྟོབས་ལ་སོགས་པ་རྣམས་ལ་སྒྲིབ་པར་བྱེད་དོ་ཞེས་བྱས་ནས་བློ་བུར་བའི་ཆོས་རྣམས་ཡངས་ཏེ་སངས་རྒྱས་ཀྱི་སར་ཁམས་ཉིད་ཉེ་བར་ལེན་པར་མ་གྱུར་པའི་ཡེ་ཤེས་གཞན་ཞིག་འདོད་པར་བྱེད་པ་ནི་བློ་བུར་བ་སྤངས་ནས་སུར་ཡང་བློ་བུར་བ་འདོད་པར་བྱེད་པ་སྟེ། ཅུང་མ་དང་བཅས་པའི་ཁྱིམ་སྤངས་ནས་སླར་ཡང་ནགས་སུ་ཆུང་མ་ཚོལ་བའི་དྲང་སྲོང་དང་འདྲའོ། །གཞན་ཡང་དྲི་མ་དང་བཅས་པའི་ཁམས་ཉིད་ལ་ཡོན་ཏན་གྱི་རིགས་ཐམས་ཅད་ཚང་བས་དེའི་སྒྲིབ་པ་རྣམ་པར་

(༩༣༠)དག་ནས་འབྲས་བུའི་ཡེ་ཤེས་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པར་འབྱུང་བས་ཉན་ཐོས་དང་རང་སངས་རྒྱས་ལྷག་མ་མེད་པའི་གནས་སྐབས་སུ་སྒྲིབ་པ་ཐམས་ཅད་མེད་དེ། འགའ་ཞིག་ནི་སོ་སོར་བརྟགས་པས་བཀག་ལ། དེ་ལས་གཞན་པ་ནི་བརྟགས་མིན་གྱིས་བཀག་གོ་ཞེས་བྱས་ནས་སྒྲིབ་པ་གཏན་མེད་པར་འདོད་པ་ཡང་འགོག་སྟེ། མདོར་ན་ཉན་རང་རྣམས་ལྷག་མེད་དུ་ཞུགས་པ་ན་སྒྲིབ་པ་མཐའ་དག་མ་སྤངས་ཏེ། ཡོན་ཏན་མཐའ་དག་མ་རྫོགས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱིས་མཐར་ཐུག་ཐེག་པ་གཅིག་པ་ཞེས་བྱ་བའི་གཙོ་བོའི་དོན་སྟོན་པ་ཡིན་ནོ། །ཡང་གཟུགས་སྐུ་གཉིས་ཀྱི་སྣང་བ་སྟོན་པའི་རྒྱུ་ཡང་ཆོས་ཀྱི་སྐུ་ཁོ་ན་ཡིན་གྱི་ངོ་བོ་ཉིད་ཀྱི་སྐུ་ནི་མ་ཡིན་ནོ་སྙམ་པའི་ལོག་པར་རྟོག་པ་མཐའ་དག་ཀྱང་འདིས་བཟློག་པར་བྱེད་དོ། །དེ་ལྟར་ན་དོན་དེ་དག་ལས་བརྩམས་ནས་ཚིགས་སུ་བཅད་པ། གང་གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། ཅེས་གསུངས་པ་ཡིན་ཏེ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་དྲི་མས་རྣམ་པར་དག་པ་དེ་ནི་ཆོས་ཀྱི་སྐུ་དང་དེ་ཉིད་ནི་དེ་བཞིན་གཤེགས་པ་དང་དེ་ཉིད་ནི་འཕགས་པའི་དོན་དམ་པའི་བདེན་པ་དང་དེ་ཉིད་མཐར་ཐུག་པའི་མྱ་ངན་ལས་འདས་པ་ཡིན་ཏེ། རྣམ་པ་བཞི་པོ་འདི་གཞི་ཆོས་ཅན་གཅིག་ལ་མི་ཙམ་ཐ་དད་པའི་རྣམ་གྲངས་པ་ཡིན་པ་གང་གི་ཕྱིར་རོ། །མིང་གི་རྣམ་གྲངས་ཙམ་ཡིན་པ་དེའི་

(༩༣༡)པ་འགག་པ་མེད་པའོ་ཞེས་གསུངས་སོ། །ཞེས་བྱ་བ་ནི༴ གདོད་ནས་རང་བཞིན་ཞི་ཉིད་དོ། ཞེས་གསུངས་པའི་གདོད་ནས་ཀྱི་དོན་ནི་གཏན་དུ་ཞེས་བྱ་བ་འདི་ཡིན་ལ༴ རང་བཞིན་གྱིས་ཞི་བའི་དོན་ནི་ཉེ་བར་ཞི་བ་ཞེས་བྱ་བ་འདི་ཡིན་ཏེ། གང་གི་དབང་དུ་མཛད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གདོད་མ་སྟེ་བྱིས་པའི་གནས་སྐབས་ཉིད་ནས་རིགས་གསར་དུ་སྐྱེ་བ་མེད་པས་དེ་འགགས་པའི་འགོག་པ་གསར་དུ་འབྱུང་བ་མེད་དེ། འཁོར་བའི་སྐྱེ་འགག་མེད་པས་མྱ་ངན་ལས་འདས་པར་ཐ་སྙད་མཛད་པའོ། །དོན་བཞི་པོ་འདི་དག་ལ་ནི་རང་རང་གིས་བསྒྲུབ་པར་བྱ་བའི་གོ་རིམས་ཇི་ལྟ་བ་བཞིན་དུ་མིང་གི་རྣམ་གྲངས་ཐ་དད་པ་བཞིར་འགྱུར་ཏེ། འདི་ལྟ་སྟེ་ཆོས་ཀྱི་སྐུ་ཞེས་བྱ་བའི་མིང་དང་། དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་དང་། དོན་དམ་པའི་བདེན་པ་ཞེས་བྱ་བའི་མིང་དང་། མྱ་ངན་ལས་འདས་པ་ཞེས་བྱ་བའི་མིང་ངོ་། །གང་གི་ཕྱིར་ཏེ་འཕེལ་འགྲིབ་མེད་པའི་མདོ་གང་ལས་འདི་སྐད་ཅེས་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ། །ཞེས་བྱ་བས་ཆོས་སྐུའི་མིང་བསྟན་པ་དང་། །དཔལ་ཕྲེང་ལས༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ལགས་ཀྱི། བཅོམ་ལྡན་འདས་ཆོས་ཀྱི་སྐུ་ཉིད་དེ་བཞིན་གཤེགས་པ་ལགས་སོ། །ཞེས་བྱ་བས་དེ་བཞིན་གཤེགས་པའི་མིང་དང་། བཅོམ་

(༩༣༢)ལྡན་འདས་སྡུག་བ་སྔལ་འགོག་པ་ཞེས་བགྱི་བ་ནི་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བསྟན་ཏོ། ཞེས་བྱ་བས་ནི་དོན་དམ་པའི་བདེན་པའི་མིང་དང་། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཤེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ། ཞེས་བྱ་བས་མྱ་ངན་ལས་འདས་པའི་མིང་བསྟན་ཏོ། ཞེས་གསུངས་པ་ཡིན་ནོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་ཕྱི་མ་དེ་ཕྱིར་ཉི་དང་ཞེས་བྱ་བ་ལ་སོགས་པས་དོན་ཅི་བསྟན་ཞེ་ན། ལན་ནི་རྣམ་ཀུན་མངོན་པར་བྱང་ཆུབ་དང་། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། ཅེས་བྱ་བ་འདི་བསྟན་ཏེ། དེ་ལ༴ དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ་ཞེས་བྱ་བས་སྐབས་འདིར་རྣམ་ཀུན་ཏེ་ཆོས་ཀྱི་སྐུའོ། །དེ་དེ་བཞིན་ཉིད་ཀྱི་རྣམ་པས་མངོན་པར་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་ནི་སངས་རྒྱས་སོ། །གང་མཐོང་བས་དྲི་མ་བག་ཆགས་དང་བཅས་པ་སྤངས་པ་ནི་དོན་དམ་པའི་བདེན་པ་ཡིན་ལ། སྤངས་པ་ཉིད་གང་ཡིན་པ་ནི་འགོག་པའི་བདེན་པ་མྱ་ངན་ལས་འདས་པ་སྟེ། དེ་དག་ནི་དོན་གཅིག་ཉིད་ཡིན་པས་གཉིས་སུ་མེད་པ་ཉིད་དོ་ཞེས་བྱ་བ་འདི་བསྟན་ཏེ། སྔར་བཤད་པའི་ཡོན་ཏན་བཞི་ལས་དང་པོ་གཉིས་ནི་སངས་རྒྱས་ཀྱི་མིང་གིས་བརྗོད་ལ། ཕྱི་མ་གཉིས་ནི་མྱ་ངན་ལས་པའི་མིང་གིས་བརྗོད་དེ་རྟོགས་པ་དང་སྤངས་པ་ཞེས་

(༩༣༣)བྱའོ༴ དེ་ཉིད་བཤད་པ་ནི༴ གང་གི་ཕྱིར་ཟག་པ་མེད་པའི་དབྱིངས་ཀྱི་རྣམ་གྲངས་བཞི་པོ་འདི་དག་དེ་བཞིན་གཤེགས་པའི་ཁམས་ཀྱི་དོན་གཅིག་ལ་ཡང་དག་པར་འདུ་བ་དེའི་ཕྱིར་འདི་དག་དོན་གཅིག་པས་གཉིས་སུ་མེད་པའི་ཆོས་ཀྱི་ཚུལ་གྱི་སྒོ་ནས་ཆོ་ཐམས་ཅད་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་སངས་རྒྱས་ཉིད་ཅེས་བརྗོད་པ་གང་ཡིན་པ་དང་། ལྷན་ཅིག་མངོན་པར་རྫོགས་པར་བྱང་ཆུབ་པས་བག་ཆགས་དང་བཅས་པའི་དྲི་མ་སྤངས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བརྗོད་པ་གང་ཡིན་པ་འདི་གཉི་ག་སྤང་ཟག་པ་མེད་པའི་དབྱིངས་ལ་དབྱེར་མེད་ཅིང་བཅད་དུ་མེད་དེ། གཉིས་སུ་མེད་དོ་ཞེས་བྱ་བར་བལྟ་བར་བྱའོ། །ཞེས་བྱ་བ་ལ༴ སངས་རྒྱས་མྱ་ངན་འདས་པ་ནི། ཞེས་སངས་རྒྱས་ཤེས་བརྗོད་པ་དང་། ལྷན་ཅིག་ཏུ་མྱ་ངན་ལས་འདས་པ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་ཆོས་ཅན་ཟག་པ་མེད་པའི་དབྱིངས་ལ་འདི་གཉི་ག་ཡང་བདག་ཉིད་གཅིག་པས་ངོ་བོ་དབྱེར་མེད་ཅིང་བློས་ཐ་དད་དུ་བཅད་དུ་མེད་དེ་གཉིས་སུ་མེད་དོ་ཞེས་བྱ་བ་ནི་ཆོས་ཅན་དེའི་ཆོས་སོ། །སངས་རྒྱས་ཀྱི་དོན་ཅི་ཡིན་ཞེ་ན། གཉིས་སུ་མེད་པའི་ཆོས་ནི་མཐར་ཐུག་གི་འགོག་པ་དང་ལམ་གཉིས་སུ་མེད་པ་ཡིན་ལ། དེའི་ཚུལ་ནི་དེ་སྟོན་པར་བྱེད་པའི་གཞུང་ཡིན་ཞིང་། དེ་སྒོར་གྱུར་པས་ཐོས་པའི་ཤེས་རབ་ལ་སོགས་པའི་རིམ་གྱིས་ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་རྣམ་པ་ཐམས་ཅད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རྟོགས་པ་དེ་ལ་སངས་རྒྱས་ཉིད་ཅེས་བརྗོད་པ་ཡིན་ལ། མངོན་པར་རྫོགས་པར་བྱང་ཆུབ་པས་བག་ཆགས་དང་

(༩༣༤)བཅས་པའི་དྲི་མ་སྤངས་པའི་ཕྱིར་སྤངས་པ་དེ་ལ་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །སངས་རྒྱས་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རྒྱུ་མཚན་ཡང་གང་གི་ཕྱིར་ཟག་པ་མེད་པའི་དབྱིངས་ཀྱི་རྣམ་གྲངས་བཞི་པོ་འདི་དག་ཆོས་ཅན་དེ་བཞིན་གཤེགས་པའི་ཁམས་ཀྱི་དོན་གཅིག་ལ་ཡང་དག་པར་འདུ་བ་དེའི་ཕྱིར་ཏེ། འདི་དག་དོན་གཅིག་པས་དོན་ནི་བཞི་པོ་ཆོས་ཅན་གཅིག་ལ་འདུ་བའི་ཕྱིར་བཞི་པོ་དེ་ལས་དང་པོ་གཉིས་སངས་རྒྱས་དང་། ཐ་མ་གཉིས་མྱ་ངན་ལས་འདས་པར་བརྗོད་པའི་ཚེ་ཡང་དེ་གཉིས་དོན་གཅིག་པ་ལས་འོས་མེད་ཅེས་པའོ། །སངས་རྒྱས་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་བཤད་པ་དེ་ཉིད་རྣམ་གྲངས་གཞན་གྱིས་བསྟན་པའི་ཕྱིར། རྣམ་པ་ཐམས་ཅད་གྲངས་མེད་པ། །བསམ་མེད་དྲི་མེད་ཡོན་ཏན་དང་། །དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཐར་པ་གང་དེ་དེ་བཞིན་གཤེགས། །ཤེས་གསུངས་ཏེ། དག་པའི་ས་གསུམ་དུ་ཡོན་ཏན་གསུམ་རིམ་གྱིས་སྦྱངས་པས་སངས་རྒྱས་ཀྱི་སར་དྲི་མ་མེད་པའི་སྤངས་པ་ཐོབ་པར་གྱུར་པ་གང་ཡིན་པ་དེ་ནི་ཡོན་ཏན་བཞི་དང་དབྱེར་མེད་པའི་ཐར་པ་སྟེ། ཐར་པ་གང་ཡིན་པ་དེ་ཉིད་ནི་དེ་བཞིན་གཤེགས་པ་ཡིན་པས་གཉིས་སུ་མེད་དོ། །དེ་ཉིད་བཤད་པ་ནི། ཤེས་བྱ་བ་འདི་ནི་ཇི་སྐད་དུ་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་དབང་དུ་མཛད་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལགས་སོ། ཞེས་གསུངས་པ་སྟེ། འདིས་ནི་ལམ་རིང་པོས་དུབ་པ་རྣམས་ལ་འབྲོག་དགོན་པའི་དབུས་སུ་

(༩༣༥)གྲོང་ཁྱེར་སྤྲུལ་བ་བཞིན་དུ་འདི་ནི་ཆོས་ཀྱི་དབང་ཕྱུག་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྱིར་མི་ལྡོག་པའི་ཐབས་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་ཐམས་ཅད་པ་གཞལ་དུ་མེད་པ་བསམ་གྱིས་མི་ཁྱབ་པ། རྣམ་པར་དག་པའི་མཐར་ཕྱིན་པའི་ཡོན་ཏན་།།།དང་ལྡན་པའོ། །ཞེས་བྱ་བ་འདིས་ནི་ཡོན་ཏན་རྣམ་པ་བཞི་གྲུབ་པ་དང་དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པ་ཐོབ་པས་དེའི་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཕྱིར་ན་སངས་རྒྱས་དང་མྱ་ངན་ལས་འདས་པ་དག་རྣམ་པར་དབྱེ་བ་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་སངས་རྒྱས་ཉིད་མེད་པར་འགའ་ཡང་མྱ་ངན་ལས་འདས་པ་ཐོབ་པ་མེད་དོ། ཞེས་བསྟན་པ་ཡིན་ནོ། །ཞེས་བྱ་བ་དེ་ལ་ཞེས་བྱ་བ་འདི་ནི་ཞེས་པ་ལ་སོགས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་དྲང་བའི་དོན་དུ་བསྟན་ལ། བཅོམ་ལྡན་འདས་ཤེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་ཀྱི་ཐར་པ་ངེས་པའི་དོན་དུ་བསྟན་ཏོ། །ཉན་རང་གི་མྱང་དས་ཀྱི་དབང་དུ་མཛད་ནས་དཔལ་ཕྲེང་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བ་གྱི་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལགས་སོ། ཞེས་གསུངས་ཏེ། ཉན་རང་ལ་མྱང་འདས་ཡོད་པར་གསུངས་པ་འདི་ནི་ཉན་རང་སངས་རྒྱས་སུ་འདྲེན་པའི་ཐབས་མཁས་ཡིན་གྱི་ངེས་པའི་དོན་མ་ཡིན་ཞེས་བྱ་བའི་

(༩༣༦)གསུང་འདིས་རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་མང་པོ་ལམ་རིང་པོས་དུབ་པ་རྣམས་ལ་འབྲོག་དགོན་པ་ཞིག་ཏུ་སླེབ་པའི་ཚེ་དེར་དེད་དཔོན་གྱིས་གྲོང་ཁྱེར་སྤྲུལ་ཏེ། དེར་རེ་ཤིག་འདུག་ཏུ་བཅུག་ནས་ངལ་སོ་པ་དང་སླར་རྒྱ་མཚོར་འཇུག་པའི་དཔེ་དམ་པའི་ཆོས་པདྨ་དཀར་པོ་ལས་གསུངས་པ་བཞིན་དུ་མྱང་འདས་གཉིས་པོ་འདི་ནི་ཆོས་ཀྱི་དབང་ཕྱུག་དམ་པ་ཆོས་ཀྱི་འཁོར་ལོའི་བདག་པོ་དེད་དཔོན་དང་འདྲ་བའི་སངས་རྒྱས་ཀྱི་ཉན་རང་འཁོར་བར་ཕྱིར་མི་ལྡོག་པའི་དོན་དུ་གསུངས་པའི་ཐབས་མཁས་པ་ཡིན་ནོ་ཞེས་བསྟན་ཏེ། དོན་ནི་སྤྲུལ་པའི་གྲོང་ཁྱེར་གྲོང་ཁྱེར་དངོས་མ་ཡིན་ཀྱང་ཚོང་པ་རྣམས་ཀྱི་ལ་བ་སེལ་ནུས་པ་ལྟར་དམན་པའི་མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པ་བཏགས་པ་བ་ཡིན་ཀྱང་དངོས་ཡིན་པ་རྐང་དུ་གསུངས་པ་ནི་སངས་རྒྱས་རྣམས་ཀྱི་ཐབས་མཁས་ཡིན་ནོ་ཞེས་པའོ། །དངོས་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡིན་ཏེ་མཐར་ཕྱིན་པའི་ཡོན་ཏན་བཞི་དང་དབྱེར་མེད་པའི་ཕྱིར་རོ། །དེ་ཐོབ་པས་སངས་རྒྱས་སུ་གཞག་པའི་ཕྱིར་སངས་རྒྱས་མ་ཐོབ་པར་མྱ་ངན་ལས་འདས་པ་ཐོབ་པ་མི་སྲིད་དོ། །གཞལ་དུ་མེད་པ་དང་གྲངས་མེད་པ་ཞེས་བྱ་བ་ནི་དོན་གཅིག་གོ །ངག་གི་དོན་ནི་མཐར་ཐུག་གི་མྱ་ངན་ལས་འདས་པ་གྲུབ་ན་ཡོན་ཏན་བཞི་པོ་མཐར་ཐུག་པ་གྲུབ་དགོས་ལ། དེ་ཐོབ་ན་སངས་རྒྱས་ཡིན་ཞེས་བྱ་བ་འདིའི་ལྡོག་པ་ནི་སངས་རྒྱས་མ་ཐོབ་ན་མྱ་ངན་ལས་འདས་པ་མི་འཐོབ་ཅེས་བྱ་བ་ཡིན་ནོ། །དེ་ལ་ཟག་པ་མེད་པའི་དབྱིངས་ར་ར་ཡུག་ལྟ་བུ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་བསྒྲུབས་པས་གྲུབ་

(༩༣༧)པའི་གཟུགས་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་པ་ཉིད་ཅེས་བྱ་སྟེ། དེ་ནི་རི་མོ་མཁན་གྱི་དཔེས་རིག་པར་བྱ་སྟེ། ཇི་ལྟར་རི་མོ་འདྲི་བྱེད་པ། །གཞན་དང་གཞན་ལ་མཁས་པ་དག །གང་ཞིག་ཡན་ལག་གང་ཤེས་པ། །དེ་གཞན་ངེས་ཟིན་མེད་པར་འགྱུར། །དེས་ན་འདི་ལ་ཁྱོད་ཀུན་གྱིས། །ང་ཡི་གཟུགས་ནི་གྱིས་ཤིག་ཅེས། །མངའ་བདག་རྒྱལ་པོས་དེ་དག་ལ། །བཀའ་ཡིས་རས་ནི་བྱིན་པ་དང་། །དེ་ནས་དེ་ནི་ཐོས་གྱུར་ཏེ། །རི་མོའི་ལས་ལ་རབ་སྦྱོར་རོ། །དེ་ལ་མངོན་པར་སྦྱོར་རྣམས་ལས། །གིག་ཅིག་ཡུལ་གཞན་སོང་གྱུར་ན༴ དེ་ནི་ཡུལ་གཞན་སོང་བས་ན། །དེ་མ་ཚང་ཕྱིར་རི་མོ་དེ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པར། །མི་འགྱུར་བཞིན་ཞེས་དཔེར་བྱས་སོ། །དེ་རྣམས་འདྲི་བྱེད་གང་དག་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། ཅེས་བྱ་བ་དག་གིས་ཏེ། དེ་ལ་བྲི་བའི་གཞི༴ རི་མོ་མཁན་དེའི་ལས་ལ་སྦྱོར་བ་པོ༴ རི་མོ་རྫོགས་པའི་ཚད་དེ་རྣམ་པ་བཞིས་རིག་པར་བྱའོ། །འདི་ལྟར་བརྟག་པ་གཟུང་ནས་རི་མོ་མཁན་ནི་དཔེ་ཇི་ལྟར་རྒྱལ་པོའི་གཟུགས་ཀྱི་རི་མོ་འདྲི་བར་བྱེད་པའི་མཁན་པོ་སྟོང་གསུམ་གྱི་སྐྱེ་བོའི་གྲངས་དང་མཉམ་པ་འདུས་ཏེ་དེ་དག་རི་མོའི་ཆ་གཞན་དང་གཞན་ལ་མཁས་པར་གྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ས་བཅད་པ་ཞེས་བྱ་བ་སྐྱ་རིས་ལ་མཁས་ཀྱི་གཞན་མི་ཤེས། ཁ་ཅིག་ནི་གཏན་ལ་དབབ་པ་ཞེས་བྱ་

(༩༣༨)བ་ཚད་ལ་མཁས་ཀྱི་ཚོན་དགྱེ་བ་མི་ཤེས། གང་ཞིག་ཡན་ལག་དག་ལས་གང་རྐང་པ་དག་ཤེས་པ་དེས་ནི་ལག་པ་མི་ཤེས། གང་ལག་པ་ཤེས་པ་དེས་ནི་མགོ་མི་ཤེས། དེ་བཞིན་དུ་མིག་དང་རྣ་བ་དང་སྣ་དང་མཆུ་དང་ཀོས་ཀོ་དང་མགྲིན་པ་དང་ནུ་མ་དང་རྐོད་པ་དང་རྩིབ་ལོགས་དང་ལྡེ་བ་དང་སྟ་ཟུར་དང་བརླ་དང་སུས་མེ་དང་བྱིན་པ་ལ་སོགས་པ་རེ་རེ་ཁོ་ན་ཤེས་ཀྱི་དེ་ལས་གཞན་པ་དག་ལ་འདི་ཁོ་ན་ཤེས་སོ་ཞེས་བྱ་བའི་ངེས་ཟིན་མེད་པར་འགྱུར་ལ། རི་མོ་མཁན་ཚོགས་པ་དེ་ནས་རས་ཡུག་འདི་ལ་ཁྱེད་རི་མོ་མཁན་ཀུན་གྱིས་ངའི་གཟུགས་ཕུན་སུམ་ཚོགས་པ་ཅིག་བགྱིས་ཤིག་ཅེས་པའི་མངའ་བདག་ལུས་མཚན་མཐའ་ཡས་པ་དང་ལྡན་པའི་རྒྱལ་པོས་བཀའ་ལུང་གིས་རས་ཡུག་ཐགས་བཟང་བ་མཆུ་ཞེང་ཕུན་སུམ་ཚོགས་པ་ཞིག་བྱིན་ཞིང་གཏད་པ་དང་སྟེ། རྒྱུ་མཚན་དེས་དེ་ནས་རྒྱལ་པོའི་བཀའ་དེ་ནི་རི་མོ་མཁན་དག་གིས་ཐོས་པར་གྱུར་ཏེ་མྱུར་དུ་རི་མོའི་ལས་སྣོད་དང་ཚོན་དང་།།།པིར་དང་རས་རྒྱང་བ་ལ་སོགས་པའི་བྱ་བ་ལ་རབ་ཏུ་སྦྱོར་བའི་བརྩོན་འགྲུས་རྩོམ་པར་བྱེད་དོ། །རི་མོའི་ལས་དེ་ལ་མངོན་པར་སྦྱོར་བའི་རི་མོ་མཁན་རྣམས་ལས་གཅིག་ཅིག་རྒྱལ་པོ་དེའི་ཡུལ་ལས་ཡུལ་གཞན་དུ་སོང་བར་གྱུར་ན་ཡུལ་གཞན་དུ་སོང་བ་གཅིག་པོ་དེ་མ་ཚང་བའི་ཕྱིར་རྒྱལ་པོའི་གཟུགས་ཀྱི་རི་མོ་དེ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཚང་བར་མི་འགྱུར་བ་བཞིན་ཞེས་གཙུག་ན་རིན་པོ་ཆེའི་མདོ་ལས་དཔེར་བྱས་སོ། །རི་མོ་འདྲི་བར་བྱེད་པའི་མཁན་པོས་མཚོན་པར་བྱ་བའི་དོན་ནི་གང་དག་ཡིན་ཞེ་ན། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་དྲུག་དང་།

(༩༣༩)ཚད་མེད་པ་བཞི་དང་། བདེན་པ་ཤེས་པ་དང་༴ དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་མཚན་དང་དཔེ་བྱད་དག་གི་རྒྱུའི་བར་གྱི་ཐབས་ཀྱི་རྣམ་པ་མ་ཚང་བ་མེད་པ་དག་གོ །དེས་བྲིས་པའི་དྲི་མོས་མཚོན་པར་བྱ་བའི་གཟུགས་ནི་ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་སུ་བརྗོད་དོ། །དེ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རས་ཡུག་ལྟ་བུའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱལ་པོ་ལྟ་བུའོ། །གསུང་རབ་ཡན་ལག་བཅུ་གཉིས་ནི་རྒྱལ་པོའི་བཀའ་ལྟ་བུའོ། །སྦྱིན་པ་ལ་སོགས་པ་ནི་རི་མོ་མཁན་ལྟ་བུའོ། །ཐབས་ཀྱི་འབྲས་བུའི་ཆོས་ཡོངས་སུ་རྫོགས་པའི་སྟོང་པ་ཉིད་ནི་རྒྱལ་པོའི་གཟུགས་བརྙན་ལྟ་བུའོ། །གསུང་རབ་ལས་དེ་བཞིན་གཤེགས་པའི་སྙིང་པོ་ཁོང་དུ་ཆུད་པ་ནི་རི་མོ་མཁན་གྱིས་རས་ཡུག་ཐོབ་པ་ལྟ་བུའོ། །ཐབས་ཀྱི་ཆོས་ཐམས་ཅད་ཀྱང་ཕ་རོལ་དུ་ཕྱིན་པ་དྲུག་གིས་བསྡུས་པའི་ཕྱིར་དེས་སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཆ་རགས་པ་རྫོགས་པར་འགྱུར་བ་ནི་འདི་ལྟ་སྟེ། ཤེས་རབ་ནི་མགོ་བོ་ལྟ་བུ་སྟེ། ལྷག་མཐོང་གི་མིག་གིས་ཤེས་བྱ་ཐམས་ཅད་ལྟ་བར་བྱེད་པའི་ཕྱིར་རོ། །བརྩོན་འགྲུས་ནི་ལག་པ་ལྟ་བུ་སྟེ། དགེ་བའི་ཆོས་ཐམས་ཅད་སྡུད་པའི་ཕྱིར་རོ། །ཏིང་ངེ་ཛིན་དང་ཚུལ་ཁྲིམས་ནི་རྐང་པ་སྟེ་དེ་གཉིས་ཀྱིས་འགྲོ་བའི་ཕྱིར་རོ། །སྦྱིན་པ་ནི་འབྱོར་བར་བྱེད་པའི་ཕྱིར་ལུས་ཀྱི་ཤ་རྒྱས་པ་ལྟ་བུའོ། །བཟོད་པས་ནི་མཛེས་པར་བྱེད་པའི་ཕྱིར་ལུས་ཀྱི་མདངས་ལྟ་བུའོ་ཞེས་ཤེས་

(༩༤༠)པར་བྱའོ། །དེ་ཉིད་བཤད་པ་ནི། དེ་ལ་སྦྱིན་པ་ལ་སོགས་པ་འདི་དག་ཉིད་ལས་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཡུལ་ལ་མཐ་ཡས་པར་རྣམ་པའི་རབ་ཏུ་དབྱེ་བས་ཐ་དད་པའི་ཕྱིར་ཚད་མེད་པར་རིག་པར་བྱའོ། །གྲངས་དང་མཐུ་དག་གིས་ནི་བསམ་གྱིས་མི་ཁྱབ་པ་ཉིད་དོ། །སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་བག་ཆགས་བསལ་བའི་ཕྱིར་ནི་རྣམ་པར་དག་པའི་མཆོག་ཉིད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་ཛིན་གྱི་སྒོ་བསྒོམས་མི་སྐྱེ་བའི་ཆོས་ཉིད་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་རྣམ་པར་མི་རྟོག་པ་སྐྱོན་མེད་པ་རྒྱུན་མི་འཆད་པར་རང་གི་ངང་གིས་འཇུག་པའི་ལམ་ཤེས་པ་ལ་བརྟེན་པས་ན་ཟག་པ་མེད་པའི་དབྱིངས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་པ་ཉིད་ཡང་དག་པར་འགྲུབ་བོ། །བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་དག་གིས་ཚད་མེད་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་པའི་ཤེས་པ་ལ་བརྟེན་པས་ན་ཡོན་ཏན་ཚད་མེད་པ་ཉིད་ཡང་དག་པར་གྲུབ་བོ། །བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་ལྐོག་ཏུ་མ་གྱུར་པའི་ཤེས་པ་ལ་བརྟེན་པས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་མངོན་པར་འགྲུབ་བོ། །དེའི་རྗེས་ཐོགས་སུ་སངས་རྒྱས་ཀྱི་ས་ཐོབ་པའི་ཕྱིར་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་ཤེས་པ་ལ་བརྟེན་པས་ན་རྣམ་པར་དག་པ་མཆོག་གི་ཡོན་ཏན་ཉིད་ཡང་དག་པར་འགྲུབ་

(༩༤༡)བོ༴ །གང་གི་ཕྱིར་སའི་ཡེ་ཤེས་ཀྱི་རྟེན་བཞི་པོ་འདི་དག་ལ་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་མཐོང་བ་མེད་པ་དེའི་ཕྱིར་དེ་དག་ནི་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པའི་དབ་ཡིངས་ལས་རིང་དུ་གྱུར་པ་ཡིན་ནོ་ཞེས་བྱའོ། ཞེས་བྱ་བ་ངག་སྟེ། འདི་ལ་གཟུགས་དངོས་ནི་སྙིང་པོའི་རས་ཡུག་དང་དབྱེར་མེད་པར་གནས་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྐུ་ཉིད་དོ༴ །རས་ཡུག་གི་རི་མོ་རྣམས་མེ་ལོང་གི་ནང་དུ་ཤར་བ་ལྟ་བུའི་གཟུགས་བརྙན་ནི་གཟུགས་ཀྱི་སྐུ་གཉིས་སོ། །དེའི་དོན་ནི་སྐུ་གཉིས་ནི་སངས་རྒྱས་ཀྱི་གཟུགས་བཏགས་པ་བ་ཡིན་ཞེས་བྱའོ། །རི་མོ་མཁན་དང་མཚུངས་པའི་ལམ་གྱི་གནས་སྐབས་ཀྱི་ཐབས་ཀྱི་ཕྱོགས་རྣམས་ནི་ཆོས་ཀྱི་སྐུའི་གཟུགས་དེ་དག་གི་གསལ་བར་བྱེད་པའི་རྒྱུ་ཡིན་པས་ལྷན་ཅིག་བྱེད་པ་ཡིན་གྱི་ཉེ་བར་ལེན་པ་ནི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཁོ་ནའོ། །གསལ་བར་བྱ་བ་ནི་དྲི་མ་དང་བཅས་པའི་ཁམས་ཉིད་ལ་གནས་པའི་གང་ག་ཀླུང་གི་བྱེ་མ་ལས་འདས་པའི་ཡོན་ཏན་གྱི་ཆོས་རྣམས་སོ། །དེ་ལྟར་ཆོས་དང་གཟུགས་ཀྱི་སྐུ་གཉི་ག་འཁོར་ལོས་བསྒྱུར་བའི་བུ་གཞོན་ནུའི་ཚུལ་གྱིས་མ་ཚང་བ་མེད་པར་ཐོབ་པ་ནི་ས་མི་གཡོ་བ་སྟེ། དེའི་ཕྱིར་དེ་ལ་གཞོན་ནུའི་ས་ཞེས་བྱ་བ་དང་སྐུ་ཡོངས་རྫོགས་དང་ཞེས་གསུངས་པ་ཡིན་ནོ། །འདིར་རྣམ་པ་ཐམས་ཅད་པ་ལ་སོགས་པའི་ཡོན་ཏན་བཞི་ས་བཞི་ལ་གོ་རིམས་བཞིན་ཐོབ་པར་གསུངས་པ་ནི་གཙོ་བོའི་དོན་གྱི་བཤད་པ་སྟེ། གཞན་དུ་ན་ས་བརྒྱད་པ་ཉིད་ན་བཞི་པོའི་ཆ་ཚང་བར་གནས་ཏེ་

(༩༤༢)ས་རེ་རེ་ན་ཕ་རོལ་དུ་ཕྱིན་པ་བཅུ་པོ་ཐམས་ཅད་ཡོད་ཀྱང་སྦྱིན་པ་ལ་སོགས་པ་ལྷག་པར་བཤད་པ་བཞིན་ནོ། །དེ་བས་ན་སྔར་ཆོས་ཀྱི་སྐུའི་ཡོན་ཏན་དུ་བཤད་པའི་གཞན་དུ་མི་འགྱུར་བ་ལ་སོགས་བཞི་པོ་རྣམས་ཀྱང་ཆ་མཐུན་པས་མི་གཡོ་བའི་ས་ནས་ཡོད་ལ། ཡོན་ཏན་བཞི་པོ་དེ་དག་དང་འདིར་བཤད་པའི་ཡོན་ཏན་བ་ལེགས་པར་འབྱོར་བ་ཡིན་ཏེ། མི་ཟད་པའི་ཆོས་དང་རྣམ་པ་ཐམས་ཅད་པའོ། །ཆོས་ཀྱི་འཁོར་ལོའི་སྒོ་གྲངས་མེད་པ་ནི་སྐྱབས་དང་འབྱོར་ཏེ། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། ཞེས་པའི་ཕྱིར་རོ། །དོན་དམ་པ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་སྦྱར་རོ། །མ་བཅོས་པའི་ཡོན་ཏན་ནི་དྲི་མ་མེད་པ་དང་སྦྱར་ཏེ་ག་རེར་དང་འདྲ་བའོ། །མངོན་པར་རྟོགས་པའི་རྒྱན་ལས་གསུངས་པའི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཡང་ས་བརྒྱད་པ་ནས་ཐོབ་པར་སློབ་དཔོན་སེང་གེ་བཟང་པོས་སྡུད་པའི་འགྲེལ་པར་བཤད་དེ། འདིར་ཡོན་ཏན་རྣམ་པ་ཐམས་ཅད་པ་བཤད་པ་དང་དོན་གཅིག་མོད་ཀྱི་འོན་ཀྱང་མངོན་པར་རྟོགས་པའི་རྒྱན་ལས་དོན་དམ་པའི་རྣམ་པ་གཙོ་ཆེ་བར་བཤད་ལ། འདིར་ནི་ཐབས་ཀྱི་རྣམ་པ་གཙོ་ཆེ་བ་ཙམ་མོ། །དེ་ལ་འདིར་སྦྱིན་པ་ལ་སོགས་པ་ནི་ཐབས་ཀྱི་རྣམ་པ་ཡིན་ལ། འདི་དག་ཉིད་ལས་ཐབས་རེ་རེ་ལའང་ནང་ཚན་གྱི་ཐབས་ཀྱི་དབྱེ་བ་ཚད་མེད་པར་རིག་པར་བྱ་སྟེ། དབུ་མ་ལ་འཇུག་པའི་འགྲེལ་པར་སྦྱིན་པའི་ཕར་ཕྱིན་གྱི་སྐབས་སུ། དེ་ལ་ཕ་རོལ་ཞེས་བྱ་བ་ནི་འཁོར་བའི་རྒྱ་མཚོའི་ཕར་གྲམ་དང་དགོས་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་རང་བཞིན་

(༩༤༣)མངའ་བའི་སངས་རྒྱས་ཉིད་དོ། །ཞེས་གསུངས་པའི་ཕྱིར་དངོས་ནི་སངས་རྒྱས་ཀྱི་ས་ཁོ་མ་ཡིན་པས་སངས་རྒྱས་ཀྱི་ཡུལ་ལ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མཐའ་ཡས་པའི་རབ་ཏུ་དབྱེ་བས་རེ་རེ་ལ་ཡང་ཚད་མེད་པའི་ཕྱིར་རོ། །སྦྱིན་པ་ལྟ་བུའི་རྣམ་པ་རེ་རེ་ལའང་གྲངས་འདི་ཙམ་མོ་ཞེས་བྱ་བ་དང་འབྲས་བུ་སྒྲུབ་པའི་ནུས་པ་འདི་ཙམ་མོ་ཞེས་རྟོག་གེའི་བློས་མི་རྟོགས་པས་གྲངས་དང་མཐུ་དག་གིས་ནི་བསམ་གྱིས་མི་ཁྱབ་པ་ཉིད་དོ། །སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱི་བག་ཆགས་བསལ་བའི་ཕྱིར་ནི་རྣམ་པར་དག་པ་མཆོག་ཉིད་དོ། །དེ་ལ་ཡོན་ཏན་ཐ་མ་འདིས་བྱང་བ་དང་སངས་པར་བསྟན་ལ། སྔ་མ་གསུམ་གྱིས་ནི་ཆུབ་པ་དང་རྒྱས་པར་བསྟན་ཏེ་སངས་རྒྱས་ཀྱི་བྱང་ཆུབ་བོ། །དེ་ལྟར་ཡོན་ཏན་བཞི་པོ་སངས་རྒྱས་ཀྱི་སར་རྣམ་པར་གཞག་ནས་ཡངས་བརྒྱད་པ་ནས་བརྩམས་ཏེ་སངས་རྒྱས་ཀྱི་སའི་བར་དུ་ཡོན་ཏན་བཞི་པོ་རིམ་གྱིས་རྣམ་པར་གཞག་པའི་ཕྱིར་འདི་དག་བཤད་པ་ཡིན་ཏེ། བྱང་ཆུབ་སེམས་པའི་ས་མི་གཡོ་བ་ལ་ཁྱད་པར་གཉིས་དང་ལྡན་ཞིང་ཐེག་པ་གསུམ་གྱི་ལམ་གྱི་རྣམ་པ་རང་གི་བདག་ཉིད་དུ་ཤེས་པའི་ལམ་ཤེས་པ་ལ་བརྟེན་ཞིང་རྒྱུན་གྱིས་གནས་པས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་རྣམ་པ་ཐམས་ཅད་པ་ཉིད་ཐམས་ཅད་ཡང་དག་པར་འགྲུབ་པ་སྟེ། ཨཱ་གཙྪ་ཏི་ནི་འོངས་ཤིང་ལྷགས་པ་སྟེ། ས་འདིར་རྩོལ་བ་མེད་པར་ཞེས་པའི་དོན་ཏོ། །ཁྱད་པར་གཉིས་པོ་གང་ཞེ་ན། སྐྱོན་ནི་ཉོན་མོངས་པ་ལ་བྱ་ལ། སྐབས་འདིར་ནི་ས་བདུན་པ་མན་ཆད་དུ་དེ་བཞིན་གཤེགས་པའི་

(༩༤༤)ཡེ་ཤེས་འདོད་པར་གདུངས་པ་ལ་ཉོན་མོངས་སུ་བཏགས་པ་སྟེ། བསམ་པ་རྫོགས་པས་དེ་དང་བྲལ་བའོ། །རང་གི་ངང་གིས་འབྱུང་བ་ནི་རང་ནི་ས་དེའི་ཟག་པ་མེད་པའི་ཡེ་ཤེས་ཡིན་ལ། ངང་ནི་རང་བཞིན་ཏེ་རྩོལ་བ་ལ་མི་ལྟོས་པར་འབྱུང་བའོ། །དེ་ལྟར་རྩོལ་བ་མེད་པར་འཇུག་པ་དེ་ཡང་སྔར་ས་བདུན་པ་མན་ཆད་དུ་རྩོལ་བ་དང་བཅས་པའི་ལམ་བསྒོམས་པ་ཉིད་ཀྱིས་འཐོབ་པ་སྟེ། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་དང་ལྡན་པའི་དག་པ་རའི་ཡེ་ཤེས་ཉིད་ཡིན་ལ། དེའི་སྒོ་ནི་ས་བདུན་པ་མན་ཆད་དུ་ཤེས་རབ་ཀྱིས་སྐྱོན་གྱི་ ཕྱོགས་ཟད་པར་བྱས་ཤིང་༴ སྙིང་རྗེས་ཐབས་ཀྱི་ཕྱོགས་ཐམས་ཅད་བསྡུས་ཏེ་ལེགས་པར་བསྒོམས་པས་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་ཏེ། བཟོད་པ་དེའི་དོན་ནི་སྔར་བཤད་ཟིན་ཏོ། །ལམ་ཤེས་པ་ལ་བརྟེན་ཞེས་པས་ནི་ས་འདིར་ཐོབ་པའི་ཡོན་ཏན་རྣམས་སངས་རྒྱས་ཀྱི་ལམ་ཡིན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་མ་ཡིན་ནོ་བསྟན་ཏོ། །ཡོན་ཏན་དེ་དག་ཀྱང་འདིར་ཡང་ཟག་པ་མེད་པའི་དབྱིངས་རས་ཡུག་ལྟ་བུ་ལ་བྲིས་པ་སྟེ་འདིར་ཡང་རི་མོ་མཁན་ནི་ས་བདུན་པ་མན་ཆད་ཀྱི་ཐབས་ཀྱི་ཕྱོགས་རྣམས་ཏེ། དེ་ཡང་གསལ་བར་བྱེད་པའི་རྒྱུ་ཉིད་དོ། །བྱང་ཆུབ་སེམས་དཔའི་ས་དགུ་པ་ལེགས་པའི་བློ་གྲོས་ལ་ནི་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་ཉིད་ཡང་དག་པར་འགྲུབ་ཅིང་ལྷགས་པའོ། །དེའི་རྒྱུ་མཚན་ཡང་རྩེ་གཅིག་པའི་ཏིང་ངེ་འཛིན་དང་མི་བརྗེད་པར་དྲན་པས་འཛིན་པའི་གཟུངས་ཡོན་ཏན་གོང་མ་གོང་མ་ཐོབ་པའི་

(༩༤༥)སྒོ་བརྒྱ་སྟོང་ཉིད་རྩིས་གཞིར་བྱས་ནས་དེ་གྲངས་མེད་པར་བ་སྒྱུར་བ་དག་གིས་བརྗོད་པར་བྱ་བའི་དོན་དང་། རྗོད་པར་བྱེད་པའི་གཞུང་གི་གྲངས་ཚད་མེད་པའི་སངས་རྒྱས་ཀྱི་བསྟན་པའི་ཆོས་རྣམས་ཆུད་མ་ཟོས་པར་ཡོངས་སུ་འཛིན་པའི་ཤེས་པ་ལ་བརྟེན་ཞིང་གནས་པས་ནའོ། །།། བརྒྱ་སྟོང་ལ་ཁ་ཅིག་ཏུ་རྒྱ་མཚོ་ཞེས་འདོན་ཏེ། དེ་ཡང་གྲངས་ཀྱི་གནས་གཞན་གྱི་མིང་ཡིན་ནོ་ཞེས་ཡེ་ཤེས་སྟེ་གསུང་སྟེ་འདི་ལྟར་གཅིག །བཅུ༴ བརྒྱ༴ སྟོང་༴ ཁྲི༴ འབུམ༴ ས་ཡ༴ བྱེ་བ༴ དུང་ཕྱུར༴ ཐེར་འབུམ༴ ཤུ་ངོག༴ མཆོག་ཉལ༴ བྱེ་མ༴ རྐྱང་འཕྱེས༴ ནམ་ནུབ༴ མཚོ་ཡས་སོ་ཞེས་བརྗོད་དོ། །དེས་ནི་རང་གིས་སངས་རྒྱས་ཀྱི་ཆོས་འཛིན་པའི་མཐུ་བསྟན་ལ། གཞན་ལ་ཆོས་སྟོན་པའི་ཆོས་ཀྱི་སྒོ་ཡང་གྲངས་མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་ནི་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་མངོན་པར་འགྲུབ་བོ། །དེའི་རྒྱུ་མཚན་ནི་དེ་བཞིན་གཤེགས་པ་གཅིག་ཙམ་གྱི་མ་ཡིན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་འོག་མ་རྣམས་ལ་གསང་ཞིང་སྣ་བར་མཛད་པའི་གནས་ཀྱི་ཡོན་ཏན་རྣམས་མངོན་སུམ་དུ་མཐོང་བས་ལྐོག་ཏུ་མ་གྱུར་པའི་ཤེས་པ་ལ་བརྟེན་པས་ནའོ། །ས་གཉིས་པོ་འདིར་ཡང་ཟག་པ་མེད་པའི་དབྱིངས་ལ་ཞེས་བྱ་བ་དེ་རྗེས་སུ་འཇུག་གོ །གསང་བ་དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ནམ་མཁའ་དང་འདྲ་བར་ཚད་མེད་པ་ཡིན་ལ། དེ་གསངས་ཤིང་སུས་ནས་མིའི་ཚད་སུམ་འགྱུར་ཙམ་དུ་མཛད་པ་དང་གསུང་ཡང་མཐའ་མེད་པའི་

(༩༤༦)འཇིག་རྟེན་དུ་སོང་ཡང་འཁོར་གྱི་དཀྱིལ་འཁོར་ལ་ཉེ་རིང་མེད་པར་གྲག་པ་ཙམ་མོ། །ཐུགས་ཀྱང་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ་རྟག་ཏུ་ཞུགས་ཀྱང་རེས་འགའ་འཇིག་རྟེན་པའི་ཤེས་པ་མངོན་སུམ་དུ་མཛད་ཅེས་བྱ་བ་དང་། འཚོ་བྱེད་ལ་སྨན་གང་ཡིན་ཞེས་རྨེད་པར་མཛད་པ་ལ་སོགས་པའོ། །སངས་རྒྱས་ཀྱི་གསང་བ་དང་ཆ་མཚུངས་པ་མི་གཡོ་བའི་ས་ནས་ཡོད་པར་ཡང་གསང་བའི་མདོ་ལས་བཤད་དེ་བལྟ་བར་བྱའོ། །ཆོས་ཀྱི་སྤྲིན་དེའི་རྗེས་ཐོགས་སུ་སངས་རྒྱས་ཀྱི་ས་ཐོབ་པའི་ཕྱིར་ས་དེ་ལ་རྣམ་པར་དག་པ་མཆོག་གི་ཡོན་ཏན་ཉིད་ཡང་དག་པར་འགྲུབ་བོ། །དེའི་རྒྱུ་མཚན་ཡང་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་ཤེས་པ་ལ་བརྟེན་ཞིང་རྟག་ཏུ་གནས་པས་ནའོ། །དེ་ལྟར་ཆོས་ཀྱི་སྐུ་ལ་ཡོན་ཏན་བཞི་དབྱེར་མེད་པར་གྲུབ་པར་བསྟན་པའི་ཤུགས་ཀྱིས་ནི་དགྲ་བཅོམ་པ་དང་རང་སངས་རྒྱས་མི་སློབ་པ་དེ་དག་ནི་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་ལས་རིང་དུ་གྱུར་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་སྟེ།དེ་ཡང་འདིར་རིགས་པས་སྒྲུབ་པར་བྱེད་པ་ན་ཉན་ཐོས་དང་རང་སངས་རྒྱས་དགྲ་བཅོམ་པ་ཕལ་མོ་ཆེ་ནི་བདག་ཉིད་ཀྱིས་བྱ་བ་བྱས་ཟིན་པར་རློམ་པས་ན་གང་ལ་མཐར་ཐུག་པའི་མྱ་ངན་ལས་འདས་པ་མེད་པར་བསྒྲུབ་པར་བྱ་དགོས་པའི་ཕྱིར་རྒོལ་བ་སྟེ༴ གཞན་ཡང་སངས་རྒྱས་པའི་གྲུབ་པའི་མཐའ་སྨྲ་བ་ཐེག་པ་གསུམ་ཐ་དད་པར་སྨྲ་བ་དག་ཀྱང་ངོ་། །བསྒྲུབ་པར་བྱ་བའི་ཆོས་ནི་སྐྱོན་ཐམས་ཅད་དང་བྲལ་བའི་མྱ་ངན་ལས་འདས་པ་མེད་པའོ། །

(༩༤༧)གཏན་ཚིགས་ནི་ཡོན་ཏན་རྣམ་པ་བཞི་མེད་པའི་ཕྱིར་ཞེས་བྱ་བའོ། །དེའི་ཁྱབ་པ་ནི་སྡུག་བསྔལ་འགོག་པ་མཐར་ཐུག་པ་དང་ཡོན་ཏན་རྣམ་པ་བཞི་འགྲུབ་པ་བདག་ཉིད་གཅིག་ཅིང་ཕན་ཚུན་གཅིག་གིས་གཅིག་ལ་ཁྱབ་པར་གོང་དུ་བསྟན་པས་འགྲུབ་སྟེ། དཔེ་ནི་སེམས་ཅན་ཕལ་པ་དང་ནམ་མཁའི་མེ་ཏོག་གིས་བྱང་རུང་ངོ་། །ཕྱོགས་ཆོས་ནི་ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པས་རང་ཉིད་ལ་ཡོན་ཏན་དེ་དག་མེད་པར་ངེས་པས་སླར་སྒྲུབ་མི་དགོས་ལ། གྲུབ་པའི་མཐའ་སྨྲ་བ་དག་གིས་ཀྱང་འདོད་པ་མ་ཡིན་ནོ། །དེས་ན་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་དབྱེར་མེད་པ་ཞེས་པ་ནི་ཆོས་ཀྱི་ཁྱད་པར་མ་ཡིན་གྱི་ཁྱབ་པ་སྟོན་པ་ཡིན་ནོ། །དེའི་ཕྱོགས་ཀྱི་ཆོས་བཤད་པ་ནི་གང་གི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་དགྲ་བཅོམ་པ་དེ་དག་ནི་སའི་ཡེ་ཤེས་ཀྱི་རྟེན་ལམ་ཤེས་པ་དང་། ཚད་མེད་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་པའི་ཤེས་པ་དང་། གསང་བའི་གནས་ལྐོག་ཏུ་མ་གྱུར་པའི་ཤེས་པ་དང་། སྒྲིབ་པ་མཐའ་དག་ལས་གྲོལ་བའི་ཤེས་པ་སྟེ་བཞི་པོ་འདི་དག་ལ་ཚད་མས་མཐོང་བ་མེད་པ་དེའི་ཕྱིར་རོ། །འདིས་ནི་དགྲ་བཅོམ་པ་དེ་དག་གིས་ཆོས་ཀྱི་སྐུ་ཐོབ་པ་ལྟ་ཞོག །གནས་སྐབས་ཀྱི་མྱ་ངན་ལས་འདས་པས་བརྒྱད་པ་ནས་ཐོབ་པར་བཤད་པ་དེ་ཡང་དེ་དག་ལ་མེད་དོ་ཞེས་བསྟན་ཏོ༴ །དེ་དག་གིས་ནི་ཡོན་ཏན་དབྱེར་མེད་པའི་དོན་རྒྱས་པར་བསྟན་ལ། ད་ནི་དོན་བསྡུས་ཏེ་ཐེག་པ་གཅིག་ཏུ་བསྟན་པའི་ཕྱིར། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། གསལ་དང་འཕྲོ་དང་དག་ཕྱིར་དང་

(༩༤༨)ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། ཤེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་ཇི་ལྟ་བ་རྟོགས་པའི་ཤེས་རབ་ནི་དེ་ཁོ་ན་ཉིད་གསལ་བར་རྟོག་སྣང་བའི་ཕྱིར་ཉི་མའི་དཀྱིལ་འཁོར་སྣང་བའི་ངོ་བོར་གྱུར་པ་དང་མཚུངས་ལ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ནི་ཤེས་བྱ་མཐའ་ཡས་པ་ལ་འཕྲོ་བའི་ཕྱིར་ཉི་མའི་འོད་ཟེར་དང་མཚུངས་ཤིང་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་བའི་སྤངས་པ་ནི་དག་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལ་མུན་པའི་གནས་མེད་པ་དང་མཚུངས་ཤིང་། ཤེས་རབ་སོགས་གསུམ་པོ་དེ་དག་ཀྱང་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཆོས་སུ་ཐ་དད་པ་མེད་པའི་ཕྱིར་སྣང་བ་དང་འོད་དང་དག་པ་རྣམས་ཉི་མའི་དཀྱིལ་འཁོར་ལས་ཐ་དད་མ་ཡིན་པ་དང་མཚུངས་ཏེ། ཁྱད་པར་གྱི་ཆོས་བཞིས་ཉི་མའི་དཀྱིལ་འཁོར་གྱི་ཆོས་བཞི་རྣམས་དང་མཚུངས་སོ། །དེ་ཉིད་བཤད་པ་ནི་ཤེས་རབ་གང་དང་ཡེ་ཤེས་གང་དང་རྣམ་པར་གྲོལ་བ་གང་གིས་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་དབྱེ་བ་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་དེ་མཚོན་པར་བྱེད་པ་དེ་དག་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གསུམ་དང་རྣམ་པ་གཅིག་གིས་ཉི་མ་དང་ཆོས་མཐུན་པ་རྣམ་པ་བཞི་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཤེས་རབ་ནི་ཤེས་བྱའི་དེ་ཁོ་ན་ཉིད་དམ་པའི་མུན་པ་སེལ་བར་ཉེ་བར་གནས་པའི་ཕྱིར་འོད་ཀྱི་གསལ་བ་དང་ཆོས་མཚུངས་སོ། །དེའི་རྗེས་ལ་ཐོབ་པའི་ཤེས་བྱ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཤེས་བྱའི་དངོས་པོ་མ་ལུས་པ་རྣམ་པ་ཐམས་ཅད་ལ་འཇུག་པས་

(༩༤༩)ན་འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་སོ། །དེ་གཉི་གའི་རྟེན་སེམས་ཀྱི་རང་བཞིན་རྣམ་པར་གྲོལ་བ་ནི་ཤིན་དུ་དྲི་མ་མེད་ཅིང་འོད་གསལ་བ་ཉིད་ཀྱིས་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཚུངས་སོ། །གསུམ་ག་ཡང་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་རང་བཞིན་ཉིད་ཀྱིས་གསུམ་པོ་དེ་རྣམ་པར་དབྱེར་མེད་པ་དང་ཆོས་མཚུངས་སོ། ཞེས་བྱ་བ་སྟེ། ཤེས་རབ་གང་དང་ཞེས་བྱ་བ་ནས། ཆོས་མཐུན་པ་རྣམ་པ་བཞི་བསྟན་ཏེ་ཞེས་བྱ་བའི་བར་གྱིས་བསྡུས་ཏེ་བསྟན་པ་ཡིན་ལ། ལྷག་མས་ནི་རྒྱས་པར་བཤད་དོ། །དེ་ལ་ཤེས་རབ་དང་ཡེ་ཤེས་དང་རྣམ་གྲོལ་གསུམ་གྱིས་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་དབྱེར་མེད་པའི་མྱ་ངན་ལས་འདས་པ་ཇི་ལྟར་བསྟན་ཞེ་ན། མ་མ་གྱིས་མི་ཁྱབ་པའི་ཡོན་ཏན་ནི་ཇི་ལྟ་བ་རྟོགས་པའི་ཤེས་རབ་ཀྱིས་བསྟན་ལ། རྣམ་པ་ཐམས་ཅད་པ་དང་གྲངས་མེད་པའི་ཡོན་ཏན་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་བསྟན་ཞིང་། རྣམ་པར་གྲོལ་བས་ནི་དྲི་མ་མེད་པའི་ཡོན་ཏན་ཏོ། །རྟེན་སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་རང་གི་ངོ་བོ་འཇིག་རྟེན་ལས་འདས་པས་ཟག་པ་མེད་པ་སྤྲོས་པ་དང་བྲལ་བས་རྣམ་པར་མི་རྟོག་པའི་ཤེས་རབ་ནི་ཤེས་བྱའི་དེ་ཁོ་ན་ཉིད་དོན་དམ་པ་ལ་སྒྲིབ་པར་བྱེད་པའི་མུན་པར་གྱུར་པ་གང་ཟག་དང་ཆོས་སུ་རྣམ་པར་རྟོག་པ་སེལ་བར་ཉེ་བར་གནས་ཤིང་ཞུགས་པའི་ཕྱིར་ཉི་མའི་འོད་གསལ་བ་དང་ཆོས་མཚུངས་སོ། །མི་རྟོག་པ་དེའི་རྗེས་ལ་ཐོབ་པ་ཀུན་རྫོབ་པའི་ཤེས་བྱ་ཐམས་ཅད་ཀྱི་ཡུལ་ཅན་གྱི་ཡེ་ཤེས་ནི་ཤེས་བྱའི་དངོས་པོ་མ་ལུས་པ་ཐ་རྣམ་པ་

(༩༥༠)ཐམས་ཅད་ལ་འཇུག་ཅིང་འཕྲོ་བས་ན་ཉི་མའི་འོད་ཟེར་གྱི་དྲ་བ་ཕྱོགས་བཅུར་འཕྲོ་བ་དང་ཆོས་མཚུངས་སོ། །འོ་ན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་དབུ་མའི་མན་ངག་ལས། གང་གི་ཚེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་པ་དེ་ཕན་ཆད་ནི་རྗེས་ལ་ཐོབ་པ་མི་མངའ་སྟེ། དེ་ལྟ་མ་ཡིན་ན་བྱང་ཆུབ་སེམས་དཔའ་རྣམས་དང་ཁྱད་པར་ཅི་ཡོད་ཅེས་གསུངས་པ་དེ་དང་འདིར་རྗེས་ལ་ཐོབ་པ་མངའ་བར་བཤད་པ་གཉིས་མཐུན་པར་མ་གྱུར་ན། གང་ཞིག་དོར་བར་བྱ་བ་ཡིན་ཞེ་ན། གཉི་ག་ཡང་དོར་བར་བྱ་བ་ཡང་ཡིན་ཏེ། མཉམ་པར་གཞག་པ་ལས་ལངས་ཏེ་དེའི་སྟོབས་ཀྱིས་ཐོབ་པའི་ཤེས་པ་ལ་རྗེས་ལ་ཐོབ་པ་ཞེས་བཤད་པ་དེ་ནི་མར་མེ་མཛད་གསུང་བ་ལྟར་སངས་རྒྱས་ལ་མི་མངའ་སྟེ། ཐུགས་ནི་ཆོས་རྣམས་ཐམས་ཅད་ལ། །རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ལམ་གྱི་གནས་སྐབས་སུ། མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། ཅེས་བྱ་བ་དེའི་རྗེས་སུ་འབྲངས་ནས་འདིར་ཇི་སྙེད་པ་མཁྱེན་པ་ལ་རྗེས་ལ་ཐོབ་པའི་མིང་གིས་བཏགས་པ་སྟེ། སློབ་དཔོན་ཀླུའི་བཤེས་གཉེན་གྱིས་སྐུ་གསུམ་ལ་འཇུག་པའི་སྒོར་ཐེག་པ་དམན་པའི་བརྡའི་རྗེས་སུ་འབྲངས་ནས། ཕུང་པོར་བཅས་པའི་མྱ་ངན་འདས། །གཟུགས་སྐུ་གཉིས་ལ་གཞག་པ་ཡིན་ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། ཅེས་གསུངས་པ་དང་འདྲའོ། །དེ་བཞིན་དུ་མི་རྟོག་པའི་ཡེ་ཤེས་ལ་འཇིག་རྟེན་ལས་འདས་པར་བརྗོད་པའི་ཟླས་ཇི་སྙེད་པ་མཁྱེན་པ་ལ་ཀུན་རྫོབ་ཀྱི་བདེན་

(༩༥༡)པའི་ཡུལ་ཅན་ཉིད་ཀྱིས་འཇིག་རྟེན་པར་ཡང་གདགས་སུ་རུང་ངོ་། །ཤེས་རབ་དང་ཡེ་ཤེས་དེ་གཉི་ག་གང་གི་རང་བཞིན་དུ་གནས་པའི་རྟེན་སེམས་ཀྱི་རང་བཞིན་རྣམ་པར་གྲོལ་བ་ནི་སྒྲིབ་པའི་དྲི་མ་ཤིན་དུ་མེད་ཅིང་དྲི་མའི་གཉེན་པོར་གྱུར་པས་འོད་གསལ་བ་ཉིད་ཀྱིས་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཚུངས་སོ། །ཤེས་རབ་དང་ཡེ་ཤེས་གཉིས་ནི་རྟོགས་པ་ཡིན་ལ། རྣམ་པར་གྲོལ་བ་ནི་སྤངས་པ་སྟེ། རྟོགས་པ་ནི་གདོད་མ་ནས་གནས་པའི་སྟོབས་ལ་སོགས་པའི་ཡོན་ཏན་གསལ་པོར་གྱུར་པ་ཡིན་ལ། སྤངས་པ་ནི་རང་བཞིན་གྱིས་དག་པ་ཉིད་བག་ཆགས་སྤངས་པའི་ཅ་ཡིན་ཏེ༴ དེ་གསུམ་ག་ཡང་ཆོས་ཀྱི་དབྱིངས་ཉིད་ཀྱི་ཆ་ལ་བརྗོད་པའི་ཕྱིར་རྣམ་པར་དབྱེ་བ་མེད་པས་ཉི་མའི་ཆོས་གསུམ་པོ་ཉི་མའི་དཀྱིལ་འཁོར་དང་དབྱེ་བ་མེད་པ་དང་ཆོས་མཚུངས་སོ། །སྐབས་ཀྱི་དོན་ནི་དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་བྱ་བ་འདི་ཡིན་ཏེ། རྒྱལ་བའི་སྤངས་པ་དང་རྟོགས་པ་དག་ཉི་མ་དང་མཚུངས་པ་དེས་ན་ཤེས་བྱ་མཐའ་ཡས་པའི་ཡུལ་ཅན་རྟོགས་པ་སངས་རྒྱས་ཉིད་མ་ཐོབ་པར་སྒྲིབ་པ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པ་འགོག་པ་མི་འཐོབ་སྟེ། འོད་དང་མི་ལྡན་པའི་ཉི་མའི་དཀྱིལ་འཁོར་འབའ་ཞིག་པ་ལྟ་བར་འདོད་པ་ཡོད་ཀྱང་འོད་དང་འོད་ཟེར་སྤངས་ནས་ཉི་མ་ལྟ་བར་མི་ནུས་པ་བཞིན་ཏེ། སངས་རྒྱས་ཉིད་སྒྲུབ་པ་ནི་བསྐལ་པ་གྲངས་མེད་པར་བྱ་དཀའ་བའི་སྤྱོད་པ་

(༩༥༢)མང་པོ་སྤྱད་དགོས་པས་དེ་ནི་བདག་གིས་མི་ནུས་ཀྱིས། ཉོན་མོངས་པ་སྤངས་པ་ན་སྐྱེ་བ་ཕྱི་མ་སྤངས་པ་ན་མེད་ཅིང་དེ་ནས་ལུས་དེ་དོར་བའི་ཕྱི་ནས་ནི་འདུས་བྱས་ཀྱི་ཆོས་ཅི་ཡང་མེད་པའི་ཕྱིར་དྲི་མའི་ཆོས་སུ་གྱུར་པ་ཅི་ཡང་མེད་དོ་སྙམ་པ་ལ་དྲི་མ་ཟད་པར་བྱེད་པའི་གཉེན་པོ་ནི་ཡུལ་མཐའ་ཡས་པའི་གནས་ལུགས་རྟོགས་པ་ཁོ་ན་ཡིན་པས་དེ་མེད་པར་དྲི་མ་ཟད་པར་མི་འགྱུར་བ་ཡིན་ལ། སྤྱིར་ན་ཡང་སེམས་ཤེས་བྱ་བའི་རྒྱུད་འདི་ལ་དྲི་མ་མེད་ན་ནི་ཐམས་ཅད་མཁྱེན་པ་ངེས་པར་འཐོབ་དགོས་ཏེ་ཇི་ལྟར་ས་གཞི་གང་ན་མུན་པ་མེད་ན་ངེས་པར་སྣང་བ་ཡོད་དགོས་པ་བཞིན་ནོ། །དེས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དག་ལམ་དེ་ཉིད་ཀྱིས་སྒྲིབ་པ་མཐའ་དག་དང་བྲལ་བར་མི་བྱེད་ལ། དྲི་མ་ཡོད་ན་ནི་དེའི་རྟེན་སེམས་ཀྱི་རྒྱུན་ཞིག་ཀྱང་ངེས་པར་ཡོད་དགོས་པས་རྒྱུན་གྱིས་ནི་ངེས་པར་ཐེག་པ་ཆེན་པོར་འཇུག་དགོས་སོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་ཉན་ཐོས་མི་སློབ་པ་འགའ་ཞིག་ནི་ཉོན་མོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་གཉི་ག་ལས་གྲོལ་བའི་ཕྱིར་གཉི་གའི་ཆ་ལས་གྲོལ་བ་ཞེས་བརྗོད་ལ༴ འགའ་ཞིག་ནི་ཤེས་རབ་ཀྱིས་ཉོན་མོངས་པ་ལས་གྲོལ་གྱི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་མ་གྲོལ་བར་ལྷག་མ་དང་བཅས་པའི་སྐབས་ཀྱི་མྱ་ངན་ལས་འདས་པ་གཉིས་པོ་ལ་མཆོག་དམན་ཡོད་པར་འགྱུར་ན། དེ་ལས་ཐོབ་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་གཉིས་ལ་ཡང་མཆོག་དམན་ཡོད་པར་འགྱུར་རོ། །གང་མཆོག་དམན་ཡོད་པ་དེས་ནི་མཐར་ཐུག་པར་འགྱུར་བ་མི་

(༩༥༣)སྲིད་དོ༴ དེ་ཉིད་བཤད་པ་ནི༴ གང་གི་ཕྱིར་ཐོག་མ་མེད་པ་ནས་ཉེ་བར་གནས་པའི་རང་བཞིན་དགེ་བའི་ཆོས་དང་ལྡན་པའི་ཁམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་པ་དེའི་ཕྱིར་ཆགས་པ་མེད་པ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་དེ་བཞིན་གཤེགས་པ་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པ་མངོན་དུ་བྱེད་པར་མི་འཐད་དེ། འོད་དང་འོད་ཟེར་མ་མཐོང་བར་ཉི་མའི་དཀྱིལ་འཁོར་མི་མཐོང་བ་བཞིན་ནོ། ཞེས་བྱ་བ་ལ། དགེ་བའི་ཆོས་རིགས་པའམ་རྟོགས་པའི་ཆ་ནི་ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པའི་རང་བཞིན་ཡིན་པ་གང་གི་ཕྱིར་ཁམས་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་དབྱེ་བ་མེད་པའི་ཡོན་ཏན་དེ་དག་ཉིད་ཆོས་ཉིད་ཡིན་པ་དེའི་ཕྱིར་ཆགས་པ་ཉོན་མོངས་པ་མེད་ཅིང་ཐོགས་པ་ཤེས་བྱའི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་དེ་བཞིན་གཤེགས་པ་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པའི་སྒོ་ནས་མྱ་ངན་ལས་འདས་པ་དེ་མངོན་དུ་བྱེད་པར་མི་འཐད་དེ། འོད་དང་འོད་ཟེར་མ་མཐོང་བར་ཉི་མའི་དཀྱིལ་འཁོར་མི་མཐོང་བ་བཞིན་ནོ། །ལུང་གིས་བཤད་པ་ནི༴ དེ་ཉིད་ཀྱི་ཕྱིར༴ བཅོམ་ལྡན་འདས་དམན་པ་དང་གྱ་ནོམ་པའི་ཆོས་ལ་ནི་མྱ་ངན་ལས་འདས་པ་རྟོགས་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་མྱ་ངན་འདས་པ་རྟོགས་པ་ནི་

(༩༥༤)མཚུངས་པའི་ཆོས་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ནི་ཡེ་ཤེས་མཚུངས་པ་དང་། རྣམ་པར་གྲོལ་བ་མཚུངས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མཚུངས་པ་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་དེའི་སླ་མྱ་ངན་ལས་འདས་པའི་དབྱིངས་ནི་རོ་གཅིག་པ་རོ་མཚུངས་པ་ཞེས་བརྗོད་དེ། འདི་ལྟ་སྟེ་རིག་པ་དང་རྣམ་པར་གྲོལ་བའི་རོས་སོ་ཞེས་གསུངས་སོ། །ཞེས་བྱ་བ་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་ཏེ། དཔལ་ཕྲེང་དེ་ཉིད་ལས་སོ། །སུ་ཡང་རུང་སྟེ་ལ་ལའི་མྱ་ངན་ལས་འདས་པ་དམན་པ་དང་ལ་ལའི་མྱ་ངན་ལས་འདས་པ་གྱ་ནམ་པའི་ཁྱད་པར་ཡོད་པ་དེ་ལ་མཐའི་མྱ་ངན་ལས་འདས་པ་རྟོགས་པ་མི་སྲིད་དེ། དེ་ཉིད་སྒྲུབ་པའི་སྒོ་ནས་བརྗོད་པ་ནི་མྱ་ངན་ལས་འདས་པ་རྟོགས་ན་རྟོགས་བྱའི་མྱ་ངན་ལས་འདས་པ་མཚུངས་ཏེ་མཆོག་དམན་མེད་དོ༴ ༴ཆོས་གང་གིས་མཚུངས་ན་གྲོལ་བྱེད་གཉེན་པོའི་ཡེ་ཤེས་མཚུངས་པ་དང་། ངེས་སྤངས་པའི་གྲོལ་བ་མཚུངས་པ་དང་། གྲོལ་བ་དེ་ཉིད་རྟོགས་ཤིང་མཐོང་བའི་ཡེ་ཤེས་རྣམས་ཀྱིས་མཚུངས་པར་བྱ་དགོས་སོ། དེས་ན་མྱ་ངན་ལས་འདས་པ་ནི་རོ་གཅིག་པ་དང་རོ་མཚུངས་པར་བརྗོད་དེ། དེ་གཉིས་ནི་རིག་པར་རོ་གཅིག་ཅིང་གྲོལ་བར་ཆོས་མཚུངས་ཤེས་བྱ་སྟེ། མཐའི་མྱང་འདས་ཐོབ་ན་རྟོགས་པ་ཡང་མཚུངས་ལ། སྤངས་པ་དང་རྟོགས་པ་དག་ནི་ཕན་ཚུན་གཅིག་མེད་ན་གཅིག་མེད་པའི་ཁྱབ་པ་ངེས་པས་མཆོག་དམན་དང་ལྡན་པའི་འཕགས་པ་རྣམས་ཀྱིས་མཐའི་མྱ་ངན་ལས་འདས་པ་ཐོབ་པ་མི་སྲིད་དོ། །ཐེག་པ་གཅིག་ཏུ་བཤད་པའི་དོན་སྤངས་པ་ཡང་མཚུངས་ཏེ།

(༩༥༥)ཕབ་ནས་ཇི་ལྟར་ཡིད་ལ་བྱེད་པ་ནི་རྣམ་པར་རྟོག་པས་ཤེས་བྱ་བ་སྟེ། དམིགས་པ་ལས་གཞན་དུ་རྣམ་པར་གཡེང་བའི་རྣམ་པར་རྟོག་པ་ཞི་བའི་ཞི་གནས་བསྒྲུབས་ནས་ཤེས་པའོ༴ དེ་ནས་ལྷག་མཐོང་སྒོམ་པའི་ཕྱིར་གཞན་གྱི་ཟེར་ལ་མི་ལྟོས་པར་སོ་སོ་རང་གི་བློས་རྣམ་པར་དཔྱད་ནས་གཞན་གྱི་དྲིང་ལ་མི་འཇོག་ཅིང་བདག་ཏུ་ལྟ་བ་ལ་སོགས་པའི་ལྟ་བའི་གཉེན་པོར་འགྱུར་བ་ཞིག་སྒོམ་མོ་རྣམ་པར་དཔྱད་པ་འབའ་ཞིག་བརྟེན་ན་ཡང་དཔྱོད་བྱེད་ཀྱི་རྟོག་པ་དེ་ཉིད་ཀྱིས་རྣམ་གཡེང་བསྐྱེད་པས་སྐབས་དང་སྐབས་སུ་རྣམ་པར་རྟོག་པ་མེད་པའི་ཞི་གནས་སྒོམ་མོ། །ལྷག་མཐོང་གྲུབ་ནས་ཀྱང་རིགས་པ་ལ་མི་ལྟོས་པར་ངང་གིས་དེ་ཁོ་ན་ཉིད་ལ་གནས་ཤིང་ལངས་པ་ན་ཡང་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྩོལ་བ་མེད་པར་འབྱུང་བ་ལ་བསམ་གཏན་བཞི་ལས། དེ་བཞིན་གཤེགས་པའི་དགེ་བསམ་གཏན། ཞེས་འདོགས་ཏེ་དེ་ལ་བསླབ་པར་བྱའོ། །སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་རིམ་པ་དེས་ས་དང་པོའི་ཡེ་ཤེས་སྐྱེས་ནས་ཆོས་ཉིད་ཀྱི་བདེན་པ་ལ་རེག་པར་འགྱུར་བ་ནས་ནི་སོ་སོ་རང་གི་ཡེ་ཤེས་ཐོབ་པ་ཡིན་ནོ། །དེ་ལ་ཐེག་པ་གཅིག་པུ་རྟོགས་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ཐེག་པ་ནི་ལམ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་དགྲ་བཅོམ་པ་རྣམས་ལམ་མ་བརྒྱུད་པར་གཅིག་ཆར་སངས་རྒྱས་སུ་འགྱུར་ཞེས་བྱ་བ་ནི་མ་ཡིན་ཏེ། ཆུ་བྲན་རྣམས་རྒྱ་མཚོར་སྙེག་ཅེས་བྱ་བའི་དོན་གང་ག་ལ་སོགས་པའི་ཆུ་བོ་ཆེན་པོར་ཞུགས་ནས་ཤེས་བྱ་བའི་དོན་ཡིན་པ་བཞིན་ནོ། །དོན་འདི་ནི་

(༩༥༦)སློབ་དཔོན་ཟླ་བས། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་བརྟེན་མིན་ཞིང་། །གང་གི་ཕྱིར་ན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །ཞེས་གསུངས་པ་བཞིན་ནོ། །དེ་བས་ན་ཐེག་པ་གཅིག་པ་ནི་ལམ་གཅིག་པ་ཡིན་ལ། དེ་རིག་པ་ནི་ཐེག་པ་གཅིག་ཁོང་དུ་ཆུད་པའོ། །ཐེག་པ་གཅིག་གི་ལམ་ཡང་གཟུང་བ་དང་འཛིན་པ་དང་བྲལ་བའི་ཡང་དག་པ་ཇི་ལྟ་བ་བཞིན་ལ་གནས་པས་གཟུང་འཛིན་གྱི་རྣམ་པར་རྟོག་པ་མི་འབྱུང་བ་སྟེ་གཟུགས་ལ་སོགས་པའི་གཟུང་བ་དང་མིག་ལ་སོགས་པའི་འཛིན་པར་སྣང་བ་ལོག་པ་མཉམ་གཞག་སོ་སོ་རང་གིས་རིག་པའི་ཡེ་ཤེས་ནི་ཐེག་པ་གཅིག་གི་ལམ་སྟེ། ད་ལྟ་ཉིད་དུ་བཤད་པའི་འཕགས་པ་སོ་སོ་རང་གི་ཡེ་ཤེས་དེ་ཉིད་དོ། །དེ་ལྟར་ན་འཕགས་པ་སོ་སོ་རང་གི་ཡེ་ཤེས་དང་ཐེག་པ་གཅིག་གི་ལམ་སྐབས་གཅིག་ཏུ་ཞུ་བའི་རྒྱུ་མཚན་ཡང་དེས་ཤེས་པར་བྱའོ། །དེ་ལྟར་ལམ་དེ་ཚངས་པ་སོགས་འཇིག་རྟེན་པ་དང་མུ་སྟེགས་བྱེད་ཀྱིས་མི་ཤེས་ཤིང་འཕགས་པ་གཞན་གྱིས་ཀྱང་མི་ཤེས་ལ། དེ་བཞིན་གཤེགས་པ་གཅིག་པུས་མཁྱེན་པས་ན་ལམ་དེ་ལ་གཅིག་པུའི་སྒྲ་འཐད་དོ། བཅོམ་ལྡན་འདས་ཀྱིས་ཅིའི་སླང་དུ་ཐེག་པ་གསུམ་དུ་བཤད་དེ་ཞེས་བྱ་བ་ལ་སོགས་པ་ནི་ལམ་གཅིག་པུ་དེའི་དངོས་ཀྱི་སྣོད་དུ་མ་གྱུར་པས་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་དང་པོ་ཉིད་ནས་གཅིག་པུ་དེ་ན་

(༩༥༧)ཐམས་ཅད་སྤངས་ཤིང་ཆོས་ལ་བདག་མེད་པ་རྟོགས་པ་དེ་ན༴ དེ་དག་བག་ཆགས་ཀྱི་ཉེས་པ་དང་ཏིང་ངེ་འཛིན་གྱིས་མྱོས་པ་མེད་པར་གྱུར་ནས་ཟག་པ་མེད་པའི་དབྱིངས་ནས་སླར་སད་དེ། ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་དབྱིངས་སུ་གཏོགས་པའི་ཚོགས་རྣམས་ཡོངས་སུ་བསྐང་ནས་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་དབང་བྱེད་པ་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །ཉན་ཐོས་རྣམས་ཀྱིའང་དེ་བཞིན་ཏེ། དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་དེ་དག་ངས་བཤད་དོ། །ཇི་སྲིད་སེམས་རྣམས་འཇུག་པའི་བར། །ཐེག་པ་དག་ལ་ཐུག་པ་མེད། །སེམས་ནི་ཤིན་དུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཐེག་པ་རྣམ་པར་གཞག་མེད་ཀྱང་། སེམས་ཅན་རྣམས་ནི་དྲང་བའི་ཕྱིར། ཐེག་པ་ཐ་དད་ངས་བཤད་དེ། །ཐེག་པ་གཅིག་ཏུ་ངས་བསྟན་ཏེ། །དེ་བཞིན་རྣམ་གྲོལ་གསུམ་པོ་དང་། །ཆོས་ལ་བདག་མེད་དེ་ཉིད་དང་། །མཉམ་ཉིད་ཡེ་ཤེས་ཉོན་མོངས་པ། །རྣམ་པར་གྲོལ་བས་དེ་དག་སྤོངས། །ཇི་ལྟར་ཤིང་དག་རྒྱ་མཚོ་ལ། །རླབས་རྣམས་ཀྱིས་ནི་རྣམ་པར་གཡེངས། །དེ་བཞིན་ཉན་ཐོས་རྨོངས་པ་ཡང་། །མཚན་ཉིད་རྣམས་ཀྱིས་རབ་ཏུ་གཡེངས། །ཀུན་ནས་ལྡང་དང་བྲལ་མོད་ཀྱི། །ཉོན་མོངས་བག་ཆགས་རྣམས་དང་འབྲེལ། །ཏིང་འཛིན་མྱོས་པས་དེ་མྱོས་ཏེ། ཟག་པ་མེད་པའི་དབྱིངས་ན་འཁོད། མཐའ་མར་

(༩༥༨)ཕྱིན་པ་དེ་ལ་མེད། །ཕྱིར་ཡང་དེ་ལས་མི་ལྡོག་གོ །ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་དེ་མི་སད། །ཇི་ལྟར་སྐྱེས་བུ་ར་རོ་བ། །ཆང་དང་བྲལ་ནས་སད་འགྱུར་བཞིན། །དེ་ན་དེ་དག་ང་ཡི་ཡང་། །ཆོས་ཀྱི་སྐུ་ནི་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ལ་དྲི་བའི་དོན་ནི་འཕགས་པ་རྣམས་ཀྱི་སོ་སོ་རང་གི་ཡེ་ཤེས་དང་ཐེག་པ་གཅིག་ཅེས་གསུངས་པའི་ཐེག་པ་དེ་གང་ཡིན་པ་ཞུས་པ་སྟེ། ཁྱད་པར་དུ་སོ་སོ་རང་རིག་གི་།།།བླས་རྣམ་པར་ཡེ་ཤེས་དེ་དང་པོར་སློབ་པའི་དུས་ན་ཡང་གཞན་གྱི་དྲིང་མི་འཇོག་པར་རྟོགས་པའི་ཐབས་ཞུས་པའོ། །ལན་ལ་དང་པོར་སོ་སོ་རང་གི་ཡེ་ཤེས་དེ་།།།པའི་དུས་ན་ཡང་གཞན་གྱི་དྲིང་མི་འཇོག་པར་རྟོགས་པའི་ཐབས་ཞུས་པའོ། །དེ་ཡང་འདུ་འཛིའི་གནས་སུ་བྱ་བ་སྣ་ཚོགས་ཀྱིས་གཡེངས་པ་དང་། བསྟན་བཅོས་སྣ་ཚོགས་ལ་ཆགས་པ་བསལ་ལ་བསམ་པར་བྱ་ཞེས་པའོ། །དེ་ཡང་ཚད་མ་དང་ཞེས་པ་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་སྟེ། དེས་གཞན་གྱི་དྲིང་མི་འཇོག་པར་འགྱུར་རོ། །ཡིད་བརྟན་པའི་ལུང་ནི་ལུང་གསུང་བ་པོའི་གང་ཟག་ལ་ཡིད་ཆེས་པས་འཇུག་པ་སྟེ། རྗེས་སུ་དཔག་པ་མེད་པའི་ལུང་གཅིག་པུ་ནི་གཞན་གྱི་དྲིང་ལ་འཇོག་པ་ཞེས་བྱ་སྟེ། དེ་ལྟ་ན་ཡང་སོ་སོ་རང་གི་ཡེ་ཤེས་ཀྱི་གཞལ་བྱ་རྗེས་སུ་དཔག་པས་གཏན་ལ་ཕེབས་ཀྱང་དེ་སྒོམ་པའི་ཏིང་ངེ་འཛིན་སྐྱེ་བའི་རིམ་པ་ལུང་ལ་ངེས་པར་ལྟོས་པ་ཡང་ཡོད་པས་ལུང་ལ་ངེས་པར་ཡང་འཇུག་དགོས་སོ། །རྗེས་སུ་དཔག་པས་གཏན་ལ་

(༩༥༩)ཐེག་པ་གཅིག་གི་ལམ་བ་ཤད་པའི་དོན་ཡིན་པར་ལང་ཀར་གཤེགས་པ་ལས་གསུངས་ཏེ། ཡང་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་འཕགས་པ་སོ་སོ་རང་གི་ཡེ་ཤེས་དང་ཐེག་པ་གཅིག་པོ་རྟོགས་པའི་མཚན་ཉིད་གང་གིས་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་འཕགས་པ་སོ་སོ་རང་གི་ཡེ་ཤེས་དང་ཐེག་པ་གཅིག་པུ་ལ་མཁས་ཤིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་ལ་མི་འཇོག་པར་འགྱུར་བའི་འཕགས་པ་སོ་སོའི་རང་གི་ཡེ་ཤེས་རྟོགས་པ་དང་ཐེག་པ་གཅིག་པུའི་མཚན་ཉིད་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༴ བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །ལེགས་སོ་བཅོམ་ལྡན་འདས་ཤེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་སླར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅིག་པུ་དབེན་པར་སོང་སྟེ། ཚད་མ་དང་ཡིད་བརྟན་པའི་ལུང་ལ་རྣམ་པར་རྟོག་པ་མེད་པས་སོ་སོ་རང་གི་བློས་རྣམ་པར་དཔྱོད་དེ། གཞན་གྱི་དྲིང་ལ་མི་འཇོག་ཅིང་ལྟ་བ་དང་རྣམ་པར་རྟོག་པ་སྤངས་ནས་གོང་ནས་གོང་དུ་དེ་བཞིན་གཤེགས་པའི་ས་ལ་རབ་ཏུ་འཇུག་པར་འབད་དོ། །བློ་གྲོས་ཆེན་པོ་དེ་ནི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་རྟོགས་པའི་མཚན་ཉིད་དོ། །དེ་ལ་ཐེག་པ་གཅིག་པོ་རྟོགས་པའི་མཚན་ཉིད་གང་ཞེ་ན། འདི་

(༩༦༠)ལྟ་སྟེ་ཐེག་པ་གཅིག་གི་ལམ་རིག་ཅིང་ཁོང་དུ་ཆུད་པས་ཐེག་པ་གཅིག་ཅེས་བྱའོ། །ཐེག་པ་གཅིག་གི་ལམ་རིག་ཅིང་ཁོང་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ༴ གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་གནས་པས་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་ཐེག་པ་གཅིག་པོ་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། །བློ་གྲོས་ཆེན་པོ་ཐེག་པ་གཅིག་པོ་ཁོང་དུ་ཆུད་པ་འདི་ནི་ང་མ་གཏོགས་པར་མུ་སྟེགས་ཅན་གཞན་དང་ཉན་ཐོས་དང་རང་སངས་རྒྱས་དང་ཚངས་པ་ལ་སོགས་པས་སྔོན་མ་ཐོབ་བོ། །དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ཐེག་པ་གཅིག་ཅེས་བྱའོ། །བློ་གྲོས་ཆེན་པོས་གསོལ་པ༴ བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་ཐེག་པ་གསུམ་དུ་བཤད་དེ་ཐེག་པ་གཅིག་ཏུ་མ་བཤད། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། བློ་གྲོས་ཆེན་པོ་འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་འདུལ་བ་དང་། རབ་ཏུ་དབེན་པའི་རྣལ་འབྱོར་གྱི་ལུང་གིས་འགྲོལ་གྱི་རང་གིས་མ་ཡིན་ཏེ། བློ་གྲོས་ཆེན་པོ་བདག་ཉིད་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་པས་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཐེག་པ་གཅིག་ཏུ་མ་བཤད་དོ། །གཞན་ཡང་བློ་གྲོས་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང་ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་ཆོས་ལ་བདག་མེད་པར་མ་རྟོགས་ཤིང་བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་མ་ཐོབ་པས་ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ། ཐེག་པ་གཅིག་ཏུ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་དག་ནི་ཉེས་པའི་བག་ཆགས་

(༩༦༡)བཤད་དེ༴ ཉན་ཐོས་རྣམས་དེ་བཞིན་གཤེགས་པའི་འདུལ་བའི་ལུང་ཉིད་ལས་འབྲས་བུ་ཐོབ་ཅིང་རང་སངས་རྒྱས་རྣམས་སློབ་དཔོན་མེད་པའི་དབེན་པའི་བློ་ཁོ་ནས་གྲོལ་བར་འགྱུར་གྱི་སོ་སོ་རང་གི་ཡེ་ཤེས་འདིས་དང་པོ་ཉིད་དུ་གྲོལ་བར་མི་འགྱུར་བས་མ་བཤད་དོ། །གཞན་ཡང་དེ་དག་མཐར་ཐུག་པའི་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཏོ་གནས་སྐབས་སུ་རིགས་ཐ་དད་པར་ངེས་པའི་ཕྱིར་ཡང་མ་བཤད་པ་ཡིན་ནོ། །མཐར་ཐུག་གི་མྱ་ངན་ལས་མི་འདའ་བའི་རྒྱུ་མཚན་ཡང་ཆོས་ལ་བདག་མེད་པ་མ་རྟོགས་པས་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་ཀུན་འབྱུང་མ་སྤངས་ལ། ལས་ཀྱི་བག་ཆགས་དང་བཅས་པའི་ཕུང་པོ་སྡུག་བ་སྔལ་གྱི་བདེན་པ་ལས་མི་སློབ་པའི་ཚེ་ཡང་མ་གྲོལ་བས་བསམ་གྱིས་མི་ཁྱབ་པའི་ཡིད་ལུས་ཀྱང་མ་ཐོབ་ན་དེ་དག་ལ་མཐའི་མྱ་ངན་ལས་འདས་པ་ག་ལ་ཡོད། ཡོན་ཏན་རྫོགས་པའི་མྱ་ངན་ལས་འདས་པ་མེད་ཀྱང་ལྷག་མེད་དུ་ཞུགས་ནས་རིག་པ་རྒྱུན་ཆད་དེ། མྱང་འདས་དེ་ཉིད་དུ་གནས་པར་འགྱུར་མ་ཡིན་ནམ་སྙམ་ན། རིག་པ་རྒྱུན་ཆད་པ་ཡང་མ་ཡིན་ཏེ། ཕུང་པོ་འགགས་མ་ཐག་ཏུ་འགོག་པའི་ཏིང་ངེ་འཛིན་གྱིས་མྱོས་ནས་ཡུན་རིང་དུ་གནས་མོད་ཀྱི། དེ་བཞིན་གཤེགས་པའི་འོད་ཟེར་གྱིས་བསྐུལ་བས་མྱོས་པ་སངས་རྒྱས་ཏེ་དེའི་ཚེ་ན་ཉེས་པ་ཉོན་མོངས་ཀྱི་བག་ཆགས་ལུས་དང་ངག་གི་མཆོང་བ་དང་ལྟག་བརྒད་ལ་སོགས་པའི་བག་ཆགས་ཀྱང་ཟད། ཆོས་ལ་བདག་མེད་པ་ཡང་རྟོགས་

(༩༦༢)ནས་ཐེག་པ་ཆེན་པོ་ལ་འཇུག་པར་ངེས་པས་ཉན་རང་གི་ལམ་དེ་དག་ཐེག་པ་ཆེན་པོར་འདྲེན་པའི་ཐབས་ཁོ་ན་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཞེས་པ་ནི་ཉན་ཐོས་ཀྱི་འཕགས་པ་རྣམས་འཁོར་བར་འཇུག་པའི་བྱིས་པ་ལ་ལྟོས་ཏེ་འཇིག་རྟེན་ལས་འདས་པ་ཡིན་ལ། ཐེག་པ་ཆེན་པོ་ལ་ལྟོས་ཏེ་ནི་འཇིག་རྟེན་པ་ཡིན་པས་དོན་དེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་ཐེག་ཆེན་གྱི་འཕགས་པའི་ས་བརྒྱུད་པའི་རིམ་གྱིས་ཆོས་ཀྱི་སྐུ་འཐོབ་བོ། །འོ་ན་ལྷག་མ་མེད་པའི་གནས་སྐབས་ཀྱི་ཚོགས་སོགས་པ་པོ་དེ་ཐེག་པ་ཆེན་པོར་འཇུག་པ་ན་མོས་སྤྱོད་ཀྱི་ས་ཉིད་ནས་འཇུག་པར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་དེའི་བསྡུས་པའི་དོན་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ལས་གསུངས་ཏེ། དེ་ལས་མཐོ་བར་གྱུར་པའི་ཐེག་ཆེན་གྱི་ལམ་འདི་ལྟ་བུ་ནས་འཇུག་གོ་ཞེས་བྱ་བའི་ཚད་མར་གྱུར་པའི་ལུང་ཡང་མ་མཐོང་ངོ་། །མོས་པས་སྤྱོད་པ་དེ་ཡང་ས་ལ་འཇུག་པའི་སྔ་རོལ་ཡིན་པར་དེ་དག་གིས་བཤད་པས་ཐར་པའི་ཆ་མཐུན་ཁོ་ནའོ། །དཀོན་མཆོག་སྤྲིན་ལས་ནི་སྦྱོར་བའི་ལམ་ལ་མོས་པས་སྤྱོད་པར་གསུངས་ཏེ། ཐ་སྙད་ཐ་དད་པ་ལ་བརྟེན་པར་ཟད་དོ། །ལྷ་ཡི་ཐེག་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམས་ཀྱིས་ནི་སྔ་མའི་དོན་བསྡུས་པ་ཡིན་ཏེ། དེ་ལ་ལྟ་ནི་རྒྱལ་ཆེན་རིས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷ་དྲུག་པའོ། །དེའི་ཐེག་པ་ནི་བསམ་གཏན་གྱིས་མ་ཟིན་པའི་དགེ་བ་བཅུའི་ལམ་དང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་དང་

(༩༦༣)བཅས་པའོ། །ཚངས་པ་ནི་ཚངས་རིས་ནས་སྲིད་རྩེའི་བར་གྱི་ལྟ་སྟེ། དེའི་ཐེག་པ་ནི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཟག་པ་དང་བཅས་པ་དག་གོ །ཉན་ཐོས་ལ་སོགས་པའི་ཐེག་པ་གསུམ་ནི་མངོན་པར་རྟོགས་པར་འགྱུར་བའི་རིགས་ལྔ་བཤད་པའི་སྐབས་སུ་མོད་ཉིད་ལས་རྒྱ་ཆེར་བཤད་ཅིང་སྔར་བ་ཡང་དྲངས་ཟིན་ཏོ། །སྟོན་པས་གསུངས་པའི་ཐར་པར་འགྲོ་བའི་ཐེག་པ་ནི་ཉན་ཐོས་ལ་སོགས་པ་གསུམ་པོ་དེ་ལས་མེད་ཀྱང་དེ་དག་ཉིད་ལ་།།།རིས་ཀྱི་ཐ་དད་པ་ནི་གྲངས་མེད་དེ། དེ་ཅི་ལས་ཡིན་ཞེ་ན༴ རིགས་ཐ་དད་པ་དང་སེམས་ཀྱི་འཇུག་པ་ཐ་དད་པ་ལས་ཡིན་ཏེ། དེ་ཡང་སྣང་བ་དང་བཅས་པའི་སེམས་འཇུག་པའི་བར་དུ་ཡིན་གྱི་སྣང་བ་དང་བཅས་པའི་སེམས་མེད་ན་ནི་ཐེག་པ་དང་གང་ཟག་ཐ་དད་དུ་གཞག་པ་ཡང་མེད་དོ། །སྣང་བ་དང་བཅས་པའི་སེམས་ནི་ཐེག་པ་ཆེན་པོའི་ས་བདུན་པའི་བར་དུ་འགྲོ་ཞིང་དེ་ནས་ལོག་པར་སྔར་མང་དུ་བཤད་དོ། །ས་བརྒྱད་པ་ནས་ནི་སྣང་བ་མེད་ལ་རིམ་ཅི་ཡོད། ཅེས་གསུངས་པས་ནང་རིས་ཀྱི་ཐེག་པ་ཐ་དད་པ་མེད་དེ༴ སློབ་དཔོན་འཕགས་པས། ས་དེར་གཏོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དོན་བྱ་བ་ཐ་མི་དད་པའི་ཕྱིར་རོ། ཞེས་གསུངས་པ་འདི་ཚད་མར་བྱས་པ་ཡིན་ནོ། །དེས་ན་སློབ་དཔོན་ཆེན་པོ་འཇིགས་མེད་ཀྱིས་ས་བརྒྱད་པ་དང་དགུ་པ་ལ་ཡང་དབང་པོ་རྣོ་བ་དང་བརྟུལ་བའི་རིམ་པ་ཡོད་པར་གསུངས་པ་ནི་བདག་གི་གློ་བར་མ་ཆུད་དོ། །འདིར་སེམས་གྱུར་པར་བཤད་པ་ཡང་ས་བརྒྱད་པ་ནས་ཏེ་

(༩༦༤)ཐེག་པ་མེད་ཅིང་འགྲོ་བ་མེད་པ་ཡང་ཐ་དད་པ་ཞེས་བྱ་ཚིག་གི་ལྷག་མར་བྱས་ཏེ་བལྟ་བར་བྱའོ། །དེ་ལྟ་མོད་ཀྱི་བསྟན་པ་གང་དུ་ཐེག་པ་གཅིག་ཏུ་རྣམ་པར་གཞག་པ་མེད་པར་ཐ་དད་དུ་རྣམ་པར་གཞག་པ་ནི་དྲང་བའི་དོན་འབའ་ཞིག་སྟེ། ཐ་དད་དེ་དག་ཀྱང་དོན་དམ་པར་ཐེག་པ་གཅིག་ཏུ་ངས་བཤད་དོ། །དེ་བཞིན་རྣམ་གྲོལ་གསུམ་པོ་དང་། ཞེས་བྱ་བ་ནི༴ དེ་བཞིན་རྣམ་གྲོལ་གསུམ་པོ་ཡང་། ཞེས་སྦྱར་ཏེ༴ རྣམ་པར་གྲོལ་བ་གསུམ་དུ་བཤད་པ་ཡང་དྲང་དོན་ཡིན་ཞེས་པའོ། །ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་དང་དེ་རྟོགས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཉོན་མོངས་པ་སྤངས་པ་ན་རྣམ་པར་གྲོལ་བ་ཡང་གཅིག་ལས་མེད་དེ། ཐ་དད་པ་གསུམ་སྤངས་སོ། །ལྷག་མེད་དུ་ཞུགས་པ་ན་རིག་པ་རྒྱུན་མ་ཆད་པ་ཉིད་དུ་སླར་ཡང་བསྟན་པའི་ཕྱིར། ཇི་ལྟར་ཤིང་རྣམས་རྒྱ་མཚོ་ཏུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱ་མཚོར་གནས་པའི་ཤིང་རླུང་གིས་དེད་ནས་ཕྱོགས་དང་ཕྱོགས་སུ་འགྲོ་བ་དེ་བཞིན་དུ་ཉན་ཐོས་དགྲ་བཅོམ་པ་ཆོས་ཀྱི་བདག་མེད་པ་ལ་རྨོངས་པ་ཡང་དངོས་པོ་ལ་མཚན་མར་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རླུང་གིས་དགྲ་བཅོམ་པ་ཧེའི་འདུ་བྱེད་བཏང་བ་ན་རིག་པའི་རྒྱུན་དེ་ཕྱོགས་བཅུར་རྣམ་པར་གཡེངས་ཤིང་འགྲོ་བར་འགྱུར་ཏེ། བཟང་སྐྱོ་གིས་ཞུས་པ་ལས་དེའི་previous hit ཀུནགཞིརྣམ་པར་ཤེས next hit་པ་འཕྱན་པར་འགྱུར་བར་གསུངས་པ་ལྟ་བུའོ། །དེ་ལྟར་འཕྱན་པའི་ཚེ་ཡང་ཉོན་མོངས་པའི་ཀུན་ནས་ལྡང་བ་དང་བྲལ་ལ། བག་ཆགས་ཀྱི་

(༩༦༥)གནས་ཀྱི་མ་རིག་པ་དང་འབྲེལ་ལོ། །དེའི་རྣམ་ཤེས་འཕྱན་པ་ན་ཡང་གནས་གང་ཡང་རུང་བར་ཏིང་ངེ་འཛིན་གྱིས་མྱོས་ནས་བསྐལ་པའི་བར་དུ་མི་སད་ཅིང་ཉོན་མོངས་པ་ཅན་གྱི་མ་རིག་པ་ཡོད་ཀྱང་སླར་འཁོར་བར་ལྡོག་པ་ཡང་མ་ཡིན་ལ། སད་ནས་ཐེག་པ་ཆེན་པོར་འཇུག་ཅིང་མཐར་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་འཐོབ་པར་འགྱུར་རོ། །ཐེག་པ་ཆེན་པོའི་ས་ཐོབ་ནས་མཚན་མ་ཙམ་ཞིག་འབྱུང་མོད་ཀྱི། དེའི་ངོ་བོ་ཉིད་འོད་གསལ་བར་ཤེས་པས་མྱོས་པར་འགྱུར་བ་མེད་དོ་ཞེས་པའོ། །དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཕྱི་མའི་མཐའ་མེད་པའི་དབང་དུ་བྱས་པའི་བཤད་པ་རྫོགས་ནས། སྔོན་གྱི་མཐའ་མེད་པ་བཤད་པ་ལ་མཚམས་སྦྱོར་བའི་ཕྱིར། དེ་ལྟར་རྒྱལ་བའི་སྙིང་པོ་ནི། །རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད། །ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །དེ་ལྟར་ཕྱི་མའི་མཐའི་མུ་དང་མཚུངས་པ་རྟག་པའི་ཆོས་ཉིད་རིག་པར་བྱ་བ་ཉིད་ཀྱི་དབང་དུ་བྱས་ནས་དོན་རྣམ་པ་བཅུས་དེ་བཞིན་གཤེགས་པའི་སྙིང་པོ་འདི་རྣམ་པར་བཞག་པ་བཤད་པ་ཡིན་ནོ། །ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་མ་འབྲེལ་བའི་རང་བཞིན་གྱི་ཉོན་མོངས་པའི་སྦུབས་ཉིད་དང་། ཐོག་མ་མེད་པ་ནས་ཉེ་བར་གནས་པ་འབྲེལ་པའི་རང་བཞིན་དག་པའི་ཆོས་ཀྱི་དབང་དུ་བྱས་ནས། དཔེ་དགུས་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཏུམས་པ་ནི་མདོ་ཇི་ལྟ་བ་བཞིན་

(༩༦༦)ཏེ་བར་དུ་གཅོད་པའི་སྒྲིབ་པ་མེད་ཅིང་དུས་ཕྱི་མའི་མཐའི་མུར་གནས་པའི་ཐུགས་རྗེ་ཆེན་པོའི་ངང་དུ་གྱུར་པའི་བདག་ཉིད་ཅན་གྱིས་ཆོས་སྟོན་པའི་ཕྱག་གིས་སེམས་ཅན་གྱི་སྒྲིབ་པའི་སྦུབས་རྣམས་བཅད་ནས་སྐུ་དེ་འབྱིན་ཞིང་གྲོལ་བར་བྱེད་ལ། ཕྱུང་བ་ན་ཡོན་ཏན་གྱི་མཚན་མཐའ་ཡས་པ་དང་ལྡན་པའི་དེ་བཞིན་གཤེགས་པར་གྱུར་ཏེ་དེས་ཀྱང་རང་དང་འདྲ་བའི་སྐུ་མཐའ་ཡས་པ་སྒྲིབ་པའི་སྦུབས་ལས་འབྱིན་ལ། ཕྱུང་བ་དེ་དག་གིས་ཀྱང་དེ་བཞིན་དུ་མཛད་པས་མཐའ་མེད་པའི་འབྲས་བུ་ཅན་དུ་འགྱུར་རོ། །ཇི་ལྟར་མི་སྡུག་པདྨ་ཟུམ་ལ་བདེ་བར་གཤེགས་པ་ནི། །དེ་ཡི་ཁོང་གནས་ལྟ་མིག་མཐོང་ནས་འདབ་མ་གཅོད་བྱེད་ལྟར། །ཆགས་སྡང་སོགས་དྲི་སྦུབས་བསྒྲིབས་རྫོགས་སངས་སྙིང་པོ་འགྲོ་གཟིགས་ཏེ། །ཐུགས་རྗེས་ཐུབ་པ་དེ་བཞིན་སྒྲིབ་པ་དེ་ནི་འཇོམས་པར་མཛད། ཅེས་བྱ་བ་ནི་འཆད་བྱེད་ལྟ་བུའོ། །ཇི་ལྟར་མདོག་མི་སྡུག་པའི་པདྨ་ཁ་ཟུམ་པར་གྱུར་པ་ལ། དེའི་ཁོངས་ན་བདེ་བར་གཤེགས་པའི་སྨུ་གནས་ཤིང་གཞན་ལ་མི་མངོན་པར་གྱུར་པ་དེ་ལྷའི་མིག་དང་ལྡན་པ་འགའ་ཞིག་གིས་འདབ་མའི་ནང་ན་སྙིང་པོ་མཐོང་ནས་འདབ་མ་གཅོད་ཅིང་སྐུ་དེ་གསལ་བར་བྱེད་པ་ལྟར། དེ་བཞིན་དུ་ཆགས་པ་དང་སྡང་བ་ལ་སོགས་པའི་དྲི་མའི་སྦུབས་ཀྱིས་བསྒྲིབས་པའི་རྫོགས་པའི་སངས་རྒྱས་ཀྱི་སྐུ་སྙིང་པོར་གྱུར་པ་འགྲོ་བ་ཐམས་ཅད་ལ་གཟིགས་ཏེ་ལྷའི་མིག་དང་ལྡན་པའི་མི་དེ་བཞིན་དུ་ཐུབ་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོས་ཆགས་སོགས་ཀྱི་སྒྲིབ་པ་དེ་དག་ནི་བག་ཆགས་དང་བཅས་པ་འཇོམས་པར་མཛད་ལ་

(༩༦༧) ཇི་ལྟ་བ་བཞིན་དུ་བྲིས་པར་རྟོགས་པར་བྱའོ། །འདི་ལ་མདོ་ཇི་ལྟ་བ་བཞིན་དུ་དཔེ་དོན་དགོས་པ་དང་། དེ་དག་གི་ངེས་པ་བཤད་པ་གཉིས་ལས། དང་པོ་པ་མདོ་ན་ཚིག་རྐྱང་པས་བཤད་པ་དང་། ཚིགས་སུ་བཅད་པས་དོན་དེ་ཉིད་བསྡུས་ཏེ་བཤད་པ་གཉིས་གཉིས་ཡོད་པས་འདིར་ཡང་བཤད་བྱ་ལྟ་བུ་དང་། འཆད་བྱེད་ལྟ་བུ་གཉིས་གཉིས་ཡོད་དོ། །དཔེ་དགུ་གང་ཞེ་ན་ཞེས་བྱ་བ་ནི་དྲི་བའོ། །ལན་ནི༴ སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་དང་། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་རྩོགས་འབྲས་ཆུང་དང་། གོས་རྡུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །བློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། ཤེས་བྱ་བ་སྟེ༴ སངས་རྒྱས་དང་པདྨ་ངན་པ་ནི་དཔེ་དང་པོའོ། །སྦྲང་རྩི་དང་སྦྲང་མ་ནི་དཔེ་གཉིས་པའོ། །སྦུན་པ་ལེ་སྙིང་པོ་ནི་གསུམ་པའོ། །མི་གཙང་བའི་ནང་ན་གསེར་ནི་བཞི་པའོ། །ས་ལ་གཏེར་ནི་ལྔ་པའོ། །མྱུག་སོགས་དང་འབྲས་ཆུང་ནི་དྲུག་པའོ། །གོས་རྡུལ་ནང་ན་རྒྱལ་བའི་སྐུ་ནི་བདུན་པའོ། །བུད་མེད་ངན་མའི་ལྟོ་ན་མིའི་བདག་པོ་ནི་བརྒྱད་པའོ། །སའི་ནང་ན་རིན་ཆེན་གཟུགས་ཡོད་ནི་དཔེ་དགུ་པའོ། །དོན་ནི་བློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི་ཁམས་འདི་ནི་སེམས་ཅན་རྣམས་ལ་གནས་པ་སྟེ་དེ་ནི་

(༩༦༨)བཤད་བྱ་ལྟ་བུའོ། །འཆད་བྱེད་ལྟ་བུ་ནི། དྲི་མ་པདྨ་སྲོག་ཆགས་སྦུན་པ་མི་གཙང་ས་འབྲས་གོས་རྡུལ་དང་། སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་ས་ཡི་ཁམས་དང་མཚུངས། །སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་བྱ་གྲོ་རིན་ཆེན་སྐུ། །གླིང་བདག་མཆོག་དང་རིན་ཆེན་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་དང་ཉིད། ཅེས་བྱ་བ་སྟེ་སྔར་བཤད་པའི་དཔེ་དགུ་པོ་དེ་དག་ལས་པདྨ་དང་སྲོག་ཆགས་དང་སྦུན་པ་དང་མི་གཙང་བ་དང་ས་དང་འབྲས་བུ་དང་གོས་རྡུལ་དང་སྡུག་བསྔལ་འབར་བས་མངོན་པར་གསུངས་པའི་བུད་མེད་དང་སའི་ཁམས་རྣམས་ནི་སྒྲིབ་བྱེད་ཀྱི་དཔེ་སྟེ་སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་ཆོས་མཚུངས་སོ། །སངས་རྒྱས་དང་སྦྲང་རྩི་དང་འབྱུའི་སྙིང་པོ་དང་གསེར་དང་གཏེར་གྱི་ནོར་དང་ནྱ་གྲོའི་མྱུ་གུ་དང་རིན་པོ་སྐུ་དང་གླིང་བཞིའི་བདག་པོ་མཆོག་དང་རིན་པོ་ཆེའི་གཟུགས་ཏེ་དགུ་པོ་རྣམས་ནི་སྒྲིབ་པར་བྱ་བའི་དཔེ་སྟེ་རང་བཞིན་གྱིས་དྲི་མ་མེད་པའི་སངས་རྒྱས་ཀྱི་ཁམས་མཆོག་དང་མཚུངས་པ་ཉིད་དོ། །དེ་ལྟར་རགས་པར་ན་སྒྲིབ་པ་དགུ་དང་སྒྲིབ་བྱ་དགུ་སྟེ་བཅུ་བརྒྱད་དུ་རྣམ་པར་གཞག་མོད་ཀྱི། ཞིབ་ཏུ་ན་སྒྲིབ་པ་དེ་དག་སེལ་བར་བྱེད་པ་ད་གུ་དང་། བསལ་ནས་བྱ་བ་ཇི་ལྟར་བྱེད་པ་དགུ་སྟེ་དཔེ་ལ་སུམ་བཅུ་རྩ་དྲུག་དང་། དོན་ལ་ཡང་སུམ་བཅུ་རྩ་དྲུག་སྟེ་བདུན་བཅུ་རྩ་གཉིས་སུ་འགྱུར་རོ། །ད་ནི་དེ་དག་རེ་རེ་ནས་བསྟན་པར་བྱ་སྟེ། དེ་ལ༴ ཉོན་མོངས་པ་ནི་པདྨ་ངན་པའི་སྦུབས་དང་འདྲ་ལ། དེ་བཞིན་གཤེགས་པའི་གཟུགས་ནི་

(༩༦༩)སངས་རྒྱས་ལྟ་བུ་སྟེ། ཇི་ལྟར་མདོག་ངན་པདྨའི་ཁོང་གནས་པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། དྲི་མེད་ལྷ་ཡི་མིག་ལྡན་མིས་མཐོང་ནས་ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ་བཞིན་བདེ་གཤེགས་མནར་མེད་གནས་རྣམས་ལའང་། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མུར་གནས་ཐུགས་རྗེ་ཡི། །བདག་ཅན་སྒྲིབ་པ་ལས་ནི་གྲོལ་བར་བྱེད། །ཅེས་བྱ་བ་ནི་བཤད་བྱ་ལྟ་བུའོ། །དཔེ་ཇི་ལྟར་མདོག་དང་དྲི་དང་ཆུ་བ་ངན་པའི་པདྨའི་ཁོང་ན་གནས་པའི་དེ་བཞིན་གཤེགས་པའི་སྐུ་སྐྱེས་བུ་ཆེན་པོར་མཚོན་པའི་མཚན་སྟོང་གིས་མཚོན་པ་མཐའ་ཡས་པ་འབར་བ་དག་པདྨ་དེས་བསྒྲིབས་སུ་ཟིན་ཀྱང་དག་ཅིང་དྲི་མ་མེད་པའི་ལྷའི་མིག་དང་ལྡན་པའི་མིས་མཐོང་སྟེ། འདི་གཞན་གྱིས་མཐོང་ན་དགའ་བ་སྐྱེ་ཞིང་མཆོད་པའི་གནས་སུ་འགྱུར་རོ་སྙམ་ནས་སྐྱེས་ཀྱི་འདབ་མ་དག་བཅད་ཅིང་སྦུབས་དེ་ནས་སྐུ་དེ་འབྱིན་པར་བྱེད་ལ། དེ་ལ་བརྟེན་ནས་འགྲོ་བའི་དོན་བྱེད་དོ། །དེ་བཞིན་དུ་ཀུན་འབྱུང་བའི་ཆུ་དང་འདམ་ལས་སྐྱེས་ཤིང་སྡུག་བསྔལ་གསུམ་གྱིས་ཁ་དོག་དང་དྲི་དང་ལུས་རྣམས་ངན་པར་གྱུར་པའི་སེམས་ཅན་ཐ་ན་མནར་མེད་ན་གནས་པ་རྣམས་ལ་ཡང་སྟེ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུའི་ཁམས་གནས་ཤིང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མཐའ་ཡས་པས་གཏུམས་པར་གྱུར་པ་དག་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་བརྒྱན་ཐོགས་པ་མི་མངའ་བས་རང་གི་ཆོས་ཉིད་དང་ཁྱད་པར་མེད་པའི་སྐུའི་ཁམས་ཡོད་པར་གཟིགས་

(༩༧༠)ཏེ་བར་དུ་གཅོད་པའི་སྒྲིབ་པ་མེད་ཅིང་དུས་ཕྱི་མའི་མཐའི་མུར་གནས་པའི་ཐུགས་རྗེ་ཆེན་པོའི་ངང་དུ་གྱུར་པའི་བདག་ཉིད་ཅན་གྱིས་ཆོས་སྟོན་པའི་ཕྱག་གིས་སེམས་ཅན་གྱི་སྒྲིབ་པའི་སྦུབས་རྣམས་བཅད་ནས་སྐུ་དེ་འབྱིན་ཞིང་གྲོལ་བར་བྱེད་ལ། ཕྱུང་བ་ན་ཡོན་ཏན་གྱི་མཚན་མཐའ་ཡས་པ་དང་ལྡན་པའི་དེ་བཞིན་གཤེགས་པར་གྱུར་ཏེ་དེས་ཀྱང་རང་དང་འདྲ་བའི་སྐུ་མཐའ་ཡས་པ་སྒྲིབ་པའི་སྦུབས་ལས་འབྱིན་ལ་ཕྱུང་བ་དེ་དག་གིས་ཀྱང་དེ་བཞིན་དུ་མཛད་པས་མཐའ་མེད་པའི་འབྲས་བུ་ཅན་དུ་འགྱུར་རོ། །ཇི་ལྟར་མི་སྡུག་པདྨ་ཟུམ་ལ་བདེ་བར་གཤེགས་པ་ནི། །དེ་ཡི་ཁོང་གནས་ལྷ་མིག་མཐོང་ནས་འདབ་མ་གཅོད་བྱེད་ལྟར། ཆགས་སྡང་སོགས་དྲི་སྦུབས་བསྒྲིབས་རྫོགས་སངས་སྙིང་པོ་འགྲོ་གཟིགས་ཏེ། །ཐུགས་རྗེས་ཐུབ་པ་དེ་བཞིན་སྒྲིབ་པ་དེ་ནི་འཇོམས་པར་མཛད། ཅེས་བྱ་བ་ནི་འཆད་བྱེད་ལྟ་བུའོ། །ཇི་ལྟར་མདོག་མི་སྡུག་པའི་པདྨ་ཁ་ཟུམ་པར་གྱུར་པ་ལ། དེའི་ཁོངས་ན་བདེ་བར་གཤེགས་པའི་སྐུ་གནས་ཤིང་གཞན་ལ་མི་མངོན་པར་གྱུར་པ་དེ་ལྷའི་མིག་དང་ལྡན་པ་འགའ་ཞིག་གིས་འདབ་མའི་ནང་ན་སྙིང་པོ་མཐོང་ནས་འདབ་མ་གཅོད་ཅིང་སྐུ་དེ་གསལ་བར་བྱེད་པར་ལྟར། དེ་བཞིན་དུ་ཆགས་པ་དང་སྡང་བ་ལ་སོགས་པའི་དྲི་མའི་སྦུབས་ཀྱིས་བསྒྲིབས་པའི་རྫོགས་པའི་སངས་རྒྱས་ཀྱི་སྐུ་སྙིང་པོར་གྱུར་པ་འགྲོ་བ་ཐམས་ཅད་ལ་གཟིགས་ཏེ་ལྷའི་མིག་དང་ལྡན་པའི་མི་དེ་བཞིན་དུ་ཐུབ་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོས་ཆགས་སོགས་ཀྱི་སྒྲིབ་པ་དེ་དག་ནི་བག་ཆགས་དང་བཅས་པ་འཇོམས་པར་མཛད་ལ། དེ་

(༩༧༡)ལས་ཕྲིན་ལས་ཀྱི་རྒྱུན་མི་འཆད་དེ་ཞེས་བྱ་སྟེ། ཚིགས་སུ་བཅད་པ་སྔ་མ་ལས་ཚིག་གི་ཁྱད་པར་ཆེར་མེད་མོད་ཀྱི། །དེ་བཞིན་གཤེགས་པ་ལ་ཐུབ་པའི་མིང་གིས་སྨོས་པ་དང་། པདྨའི་ཟུམ་པ་ཉིད་གསལ་པོར་མཛད་པ་ཙམ་མོ། །ཚིགས་སུ་བཅད་པ་གཅིག་ཉིད་ལན་མང་དུ་བརྗོད་ན་ཡང་སྔ་མ་མ་རྟོགས་པ་གསལ་བར་འགྱུར་ཏེ། ཤཱ་རིའི་བུས་མཽ་གལ་གྱི་བུ་ལ་ཡེ་དྷརྨ་ལན་གཉིས་བརྗོད་པས་བདེན་པ་མཐོང་བའོ། །ཉོན་མོངས་པ་ནི་སྡོག་ཆགས་སྤང་མ་དང་འདྲ་ལ། དེ་བཞིན་གཤེགས་པའི་སྙིང་པོ་ནི་སྦྲང་རྩི་ལྟ་བུ་སྟེ། ཇི་ལྟར་སྲོག་ཆགས་ཚོགས་བསྐོར་སྦྲང་རྩི་ནི། །སྐྱེས་བུ་མཁས་པ་དེ་དོན་གཉེར་བ་ཡིས། །མཐོང་ནས་ཐེབས་ཀྱིས་དེ་དང་སྲོག་ཆགས་ཚོགས། ཀུན་ནས་བྲལ་བར་རབ་ཏུ་བྱེད་པ་བཞིན། །དྲང་སྲོང་ཆེན་པོའི་ཀུན་མཁྱེན་སྤྱན་གྱིས་ནི། །རིག་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ། །གཏན་ནས་རབ་ཏུ་སྤོང་བར་མཛད་པ་ཡིན། །ཞེས་བྱ་བ་ནི་བཤད་བྱ་ལྟ་བུའོ། །དཔེ་ཇི་ལྟར་སྲོག་ཆགས་སྦྲང་མའི་ཚོགས་བྱེ་བས་བསྐོར་བའི་དང་ཅིའི་སྣོད་ཤིང་གི་ཡལ་ག་ལ་འཕྱང་བ་ན་སྐྱེས་བུ་མཁས་པའི་རང་བཞིན་ཅན་སྦྲང་རྩི་དེ་དོན་དུ་གཉེར་བར་ཡང་འདོད་པ་ཡང་འགའ་ཞིག་གིས་སྦྲང་མས་ཀུན་ནས་བཏིབས་པའི་གཏན་ཚིགས་ཀྱིས་དྲང་རྩེའི་ཡོད་པར་མཐོང་སྟེ། དུ་བ་ཆེར་བཏང་བ་ལ་སོགས་པའི་ཐབས་ཀྱིས་སྦྲང་རྩི་དེ་དང་སྦྲང་མའི་ཚོགས་རྒྱང་རིང་དུ་

(༩༧༢)བསྐད་དེ་ཀུན་ནས་རབ་ཏུ་བྲལ་བར་བྱེད་པ་བཞིན་དུ་དྲང་སྲོང་ཆེན་པོ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་སེམས་ཅན་ཐམས་ཅད་ཀྱི་ཤིང་འདི་ཁོ་ན་ཉིད་རིག་པའི་ཡེ་ཤེས་ཀྱི་ཁམས་སྦྲང་རྩི་དང་འདྲ་བ་ཡོད་པར་གཟིགས་ནས་དེ་བླང་བར་བཞེད་པས་རིག་ཁམས་དེ་ལ་སྒྲིབ་པར་བྱེད་པའི་སྒྲིབ་པ་ཆགས་སེམས་མཐའ་ཡས་པ་སྦྲང་མ་དང་འདྲ་བ་རྣམས་ཆོས་སྟོན་པའི་ཐབས་ཀྱི་དུ་བ་བཏང་བས་བག་ཆགས་དང་བཅས་པ་གཏན་ནས་རབ་ཏུ་སྤོང་བར་མཛད་པ་ཡིན་ནོ། །ཇི་ལྟར་སྦྲང་རྩི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་བསྒྲིབས་སྦྲང་རྩི་དོན་གཉེར་མིས། །སྦྲང་མ་དེ་དག་བསལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བྱེད་པ། །དེ་བཞིན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཉོན་མོངས་སྦྲང་མ་དང་འདྲ་དེ་འཇོམས་པ་ལ་མཁས་པའི་རྒྱལ་བ་སྐྱེས་བུ་བཞིན། ཞེས་བྱ་བ་ནི་འཆད་བྱེད་ལྟ་བུའོ། །ཇི་ལྟར་སྦྲང་རྩིའི་སྣོད་སྲོག་ཆགས་སྦྲང་མ་བྱེ་བ་ཁྲག་ཁྲིག་སྟོང་གིས་བསྒྲིབས་པ་ན་སྦྲང་རྩི་དོན་དུ་གཉེར་བའི་མི་མཁས་པས་སྦྲང་རྩི་ཡོད་པར་ཤེས་ཏེ་ཐབས་ཀྱིས་སྦྲང་མ་དེ་དག་བསལ་ཏེ་སྦྲང་རྩི་བླངས་ནས་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བ་སྨན་དང་ཁ་ཟས་ལ་སོགས་པ་བྱེད་པ་དེ་བཞིན་དུ་ལུས་ཅན་ཐམས་ཅད་ལ་ཡོད་པའི་ཟག་པ་མེད་པའི་ཤེས་པའི་ཁམས་ནི་སྦྲང་མའི་རྩི་དང་འདྲ་ལ། ཉོན་མོངས་པ་རྣམས་ནི་སྦྲང་རྩི་བསྡུང་བའི་སྦྲང་མ་དང་འདྲ་ཞིང་། ཉོན་མོངས་དེ་འཇོམས་པའི་ཐབས་ཆོས་སྟོན་པ་ལ་མཁས་པའི་རྒྱལ་བ་ནི་སྐྱེས་

(༩༧༣)རྣམས་ལ་གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ཏེ། ཞེས་བྱ་བ་ནི་འཆད་བྱེད་ལྟ་བུའོ། །ཡང་ཇི་ལྟར་ལྗན་ལྗིན་རུལ་པའི་གནས་སུ་མི་ཞིག་གིས་གསེར་གྱི་གར་བུ་ལྷུང་ནས་གནས་པ་དེ་ལྷ་ཞིག་གི་ལྷའི་མིག་གིས་མཐོང་བར་གྱུར་ནས་མི་ལ་སྟོན་པར་བྱེད་དེ། མི་གཙང་བ་ཀུན་དུ་དག་པར་བྱ་བའི་ཕྱིར་ནན་ཏན་གྱིས་ཤིག །དེ་ལྟར་བྱས་ན་མཆོག་ཏུ་མཛེས་ཤིང་འོད་འབར་བར་འགྱུར་རོ་ཞེས་སྨྲ་བ་ལྟར། དེ་བཞིན་དུ་རྒྱལ་བས་རྫོགས་པའི་སངས་རྒྱས་ཀྱི་རིན་པོ་ཆེ་ཉོན་མོངས་པའི་མི་གཙང་བའི་ཚོགས་ཆེན་པོར་ལྷུང་བར་གྱུར་པ་སེམས་ཅན་གྱི་ལམ་རྣམས་ན་འདུག་པར་གཟིགས་ནས་ཉོན་མོངས་པ་དེ་དག་པར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་དོ། །ཉོན་མོངས་པ་ནི་སའི་མཐིལ་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་རིན་པོ་ཆེའི་གཏེར་བཞིན་ཏེ། ཇི་ལྟར་ཡི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ཏེ། །མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་གཞག་དང་བ་སལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བ་སྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །ཞེས་བྱ་བ་ནི་བཤད་བྱ་ལྟ་བུའོ། །དཔེ་ཇི་ལྟར་མི་དབུལ་པོའི་ཁྱིམ་གྱི་ནང་གི་སའི་འོག་ན་ནོར་ཟད་མི་ཤེས་པའི་གཏེར་ནི་ཡོད་པར་གྱུར་ལ། མི་དེས་གཏེར་དེ་ཡོད་པར་མ་

(༩༧༤)ཤེས་ཤིང་གཏེར་དེ་ཡང་མི་དེ་ལ་ང་འདི་ན་ཡོད་ཀྱིས་ལོང་ཞིག་ཅེས་མི་སྨྲ་བ་ལྟར། དེ་བཞིན་དུ་ཉོན་མོངས་པའི་འཕོངས་པ་དང་ལྡན་པའི་ཡིད་ཀྱི་ཁྱིམ་གྱི་ནང་དུ་ཆུད་པ་རྫོགས་པའི་སངས་རྒྱས་ཀྱི་རིན་པོ་ཆེའི་གཏེར་རང་བཞིན་གྱིས་དྲི་མ་མེད་བསལ་བ་དང་གཞག་པ་མེད་པའི་ཆོས་ཉིད་ཀྱི་གཏེར་ཡོད་ཀྱང་ཆོས་ཉིད་དེ་མ་རྟོགས་པས་ན་ཐར་པའི་བདེ་བའི་ཡོན་ཏན་གྱིས་འཕོངས་ཏེ་དབུལ་བར་གྱུར་པའི་སྡུག་བསྔལ་རྣམ་པ་བྱེ་བ་མང་པོ་ཐོག་མ་མེད་པ་ནས་དུས་རྒྱུན་དུ་སྐྱེ་དགུ་དབུལ་པོ་དང་འདྲ་བའི་སེམས་ཅན་འདི་དག་གིས་མྱོང་ངོ་། །ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་གྱུར་པ་མ་ལ་ནི། རིན་ཆེན་གཏེར་བདག་ཡོད་ཅེས་བརྗོད་པར་མི་བྱེད་དེ་ནི་མི་ཡིས་ཤེས་མིན་ལྟར། །དེ་བཞིན་ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། །དེ་དག་རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་ཡང་དག་བལྟམ། །ཞེས་བྱ་བ་ནི་འཆད་བྱེད་ལྟ་བུའོ། །ཡང་ཇི་ལྟར་མི་དབུལ་པོའི་ཁྱིམ་གྱི་ནང་དུ་རིན་པོ་ཆེ་ཟད་མི་ཤེས་པའི་གཏེར་འོག་དེར་ཆུད་པར་གྱུར་པའི་རིན་པོ་མེའི་གཏེར་དེ་བདག་ཉིད་ཀྱིས་མི་ལ་ང་འདི་ན་ཡོད་ཅེས་རྗོད་པར་མི་བྱེད་ལ། གཏེར་དེ་ནི་མི་དབུལ་པོ་དེ་ཡིས་ཤེས་པ་མ་ཡིན་པར་ལྟར། དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་གཏེར་ཡིད་ཀྱི་ཁྱིམ་གྱི་ནང་དུ་ཆུད་པས་ན་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། སེམས་ཅན་དེ་དག་རྣམས་ཀྱིས་ཆོས་ཀྱི་སྐུའི་གཏེར་དེ་ཐོབ་པར་བྱ་བའི་ཕྱིར་འཇིག་རྟེན་མ་དག་པ་རྣམས་

(༩༧༥)དབུ་མཁས་པ་བཞིན་ནོ། །ཚིགས་སུ་བཅད་པ་ཕྱི་མ་འདིས་རིག་པའི་ཁམས་དེ་དོན་དམ་པའི་བདེན་པ་ཡིན་པས་ཟག་མེད་དུ་བསྟན་པ་ནི་ཁྱད་པར་ཏེ་རྒྱལ་བ་དང་དྲང་སྲོང་ཡང་མིང་གི་རྣམ་གྲངས་ཀྱིས་བསྟན་ཏོ། །ཉོན་མོངས་པ་ནི་ཕྱིའི་སྦུན་པ་དང་འདྲ་ལ། །དེ་བཞིན་གཤེགས་པའི་ཁམས་ནི་ནང་གི་སྙིང་པོ་བཞིན་ཏེ། ཇི་ལྟར་སྦུན་ལྡན་འབྲུ་ཡི་སྙིང་པོ་ནི། །མི་རྣམས་ཀྱི་ནི་ལོངས་སྤྱོད་མི་འགྱུར་བ། །ཟས་སོགས་དོན་དུ་གཉེར་བ་གང་ཡིན་པ། །དེ་དག་གིས་ནི་སྦུན་ནས་དེ་འབྱིན་ལྟར། །དེ་བཞིན་སེམས་ཅན་རྣམས་ཀྱི་ཉོན་མོངས་ཀྱི། །དྲི་མ་དང་འདྲེས་རྒྱལ་བའང་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་བྱེད། །ཅེས་བྱ་བ་ནི་བཤད་བྱ་ལྟ་བུའོ། །དཔེ་ཇི་ལྟར་འབྲས་ལ་སོགས་པའི་འབྲུའི་སྙིང་པོ་དག་ནི་སྦུན་པ་དང་ལྡན་པར་གྱུར་ན་མི་རྣམས་ཀྱི་ལོངས་སྤྱད་བྱར་མི་འགྱུར་ལ། ཟས་དང་སོགས་པ་སྟེ་ཉོ་གཙོང་དང་ཕྱིས་ཀྱི་ས་བོན་སོགས་དོན་དུ་གཉེར་བའི་ནི་གང་ཡིན་པ་དེ་དག་གིས་ནི་སྦུན་པའི་སྦུབས་ནས་འབྲུ་དེ་འབྱིན་པ་ལྟར། དེ་བཞིན་དུ་སེམས་ཅན་རྣམས་ལ་ཉོན་མོངས་རྣམས་ཀྱི་དྲི་མ་དང་འདྲེས་པའི་རྒྱལ་བ་ཡོད་ཀྱང་རྒྱལ་བ་དེ་ཉོན་མོངས་པའི་དྲི་མ་དང་འདྲེས་པ་ལས་མ་གྲོལ་བ་དེ་སྲིད་དུ་རྒྱལ་བའི་མཛད་པ་ཕྲིན་ལས་སྲིད་པ་གསུམ་དུ་མི་བྱེད་དོ། །ཇི་ལྟར་ས་ལུ་བྲ་བོ་ནས་འབྲུའི་སྙིང་པོ་སྦུན་ལས་མ་བྱུང་གྲ་མ་ཅན། །ལེགས་པར་མ་བསྒྲུབས་མི་

(༩༧༦)རྣམས་ཀྱི་ནི་སྤྱད་བྱ་བཟའ་བ་ཞིམ་པོར་མི་འགྱུར་ལྟར། །དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྦུན་ལས་མ་གྲོལ་ལུས། །ཉོན་མོངས་སྡུ་བས་ཉོན་པའི་འགྲོ་ལ་ཆོས་ཀྱི་དགའ་བའི་རོ་སྟེར་འགྱུར་བ་མིན། ཞེས་བྱ་བ་ནི་འཆད་བྱེད་ལྟ་བུའོ། །ཇི་ལྟར་སླ་ལུ་དང་བྲའོ་དང་ནས་ལ་སོགས་པའི་འབྱུའི་སྙིང་པོ་སྦུན་པ་ལས་ཕྱིར་མ་བྱུང་བ་གྲ་མ་དང་བཅས་པ་དག་ནི་གཡུལ་གྱི་བདུབས་ལེགས་པར་མ་བསྒྲུབས་ན་མི་རྣམས་ཀྱི་ནི་ལོངས་སྤྱད་པར་བྱ་བའི་བཟའ་བ་དང་བཏུང་བ་ཞིམ་པོར་མི་འགྱུར་བ་ལྟར། དེ་བཞིན་དུ་སེམས་ཅན་རྣམས་ལ་ཡོད་པའི་ཆོས་གསུང་རབ་རྣམས་ཀྱི་དབང་ཕྱུག་གི་ལུས་ཏེ་སྐུ་ཉོན་མོངས་པའི་སྦུན་པ་ལས་མ་གྲོལ་བ་ནི་ཉོན་མོངས་པའི་བླུ་བའམ་བཀྲེས་པའི་མེ་ཆེ་བས་ཉེན་པས་ཉམས་ཐག་ཅིང་སྡུག་བསྔལ་བར་གྱུར་པའི་འགྲོ་བ་རྣམས་ལ་ཆོས་ལ་ལོངས་སྤྱད་པ་ལས་བྱུང་བའི་དགའ་བ་དང་བདེ་བའི་རེ་སྟེར་བར་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན་དཔེ་སྔ་མ་ནི་འབྲས་བུ་སྡུག་བསྔལ་གྱི་དང་གཉིས་པ་ནི་ཉོན་མོངས་པའི་དང་གསུམ་པ་ནི་ཀུན་དུ་རྟོག་པའི་སྒྲིབ་པ་རྣམས་གཙོ་ཆེ་བར་བསྟན་ཏེ། མན་ངག་ཡང་དག་པར་རིག་པ་རྣམས་ཀྱིས་ནི་སྡུག་བསྔལ་བ་མཐོང་བ་ན་བྱང་ཆུབ་ཀྱི་སེམས་སྒོམ་པར་བྱེད་ལ། ཉོན་མོངས་པ་སྐྱེས་པ་ན་དེ་ལ་ཡིད་མི་འབྱུང་བར་ཉོན་མོངས་པ་ཉིད་ལ་བསལ་གཞག་མེད་པར་བསྒོམས་པས་ཇི་ཙམ་ཉོན་མོངས་མང་བ་དེ་སྲིད་དུ་གཉེན་པོ་ཡེ་ཤེས་འཕེལ་བར་འགྱུར་ཏེ། དེ་ལ་ནི་དུག་བདུད་རྩིར་བསྒྱུར་བའི་མན་ངག་ཅེས་བྱའོ། །ཀུན་དུ་རྟོག་པ་

(༩༧༧)ནི་ཉོན་མོངས་པ་འབྱུང་བའི་ལྟས་ངན་ཡིན་ན་ཡང་ཇི་ལྟར་སྐྱེས་པ་དེ་ཉིད་གཡང་དུ་བླན་ཏེ་བསྒོམ་པར་བྱའོ་ཞེས་བཞེད་ལ། རིམ་པ་ལྟར་སྡུག་བསྔལ་ཅན་གྱི་སེམས་ཅན་སྤངས་པའི་བྱང་ཆུབ་མི་ཚོལ་ལ། བུང་བ་མེད་པའི་ཕྱོགས་གཞན་དུ་སྦྲང་རྩི་རེ་བར་མི་བྱེད་པ་ལྟར་ཉོན་མོངས་པའི་ཚོགས་ཉིད་ཡེ་ཤེས་ཀྱི་སྦྲང་རྩིའི་འབྱུང་གནས་སུ་ལྟ་ཞིང་། །འབྲུ་འདོད་པས་འདི་དག་ནི་གྲ་མ་དང་བཅས་སོ་ཞེས་སྙེ་མ་འདོར་བར་མི་བྱེད་པ་ལྟར་རྣམ་པར་རྟོག་པ་ཉིད་ལས་སྙིང་པོའི་དོན་ཚོལ་བར་བཞེད་པ་ཡིན་ནོ། །ཉོན་མོངས་པ་ནི་མི་གཙང་བའི་ལྗན་ལྗིན་གྱི་གནས་པ་དང་འདྲ་ལ་དེ་བཞིན་གཤེགས་པའི་ཁམས་ནི་གསེར་བཞིན་ཏེ། །ཇི་ལྟར་རབ་ཏུ་རྒྱུ་ཚེ་མི་ཡི་གསེར། །ལྗན་ལྗིན་རྡུལ་པའི་གནས་སུ་ལྷུང་གྱུར་ལ། །མི་འཇིག་ཆོས་ཅན་དེ་ནི་དེར་དེ་བཞིན། །ལོ་བརྒྱ་མང་པོ་དག་ཏུ་གནས་པ་དེ། །ལྟ་མིག་དག་ལྡན་ལྷ་ཡིས་དེར་དེ་ནི། །མཐོང་ནས་མི་ལ་འདི་ན་ཡོད་པའི་གསེར། །རིན་ཆེན་མཆོག་འདི་སྦྱངས་ཏེ་རིན་ཆེན་གྱིས། །བསྒྲུབ་པར་བྱ་བ་གྱིས་ཤེས་སྨྲ་བ་ལྟར། །དེ་བཞིན་ཐུབ་པས་མི་གཙང་དང་འདྲ་བའི། །ཉོན་མོངས་སུ་བྱིང་སེམས་ཅན་ཡོན་ཏན་ནི། །གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར། །སྐྱེ་དགུ་རྣམས་ལ་དམ་ཆོས་ཆུ་ཆར་འབེབས། །ཤེས་བྱ་བ་ནི་བཤད་བྱ་ལྟ་བུའོ། །དཔེ་ཇི་ལྟར་གསེར་གྱི་གར་བུ་ཐོགས་པའི་མི་ཞིག་ལམ་དུ་རབ་ཏུ་རྒྱུ་བའི་ཚེ་མི་གཙང་བའི་ལྗན་ལྗིན་རྡུལ་པས་གང་བའི་གནས་དེར་

(༩༧༨)གར་བུ་དེ་ལྷུང་ཞིང་མི་གཙང་བས་གཡོགས་པས་མི་མངོན་པར་གྱུར་པ་དེ་རྡུལ་པའི་སྐྱོན་གྱིས་མི་འཇིག་པའི་ཆོས་ཅན་ཡིན་པས་དེ་ནི་ལམ་དེར་རྡུལ་པས་གཡོགས་པས་དེ་ཁོ་ན་བཞིན་དུ་ལོ་བརྒྱ་འམ་ལོ་མང་པོ་ཞིག་ཏུ་གནས་པར་གྱུར་པ་དེ་ལྟའི་མིག་དག་པ་དང་ལྡན་པའི་ལྷ་ཡིས་མི་གཙང་བའི་གནས་དེར་གསེར་གྱི་གར་བུ་དེ་ནི་མཐོང་ནས་མི་གཞན་ཞིག་ལ་ཀྱེ་ཁྱོད་མི་གཙང་བས་གང་བའི་ལམ་འདི་ལྟ་བུ་ཞིག་ཡོད་ཀྱི། དེ་ན་གསེར་གྱི་གར་བུ་བཟང་པོ་ཞིག་གནས་ན་ཡང་དེ་སུ་ལ་ཡང་ཕན་པ་མེད་ཀྱི་ཁྱོད་ཀྱིས་སོང་ལ་ལམ་འདི་ན་ཡོད་པའི་གསེར་རིན་པོ་ཆེའི་མཆོག་འདི་དེ་ལོང་ལ་རིན་པོ་ཆེའི་བསྒྲུབ་པར་བྱ་བ་རང་དང་གཞན་གྱི་དབུལ་བ་སེལ་བའི་ཐབས་བགྱིས་ཤིག་ཅེས་སྨྲ་བ་ལྟར། དེ་བཞིན་དུ་ལྷ་དང་འདྲ་བའི་ཐུབ་པས་ལམ་དང་འདྲ་བའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་གྱི་སྙིང་པོ་མི་གཙང་བ་དང་འདྲ་བའི་ཉོན་མོངས་པའི་འདམ་དུ་ཐོག་མ་མེད་པ་ནས་བྱིང་བར་གྱུར་པ་གཟིགས་ནས་འདི་དག་ན་འཁོར་བའི་དབུལ་བ་སེལ་བར་འགྱུར་རོ་སྙམ་དུ་དགོངས་ཏེ། ཉོན་མོངས་པའི་འདམ་དེ་དག་པར་བྱ་བའི་ཕྱིར་སྐྱེ་དགུ་རྣམས་ལ་དམ་པའི་ཆོས་ཀྱི་ཆར་ཆེན་པོ་ཕབ་སྟེ་དག་པར་བྱས་པས་སངས་རྒྱས་ཉིད་ལ་བཀོད་དེ་ཕྲིན་ལས་རྒྱུན་མི་འཆད་པར་མཛད་དོ། །ཇི་ལྟར་ལྗན་ལྗིན་རྡུལ་པའི་གནས་སུ་ལྷུང་བའི་གསེར་ནི་ལྷ་ཡིས་མཐོང་གྱུར་ནས། །ཀུན་དུ་དག་པར་བྱ་ཕྱིར་མཆོག་ཏུ་མཛེས་པ་མི་ལ་སྟོན་པ་ལྟར། །དེ་བཞིན་རྒྱལ་བས་ཉོན་མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ། །སེམས་ཅན་

(༩༧༩)སུ་དྲང་སྲོང་ཆེན་པོ་སངས་རྒྱས་ཡུམ་གྱི་མངལ་ལ་སོགས་པ་ལས་ཡང་དག་པར་བལྟམ་ཞིང་འབྱུང་བ་ནི་གཏེར་དེ་སྟོན་པ་ཁོ་ནའི་ཆེད་དུ་ཡིན་ནོ། །དོན་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཙམ་གྱིས་ཡོན་ཏན་གྱི་གཏེར་གྱི་ཁ་ཡང་མི་ཕྱེད་ལ། སྙིང་པོ་ཤེས་ན་ཡོན་ཏན་ཟད་མི་ཤེས་པ་འབྱུང་ཞིང་། དེ་དག་བའི་བཤེས་གཉེན་ལ་རག་ལས་སོ་ཞེས་བྱ་བར་བསྟན་ཏོ། །ཉོན་མོངས་པ་ནི་ཤུན་པའི་སྦུབས་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་ས་བོན་གྱི་མྱུ་གུ་ལྟ་བུ་སྟེ། ཇི་ལྟར་ཨ་མྲ་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས། །ས་རྨོས་ཆུ་སོགས་ལྡན་ལས་ལྗོན་ཤིང་གི །རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། །སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །པགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། ཞེས་བྱ་བ་ནི་བཤད་བྱ་ལྟ་བུའོ། །ཇི་ལྟར་ཨ་མྲ་དང་པ་ན་ས་ལ་སོགས་པའི་ཡལ་གའི་རྩེ་མོར་ཆགས་ཤིང་ཡོད་པའི་ཤིང་གི་འབྲས་བུ་ཤ་དང་བཅས་པ་རྣམས་ཀྱི་ནང་ན་ས་བོན་གྱི་ནང་ན་དངོས་པོ་མྱུ་གུ་འབྱུང་དུ་རུང་བ་མི་འཇིག་སྟེ་མཁྲེགས་པ་ཚི་གུའི་ངོ་བོས་ཡོད་པ་དག་ཞིང་གི་ས་རྨོས་ཤིང་དེར་གཞག་ནས་རྐྱེན་ཆུ་དང་ལུད་དང་དྲོད་ལ་སོགས་པ་དང་ལྡན་པ་ལས་ཚི་གུ་ཁ་བྱེ་ནས་མྱུ་གུ་མཐོན་ཏེ་རིམ་གྱིས་བསྐྱེད་བསྲིངས་པས་ལྗོན་ཤིང་གི་རྒྱལ་པོའི་དེ་

(༩༨༠)པོ་ཤིན་དུ་མཐོ་བ་དག་ཏུ་འགྲུབ་པ་ལྟར་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་།།།དང་གཟུགས་ཀྱི་སྡོང་པོ་སྐྱེ་མཆོད་དྲུག་གི་ཡལ་ག་དག་ཆགས་པའི་རྩེ་མོར་ཚོར་བའི་འབྲས་བུ་ཆགས་པའི་ནང་ན་མ་རིག་པའི་རུས་པགས་ཀྱི་ནང་དུ་ཆུད་པ་སྟོབས་ལ་སོགས་པའི་ཆོས་ཀྱི་ཁམས་ངོ་བོ་ཉིད་ཀྱིས་དགེ་བ་ཐོག་མ་མེད་པའི་དུས་ནས་གནས་ཀྱང་རྐྱེན་དང་མ་ཕྲད་ན་ཅིར་ཡང་མི་འགྱུར་བ་ལས་སངས་རྒྱས་མཐོང་བ་དང་། དེ་ལ་དད་པ་དང་ཆོས་ཐོས་པ་ལ་སོགས་པའི་དགེ་བ་རྨོས་དང་ཆུ་ལ་སོགས་པ་ཚོགས་པར་གྱུར་ཡལ་བརྟེན་ནས་ས་བཅུའི་རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྲུབ་པར་འགྱུར་ཞིང་། དེ་ལས་ཀྱང་ཕྲིན་ལས་ཆད་པ་མེད་པ་འབྱུང་ངོ་། །ཆུ་དང་ཉི་མའི་འོད་དང་རླུང་དང་ས་དུས་ནམ་མཁའི་རྐྱེན་རྣམས་ཀྱིས། །ཏཱ་ལ་དང་ནི་ཨ་གྲའི་འབྲས་སྦུབས་གསེབ་ནས་ཤིང་རྐྱེན་ཇི་ལྟ་བར། །སེམས་ཅན་ཉོན་མོངས་འབྲས་ལྤགས་ནང་ཆུད་རྫོགས་སངས་ས་བོན་མྱུ་གུ་ཡང་། །དེ་བཞིན་དགེ་རྐྱེན་དེ་དང་དེ་ཡིས་ཆོས་མཐོན་འཕེལ་བར་འགྱུར་བ་ཡིན། ཞེས་བྱ་བ་ནི་འཆར་བྱེད་ལྟ་བུའོ། །ཡང་ཆུ་དང་ཉི་མའི་འོད་ཀྱི་མེ་དང་རླུང་དང་ས་དང་བཞི་པོ་དེ་དག་ཉིད་དཔྱིད་ཀྱི་དུས་སུ་གྱུར་པ་དང་གོ་འབྱེད་པའི་ནམ་མཁའི་རྐྱེན་ཏེ་ལྷན་ཅིག་ཏུ་གྱུར་པ་རྣམས་ཀྱིས་ཏཱ་ལ་དང་ནི་ཨ་མྲའི་འབྲས་བུའི་རུས་པའི་སྦུབས་ཀྱི་གསེབ་ནས་ཤིང་གི་མྱུ་གུ་སྐྱེ་བ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་འབྲས་བུ་ལྟ་བུར་གྱུར་པའི་ཉོན་མོངས་ཀྱི་ལྤགས་པའི་ནང་དུ་ཆུད་པའི་རྫོགས་པའི་སངས་རྒྱས་ཀྱི་ས་བོན་དུ་གྱུར་པའི་ཁམས་ཀྱི་མྱུ་གུ་ལས་སྙིང་

(༩༨༡)རྗེའི་རྩ་བ་དང་བྱང་ཆུབ་སེམས་ཀྱི་སྡོང་པོ་དང་ཕ་རོལ་དུ་ཕྱིན་པའི་ཡལ་ག་ཀུན་དུ་རྒྱས་པར་འགྱུར་ཏེ། དེ་ནས་ཡང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ན་ཡང་དགེ་བའི་རྐྱེན་།།།དང་དེ་དག་གིས་མཐོང་བའི་ལམ་དུ་ཆོས་ཉིད་གསར་དུ་མཐོང་བའི་ཚུལ་གྱིས་མྱུ་གུར་མཐོན་པར་འགྱུར་ཞིང་། །སྒོམ་པའི་ལམ་དུ་གོང་ནས་གོང་དུ་འཕེལ་པར་འགྱུར་ལ། གཞི་དེས་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ་ནམ་མཁའ་སྲིད་དུ་འབྲས་བུ་སྦྱིན་པར་བྱེད་དོ། །དེ་ལ་གསེར་གྱི་དཔེས་ནི་ཉོན་མོངས་པའི་ལྗན་ལྗིན་འདི་དག་ལ་ཤེས་རབ་ཀྱི་མིག་གིས་སྙིང་པོ་གསེར་དང་འདྲ་བ་མཐོང་བར་འགྱུར་ཏེ། དེས་འཁོར་བའི་དབུལ་བས་འཇིགས་པའི་སྐྲག་པ་ལྡོག་པར་འགྱུར་ལ། གཏེར་གྱི་དཔེས་ནི་སྙིང་པོ་མཐོང་ན་རང་གི་རྒྱུད་ཡོན་ཏན་གྱིས་ཕྱུག་པར་འགྱུར་ལ། ཤིང་གི་ས་བོན་གྱི་དཔེས་སྙིང་པོ་དང་པོར་མཐོང་བའི་སེམས་མྱུ་གུ་ལྟ་བུ་མངོན་པར་འཕེལ་བས་གཞན་གྱི་དོན་གྱི་འབྱུང་གནས་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་འདི་བསྟན་ཏོ། །ཉོན་མོངས་པ་ནི་གོས་རྡུལ་པ་དང་འདྲ་ལ་དེ་བཞིན་གཤེགས་པའི་ཁམས་ནི་དྲིན་པོ་ཆེའི་དཔེ་ལྟ་བུ་སྟེ། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། །གོས་རྡུལ་དྲི་ངན་གྱིས་ནི་གཏུམས་གྱུར་ལ། ལམ་གནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར། །ལམ་གནས་དོན་དེ་དེ་ལ་སྨྲ་བ་ལྟར། །ཐོགས་མེད་སྤྱན་མངའ་རྣམ་པ་སྣ་ཚོགས་ཀྱི། །ཉོན་མོངས་ཀྱིས་གཏུམས་བདེ་གཤེགས་དངོས་པོ་ཉིད། །

(༩༨༢)དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་དེ། །ཐར་བར་བྱ་བའི་དོན་དུ་ཐབས་སྟོན་མཛད། ཅེས་བྱ་བ་ནི་བཤད་བྱ་ལྟ་བུའོ། །དཔེ་ཇི་ལྟར་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་རྒྱལ་པའི་གཟུགས་མི་དབུལ་པོའི་ལག་ཏུ་བྱུང་བ་དེས་གོས་རྡུལ་པ་དྲི་ངན་པ་སྣ་ཚོགས་པ་དག་གིས་གཏུམས་པར་གྱུར་པ་ལམ་དུ་ཟགས་ཏེ་ལམ་གྱི་དབུས་ཉིད་ན་གནས་པ་འདྲོན་པ་མང་པོས་མཐོང་ཡང་གོས་རྡུལ་གྱིས་གཏུམས་པས་མ་ཤེས་ཏེ་རྟོག་པས་བོར་ཞིང་བོར་ཞིང་འགྲོ་བ་ན་ལམ་ན་དེ་ལྟར་གནས་པ་དེ་ལྷ་ཡིས་ལྷའི་མིག་གིས་མཐོང་ནས་སྐུ་དོ་གོས་རྡུལ་ལས་གྲོལ་བར་བྱ་བའི་ཕྱིར་ལམ་ན་གནས་པའི་དོན་ནོར་བུ་དེ་མི་འགའ་ཞིག་ལ་འདི་ལོང་ལ་གཡོགས་མ་ངན་པ་དང་ཕྲལ་ཏེ་མཆོད་པར་གྱིས་ཤིག་ཅེས་སྨྲ་བ་ལྟར། དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་ཉོན་མོངས་སྡུག་བསྔལ་གྱི་དྲི་ང་བས་གཏུམས་པའི་བདེ་བར་གཤེགས་པའི་དངོས་པོ་བཟང་པོ་ཉིད་དུད་འགྲོ་དག་ལ་ཡང་ཡོད་ན་གཞན་ལ་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ཐོགས་པ་མེད་པའི་སངས་རྒྱས་ཀྱི་སྤྱན་མང་བའི་དེ་བཞིན་གཤེགས་པས་གཟིགས་ནས་དེ་ཉོན་མོངས་པའི་ཐུམ་བུ་ལས་གྲོལ་བར་བྱ་བའི་ཕྱིར་ཐུབ་པ་རྣམས་ཆོས་སྟོན་པར་མཛད་དོ། །ཇི་ལྟར་རིན་ཆེན་རང་བཞིན་དེ་བཞིན་གཤེགས་སྐུ་དྲི་ངན་གོས་གཏུམས་པ། །ལམ་གནས་ལྷ་ཡི་མིག་གིས་མཐོང་ནས་ཐར་ཕྱིན་མི་ལ་སྟོན་པ་ལྟར། །དེ་བཞིན་ཉོན་མོངས་གོས་རྡུལ་གྱིས་གཏུམས་འཁོར་བའི་ལམ་ན་གནས་པའི་ཁམས། །དུད་འགྲོ་ལ་ཡང་གཟིགས་ནས་ཐར་བར་བྱ་ཕྱིར་རྒྱལ་བ་ཆོས་སྟོན་ཏོ། །

(༩༨༣)ཞེས་བྱ་བ་ནི་འཆད་བྱེད་ལྟ་བུ་སྟེ། ཡང་ཇི་ལྟར་རིན་པོ་ཆེའི་རང་བཞིན་གྱི་དེ་བཞིན་གཤེགས་པའི་སྐུ་གཟུགས་དྲི་ངན་པའི་གོས་ཀྱིས་གཏུམས་པར་འགྱུར་པ་ལམ་ན་གནས་པ་སུས་ཀྱང་མ་ཤེས་པ་དེ་ལྷ་ཡིས་ལྷའི་མིག་གིས་མཐོང་ནས་གོས་རྡུལ་དེ་ལས་སྐུ་དེ་ཐར་བར་བྱ་བའི་ཕྱིར་གོས་རྡུལ་འདི་དོར་ལ་སྐུ་དེ་ཡོད་།།།ཅེས་མི་ལ་སྟོན་པ་ལྟར། དེ་བཞིན་དུ་ཉོན་མོངས་པའི་གོས་རྡུལ་གྱིས་གཏུམས་པའི་དེ་བཞིན་གཤེགས་པའི་ཁམས་འཁོར་བའི་ལམ་།།།གནས་པ་དུད་འགྲོ་ལ་ཡང་ཡོད་པར་གཟིགས་ནས་།།།ཡོངས་པ་ལས་ཐར་བར་བྱ་བའི་སྐྱེལ་བས་ཆོས་སྟོན་པར་མཛད་ཏེ། དྲི་མ་དང་ཕྲལ་ནས་སངས་རྒྱས་ཉིད་དུ་གྱུར་པ་དེས་ཀྱང་ཆད་པ་མེད་པར་ལས་མཛད་དོ། །ཉོན་མོངས་པ་ནི་སེམས་ཅན་ཞུགས་པའི་བུད་མེད་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་མེར་མེར་པོའི་འབྱུང་བ་ཆེན་པོ་ལ་གནས་པའི་འཁོར་ལོས་བསྒྱུར་བ་ལྟ་བུ་སྟེ། ཇི་ལྟ་བུད་མེད་གཟུགས་ངན་མགོན་མེད་འགའ། །མགོན་མེད་འདུག་གནས་སུ་ནི་འདུག་གྱུར་ལ། །མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པ། །རང་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར། །སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ། །མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན། །དེ་ལ་གང་ཞིག་ཡོད་པས་མགོན་བཅས་པ། །དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན། ཞེས་བྱ་བ་ནི་བཤད་བྱ་ལྟ་བུའོ། །དཔེ་ཇི་ལྟར་མི་མོ་གཟུགས་དབྱིབས་དང་ཁ་དོག་ངན་ཞིང་རྡུག་འཕོངས།

(༩༨༤)ལས་སྐྱོབ་པའི་མགོན་བྱེད་པ་སུ་ཡང་མེད་པའི་ཁྱིམ་གྱི་འདུག་གནས་སུ་ནི་འདུག་པར་གྱུར་པ་འགའ་ཞིག་ལ་འཁོར་ལོས་བསྒྱུར་བ་ཉིད་དུ་འགྱུར་བའི་ནུར་ནུར་པོ་ཆགས་ཤིང་མངལ་ན་རྒྱལ་པོར་འགྱུར་བའི་དཔལ་འཛིན་པས་མྱུར་དུ་མགོན་ཡོད་པར་འགྱུར་ཡང་རང་གི་ལྟོ་བ་ན་གླིང་བཞིའི་མིའི་བདག་པོར་འགྱུར་བའི་ཆོས་ཡོད་པར་མི་ཤེས་པས་ཡིད་ལ་ཀྱང་སྡུག་བསྔལ་བ་ལྟར། སྲིད་པར་སྐྱེ་བ་ནི་སྡུག་བསྔལ་འབའ་ཞིག་གི་གནས་ཡིན་པས་མགོན་མེད་པའི་ཁྱིམ་བཞིན་ཏེ་ཉོན་མོངས་པས་མ་དག་ པར་བྱས་པའི་སེམས་ཅན་རྣམས་ནི་འཁོར་ལོས་བསྒྱུར་བའི་མངལ་དང་ལྡན་པའི་བུད་མེད་བཞིན་དུ་རང་ལ་པ་ཧུན་སུམ་ཚོགས་པའི་རྒྱུ་ཡོད་ཀྱང་མི་ཤེས་པ་ཡིན་ཏེ། ཁམས་གང་ཞིག་ཡོད་པས་སེམས་ཅན་དེ་ལ་མགོན་དང་བཅས་པར་འགྱུར་བའི་དྲི་མ་མེད་པའི་ཁམས་དེ་ནི་བུད་མེད་དེའི་མངལ་ན་གནས་པའི་འབྱུང་བ་ནུར་ནུར་པོ་བཞིན་ཏེ་ཕལ་པོ་ཆེ་ལས་མངལ་དུ་ཞུ་ཁྲག་འདུས་པ་འོ་མ་གདུ་བ་ལྟ་བུར་གྱུར་པ་དེ་ལ་སྐྱེ་མཆེད་དྲུག་ ཕྲ་བའི་ཚུལ་དུ་ཡོད་པར་བཤད་པ་བཞིན་དུ་སེམས་ཅན་རྣམས་ཀྱི་ཁམས་དེ་ལ་ཡང་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་ཕུང་པོ་དྲུག་ཕྲ་བའི་ཚུལ་དུ་ཡོད་དོ། །ཇི་ལྟར་ནུར་ནུར་པོའི་གནས་སྐབས་ན་རྒྱལ་པོའི་མཚན་རགས་པ་མ་རྫོགས་པ་དང་དཔེ་སྔ་མས་ཁམས་ཀྱི་ས་བོན་རིམ་གྱིས་འཕེལ་བའི་ཚུལ་འདི་བོར་ནས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཡོད་པ་དང་ །དེ་ལ་འཕེལ་བ་མེད་པར་ཡང་སྨྲ་བ་དག་གིས་ནི་དོན་འདི་དག་ཁོང་དུ་བར་མ་ཆུད་དོ། །ཇི་ལྟར་བུད་མེད་ལུས་ལ་དྲི་

(༩༨༥)བཅས་གོས་གྱོན་མི་སྡུག་གཟུགས་ལྡན་པ། །ས་བདག་མངལ་ནང་གནས་ཀྱང་མགོན་མེད་ཁང་པར་སྡུག་བསྔལ་མཆོག་མྱོང་ལྟར། །དེ་བཞིན་བདག་རང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བ་ལོ་ལྡན་པ། །འགྲོ་བ་ཉོན་མོངས་དབང་གིས་ཡིད་མ་ཞི་བ་སྡུག་བསྔལ་གཞི་ལ་གནས། ཤེས་བྱེ་བ་ནི་འཆད་བྱེད་ལྟ་བུའོ། །ཡང་ཇི་ལྟར་བུད་མེད་འགའ་ཞིག་ལུས་ལ་དྲི་མ་དང་བ་ཅས་པའི་གོས་གྱོན་ཞིང་གཟུགས་ཀྱང་མི་སྡུག་པ་དང་ལྡན་ལ། སའི་བདག་པོ་འཁོར་ལོས་བསྒྱུར་བའི་ས་བོན་མངལ་གྱི་ནང་ན་གནས་ཀྱང་མགོན་མེད་དོ་སྙམ་ནས་རང་གི་ཁང་པར་སྡུག་བསྔལ་གྱི་མཆོག་ཡིད་མི་བདེ་བ་མྱོང་བ་ལྟར། །དེ་བཞིན་དུ་སྲིད་པའི་འགྲོ་བ་ཐམས་ཅད་བུད་མེད་དེ་དང་འདྲ་སྟེ། བདག་ཉིད་ཀྱི་རང་གི་ནང་ན་སངས་རྒྱས་ཀྱི་ས་བོན་གནས་པས་མྱུར་བ་ཉིད་དུ་མགོན་ཡོད་པར་འགྱུར་ཡང་མགོན་མེད་པའི་བློ་དང་ལྡན་པ་དག་ཉོན་མོངས་པའི་མེའི་དབང་གིས་འབར་ཞིང་ཡིད་མ་ཞི་བ་དག་སྡུག་བསྔལ་གྱི་གཞིའམ་ཁང་པ་སྲིད་པ་གསུམ་ལ་གནས་སོ། །ཉོན་མོངས་པ་ནི་སའི་འདམ་གོས་པ་དང་འདྲ་ལ་།དེ་བཞིན་གཤེགས་པའི་ཁམས་ནི་གསེར་གྱི་གཟུགས་བཞིན་ཉེ། །ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ། །ཞི་བ་ཕྱི་རོལ་པ་ཡི་རང་བཞིན་ཅན། །མཐོང་ནས་དེ་ཤེས་པ་དག་ནང་གི་གསེར། །སྦྱང་ཕྱིར་ཕྱི་རོལ་སྒྲིབ་པ་སེལ་བྱེད་ལྟར། །རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི། །བློ་བུར་བར་ནི་རྣམ་པར་གཟིགས་གྱུར་ནས། །རིན་ཆེན་འབྱུང་

(༩༨༦)གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག །ཅེས་བྱ་བ་ནི་བཤད་བྱ་ལྟ་བུའོ། །དཔེ་ཇི་ལྟར་དཔེ་ཞེས་བྱ་བའི་འཇིམ་པ་སྐམ་པོས་གཡོགས་པའི་ནང་གི་ཆར་གསེར་ཞུན་མས་བཀང་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སྲོག་ཆགས་ལ་སོགས་པ་བཟོ་བོ་གང་འདོད་པའི་གཟུགས་ཡན་ལག་རྒྱས་ཤིང་ཚང་བ་དང་ལྡན་པ་དེའི་ཕྱི་རོལ་གྱི་སའི་རང་བཞིན་གྱི་དཔེ་དེ་དག་གི་ཚ་བ་ཞི་ཞིང་གྲངས་པའི་སྐབས་དེ་ཤེས་ཤིང་མཐོང་ནས་དེ་ཤེས་པའི་མགར་བ་དག་ཕྱི་རོལ་གྱི་སས་གཡོགས་པའི་ནང་གི་གསེར་སྦྱང་ཞིང་དག་པ་མངོན་དུ་བྱ་བའི་ཕྱིར་ཕྱི་རོལ་གྱི་སྒྲིབ་པ་སེལ་བར་བྱེད་པ་ལྟར་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་བཅོས་མ་མ་ཡིན་པ་ནི་འོད་གསལ་བའི་གཟུགས་སངས་རྒྱས་དང་འདྲ་བ་ཡིན་ལ། འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་ཀྱང་བཅོས་མ་བློ་བུར་བར་ནི་དེ་བཞིན་གཤེགས་པས་རྣམ་པར་གཟིགས་པར་གྱུར་ནས་རིན་པོ་ཆེའི་གཟུགས་ཀྱི་འབྱུང་གནས་ལྟ་བུར་གྱུར་པའི་སེམས་ཅན་རྣམས་བཅོས་མའི་སྒྲིབ་པ་རྣམས་ཀྱིས་བསྒྲིབས་པ་དེའི་སྒྲིབ་པ་རྣམས་ལས་སྦྱོང་ཞིང་དག་པར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་པས་བྱང་ཆུབ་མཆོག་གི་སྐུ་ཡོངས་སུ་རྫོགས་པར་འགྱུར་ལ། དེ་ལས་ ཕྲིན་ལས་ཀྱི་རྒྱུན་མཐའ་ཡས་པ་འབྱུང་བར་འགྱུར་རོ། །ཇི་ལྟར་དྲི་མེད་གསེར་འབར་ལས་བྱས་ས་ཡི་ནང་དུ་ཆུད་གྱུར་གཟུགས། །ཞི་དེ་རང་བཞིན་མཁས་པས་རིག་ནས་ས་དག་སེལ་བར་བྱེད་པ་ལྟར། དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲ་ཞི་བའི་ཡིད་ནི་མཁྱེན་གྱུར་ནས། །ཆོས་འཆད་ཚུལ་གྱིས་རྟེག་སྤྱད་

(༩༨༧)སྒྲུབ་པས་སྒྲིབ་པ་དག་ནི་སེལ་བར་མཛད། ཅེས་བྱ་བ་ནི་འཆད་བྱེད་ལྟ་བུའོ། །ཡང་ཇི་ལྟར་དྲི་མ་མེད་པའི་གསེར་བཟང་པོ་འོད་འབར་བ་ཞུ་བ་ལས་བྱས་པའི་སྐྱེས་བུའི་གཟུགས་གང་ཡང་རུང་བ་སའི་འདམ་གྱི་ནང་དུ་ཆུད་པར་གྱུར་པ་དེའི་ཚ་བ་ཞི་ཞིང་གྲངས་པ་དེའི་རང་བཞིན་མཐར་བ་མཁས་པས་རིག་ནས་ཕྱི་རོལ་གྱི་ས་དག་ལག་ཆས་སེལ་བར་བྱེད་པ་ལྟར། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཀུན་མཁྱེན་སངས་རྒྱས་ཀྱི་གཟུགས་དག་པའི་གསེར་དང་འདྲ་བ་ཡིད་ཀྱི་རང་བཞིན་གྱི་སྐུ་བཞུགས་ཤིང་སྣོད་ཀྱི་སྐྱོན་གསུམ་གྱི་མེ་ཞི་བར་མཁྱེན་པར་གྱུར་ནས་ཆོས་འཆད་པའི་བག་ཆ་རྟེག་སྤྱད་དང་ཚུལ་འདྲ་བ་ཡང་དང་ཡང་དུ་བསྒྲུབས་པས་སྒྲིབ་པ་ཐམས་ཅད་དག་སེལ་བར་མཛད་ཅིང་ཆོས་ཀྱི་སྐུ་མངོན་དུ་གྱུར་པར་མཛད་དོ། །དེ་ལ་དུག་རྡུལ་གྱི་དཔེས་ནི་ཉོན་མོངས་པ་དང་སྡུག་བསྔལ་ལ་སྐྱོན་དུ་ཤེས་ནས་སྤོང་བའི་ཉན་ཐོས་ཀྱི་ལམ་བསྟན་ལ། འཁོར་ལོས་བསྒྱུར་བའི་དཔེས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཉོན་མོངས་དང་སྡུག་བསྔལ་སྤོང་བ་ཁོ་ན་ལ་གཙོ་བོར་མི་མཛད་པར་ཡོན་ཏན་གྱི་གནས་སུ་མཐོང་ནས་སེམས་ཅན་གྱི་གཙོ་བོར་འགྱུར་བའི་ཆེད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱང་ཆུབ་སེམས་དཔའི་ལམ་བསྟན་ཏོ། །གསེར་ཞུན་གྱི་དཔེས་ནི་སྒྲིབ་པས་བསྒྲིབས་པ་མ་གཏོགས་པར་སེམས་ཅན་རྣམས་ལ་མཚན་དང་དཔེ་བྱད་ཀྱང་ཡོད་པར་བསྟན་ཏོ་།དེ་ལ་ཆོས་རྗེ་རིན་ཆེན་གྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱི་ཚེ་ན་སེམས་བསྐྱེད་པ་པོ་དེ་ཉིད་ཀྱིས་མ་མཐོང་ཡང་རང་ཉིད་སངས་རྒྱ་བའི་

(༩༨༨)ཞིང་དང་བྱང་ཆུབ་ཀྱི་ཤིང་དང་འཁོར་ཕུན་སུམ་ཚོགས་པ་ལ་སོགས་པའི་རང་གཟུགས་མང་པོ་འཆར་བར་བཤད་ལ། སྤྱན་སྔ་ནས་ནི་རྣམ་པར་མི་རྟོག་པ་ལ་མཉམ་པར་གཞག་པའི་སྐབས་ན་ཡང་རང་ཉིད་ཀྱིས་མི་ཤེས་པ་ལས་འབྲས་བུའི་སྐབས་ཀྱི་རང་གཟུགས་མང་དུ་འཆར་བར་བཞེད་དོ། །དཔེ་རྣམས་ཀྱི་བསྡུས་པའི་དོན་ནི། །པདྨ་སྲོག་ཆགས་བུང་བ་དང་། །སྦུན་པ་དང་ནི་མི་གཙང་ས། །འབྲས་བུན་གོས་རྡུལ་བུད་མེད་ཀྱི། །མངལ་དང་ས་ཡི་སྦུབས་ན་ཡང་། །སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །ཞེས་བྱ་བ་སྟེ། སྒྲིབ་པར་བྱེད་པའི་དཔེ་ནི་པདྨ་ངན་པ་དང་སྲོག་ཆགས་བུང་བ་དང་སྦུན་པའི་ཀོགས་པ་དང་མི་གཙང་བའི་ལྗན་ལྗིན་དང་དབུལ་པོའི་ཁྱིམ་ས་དང་ས་བོན་གྱི་འབྲས་བུའི་ཤུན་པ་དང་གོས་རྡུལ་གྱི་ཐུམ་བུ་དང་བུད་མེད་ངན་མའི་མངལ་དང་ལུགས་ཀྱི་གཡོགས་མའི་སའི་སྦུབས་རྣམས་སོ། །སྒྲིབ་པར་བྱ་བའི་དཔེ་ནི་སངས་རྒྱས་ཀྱི་སྐུ་དང་སྦྲང་རྩི་དང་འབྲུའི་སྙིང་པོ་བཞིན་དང་ནོར་གྱི་གཏེར་བཞིན་དང་ལྗོན་པའི་མྱུ་གུ་བཞིན་དང་རིན་པོ་ཆེའི་སྐུ་དང་འཁོར་ལོས་བསྒྱུར་བའི་ས་བོན་བཞིན་དང་ས་ནང་གི་གསེར་གྱི་གཟུགས་བཞིན་ཞེས་བྱ་བ་རྣམས་སོ། །དེ་དག་གིས་ནི་དེ་བཞིན་གཤེགས་པའི་གསེར་གྱི་གར་བུ་བཞིན་དང་སྙིང་པོའི་མདོ་ཉིད་ཚིགས་སུ་བཅད་པར་སྡེབས་ཏེ་བ་ཤད་པ་ཡིན་ལ། །ད་ནི་དེའི་དོན་འཆད་པར་བྱེད་དེ། དེ་ལ་ཁྱད་པར་མེད་པར་བཤད་པ་དང་། ཁྱད་པར་དང་བཅས་

(༩༨༩)ཏེ་བཤད་པའོ། །ཁྱད་པར་མེད་པར་བཤད་པ་ནི། སེམས་ཅན་ཁམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ནས། །སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། ཅེས་བྱ་བ་སྟེ༴ པདྨ་ལ་སོགས་པའི་དཔེ་དགུ་པོ་ཐམས་ཅད་ཀྱིས་རྟེན་སེམས་ཅན་ལ་གནས་པའི་སངས་རྒྱས་ཀྱི་ཁམས་ཀྱི་སྒྲིབ་པར་གྱུར་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་སྙིང་པོ་དང་ངོ་བོ་ཉིད་ཀྱི་སམ་འབྲེལ་ཞིང་དུས་ཐོག་མ་མེད་པ་ནས་རྒྱུན་མི་འཆད་པར་བྱུང་ངོ་ཞེས་དཔེའི་དངོས་པོ་ཐ་དད་ཀྱང་དཔེ་ཅན་གྱི་ཉོན་མོངས་པ་རྣམས་ནི་དགུ་པོ་ཐམས་ཅད་ངོ་བོ་ཉིད་གཅིག་པར་བརྗོད་ལ། སྒྲིབ་པར་བྱ་བའི་དཔེ་ཐམས་ཅད་ཀྱིས་ཀྱང་མ་བཅོས་པའི་སེམས་ཀྱི་རང་བཞིན་ངོ་བོ་ཉིད་དྲི་མ་མེད་པ་ཡང་ཐེག་མ་མེད་པའི་དུས་ནས་གནས་སོ་ཞེས་བརྗོད་པ་ཁོ་ན་ཡིན་ནོ། །སློབ་དཔོན་སེང་གེ་བཟང་པོས་བརྒྱད་སྟོང་འགྲེལ་པར་གཏན་ཚིགས་གཅིག་ལ་དཔེ་དུ་མ་མི་རིགས་པས་བཅོམ་ལྡན་འདས་གཏན་ཚིགས་ཀྱི་བདག་པོ་དོན་གཅིག་ལ་དཔེ་དུ་མ་གསུངས་པ་མི་རིགས་སོ་ཞེས་པའི་དོགས་པ་བཀོད་ནས། བཅོམ་ལྡན་འདས་ཀྱི་འཁོར་ན་འཁོད་པའི་གདུལ་བྱ་སྣ་ཚོགས་པ་ལ་ལྟོས་ནས་དཔེ་སྣ་ཚོགས་པ་བཀོད་པ་ཡིན་ནོ་ཞེས་བཤད་པ་དེ་འདིར་ཡང་སྦྱར་བར་བྱ་ལ། ཁྱད་པར་མེད་པར་བཤད་པ་ཉིད་མདོའི་དངོས་ཀྱི་དོན་དང་ཡང་འབྱོར་བ་ཡིན་ཏེ། ཁྱད་པར་དང་བཅས་པའི་སྐབས་སུ་པདྨས་འདོད་ཆགས་དང་བུང་བས་ཞེ་སྡང་མཚོན་པར་གསུངས་པ་ལ། མདོ་ཉིད་ན་ནི་ཉོན་མོངས་

(༩༩༠)པའི་རིགས་ཐམས་ཅད་ཐམས་ཅད་དུ་སྨོས་པ་ཡིན་པའི་ཕྱིར་རོ། །དེ་བཤད་པ་ནི༴ མདོར་བསྡུ་ན་དེ་བཞིན་གཤེགས་པའི་སྙིང་པོའི་མདོར་དཔེར་བརྗོད་པ་བསྟན་པ་འདིས་ནི་སེམས་ཅན་གྱི་ཁམས་མ་ལུས་པའི་ཐོག་མ་མེད་པའི་སེམས་ཀུན་ནས་ཉོན་མོངས་པའི་ཆོས་བློ་བུར་བ་ཉིད་དང་། ཐོག་མ་མེད་པའི་སེམས་རྣམ་པར་བྱང་བའི་ཆོས་ལྷན་ཅིག་སྐྱེས་པ་རྣམ་པར་དབྱེ་བ་མེད་པ་ཉིད་དུ་བསྟན་ཏོ། །དེས་ན་སེམས་ཀུན་ནས་ཉོན་མོངས་པའི་ཕྱིར་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་ལ། སེམས་རྣམ་པར་བྱང་བའི་ཕྱིར་ནི་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས་སོ། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མདོར་སྒྲིབ་པར་བྱེད་པ་དང་བ་སྒྲིབ་པར་བྱ་བའི་ཆོས་རྣམ་པ་དགུ་དགུ་དཔེར་བརྗོད་པ་བསྟན་པ་འདིས་ནི་དོན་གང་བརྗོད་པ་དེ་དག་མདོར་བསྡུས་ཏེ་བཤད་ན་ཞེས་པའོ། །སེམས་ཅན་གྱི་ཁམས་སོ་སོར་མ་ཕྱེ་བར་མ་ལུས་པའི་ཐོག་མ་མེད་པའི་དུས་ནས་སེམས་དེ་ཆོས་ཅན་ཡིན་ལ། དེ་ཀུན་ནས་ཉོན་མོངས་པ་ནི་དེའི་ཆོས་ཡིན་ཏེ། ཆོས་དེ་ཡང་རང་བཞིན་གྱིས་མ་འབྲེལ་བས་བློ་བུར་བ་ཡིན་པ་ཉིད་དང་ །ཐོག་མ་མེད་པའི་།།།ལུས་ཅན་གྱི་སེམས་ཆོས་ཅན་དང་རང་བཞིན་གྱིས་རྣམ་པར་བྱང་བ་ནི་དེའི་ཆོས་ཏེ། ཆོས་དེ་ཡང་སེམས་དང་ནམ་ཡང་འབྲལ་མི་ཤེས་པས་ལྷན་ཅིག་སྐྱེས་པ་ཉིད་ཡིན་ལ། དེ་ལྟ་བུའི་སེམས་དེ་གཉིས་བརྗོད་པ་ཐ་དད་པའི་རྣམ་པར་དབྱེ་བ་མེད་པ་ཉིད་དུ་སེམས་ཤེས་བྱ་བའི་མིང་གཅིག་ཉིད་ཀྱིས་བསྟན་ཏོ། །དེ་ལྟ་བུ་ཡང་སངས་རྒྱས་བཅོམ་

(༩༩༡)ལྡན་འདས་ཀྱི་གསུང་རབ་རྣམས་ཀྱི་བརྗོད་པའི་རིམ་པ་སྟེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཀུན་བརྟགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་དང་། ཆོས་ཉིད་གཟུགས་རྣམས་གཟུགས་ཞེས་པའི་མིང་གཅིག་གིས་བསྟན་ཞིང་ཚོར་བ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་རིམ་པ་དེ་ཉིད་ཀྱིས་བསྟན་པ་བཞིན་ནོ། །ཁྱད་པར་ཐ་དད་པས་གང་ཟག་གཅིག་ཉིད་བུ་ལོན་ཅན་དང་ནོར་ཅན་དུ་བརྗོད་པ་བཞིན་དུ་ཆགས་སོགས་དང་ལྡན་པས་སེམས་ཉོན་མོངས་པ་ཅན་དུ་བརྗོད་ལ། ཡེ་ཤེས་དང་ལྡན་པས་སེམས་རྣམ་པར་བྱང་བར་བརྗོད་པ་དེས་ན་བརྟེན་པ་སེམས་ཀུན་ནས་ཉོན་མོངས་པའི་ཕྱིར་རྟེན་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་བརྗོད་ལ། སེམས་རྣམ་པར་བྱང་བའི་ཕྱིར་ནི་སེམས་ཅན་རྣམ་པར་དག་པ་ཡིན་ནོ་ཞེས་གསུངས་པར་འགྱུར་རོ། །ཁྱད་པར་དང་བཅས་ཏེ་བཤད་པ་ནི། དེ་ལ་སྒྲིབ་པར་བྱེད་པ་ཐ་དད་པའི་དབང་དུ་བྱས་ནས་བཤད་པ་དང་། བསྒྲིབ་པར་བྱ་བ་ཐ་དད་པའི་དབང་དུ་བྱས་ནས་བཤད་པ་རྣམ་པ་གཉིས་ཡོད་དོ༴ །དང་པོ་ལ་དྲི་མ་རྣམ་པ་དགུ་བཤད་པ་དང་ །དེས་རྟེན་གང་མ་དག་པར་བྱས་པ་བཤད་པ་གཉིས་ལས། དང་པོ་ནི་དོན་དགུ་པོ་གང་དང་གང་གི་དབང་དུ་མཛད་ནས་པདྨའི་སྦུབས་ལ་སོགས་པའི་དཔེ་དགུ་བསྟན་པ་སེམས་ཀྱི་ཀུན་ནས་ཉོན་མོངས་པ་དགུ་པོ་གང་དང་གང་དག་ཡིན་ཞེ་ན་ལན་བསྟན་པའི་ཕྱིར། ཆགས་དང་སྡང་དང་རྨོངས་དང་དེའི་ཀུན་ལྡང་དྲག་དང་བག་ཆགས་དང་། །

(༩༩༢)མཐོང་སྒོམ་ལམ་སྤང་མ་དག་དང་། །དག་པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམ་དགུ་པདྨ་ཡི། །སྦུབས་སོགས་དཔེས་ནི་རབ་བསྟན་ཏེ། །ཉེ་བའི་ཉོན་མོངས་སྦུབས་ཀྱི་ནི། །དབྱེ་བ་བྱེ་བ་མཐའ་ལས་འདས། ཤེས་བྱ་བ་གསུངས་ཏེ། འདོད་ཆགས་དང་ཞེ་སྡང་དང་རྨོངས་པ་གཏི་མུག་གསུམ་པོ་བག་ལ་ཉལ་དང་། གསུམ་པོ་ངེའི་ཀུན་ནས་ལྡང་བ་དྲག་པོ་གཅིག་ཏུ་བརྩིས་པ་དང་། མ་རིག་བག་ཆགས་ཀྱི་ས་དང་། ཐེག་པ་དམན་པའི་མཐོང་བའི་ལམ་གྱི་སྤང་བྱ་དང་། སྒོམ་པའི་ལམ་གྱི་སྤང་བྱ་དང་། ཐེག་ཆེན་གྱི་མ་དག་པའི་ས་བདུན་ལ་བརྟེན་པའི་དྲི་མ་དང་༴ དག་པའི་ས་ལ་བརྟེན་པའི་དྲི་མ་རྣམ་པ་དགུ་པོ་པདྨའི་སྦུབས་ལ་སོགས་པའི་དཔེ་དགུ་པོ་རྣམས་ཀྱིས་བསྟན་པ་ནི་བསྡུས་ཏེ་བསྟན་པ་ཡིན་ལ། ཉོན་མོངས་ཅུང་ཟད་ཆུང་བས་ཉེ་བའི་ཉོན་མོངས་པ་ཞེས་བརྗོད་པ་རྣམས་ཀྱི་སྦུབས་རེ་རེ་ནས་དབྱེ་བས་གྲངས་བཤད་ན་ནི་བྱེ་བ་མཐའ་ལས་འདས་ཤིང་བགྲང་བར་མི་ནུས་སོ། །དེ་ཉིད་བཤད་པ་ནི༴ མདོར་བསྡུ་ན་ཉོན་མོངས་པ་དགུ་པོ་འདི་དག་དེ་བཞིན་གཤེགས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལ་ཡང་སངས་རྒྱས་ཀྱི་གཟུགས་ལ་རྩོགས་པ་ལ་པདྨའི་སྦུབས་ལ་སོགས་པ་ལྟར་བློ་བུར་བ་ཉིད་དུ་ཡོད་དོ། །དགུ་གང་ཞེ་ན་འདི་ལྟ་སྟེ་འདོད་ཆགས་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང་། ཞེ་སྡང་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང་། གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང་། འདོད་

(༩༩༣)ཆགས་དང་ཞེ་སྡང་དང་གཏི་མུག་དྲག་པོ་ཀུན་ནས་ལྡང་བའི་མཚན་ཉིད་དང་། མ་རིག་པའི་བག་ཆགས་ཀྱི་སས་བསྡུས་པ་དང་། །མཐོང་བས་སྤང་བར་བྱ་བ་དང་སྒོམ་པས་སྤང་བར་བྱ་བ་དང་། མ་དག་པའི་ས་ལ་བརྟེན་པ་དང་། དག་པའི་ས་ལ་བརྟེན་པའོ། །ཞེས་བྱ་བ་དག་གིས་ནི་ཆགས་དང་ཞེས་བྱ་བ་ལ་སོགས་པ་རྐང་པ་དྲུག་གི་དོན་མདོར་བསྡུ་ན་ཞེས་བྱ་བས་བ་སྡུས་ཏེ་བསྟན་ཏོ། །ཉོན་མོངས་པ་དགུ་པོ་འཆད་བཞིན་པ་འདི་དག་དེ་བཞིན་གཤེགས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལ་ཡང་སྟེ། རང་བཞིན་དག་ཀྱང་འདི་དག་ཡོད་པར་མི་འགལ་ཏེ། རང་བཞིན་མ་ཡིན་པས་བློ་བུར་དུ་ཡོད་དོ། །དེ་འདྲ་བ་ནི་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་ལ་པདྨའི་སྦུབས་ལ་སོགས་པ་ལྟར་དེ་དང་དེའི་རང་བཞིན་དུ་མ་ཞུགས་ཀྱང་ཡོད་པ་ལྟར་རོ། །སྔར་ནི་པདྨའི་ཁོང་ན་དེ་བཞིན་གཤེགས་པའི་སྐུ་ཞེས་བྱ་བ་ལ་སོགས་པས་སྒྲིབ་པ་རྣམས་རྟེན་ཉིད་དང་། སྙིང་པོ་རྣམས་བརྟེན་པ་ཉིད་དུ་བསྟན་ལ། འདིར་ནི་སྙིང་པོ་རྣམས་རྟེན་ཉིད་དང་སྒྲིབ་པ་རྣམས་བརྟེན་པ་ཉིད་དུ་བསྟན་ཏེ། སྙིང་པོ་དང་དྲི་མ་དག་འཁོར་བ་ཇི་སྲིད་དུ་གཅིག་གི་གྲོགས་གཅིག་གིས་བྱེད་པའི་ཕྱིར་འགལ་བ་མེད་པ་ཡིན་ཏེ། གང་འདོད་ཆགས་བསྐྱེད་པར་བྱེད་པའི་རྒྱུ་དེས་ཀྱང་འདོད་ཆགས་དང་ངོ་བོ་ཉིད་དབྱེར་མེད་པའི་སྙིང་པོ་ཡང་བསྐྱེད་དེ། སྙིང་པོ་དེ་མ་བསྐྱེད་ན་ལོགས་ཤིག་ན་འདོད་ཆགས་གཏན་མེད་པའི་ཕྱིར་རོ། །དགུ་གང་ཞེ་ན་ཞེས་དྲིས་པ་ལ། འདི་ལྟ་སྟེ་ཞེས་

(༩༩༤)བྱ་བ་ལ་སོགས་པས་ལན་ཏེ། ཕྱི་རོལ་དུ་ཕྱོགས་པའི་ཉོན་མོངས་པ་ལ་ལྟོས་ནས་ཕྲ་བར་གྱུར་པའི་འདོད་ཆགས་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང་། ཞེ་སྡང་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང་། གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་སྟེ་ཁམས་གོང་མས་བསྡུས་པ་གསུམ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གོང་མ་གསུམ་ལས་རགས་པ་དྲག་པོ་གཅིག་ཏུ་བསྡུས་པ་དང་། མ་རིག་བག་ཆགས་ཀྱི་ས་དང་། དེས་བསྡུས་པའི་ཟག་པ་མེད་པའི་ལས་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ལ་སོགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་མཐོང་བས་སྤང་བར་བྱ་བ་བརྒྱ་རྩ་བཅུ་གཉིས་དང་། སྒོམ་པའི་ལམ་གྱི་སྤང་བར་བྱ་བ་བདུན་བཅུ་རྩ་དྲུག་དང་། བྱང་ཆུབ་སེམས་དཔའི་མ་དག་པའི་ས་བདུན་ལ་བརྟེན་པའི་མ་རིག་པའི་བག་ཆགས་དང་དེས་བསྐྱེད་པའི་ཟག་པ་མེད་པའི་ལས་དང་ཡིད་ཀྱི་རང་བཞིན་གྱི་ལུས་དང་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་ཕྱོགས་གཅིག་པ་དང་། མཚན་མ་དང་རྩོལ་བ་དག་དང་དག་པའི་ས་ལ་བརྟེན་པའི་དྲི་མ་ཡང་མ་རིག་པ་ལ་སོགས་པ་བཞི་པོ་དེ་དག་ཉིད་ཕྱོགས་གཅིག་པའོ། །དེ་ཉིད་རྒྱས་པར་བཤད་པ་ནི༴ དེ་ལ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་མི་གཡོ་བའི་འདུ་བྱེད་སོག་པའི་རྒྱུ། གཟུགས་དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་འདོད་

(༩༩༥)ཆགས་དང་ཞེ་སྡང་དང་གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཅེས་བྱའོ། །འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པ་བསོད་ནམས་དང་བསོད་ནས་མ་ཡིན་པའི་འདུ་བྱེད་ལ་སོགས་པའི་རྒྱུ། འདོད་པའི་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ། མི་སྡུག་པ་ལ་སོགས་པ་སྒོམ་པའི་ཤེས་པ་པས་གཞོམ་པར་བྱ་བ་གང་ཡིན་པ་དག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དྲག་པོ་ཀུན་ནས་ལྡང་བའི་མཚན་ཉིད་ཅེས་བྱའོ། །དགྲ་བོམ་པའི་རྒྱུད་ལ་ཡོད་པ། ཟག་པ་མེད་པའི་ལས་འཇུག་པའི་རྒྱུ། དྲི་མ་མེད་པའི་ཡིད་ཀྱི་ལུས་འགྲུབ་པར་བྱེད་པ། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མ་རིག་པའི་བག་ཆགས་གྱིས་པ་བསྡུས་པ་ཞེས་བྱའོ། །སློབ་པ་ནི་རྣམ་པ་གཉིས་ཏེ། སོ་སོའི་སྐྱེ་བོ་དང་འཕགས་པའོ། །དེ་ལ་སོ་སོའི་སྐྱེ་བོ་སློབ་པའི་རྒྱུད་ལ་ཡོད་པ་དང་པོ་འཇིག་རྟེན་ལས་འདས་པའི་ཆོས་མཐོང་བའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མཐོང་བས་ཡང་བར་བྱ་བ་ཞེས་བྱའོ། །འཕགས་པའི་གང་ཟག་སློབ་པའི་རྒྱུད་ལ་ཡོད་པ། ཇི་ལྟར་མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་སྒོམ་པས་སྤང་བར་བྱ་བ་ཞེས་བྱའོ། །མཐར་ཐུག་པར་མ་གྱུར་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ། ཡེ་ཤེས་ཀྱི་ས་རྣམ་པ་བདུན་གྱི་མི་མཐུན་པའི་ཕྱོགས་བརྒྱད་པ་ལ་སོགས་པའི་ས་གསུམ་སྒོམ་

(༩༩༦)པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མ་དག་པའི་ས་ལ་བརྟེན་པ་ཞེས་བྱའོ། །མཐར་ཐུག་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ། བརྒྱད་པ་ས་ལ་སོགས་པ་ས་གསུམ་སྒོམ་པའི་ཤེས་པའི་མི་མཐུན་པའི་ཕྱོགས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་དག་པའི་ས་ལ་མ་བརྟེན་པ་ཞེས་བྱའོ། །ཞེས་བྱ་བ་སྟེ། སྤྱིར་གསུང་རབ་དག་ལས་འབྱུང་བ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་རིན་པོ་ཆེའི་ཕྲེང་བར། དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པའོ། །དེ་ཡི་སྒྲུབ་པ་མདོར་བསྡུ་ན༴ མདོར་ན་དང་དང་ཤེས་རབ་བོ། །ཞེས་སྐྱེས་བུའི་བསྒྲུབ་པར་བྱ་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་གཉིས་ཡིན་པ་ལས། མངོན་པར་མཐོ་བ་ཡང་འདོད་པའི་ལྷ་དང་མི་དག་གི་སྒྲུབ་བྱེད་དགེ་བ་བཅུའི་ལས་ཀྱི་ལམ་དང་། ཁམས་གོང་མའི་ལྷ་སྒྲུབ་པར་བྱེད་པའི་རྒྱུ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ཡིན་པར་བཤད་ལ། ངེས་པར་ལེགས་པ་ཡང་ཐེག་པ་གསུམ་གྱིས་བསྡུས་པ་གསུམ་ཡོད་པས་ཐར་པ་གང་དུ་འཇུག་ཀྱང་རུང་སྟེ་བདག་མེད་པར་ལྟ་བ་ཉིད་དེ་དག་གི་ལམ་ཡིན་པར་བཤད་དོ། །བདག་མེད་པར་རྟོགས་པ་ཙམ་གྱིས་ཀྱང་ཤེས་བྱའི་སྒྲིབ་པ་མི་སྤོང་བས་དངོས་པོ་མཐའ་དག་ངོ་བོ་ཉིད་མེད་པར་རྟོགས་པའི་ཤེས་རབ་བསྒོམ་པར་བྱ་བར་བསྟན་ཏེ། དེ་ལྟ་བུའི་རིམ་པ་གོང་ནས་གོང་དུ་འགྲོ་བ་ན་རང་རང་གི་ལམ་གྱི་མི་མཐུན་

(༩༩༧)པའི་ཕྱོགས་ཀྱི་ཡང་བྱ་བ་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕྲ་ཞིང་། སྤང་བྱའི་རྩ་བ་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕྲ་ཞིང་དེ་ཤེས་པར་བྱེད་པ་ཡང་།།།ཡིན་ནོ། །དེ་བཞིན་དུ་འཁོར་ལོ་ཕྱི་མ་འདིར་ནི་འཁོར་བའི་རྩ་བ་མ་རིག་པའི་བག་ཆགས་ཀྱི་ས་ལ་བཤད་པས་ཤིན་དུ་ཕྲ་ལ། དེ་བཞིན་དུ་ཉོན་མོངས་པས་བསྒྲུབས་པའི་ཁམས་གསུམ་གྱི་རྣམ་པར་གཞག་པ་ཉིད་འཆད་པ་ན་ཡང་གཟུགས་མེད་པ་ན་ལྷའི་གཞལ་མེད་ཁང་ཡོད་པ་ལ་སོགས་པ་སྔོན་མ་གསུངས་པ་དག་འཆད་ཅིང་ཉོན་མོངས་པའི་རྣམ་པར་དབྱེ་བ་འཆད་པ་ན་ཡང་ཁམས་གོང་མ་ན་ཞེ་སྡང་ཡོད་པར་བཤད་པ་འདི་ལ་སོགས་པའི་ཕྲ་བ་དག་འཆད་པར་སྣང་ངོ་། །དེ་ལ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་ཡོད་པ་ཞེས་པས་ནི་རྟེན་བསྟན་ཏོ། །ཉོན་མོངས་པ་ཞེས་པས་ནི་ངོ་བོ་བསྟན་ཏོ། །མི་གཡོ་བའི་འདུ་བྱེད་།།།པའི་རྒྱུ་གཟུགས་དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ་ཞེས་པས་ནི་འབྲས་བུ་བསྟན་ཏོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཞེས་པས་ནི་གཉེན་པོ་བསྟན་ཏོ། །དེ་དག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བས་ནི་དེའི་འཇུག་པའི་དབྱེ་བ་བསྟན་ཏོ། །དེ་ལ་འཇིག་རྟེན་པའི་འདོད་ཆགས་ནི་རྣམ་པ་བརྒྱད་དེ། འདོད་པའི་འདོད་ཆགས་དང་༴ བསམ་གཏན་བཞི་པོ་དག་གི་འདོད་ཆགས་བཞི་དང་། གཟུགས་མེད་པ་དང་པོ་

(༩༩༨)གསུམ་གྱི་འདོད་ཆགས་གསུམ་མོ། །སྲིད་པའི་རྩེ་མོའི་འདོད་ཆགས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོ་ནས་ཡོང་གི་འཇིག་རྟེན་པའི་ལམ་གྱིས་མི་སྤོང་བར་ཆོས་མངོན་པ་བ་དག་འཆད་དོ། །འཇིག་རྟེན་པའི་འདོད་ཆགས་དེ་དག་ལས་བྲལ་བའི་གང་ཟག་ཀྱང་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་ཐོབ་པའི་གང་ཟག་སྟེ་རྣམ་པ་བརྒྱད་དོ། །འཇིག་རྟེན་པའི་ཆགས་བྲལ་རྣམས་ཀྱིས་ཀྱང་ཉོན་མོངས་པ་གང་ཡང་རུང་བ་ཞིག་མ་སྤངས་ན་ཁམས་དེ་དང་དེ་ལས་མི་འདའ་བས་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་དགོས་ཀྱང་འདོད་ཆགས་དང་བྲལ་བ་ཉིད་བཤད་པ་ནི་འདོད་ཆགས་དེ་སྲེད་པའི་རང་བཞིན་སྲིད་པ་གཞན་དུ་མཚམས་སྦྱོར་བའི་གཙོ་བོ་ཡིན་པས་གཙོ་བོའི་མིང་གིས་བསྟན་པ་ཡིན་ནོ། །འཇིག་རྟེན་པའི་འདོད་ཆགས་དང་པོས་བསྡུས་པ་རྣམས་ནི་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་གཉིས་གཉིས་ཀྱིས་སྤང་བར་བྱ་བ་ཡིན་པས་བར་ཆད་མེད་པའི་ལམ་ནི་བསམ་གཏན་དང་པོའི་ཉེར་སྡོགས་མཚན་ཉིད་རབ་ཏུ་རིག་པ་དང་། མོས་པ་ལས་བྱུང་བ་དང་། དབེན་པ་ལས་སྐྱེས་པ་དང་། དགའ་བ་སྡུད་པ་དང་། དཔྱོད་པ་དང་༴ སྦྱོར་བ་མཐའི་ཡིད་བྱེད་དེ་དྲུག་པོ་རྣམས་ལས་དབེན་པ་ལས་སྐྱེས་པ་དང་། དགག་བ་སྡུད་པ་དང་༴ སྦྱོར་བ་མཐའི་ཡིད་བྱེད་རྣམས་ནི་བར་ཆད་མེད་པའི་ལམ་ཡིན་ལ། གཞན་གསུམ་ནི་ཇི་ལྟར་རིགས་པར་དེ་དག་གི་གྲོགས་སོ། །བསམ་གཏན་དང་པོའི་དངོས་གཞི་ནི་འདོད་པའི་ཉོན་མོངས་ཐག་སྲིང་བར་བྱེད་པ་རྣམ་པར་གྲོལ་བའི་ལམ་མོ། །

(༩༩༩)རྣམ་པར་གྲོལ་བའི་ལམ་ཐོབ་པ་ནི་འདོད་ཆགས་དང་བྲལ་བ་ཞེས་བྱ་སྟེ། རང་ས་དེའི་མི་སློབ་པ་ལྟ་བུ་ཡིན་ནོ། །དེ་ཡང་འདོད་པའི་འདོད་ཆགས་མ་སྤངས་ཀྱི་བར་དུ་གཟུགས་ཀྱི་འདོད་ཆགས་མངོན་དུ་རྒྱུ་མི་འབྱུང་བར་ཆོས་མངོན་པ་བ་དག་གསུང་སྟེ། དེས་ན་འདིར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་ཡོད་པ་ཞེས་གསུངས་པ་ཡིན་ནོ། །མི་གཡོ་བ་ནི་དང་པོར་འཕེན་པར་བྱེད་པས་ས་གང་དུ་འཕངས་པ་དེ་ལས་གནས་སྐབས་ཀྱི་རྐྱེན་གྱིས་ས་གཞན་དུ་གཡོ་བར་མི་བྱེད་པས་མི་གཡོ་བ་ཞེས་བྱ་ལ། འདིར་འདུ་བྱེད་སྨོས་པ་ནི་དེའི་རྒྱུ་མ་རིག་པའི་གནས་སྐབས་ཏེ་འདུ་བྱེད་རྩོགས་པའི་རྒྱུ་ཡིན་ཞེས་པའོ། །འདུ་བྱེད་དེས་ཀྱང་གཟུགས་དང་གཟུགས་མེད་པའི་སྲིད་པ་སྒྲུབ་པར་བྱེད་པ་ནི་དེའི་འབྲས་བུ་རྫོགས་པའོ། །ཆོས་མངོན་པ་བ་དག་ཁམས་གོང་མ་ན་ཁྱབ་པར་བྱེད་པ་ཡིད་མི་བདེ་བ་མེད་པས་ཞེ་སྡང་མེད་པར་འཆད་པ་ནི་འདི་དང་སྦྱར་ན་རགས་པའི་ཞེ་སྡང་བ་མེད་པར་བཤད་པར་གསལ་ལ། འདིར་ནི་ཡིད་མི་བདེ་བ་ཕྲ་མོ་ཡང་ཡོད་ཅེས་གསུང་བར་ངེས་ཏེ། མདུན་དུ་གྱུར་ན་ཡིད་དགའ་བ་དང་། ཕྱི་ནས་དགའ་བ་མེད་འགྱུར་བ། ཞེས་དགའ་བའི་མི་མཐུན་ཕྱོགས་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་བཤད་པས་སོ། །ས་དེའི་རྣམ་པར་གྲོལ་བའི་ལམ་ལ་ཡང་ས་དེ་ཉིད་ཀྱི་ཟག་པ་རྒྱས་པར་འགྱུར་བས་ཟག་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཡིན་ནོ། །འཇིག་རྟེན་པའི་ཆགས་བྲལ་དེ་ཡང་ཕྱི་རོལ་པ་དང་ནང་པ་གཉི་

(༡༠༠༠)ག་ལ་ཡོད་པར་ཤེས་པར་བྱའོ། །འདི་ནི་འཁོར་བར་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་དེ་ལྟ་བུའི་འཇིག་རྟེན་པའི་ཆགས་བྲལ་མ་བྱས་པ་འགའ་ཡང་མེད་དེ། འོན་ཀྱང་༴ ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས། །བསྐྱེད་པའི་སྡུག་བསྔལ་མི་བཟད་བསྟེན་འཆལ་ལོ། ཞེས་གསུངས་པ་ལྟར་ཡིད་བརྟན་དུ་ཅི་ཡང་མེད་ལ་སྤངས་པ་སླར་མི་ལྡོག་པར་སྤོང་བའི་གཉེན་པོ་ནི་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་ཡེ་ཤེས་ཁོ་ན་ཡིན་པས་དེའི་གཞོམ་པར་བྱ་བའོ། །མི་གཡོ་བའི་ལས་ཀྱི་རྒྱུ་ཡིན་པས་ཉོན་མོངས་པ་གསུམ་པོ་འདི་སྤྱིར་ཀུན་ནས་ལྡང་བ་ཡིན་ཀྱང་འདོད་པའི་ཉོན་མོངས་ལ་ལྟོས་ན་ཕྲ་བས་བག་ལ་ཉལ་དུ་བཤད་དོ། །འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པ་ཞེས་པས་རྟེན་བསྟན་ཏོ། །བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་རྩོགས་པའི་རྒྱུ་འདོད་པའི་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ་ཞེས་པས་ནི་འབྲས་བུ་བསྟན་ཏོ། །མི་སྡུག་པ་ལ་སོགས་པ་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་ཞེས་བྱ་བས་ནི་གཉེན་པོ་བསྟན་ཏོ། །དེ་དག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཅེས་བྱ་བས་ནི་འཇུག་པའི་དབྱེ་བ་བསྟན་ཏོ། །དྲག་པོ་ཀུན་ནས་ལྡང་བའི་མཚན་ཉིད་ཅེས་བྱ་བས་ནི་ངོ་བོ་ཉིད་བསྟན་ཏོ། །འདོད་ཆགས་ལ་སྤྱོད་པ་ནི་འདོད་ཆགས་ཤིན་དུ་ཤས་ཆེ་བ་ཡིན་ལ། སོགས་པའི་སྒྲས་ཞེ་སྡང་དང་གཏི་མུག་དག་ཀྱང་ཤས་ཆེར་སྤྱོད་པ་གཟུང་

(༡༠༠༡)ངོ་༴ བསོད་ནམས་ནི་འདོད་ཁམས་ཀྱི་དགེ་བའི་ལས་ཡིན་ལ། བསོད་ནམས་མ་ཡིན་པ་ནི་མི་དགེ་བའི་ལས་སོ། །དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས༴ འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །དེས་བསྐྱེད་ལས་ནི་མི་དགེ་བ། འདོད་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །ཞེས་གསུངས་པའི་ཕྱིར་ཉོན་མོངས་པས་མི་དགེ་བ་དངོས་སུ་བསྐྱེད་པ་ཡོད་ཀྱང་དགེ་བ་དངོས་སུ་བསྐྱེད་པ་ནི་མེད་མོད། འོན་ཀྱང་འགྲན་སེམས་ཞེ་སྡང་དུ་གྱུར་པས་དཀོན་མཆོག་མཆོད་པ་ལ་སོགས་པའི་རྒྱུ་བརྒྱུད་ནས་བྱེད་པ་ཡོད་པའི་ཕྱིར་བསོད་ནམས་ཀྱི་རྒྱུར་ཡང་བཤད་པ་ཡིན་ནོ། །ཉོན་མོངས་པ་དྲག་པོས་ནི་ལུང་དུ་མ་བསྟན་པའི་ལས་ཀྱང་སྐྱེད་པར་མི་བྱེད་ལ། ཐ་མལ་པས་ནི་ལས་དེ་ཡང་བྱེད་དོ། ཁམས་གོང་མའི་ཉོན་མོངས་པ་རྣམས་གསུམ་དུ་བགྲངས་ནས་འདོད་པའི་ཉོན་མོངས་པ་དྲག་པོ་རྣམས་གཅིག་ཏུ་བརྩིས་པ་ནི་ཐམས་ཅད་ཀྱིས་ཀྱང་ཉེས་སྤྱོད་རྩོམ་པ་ལ་མི་འདྲ་བ་མེད་པའི་ཕྱིར་གཅིག་ཏུ་བྱས་པ་ཡིན་ནོ་ཞེས་ལོ་རྩ་བ་ཆེན་པོ་གསུང་ངོ་། །ཉོན་མོངས་དྲག་པོ་ངེས་བསགས་པའི་འདུ་བྱེད་ཀྱིས་རིགས་དྲུག་ག་བསྐྱེད་ཀྱང་དེ་ཐམས་ཅད་འདོད་པའི་ཁམས་ཁོ་ན་ཡིན་པས་འདོད་པའི་ཁམས་འབའ་ཞིག་བསྐྱེད་པར་གཞག་པོ་གཉེན་པོ་ནི༴ འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་སོགས། པགས་པ་ཀེང་རུས་ལྟ་བས་རྣམ་པར་བཟློག །བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ། གཏི་མུག་ལ་ནི་རྟེན་འབྲེལ་

(༡༠༠༢)ལམ་གྱིས་སོ། །ཞེས་གསུངས་པ་ལྟར་སོ་སོའི་གཉེན་པོ་བསྟན་པ་ནི་སོ་སོའི་གཉེན་པོ་མ་བསྟན་ན་འཇིག་རྟེན་ལས་འདས་པའི་ལམ་ལ་མི་འཇུག་པ་ངག་གི་དབང་དུ་བྱས་ནས་བསྟན་པ་ཡིན་ལ་ཉོན་མོངས་པ་དྲག་པོ་ཅན་ཡང་འཇིག་རྟེན་ལས་འདས་པའི་ལམ་དུ་དང་པོ་ཉིད་ནས་འཇུག་པ་ཡང་ཡོད་པས་མི་གཙང་བ་སོགས་ངེས་པར་དགོས་པ་ཡང་མ་ཡིན་ནོ། །འོན་ཀྱང་འདོད་པའི་ཉོན་མོངས་རགས་པ་ནི་སྤྱོད་པ་རྣམ་པར་སྦྱོང་བས་ཞི་བར་བྱས་ནས་འབྲིང་དང་ཆུང་ངུ་དག་བསམ་གཏན་གྱིས་ཞི་བར་བྱེད་ཅིང་། དེ་དག་སོ་སོའི་ཉོན་མོངས་པ་ཡང་ས་གོང་མ་གོང་མའི་ལམ་གྱིས་ཡོང་ལ། སྲིད་པའི་རྩེ་མོའི་ཉོན་མོངས་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འབའ་ཞིག་གིས་སྤོང་ངོ་ཞེས་བྱ་བའི་སྤྱིར་གྲགས་པའི་རྣམ་པར་གཞག་པ་བསྟན་པ་ཙམ་མོ། །འཕགས་པ་དང་སློབ་དཔོན་སེང་གེ་བཟང་པོས་ནི་སྲིད་པའི་རྩེ་མོའི་ས་ན་ཟག་པ་མེད་པའི་ཡེ་ཤེས་མེད་པར་བཤད་པ་ནི་ཐབས་ལ་མི་མཁས་པའི་ཉན་ཐོས་རྣམས་ཀྱི་དབང་དུ་བྱས་པ་ཡིན་ལ། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔས་ནི་སྲིད་རྩེའི་སས་བསྡུས་པའི་ཟག་པ་མེད་པ་ཡང་བསྐྱེད་པར་བཤད་དོ། །འཁོར་ལོ་ཕྱི་མ་འདིར་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྩ་བ་ཟུག་པའི་རྣལ་འབྱོར་པ་ལ་ཇི་ཙམ་དུ་ཉོན་མོངས་པ་རགས་པ་དེ་ཙམ་དུ་གཉེན་པོའི་སྟོབས་འཕེལ་བར་བཞེད་དོ། །དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཞེས་པས་ནི་རྟེན་བསྟན་ཏོ། །ཟག་པ་མེད་པའི་ལས་འཇུག་པའི་རྒྱུ་དྲི་མ་མེད་པའི་ཡིད་ཀྱི་ལུས་འགྲུབ་པར་

(༡༠༠༣)དག་ཉིད་ཡིན་མོད་ཀྱི། །དེ་ལས་ཀུན་བརྟགས་ཀྱི་ཆ་བསྡུས་པ་ནི་མཐོང་བས་སྤང་བར་བྱ་བ་དང་། ལྷན་ཅིག་སྐྱེས་པས་བསྡུས་པ་ནི་སྒོམ་པས་སྤང་བར་བྱ་བའོ། །ཇི་ལྟར་མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་སྒོམ་པའི་ཤེས་པས་གཞོམ་པ་ནི་ཕྱོགས་གཅིག་སྟེ། འཇིག་རྟེན་པའི་སྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཡང་ཡོད་པའི་ཕྱིར་ཏེ། གལ་ཏེ་མེད་ན་ནི་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་གཉིས་ཡན་ལག་དང་ཉིད་ལག་དང་བཅས་པ་རྣམ་པར་གཞག་ཏུ་མེད་པར་འགྱུར་བའི་ཕྱིར་རོ། །མཐར་ཐུག་པར་མ་གྱུར་པའི་བྱང་ཆུབ་སེམས་དཔའ་ནི་ས་བདུན་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ལ་བྱ་ལ། དེ་དག་གི་སྒྲིབ་པ་རྣམས་མཐར་ཐུག་པའི་ལམ་གྱིས་སྤོང་བར་བཤད་པ་ནི་དག་པ་སའི་ཡེ་ཤེས་ཀྱིས་སྤོང་བ་སྟེ། འབྲས་བུ་མཆོག་གི་མཐར་ཐུག་པ་མ་ཡིན་ཡང་ལམ་གྱི་མཐར་ཐུག་པ་ཡིན་པས་དེ་སྐད་དུ་བརྗོད་ཅིང་སངས་རྒྱས་པར་ཡང་བཤད་དེ། དེ་དག་གི་སྟོན་སྔར་ཉིད་དུ་བརྗོད་ཟིན་ཏོ། མཐར་ཐུག་པའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྒྲིབ་པ་རྣམས་དག་པས་ཉིད་ཀྱི་ཡེ་ཤེས་ཀྱི་རིམ་གྱིས་སྤོང་ལ། ཐ་མ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤོང་སྟེ་དེ་ནི་བར་ཆད་མེད་པའི་ལམ་དུ་གྱུར་པ་ཁོ་ན་ལ་དགོངས་ལ། རྣམ་པར་གྲོལ་བའི་ལམ་སངས་རྒྱས་ཀྱི་ཡེ་ཤེས་ལ་རྡོ་རྗེ་ལྟ་བུར་བརྗོད་པ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་། གནོད་འཇོམས་ལས་ཀྱང་བཤད་དོ། །

(༡༠༠༤)ཆགས་སོགས་ཉོན་མོངས་དགུ་པོ་ནི། །མདོར་བསྡུས་ནས་ནི་གོ་རིམས་བཞིན། །པདྨའི་སྦུབས་ལ་སོགས་པ་ཡི། །དཔེ་དགུ་དག་གིས་ཡང་དག་བ་སྟན། །ཞེས་བྱ་བ་ནི་ནག་ཚོའི་འགྱུར་ལ་རྐྱང་པར་འབྱུང་ལ། རྔོག་དང་ཡ་ཚབ་ཀྱི་འགྱུར་ལ་ཚིགས་སུ་བཅད་པར་འབྱུང་ཞིང་། རྒྱ་དཔེར་ཡང་ཚིགས་སུ་བཅད་པར་མཐོང་སྟེ། རྗེ་བཙུན་གྱི་གསུང་དུ་བྱས་ན་ཡང་འགལ་བ་མ་མཐོང་ལ། ཐོགས་མེད་ཀྱིས་ཚིགས་སུ་བཅད་ན་པར་སྦྱར་ན་ཡང་གནོད་པར་བྱེད་པ་མེད་མོད། རྗེ་བཙུན་གྱི་གསུང་འདི་ལྟ་བུ་བཞུགས་པ་མཐོང་ནས། དྲི་མ་རྣམ་དགུ་པདྨ་ཡི། སྦུབས་སོགས་དཔེས་ནི་རབ་བསྟན་ཏེ། །ཞེས་བྱ་བ་ཡན་ཆད་ཁོ་ན་འགྲེལ་པ་འདིར་ཐོག་མར་བཀྲལ་ལོ་ཞེས་བྱ་བ་ལ་ཉེ་བར་སྣང་ངོ་། །དྲི་མ་རྣམ་དགུ་པདྨ་ཡི། །ཉེ་བའི་ཉོན་མོངས་ཤེས་བྱ་བ་ལ་སོགས་པ་རྐང་པ་གཉིས་བཤད་པ་ནི། གང་གིས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཡོགས་པ་ཞེས་བརྗོད་པ་རྒྱས་པར་ནི་འདི་དག་ཉིད་བརྒྱད་ཁྲི་བཞི་སྟོང་གི་རྣམ་པའི་རབ་ཏུ་དབྱེ་བས་དེ་བཞིན་གཤེགས་པའི་ཡེ་ཤེས་བཞིན་དུ་མཐའ་ཡས་པར་འགྱུར་རོ། ཞེས་བྱ་བ་ལ༴ དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཡོགས་པ་ཞེས་བརྗོད་པ་ནི། ཉེ་བའི་ཉོན་མོངས་སྦུབས་ཀྱི་ནི། །དབྱེ་བ་བྱེ་བ་མཐའ་ལས་འདས། ཤེས་བརྗོད་པ་དེ་ཉིད་དོ། །དེ་རྒྱུ་མཚན་གང་གིས་བརྗོད་ན་ཉོན་མོངས་པ་འདི་དག་ཉིད་རེ་རེས་ཀྱང་བསྒྲིབ་བྱ་སྟོབས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་བརྒྱད་ཁྲི་བཞི་སྟོང་ལ་

(༡༠༠༥)ཡིན་པའི་ཕྱིར་རོ་ཞེས་འཕེན་པར་བྱེད་དོ། །ཁོ་བོ་ཅག་ནི་འདི་སྙམ་དུ་སེམས་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་སྐད་ཅིག་དང་པོ་བར་ཆད་མེད་པའི་ལམ་ཡིན་ན་ནི་སངས་རྒྱས་ཀྱི་ས་དེ་ལམ་ཆད་པ་དང་འཇུག་པ་ཆད་པའི་མཚན་ཉིད་ཅན་མ་ཡིན་པར་འགྱུར་ཏོ། བར་ཆད་མེད་པའི་ལམ་ཡིན་པའི་ཕྱིར་རོ་ཞེས་རྗོད་པར་བྱེད་ལ། རྒྱུན་གྱི་ཐ་མའི་ཡེ་ཤེས་རང་དུས་ན་སྒྲིབ་པ་མེད་ཀྱང་སྐད་ཅིག་སྔ་ལོགས་ན་བག་ཆགས་ཕྲ་མོ་ཡོད་ལ། དེས་ཐ་མའི་ཡེ་ཤེས་དེ་ཤེས་བྱ་ཐམས་ཅད་མི་མཐོང་བའི་བདག་ཉིད་དུ་བསྐྱེད་པས་སྒྲིབ་པའི་བྱ་བ་བྱས་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པར་ཐལ་བར་མི་འགྱུར་ཏེ། དཔེར་ན་མྱུ་གུའམ་དུས་ན་ས་བོན་འགགས་ཀྱང་དེ་གཉིས་རྒྱུ་དང་འབྲས་བུར་འབྲེལ་བས་མྱུ་གུ་ལ་ས་བོན་ཡོད་ཅེས་བརྗོད་ཅིང་། སྔ་ཕྱིར་ཡོད་པ་དེ་ཉིད་གང་ཡོད་ན་གང་འགྱུར་བ་ཞེས་བྱ་བའི་རྒྱུ་འབྲས་ཀྱི་ཚུལ་ལས་མ་ཉམས་པ་ཡིན་ནོ། །འདིར་སྐབས་ཀྱི་དོ་ན་ནི་བསྒྲིབ་བྱ་དང་སྒྲིབ་བྱེད་ཀྱི་དོན་ཁོང་དུ་མ་ཆུད་པ་སྟེ། དེ་གཉིས་སྔ་ཕྱིར་མ་གོ་བར་དུས་མཉམ་དུ་གཟུང་བ་ཡིན་པར་སྣང་ངོ་། །དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཞོམ་བྱར་བཤད་པ་ནི་རྣམ་པར་གྲོལ་བའི་ལམ་ལ་འཇོམས་བྱེད་དུ་བཤད་པ་ཡིན་པར་རྟོགས་པར་བྱའོ། །འདིར་སློབ་པ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པས་སོ་སོའི་སྐྱེ་བོ་ལ་སློབ་པ་བཤད་པ་ནི་ཐར་པའི་ཆ་དང་མཐུན་པ་ནས་གཟུང་སྟེ་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའི་བར་དུ་ཉོན་

(༡༠༠༦)མོངས་སྤོང་བའི་རྩོལ་བ་ཡོད་པས་སློབ་པར་གཞག་ལ། སྐྱབས་གསུམ་བདུན་བཅུ་པར། གང་ཞིག་འཕགས་ལམ་མ་སྐྱེས་པའི། །བྱིས་རྨོངས་སོ་སོའི་སྐྱེ་བོ་དག །དེ་ནི་སློབ་དང་མི་སློབ་པ། །མིན་ཞེས་བསྟན་བཅོས་ལས་བཤད་དོ། །ཞེས་བྱ་བ་དང་འགལ་བ་ཡང་མ་ཡིན་ཏེ། འཕགས་པ་ཉིད་ལ་སློབ་པ་དང་མི་སློབ་པར་ཕྱེ་བས་འཕགས་ལམ་གྱི་དབང་དུ་བྱས་པའི་ཕྱིར་ཏེ། དཔེར་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ནས་དགེ་འདུན་གྱི་མ་མཐའ་གཟུང་བ་དང་། ལས་བྱེད་པའི་ཚེ་སོ་སོའི་སྐྱེ་བོའི་དགེ་སློང་བཞི་འདུས་པ་ལ་ཡང་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་རྗོད་པར་བྱེད་པ་བཞིན་ནོ། །དེ་ལ་མཐོང་བས་སྤང་བར་བྱ་བ་ནི་ལྟ་བ་ལྔ་དང་ལྟ་བ་མ་ཡིན་པ་ལྔ་སྟེ་བཅུ་པོ་ལ་བ་དེན་པ་བཞིའི་དབྱེ་བས་ཕྱེ་བས་བཞི་བཅུ་འདོད་པས་བསྡུས་པ་དང་། ཁམས་གོང་མར་ཁོང་ཁྲོ་མ་གཏོགས་པ་དགུ་ཞེས་འཆད་པ་ནི་ཆོས་མངོན་པ་བ་དག་གི་ལུགས་ཡིན་མོད། འདིར་ཁམས་གོང་མར་ཞེ་སྡང་བཤད་པས་ཁམས་གོང་མའི་ཡང་བཞི་བཅུར་འགྱུར་ལ། སྤོང་བྱེད་མཐོང་བའི་ལམ་ཡང་སྐད་ཅིག་མ་བཅུ་དྲུག་དང་། དེས་ཅི་ཞིག་མཐོང་བ་ཡང་འཇིག་རྟེན་ལས་འདས་པའི་ཆོས་ཏེ་མི་རྟག་པ་ལ་སོགས་པ་བཅུ་དྲུག་པོ་ནི་ཉན་ཐོས་ཀྱི་མཐོང་བའི་ལམ་གྱིས་རྟོགས་པར་བྱ་བའི་ཆོས་ཡིན་ལ། རང་སངས་རྒྱས་ལ་ནི་དེའི་སྟེང་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་མཐོང་བས་ཆོས་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །སྒོམ་པའི་ལམ་དུ་ཡང་སྤང་བར་བྱ་བ་ཉོན་མོངས་པ་བཅུ་པོ་དེ་

(༡༠༠༧)བྱེད་པ་ཞེས་པས་ནི་འབྲས་བུ་བསྟན་ཏོ། །དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཞེས་པས་ནི་གཉེན་པོ་བསྟན་ཏོ། །གང་ཡིན་པ་དེ་དག་ནི་མ་རིག་པའི་བག་ཆགས་ཀྱི་སས་བསྡུས་པ་ཞེས་བྱ་བས་ནི་ངོ་བོ་བསྟན་ཏེ། རྟེན་དགྲ་བཅོམ་པ་ནི་ཉན་རང་གཉི་གའི་དགྲ་བཅོམ་པ་ལ་བྱ་ལ། དེ་ཡང་མ་རིག་བག་ཆགས་ཀྱི་ས་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་སེམས་ཅན་ཐམས་ཅད་ལ་གནས་ཤིང་། ས་བཅུའི་མཐར་ཐུག་པར་ཡང་གནས་པ་ལས་འདིར་དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་སྨོས་པ་ནི་དེའི་ཕྱོགས་གཅིག་འཁོར་བའི་ཉོན་མོངས་པ་དང་བྲལ། ཡིད་ཀྱི་ལུས་སྒྲུབ་བྱེད་ཟག་པ་མེད་པའི་ལས་བསྐྱེད་པའི་ནུས་པ་དང་ལྡན་པ་དེ་གཟུང་བ་སྟེ། དེའི་ཐོག་མ་ནི་དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་དེའོ། །རྒྱལ་པོ་འགྲོ་ཞེས་བརྗོད་ན་འཁོར་དང་བཅས་པར་ཤེས་པ་བཞིན་དུ་མ་རིག་པའི་སའི་མིང་དེས་ཟག་མེད་ཀྱི་ལས་དང་ཟག་པ་མེད་པའི་ཡིད་ཀྱི་ལུས་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་རྣམས་ཐམས་ཅད་བསྟན་ཏེ། དེ་ལྟ་བུའི་རྒྱུ་འབྲས་ཆ་བཞི་པོ་ནི་ཉན་རང་ལྷག་མེད་དུ་ཞུགས་པ་ནས་དེ་།།།ཡང་ཐེག་ཆེན་དུ་ཞུགས་ཏེ་ས་རབ་ཏུ་དགའ་བ་མ་ཐོབ་པ་དེ་སྲིད་ཀྱི་བར་གྱི་ཆོས་བཞི་པོ་རྣམས་སོ། །དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པ་ཞེས་བྱ་བ་ནི་མ་རིག་བག་ཆགས་ཀྱི་ས་དེའི་ཟག་པ་མེད་པའམ་ལས་ལ་སོགས་པ་བསྐྱེད་པའི་གནས་སྐབས་དང་པོ་ནི་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ན་

(༡༠༠༨)སྤངས་སོ། །དེ་ནས་ཡང་ས་བདུན་དང་འབྲེལ་བའི་ཆོས་བཞི་པོ་དེ་དག་ནི་དག་པ་སའི་ཡེ་ཤེས་ཀྱིས་སྤངས་སོ། །དག་པ་སའི་ཡེ་ཤེས་ཀྱི་མཐའ་ཇི་སྲིད་པར་མ་རིག་བག་ཆགས་ཀྱི་ས་ཡང་ཡོད་པས་མཐའི་མ་རིག་བག་ཆགས་ཀྱི་ས་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་མངོན་སུམ་དུ་མཛད་པའི་ཡེ་ཤེས་ཀྱིས་སྤངས་ཏེ། བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ལ་བརྗོད་པས་མ་རིག་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ཟད་པར་ཡང་ཤེས། ཡིད་ཀྱི་རང་བཞིན་གྱི་ལུས་སུ་མི་སྐྱེ་བར་ཡང་ཤེས་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །འདིར་དགོངས་པ་ངེས་པར་འགྲེལ་བ་ལས་ས་བཅུ་དང་སངས་རྒྱས་ཀྱི་ས་སྟེ་བཅུ་གཅིག་པོ་ལ་མ་རིག་པ་གཉིས་གཉིས་དང་གནས་ངན་རེ་རེ་སྟེ་ས་རེར་སྤང་བར་བྱ་བ་གསུམ་གསུམ་སྤོང་བར་བཤད་པས་སངས་རྒྱས་ཀྱི་སའི་ངོ་སྐལ་གྱི་སྤང་བྱ་དེ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་ས་བཅུ་པའི་ཡེ་ཤེས་ཐ་མ་ལ་འདོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐད་ཅིག་དང་པོ་ལ་འདོད་པ་གཉིས་ལས། ཁུ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་པོ་ཉིད་བར་ཆད་མེད་པའི་ལམ་དུ་འདོད་ལ། ས་བཅུ་པའི་ཐ་མ་བར་ཆད་མེད་པའི་ལམ་ཡིན་ན། བར་ཆད་མེད་པའི་ལམ་གང་ཡིན་པ་དེ་ངོ་སྐལ་གྱི་སྤང་བྱ་དང་མི་འགྲོགས་པས་རྒྱུན་གྱི་ཐ་མ་ན་སྒྲིབ་པ་མཐའ་དག་མེད་པར་ཐལ་ལ། དེ་འདོད་ན་ནི་ཐམས་ཅད་མཁྱེན་པར་ཐལ་བར་འགྱུར་ཏེ། སྒྲིབ་པ་ཅུང་ཟད་ཀྱང་མེད་པའི་ཤེས་པ་

(༡༠༠༩)སྒྲིབ་པའི་རྣམ་པའི་རབ་ཏུ་དབྱེ་བས་རྒྱས་པར་ཕྱེ་ན་བསྒྲིབ་བྱ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་གྲངས་མཐའ་ཡས་པ་བཞིན་དུ་སྒྲིབ་བྱེད་ཀྱང་གྲངས་མཐའ་ཡས་པར་འགྱུར་རོ། །བརྒྱད་ཁྲི་བཞི་སྟོང་གི་གྲངས་འདི་ཡང་མདོ་སྡེ་རྣམས་ལས་མང་དུ་འབྱུང་བ་ལ། མངོན་པ་བ་དག་རྗོད་པར་བྱེད་པའི་ཡི་གེའི་ཚད་ལ་འཆད་ལ། ཡང་གཞན་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟེ་གསུམ་པོ་ཤས་ཆེ་བ་དང་ །ཆ་མཉམ་པ་སྟེ་བཞི་པོ་རྣམས་ལ་ཉི་ཁྲི་ཆིག་སྟོང་རེར་བཤད་ནས་དེ་དག་གི་གཉེན་པོའི་གྲངས་ལ་འཆད་པ་ཡོད་མོད། ཉི་ཁྲི་ཆིག་སྟོང་ཉིད་ཇི་ལྟར་བགྲང་བའི་ཚུལ་ཡང་མ་མཐོང་ལ། བསྐལ་པ་བཟང་པོའི་མདོ་ལས་ཕ་རོལ་དུ་ཕྱིན་པ་དྲུག་ཚན་སུམ་བརྒྱ་དང་ལྔ་བཅུར་བཤད་པ་དེ་རེ་རེ་ཞིང་དྲུག་དྲུག་ཏུ་ཕྱེ་བས་ཉིས་སྟོང་དང་བརྒྱ་ཕྲག་གཅིག་ཏུ་འགྱུར་ཞིང་། དེ་བཞིས་བསྒྱུར་བ་དང་། སླར་ཡང་བཅུ་ས་བསྒྱུར་བས་བརྒྱད་ཁྲི་བཞི་སྟོང་འབྱུང་བ་ལ། རྒྱའི་མཁན་པོ་ཁན་ཚེགས་ཀྱིས་བཤད་དེ། དེ་ཡང་བཤད་པའི་རྣམ་གྲངས་གཅིག་ཏུ་འགྱུར་བར་རྟོགས་སོ། །ད་ནི་རྟེན་དེས་གང་མ་དག་པར་བྱས་པ་བཤད་པའི་ཕྱིར། །དྲི་འདི་དག་གིས་བྱིས་རྣམས་དང་། དགྲ་བཅོམ་སློབ་པ་བློ་ལྡན་རྣམས། །རིམ་བཞིན་བཞི་དང་གཅིག་དང་ནི། །གཉིས་དང་གཉིས་ཀྱིས་མ་དག་ཉིད། ཅེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པའི་དྲི་མ་དགུ་པོ་འདི་དག་གིས་གོ་རིམས་བཞིན་དུ་རྟེན་གང་ཟག་བཞི་མ་དག་སྟེ། བྱིས་པ་རྣམས་འདོད་ཆགས་སོགས་བཞི་སམ་དག་ལ།

(༡༠༡༠)དགྲ་བཅོམ་རྣམས་བག་ཆགས་ཀྱི་ས་གཅིག་གིས་མ་དག་ཅིང་། སློབ་པ་རྣམས་མཐོང་སྒོམ་གྱི་ཡང་བྱ་གཉིས་ཀྱིས་མ་དག་ལ། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་མ་དག་པ་དང་དག་པའི་ས་ལ་བརྟེན་པའི་དྲི་མ་གཉིས་ཀྱིས་མ་དག་པ་ཉིད་དོ། །དེ་ཉིད་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བཀའ་སྩལ་བ་གང་ཡིན་པ་དེ་ལ་སེམས་ཅན་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་བཞིར་བརྗོད་དེ། འདི་ལྟ་སྟེ་སོ་སོའི་སྐྱེ་བོ་དང་། དགྲ་བཅོམ་པ་དང་། སློབ་པ་དང་༴ བྱང་ཆུབ་སེམས་དཔའོ། །དེ་ལ་འདི་དག་ཟག་པ་མེད་པའི་དབྱིངས་སུ་གོ་རིམས་ཇི་ལྟ་བ་བཞིན་ཉོན་མོངས་པ་བཞི་དང་གཅིག་དང་གཉིས་དང་གཉིས་ཀྱིས་མ་དག་པར་བསྟན་ཏོ། །ཞེས་བྱ་བ་ལ༴ འདི་དག་ཟག་པ་མེད་པའི་དབྱིངས་སུ་ཞེས་བྱ་བ་ནི། འདི་དག་གི་ཟག་པ་མེད་པའི་དབྱིངས་ལ་ཞེས་སྦྱར་ཏེ། དྲི་མས་སེམས་ཅན་རྣམ་པ་བཞི་བསྒྲིབས་ཤེས་སྤྱིར་བརྗོད་ཀྱང་བྱེ་བྲག་ཏུ་དེའི་རང་བཞིན་གྱིས་ཟག་པ་མེད་པའི་ཁམས་ལ་བསྒྲིབས་ཤེས་བྱའོ། །ཉོན་མོངས་པ་བཞི་དང་ཞེས་ཐོག་མའི་གསལ་བྱེད་དུ་སྦྱར་བས་ཐམས་ཅད་ཉོན་མོངས་པར་བསྟན་པ་ནི་དངོས་དང་བཏགས་པ་ཇི་རིགས་པ་སྟེ། དགྲ་བཅོམ་པ་དང་ས་བཅུ་ལ་བརྟེན་པའི་དྲི་མ་གསུམ་པོ་ནི་ཉོན་མོངས་པ་བཏགས་པ་བའོ། །ཡང་འདི་འདྲི་སྟེ༴ དྲི་མ་དགུ་པོ་དེ་དག་གི་ངོ་བོ་དང་རྟེན་ཁྱད་པར་དང་བཅས་པར་བརྗོད་པའི་ཚེ་སོ་སོ་བ་ཉིད་དུ་ཁོང་དུ་ཆུད་ན། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དགུ་པོ་འདི་དག་པདྨའི་སྦུབས་ལ་སོགས་པ་དང་ཇི་ལྟར་

(༡༠༡༡)ཆོས་མཐུན་ནས་འདྲ་བར་རིག་པར་བྱ་ལ། དེ་བཞིན་གཤེགས་པའི་ཁམས་དགུ་པོ་ཡང་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་དང་ཇི་ལྟར་ཆོས་མཐུན་པར་ཡང་རིག་པར་བྱ་ཞེ་ན༴ དང་པོར་སྒྲིབ་པ་རྣམས་དཔེ་སོ་སོ་དང་མཐུན་པར་བསྟན་པའི་ཕྱིར། ཇི་ལྟར་པདྨ་འདམ་སྐྱེས་ཏེ། བདུན་དུ་གྱུར་ན་ཡིད་དགའ་དང་། །ཕྱི་ནས་དགའ་བ་མེད་འགྱུར་བ། འདོད་ཆགས་དགའ་བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི། །ཤིན་དུ་འཁྲུགས་ཏེ་མདུང་རྟེག་ལྟར། །དེ་བཞིན་ཞེ་སྡང་སྐྱེ་བ་ན། །སྙིང་ལ་སྡུག་བསྔལ་སྐྱེད་པར་བྱེད། །ཇི་ལྟར་འབྲས་སོགས་སྙིང་པོ་ནི། །ཕྱི་རོལ་སྦུན་པས་བསྒྲུབས་པ་ལྟར། །དེ་བཞིན་སྙིང་པོའི་དོན་མཐོང་བ། །མ་རིག་སྒོ་ངའི་སྦུབས་ཀྱིས་བསྒྲིབས། །ཇི་ལྟར་མི་གཙང་མི་མཐུན་པ། །དེ་བཞིན་ཆགས་དང་བཅས་རྣམས་ཀྱི། །འདོད་པ་བསྟེན་པའི་རྒྱུ་ཡིན་ཕྱིར། །ཀུན་ནས་ལྡང་བ་མི་གཙང་འདྲ། །ཇི་ལྟར་ནོར་ནི་བསྒྲིབས་པས་ན། །མི་ཤེས་གཏེར་མི་ཐོབ་པ་ལྟར། །དེ་བཞིན་སྐྱེ་ལ་རང་བྱུང་ཉིད། །མ་རིག་བག་ཆགས་ས་ཡིས་བསྒྲིབས། །ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། །འཕགས་པའི་ལམ་དང་འབྲེལ་བ་ལས། །འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱི། །སྒོམ་པའི་ཡེ་ཤེས་སྤང་བྱ་རྣམས། །གོས་རྡུལ་དག་དང་མཚུངས་པར་བསྟན། །ས་བདུན་ལ་བརྟེན་དྲི་

(༡༠༡༢)མ་ནི༴ མངལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་དྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱིས་གཞོམ་བྱ་ཡིན། །དེ་ལྟར་ཆགས་སོགས་དྲི་མ་དགུ། །པདྨ་ལ་སོགས་དག་དང་མཚུངས། ཤེས་བྱ་བ་གསུངས་ཏེ། དཔེ་ཇི་ལྟར་མི་གཙང་བ་དང་བཅས་པའི་འདམ་ལས་སྐྱེས་པའི་པདྨ་ནི་དང་པོར་མདུན་དུ་གསལ་བར་གྱུར་ན་མིག་དང་ཡིད་དགའ་བ་སྐྱེ་ལ། ཕྱི་ནས་རྙིངས་ཏེ་མདོག་ངན་པར་གྱུར་པ་ན་དགའ་བ་མེད་པའི་ཡིད་འབྱུང་བ་སྐྱེ་བར་འགྱུར་བ་ལྟར། །འདོད་ཆགས་ཀྱི་དགའ་བ་ཡང་དང་པོར་མི་གཙང་བ་ལ་གཙང་བར་འཛིན་པ་ལས་སྐྱེ་ལ། སྐྱེས་པའི་ཚོར་བ་དེས་ཡིད་དགའ་ཞིང་འདོད་ཆགས་དེ་ཉིད་ཉམས་ཏེ་དགའ་བ་མེད་པའི་ཡིད་མི་བདེ་བ་སྐྱེ་བ་ནི་པདྨ་ཇི་ལྟ་བ་དེ་བཞིན་ནོ། །ཡང་ཇི་ལྟར་སྲོག་ཆགས་སྦྲང་མའམ་བུང་བ་ནི་ལུས་དང་ཚང་ལ་གནོད་པ་བྱས་ན་ཡིད་ཤིན་དུ་འཁྲུགས་ཏེ་གནོད་པར་བྱེད་པ་ལ་མདུང་རྟེག་པ་ལྟར། དེ་བཞིན་དུ་ཞེ་སྡང་སྐྱེ་བ་ན་ཞེ་སྡང་སློང་བ་པོའི་རང་གི་སྙིང་ལ་སྡུག་བསྔལ་སྐྱེད་པར་བྱེད་དོ། །ཡང་ཇི་ལྟར་འབྲས་དང་ནས་ལ་སོགས་པའི་སྙིང་པོ་ནི་ཕྱི་རོལ་གྱི་སྦུན་པས་བསྒྲིབས་ནས་སྐྱེ་བོས་མ་མཐོང་བས་བཀྲེས་པར་གྱུར་པ་ལྟར། དེ་བཞིན་དུ་སྙིང་པོའི་དོན་མ་རིག་པའི་སྒོ་ངའི་སྦུབས་ཀྱིས་བསྒྲིབས་པས་དེ་མཐོང་བ་ལ་གེགས་བྱས་ཏེ། འཕགས་པའི་ནོར་གྱིས་འཕོངས་ཤིང་སྡུག་

(༡༠༡༣)བསྔལ་བར་འགྱུར་རོ། །ཡང་ཇི་ལྟར་ཕྱི་ས་ལ་སོགས་པའི་མི་གཙང་བ་དག་ནི་ཡ་རབས་ཀྱི་དབང་པོ་དང་མི་མཐུན་ཡང་སྲིན་བུ་དང་སྦྲང་བུ་ལ་སོགས་པ་རྣམས་དེའི་དྲི་དང་རོ་ལ་ཆགས་པ་སྨད་པའི་འོས་སུ་གྱུར་པ་ལྟར། དེ་བཞིན་དུ་འདོད་པའི་ཡུལ་ལ་ཀུན་ནས་ལྡང་བ་དྲག་པོ་སྐྱེས་པ་དག་ནི་འདོད་པའི་ཁམས་ཀྱི་ཡུལ་ལ་ཆགས་པ་དང་བཅས་པ་རྣམས་ཀྱི་གཟུགས་དང་སྒྲ་ལ་སོགས་པའི་འདོད་པའི་ཡུལ་བསྟེན་པའི་རྒྱུ་ཡིན་པའི་ཕྱིར་མི་གཙང་བ་དང་འདྲ་སྟེ། འཕགས་པའི་སྐྱེ་བོ་ཡ་རབས་ཀྱིས་སྤོང་བའི་ཡོ་ཕྱིར་རོ། །ཡང་ཇི་ལྟར་གསེར་ལ་སོགས་པའི་ནོར་ཁང་པའི་འོག་ན་ཡོད་པ་ཁྱིམ་གྱི་སས་བསྒྲིབས་ཏེ་ཁྱིམ་བདག་གིས་མི་ཤེས་པས་གཏེར་ལག་ཏུ་མི་འཐོབ་སྟེ། དབུལ་བ་ལྟར་དེ་བཞིན་དུ་སྐྱེ་བོ་རྣམས་དང་དགྲ་བ་ཅོམ་པ་ལ་ཡང་རང་བྱུང་སངས་རྒྱས་ཉིད་ཀྱི་ཡོན་ཏན་གྱི་གཏེར་ནང་ན་ཡོད་ཀྱང་མ་རིག་པའི་བག་ཆགས་ཀྱི་སས་བསྒྲིབས་ནས་མི་ཤེས་ཤིང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དྲུང་ན་སྐྱེ་བོ་དབུལ་པོ་ལྟ་བུར་གནས་སོ། །ཡང་ཇི་ལྟར་ཏཱ་ལ་ལ་སོགས་པའི་འབྲས་བུའི་སྦུབས་ན་གནས་པའི་སྙིང་པོ་ས་ཆུ་ལ་སོགས་པའི་རྐྱེན་གྱིས་གྲོགས་བྱས་པས་མྱུ་གུ་དང་སོགས་པ་སྟེ་འདབ་མ་དང་སྡོང་བུ་ལ་སོགས་པ་རིམ་གྱིས་སྐྱེས་པས་ས་བོན་དེའི་ཐུན་པགས་གཅོད་ཅིང་། བཅད་ནས་ཕྱི་ཕྱིར་འཕེལ་བ་ལྟར། དེ་བཞིན་དུ་སོ་སོའི་སྐྱེ་བོའི་ཟག་པ་དང་བཅས་པའི་དགེ་བས་གྲོགས་བྱས་པས་བ་དེན་པའི་དེ་ཁོ་ན་ཉིད་མཐོང་བའི་མཐོང་ལམ་སྐྱེས་ཏེ་མཐོང་

(༡༠༡༤)བས་སྤང་བར་།།།ལབ་སླར་མི་སྐྱེ་བར་ལྡོག་པར་འགྱུར་རོ། །སྒོམ་པའི་ལམ་གྱི་ཡེ་ཤེས་ཀྱི་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་སྙིང་པོ་སྲ་བ་བཅོམ་པའི་གོས་རྡུལ་དག་མཚུངས་པར་བསྟན་ཏེ། །འཕགས་པའི་མཐོང་བའི་ལམ་གྱིས་འཇིག་ཚོགས་ཀྱི་སྙིང་པོ་བཅོམ་ཟིན་པས་འདིར་དེ་དང་འབྲེལ་བའི་ཕྱིར་རོ། །མ་དག་པའི་ས་བདུན་ལ་བརྟེན་པའི་དྲི་མ་རྣམས་ནི་དྲི་མ་མི་གཙང་བའི་རང་བཞིན་དུ་གྱུར་པའི་མངལ་གྱི་སྦུབས་དང་མཚུངས་ལ། ས་དེ་དག་ཏུ་ཉམས་སུ་མྱོང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་མངལ་གྱི་སེམས་ཅན་དང་འདྲ་བར་འཕགས་པའི་དབང་པོ་མཐའ་དག་གི་རིགས་སྐྱེས་ཀྱང་མ་སད་དེ༴ མའི་མངལ་གྱི་སྦུབས་དང་བྲལ་ན་བྱིས་པ་དེའི་དབང་པོ་རྣམས་སད་པར་འགྱུར་བ་དང་འདྲ་བར་ས་བདུན་པ་ལས་འདས་ནས་མི་རྟོག་པའི་ཡེ་ཤེས་རྣམ་པར་སྨིན་ཏེ་སངས་རྒྱས་ཀྱི་སྐུ་ཡོངས་སུ་སྨིན་ཏེ་རྫོགས་པར་འགྱུར་བ་ཡང་བཅས་པའི་བྱིས་པའི་གནས་སྐབས་དེ་བཞིན་ནོ། །ས་བརྒྱད་པ་ལ་སོགས་པ་གསུམ་དང་རྗེས་སུ་འབྲེལ་བའི་དྲི་མ་རྣམས་ནི་ནང་གི་གསེར་གྱི་གཟུགས་ཕྱི་རོལ་ནས་སའི་འདམ་གྱིས་ཕྱོགས་ཀུན་དུ་གོས་པར་གྱུར་པ་བཞིན་དུ་ཤེས་པར་བྱ་སྟེ། ས་འདམ་དེ་མགར་བའི་རྟེག་སྤྱད་ཀྱིས་བཅོམ་ན་གསེར་གྱི་གཟུགས་གསལ་བར་འགྱུར་བ་ལྟར། ཏིང་ངེ་འཛིན་རྣམས་ཀྱི་གཙོ་བོར་གྱུར་པས་བདག་ཉིད་ཆེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བར་ཆད་མེད་པའི་ལམ་དུ་གྱུར་པའི་གཞོམ་པར་བྱ་བ་ཡིན་ནོ། །འདོད་ཆགས་ལ་སོགས་པའི་དྲི་མ་དགུ་པོ་རྣམས་པདྨ་ལ་སོགས་པ་དང་མཚུངས་དྲི་ཚུལ་ནི་དེ་ལྟར་

(༡༠༡༥)ཤེས་པར་བྱའོ། །ད་ནི་སྙིང་པོར་གྱུར་པའི་ཁམས་དེ་བཞིན་གཤེགས་པའི་གཟུགས་ལ་སོགས་པ་དང་མཚུངས་པར་བསྟན་པའི་ཕྱིར། རང་བཞིན་གསུམ་གྱིས་བསྡུས་ཕྱིར་ཁམས། །སངས་རྒྱས་སོགས་དང་ཆོས་མཚུངས་སོ། །ཞེས་བྱ་བ་གསུངས་ཏེ། སྙིང་པོ་ཁམས་དགུ་པོ་ཡང་ཆོས་ཀྱི་སྐུ་དང་། དེ་བཞིན་ཉིད་དང་། རིགས་ཀྱི་རང་བཞིན་གསུམ་དུ་བསྡུས་པའི་ཕྱིར་རམ་བསྡུས་པ་ལས་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་དང་ཆོས་མཚུངས་པར་འཆད་དོ། །འདི་ལྟར་སེམས་ཀྱི་རྣམ་པར་བྱང་བའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་རྣམ་པ་གསུམ་གྱི་དབང་དུ་བྱས་ཏེ་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་རྣམ་པ་དགུ་དང་ཆོས་མཐུན་པར་རྟོགས་པར་བྱའོ། །ཞེས་བྱ་བ་སྟེ་སེམས་ཀྱི་རང་བཞིན་འོད་གསལ་བ་དང་རྣམ་པར་བྱང་བའི་ཁམས་དང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་དག་ནི་མིང་གི་རྣམ་གྲངས་ཏེ། འོན་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འདིར་བསགས་པའི་ཕྱིར་ཆོས་ཀྱི་སྐུ་ལ་སོགས་ཤེས་བྱའོ། །གང་རྟོགས་པ་ལས་དྲི་མ་མཐའ་དག་རྣམ་པར་བྱང་བར་འགྱུར་བ་ནི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་ས་བོན་དུ་གནས་པས་སྙིང་པོར་བརྗོད་པ་ནི་རིགས་ལ་བྱའོ། །ལྷག་མ་ནི་གོ་སླའོ། །དེ་དག་ཉིད་རྒྱས་པར་བཤད་པའི་ཕྱིར། རང་བཞིན་རྣམ་པ་གསུམ་གང་ཞེ་ན། ཞེས་དྲིས་ཏེ། ལན་ནི༴ འདི་ཡི་རང་

(༡༠༡༦)བཞིན་ཆོས་སྐུ་དང་། དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། ཞེས་བྱ་བའོ། ཁམས་འདིའི་རང་བཞིན་རང་གི་མཚན་ཉིད་དག་ནི་འབྲས་བུ་ཆོས་ཀྱི་སྐུ་དང་ངོ་བོ་དེ་བཞིན་ཉིད་དང་རྒྱུ་རིགས་ཀྱི་རང་བཞིན་ཡིན་ཏེ། ཁམས་འདིའི་རང་བཞིན་རང་གི་མཚན་ཉིད། དེ་དག་ནི་དཔེས་ཤེས་པར་བྱ་བ་ཡིན་པས་སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་འབྲུའི་སྙིང་པོའི་དཔེ་གསུམ་གྱིས་ནི་ཆོས་ཀྱི་སྐུའི་རང་བཞིན་ཤེས་པར་བྱ་ལ། གསེར་གྱི་དཔེ་གཅིག་གིས་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཤེས་པར་བྱ་ཞིང་། གཏེར་ལ་སོགས་པའི་དཔེ་ལྷག་མ་ལ་རྣམས་ཀྱིས་རིགས་ཀྱི་རང་བཞིན་ཤེས་པར་བྱའོ། །དེ་བཤད་པ་ནི༴ སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་འབྲུའི་སྙིང་པོའི་དཔེ་གསུམ་གྱིས་ནི་ཁམས་དེ་ཆོས་ཀྱི་སྐུའི་རང་བཞིན་དུ་ཤེས་པར་བྱའོ། །གསེར་གྱི་དཔེ་གཅིག་གིས་ནི་དེ་བཞིན་ཉིད་ཀྱི་རང་བཞིན་དུའོ། །གཏེར་དང་ཤིང་དང་རིན་པོ་ཆེའི་སྐུ་དང་འཁོར་ལོས་བསྒྱུར་བ་དང་གསེར་གྱི་གཟུགས་ཀྱི་དཔེ་ལྔས་ནི་སངས་རྒྱས་ཀྱི་སྐུ་གསུམ་བསྐྱེད་པའི་རིགས་ཀྱི་རང་བཞིན་དུའོ། ཞེས་བྱ་བ་།།།གོ་སླའོ། །དེ་དག་སོ་སོར་བཤད་པར་བྱ་བ་ལས། དེ་ལ་ཆོས་ཀྱི་སྐུ་གང་ཞེ་ན་ཞེས་དྲིས་པའི་ལན་ནི། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། ཆོས་དབྱིངས་ཤིན་དུ་དྲི་མེད་དང་། དེ་ཡི་རྒྱུ་མཐུན་ཟབ་པ་དང་། སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་བྱ་བ་སྟེ། རང་བཞིན་གསུམ་ལས་

(༡༠༡༧)ཆོས་ཀྱི་སྐུའི་རང་བཞིན་ནི་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཆོས་ཀྱི་སྒྲའི་ཡུལ་གདོད་མ་ནས་མྱ་ངན་ལས་འདས་པ་བློ་བུར་གྱི་དྲི་མ་ཡང་ཤིན་དུ་མེད་པའི་ཆོས་ཀྱི་དབྱིངས་འགོག་པ་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་དང་། དེའི་རྒྱུ་མཐུན་པའི་རྒྱུ་སེམས་ཅན་ལ་སྣང་བའི་གསུང་རབ་སྟེ། དེ་ལ་ཡང་ཟབ་པ་དོན་དམ་པའི་བདེན་པ་ཉིད་སྟོན་པ་དང་ཀུན་རྫོབ་སྣ་ཚོགས་པའི་ཚུལ་སྟོན་པ་གཉིས་ཡོད་དེ། དེ་དག་ལ་ངེས་པའི་དོན་ཅན་དང་དྲང་བའི་དོན་ཅན་ཞེས་བྱའོ། །དེ་ཉིད་བཤད་པ་ནི༴ སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་སུ་རྟོགས་པར་བྱའོ། །ཤིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ནི་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་གྱི་ཡུལ་ལོ། །དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཀྱི་དབང་དུ་བྱས་ཏེ་རྟོགས་པར་བྱའོ། །དེ་ཐོབ་པའི་རྒྱུ་ཤིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ནི་གདུལ་བྱ་ཇི་ལྟར་སེམས་ཅན་གཞན་ལ་རྣམ་པར་རིག་པ་འབྱུང་བའོ། །དེ་ཡང་བསྟན་པའི་ཆོས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །བསྟན་པ་ཡང་རྣམ་པ་གཉིས་ཏེ། ཕྲ་བ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་པར་འཇོག་པའི་ཚུལ་གྱི་དབྱེ་བ་ལས་ཏེ། འདི་ལྟ་སྟེ༴ དོན་དམ་པའི་བདེན་པའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཟབ་མོའི་ཆོས་ཀྱི་ཚུལ་སྟོན་པ་དང་། ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ཏེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་ལུང་བསྟན་པ་དང་ཚིགས་

(༡༠༡༨)སུ་བཅད་པ་དང་ཆོད་དུ་བརྗོད་པ་དང་གླེང་གཞི་ལ་སོགས་པ་རྣམ་པ་དུ་མར་སྣ་ཚོགས་པ་ཆོས་རྣམ་པར་འཇོག་པའི་ཚུལ་བསྟན་པའོ། །ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་ལུང་དང་རྟོགས་པའི་དབྱེ་བས་རྣམ་པ་གཉིས་སུ་རྟོགས་པར་བྱའོ། །བློ་བུར་གྱི་དྲི་མས་ཤིན་དུ་རྣམ་པར་དག་པའི་ཆོས་ནི་སྟོབས་ལ་སོགས་པ་སྟེ། དེའི་དབྱིངས་ནི་ཆོས་ཉིད་དེ་རྟོགས་བྱའོ། །ཇི་ལྟར་རྟོགས་བྱ་ཡིན་ན་རྣམ་པར་རྟོག་པ་གང་གིས་ཀྱང་རྣམ་པར་མི་རྟོག་པ་མེ་ལོང་ལ་སོགས་པའི་ཡེ་ཤེས་ཀྱི་ཡུལ་ལོ། །དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་ནག་ཚོས། དེ་ནི་དེ་བཞིན་གཤེགས་པས་སོ་སོ་རང་གིས་རིག་པའི་རྟོགས་པའི་ཆོས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །ཞེས་འདོན་པ་ལེགས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ནི་དེ་བཞིན་གཤེགས་པས་སོ་སོ་རང་གིས་རིག་པའི་རྟོགས་པའི་ཆོས་ཀྱི་དབང་དུ་བྱས་ནས་ཆོས་ཀྱི་སྐུ་ཞེས་བརྗོད་པར་རིག་པར་བྱ་སྟེ། ཡེ་ཤེས་མཐའ་ཡས་པའི་ཚོགས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །འདིར་ཆོས་དབྱིངས་རྟོགས་བྱ་དང་མི་རྟོགས་ཡེ་ཤེས་རྟོགས་བྱེད་དེ་གཉིས་པ་ལྟ་བུར་བསྟན་ཀྱང་སྙིང་པོ་ཉིད་དེ་བཞིན་གཤེགས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་གྱུར་པ་ཡིན་པས་དོན་གཅིག་ལ་འདུ་བ་ཁོ་ནའོ། །མི་རྟོག་པའི་ཡེ་ཤེས་དེ་ཐོབ་པའི་བརྒྱུད་པའི་རྒྱུ་ཤིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་དང་རྒྱུ་དང་འབྲས་བུ་འདྲ་བར་གྱུར་པས་མཐུན་པ་ནི་གདུལ་བྱའི་མོས་པ་ཇི་ལྟ་བར་སེམས་ཅན་གཞན་ལ་མིང་དང་ཚིག་དང་ཡི་གེའི་ཚོགས་སུ་

(༡༠༡༩)སྣང་བའི་རྣམ་པར་རིག་པ་འབྱུང་བ་དག་ནི་རྟེན་གཞན་གྱི་རྒྱུད་ལ་ཡོད་ཀྱང་བདག་པོ་སངས་རྒྱས་ཉིད་ཡིན་པས་སངས་རྒྱས་ཀྱི་གསུང་དུ་རྣམ་པར་གཞག་སྟེ། དེ་ཡང་བསྟན་པའི་ཆོས་ཀྱི་དབང་དུ་བྱས་ཏེ་ཆོས་ཀྱི་སྐུར་རྣམ་པར་གཞག་སྟེ། སྐུའི་དོན་ནི་མིང་དང་ཚིག་དང་ཡི་གེའི་ཚོགས་པའོ། །བསྟན་པ་ཡང་ཕྲ་བའི་ཆོས་ཀྱི་ཚུལ་རྣམ་པར་འཇོག་པ་ལ་ས་དང་རྒྱ་ཆེན་པོའི་ཆོས་ཀྱི་ཚུལ་རྣམ་པར་འཇོག་པའི་དབྱེ་བ་ལས་རྣམ་པ་གཉིས་སོ། །འདི་ལྟ་སྟེ། དོན་དམ་པའི་བདེན་པའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྟོག་གེས་ཤེས་པར་དཀའ་བའི་ཟབ་མོའི་དོན་ནི་ཤེས་པར་བྱ་བའི་ཆོས་ཡིན་ལ། དེ་སྟོན་པའི་གཞུང་ནི་ཚུལ་ཏེ། དེ་སྟོན་པ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པར་བསྟན་པའི་མདོ་ལྟ་བུའོ། །དེ་ལྟ་བུ་དེ་ཚོམས་རིས་སུ་གྱུར་པས་སྡེ་ཞེས་བྱ་ལ། དོན་གྱི་གནས་ཡིན་པས་སྣོད་ཅེས་བྱའོ། །ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ཏེ། མདོ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་པོ་བརྗོད་པ་བྱ་བའི་དོན་རྣམ་པ་དུ་མར་གྱུར་པས་སྣ་ཚོགས་པ་བརྗོད་པར་བྱ་བའི་ཆོས་རྣམ་པར་འཇོག་པའི་ཚུལ་གྱི་གཞུང་བསྟན་པ་སྟེ། མངོན་པར་འབྱུང་བ་ལ་སོགས་པའོ། །དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ནི༴ མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། རྟོགས་བརྗོད་དེ་བཞིན་བྱུང་སྐྱེས་རབས། །རྒྱས་དང་རྨད་བྱུང་གཏན་ལ་དབབ། ཅེས་

(༡༠༢༠)བྱ་བ་སྟེ། ཐེག་པ་ཆེན་པོ་ལ་ཡང་ཡན་ལག་བཅུ་གཉིས་ཡོད་མོད་ཀྱི། འདིར་ནི་སྣ་ཚོགས་པའི་ཀུན་རྫོབ་ཀྱི་ཚུལ་ཁོ་ན་སྟོན་གྱི་ཆོས་ཀྱི་བདག་མེད་པ་མི་སྟོན་པས་ཉན་ཐོས་ཀྱི་དབང་དུ་བྱས་པའི་ཡན་ལག་བཅུ་གཉིས་ཉིད་གཟུང་ངོ་། །དེ་ལ་མདོ་སྡེ་ནི་གདུལ་བྱ་ཡང་དག་འཇོག་ལ་གཞུག་པའི་ཆེད་དུ་མེད་ཙམ་ལྷུག་པར་སྨོས་པའོ། །དབྱངས་ཀྱིས་བསྙད་པ་ནི་མདོ་དེ་ཉིད་ཀྱི་བར་བར་དུ་ཚིགས་སུ་བཅད་པས་བསྙད་པའོ། །ལུང་བསྟན་པ་ནི་མ་འོངས་པའི་སངས་རྒྱས་དང་ཉན་ཐོས་རྣམས་ལུང་བསྟན་པའོ། །ཚིགས་སུ་བཅད་པ་ནི་ཚིགས་སུ་བཅད་པ་འབའ་ཞིག་པའོ། །ཆེད་དུ་བརྗོད་པ་ནི་ཞུ་བ་པོས་མ་ཞུས་པར་སྟོན་པ་ཉིད་ཡི་རང་བས་བརྗོད་པའོ། །གླེང་གཞི་ནི་བསླབ་པ་འཆའ་བའི་རྒྱུའི་བྱུང་བ་བརྗོད་པའོ། །རྟོགས་པ་བརྗོད་པ་ནི་གང་ཟག་གིས་ཆོས་རྟོགས་པའི་གཏམ་དཔེ་དང་བཅས་པར་བསྟན་པའོ། །དེ་ལྟ་བུ་བྱུང་བ་ནི་རྔོན་གྱི་རབས་བརྗོད་པའོ། །སྐྱེས་པའི་རབས་ནི་ཐུབ་པ་སྔོན་བྱང་ཆུབ་སེམས་དཔར་འཁྲུངས་པའི་རབས་དང་རབས་ཏེ་།།།ལུང་ལས་སྐྱེས་རབས་ལྔ་བརྒྱ་བརྗོད་པ་ལྟ་བུའོ། །རྒྱས་པ་ནི་མཁས་པར་བྱ་བའི་ཕྱིར་ཚིག་དང་དོན་ཤིན་དུ་རྒྱས་པར་བཤད་པའོ། །རྨད་དུ་བྱུང་བ་ནི་སངས་རྒྱས་དང་ཉན་ཐོས་རྣམས་ཀྱི་ཆོ་འཕྲུལ་ངོ་མཚར་བ་བརྗོད་པའོ། །གཏན་ལ་དབབ་པ་ནི་ཆོས་མངོན་པའོ། །དེ་དག་ལས་གླེང་གཞི་ནི་འདུལ་བ་དང་གཏན་ལ་དབབ་པ་ནི་མངོན་པ་དང་གཞན་བཅུ་པོ་མདོ་སྡེར་བསྡུ་བར་ཉན་ཐོས་ཀྱི་ས་ལས་བཤད་པ་ཉིད་འདིར་གཟུང་ངོ་། །

(༡༠༢༡)ཆོས་ཀྱི་སྐུའི་རང་བཞིན་གསུམ་པོ་དཔེ་དང་འདྲ་བའི་ཚུལ་ནི། །འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩི་རོ་གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། ཞེས་བྱ་བ་སྟེ། འབྲས་བུའི་སྙིང་པོ་ཟག་པ་མེད་པ་ཡིན་པས་ན་འཇིག་རྟེན་གྱི་བློ་ལས་འདས་པའི་ཕྱིར་འཇིག་རྟེན་ན་འདི་ལ་འགྲན་དུ་རུང་བའི་དཔེ་ནི་མི་དམིགས་པས་དེའི་ཆེ་བ་ཤེས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ཉིད་ཁོ་ན་དང་ཁམས་འདྲ་བ་ཉིད་དུ་བསྟན་པ་ཡིན་ནོ། །མཐོང་བར་དཀའ་བས་ཕྲ་ཞིང་དཔྱད་པར་དཀའ་བས་ཟབ་མོ་དོན་དམ་པའི་བདེན་པ་རྗོད་པར་བྱེད་པའི་ཚུལ་གྱི་གཞུང་ནི་བསྟན་པ་ཆོས་ཀྱི་སྐུ་ནི་སྣ་ཚོགས་སུ་མི་སྟོན་པར་རོ་གཅིག་པ་ཉིད་དུ་གོ་བར་བྱེད་པས་སྦྲང་རྩི་ཇི་ཙམ་ཡོད་ཀྱང་མངར་བར་རོ་གཅིག་པ་བཞིན་ཏེ། དེས་ན་སྦྲང་རྩི་དཔེར་བྱས་སོ། །འདི་ནི་དགོངས་པ་ངེས་པར་འགྲེལ་བ་ལས། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས་དོན་དམ་པ་ནི་ཕྲ་བ། ཟབ་པ་རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ་ཞེས་བཀའ་སྩལ་པ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་དོན་དམ་པ་ཐམས་

(༡༠༢༢)ཅད་དུ་རོ་གཅིག་པའི་མཚན་ཉིད་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཉིད་ལ་ཞུགས་པ། དགེ་སློད་དུ་གྱུར་པའི་སེམས་ཅན་རྣམས་ཀྱིས་ཀྱང་དེ་ལྟར་རྟོགས་པར་དཀའ་བ་ལགས་ན་འདི་ལས་སླད་རོལ་པའི་མུ་སྟེགས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ངས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཕྲ་བ། མཆོག་ཏུ་ཕྲ་བ། ཟབ་པ༴ མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་བསྙད་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདགས་པ་བྱས། རབ་ཏུ་བསྟན་ཏོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ཞིང་། རབ་འབྱོར་སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། ཟས་རྣམས་དང་། བདེན་པ་རྣམས་དང་། ཁམས་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་པའི་ཕྱིར་རོ། །ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་

(༡༠༢༣)དེ་ཡང་ཐམས་ཅད་དུ་རོ་གཅིག་པ་སྟེ། མཚན་ཉིད་ཐ་དད་པ་མ་ཡིན་ནོ། །ཕུང་པོ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ་སྐྱེ་མཆེད་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་རྣམ་པར་དག་པའི་དམིགས་པ་དེ་ཡང་ཐམས་ཅད་དུ་རོ་གཅིག་པ་སྟེ་མཚན་ཉིད་ཐ་དད་པ་མ་ཡིན་ནོ། །རབ་འབྱོར་རྣམ་གྲངས་དེས་དོན་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །ཀུན་རྫོབ་རྣམ་པ་སྣ་ཚོགས་པའི་དོན་སྟོན་པའི་ཚུལ་གྱི་གཞུང་ནི་བསྟན་པ་ཆོས་ཀྱི་སྐུ་སྟེ་དེ་དག་ནི་སྣ་ཚོགས་པའི་སྦུན་ཀོགས་ཀྱི་ནང་ན་སྙིང་པོའི་འབྲུ་གནས་པ་བཞིན་ཤེས་པར་བྱ་སྟེ། དྲང་བའི་དོན་རྣམས་ཀྱིས་ཀྱང་གསལ་པོར་མ་ཡིན་པར་ངེས་པའི་དོན་སྟོན་པར་བྱེད་པའི་ཕྱིར་རོ། །དོན་འདི་ཡང་དགོངས་པ་ངེས་པར་འགྲེལ་བ་ལས་སྨན་རྩ་སྒ་བཅུད་ཀྱིས་ལེན་སྦྱར་བ་ཐམས་ཅད་དུ་འགྲོ་བ་བཞིན་དུ་ངེས་པའི་དོན་རོ་གཅིག་པ་དེ་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་སྦྱར་བར་གསུངས་པ་ཡིན་ནོ། །འོ་ན་དྲང་བ་དང་ངེས་པའི་དོན་གྱི་གསུང་རབ་དག་ལ་རང་བཞིན་གསུམ་ལས་ཆོས་ཀྱི་སྐུའི་ནང་དུ་བསྡུས་ཏེ་སྦྲང་རྩི་དང་སྦུན་པ་དང་འདྲ་བར་བརྗོད་ན་དེ་དག་ནི་ཁམས་དང་སྙིང་པོ་མ་ཡིན་པའི་ཕྱིར་ཇི་ལྟར་སྙིང་པོའི་དོན་དུ་འགྱུར་ཞེ་ན། བདེན་ཏེ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཉིད་ཀྱི་སྐུ་ཉིད་ཀྱི་ངོ་བོར་གྱུར་པའི་གསུང་གི་དཀྱིལ་འཁོར་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཁྱབ་པ་དེ་ནི་སྙིང་པོ་ངོས་ཡིན་ལ། གསུང་རབ་

(༡༠༢༤)ནི་དེའི་མཚོན་པར་བྱེད་པ་ཡིན་པས་བཏགས་པ་བ་ཡིན་ནོ། །དེ་ཉིད་བཤད་པ་ནི། དེ་ལྟར་སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་སྙིང་པོའི་དཔེ་འདི་གསུམ་གྱིས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུས་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ལ་ཁྱབ་པའི་དོན་གྱི་དབང་དུ་བྱས་ནས་སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་ཏོ། །གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་དུ་གྱུར་པའི་སེམས་ཅན་དེ་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ། ནམ་མཁའི་ཁམས་ཀྱིས་གཟུགས་བཞིན་ནོ། །དེ་སྐད་དུ། ཇི་ལྟར་ནམ་མཁའ་ལ་རྟག་ཏུ་ཀུན་སོང་འདོད། །དེ་བྷིན་འདི་ནི་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་རྣམས་ཀུན་དུ་སོང་། །དེ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང་། །ཞེས་གསུངས་སོ། ཞེས་བྱ་བ་ལ། མདོ་ལས་སེམས་ཅན་འདི་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་པ་ལ། ཆོས་སྐུ་དང་དེ་བཞིན་ཉིད་དང་རིགས་ཀྱི་དབང་དུ་བྱས་པ་རྣམ་པ་གསུམ་ཡོད་པ་ལས་འདིར་ཆོས་ཀྱི་སྐུས་ལུས་པ་མེད་པའི་སེམས་ཅན་ལ་ཁྱབ་པའི་དབང་དུ་བྱས་ནས་ཁྱབ་པར་བྱེད་པའི་ཆོས་ཀྱི་སྐུ་དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་དོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་ས་ཉིད་ན་ཡོད་པ་མ་ཡིན་ནམ། དེ་སེམས་ཅན་ཐམས་ཅད་ལ་ཇི་ལྟར་ཁྱབ་སྙམ་ན། གང་ཞིག་ཆོས་ཀྱི་སྐུ་ལས་ཕྱི་རོལ་དུ་གྱུར་ཅིང་མ་ཁྱབ་པའི་སེམས་ཅན་དེ་ནི་

(༡༠༢༥)སེམས་ཅན་གྱི་རིས་ན་འགའ་ཡང་མེད་དེ། སེམས་ཅན་ཡིན་པའི་ཕྱིར་ཏེ། གཟུགས་ཡིན་ན་ནམ་མཁས་ཁྱབ་དགོས་པ་བཞིན་ནོ། །འོ་ན་སེམས་ཅན་ལས་སངས་རྒྱས་མི་ཉུང་ཞིང་མང་བར་བཞུགས་པས་དེ་བཞིན་གཤེགས་པའི་ཆོས་སྐུ་འགའ་ཞིག་གིས་སེམས་ཅན་འགའ་ཞིག་ལ་ཁྱབ་ལ། གཞན་ཞིག་གིས་སེམས་ཅན་གཞན་ཞིག་ལ་བྱས་པ་ཡིན་ནམ། དེ་བཞིན་གཤེགས་པ་གཅིག་གི་ཆོས་སྐུས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན་ཞེ་ན། གཅིག་གི་ཆོས་སྐུས་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། ཆོས་ཀྱི་སྐུ་ལ་ལུས་མེད་པས་གོ་ས་ཅི་ཡང་མི་འཛིན་ལ། རྟེན་རྣམས་ལས་ཀྱང་གྲོལ་བས་འདི་ནའོ། །ཕ་བི་ནའོ་ཞེས་བྱ་བའི་ཁྱད་པར་མེད་པའི་ཕྱིར་རོ། །དེ་སྐད་དུ༴ མདོ་སྡེའི་རྒྱན་ལ། དག་པ་གཉིས་དང་ལྡན་པའི་འབྲས་བུའི་གནས་སྐབས་ཀྱི་དབང་དུ་བྱས་ནས་ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་དུ་སོང་བར་འདོད་པ་དེ་བཞིན་དུ། སངས་རྒྱས་ཀྱི་སྐུ་འདི་ཡང་རྟག་ཏུ་ཀུན་དུ་སོང་བར་འདོད་དོ། །དཔེ་དང་དོན་གྱི་སོང་བའི་ཡུལ་ནི་ཇི་ལྟར་ནམ་མཁའ་ཡུལ་གཟུགས་རྣམས་ཀུན་དུ་སོང་ལ། དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་འདི་ཡང་སེམས་ཅན་གྱི་ཚོགས་ཀུན་དུ་སོང་ཞིང་ཁྱབ་པོ། །འོ་ན་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་ཡང་ཀུན་དུ་སོང་བ་ཞིག་གམ། མ་སོང་བ་ཞིག་ཅེ་ན། རང་བཞིན་ཉིད་ཀྱི་ཆ་ནས་སེམས་ཅན་ལ་ཉེ་རིང་མེད་ཀྱང་འདུ་ཤེས་ཀྱི་འཛིན་པས་བཅིངས་

(༡༠༢༦)པའི་ཆ་ནས་ཐམས་ཅད་དུ་སོང་བར་ཡང་མི་སྨྲ་མོད། །ངོ་བོ་ཉིད་ནི་སངས་རྒྱས་ཀྱི་ཆོས་སྐུ་དང་ཁྱད་པར་མེད་པར་ཤེས་པར་བྱའོ། །ལུང་དེ་ནི་རྗེ་བཙུན་ཉིད་ཀྱིས་གསུངས་པ་ཡིན་ནོ། །ད་ནི་རང་བཞིན་གཉིས་པ་ཁམས་ཀྱི་ངོ་བོའི་དོན་ནི། །རང་བཞིན་འགྱུར་བ་མེད་པ་དང་། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། ཞེས་བྱ་བ་གསུངས་ཏེ། གསུང་རབ་དག་ལས་སེམས་ཤེས་བྱ་བའི་སྒྲ་འདི་ནི་དོན་དུ་མ་ལ་འཇུག་པར་མཐོང་སྟེ། སྲོག་ཆགས་འདི་དག་ནི་སེམས་དང་ལྡན་ལ། ལྗོན་ཤིང་ལ་སོགས་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་སྨྲ་བ་དེའི་ཚེ་ནི་རིག་པ་ཙམ་ཞིག་ལ་བརྗོད་དོ། །དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་བྱ་བས་ནི་དོན་གྱི་ངོ་བོ་མཐོང་བ་གང་ཡིན་པ་ལ་སེམས་དང་། ཁྱད་པར་མཐོང་བ་ལ་སེམས་ལས་བྱུང་བ་ཞེས་བརྗོད་དོ། །སེམས་ནི་previous hit ཀུནགཞིརྣམཤེས next hit་ཏེ། ངར་འཛིན་པ་ནི་ཡིད་ཡིན་ནོ། ཞེས་བརྗོད་པའི་ཚེ་ནི་previous hit ཀུནགཞིརྣམ་པར་ཤེས next hit་པ་ཉིད་ལ་སེམས་ཤེས་བྱའོ། །འདིར་ནི༴ ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་གསུངས་པ་དེ་ཡིན་ཏེ། གང་རིག་པ་ཙམ་གཞིར་བྱས་པ་ལ་བཅོས་མ་དང་བཅོས་མ་མ་ཡིན་པ་རྣམ་པ་གཉིས་ཡོད་དེ། བཅོས་མ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་

(༡༠༢༧)དེ༴ previous hit ཀུནགཞིརྣམ་པར་ཤེས next hit་པ་ནི་སྣ་ཚོགས་པའི་སེམས་དང་སེམས་ལས་བྱུང་བའི་བག་ཆགས་སྣ་ཚོགས་པ་བསགས་པའི་རང་གཟུགས་ཡིན་པས་བཅོས་མ། ཡིན་ལ་ཚོགས་བདུན་པོ་གཞན་རྣམས་ནི་ཀུན་གཞི་ཉིད་ཉེ་བར་ལེན་པར་གྱུར་པ་ལས་བྱུང་བས་བཅོས་མ་ལས་ཀྱང་བཅོས་མའོ། །དེ་ལྟར་སྣ་ཚོགས་སུ་སྣང་བ་འདི་དག་གི་ཆོས་ཉིད་རིག་པ་ཙམ་གྱི་ཆོས་དང་ལྡན་ཡང་ཚིག་དང་སྤྲོས་པའི་ཆ་ལས་འདས་ཏེ་དམིགས་སུ་མེད་པའི་རང་བཞིན་དེ་ནི་སངས་རྒྱས་ཀྱིས་ཀྱང་མཛད་པ་མ་ཡིན་ལ། ཇི་ལྟར་ནམ་མཁའ་ལ་ཚོན་གྱིས་བཅད་དུ་མེད་པ་ལྟར་གཉེན་པོས་ཀྱང་གཞོམ་དུ་མེད་དོ། །དེ་ཉིད་བརྗོད་པའི་ཚེ་རེས་འགའ་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་ལ་སོགས་པའི་ཐ་སྙད་ཀྱིས་ཀྱང་བརྗོད་ཅིང་། རེས་འགའ་ནི་དེ་ཉིད་ཀྱི་ཆོས་ཅན་previous hit ཀུནགཞི་ལ་སོགས་པའི་མིང་གིས་ཀྱང་བརྗོད་ལ༴ རེས་འགའ་ནི་སེམས་དང་། ཡིད་དང་རྣམ་པར་ཤེས next hit་པ་དང་། རང་བཞིན་དང་། མཚན་མ་མེད་པ་དང་། མངོན་པར་འདུས་མ་བྱས་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པའི་ཐ་སྙད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས་འབྱུང་བ་ཐམས་ཅད་ཀྱིས་བརྗོད་པར་སློབ་དཔོན་ཨཱ་རྒྱ་དེ་བས་བཤད་ཅིང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། དེར་ནི་དེ་བཞིན་ཉིད་འདི་ལས། །གཞན་ནི་ཅི་ཡང་མ་གསུངས་སོ། །ཞེས་བཤད་དོ། །དེས་ན་མཚན་མའི་རྣམ་པ་མཐའ་དག་དང་བྲལ་བའི་སེམས་དེ་ལ་དེ་བཞིན་ཉིད་ཅེས་བརྗོད་དེ། དེ་ཞེས་བྱ་བ་ནི་སྐད་ཅིག་མ་དང་པོའི་

(༡༠༢༨)སེམས་དེ་ཡིན་ལ། བཞིན་ཞེས་བྱ་བ་ནི་མཐུན་པའི་སྒྲ་སྟེ། ཕྱི་མ་རྣམས་སྔ་མ་དེ་དང་སྤུ་རིས་མཐུན་པ་ཁོ་ནར་འབྱུང་བའོ། །ཉིད་ཅེས་བྱ་བ་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པ་སྟེ་དེ་ཁོ་ན་ལྟར་ཡིན་གྱི་གཞན་དུ་འགྱུར་བ་མེད་ཅེས་པའོ། །དེ་ལྟ་བུའི་དེ་བཞིན་ཉིད་འདི་ནི་ཆོས་མཐུན་པ་རྣམ་པ་གསུམ་གྱིས་གསེར་གྱི་གཟུགས་དང་མཚུངས་པར་བརྗོད་པ་ཡིན་ཏེ། གསེར་གྱི་ཁྱད་པར་དུ་གྱུར་པའི་གཟུགས་ཤེས་བྱ་བ་འདི་ཡང་རང་བཞིན་གྱི་སྒྲའི་རྣམ་གྲངས་སུ་འགྱུར་བས་བཅོས་མ་མ་ཡིན་ཞིང་། གསེར་རིགས་མའོ་ཞེས་བྱ་བའི་དོན་གཟུང་བ་ཡིན་ནོ། །ཆོས་གསུམ་པོ་གང་ཡིན་ཞེ་ན་རང་བཞིན་འགྱུར་བ་མེད་པ་སྟེ། དང་པོར་མ་བཅོས་པ་ཡིན་པ་ཙམ་དུ་མ་ཟད་ཕྱི་ནས་ཀྱང་རྐྱེན་དང་ཕྲད་པས་རིགས་འགྱུར་བ་མེད་པ་ཉིད་དང་། དགེ་བ་ནི་ཕུན་སུམ་ཚོགས་པའམ་གཡང་ངམ་བཀྲ་ཤིས་ཤེས་ཀྱང་བརྗོད་པ་ཡིན་ཏེ། འདོད་པའི་དོན་འབྱུང་བའི་རྒྱུར་གྱུར་པའོ། །རྣམ་པར་དག་པ་ནི་རང་གི་རང་བཞིན་དེ་དྲི་མས་བསླད་པར་མ་ནུས་ཤིང་དྲི་མ་དང་བྲལ་ན་མཆོག་ཏུ་འོད་འབྱིན་པའོ། །དེ་ལྟ་བུའི་ཆོས་གསུམ་དང་ལྡན་པའི་ཕྱིར་གསེར་དང་མཚུངས་པར་བཤད་དོ། །ཀུན་རྫོབ་པའི་ཆོས་རྣམས་ལ་དོན་དམ་པའི་དབང་དུ་བྱས་ཏེ་རྣམ་པར་དཔྱོད་པའི་རིགས་པའམ་རྗེས་སུ་དཔག་པས་རྙེད་པའི་དོན་གྱི་མེད་པར་དགག་པ་དེ་ལ་ཡང་དེ་བཞིན་ཉིད་ཅེས་བརྗོད་དེ། རྗེས་སུ་དཔག་པ་སྔ་མ་དེས་རྙེད་པ་ནི་དེ་ཞེས་བྱ་བ་ཡིན་ལ། ཕྱི་ནས་དེའི་སྟེང་དུ་རིགས་པ་སྟོང་གིས་བཙལ་ཀྱང་རང་བཞིན་མེད་པ་ཁོ་ནར་

(༡༠༢༩)དགེ་བའི་དོན་བཤད་པ་ཡིན་ལ། ལྷག་མ་རྣམས་ཀྱིས་ནི་འགྱུར་བ་མེད་པ་དང་། དེ་བཞིན་ཉིད་ཅེས་བྱ་བའི་དོན་བཤད་དོ། །རྣམ་པར་དག་པ་ཞེས་བྱ་བའི་དོན་ནི་དེ་ཡང་ལོག་པ་ཉིད་དུ་ངེས་ཏེ་རིགས་མེད་པའི་རྒྱུད་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཡང་རང་བཞིན་འགྱུར་བ་མེད་པས་ཁྱད་པར་མེད་པར་ཡོད་ལ། ཀྱང་ཞེས་པས་ནི་དེ་ལྟ་ན་ཡང་རང་བཞིན་དེ་ཡོད་ཙམ་གྱིས་དེ་བཞིན་གཤེགས་པར་མི་འགྱུར་ཞེས་པ་སྟེ། གང་གི་དེ་བཞིན་གཤེགས་པར་འགྱུར་ན་བློ་བུར་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་རྣམ་པར་དག་པ་འོངས་ཤིང་གྱུར་ལ་རྟོགས་པ་དེའི་ཚེ་དེ་བཞིན་གཤེགས་པ་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བའི་གྲངས་སུ་འགྲོ་སྟེ། དེ་བཞིན་གཤེགས་པ་དངོས་སོ། །གཞན་དུ་རིགས་ལ་བསམས་ནས་ཉེ་བར་འདོགས་པ་ཡང་འགོག་པར་ནི་མི་བྱེད་དོ། །འདིར་རྣམ་པར་དག་པ་ལས་གྱུར་ཞེས་བྱ་བའི་རྣམ་པར་དབྱེ་བ་ལྔ་པར་བྱས་པ་འདི་འབྱུང་ཁུངས་དང་བགར་བ་གཉི་ག་ལྟར་ཡང་མི་རིགས་པས་ཅུང་ཟད་མི་འཐད་དོ། །དེས་ན་འདིར་གསེར་གྱི་དཔེ་གཅིག་གིས་དེ་བཞིན་ཉིད་སེམས་ཅན་ནས་སངས་རྒྱས་ཀྱི་བར་ཐམས་ཅད་དུ་དབྱེར་མེད་པར་ཡོད་པའི་དབང་དུ་བྱས་ནས་དེ་བཞིན་ཉིད་ལ་དེ་བཞིན་གཤེགས་པར་།།།གས་ཤིང་། མི་འགྱུར་བས་ཤིན་དུ་སྲ་བའི་ཕྱིར་སྙིང་པོ་ཡང་ཡིན་ཏེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་སེམས་ཅན་དེ་དག་གི་སྙིང་པོ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། འདི་ནི་སྙིང་པོ་གསུམ་ལས་གཉིས་པའོ། །སེམས་

(༡༠༣༠)ཀྱི་རང་བཞིན་བློ་བུར་གྱི་དྲི་མས་རྣམ་པར་དག་པ་དེའི་རང་བཞིན་གྱི་ཆ་སེམས་ཅན་དང་གཉིས་སུ་མེད་པའི་ཆོས་ཉིད་དེ་ཐུགས་ལ་ཉེ་བར་གཟུང་ཞིང་གཞག་ནས་ཡེ་ཤེས་སྣང་བ་རྒྱན་ཀྱི་མདོ་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཀའ་སྩལ་པ་ནི། དེ་ལ་དེ་བཞིན་གཤེགས་པ་ནི་བདག་ཉིད་ཀྱི་ཐུགས་དང་སེམས་ཅན་གྱི་ཁམས་གཉིས་ཤིན་དུ་འདྲ་བས་ན་ཁམས་དེ་བདག་གི་ཉེ་བར་ལེན་པའི་རྒྱུར་མཁྱེན་ཞིང་གང་རྣམ་པར་དག་པས་དེ་བཞིན་གཤེགས་པར་འགྱུར་བའི་གཞི་དང་རྩ་བ་ཡང་ཁམས་དེ་ཡིན་པར་མཁྱེན་ནས་གང་ལས་སྐྱེས་པའི་མ་ལ་རིམ་གྲོ་བྱེད་པ་ལྟར་ཁམས་དེ་ཉེས་པ་ལས་སྲུང་ཞིང་སྐྱོང་བར་མཛད་དེ། །བདག་གི་རྣམ་པར་དག་པ་འདི་གཞན་ཞིག་རྣམ་པར་དག་པ་མ་ཡིན་གྱི་སེམས་ཅན་གྱི་ཁམས་ཉིད་རྣམ་པར་དག་པ་ཡིན་པས་སེམས་ཅན་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་དང་། དྲི་མ་རྣམས་འབྲལ་དུ་རུང་བའི་ཆོས་ཅན་ཡིན་པར་རྟོགས་སོ། །དེས་ན་བདག་སངས་རྒྱས་རྣམ་པར་དག་པ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་འདི་གཉིས་ནི་ཁམས་གཅིག་ཉིད་ཀྱི་ཆོས་ཡིན་པས་དོན་ལ་གཉིས་སུ་མེད་ཅིང་བློས་ཀྱང་གཉིས་སུ་བྱར་མེད་དོ་ཞེས་གསུངས་སོ། །དེ་སྐད་དུ་ཡང་མདོ་སྡེའི་རྒྱན་ལས། དེ་བཞིན་ཉིད་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་ཡོད་ཀྱང་དེའི་དྲི་མ་རྣམ་པར་དག་པར་གྱུར་པའི་སྐབས་སུ་དེ་བཞིན་གཤེགས་པའི་སྒྲ་ཉིད་ཀྱིས་བརྗོད་དེ། དེ་བཞིན་ཉིད་དེ་སེམས་ཅན་དང་སངས་རྒྱས་ལ་ཁྱད་

(༡༠༣༡)གནས་པས་བཞིན་དང་། སྒྲུབ་པའི་ཆོས་གང་དུ་ཡང་མི་འགྱུར་བས་ཉིད་དེ། དེ་བཞིན་ཉིད་ཀྱི་སྒྲ་ནི་དེ་ལ་ཡང་གཤའ་མར་གནས་སོ། །གསུམ་པོ་དེ་ལས་རང་བཞིན་འགྱུར་བ་མེད་པ་ནི་ངོ་བོའི་ཁྱད་པར་ཡིན་ལ། དགེ་བས་ནི་ཡོན་ཏན་མཐའ་དག་གི་དོན་དུ་བསྟན་ཞིང་། རྣམ་པར་དག་པས་ནི་གང་རྟོགས་ན་ཉེས་པ་མཐའ་དག་གི་གཉེན་པོར་འགྱུར་བར་བསྟན་ཏོ། །དེ་བཤད་པ་ནི། སེམས་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་སྡུག་བསྔལ་མཐའ་ཡས་པ་དང་རྗེས་སུ་འབྲེལ་ཀྱང་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་རྣམ་པར་འགྱུར་བ་ལ་མི་བརྟེན་པ་དེའི་ཕྱིར་གསེར་བཟང་པོ་བཞིན་དུ་གཞན་དུ་མི་འགྱུར་བའི་དོན་གྱིས་དེ་བཞིན་ཉིད་ཅེས་བརྗོད་དོ། དེ་ཡང་ལོག་པ་ཉིད་དུ་ངེས་པའི་རྒྱུད་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཡང་རང་བཞིན་ཁྱད་པར་མེད་དུ་ཟིན་ཀྱང་བློ་བུར་བའི་ཉོན་མོངས་མཐའ་དག་རྣམ་པར་དག་པ་ལས་གྱུར་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེས་ན་འདིར་གསེར་གྱི་དཔེ་གཅིག་གིས་དེ་བཞིན་ཉིད་ལ་དབྱེར་མེད་པའི་དོན་གྱི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སེམས་ཅན་དེ་དག་གི་སྙིང་པོ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སེམས་ཀྱི་རང་བཞིན་རྣམ་པར་དག་པ་གཉིས་སུ་མེད་པའི་ཆོས་ཉིད་ཉེ་བར་གཟུང་ནས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པ་ནི་བདག་ཉིད་ཉེ་བར་ལེན་པའི་གཞི་རྩ་ཡོངས་སུ་མཁྱེན་པ་སྲུང་བར་མཛད་དེ། བདག་རྣམ་

(༡༠༣༢)པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་རྟོགས་སོ། །བདག་རྣམ་པར་དག་པ་གང་ཡིན་པ་དང་སེམས་ཅན་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ་ཞེས་སོ༴ དེ་སྐད་དུ། ཐམས་ཅད་ལ་ནི་ཁྱད་མེད་ཀྱང་། །དེ་བཞིན་ཉིད་དག་ལས་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། ཞེས་གསུངས་སོ༴ །ཞེས་བྱ་བ་སྟེ། ཆོས་ཉིད་ཀྱི་སེམས་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཅེས་བརྗོད་དེ། སྔ་ཕྱིར་གཞན་དང་གཞན་དུ་མི་འགྱུར་བའི་དོན་གྱིས་སོ། །དཔེ་ནི་གསེར་བཟང་པོ་བཞིན་ནོ་དེའི་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། འཁོར་བ་ཐོག་མ་མེད་པ་ནས་རྒྱུ་ཉོན་མོངས་པ་དང་འབྲས་བུ་སྡུག་བསྔལ་མཐའ་ཡས་པ་དང་ལན་མང་དུ་རྗེས་སུ་འབྲེལ་དུ་ཟིན་ཀྱང་རྟག་ཏུ་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་དེ་ཉིད་དུ་གནས་ཀྱི་རྐྱེན་གྱིས་གཞན་དུ་བྱས་པའི་རྣམ་པར་འགྱུར་བ་མི་བསྟེན་ཞིང་མི་ལྡན་པའི་ཕྱིར་རོ། །འདིས་ནི་སེམས་ཉིད་རྐྱེན་གཞན་ལ་མི་ལྟོས་པ་ཉིད་ཀྱང་བསྟན་ཏེ། རྐྱེན་གྱི་དབང་དུ་སོང་ན་གཞན་དང་གཞན་དུ་འགྱུར་བ་སྲིད་དེ། དོན་གཞན་རྒྱུ་མཚན་ཅན་གྱི་ཆོས། །ཡིན་ན་གོས་ལ་ཚོན་བཞིན་ནོ། ཞེས་གསུངས་པ་བཞིན་ནོ། །འདི་སྐད་ཅིག་གི་རྒྱུན་གྱིས་འཇུག་ཏུ་ཟིན་ཀྱང་རྐྱེན་གཞན་གྱིས་རྣམ་པར་བསྒྱུར་བར་མི་ནུས་པས་མ་སྐྱེས་པ་དང་འདུས་མ་བྱས་པར་བཤད་པའི་དོན་ཀྱང་ཁོང་དུ་ཆུད་པར་ནུས་སོ། །རང་བཞིན་གྱིས་འོད་གསལ་ཞེས་པས་ནི་

(༡༠༣༣)པར་མེད་པ་དེའི་ཕྱིར་འགྲོ་བ་ཀུན་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པའི་དགོངས་པ་གཅིག་ནི་དེ་ཡིན་ནོ་ཞེས་གསུངས་པ་ན་ལུང་གཞན་དང་ཡང་འབྲེལ་ལོ༴ །འདི་ལྟ་བུ་དག་གིས་ནི། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་ཤེས་བྱ་བའི་དོན་ཉེ་བར་གཟུང་ངོ་། །དེ་བཞིན་ཉིད་ཅེས་བྱ་བ་འདི་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་གའི་ལྟེ་བའམ་རྩ་བ་ཡིན་ཏེ། འཁོར་བ་མཐའ་དག་གི་རྩ་བ་མ་རིག་པ་སྟེ། དེ་ལས་འཁོར་བའི་ཆོས་མཐའ་ཡས་པ་རྣམས་འབྱུང་ལ། དེ་ཡང་རང་བཞིན་འདི་ཉིད་མ་ཤེས་ཤིང་དེ་ལས་ཕྱིན་ཅི་ལོག་ཏུ་གཟུང་བ་ནི་མ་རིག་པའོ། །རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་ཀྱི་རྩ་བ་ནི་ཤེས་རབ་སྟེ། དེ་ཡང་ཡུལ་དེ་བཞིན་ཉིད་འདི་ཤེས་པ་ཁོ་ན་ལ་ཤེས་རབ་ཏུ་བརྗོད་པའི་ཕྱིར་རོ། །བདག་མེད་པ་གཉིས་པོ་མེད་པར་དགག་པའི་མཚན་ཉིད་ཅན་ཤེས་པས་སྲིད་པའི་རྩ་བ་ལྡོག་ལ། དེས་ཐར་པ་ཡང་ཐོབ་པར་བྱེད་པ་ཡིན་ན། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་བཞིན་ཉིད་གཉིས་པ་འདི་བརྗོད་པས་ཅི་ཞིག་བྱ་སྙམ་ན། མེད་པར་དགག་པའི་མཚན་ཉིད་ཅན་ཤེས་པས་མ་རིག་པ་རགས་པ་ནི་ལྡོག་ལ། ཕྲ་བ་ནི་མི་བཟློག་པ་ཏེ་དེ་སྒོམ་པ་ན་རང་གིས་རང་ཉིད་ཡོངས་སུ་མ་ཤེས་པར་ཡུལ་གཞན་ཚོལ་བར་བྱེད་པས་གཉིས་སུ་སྣང་བ་དྲུངས་མི་འབྱིན་པའི་ཕྱིར་ཏེ། དེས་ན་འདི་ཙམ་གྱིས་མ་རིག་བག་ཆགས་ཀྱིས་བཟློག་པར་མི་བྱེད་

(༡༠༣༤)དོ་ཞེས་བྱ་བའི་དོན་འདི་སྔར་བརྗོད་ཟིན་ཏོ། །ད་ནི་རང་བཞིན་གསུམ་པ་རིགས་བཤད་པའི་ཕྱིར། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དེ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི་སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ངོ་བོ་ཉིད་སྐུ་མཛེས་པ་ནི། །རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། །རང་བཞིན་གྱིས་ནི་བྱས་མིན་དང་ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། །ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །རྫོགས་ལོངས་འཁོར་ལོས་བསྒྱུར་བཞིན་ནོ། །གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། །སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ། ཞེས་བྱ་བ་གསུངས་ཏེ། དེ་ལྟར་སེམས་ཅན་གྱི་ཁམས་འདི་ཆོས་ཀྱི་སྐུའི་ཉེ་བར་ལེན་པར་ཡང་བཤད་ལ། གང་ཞིག་ཤེས་པ་དང་མ་ཤེས་པ་ལས་འཁོར་བ་དང་མྱ་ངན་ལས་འདས་པར་འགྱུར་བའི་དེ་བཞིན་ཉིད་དུ་ཡང་བཤད་ན། ད་ཁམས་དེ་ལ་རིགས་ཤེས་མིང་དུ་བཏགས་ནས་བཤད་པས་ཉན་པ་པོ་རྣམས་ལ་ཁྱད་པར་དུ་འཕགས་པའི་བློ་ཅི་ཞིག་སྐྱེ་བར་འགྱུར་ཞེ་ན་རིགས་ཤེས་བྱ་བའི་ཡང་ངོ་ཏི་ནི་ཁམས་དེ་ཉིད་ལ་བཤད་མོད། འོན་ཀྱང་ཐེག་པ་ཆེན་པོ་འདི་ཉིད་ལ་ཡང་དག་པར་རབ་ཏུ་བ་སྔགས་པའི་སྙིང་རྗེ་ཆེན་པོའི་ཆོས་དང་ལྡན་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ལ་

(༡༠༣༥)སོགས་པའི་ཡོན་ཏན་མཐའ་དག་རྒྱས་པར་བྱེད་ཅིང་། དེས་དགེ་བའི་ཚོགས་མཐའ་དག་སྡུད་པར་བྱེད་པའི་སྒོ་ནས་བཤད་པས་བློ་གྲོས་ཁྱད་པར་དུ་འཕགས་པ་སྐྱེ་བར་འགྱུར་བ་ཁོ་ནའོ། །རིགས་དེ་ཡང་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། གཏེར་དབུལ་པོའི་ཁྱིམ་རྩིགས་པ་ལས་ཆེས་སྔ་བར་གནས་པ་དང་། འབྲས་བུའི་ཤིང་སྐྱེས་བུས་ཆེད་དུ་བྱས་ཏེ་བཙུགས་ཏོ་པ་བཞིན་དུ་ཐོག་མ་མེད་པའི་དུས་ནས་དགེ་བའི་རྐྱེན་རྙེད་པ་ལ་མི་ལྟོས་པར་རང་བཞིན་གྱིས་གནས་པ་དང་། ཆེད་དུ་དགེ་བའི་རྩ་བ་ཡང་དག་པར་བླངས་པ་ལས་བྱུང་བ་ནི་མཆོག་གམ་གཞན་ཡིན་ནོ། རིགས་ཀྱི་སྒྲ་ནི་རྒྱུའི་རྣམ་གྲངས་སུ་ཡང་འགྱུར་ན་འབྲས་བུ་ཇི་འདྲ་བ་ཞིག་གིས་རྒྱུ་ཡིན་སྙམ་ན། རིགས་འདི་གཉིས་ལས་འབྲས་བུ་སངས་རྒྱས་ཀྱི་སྐུ་གསུམ་ཐོབ་པར་འདོད་པ་ཡིན་ནོ། །དེ་ཡང་དང་པོ་རང་བཞིན་དུ་གནས་པས་ནི་སྐུ་དང་པོ་ངོ་བོ་ཉིད་ཀྱི་སྐུ་འཐོབ་པ་ཡིན་ལ། རིགས་གཉིས་པས་ནི་ཕྱི་མ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་གཉིས་འཐོབ་བོ། །དེ་དག་དཔེ་རྣམས་དང་ཇི་ལྟར་མཚུངས་པ་ནི་གདོད་མའི་ཁམས་ཀྱི་ངོ་བོ་དེ་ཉིད་བློ་བུར་གྱི་དྲི་མ་དག་པས་དགེ་ཞིང་མཛེས་ལ་གསལ་བར་གྱུར་པའི་སྐུ་ནི་བཅོས་མ་མ་ཡིན་པའི་རིན་པོ་ཆེའི་རང་བཞིན་གྱི་སྐུ་དང་འདྲ་བར་ཤེས་པར་བྱ་སྟེ། རང་བཞིན་གྱིས་གྲུབ་པ་ཡིན་གྱིས་ནོར་བསྒྱུར་མཁན་གྱིས་གསར་དུ་བྱས་པ་མ་ཡིན་པའི་ཕྱིར་དང་། ཡོན་ཏན་རིན་པོ་ཆེ་མཐའ་ཡས་པ་འབྱུང་བའི་གཏེར་ཡིན་པའི་ཕྱིར་རོ། །འདིས་ཐེག་པ་ཆེན་པོའི་

(༡༠༣༦)ཆོས་ལ་རྫོགས་པར་ལོངས་སྤྱོད་པས་སམ། འདི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་ལོངས་སྤྱད་པར་བྱ་བ་ཡིན་པས་རྫོགས་པར་ལོངས་སྤྱོད་པའི་སྐུ་འཕགས་པ་རྣམས་ཀྱི་རྣམ་པར་མི་རྟོག་པའི་བློའི་མེ་ལོང་ལ་གཟུགས་བརྙན་ལྟ་བུར་གནས་པ་དེ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་དུ་ཤེས་པར་བྱ་སྟེ། ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ཡུལ་གང་དུ་བསྐོར་བའི་རྒྱལ་སྲིད་དང་གང་བསྐོར་བའི་འཁོར་ལོ་ཉིད་ལ་མངའ་དབང་ཆེན་པོ་ལྡན་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་བཟོ་བོས་བསྒྲུབས་པའི་གསེར་གྱི་གཟུགས་ལྟ་བུ་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་གཟུགས་བརྙན་གདུལ་བྱ་དག་པའི་སེམས་ལ་ཤར་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཤད་པ་ནི༴ དེའི་ཕྱིར་དེ་ལྟར་གཏེར་དང་ལྗོན་ཤིང་དང་རིན་པོ་ཆེའི་སྐུ་དང་འཁོར་ལོས་བསྒྱུར་བ་དང་གསེར་གྱི་གཟུགས་ཏེ་དཔེ་ལྷག་མ་ལྔ་པོ་འདི་དག་གིས་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་བསྐྱེད་པའི་རིགས་ཡོད་པའི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་ཁམས་སེམས་ཅན་འདི་དག་ཐམས་ཅད་ཀྱི་སྙིང་པོ་བསྟན་པ་ཡིན་ནོ༴ ༴དེ་བཞིན་གཤེགས་པ་ཉིད་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པའི་ཁམས་ནི་དེ་ཐོབ་པའི་རྒྱུ་ཡིན་པས་ཁམས་ཀྱི་དོན་ནི་འདིར་རྒྱུའི་དོན་ཏོ། །གང་གི་ཕྱིར་དེ་ལ་ཡང་སེམས་ཅན་དང་སེམས་ཅན་ལ་དེ་བཞིན་གཤེགས་པའི་ཁམས་གྲུབ་པ་སྙིང་པོར་གྱུར་པ་ཡོད་མོད་ཀྱི། སེམས་ཅན་དེ་དག་གིས་ཤེས་པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་སྐད་དུ་

(༡༠༣༧)ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། ཞེས་སོ། །དེ་ལ་ཇི་ལྟར་ཐོག་མ་མེད་པའི་དུས་ཅན་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་གྱི་དབང་དུ་མཛད་ནས། སྔོན་གྱི་མཐའ་མི་དམིགས་སོ། ཞེས་བསྟན་ཞིང་རབ་ཏུ་གཞག་པ་གང་ཡིན་པའོ། ཁམས་ཤེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་རང་བཞིན་ཀྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ། ཞེས་གསུངས་སོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འབྲེལ་པ་རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་བྲལ་བ་ཤེས་པ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང་གནས་དང་རྟེན་ལགས་སོ། ཞེས་གསུངས་སོ། །དེ་ཡོད་ན་ནི་འགྲོ་ཀུན་དང་། ཞེས་བྱ་བ་ནི་ཇི་སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན་དེ་ལ་འཁོར་བ་ཞེས་ཚིག་གིས་བཏགས་པ་ལགས་སོ། ཞེས་གསུངས་སོ། །མྱ་ངན་འདས་པའང་ཐོབ་པར་འགྱུར། ཞེས་བྱ་བ་

(༡༠༣༨) ནི་ཇི་སྐད་དུ༴ བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་བ་ལ་ཡིད་འབྱུང་བར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་ལའང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ཡང་མི་འགྱུར། ཞེས་རྒྱས་པར་གསུངས་སོ། །ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ། དེ་བཞིན་ཉིད་དབྱེར་མེད་པའི་མཚན་ཉིད། ངེས་པའི་རིགས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ་ཞེས་བྱ་བར་ནི་ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། ཇི་སྐད་དུ་རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། ཞེས་གསུངས་པ་ཡིན་ནོ། །ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་འདིར་གང་གིས་དེ་དེ་ལྟ་བུ་ཁོ་ནར་འགྱུར་གྱི་གཞན་དུ་མི་འགྱུར་རོ། །ཞེས་བྱ་བའི་རིགས་པ་དང་སྦྱོར་བ་དང་ཐབས་ཡིན་ཏེ། ཐམས་ཅད་དུ་སེམས་ངེས་པར་བརྟག་པ་དང་སེམས་ཡང་དག་པར་ཤེས་པ་ལ་ནི་ཆོས་ཉིད་ཉིད་རྟེན་དང་ཆོས་ཉིད་ཉིད་རིགས་པ་ཡིན་ནོ། །དེ་ནི་བསམ་པར་མི་བྱ། རྣམ་པར་བརྟག་པར་མི་བྱའི། ལྷག་པར་མོས་པར་བྱ་བ་འབའ་ཞིག་ཏུ་ཟད་དོ། ཞེས་བྱ་བ་ལ། དེ་ཉིད་བཤད་པ་ན་དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ནས། སེམས་ཅན་དེ་དག་གིས་ཤེས་པ་མ་ཡིན་ནོ་ཞེས་གསུངས་སོ། །ཞེས་བྱ་བའི་བར་གྱིས་ནི་རྩ་བ་དེ་ཉིད་རྣམ་པར་འགྲེལ་ལ། དེའི་འོག་ཏུ་ཇི་

(༡༠༣༩)སྐད་དུ་ཞེས་བྱ་བ་ནས་བརྩམས་ཏེ། དཔེ་དགུས་བསྟན་པའི་དོན་སྤྱིར་བཤད་ལ། ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པས་ནི་བཤད་པའི་དོན་ཇི་ལྟར་སྒོམ་པ་བསྟན་ཏོ། །དེ་ལྟར་དཔེ་ལྔ་པོ་དག་ལས་དང་པོ་གཉིས་ཀྱིས་ནི་རིགས་ཉིད་དངོས་སུ་བསྟན་ལ། ཕྱི་མ་གསུམ་གྱིས་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་སངས་རྒྱས་ཀྱི་སས་བསྡུས་པ་རྣམ་པ་གསུམ་བསྟན་མོད་ཀྱི་གསུམ་པོ་དེས་ཀྱང་དོན་གྱིས་ན་སེམས་ཅན་ཐམས་ཅད་ལ་སྐུ་གསུམ་བསྐྱེད་པའི་རིགས་ཡོད་པའི་དབང་དུ་བྱས་ནས་བསྟན་པ་ཡིན་ལ། རིགས་ཉིད་སེམས་ཅན་གྱི་རྒྱུད་ཀྱི་སྙིང་པོ་ཡིན་པའི་ཕྱིར་དཔེ་ལྔ་པོ་ཐམས་ཅད་རིགས་ཀྱི་རང་བཞིན་སྟོན་པར་བྱེད་པ་ཡིན་ནོ། །དེ་ལྟ་ན་རིགས་ལྔར་བསྟན་ལ་སྐུ་ནི་གསུམ་དུ་བསྟན་ན། རྒྱུ་དང་འབྲས་བུའི་ངེས་པ་འགྲིག་དཀའོ་ཞེ་ན། སངས་རྒྱས་ཉིད་ནི་སྐུ་གསུམ་གྱིས་ཕྱེ་བ་ཡིན་པས་དེར་མ་འདུས་པའི་སྐུ་གཞན་མེད་ལ། རང་བཞིན་གྱི་རིགས་ཀྱིས་ངོ་བོ་ཉིད་ཀྱི་སྐུ་སྒྲུབ་ལ། བླངས་པ་ལས་བྱུང་བས་གཟུགས་ཀྱི་སྐུ་གཉི་ག་སྒྲུབ་པས་འདིར་རྒྱུ་འབྲས་ཀྱི་རིམ་པ་ཚར་གཉིས་སུ་བསྟན་པ་ཡིན་ཏེ། ངེས་པ་དང་མི་འགལ་ལོ། །དེ་ལ་སྔར་ཁྱད་པར་མེད་པར་བཤད་པ་ན་སེམས་ཅན་གྱི་ཁམས་གཅིག་ཉིད་སྙིང་པོ་དགུའི་དོན་དུ་བཤད་པ་དང་། ཁྱད་པར་དང་བཅས་ཏེ་བཤད་པའི་སྐབས་སུ་དཔེ་དང་པོ་གསུམ་དང་ཕྱི་མ་གསུམ་གྱིས་འབྲས་བུ་དང་། གསེར་གྱི་དཔེ་གཅིག་གིས་རང་བཞིན་དང་། གཏེར་ལ་སོགས་པ་གཉིས་ཀྱིས་རྒྱུ་བསྟན་པ་ཡིན་མོད་ཀྱི། ཐམས་ཅད་ཀྱིས་

(༡༠༤༠)ཀྱང་ཁམས་སྟོན་པ་ཡིན་ལ། ཁམས་ཤེས་བྱ་བའི་སྒྲའི་དོན་ནི་འབྲས་བུ་འཛིན་པས་ཁམས་ཤེས་བྱ་བ་ཡིན་པའི་ཕྱིར་རྒྱུའི་དོན་འཆད་པ་ཁོ་ནར་ཡང་འགྱུར་རོ། །དེའི་ཤེས་པར་བྱེད་པ་ནི་གང་གི་ཕྱིར་ཏེ་མྱ་ངན་ལས་འདས་པའི་མདོ་གང་ལས། སེམས་ཅན་དང་སེམས་ཅན་ལ་དེ་བཞིན་གཤེགས་པའི་རྒྱུའི་ཁམས་གདོད་མ་ནས་གྲུབ་པ་སེམས་ཅན་གྱི་སྦུབས་ན་སྙིང་པོར་གྱུར་པ་ཡོད་མོད་ཀྱི་སེམས་ཅན་དེ་དག་ཉིད་ཀྱིས་ནི་མ་རིག་པས་བསྒྲིབས་ཏེ་དེ་ཤེས་པའི་ཤེས་རབ་ཀྱི་སྣང་བ་དང་ལྡན་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་སྒྲིབ་པར་བྱེད་པའི་དཔེ་དགུ་པ་དག་གིས་དེ་བཞིན་གཤེགས་པའི་ཁམས་ཀུན་ནས་ཉོན་མོངས་པའི་དབང་དུ་གྱུར་པར་བསྟན་ལ། དཔེ་སོ་སོའི་སྐབས་སུ་དེ་བཞིན་གཤེགས་པས་སྒྲིབ་པ་དེ་དག་སེལ་བར་མཛད་པར་ཡང་བ་སྟན་ཏེ། དེས་ན་ཁམས་དེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉི་གའི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་དེ་ཤེས་པར་བྱེད་པའི་ལུང་ཆོས་མངོན་པའི་མདོ་ལས་དེ་སྐད་དུ། ཐོག་མ་མེད་དུས་ཅན་གྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདིས་གསུངས་པ་ཡིན་ཏེ། འདི་ལ་ཁ་ཅིག་ཐེག་པ་ཆེན་པོ་བསྡུས་པར་previous hit ཀུནགཞིརྣམ་པར་ཤེས next hit་པ་སྟོན་པའི་ལུང་དུ་གསུངས་ལ། འདིར་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་ལུང་དུ་གསུངས་པས་དེ་བཞིན་གཤེགས་པའི་སྙིང་པོ་ནི་previous hit ཀུནགཞིརྣམ་པར་ཤེས next hit་པ་ཁོ་ན་ལ་བརྗོད་དོ་ཞེས་འདོད་ལ། ཁ་ཅིག་ནི་སློབ་དཔོན་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པར་སྦྱར་བ་དེ་དོན་མེད་པ་

(༡༠༤༡)ལྟ་བུར་བྱས་ནས་འདིར་དབུ་མའི་གྲུབ་པའི་མཐའ་གཟུང་སྟེ་དེ་བཞིན་གཤེགས་པའི་སྙིང་པོ་ལ་བཤད་པ་ཡིན་ནོ་ཞེས་སྨྲ་བ་དག་ཀྱང་སྣང་ངོ་། །དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་གསུང་རབ་ལས་འབྱུང་བ་དག་ནི་མཐའ་གཅིག་ཏུ་མ་ངེས་ཏེ། ཆོས་ཀྱི་སྐུ་དང་། དེ་བཞིན་ཉིད་དང་། རིགས་ལ་བརྗོད་དོ་ཞེས་ནི་བཤད་མ་ཐག་པ་ཡིན་ལ། previous hit ཀུནགཞིརྣམ་པར་ཤེས next hit་པ་དང་། སེམས་ཅན་ལ་དེ་བཞིན་གཤེགས་པའི་སྙིང་པོར་བརྗོད་པ་ཡང་ཡོད་དོ་ཞེས་གོང་ཉིད་དུ་བསྟན་ཟིན་ཏོ། །སྤྱིར་ནི་འབྲས་བུ་འདོད་པས་ཀོགས་དང་བཅས་པ་ཉིད་བླང་བར་བྱ་བ་ལྟར་བརྗོད་པ་གཅིག་གིས་previous hit ཀུནགཞིརྣམ་པར་ཤེས next hit་པ་དང་ཟག་མེད་ཀྱི་ཁམས་གཉི་ག་བརྗོད་པ་ཡོད་པས་རྗོད་བྱེད་གཅིག་གིས་བརྗོད་པར་བྱ་བ་དུ་མ་བརྗོད་པའི་ཚུལ་བློའི་སྣོད་དུ་མ་ཤོང་བའི་གཏམ་ལ་ཡིད་གཏད་པར་དཀའོ། །འཇིག་རྟེན་ན་ཡང་བྲམ་ཟེ་ཁ་ཅིག་གིས་གོས་དཀར་པོ་གྱོན་ལ། ཁ་ཅིག་གིས་སྔོན་པོ་གྱོན་པ་ན་བྲམ་ཟེ་ཀུན་རྒྱལ་གང་ཡིན་ཞེས་དྲིས་པའི་ཚེ་དཀར་པོ་འདིའི་ཞེས་རྟེན་དང་བརྟེན་པ་ཐ་དད་པ་མེད་པར་བརྗོད་པ་དུ་མ་ཞིག་ཡོད་དོ། །དེ་བཞིན་དུ་འཇིག་རྟེན་ན་ཉི་མ་ཞེས་བྱ་བའི་སྒྲས་དཀྱིལ་འཁོར་དང་ལྷའི་བུ་གཉི་ག་སྟོན་པས། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །ཞེས་གསུངས་པ་ཡིན་ནོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀྱང་ལུང་འདི་རྣམ་པར་ཤེས་པའི་

(༡༠༤༢)ཁམས་ཐོག་མ་མེད་པ་ནས་ཞུགས་པ་འཆད་པར་ཤེས་རབ་སྒྲོན་མ་ལས་བཤད་ལ། དེ་ལྟ་ན་ཡང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་དེ་བཞིན་གཤེགས་པའི་སྙིང་པོ་མི་བཞེད་པ་ཡང་ཡིན་ཏེ༴ དབུ་མ་སྙིང་པོར༴ ཡོན་ཏན་མེད་ལའང་ཡོན་ཏན་གྱི། །རྒྱུན་རྣམས་སྐྱེ་བར་ཤིན་དུ་གུས། །ཤེས་བྱ་བའི་འགྲེལ་པར། སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བྱ་བར་ཤེས་ནས། ཤེས་གསུངས་པའི་ཕྱིར་རོ། །འདིར་རྐང་པ་དང་པོ་གཉིས་ཀྱིས་ནི་མདོར་བསྟན་ལ། ཕྱི་མ་གཉིས་ཀྱིས་ནི་རྒྱས་པར་བཤད་དོ། །དེ་ལ་རྒྱུ་མཚན་ཇི་ལྟར་ན་ཐོག་མ་མེད་པའི་དུས་ཅན་ཡིན་ཞེ་ན། ལུང་གི་རྒྱུ་མཚན་ལས་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས་དཔལ་གྱི་ཕྲེང་བ་ལ་སོགས་པ་ལས་སྙིང་པོའི་སྔོན་གྱི་མཐའ་ཚད་མས་མི་དམིགས་སོ་ཞེས་བསྟན་ཞིང་ཐ་སྙད་རབ་ཏུ་གཞག་པ་གང་ཡིན་པ་དེས་སོ། ཁམས་ཤེས་བྱ་བ་མི་དཔལ་གྱི་ཕྲེང་བ་ལས་ཇི་སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུའི་ས་བོན་ཡིན་པས་སྙིང་པོའི་སྒྲ་འཐོབ་ལ། དེ་ཡང་ད་ལྟ་དྲི་མ་དང་བཅས་ཀྱང་རང་བཞིན་གྱིས་དྲི་མས་མ་གོས་ཤིང་ཡོངས་སུ་དག་པའི་ཆོས་ཀྱི་ས་བོན་ཡིན་པས་སྙིང་པོ་ཞེས་འཐོབ་བོ་ཞེས་པའོ། །ཆོས་རྣམས་ཤེས་བྱ་བ་ནི་སོ་སོའི་མཚན་ཉིད་འཛིན་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་པ་སྟེ། དེ་ཡང་འདིར་ལས་དང་ཉོན་མོངས་པས་འདུས་བྱས་

(༡༠༤༣)པ་དང་མ་བྱས་པ་ལ་བརྗོད་དོ། །གནས་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་བྱང་བ་དང་ཀུན་ནས་ཉོན་མོངས་པ་གཉི་གའི་གནས་ཏེ། དཔལ་ཕྲེང་ལས་ཇི་སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྟག་པ་བརྟན་པ་ཐེར་ཐ་ཟུག་པ་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་བདག་ཉིད་གཅིག་ཏུ་འབྲེལ་བ། ངོ་བོ་ཐ་དད་དུ་རྣམ་པར་དབྱེར་མེད་པ༴ ཡུན་རིང་དུ་ལོན་ཀྱང་འབྲལ་བའི་ཐབས་སུས་ཀྱང་མི་ཤེས་པ་སྟེ་ཁྱད་པར་གསུམ་དང་ལྡན་པའི་འདུས་མ་བྱས་པའི་ཆོས་སྟོབས་ལ་སོགས་པ་རྣམས་ཀྱི་ཡོན་ཏན་རྟེན་གང་ལ་དམིགས་པར་འགྱུར་བའི་ལམ་གྱི་དང་པོར་སྐྱེ་བའི་གཞི་དང་། བར་དུ་རྒྱུན་གྱི་རྟེན་དང་། མཐར་ཡང་རྒྱུན་མི་ནུབ་པའི་གནས་ལགས་ལ་ཞེས་བྱ་སྟེ། འདི་དག་ནི་དུང་དང་དུང་གི་དཀར་པོ་ཉིད་ལྟར་ཁྱད་པར་གྱི་གཞི་དང་ཁྱད་པར་གྱི་ཆོས་ཤེས་བསྙད་པ་ལྟ་བུར་རྟེན་དང་བརྟེན་པའི་ཚུལ་བཏགས་པ་བ་ཡིན་དངོས་ནི་མ་ཡིན་ཏེ། ཡོན་ཏན་རྣམས་སྙིང་པོའི་ངོ་བོ་ཉིད་ཁོ་ན་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྐད་ཅིག་མའི་གནས་ན་འབྲེལ་ཡང་རྒྱུན་གྱིས་མ་འབྲེལ་བ་མ་བཅོས་པ་དང་བཅོས་མའི་ངོ་བོ་ཉིད་ཀྱིས་ཐ་དད་དུ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་མཐར་འབྲལ་རུང་བར་ཤེས་པ་སྟེ་ཁྱད་པར་གསུམ་དང་ལྡན་པའི་འདུས་བྱས་ཀྱི་ཆོས་དབང་པོ་ལ་སོགས་པ་རྣམས་ཀྱི་འདུས་ཡང་དང་པོར་སྐྱེ་བའི་གཞི་དང་། བར་དུ་གནས་པའི་རྟེན་དང་། མཐར་འཇིག་པ་

(༡༠༤༤)ན་ཡང་དེ་ཉིད་དུ་ཐིམ་ཞིང་གནས་པར་འགྱུར་བའི་གནས་ལགས་སོ་ཞེས་གསུངས་པའོ། །དེ་ཡོད་ན་ནི་འགྲོ་ཀུན་དང་། ཞེས་བྱ་བ་ནི་ཁམས་དེ་ཡོད་ན་འགྲོ་བ་དྲུག་པོ་ཀུན་དུ་འཁོར་བར་འགྱུར་ཏེ། དཔལ་ཕྲེང་ལས་ཇི་སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན་དེ་ཤིན་དུ་བརྟན་པས་ལས་དང་ཉོན་མོངས་པ་རྣམས་ཀྱི་ལན་ཅིག་འགགས་ཀྱང་སླར་སྐྱེ་བའི་རྟེན་བྱས་ཏེ་འགྲོ་བ་མཐོ་དམན་དུ་འཇུག་པས་རྟེན་ལ་བརྟེན་པའི་མིང་གིས་བཏགས་ཏེ་སྙིང་པོ་དེ་ལ་འཁོར་བ་ཞེས་ཚིག་གིས་བཏགས་པ་ལགས་སོ། །དཔེར་ན་ཉི་མ་དང་ཟླ་བ་ཡང་དང་ཡང་དུ་འཁོར་བ་ནི་ནམ་མཁའ་ཡོད་པ་ལས་ཡིན་གྱི། དེ་མེད་ན་མེད་པ་བཞིན་ནོ། །མྱ་ངན་འདས་པའང་ཐོབ་པར་འགྱུར། ཞེས་བྱ་བ་ནི་འཁོར་བའི་རྟེན་དུ་མ་ཟད་འཁོར་བ་ལས་གྲོལ་བའི་ལམ་གྱི་རྟེན་ཡང་ཡིན་པས་དེས་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ཞེས་བྱ་སྟེ། དཔལ་ཕྲེང་ལས་ཇི་སྐད་དུ་བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་བླངས་པའི་རིགས་སྐྱེ་བར་མི་འགྱུར་ལ། དེ་མ་སྐྱེས་ན་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཡང་ཡིད་།།།ཞིང་འབྱུང་ཞིང་སྐྱོ་བར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་ལ་ཡང་དང་པོར་འདོད་པ་དང་བར་དུ་སྨོན་པ་དང་མཐར་དོན་དུ་གཉེར་བར་མི་འགྱུར་བ་ཞིག་ན། འདི་དག་ཀྱང་དམིགས་པས་རྟེན་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གྲུབ་བོ་ཞེས་བྱའོ། །དོན་ནི་ཚུལ་བཞིན་མ་ཡིན་པའི་ཀུན་དུ་རྟོག་པ་སྔ་མ་ལས་ཕྱི་མ་འབྱུང་བ་ན་སྔ་མ་འགགས་ཏེ་ཐིམ་པའི་རྟེན་དང་།

(༡༠༤༥)ཡང་ཕྱི་མ་རྒྱུ་མེད་པར་མི་འབྱུང་བས་སྐྱེ་བའི་རྟེན་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ངེས་ཏེ་རིགས་པ་འདི་ནི་ལས་དང་འབྲས་བུའི་འབྲེལ་པ་གྲུབ་པའི་ཚུལ་གྱིས་ཤེས་པར་བྱ་བ་ཡིན་ནོ།། །།ད་ནི་དཔེ་དགུས་བསྟན་པར་གྱུར་པའི་ཁམས་དེ་ཉིད་སྒོམ་པས་ཉམས་སུ་བླང་བའི་ཚུལ་སྟོན་པར་བྱེད་དེ། དེ་ཡང་ཁྱད་པར་དང་བཅས་པའི་སྐབས་སུ་ཁམས་དེ་རང་བཞིན་གསུམ་གྱི་དབྱེ་བས་སོ་སོར་བཤད་ཀྱང་ཉམས་སུ་བླང་བ་ན་ནི་གཅིག་ཉིད་དུ་ཉམས་སུ་བླང་བར་བྱ་བ་ཡིན་ཏེ། ཁམས་དེའི་རིག་པའི་རང་བཞིན་ནི་ཤེས་བྱ་འགའ་ཞིག་ལ་ཉེ་བ་དང་འགའ་ཞིག་ལ་རིང་བའི་ཁྱད་པར་མེད་དེ། མཐའ་དང་དབུས་མེད་པས་ན་འབྲས་བུའི་ཆོས་ཀྱི་སྐུས་ཞིང་ཐམས་ཅད་དང་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ལྟར་སྙིང་པོའི་རིག་པ་ཡང་རྒྱ་ཆེ་བའོ། །སྤྲོས་པའི་མཚན་མ་ཅིར་ཡང་མ་གྲུབ་པ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་དབྱེར་མེད་ཅིང་རོ་གཅིག་པའི་མཚན་ཉིད་ཅན་མཐར་ཆོས་ཀྱི་སྐུ་ཉིད་དུ་ངེས་པའི་རིགས་ཀྱི་རང་བཞིན་ཏེ་ཁྱད་པར་གསུམ་དང་ལྡན་པའི་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཤེས་པར་བྱ་བའམ་བལྟ་བར་བྱ་བ་ཡིན་ནོ། །དེ་ཡང་ཡུལ་གང་ལ་བལྟ་བར་བྱ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཡོད་པར་བལྟ་སྟེ། དུས་ཐམས་ཅད་ཀྱི་ཚེ་ཡོད་པས་འགྱུར་བ་མེད་པའི་དེ་བཞིན་ཉིད་ཡོད་ལ། ཐམས་ཅད་ལ་ཁྱད་པར་མེད་པར་ཡོད་པས་རྒྱ་ཆེ་བའི་རང་བཞིན་ཏེ། རྟེན་སེམས་ལ་ཡོད་པས་ངེས་པའི་རིགས་ཀྱི་རང་བཞིན་དུ་

(༡༠༤༦)ཡོད་དོ། །དེ་ཡང་ཕྱག་རྒྱ་ཆེན་པོའི་རྣམ་འབྱོར་པ་རྣམས་ཀྱིས་ཁྱད་པར་གསུམ་པོ་དེ་རིམ་གྱིས་མཐོང་སྟེ། འདིར་རྩེ་གཅིག་ཆེན་པོའི་རྣལ་འབྱོར་གྱིས་རང་གི་སེམས་ནམ་མཁའ་ལྟར་མཐའ་དབུས་མེད་པར་མཐོང་བའི་ཕྱིར་རྒྱ་ཆེ་བར་མཐོང་བ་ཡིན་ནོ། །སྤྲོས་པ་དང་བྲལ་བའི་རྣལ་འབྱོར་གྱིས་ནི་ཆོས་ཐམས་ཅད་ཀྱི་བདག་མེད་པའི་མཐའ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ན་སྔར་མི་སྟོ་པ་ཞིག་ཕྱིས་སྟོང་པར་གྱུར་པ་མ་ཡིན་ཏེ། གདོད་མ་ནས་གཤིས་ཀ་དེ་ལྟར་ཡིན་པ་དང་ཕྱིས་སངས་རྒྱས་ན་ཡང་གཤིས་དེ་ལས་མི་འགྱུར་བར་རྟོགས་པའི་ཕྱིར་དེ་བཞིན་ཉིད་དབྱེར་མེད་པར་མཐོང་བ་ཡིན་ནོ་རོ་གཅིག་གི་རྣལ་འབྱོར་གྱིས་ནི་སྣང་བ་དང་སྟོང་པ་དག་རོ་གཅིག་པར་རྟོགས་པས་བདག་གི་སེམས་ཅི་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་དེ་འདྲ་བར་ཤེས་ཤིང་། སེམས་ཅན་གྱི་སེམས་དེ་དང་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དག་ཤིན་དུ་འདྲ་བར་མཐོང་བས་ངེས་པའི་རིགས་ཀྱི་རང་བཞིན་དུ་མཐོང་བ་ཡིན་ནོ། །འོ་ན་དེ་ལྟར་མཐོང་བ་དེ་དང་པོར་འཐད་པས་སྒྲུབ་པའི་རིགས་པ་ལ་བརྟེན་ནས་རྗེས་སུ་དཔག་པའི་ཚད་མས་རྟོགས་ཏེ་དེའི་རྒྱུན་གོམས་པར་བྱས་པ་ལས་མངོན་སུམ་དུ་གྱུར་པ་ཞིག་གམ། རྒྱུ་མཚན་ཆེན་པོ་མེད་པར་བློ་བུར་དུ་མཐོང་བ་ཞིག་ཡིན་ཞེ་ན། འཐད་པས་སྒྲུབ་པ་ལ་བརྟེན་ནས་མཐོང་བ་ཡང་མ་ཡིན། རྒྱུ་མཚན་མེད་པར་མཐོང་བ་ཡང་མ་ཡིན་ཏེ། ཆོས་ཉིད་ཀྱི་རིགས་པ་ལ་བརྟེན་ནས་མཐོང་བ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པ་ངེས་

(༡༠༤༧)པར་འགྲེལ་བ་ལས་རིགས་པ་བཞི་གསུངས་ཏེ། རིགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ། །དེ་ལ་ལྟོས་པའི་རིགས་པ་ནི་འདུ་བྱེད་རྣམས་འབྱུང་བ་དང་། རྗེས་སུ་ཐ་སྙད་གདགས་པའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་ནི་ལྟོས་པའི་རིགས་པ་ཡིན་ནོ། །ཆོས་རྣམས་འཐོབ་པའམ། འགྲུབ་པའམ། སྐྱེས་པ་རྣམས་ལས་བྱེད་པར་འགྱུར་བའི་རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཡིན་ནོ། །སོ་སོའི་ཤེས་པ་དང་བཤད་པ་དང་། སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ༴ ༴དེ་ལ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཉིད་དབྱིངས་གནས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ནོ། ཞེས་འབྱུང་བའོ། །དེ་ལ་རིགས་པའི་སྐད་དོད་ཡུགྟི་ཞེས་བྱ་བ་སྦྱོར་བ་དང་ཐབས་ཀྱི་དོན་ལ་འཇུག་སྟེ། དེ་ལ་ཡུལ་དངོས་པོའི་བྱ་བ་འགའ་ཞིག་གི་ཐབས་ཀྱི་དབང་དུ་བྱས་ནས་ལྟོས་པ་དང་བྱ་བ་བྱེད་པའི་རིགས་པ་གཉིས་ཏེ། དངོས་པོ་གང་རྒྱུ་གང་གིས་བསྐྱེད་པ་དང་། དངོས་པོ་དེ་ཉིད་ཀྱིས་འབྲས་བུ་གང་བསྐྱེད་པའི་དབང་དུ་བྱས་ནས་རིགས་པ་གཉིས་ཏེ། ལྟོས་པའི་རིགས་པ་ནི་འབྲས་བུ་འབྱུང་བ་རྒྱུ་ལ་ལྟོས་ཏེ་དེས་ན་གང་

(༡༠༤༨)འབྲས་བུའི་རྒྱུ་དང་རྐྱེན་ལ་དུ་གྱུར་པ་དེ་ལ་ལྟོས་པའི་རིགས་པའམ་ལྟོས་པའི་ཐབས་དང་ལྟོས་པའི་སྦྱོར་བ་ཞེས་བྱ་སྟེ། མྱུ་གུ་དེ་ཡང་རང་ཉིད་རྒྱུ་ལས་བྱུང་བ་ཙམ་ལ། མྱུ་གུ་ཉེ་བར་ལེན་པའི་རྒྱུ་ས་བོན་དང་རྐྱེན་ཆུ་ལུད་ལ་ལྟོས་པས་ས་བོན་དང་ཆུ་ལུད་ནི་རིགས་པ་ཡིན་ནོ། །མྱུ་གུ་དེ་ཡང་རང་ཉིད་རྒྱུ་ལས་བྱུང་བ་ཙམ་ལ་མ་ལས་པར་རང་གི་ལས་དང་བྱ་བ་དང་འབྲས་བུ་བསྐྱེད་པ་ཡིན་ཏེ། འདབ་མ་དང་སྡོང་བུ་ལ་སོགས་པ་བསྐྱེད་པ་ན་མྱུ་གུ་ནི་རིགས་པ་སྟེ་དེའི་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཀྱང་རིགས་པ་ཡིན་ནོ། །འཐད་པས་སྒྲུབ་པའི་རིགས་པ་ནི་དངོས་པོའི་བྱ་བ་བྱེད་པ་མ་ཡིན་གྱི་དུ་བས་མེ་སྒྲུབ་པ་ལྟར་ཤེས་པའི་བྱ་བ་བྱེད་པས་ཤེས་བྱེད་དམ་གོ་བྱེད་ཅེས་བྱ་སྟེ། འདི་ལ་ཡང་ཧེ་ཏུ་ཞེས་བྱ་བས་རྒྱུའི་མིང་ནི་ཡོད་དོ། །འདིར་སོ་སོར་ཤེས་པ་ཞེས་པ་ནི་པྲ་ཏི་ཛྙཱ་ཞེས་བྱ་བ་དམ་བཅས་པའི་སྐད་དོད་ཡིན་པས་འགྱུར་ཅུང་ཟད་མི་བདེ་སྟེ། དགོངས་འགྲེལ་གྱི་འགྱུར་གཞན་དུ་ནི། དམ་བཅའ་བ་ཉིད་དུ་ཡང་བསྒྱུར་རོ། །བཤད་པ་དང་སྨྲས་པ་ནི་དམ་བཅའ་བའི་ཚིག་ཡིན་ལ། ཚིག་ངེའི་དོན་ནི་བསྒྲུབ་པར་བྱ་བ་ཡིན་ནོ། །དངོས་པོ་དེ་དངོས་སུ་སྒྲུབ་པ་མ་ཡིན་གྱི་ཤེས་པ་ཞིག་སྒྲུབ་པས་ཁོང་དུ་ཆུད་པའི་ཞེས་གསུངས་སོ། །ཆོས་ཉིད་ཀྱི་རིགས་པ་ནི་གཞི་གང་གི་ཆོས་གང་ཡིན་པ་དེ་ལས་ཆོས་ཅན་དེ་མི་འདའ་ཞིང་ཐམས་ཅད་དུ་ཁྱབ་པས་ཆོས་ཉིད་ཅེས་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཅེས་གྲགས་པ་དེ་ཡིན་ལ། དེ་ཡང་དགེ་སློང་དུར་ཁྲོད་དུ་སོང་ནས་

(༡༠༤༩)རུས་པའི་དུམ་བུ་མཐོང་བ་ན་བདག་ཀྱང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་ཆོས་ཉིད་དེ་རང་བཞིན་འདི་ལས་མ་འདས་པའོ་ཞེས་སྨྲ་བ་ལྟ་བུ་སྟེ། དེ་ཡང་འདི་ལྟ་བུ་ཁོ་ནར་འགྱུར་གྱི་གཞན་དུ་མི་འགྱུར་རོ་ཞེས་བྱ་བའི་ངེས་པ་དེ་ལ་ཆོས་ཉིད་ཅེས་བྱའོ། །དཔེར་ན་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་གཞན་གྱི་འདོད་པའི་རྗེས་སུ་མི་འབྲང་བར་ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཁོ་ན་ལྟར་གནས་ཤིང་། སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་བ་ན་དེ་གཞན་དུ་སྨྲ་བར་མི་བྱེད་པར་།།།ལྟར་གནས་པ་།།།དུ་སྨྲ་བར་མ་བྱས་ཇི་ལྟར་གནས་པ་དེ་ཁོ་ན་བཞིན་དུ་ཐ་སྙད་འདོགས་ཤིང་རྣམ་པར་འཇོག་ལ། གཞན་གྱིས་ཀྱང་རྣམ་གཞག་དེ་ལས་མི་འགོང་སྟེ་མི་འཇིག་པས་ཆོས་གནས་པ་ཞེས་བྱའོ། །སྐབས་ཀྱི་དོན་ནི་མིག་གསལ་བའི་སྐྱེས་བུས་གཟུགས་ལ་རྒྱུན་བསྲིངས་ཏེ་བལྟས་པ་ན་ཁྱད་པར་ཕྲ་བ་ཡང་ཤེས་པར་ངེས་པ་ལྟར་རྣལ་འབྱོར་པས་གཞན་དུ་མི་གཡེང་བར་སེམས་ལ་བལྟས་པ་ན་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་འདི་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ཞེས་བྱ་སྟེ། དེས་ན་སྙིང་པོ་ཁྱད་པར་གསུམ་ལྡན་དེ་ནི་ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། ཇི་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་རྣམ་པར་བྱང་བའི་གནས་སྐབས་འབའ་ཞིག་ཏུ་མ་ཟད་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་འདི་ལས་མི་འདའ་བས་

(༡༠༥༠)ཆོས་ཉིད་དེ། དེས་ན་སེམས་ཅན་ཐམས་ཅད་ནི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཅན་ཏེ། དེ་ལ་དེ་བཞིན་གཤེགས་པ་བྱུང་བྱུང་གིས་ཡོད་པ་དང་མེད་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་ཆོས་ཉིད་གང་གིས་ཆོས་ཅན་དེ་ཆོས་ཉིད་དེ་ལྟ་བུ་དང་དེ་དང་མཐུན་པ་ཁོ་ནར་འགྱུར་གྱི་གཞན་དུ་མི་མཐུན་པར་མི་འགྱུར་རོ་ཞེས་བྱ་བ་ནི་དོན་དེ་འཐད་པར་བྱེད་པས་རིགས་པ་དང་ །དེ་ལ་ཆོས་ཅན་དེ་སྦྱོར་བར་བྱེད་པས་སྦྱོར་བ་དང་། དེས་ཉེ་བར་རྟོགས་པར་འགྱུར་བས་ཐབས་ཡིན་ཏེ། གནས་སྐབས་འདིར་ནི་སེམས་ངེས་པར་བརྟག་པའམ་སེམས་ཡང་དག་པ་མངོན་སུམ་དུ་ཤེས་པ་ལ་ནི་ཆོས་ཉིད་ཉིད་རྟེན་དང་ཆོས་ཉིད་ཉིད་རིགས་པ་ཡིན་ནོ། ཆོས་ཉིད་གང་གིས་སེམས་རྟོགས་པར་འགྱུར་བའི་ཐབས་དེ་ནི་ཐོས་པའི་ཤེས་རབ་ཀྱིས་རྣམ་པར་བསམ་པར་མི་བྱ་ལ། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྣམ་པར་བརྟག་པར་མི་བྱའི། ཡུལ་ངེས་པའི་རྣམ་པས་ལྷག་པར་མོས་པར་བྱ་བ་འབ་ཞིག་ཏུ་ཟད་དེ། འདིར་ལྷག་པར་ཞེས་བྱ་བའི་སྒྲས་སེམས་ཀྱིས་སེམས་ལ་བལྟ་བ་ན་དང་པོ་ཉིད་ནས་མངོན་སུམ་དུ་མཐོང་བ་མ་ཡིན་ཏེ། ངེས་པར་འཛིན་པའི་རྟོག་པས་བལྟས་པ་ན་སྐད་ཅིག་ཕྱི་མ་དག་ལ་རྟོག་པ་དང་བྲལ་བར་འགྱུར་ཞེས་བྱ་བ་ཡིན་ནོ། ཇི་ཙམ་གྱི་བར་དུ་རྟོག་པ་ཡིན་ཞེ་ན། སེམས་ལ་གཡོ་བ་མེད་ཀྱང་མིག་གི་ཤེས་པ་ལ་གཟུགས་གསལ་བའི་ཚད་ཙམ་དུ་མ་གྱུར་པ་དེ་སྲིད་དུ་རྟོག་པ་ཡིན་

(༡༠༥༡)ཏེ༴ རྣམ་རྟོག་རྗེས་སུ་འབྲེལ་བ་ལ། དོན་གསལ་སྣང་བ་ཡོད་མ་ཡིན། ཞེས་བྱ་བའི་ངེས་པས་སོ། རྟོག་པ་དང་བྲལ་དུ་ཟིན་ཀྱང་ཤེས་པའི་སྣང་བ་བྱིས་པ་ལ་ཕྱིར་རོལ་ལྟ་བུར་མངོན་པ་བ་རྣམས་སེམས་ལས་གཞན་མ་ཡིན་པར་ཤེས་པའི་ལྷག་མཐོང་མ་སྐྱེས་པ་དེའི་བར་དུ་ནི་ཞི་གནས་ཡིན་ལ། སྐྱེས་པ་ནས་ནི་ཞི་གནས་དང་ལྷག་མཐོང་འབྱོར་བའི་ཕྱིར་རྣལ་འབྱོར་ཞེས་བྱ་སྟེ། རྗེ་བཙུན་གྱིས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། ཤེས་གསུངས་པའི་སྐབས་དེ་ཡིན་ནོ། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་ར་ཏོགས། །ཤེས་གསུངས་པ་ནི་སེམས་གདོད་མ་ནས་མ་སྐྱེས་པར་སྤྲོས་བྲལ་གྱི་དུས་ཉིད་ནས་རྟོས་མོད། འོན་ཀྱང་བསྒོམ་པར་བྱ་བའི་སེམས་དང་སྒོམ་པར་བྱེད་པའི་སེམས་ཐ་དད་པ་ལྟ་བུར་འཆར་བ་ལས་གང་གི་ཚེ་མར་མེ་རང་གསལ་བ་ལྟར་ཡུལ་དང་ཡུལ་ཅན་གྱི་རྣམ་པ་གཉིས་མེད་པར་མངོན་སུམ་དུ་བྱ་པ་དེའི་ཚེ་ནི་སྒོམ་དུ་མེད་པ་ཞེས་བྱ་བའི་ཐ་སྙད་མཛད་དོ། །སྒོམ་དུ་མེད་པ་དེ་ལ་ཡང་ཡང་བར་བྱ་བ་རགས་པ་དང་འབྲིང་དང་ཕྲ་བ་སྤོང་བའི་དབྱེ་བས་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ་པ་ཡོད་དོ། །རྗེ་བཙུན་མཻ་ཏྲི་བས་རིམ་པ་མེད་པར་གསུངས་པ་ནི་ཆུང་འབྲིང་གི་དབྱེ་བ་མེད་པ་ལ་དགོངས་པ་མ་ཡིན་གྱི་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་རོར་རོ་གཅིག་པ་ལ་དགོངས་པ་ཡིན་ནོ། །ད་ནི་སྙིང་པོའི་ངོ་གཏན་ལ་དབབ་པ་བརྗོད་པར་བྱ་སྟེ། དེ་ལ་ཡང་དད་

(༡༠༥༢)པ་ཙམ་གྱིས་མི་རྟོགས་པར་བསྟན་པ་དང་། ཤེས་རབ་ཁོ་ནས་རྟོགས་པར་བསྟན་པ་སྟེ་གཉིས་ལས། དང་པོ་བསྟན་པའི་ཕྱིར། རང་བྱུང་རྣམས་ཀྱི་དོན་དམ་དེ། དད་པ་ཉིད་ཀྱིས་ར་ཏོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །བི་གོ་མེད་པས་ནི་མཐོང་བ་མེད། །ཅེས་བྱ་བ་གསུངས་ཏེ། རང་བྱུང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་དོན་དང་འབྲས་ནི་དོན་དང་འབྲས་བུའི་མཆོག་ཡིན་པའི་ཕྱིར་དོན་དམ་པ་ས་ཏེ། དེ་ནི་དགོས་པ་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །དེའི་ཡུལ་དེ་བཞིན་ཉིད་ལ་ཡང་ཡུལ་ཅན་གྱི་མིང་གིས་བཏགས་པའམ། ཡང་ན་དོན་དམ་ཡེ་ཤེས་ཀྱི་ངོར་བདེན་པས་དོན་དམ་པའི་བདེན་པ་ཞེས་བརྗོད་པའམ། ཡང་ན་མོས་ཉིད་དེ་ཉིད་དོན་ཡང་ཡིན་ལ། དམ་པ་ཡང་ཡིན་ཞིང་བདེན་པ་ཡང་ཡིན་པས་དོན་དམ་པའི་བདེན་པ་ཞེས་བྱ་བའི་བཤད་པ་འདི་དག་ནི་མཁས་པ་དག་གི་ལུགས་ཏེ་འདིར་ཡང་སྦྱར་དུ་རུང་ངོ་། །དེ་ཡང་འདིར་མེད་པར་དགག་པ་ལ་སྦྱར་ན་ཡང་དོན་དུ་མི་འགྱུར་རོ་ཞེས་ནི་མི་བརྗོད་ཀྱི་འོན་ཀྱང་གཙོ་བོའི་དོན་ནི་སྤྲོས་པ་དང་བྲལ་བའི་རིག་པ་ཞེས་བྱ་བ་དེ་ཉིད་ལ་དོན་དམ་པ་ཞེས་བྱ་བ་དང་སྟོང་པ་ཉིད་ཅེས་བྱ་བ་དང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ལ་སེམས་པའི་མིང་གི་རྣམ་གྲངས་ཀྱིས་བསྟན་པ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པའི་ཡུལ་ཡིན་ཞེས་བརྗོད་པའི་ཚེ་གཞན་གྱི་ཡུལ་མ་ཡིན་པར་རྟོགས་པར་འགྱུར་བས་སུ་དང་སུ་དག་གི་ཡུལ་མ་ཡིན་ཞེ་ན། གང་ཟག་པ་ཞི་

(༡༠༥༣)པོ་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་དང་བྱང་ཆུབ་སེམས་དཔའ་སེམས་གཡེངས་རྣམས་ཀྱི་ཡུལ་མ་ཡིན་ནོ། །དཔེར་ན་ཉི་མའི་དཀྱིལ་འཁོར་འོད་བར་བ་མིག་མེད་པའི་དམུས་ལོང་གིས་མི་མཐོང་བ་ཞིན་ནོ། །འོ་ན་གཞན་གཉིས་ཀྱིས་མ་མཐོང་ཡང་ཉན་ཐོས་དང་རང་སངས་རྒྱས་དག་སྟོན་པའི་འཁོར་དུ་ད་ལྟར་རྟག་ཏུ་གནས་པ་དང་སྔོན་སྟོན་པའི་འཁོར་དུ་གནས་པ་ཡིན་པས་སྙིང་པོ་སྟོན་པའི་གསུང་རབ་དག་དེ་དག་གི་རྣ་བར་ནི་ལྷུང་ན་སྙིང་པོ་ཅིས་མི་རྟོགས་ཤེ་ན། དེ་དག་ནི་སྟོན་པ་དང་དེའི་གསུང་ལ་དད་པ་ཉིད་ཁོ་ནས་རྟོགས་པར་བྱ་བ་ཡིན་གྱི་གཞན་དུ་མ་ཡིན་པས་སྙིང་པོའི་ཡུལ་ལ་ཐོས་པའི་ཤེས་རབ་ཁོ་ན་དང་ལྡན་པ་ཡིན་ནོ། །དེ་ལ་འདིར་མཐོང་བ་མེད་ཅེས་བྱ་བའི་སྒྲ་འདི་ནི་མེད་པ་དང་གཞན་པ་ལ་མི་བྱའི་འོག་ལ་བ་ཁོ་ན་སྟེ། མཐོང་བའི་མི་མཐུན་ཕྱོགས་སུ་གྱུར་པ་གསུམ་ཅི་རིགས་པར་ཡོད་ཅེས་པའོ། །དེ་ཉིད་བཤད་པ་ནི། མདོར་བསྡུ་ན་གང་ཟག་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་ས་མི་ལྡན་པར་རྣམ་པར་གཞག་པ་ཡིན་ཏེ། བཞི་གང་ཞེ་ན༴ འདི་ལྟ་སྟེ༴ སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ༴ ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིག་ཚོགས་ལ་ལྟ་བར་ལྷུང་བ་རྣམས་དང་། ཕྱིན་ཅི་ལོག་པ་ལ་མངོན་པར་དགའ་བ་རྣམས་དང་། སྟོང་པ་ཉིད་

(༡༠༥༤)ལ་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བར་ལྷུང་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ལ་བརྗོད་དེ། འདི་ལྟར་དེ་དག་ནི་གཏན་དུ་ཕུང་པོ་ལ་སོགས་པའི་ཆོས་ཟག་པ་དང་བཅས་པ་རྣམས་ལ་བདག་དང་བདག་གི་བ་ཉིད་དུ་ཁས་བླངས་ནས་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་མངོན་པར་ཞེན་པས་ན་འཇིག་ཚོགས་འགགས་པ་ཟག་པ་མེད་པའི་དབྱིངས་ལ་ལྷག་པར་མོས་པར་མི་ནུས་པ་དག་སྟེ། དེ་དག་གིས་ཐམས་ཅད་མཁྱེན་པའི་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་རྟགས་པར་ག་ལ་འགྱུར་ཏེ། འདི་ནི་གནས་མེད་དོ། །དེ་ལ་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དག་ལ་བརྗོད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཉིད་དུ་བསྒོམ་པར་བྱ་བ་ལས་སླར་དེ་རྟག་པའི་འདུ་ཤེས་སུ་སྒོམ་པ་ལས་བཟློག་ནས་མི་རྟག་པའི་འདུ་ཤེས་སུ་སྒོ་མ་པ་ལ་མངོན་པར་དགའ་བ་ཉིད་དང་། དེ་བཞིན་གཤེགས་པའི་སྙིང་པོ་བདེ་བར་བསྒོམ་པར་བྱ་བ་ལས་སླར་དེ་ལ་བདེ་བའི་འདུ་ཤེས་སུ་སྒོམ་པ་ལས་བཟློག་ནས་སྡུག་བསྔལ་བའི་འདུ་ཤེས་སུ་སྒོམ་པ་ལ་མངོན་པར་དགའ་བ་ཉིད་དང་། དེ་བཞིན་གཤེགས་པའི་སྙིང་པོ་བདག་ཏུ་བསྒོམ་པར་བྱ་བ་ལས་སླར་དེ་ལ་བདག་གི་འདུ་ཤེས་སྒོམ་པ་ལས་བཟློག་ནས་བདག་མེད་པའི་འདུ་ཤེས་སྒོམ་པ་ལ་མངོན་པར་དགའ་བ་ཉིད་དང་། དེ་བཞིན་གཤེགས་པའི་སྙིང་པོ་གཙང་བར་བསྒོམ་པར་བྱ་བ་ལས་སླར་དེ་ལ་གཙང་བའི་

(༡༠༥༥)འདུ་ཤེས་སྒོམ་པ་ལས་བཟློག་ནས་མི་གཙང་བའི་འདུ་ཤེས་སྒོམ་པ་ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་གྲངས་འདིས་ན་ཆོས་ཀྱི་སྐུ་ཐོབ་པ་དང་འགལ་བའི་ལམ་ལ་མངོན་པར་དགའ་བའི་ཕྱིར་མཆོག་ཏུ་རྟག་པ་དང་བདེ་བ་དང་བ་དག་དང་གཙང་བའི་མཚན་ཉིད་ཀྱི་ཁམས་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡང་སྤྱོད་ཡུལ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ༴ ཇི་ལྟར་དེ་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་ མི་སྡུག་པའི་འདུ་ཤེས་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དེ་ལྟར་རྒྱས་པར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར་བཅོམ་ལྡན་འདས་ཀྱིས་རྫིང་གི་ཆུའི་ནོར་བུའི་དཔེས་རབ་ཏུ་བསྒྲུབས་ཏེ། འདི་ལྟ་སྟེ༴ དགེ་སློང་དག་དཔེར་ན་སོ་གའི་དུས་ལ་བབ་པ་ན་སྐྱེ་བོ་དག་ཁྲུས་རས་བཅིངས་ཏེ་རང་གི་རྒྱན་དང་ཉེ་བར་སྤྱོད་པ་དག་གི་ས་ཆུ་ལ་རྩེའོ། །དེ་ནས་དེར་གཅིག་གིས་རིགས་དང་ལྡན་པའི་ནོར་བུ་བཻ་དུརྒྱ་ཆུའི་ནང་དུ་གཞག་པ་དང་དེ་ནས་བཻ་དུརྒྱ་དེའི་དོན་དུ་དེ་དག་ཐམས་ཅད་རྒྱན་བཞག་ནས་ཞུགས་པར་གྱུར་ཏོ། །དེ་ནས་དེ་ན་ཡོད་པའི་གསེག་མའམ་གྱོ་མོ་དེ་དག་ལ་ནོར་བུའོ་སྙམ་ནས་གཟུང་སྟེ། བདག་གིས་ནོར་བུ་རྙེད་དོ་སྙམ་ནས་ཕྱུང་ངོ་། །ཕྱུང་ནས་ཀྱང་རྫིང་བུའི་འགྲམ་དུ་བལྟས་པ་ན་འདི་ནི་ནོར་བུ་མ་ཡིན་ནོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ །རྫིང་གི་ཆུ་དེ་ཡང་ནོར་བུའི་མཐུས་ནོར་བུའི་འོད་དང་འདྲ་བར་སྣང་ངོ་། །དེ་དག་དེ་ལྟར་སྣང་བའི་ཆུ་དེ་

(༡༠༥༦)མཐོང་ནས་ཨེ་མའོ་ནོར་བུའོ་སྙམ་དུ་ཡོན་ཏན་གྱི་འདུ་ཤེས་རབ་ཏུ་ཞུགས་སོ། །དེ་ནས་དེ་ལ་ཐབས་མཁས་ཤིང་ཡིད་གཞུངས་པ་གཅིག་གིས་ནོར་བུ་དེ་དེ་ཁོ་ན་བཞིན་དུ་རྙེད་པར་གྱུར་ཏོ། །དགེ་སློང་དག་དེ་བཞིན་དུ་ནོར་བུ་ལྟར་ཆོས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པ་ཁྱེད་ཀྱིས་ཐམས་ཅད་མི་རྟག་པ་དང་ཐམས་ཅད་སྡུག་བསྔལ་བ་དང་ཐམས་ཅད་བདག་མེད་པ་དང་ཐམས་ཅད་མི་སྡུག་པའོ་ཞེས་བསྒོམས་ཤིང་བསྒོམས་ལ་མང་དུ་བྱས་ཤིང་མང་དུ་བྱས་པས་ཉེ་བར་གཞག་པ་དེ་ཐམས་ཅད་ནི་དོན་མེད་དོ། །དགེ་སློང་དག་དེའི་ཕྱིར་རྫིང་གི་གསེག་མ་དང་གྱོ་མོའི་རྣམ་པར་གནས་པ་ལྟར་མི་འགྱུར་བར་ཁྱེད་ཅག་ཐབས་ལ་མཁས་པར་གྱིས་ཤིག །དགེ་སློང་དག་ཁྱེད་ཀྱིས་གང་དང་གང་ཐམས་ཅད་མི་རྟག་པ་དང་། ཐམས་ཅད་སྡུག་བསྔལ་བ་དང་ །ཐམས་ཅད་བདག་མེད་པ་དང་ །ཐམས་ཅད་མི་གཙང་བའི་ཞེས་འཛིན་པ་ཐམས་ཅད་ཀྱིས་བསྒོམས་ཤིང་བསྒོམས་ལ་ལན་མང་དུ་བྱས་ཤིང་མང་དུ་བྱས་པ་དེ་དང་དེ་ཉིད་ལ་ར་ཏག་པ་དང་བདེ་བ་དང་སྡུག་པ་དང་བདག་ཉིད་ཡོད་པ་ཡིན་ནོ་ཞེས་རྒྱས་པར་ཆོས་ཀྱི་དེ་ཁོ་ན་ཉིད་དམ་པ་རྣམ་པར་གཞག་པ་ལས་བརྩམས་ཏེ། ཕྱིན་ཅི་ལོག་པར་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །དེ་ལ་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ཚུལ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཉམས་པ་དག་ལ་བརྗོད་དོ། །གང་དག་ཡོད་པའི་ཆོས་ཉིད་དུས་ཕྱིས་རྒྱུན་ཆད་ཅིང་

(༡༠༥༧)ཞིག་པ་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་དངོས་པོ་གཞིག་པའི་ཕྱིར་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་འདོད་པའམ། ཡང་གང་དག་གང་ཞིག་རྟོགས་པར་བྱ་བ་དང་བསྒོམ་པར་བྱ་བ་སྟོང་པ་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པ་ལས་ཐ་དད་པའི་དངོས་པོ་ཡོད་པ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་བརྟེན་པའོ། །ཞེས་བྱ་བ་སྟེ། སོ་སོའི་སྐྱེ་བོ་ལ་སོགས་པའི་གང་ཟག་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའི་ལྷག་མཐོང་གི་མངོན་སུམ་བསྐྱེད་པའི་རྒྱུ་དད་པ་ལ་སོགས་པའི་དབང་པོའི་སྟོབས་འཕེལ་བས་ཀུན་ཤེས་སྲུང་བའི་དབང་པོར་གྱུར་པ་ནི་མིག་ལྟ་བུ་ཡིན་ན། དེ་དང་མི་ལྡན་པར་ཐ་སྙད་དུ་རྣམ་པར་གཞག་གོ །རྒྱུ་མཚན་གང་གིས་ན་གསུམ་གྱིས་ཏེ། དཔལ་ཕྲེང་གི་མདོ་ལས་ཇི་སྐད་དུ་ཞེས་བྱ་བ་ནས་མ་ལགས་སོ་ཞེས་བྱ་བའི་བར་གྱིས་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་སྒྲིབ་པའི་རྒྱུ་འཇིག་ཚོགས་ལ་ལྟ་བ་དང་། ཕྱིན་ཅི་ལོག་གི་འདུ་ཤེས་དང་། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་གསུམ་གྱིས་བསྒྲིབས་སོ་ཞེས་བྱ་སྟེ། མདོ་ལས་སྒྲིབ་བྱེད་གསུམ་བཤད་པ་དེ་ལ་འཇིག་ཚོགས་སུ་ལྟ་བར་ལྟུང་བ་ནི་གང་ཟག་བཞི་ལས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་བརྗོད་དོ། དེའི་རྒྱུ་མཚན་འདི་ལྟར་བྱིས་པ་འདི་དག་ནི་ཕུང་པོ་དང་སོགས་པས་ཁམས་དང་སྐྱེ་མཆེད་ཟག་པ་དང་བཅས་པ་རྣམས་ལ་བརྟེན་ནས་དེ་དག་གི་བདག་པོར་གྱུར་པའི་བདག་ཞིག་དང་ཕུང་པོ་ལ་སོགས་པ་རྣམས་དེའི་བདག་

(༡༠༥༨)གི་བར་ཤེས་རབ་ངན་པས་ཁམས་བླངས་ནས་འཛིན་པ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། དེ་ཡང་བྱ་དང་རི་དག་ས་ཡན་ཆད་ཀྱིས་ཐོག་མ་མེད་པའི་དུས་ནས་གཏན་དུ་གཟུང་བས་ལྷན་ཅིག་སྐྱེས་པ་ཞེས་བྱའོ། །ཀུན་བརྟགས་པའི་འཇིག་ཚོགས་ལ་ལྟ་བས་ནི་མུ་སྟེགས་བྱང་ལ་སོགས་པ་གའ་ཞིག་ཙམ་ལ་ནི་བསྒྲིབས་པ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་མ་ཡིན་ནོ། །དེ་ལྟ་བུའི་ངར་འཛིན་པ་དང་ང་ཡིར་འཛིན་པའི་ལྟ་བ་དེ་ཉིད་ལ་ཡང་མངོན་པར་ཆགས་ཤིང་ཞེན་པས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཕུང་པོ་ལ་སོགས་པའི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱིས་གདོད་ནས་སྟོང་ཞིང་འགགས་པའི་དབྱིངས་ཡིན་པས་དེ་མངོན་དུ་བྱེད་པ་ལྟ་ཞོག །ལྷག་པར་མོས་པ་ཙམ་ཡང་བྱ་བར་མི་ནུས་པ་དག་སྟེ། འདི་དག་གིས་ཐམས་ཅད་མཁྱེན་པ་ཁོ་ནས་མ་ལུས་པར་མཁྱེན་གྱི་གཞན་གྱིས་མ་ཡིན་པའི་དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་རྟོགས་པར་ལྟ་ག་ལ་འགྱུར་ཏེ། སྙིང་པོ་མཐོང་བའི་གནས་སམ་གཞི་ནི་སྙིང་པོ་ལ་ལྷག་པར་མོས་པ་ཡིན་ན་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་མེད་དོ། །འདིར་ནི་དགག་པའི་སྦྱོར་བ་རྣམ་པ་གཉིས་སུ་འགྱུར་ཏེ། བྱིས་པ་རྣམས་ནི་རྣམ་པ་དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་མཐོང་བ་མ་ཡིན་ཏེ། སྙིང་པོ་ལ་ལྷག་པར་མོས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྒྱུ་མ་དམིགས་པའོ། །ཡང་བྱིས་པ་རྣམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་ལྷག་པར་མོས་པ་མེད་དེ། འཇིག་ཚོགས་སུ་ལྟ་བ་ལ་མངོན་པར་ཆགས་པའི་ཕྱིར་ཞེས་

(༡༠༥༩)བྱ་བ་ནི་རྒྱུ་དང་འགལ་བ་དམིགས་པའོ། །དེ་ལ་རྒྱུ་མཚན་གཉིས་པ་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ནི་དེའི་རྟེན་ཉན་ཐོས་དང་རང་སངས་རྒྱས་དག་ལ་བརྗོད་དེ། དེ་ཅིའི་ཕྱིར་ཞེ་ན། ཉན་རང་དེ་དག་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ལ་སོགས་པའི་ཁྱད་པར་བཞི་དང་ལྡན་པ་ལས་བཟློག་ནས་མི་རྟག་སོགས་སུ་སྒོམ་པ་ལ་མངོན་པར་དགའ་བའི་ཕྱིར་ཞེས་པ་ཡང་འགལ་བ་དམིགས་པའི་གཏན་ཚིགས་སོ། །ཀྱང་ཞེས་པ་ནི་ཉན་རང་འཕགས་པ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བ་བཅོམ་པས་སྙིང་པོ་ལ་སྒྲིབ་པར་བྱེད་པ་མེད་དམ་སྙམ་ན་འཇིག་ཚོགས་ལ་ལྟ་བ་ལས་གཞན་པའི་སྒྲིབ་པ་ཡོད་ཅེས་བསྟོན་པའོ། །གཏན་ཚིགས་འདི་ལ་ནི་ཚོ་ཕྱོགས་ཀྱི་ཆོས་མེད་དེ། ཉན་རང་དེ་དག་གིས་སྤྱིར་ཟག་པ་དང་བཅས་པའི་ཕུང་པོ་སོགས་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཞིར་བསྒོམས་ཀྱི། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཁྱད་པར་གྱི་གཞིར་གཟུང་ནས་དེའི་ཁྱད་པར་མི་རྟག་སོགས་སུ་བསྒོམས་པ་ནམ་ཡང་མེད་པའི་ཕྱིར་རོ་ཞེ་ན། བདེན་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་སྤྲོས་པའི་མཚན་མ་དང་བྲལ་བ་དེ་ཁྱད་པར་གྱི་གཞིར་གཟུང་ནས་མི་རྟག་སོགས་སུ་སྒོམ་པ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ། །འོན་ཀྱང་ཕུང་པོ་རང་བཞིན་གྱིས་འོད་གསལ་ཞིང་། འོད་གསལ་བ་དེ་རྟག་པ་ཡང་ཡིན་པ་ལས་ཕུང་པོ་ལ་དེ་ལྟ་བུའི་རྟག་པའི་ཆོས་དང་ལྡན་པར་མ་རྟོགས་ཤིང་མི་རྟག་པ་ཁོ་ན་བསྒོམས་པས་ཕྱིན་ཅི་ལོག་ཡིན་ཞེས་བརྗོད་པ་སྟེ།

(༡༠༦༠)དཔེར་ན་དབུལ་པོའི་ཁྱིམ་ན་གཏེར་ཡོད་པ་ལ་དབུལ་པོ་དེས་ཕྱིན་ཅི་ལོག་ཏུ་དབུལ་པོ་ཁོ་ནར་འདུ་ཤེས་སམ་ཞེས་སྨད་པ་བཞིན་ནོ། །དེས་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཕུང་པོའི་ངོ་བོ་ཉིད་འོད་གསལ་བར་མ་ཤེས་པའི་མ་རིག་པ་ཉིད་ཀྱིས་ཕུང་པོ་ལ་ཕྱིན་ཅི་ལོག་ཏུ་འཛིན་པར་རྣམ་པར་གཞག་སྟེ། དེ་ཡང་ཕུང་པོ་ནི་དོན་དམ་པར་རྟག་པ་ཡིན་ཏེ། ངོ་བོ་ཉིད་ཀྱིས་དག་ཅིང་འོད་གསལ་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། ཕུང་པོའི་ཁྱད་པར་གྱི་ཆོས་དེ་ལྟ་བུ་མེད་པར་འདུ་ཤེས་པས་ཕྱིན་ཅི་ལོག་ཅེས་བྱའོ། །དེས་ན་བྱང་ཆུབ་སེམས་དཔས་སྙིང་པོའི་ཁྱད་པར་གྱི་ཆོས་རྟག་སོགས་བཞི་སྒོམ་པ་ན་ཡང་ཕུང་པོ་ལ་སོགས་པ་ཉིད་ཆོས་ཅན་དུ་གཟུང་ནས་དེའི་ཁྱད་པར་གྱི་ཆོས་འོད་གསལ་བ་ཉིད་དུ་སྒོམ་པར་བྱེད་པ་ཡིན་ཏེ། འདི་ནི་སྔར༴ ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག །རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོས་རབ་ཏུ་ཕྱེ་བ་ཉིད། །ཅེས་བྱ་བ་དེར་བཤད་ཟིན་ཏོ། །དེས་ན་འདི་ནི་ཕྱོགས་ཀྱི་ཆོས་མེད་པ་མ་ཡིན་ནོ། །དེ་ལྟར་རྣམ་གྲངས་འདིས་ནི་ཞེས་བྱ་བས་ནི་ཆོས་སྐུ་འཐོབ་པའི་ལམ་རྟག་པ་དང་བདེ་བར་སྒོམ་པ་སོགས་དང་ཉན་རང་གི་ལམ་འགལ་བས་ན་འགལ་བ་དམིགས་པའི་ཞེས་བསྟན་ཏོ། །དོན་དེ་ཉིད་མྱ་ངན་ལས་འདས་པའི་མདོར་ཛིང་གི་ཆུའི་ནོར་བུའི་དཔེ་རྒྱས་པར་བསྟན་པས་གསུངས་ཏེ། དེ་ལ་ཆུ་ནི༴ ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་གསུངས་པའི་ཚུལ་གྱིས་ཉན་རང་འཕགས་པ་

(༡༠༦༡)རྣམས་ཀྱི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་རྩིག་པས་བརྟེན་བྱས་པའི་རྫིང་བུ་ཞི་གནས་དང་ལྷག་མཐོང་ཆུ་ལྟ་བུས་ཡོངས་སུ་གང་བའོ། །སོ་ཀའི་དུས་ནི་དགུན་གྱི་ཟླ་བ་བཞི་རྫོགས་པའི་རྗེས་ཐོགས་ཀྱི་ཟླ་བ་བཞིའོ། །དེ་ནི་ཚ་བའི་དུས་ཡིན་པས་ཚ་བས་གསུངས་པའི་སྐྱེ་བོ་ཁྲུས་ལ་མངོན་པར་དཀའ་བ་བཞིན་དུ་ཉན་རང་རྣམས་ཀྱང་འཁོར་བའི་སྡུག་བསྔལ་གྱི་མེས་ཡིད་བྱུང་ནས་སྒོམ་པའི་ཆུ་ལ་མངོན་པར་རྩེ་ཞེས་པ་སྟེ། ཁྲུས་རས་ནི་བག་ཡོད་པའི་དཔེའོ། །རྒྱན་ནི་དད་པ་ལ་སོགས་པའི་ནོར་རོ། །དེ་ནས་བཻ་དུ་རྒྱའི་འོད་ཀྱིས་ཆུའི་ནང་ན་གནས་པའི་གསེག་མ་དང་གྱོ་མོ་ཡང་བཻ་དུ་རྒྱར་འཁྲུལ་ནས་རྒྱན་གཞག་སྟེ་ཆུར་ཞུགས་པ་བཞིན་དུ་འཕགས་པ་རྣམས་ཀྱང་དད་པ་ལ་སོགས་པ་དགེ་བའི་ཆོས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་དོར་ནས་འགོག་པ་ལ་འཇུག་གོ །སྡིང་དེ་ན་ཡོད་པའི་འཕགས་པ་རྣམས་གསེག་མ་དང་གྱོ་མོ་ལ་ནོར་བུར་འཁྲུལ་ནས་བླངས་པ་བཞིན་དུ་རང་གིས་ཉམས་སུ་མྱོང་བའི་འགོག་པས་གནས་པ་དེ་ལྟ་བུ་ཉིད་ནི་ཉན་རང་གི་མྱ་ངན་ལས་འདས་པ་ཡིན་ལ། དེ་ཉིད་མཐར་ཐུག་གི་མྱང་འདས་ཡིན་པར་ཡང་གཟུང་ནས་དགའ་བར་བྱེད་དེ། འགོག་པའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རྫིང་བུའི་འགྲམ་དུ་བལྟས་པ་ན་ནོར་བུ་མ་ཡིན་པར་འདུ་ཤེས་པའི་དཔེས་ནི་ཟག་པ་དང་བཅས་པའི་འདུ་བྱེད་ཐམས་ཅད་འགགས་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་གནས་སྐབས་རྫིང་གི་མཐའ་དང་འདྲ་བ་དེར་སོན་

(༡༠༦༢)པའི་ཚེ་ཏིང་ངེ་འཛིན་གྱི་མྱོས་པ་སངས་པ་ན་བདག་ཉིད་མྱ་ངན་ལས་འདས་པའི་མཐར་མ་ཐུག་པར་ཤེས་ཞེས་པ། །རྫིང་གི་ཆུ་དེ་ཡང་ནོར་བུའི་མཐུས་ནོར་བུའི་འོད་དང་འདྲ་བར་སྣང་ངོ་ཞེས་པས་ནི་ཉན་རང་རྣམས་ལ་རང་གི་མྱ་ངན་ལས་འདས་པ་ལ་མཐར་ཐུག་ཏུ་འཁྲུལ་བའི་རྒྱུ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་པར་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མཐུ་ལས་རིགས་སད་དེ་འཁོར་བ་ལ་སྐྱོ་བར་འགྱུར་ཞིང་མྱ་ངན་ལས་འདས་པ་ལ་འདོད་པ་དང་སྨོན་པར་འགྱུར་རོ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །སྐྱེས་བུ་གཞན་མཁས་ཤིང་ཡིད་གཞུངས་པས་བ་ཻདུརྒྱ་ཉིད་དངོས་སུ་རྙེད་པ་བཞིན་དུ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་གཟིགས་པའི་དཔེའོ། །དེ་ལ་གསེག་མ་སོགས་ལ་བེཻ་དུརྒྱར་འཁྲུལ་བའི་རྒྱུ་ཡང་བཻ་དུརྒྱས་བྱས་ལ། ཕྱིས་འཁྲུལ་པ་སངས་པ་ཡང་བཻ་དུརྒྱས་བྱས་ཏེ། དེ་བཞིན་དུ་དམན་པའི་ལམ་དུ་འཇུག་པའི་རྟེན་ཡང་སྙིང་པོས་བྱས་ལ། སླར་ཐེག་ཆེན་དུ་འཇུག་པ་ཡང་སྙིང་པོས་བྱས་པར་ཤེས་པར་བྱའོ། །འོ་ན་ཉན་ཐོས་རྣམས་ཀྱི་མི་རྟག་སོགས་སུ་འཛིན་པ་ཕྱིན་ཅི་ལོག་ཁོ་ན་ཡིན་ན། དེས་འཁོར་བ་ལས་འདའ་བར་ཇི་ལྟར་ནུས་ཤེ་ན། ཕྱིན་ཅི་ལོག་ཏུ་བརྗོད་པ་ནི་མཐའ་གཅིག་ཁོ་ནར་བརྗོད་པ་མ་ཡིན་གྱི། །དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་ཤེས་པ་ལ་ལྟོས་ཏེ་ཕྱིན་ཅི་ལོག་གོ་ཞེས་ལྟོས་པས་གཞག་པ་ཡིན་ཏེ། བདེན་པར་སྨྲ་བའི་

(༡༠༦༣)ངག་རྣམས་ཀྱང་དོན་དམ་པ་ལ་ལྟོས་ཏེ་བརྫུན་ནོ་ཞེས་བརྗོད་པ་དང་འདྲའོ། །ནོར་བུ་ལྟར་ཆོས་ཀྱི་དེ་ཁོ་ན་ཉིད་མི་ཤེས་ཞེས་བྱ་བ་ནི་དཔེའི་སྐབས་སུ་སྐྱེ་བོ་རྣམས་ཀྱིས་ནོར་བུ་མི་ཤེས་པར་བརྗོད་པ་ལྟར་ཁྱེད་ཀྱིས་ཀྱང་ཆོས་ཀྱི་དེ་ཁོ་ན་ཉིད་སྙིང་པོའི་དོན་མི་ཤེས་པར་ཐམས་ཅད་མི་རྟག་པ་ལ་སོགས་པར་སྒོམ་པ་སྟེ། ཕྱོགས་གཅིག་ནས་ཕུང་པོ་འདི་དག་མི་རྟག་གོ་ཞེས་བྱ་བ་ཙམ་མ་ཡིན་པར་རྣམ་པ་ཐམས་ཅད་ནས་མི་རྟག་པ་ལ་སོགས་པར་བསྒོམས་ཏེ་དེ་ཡང་ལན་ཅིག་ཙམ་མ་ཡིན་གྱི། འཛིན་པ་ཐམས་ཅད་དེ་དྲིན་པའི་ཐག་པས་རྒྱུན་དུ་གཟུང་བས་བསྒོམས་ཤིང་བར་དུ་ཡང་མང་དུ་བྱས་ལ་མང་དུ་བྱས་པ་དེའི་རྒྱུས་མི་རྟག་པ་སོགས་དེ་ཉིད་ལ་སེམས་ཉེ་བར་གཞག་ནས་འབད་ཀྱང་དེ་ཐམས་ཅད་ལ་དོན་དུ་འགྱུར་བའི་མཐར་ཐུག་གི་མྱ་ངན་ལས་འདས་པ་མེད་དོ། །དེ་བས་ན་དོན་མེད་དོ་ཞེས་བྱ་བ་ནི་དམན་པ་ལ་དགག་པའི་སྒྲ་སྦྱར་བའོ། །དེས་ན་ཁྱེད་ཀྱིས་གསེག་མ་དང་གྱོ་མོ་ལ་ནོར་བུར་འཁྲུལ་བ་ལྟར་མི་བྱ་བར་ཡང་དག་པའི་མྱ་ངན་ལས་འདས་པ་ཚོལ་བའི་ཐབས་ལ་མཁས་པ་གྱིས་ཤིག །ཐབས་དེ་ཡང་སྔར་ཆོས་ཅན་གང་དང་གང་མི་རྟག་སོགས་སུ་བསྒོམས་ཤིང་མང་དུ་བྱས་པ་ནི་སྔར་གྱི་ཇི་ལྟར་བྱས་པ་བརྗོད་པའོ། །ད་ནི་སྔར་མང་དུ་བྱས་ཤིང་བསྒོམས་པའི་ཆོས་ཅན་ཕུང་པོ་ལ་སོགས་པ་དེ་དག་ཉིད་ཁྱད་པར་གྱི་གཞིར་གཟུང་ལ། དེའི་ཁྱད་པར་གྱི་ཆོས་མི་རྟག་སོགས་ཁ་སྤོས་ཏེ་རྟག་པ་སོགས་སུ་སྒོམ་པར་གྱིས་ཤིག་དང་། དེ་ནི་

(༡༠༦༤)ཆོས་ཀྱི་དེ་ཁོ་ན་ཉིད་ཚོལ་བའི་ཐབས་ལ་མཁས་པ་ཡིན་ནོ་ཞེས་པའོ། །དོན་ནི་ཕུང་པོ་ལ་སོགས་པའི་ཆོས་ཅན་རྣམས་ནི་གྲུབ་པའི་མཐའ་ལ་མ་ཞུགས་པའི་སྐྱེ་བོའི་ཚད་མས་ཀྱང་གྲུབ་སྟེ། ཚད་མ་གང་ཡང་རུང་བས་གྲུབ་པའི་དོན་དེ་ལ་དོན་དེ་སུན་འབྱིན་པར་བྱེད་པའི་ཚད་མ་གཉིས་པ་ནི་གཏན་མི་སྲིད་དོ། །ཆོས་ཅན་བྱིས་པས་གྲུབ་པ་དེ་ཉིད་ལ་བྱིས་པ་རྣམས་ཀྱིས་ནི་ཁྱད་པར་གྱི་ཆོས་རྟག་པ་དང་བདེ་བ་ལ་སོགས་པར་འཛིན་ནོ། །ཡང་འཕགས་པ་ཉན་ཐོས་རྣམས་ཀྱིས་ཆོས་ཅན་དེའི་ཆོས་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པར་སྒོམ་མོ། །མཁས་པ་དབུ་མ་པ་རྣམས་ཀྱིས་ནི་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ཡིན་པས་སླུ་བའི་ཕྱིར་ཡང་དག་པ་མ་ཡིན་ཏེ། དེ་བས་ན་ཆོས་ཅན་དེ་ཉིད་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་སོགས་པའི་རྣམ་པས་ངོ་བོ་ཉིད་མེད་པར་སྒོམ་པར་བྱེད་ལ། ངོ་བོ་ཉིད་མེད་པ་དེ་ཉིད་ལ། མི་རྟག་དོན་ནི་མེད་དོན་དང་། ཞེས་མི་རྟག་པའི་མིང་གིས་ཀྱང་འདོགས་པར་བྱེད་དེ། སྐྱེ་བ་མེད་པ་གཅིག་པུ་དེ་ཉིད་ལ་འཕགས་པའི་བདེན་པ་བཞིའི་ཐ་སྙད་ཀྱང་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་འཕགས་པའི་བདེན་པ་སྒོམ་པ་རྣམ་པ་གཉིས་མཛད་དེ། ཉན་ཐོས་རྣམས་ཀྱིས་བསྒོམ་པར་བྱ་བའི་མི་རྟག་པ་ལ་སོགས་པ་བཅུ་དྲུག་དག་ཀྱང་སྒོམ་ལ། རང་ཉིད་ཀྱི་ཚུལ་སྟོང་པ་ཉིད་ཀྱི་རྣམ་པ་ལ་བདེན་པ་བཞིའི་

(༡༠༦༥)རྣམ་པ་བཅུ་དྲུག་ཏུ་ཕྱེ་ནས་ཀྱང་སྒོམ་པས་མངོན་པར་རྟོགས་པའི་རྒྱན་ལས། གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང་། ༴ཞེས་བྱ་བ་ལ་སོགས་པས་རྣམ་པ་སུམ་བཅུ་རྩ་གཉིས་སྒོམ་པར་གསུངས་པ་ཡིན་ནོ། །འཁོར་ལོ་ཕྱི་མ་འདིར་ནི་སྤྲོས་པ་རྣམ་པར་བཅད་པ་ཙམ་གྱིས་གཉེན་པོའི་རྩལ་མི་རྫོགས་ཏེ་འོད་གསལ་བ་བསྒོམས་པ་ཁོ་ནས་དངོས་པོར་མངོན་པར་ཞེན་པ་ཡང་ཡོང་ལ། ཞེན་པ་མེད་ཀྱང་ཕྱིན་ཅི་ལོག་ཏུ་སྣང་བའི་རྣམ་པ་རྣམས་ཀྱང་སྤོང་བས་ཆོས་ཅན་བྱིས་པས་གཟུང་བ་དེ་ཉིད་ལ་རྟག་པ་ལ་སོགས་པར་བསྒོམས་ཤིག་ཅེས་བཀའ་སྩལ་བ་ཡིན་ཏེ། སྤྲོས་པ་གཅོད་པ་དང་སྙིང་པོ་སྒོམ་པའི་ཚུལ་གཉི་གར་ཡང་ཉན་ཐོས་ཀྱི་བདེན་པའི་རྣམ་པ་རྣམས་ལ་ཕྱིན་ཅི་ལོག་གི་ཐ་སྙད་མཛད་དོ༴ དེ་ལྟར་ན་བྱིས་པ་རྣམས་དང་འཕགས་པ་ཉན་ཐོས་རྣམས་ལ་ཕྱིན་ཅི་ལོག་སུམ་བཅུ་རྩ་གཉིས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱིན་ཅི་མ་ལོག་པ་སུམ་བཅུ་རྩ་གཉིས་སུ་རྣམ་པར་འཇོག་གོ །དེས་ན་ཆོས་ཅན་དེ་དག་ཉིད་ཀྱི་སྟེང་དུ་ཉན་ཐོས་ཀྱི་འཕགས་པའི་བདེན་པ་སྒོམ་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་སྒོམ་པ་ཡིན་ལ། བྱང་ཆུབ་སེམས་དཔས་ནི་དེ་ཁོ་ན་ཉིད་དམ་པ་སྟེ་དོན་དམ་པའི་བདེན་པའི་དབང་དུ་བྱས་ནས་མདོ་ལས་རྒྱ་ཆེར་གསུངས་པ་རྣམས་བསྒོམ་པར་བྱའོ་ཞེས་པའོ། །བྱང་ཆུབ་སེམས་དཔའི་ཡང་ནང་ཚན་དུ་ནི་མེད་པར་དགག་པའི་སྟོང་པ་ཉིད་ནི་རྗེས་

(༡༠༦༦)སུ་དཔག་པའི་ཚད་མས་རྙེད་པ་ཡིན་ལ། ཚད་མ་དེ་ཉིད་ཀྱང་རྣམ་པར་རྟོག་པའི་རང་བཞིན་ཡིན་པས་མ་རིག་པར་བཞེད་དེ། དེ་བས་ན་འཁོར་ལོ་ཕྱི་མའི་ཚུལ་འདིར་ནི་རྣམ་པར་མི་རྟོག་པ་ལ་གཙོ་བོར་སྤྱོད་པ་ཡིན་པས་མཆོག་ཏུ་ཕུལ་དུ་བྱུང་བ་ཡིན་ནོ། །སྒྲིབ་པ་གསུམ་པ་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པའི་རྟེན་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་ །སྐྱེ་བ་གཅིག་གིས་ཐོགས་པ་སྟེ་བཞི་ལས་སྤྱོད་པ་ལ་ཞུགས་པ་ཡན་ཆད་དུ་ནི་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་མི་སྲིད་དོ། །སེམས་དང་པོ་བསྐྱེད་པ་ལ་སྲིད་པས་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཞེས་སྨོས་པ་ཡིན་ཏེ། དེ་དག་གི་ཁོངས་ན་གནས་པ་འགའ་ཞིག་ཡིན་གྱི། ཐམས་ཅད་ནི་མ་ཡིན་ཏེ། དང་པོར་དོན་དམ་པ་རྣམ་པར་ངེས་ནས་དེ་ལས་སྙིང་རྗེའི་སྟོབས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལས་དང་པོ་པ་ཡང་ཡོད་པའི་ཕྱིར་རོ། །དེས་ན་ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་བསམ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྦྱོར་བ་ཉན་ཐོས་ཀྱི་ཐེག་པ་ཉིད་ལ་བརྟེན་པ་ཡོད་པར་བཤད་དེ། དེ་ལྟ་བུའི་རིགས་ཅན་ནི་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་དང་པོ་སྟེ། ཆོས་ཀྱི་བདག་མེད་པ་ལ་བློ་མ་ཕྱོགས་པས་མྱ་ངན་ལས་འདས་པ་ཐོབ་པའི་ཚེ་ཀུན་འབྱུང་སྔར་ཡོད་པ་རྒྱུན་ཆད་ཅིང་ཞིག་

(༡༠༦༧)པའི་མི་རྟག་པ་ལ་མྱ་ངན་ལས་འདས་པར་འཛིན་ཞིང་། ཕྱིན་ཆད་སྡུག་བསྔལ་མི་སྐྱེ་བའི་མཚན་ཉིད་ཅན་ལ་ཡང་མྱང་འདས་དང་སྟོང་པ་ཉིད་དུ་འདོད་པ་ཡོད་པས་ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། ཅེས་རིན་ཆེན་ཕྲེང་བར་གསུངས་པ་དེ་ཐེག་པ་ལ་གསར་དུ་ཞུགས་པ་ལས་ཀྱང་འགའ་ཞིག་འདོད་པ་ནི་དང་པོ་ཡིན་ནོ་རྣམ་པར་གཡེངས་པ་གཉིས་པ་ནི་དགོངས་པ་ངེས་པར་འགྲེལ་བ་ལས། །ས་ཕྱོགས་ཞིག་ན་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་ཞུགས་པ་རབ་ཏུ་མང་པོ་དག་ཅིག་འདི་ལྟ་སྟེ་འདུ་བྱེད་རྣམས་དང་དོན་དམ་པ་ཐ་དད་པ་དང་ཐ་དད་པ་མ་ལགས་པ་ཉིད་བསམ་པ་ལས་བརྩམས་ཏེ། ཕན་ཚུན་ནས་མཆིས་ཤིང་མཆིས་ནས་འདུས་ཏེ་མཆིས་ནས་དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལགས་སོ་ཞེས་མཆི། ཞེས་གསུངས་པ་ལས་གང་ཞིག་མངོན་སུམ་དུ་རྟོགས་པར་བྱ་བ་དང་དེའི་ཆེད་དུ་བསྒོམ་པར་བྱ་བའི་ཡུལ་སྟོང་པ་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པ་ལས་ཐ་དད་པའི་དངོས་པོ་ཡོད་པ་ཡིན་ནོ་ཞེས་འདོད་པ་ནི་འདུ་བྱེད་དང་དོན་དམ་པའི་མཚན་ཉིད་ཐ་དད་པར་འདོད་པ་དེ་དག་གོ །

(༡༠༦༨)ཤུགས་ཀྱིས་ན་གཅིག་ཏུ་འདོད་པ་དག་ཀྱང་སྟོང་པ་ཉིད་མ་ཡིན་པ་ལ་སྟོང་པ་ཉིད་དུ་འཛིན་པའི་ཕྱིར་སེམས་རྣམ་པར་གཡེངས་པའི་ཁོངས་སུ་གཏོགས་སོ། །སྟོང་པ་ཉིད་ལ་དམིགས་པས་ཤེས་པ་ནི་སྟོང་པ་ཉིད་དངོས་པོར་དམིགས་པས་སྟོང་པ་ཉིད་ཀྱི་སྒོ་འདོད་ཅིང་སྟོང་པ་ཉིད་ལ་བརྟེན་པ་ཡིན་ཞེས་པའོ། །ཤེས་རབ་ཁོ་ནས་རྟོགས་པར་བསྟན་པའི་དབང་དུ་མཛད་ནས་བྱིས་པ་རྣམས་ཀྱིས་བདག་ཏུ་སྒྲོ་འདོགས་པ་དང་ཉན་ཐོས་རྣམས་ཀྱིས་ཆོས་སུ་སྒྲོ་འདོགས་པས་སྙིང་པོ་མི་མཐོང་བར་བཤད་པའི་ཕྱིར་གང་ཟག་དང་ཆོས་ལ་བདག་མེད་པར་བལྟ་བས་སྙིང་པོ་མཐོང་བར་ཤུགས་ཀྱིས་བརྗོད་ལ། སྟོང་པ་ལ་ལྟ་བར་འདོད་ཀྱང་སྟོང་པ་ལས་གཞན་དུ་སེམས་རྣམ་པར་གཡེངས་པས་ཀྱང་སྙིང་པོ་མི་རྟོགས་པར་བསྟན་པས་སྙིང་པོ་ནི་སྟོང་པ་ཉིད་ཀྱི་ཚུལ་ལམ་ཚིག་གིས་བརྗོད་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཉིད་དུ་གྱུར་པ་དེ་གང་ཞེ་ན་ཞེས་པ་ནི་དྲི་བའོ། །ལན་ནི༴ འདི་ལས་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །བློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། ཞེས་བྱ་བ་སྟེ་ཚིགས་སུ་བཅད་པ་དང་པོ་འདི་ནི་མངོན་པར་རྟོགས་པའི་རྒྱན་དང་ཐུན་མོང་བ་ཡིན་ཏེ། དེའི་ཕྱིར་འཁོར་ལོ་གཉིས་པར་སློབ་དཔོན་སེང་གེ་བཟང་པོའི་འགྲེལ་པས་ཇི་ལྟར་བཤད་པ་དེ་ཐོག་མར་ཁོང་དུ་ཆུད་

(༡༠༦༩)པར་བྱའོ༴ དེ་ཡང་འགྲེལ་པ་དེར༴ གང་གི་ཕྱིར་དངོས་པོར་མངོན་པར་ཞེན་པ་ལས་གྲོལ་བར་མི་འཐད་པ་དེའི་ཕྱིར་ཆོས་གང་ལ་ཡང་སྐུར་པ་འདེབས་པ་དང་སྒྲོ་འདོགས་པའི་ངོ་བོས་བསལ་བ་དང་། གཞག་པ་མ་བྱས་པར་གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་ཉིད་འདི་ཉིད་ལ་རང་བཞིན་མེད་པ་ལ་སོགས་པའི་ངོ་བོར་བརྟག་པར་བྱ་སྟེ། དེ་ལྟར་ན་སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུ་ཕྱིན་ཅི་ལོག་ལྡོག་པས་དེ་ཁོ་ན་ཉིད་མཐོང་ན་རྣམ་པར་གྲོལ་བར་འགྱུར་རོ། ཞེས་འབྱུང་སྟེ༴ ཚིགས་སུ་བཅད་པ་འདིའི་སྔ་ལོགས་ཉིད་དུ། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡིས། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། ཤེས་འབྱུང་བ་དེས་ཆོས་རྣམས་ཀྱི་དངོས་པོའི་ངོ་བོ་ཉིད་ཡོད་ན་སྟོན་པ་ཤེས་བྱའི་སྒྲིབ་པ་ལས་གྲོལ་བར་མི་འཐད་ཅེས་གསུངས་པ་དེ་དྲན་པར་བྱས་ནས་གཏན་ཚིགས་སུ་འགོད་པ་ནི་གང་གི་ཕྱིར་དངོས་པོར་མངོན་པར་ཞེན་པ་ལས་གྲོལ་བ་མི་འཐད་པ་དེའི་ཕྱིར་ཞེས་བྱ་བ་ཡིན་ཏེ། འདི་ནི་རྩ་བར་འདི་ལས་ཤེས་འབྱུང་བ་དེ་འགྲེལ་བ་ཡིན་ནོ། །འདི་ལ་ས་སྐྲྀ་ཏ་ལ་ཨ་ཏ་ཞེས་འབྱུང་བ་ལ་མང་པོ་ཞིག་གིས་འདི་ལ་ཞེས་ཡུལ་གྱི་བདུན་པར་འདོན་པར་བྱེད་དོ། །འོ་ན་གང་གིས་གྲོལ་སྙམ་ན། ཆོས་རྣམས་ལ་རང་བཞིན་མེད་པར་མཐོང་བས་གྲོལ་ཏེ། རང་བཞིན་མེད་

(༡༠༧༠)པར་ལྟ་བ་ཡང་ཆོས་རྣམས་ཀྱི་ཀུན་རྫོབ་པ་མི་སེལ། དོན་དམ་པ་མི་སྣོན་ཞེས་སྟོན་པར་བྱེད་དེ། ཆོས་གང་ལ་ཡང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་དང་ཤེས་པ་ལ་སོགས་པ་གང་ཆོས་ཅན་དུ་གཟུང་ཡང་རུང་ཞེས་པའོ། །ཆོས་ཅན་དེ་ལ་ཆོས་རང་བཞིན་མེད་པར་ལྟ་བའི་ཚེ་ན་ཀུན་རྫོབ་ཙམ་ཐ་སྙད་ཙམ་དུ་ཡང་མེད་ཅེས་སྐུར་པ་འདེབས་པའི་ངོ་བོས་ཡོད་ཙམ་བསལ་བར་མ་བྱས་ལ་དོན་དམ་པར་ཡོད་ཅེས་སྒྲོ་འདོགས་པའི་ངོ་བོས་མེད་བཞིན་དུ་གཞག་ཅིང་སྣོན་པ་མ་བྱས་པར་དྲང་པོར་ལྟ་ཞེས་བྱ་བ་ཡིན་ཏེ། གཟུགས་ལ་སོགས་པ་ནི་ཆོས་ཅན་ཏེ། དེ་ནི་མེད་ཅེས་སེལ་བར་མི་བྱེད་དེ། །ཀུན་རྫོབ་ཏུ་ཡང་དག་པར་ཡོད་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཡིན་ཞེས་བྱའོ། །རྒྱུ་མཚན་ཅིས་ན་རྒྱུ་ལ་རྟེན་ཅིང་འབྲེལ་བའི་ཚུལ་གྱིས་འབྱུང་བར་ཚད་མས་གྲུབ་པའི་ཕྱིར་རོ། །ཆོས་ཅན་འཛིན་པའི་ཚེ་ཁྱད་ཆོས་དང་ལྡན་པར་མི་འཛིན་ཀྱང་ཀུན་རྫོབ་ཀྱི་བདེན་པར་གྱུར་པ་ཞིག་ཆོས་ཅན་དུ་འཛིན་པས་ཡང་དག་ཉིད་ལ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་འདི་ཉིད་ལ་ཞེས་བྱ་བས་འགྲེལ་ཏོ། །རང་བཞིན་མེད་པ་ལ་སོགས་པའི་ངོ་བོར་བརྟག་པར་བྱ་སྟེ་ཞེས་བྱ་བ་འདིས་ནི་ཡང་དག་ལྟ་ཞེས་བྱ་བ་འདི་འགྲེལ་ཏེ། རང་བཞིན་མེད་པའི་ངོ་བོ་ཞེས་བྱ་བ་ནི་རང་བཞིན་མེད་པ་དེ་བཅོས་མ་མ་ཡིན་པས་ངོ་བོ་དང་རང་བཞིན་དང་དོན་དམ་པ་དང་ཡང་དག་པ་ཡིན་ཞེས་བྱ་བ་ཡིན་གྱི་བསྒྲུབ་པར་བྱ་བའི་ཆོས་ནི་རང་བཞིན་མེད་པ་ཉིད་

(༡༠༧༡)ཡིན་ནོ། །བརྟག་པར་བྱ་ཞེས་བྱ་བ་ནི་བལྟ་བར་བྱ་བའི་མིང་གི་རྣམ་གྲངས་ཏེ་རྗེས་སུ་དཔག་པའི་ཚད་མས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དག་ནི་རང་བཞིན་མེད་པ་ཡིན་པ་དེ་ལྟ་ན་དེའི་ཕྱིར་སྤང་བྱ་དངོས་པོར་འཛིན་པ་དང་གཉེན་པོ་ཡེ་ཤེས་གཉི་ག་ཀུན་རྫོབ་པ་ཡིན་པའི་ཕྱིར་སྤང་གཉེན་གཉི་ག་ཡང་དག་པར་མེད་པས་སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུ་དེ་ཁོ་ན་ཉིད་མཐོང་བའི་གླང་པོས་ཕྱིན་ཅི་ལོག་གི་གླང་པོ་ལྡོག་པས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ་ཞེས་བྱའོ། །འདིར་ཡང་དོན་དམ་པ་མཐོང་བ་གྲོལ་བའི་རྒྱུ་ཡིན་པར་བརྗོད་ཀྱི། མཐོང་བ་ཙམ་གྱིས་གྲོལ་གྱི་གོམས་པར་བྱ་མི་དགོས་སོ་ཞེས་ནི་མི་སྨྲའོ། །འཁོར་ལོ་ཕྱི་མའི་ཚུལ་ནི་ཁམས་འདི་རང་བཞིན་གྱིས་ཡོངས་སུ་དག་པ་འདི་ལས་ཏེ་འདིའི་ཕྱིར་ཁམས་འདི་ལ་སྟོང་པ་ཉིད་ཅེས་བརྗོད་དེ། བསལ་བར་བྱ་བའི་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་རང་བཞིན་དུ་གྱུར་པ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་སྟོང་པ་ཞེས་བརྗོད་ལ། མེད་པ་གསར་དུ་བསྐྱེད་ཅིང་གཞག་པར་བྱ་བའི་ཡོན་ཏན་དག་ཀྱང་ཅུང་ཟད་ཙམ་ཡང་མེད་དེ། གདོད་མ་ནས་ཡོན་ཏན་གྱི་ངོ་བོ་ཡིན་པས་ཉིད་ཅེས་བརྗོད་པ་ཡིན་ནོ། དེས་ན་འདིར་ཁམས་དེ་ཉིད་ལས་རྣམ་པར་ཕྱེ་ནས་སྤང་དུ་རུང་བ་དང་བཅས་པའི་མཚན་ཉིད་ཅན་གྱི་བློ་བུར་གྱི་དྲི་མ་དག་གིས་ནི་ཁམས་ཀྱི་ངོ་བོ་ཉིད་སྟོང་ལ། ཁམས་ལས་རྣམ་པར་དབྱེར་

(༡༠༧༢)མེད་ཅིང་མ་བཅོས་པའི་མཚན་ཉིད་ཅན་བླ་ན་མེད་པའི་སྟོབས་ལ་སོགས་པའི་ཆོས་ཏེ་ཁམས་ཕྲ་མོས་སྟོང་པ་མ་ཡིན་པ་ནི་ཉིད་ཡིན་ནོ། །ཐེག་པ་ཆེན་པོ་དབུ་མ་པ་དག་ནི་དངོས་པོ་རྣམས་སྟོང་པ་ཉིད་དོ་ཞེས་བརྗོད་པའི་ཚེ་གོ་བར་བྱ་བའི་ཚུལ་གཉིས་ཡོད་དེ། སྟོང་པ་ཉིད་ཡིན་གྱི་སྟོང་པ་ཉིད་མ་ཡིན་པ་མེད་དོ་ཞེས་གཞན་དང་ལྡན་པ་རྣམ་པར་གཅོད་པ་ནི་ཚུལ་གཅིག་གོ །རང་བཞིན་གྱིས་སྟོང་ཡང་དངོས་པོ་ཙམ་དུ་ཡོད་དོ་ཞེས་མི་ལྡན་པ་རྣམ་པར་བཅད་པས་མ་ཡིན་པར་དགག་པར་གྱུར་པ་ནི་ཚུལ་གཉིས་པའོ། །དེ་ཡང་བུམ་པ་རང་བཞིན་མེད་པར་རྟོགས་པའི་རྗེས་སུ་དཔག་པ་སྐྱེས་པའི་ཚེ་དངོས་སུ་ནི་མེད་པར་དགག་པ་ཉིད་འཇལ་ལ། ཤུགས་ཀྱིས་ནི་བདེན་པས་སྟོང་པའི་དངོས་པོར་ཡང་གོ་བར་བྱེད་པས་སྒྱུ་མ་ལྟ་བུར་རྟོགས་པ་ལ་ཚད་མ་གཉིས་པ་བཙལ་མི་དགོས་སོ། །འཁོར་ལོ་ཕྱི་མ་འདིར་ཡང་བློ་བུར་གྱི་འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ལ་བཏགས་ན་ཆགས་བྱའི་ཡུལ་དང་ཡུལ་ཅན་ཆགས་པའི་ངོ་བོ་ཅི་ཡང་མི་མཐོང་གི། ཆགས་པའི་གཤིས་རང་བཞིན་གྱིས་འོད་གསལ་བའི་རིག་པ་ཙམ་ཞིག་ཏུ་གནས་པར་འགྱུར་ལ། དེ་ལྟར་གནས་པ་ན་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱང་ཆེད་དུ་མ་བྱས་པར་འཆར་བར་འགྱུར་ཞེས་བྱ་བ་འདི་ཡིན་ཏེ། འདི་ནི་དེས་ན་སངས་རྒྱས་མ་ཐོབ་པར། མྱ་ངན་འདས་པ་མི་འཐོབ་སྟེ། ཞེས་འབྲས་བུའི་གནས་སྐབས་སུ་བཤད་པའི་རིགས་

(༡༠༧༣)པ་དེ་ལམ་གྱི་གནས་སྐབས་སུ་ཡང་རྗེས་སུ་འབྲང་བར་ཤེས་པར་བྱ་བ་ཡིན་ནོ། །ཡང་དག་ཉིད་ལ་ཡང་དག་ལྟ། ཞེས་བྱ་བ་ནི་ཚུལ་གཅིག་པའི་སྟོང་པ་ཉིད་།།།ནི་ཡང་དག་པ་ཡིན་ལ། ཡང་དག་པར་བལྟ་བ་ནི་ས་བཅུར་ཡང་དག་པར་བལྟ་ཞིང་གོམས་པར་བྱེད་དོ། །ཡང་དག་མཐོང་ན་ཞེས་བྱ་བ་ནི་ས་བཅུ་པའི་བར་གྱི་ཡང་དག་པ་མཐོང་བའི་ཤེས་པའི་རྒྱུ་ལས་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཞེས་བྱ་བར་སྦྱར་རོ། །དེ་བཤད་པ་ནི། འདི་རྩི་བསྟན་ཞེ་ན༴ གང་གི་ཕྱིར་རང་བཞིན་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགོག་པ་ཡང་མེད་དེ། བློ་བུར་བའི་དྲི་མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་གཞག་པར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་བྲལ་བ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བ་སམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གའི་ཀླུང་གི་བྱེ་མ་ལས་འདས་པས་ནི་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་

(༡༠༧༤)དེར་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར་ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏེ། །དེ་ལ་གང་དག་སྟོང་པ་ཉིད་ཀྱི་ཚུལ་འདི་ལས་སེམས་ཕྱི་རོལ་དུ་རྣམ་པར་གཡེངས་ཤིང་རྣམ་པར་འཕྲོ་ལ་མཉམ་པར་མི་འཇོག་ཅིང་རྩེ་གཅིག་ཏུ་མི་འགྱུར་བ་དེས་ན་དེ་དག་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་ཞེས་བརྗོད་དོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པར་ནི་རྣམ་པར་རྟོག་པ་མེད་པའི་དབྱིངས་རྟོགས་ཤིང་མངོན་དུ་བྱ་བར་མི་ནུས་སོ། །འདི་ལ་དགོངས་ནས་གསུངས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཡེ་ཤེས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔར་མ་མཐོང་མ་རྟོགས་པའོ། །ཞེས་རྒྱས་པར་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་ཇི་ལྟར་ཆོས་ཀྱི་སྐུའི་སྙིང་པོ་ཡིན་པ་དེ་ལྟར་ནི་འཇིག་ཚོགས་ལ་ལྟ་བར་ལྷུང་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བརྗོད་དེ། ཆོས་ཀྱི་དབྱིངས་ནི་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཆོས་ཀྱི་སྐུ་འཇིག་རྟེན་ལས་འདས་པའི་སྙིང་པོ་ཡིན་པ་དེ་ལྟར་ནི་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དེ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་ནི་མི་རྟག་པ་ལ་སོགས་

(༡༠༧༥)པ་འཇིག་རྟེན་པའི་ཆོས་ཀྱི་གཉེན་པོར་བསྟན་པའི་ཕྱིར་རོ། །ཇི་ལྟར་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ནི་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དེ། དེ་རྣམ་པར་དག་པའི་ཡོན་ཏན་གྱི་ཆོས་རྣམ་པར་དབྱེ་བ་མེད་པ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་རྣམས་ནི་བློ་བུར་གྱི་དྲི་མས་སྟོང་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ཚུལ་གཅིག་པའི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཡེ་ཤེས་ཀྱི་སྒོ་རྟོགས་ནས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་རང་བཞིན་གྱི་ཡོངས་སུ་དག་པ་ལ་ལྟ་བ་གང་ཡིན་པ་འདི་ནི་འདིར་གང་གིས་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་ཅུང་ཟད་མཐོང་ངོ་། །ཞེས་གསུངས་པ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་མཐོང་བར་འདོད་དོ། །དེ་སྐད་དུ་ནི༴ སྤྲིན་མཐོང་ས་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། ཞེས་གསུངས་སོ། ཞེས་བྱ་བ་སྟེ། ཚིགས་སུ་བཅད་པ་ཕྱི་མ་འདིས་དོན་ཅི་བསྟན་ཞེ་ན། སྔ་མའི་དོན་ཉིད་བསྡུས་ནས་སྟོན་པར་བྱེད་དོ། །གང་གི་ཕྱིར་ཞེས་སོགས་ནི་གང་གི་ཕྱིར་དེ་བཞིན་

(༡༠༧༦)གཤེགས་པའི་ཁམས་རང་བཞིན་གྱིས་ཡོངས་སུ་དག་པ་དེའི་ཕྱིར་ཞེས་འགྱུར་བཅོས་ཏེ་དེ་བཞིན་གཤེགས་པའི་ཁམས་ནི་ཆོས་ཅན་ནོ། །བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་དེ་ཞེས་བྱ་བ་ནི་ཆོས་སོ། །དེ་ལ་དཔེ་དགུས་བསྟན་པའི་སྐབས་སུ་དྲི་མའི་སྦུབས་ནས་སྙིང་པོ་འབྱིན་པར་བཤད་པས་རང་བཞིན་དུ་གྱུར་པའི་དྲི་མ་རྣམས་བསལ་བར་བྱ་བར་དགོས་པ་ན་དེ་བཟློག་པ་སྟེ། དྲི་མ་བསལ་ནས་སྙིང་པོ་དབྱུང་བར་བྱའོ་ཞེས་བྱ་བ་འདི་ཡང་ཀུན་རྫོབ་པ་སྟེ། དོན་དམ་པར་ནི་ཀུན་ནས་ཉོན་མོངས་པ་བསྐྱེད་པའི་རྒྱུ་མཚན་དུ་གྱུར་པའི་ཀུན་དུ་རྟོག་པ་བསལ་བར་བྱ་བ་མ་ཡིན་ཏེ། རང་བཞིན་གྱི་ཚུལ་གྱིས་ཡོངས་སུ་དག་པའི་ཕྱིར་ཏེ། དེའི་ཁྱབ་པ་ནི་ཁམས་འདི་རང་བཞིན་གྱིས་བློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར་ཏེ། གང་རང་བཞིན་ཡིན་པ་དེ་ནི་བཅོས་མ་མ་ཡིན་པས་བློ་བུར་བ་མ་ཡིན་ནོ། །པེར་ན་ནམ་མཁའ་ལ་སྤྲིན་བྱུང་བ་ན་སྤྲིན་གྱིས་ནམ་མཁའི་ཆ་འགའ་ཞིག་ཀྱང་གཞན་དུ་བསྒྱུར་བ་ཅུང་ཟད་ཀྱང་མེད་པ་ལྟ་བུའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི་ཀུན་དུ་རྟོག་པའི་དྲི་མ་རྣམས་ངོ་བོ་ཉིད་མེད་པས་བསལ་བར་ནུས་པ་ཡིན་ཏེ། ངོ་བོ་ཉིད་དུ་གྱུར་ན་སྙིང་པོ་ཉིད་བཞིན་དུ་བསལ་བར་མི་ནུས་སོ་ཞེས་བསྟན་ཏོ། །ཡང་འདི་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཁམས་ཏེ་ཆོས་ཅན་ནོ། །རྣམ་པར་བྱང་བའི་རྒྱུ་མཚན་བཞག་པར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་སོ། །རྣམ་པར་

(༡༠༧༧)དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། ཞེས་བྱ་བ་ནི་གཏན་ཚིགས་ཏེ། རྣམ་པར་བྱང་བ་ནི་ལམ་དང་འགོག་པ་དག་ཡིན་ལ༴ དེའི་རྒྱུ་མཚན་ནི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེ་སྒོམ་པ་ན་བླ་ན་མེད་པའི་ཡོན་ཏན་སྔར་མེད་པ་གསར་དུ་དམིགས་པར་གཞག་པར་བྱ་བ་མ་ཡིན་ཞེས་པའོ། །རྣམ་པར་དབྱེ་བ་མེད་པ་ནི་བླ་ན་མེད་པའི་ཡོན་ཏན་དང་ཁམས་གདོད་ནས་དབྱེར་མེད་པས་ཁམས་ཇི་ལྟར་ཡིན་པ་ལ་དམིགས་པ་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ཡིན་ནོ། །དེ་ཡང་དྲི་མ་གདོད་ནས་དག་པ་ནི་ཁམས་ཀྱི་ཆོས་ཉིད་ཡིན་པས་ཁམས་ཀྱི་མ་བཅོས་པའི་རང་བཞིན་ཡིན་པའི་ཕྱིར་ཞེས་པ་སྟེ། དོན་ནི་རང་བཞིན་གྱིས་དྲི་མ་མེད་པར་སྒོམ་པ་དང་། ཡོན་ཏན་འབྱུང་བའི་རྒྱུ་མཚན་དུ་སྒོམ་པའི་རྣམ་པ་གཉིས་མི་དགོས་སོ་ཞེས་བསྟན་པར་ཤེས་པར་བྱའོ། །དེ་དག་གིས་ནི་ཚིགས་སུ་བཅད་པ་དང་པོའི་ཕྱེད་སྔ་མའི་དོན་བསྟན་ཏེ། སེམས་ཀྱི་རང་བཞིན་གྱི་དབང་དུ་བྱས་ནས་སྐྱོན་བསལ་བར་བྱ་མི་དགོས་ལ། ཡོན་ཏན་གསར་དུ་གཞག་པར་བྱ་མི་དགོས་པ་དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་དབྱེ་བ་དང་བྲལ་ཤེས་པའི་ཁྱད་པར་གཉིས་ལྡན་གྱི་དྲི་མའི་སྦུབས་ཀྱིས་ངོ་བོ་ལ་མ་རེག་པས་སྟོང་པ་ཡིན་ལ། བདག་ཉིད་གཅིག་པ་རྣམ་པར་དབྱེ་བ་མེད་པ། རྒྱུན་གྱིས་བྲལ་མི་ཤེས་པའི་ཁྱད་པར་གཉིས་དང་ལྡན་པའི་ཁམས་རང་གི་ངོ་བོ་བསམ་གྱིས་མི་ཁྱབ་སྟེ་

(༡༠༧༨)བསམ་པའི་སྤྱོད་ཡུལ་ལས་འདས་པ་སངས་རྒྱས་ཀྱི་ཆོས་གྲངས་གང་གའི་ཀླུང་གི་བྱེ་མ་ལས་འདས་པས་ནི་མི་སྟོང་པས་ཉིད་ཅེས་བརྗོད་དོ། །འོ་ན་གང་གའི་བྱེ་མ་ལས་འདས་པའི་གྲངས་ཡོད་ན་དེ་དག་ཕན་ཚུན་དུ་བདག་ཉིད་གཅིག་པ་འམ་ཐ་དད་ཅེ་ན། བདག་ཉིད་གཅིག་པ་ཁོ་ན་སྟེ། སྟོབས་བཅུ་པོ་ཡང་ཡུལ་གྱི་དབྱེ་བས་རྣམ་པ་བཅུར་གཞག་གི །རང་གི་ངོ་བོས་ཐ་དད་པ་བཅུ་མེད་ལ། དེས་གཞན་རྣམས་ཀྱང་མཚོན་ནས་ཤེས་པར་བྱའོ། །དེས་ན་ཆོས་ཀྱི་སྐུའི་དབང་དུ་བྱས་ནས་ཤེས་བྱ་མཐའ་ཡས་པའི་རྣམ་པ་རྣམས་སོ་སོར་མ་འདྲེས་ཀྱང་ངོ་བོ་ཉིད་གཅིག་པས་དུ་མའི་སྐྱོན་ལས་གྲོལ་ལ། ངོ་བོ་ཉིད་དེ་ཡང་སྤྲོས་པ་མཐའ་དག་ཉེ་བར་ཞི་སྟེ་མཚན་མ་གང་གིས་ཀྱང་མཚོན་དུ་མེད་པས་གཅིག་ལས་ཀྱང་གྲོལ་བ་ཡིན་ནོ། །དེའི་ཕྱིར་བསམ་གྱིས་མི་ཁྱབ་ཅེས་པས་ནི་རང་གི་ངོ་བོ་ཉིད་བསྟན་དུ་མེད་པར་བརྗོད་ལ། བྱེ་མ་ལས་འདས་པ་ཞེས་པས་ནི་རྣམ་གྲངས་ཀྱིས་ཐ་དད་པར་ཡང་བསྟན་ཏོ། ཞེས་བྱ་བའི་དོན་འདི་ཚིགས་སུ་བཅད་པ་ཕྱི་མས་གསུངས་སོ། །དེ་ལྟར་ན་སྟོང་པ་ཉིད་ཅེས་གསུང་རབ་གང་དུ་བརྗོད་ཀྱང་རུང་སྟེ་བརྗོད་པ་དེ་དག་ཐམས་ཅད་ཀྱི་དོན་དགག་པར་བྱ་བའི་ཆོས་གང་ཞིག་དགག་པའི་གཞི་གང་ན་མེད་པའི་གཞི་དེ་ནི་ཆོས་དེས་སྟོང་ངོ་ཞེས་ཡང་དག་པར་ཚད་མས་རྗེས་སུ་མཐོང་ལ། དེའི་ཚེ་གང་བཀག་པ་དེ་ཉིད་གཞི་དེ་ན་མེད་པར་བརྗོད་པ་ཡིན་གྱི། གང་ཞིག་དེར་བཀག་པའི་ལྷག་མར་གྱུར་པ་གཞི་དང་དེའི་

(༡༠༧༩)ཆོས་གཉི་ག་གཞི་དེ་ལ་ར་ཏག་པར་ཏེ་ངེས་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚད་མ་གཅིག་པུ་དེ་ཉིད་ཀྱིས་རབ་ཏུ་ཤེས་སོ་ཞེས་བྱ་བ་འདི་ཡིན་ནོ། །དོན་ནི་དགག་པའི་གཏན་ཚིགས་སུ་གྱུར་པ་གང་ཡིན་ཡང་རུང་དེས་ཤུགས་ཀྱིས་སྒྲུབ་པའི་ཆོས་མི་སྟོན་པ་འགའ་ཡང་མེད་དོ་ཞེས་བྱ་བ་འདི་ཡིན་ཏེ། སྒྲུབ་པའི་ཆོས་མི་སྟོན་པ་སྲིད་ན་ནི་དོར་བྱ་ཙམ་དོར་ནས་བླང་བར་བྱ་བ་ལ་འདོད་པ་མེད་པའི་སྐྱེས་བུ་སྲིད་པར་འགྱུར་ན་མངོན་པར་འདོད་པའི་དོན་མི་སྒྲུབ་པའི་སྐྱེས་བུ་ནི་གང་ན་ཡང་མོད་པར་མ་མཐོང་ངོ་། །འདིར་སྙིང་པོ་བློ་བུར་གྱི་དྲི་མས་དག་པར་རྟོགས་ན་ངེས་པར་དེའི་ཡོན་ཏན་ལ་བློ་ཅི་ནས་ཀྱང་ཕྱོགས་པར་འགྱུར་ཏེ། ཕ་རྒན་གྱི་མིག་གི་རབ་རིབ་དག་གོ་ཞེས་ཐོས་ན་ཕ་རྒན་གྱིས་གཟུགས་མཐོང་ངོ་ཞེས་ཁོང་དུ་ཆུད་པར་འགྱུར་བ་བཞིན་ནོ། །ཚིགས་སུ་བ་ཅད་པ་ཞེས་བྱ་བ་ལ་སོགས་པས་ནི་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པར་ཤེས་ན་སྙིང་པོ་ལ་སྒྲིབ་པའི་འཇིག་ཚོགས་ལ་ལྟ་བ་སོགས་སྒ་རིབ་པ་གསུམ་པོ་ཤུགས་ཀྱིས་ཁེགས་ཡོན་ཏན་ས་ཏོན་པར་མཛད་དོ། །དེ་ལ་ཐོག་མར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་སྤྱིར་ཁེགས་པར་བསྟན་པ་སྟེ། ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒ་རོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར་ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏེ། སྟོང་པའི་དོན་བཤད་པས་ནི་སྟོང་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་སྒྲོ་འདོགས་པའི་ཆ་བསལ་ལ། ཉིད་

(༡༠༨༠)ཀྱི་དོན་གྱིས་ནི་དེ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་སྐུར་པའི་མཐའ་བསལ་ལོ། །དེས་ན་ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་འདི་སྟོང་པ་ཉིད་ཀྱི་ཁྱད་པར་གྱི་ཆོས་གང་གིས་སྟོང་པ་གོ་བར་བྱེད་པའི་མཚན་ཉིད་ཀྱང་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་གང་དག་བློ་བུར་གྱི་དྲི་མས་སྟོང་པ་དང་ཡོན་ཏན་གྱིས་མི་སྟོང་པ་ཞེས་བྱ་བའི་སྟོང་པ་ཉིད་ཀྱི་ཁྱད་པར་གྱི་ཚུལ་གཉིས་དང་ལྡན་པ་འདི་ནི་སྟོང་པ་ཉིད་ཀྱི་དོན་རྣལ་མ་ཡིན་ལ། འདི་ལས་སེམས་ཕྱི་རོལ་དུ་སྟེ་གཞན་དུ་སྟོང་པ་ཉིད་མ་ཡིན་པ་རྒྱུན་ཆད་དམ་གཅིག་ཐ་དད་ཀྱི་ཚུལ་ལ་སེམས་རྣམ་པ་མང་པོར་འཇུག་པས་རྣམ་པར་གཡེངས་ཤིང་མང་དུ་འཕྲོ་ལ། ལྟ་བའི་སྐབས་སུ་དེ་ལྟར་ལྟ་བ་དེ་དག་ལྟ་བ་དེས་རྣལ་མའི་དོན་ལ་མཉམ་པར་མི་འཇོག་སྟེ་ལྷག་མཐོང་ཡང་མི་ཐོབ་ལ། རྩེ་གཅིག་པའི་ཞི་གནས་ཀྱང་འཐོབ་པར་མི་འགྱུར་བས་ལྟ་བ་དང་སྒོམ་པ་གཉི་གའི་གནས་སྐབས་སུ་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་ཞེས་བརྗོད་དོ། །འདིར་བཤད་པའི་སྟོང་པ་ཉིད་དེ་ཤེས་ན་ནི་འདོད་ཆགས་རྒྱུན་ཆད་པ་ལ་ཡང་སྟོང་ཉིད་དུ་མི་སེམ་ལ། འདོད་ཆགས་དེ་ཉིད་ཀྱང་སྟོང་ཉིད་ཡིན་པར་མི་སེམ་ཞིང་། འདོད་ཆགས་ལས་གཞན་ཞིག་ན་སྤང་སྟོང་པ་ཉིད་ཡོད་པར་མི་ལྟ་བས་ཇི་ལྟར་སྣང་བའི་འདོད་ཆགས་དེ་ཉིད་ལ་དགག་སྒྲུབ་དང་བྲལ་བར་གཞག་པས་དེའི་རང་བཞིན་གྱིས་འོད་གསལ་བ་ལྷག་མཐོང་གིས་མཐོང་བར་ཡང་འགྱུར་ལ། རྣམ་པར་རྟོག་པ་གང་དང་གང་སྐྱེས་པ་དེ་དང་དེ་ཉིད་ཀྱིས་ཏིང་ངེ་འཛིན་གྱི་གྲོགས་

(༡༠༨༡)བྱེད་པས་རྩེ་གཅིག་པར་ཡང་འགྱུར་རོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་ནི་འདིར་སྟོང་པ་ཉིད་དུ་བཤད་ཅིང་། དེ་ནི་འཕགས་པའི་བདེན་པ་ཞེས་དོན་དམ་པའི་བདེན་པར་ཡང་བཤད་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་དེ། དེ་སྒོམ་པའི་མོས་སྤྱོད་ཀྱི་ཏིང་ངེ་འཛིན་གྱི་སྒོ་མེད་པར་ནི་བློ་བུར་གྱི་རྣམ་པར་རྟོག་པ་མེད་པའི་དབྱིངས་མཐོང་བའི་ལམ་ལ་སོགས་པར་རྟོགས་པ་དང་དེའི་རྒྱུན་གྱིས་སངས་རྒྱས་ཀྱི་སར་མངོན་སུམ་དུ་བྱ་བར་མི་ནུས་སོ། །དེ་དག་གིས་ནི་སྟོང་པ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ན་གཞན་དུ་རྣམ་པར་མི་གཡེང་བར་བསྟན་ཏོ། །སངས་རྒྱས་ཀྱིས་སྟོང་པ་ཉིད་མངོན་སུམ་དུ་མཛད་པ་འདི་ལ་དགོངས་ནས་དཔལ་གྱི་ཕྲེང་བ་ལས་གསུངས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་དྲི་མ་དང་བྲལ་ནས་སངས་རྒྱས་ཀྱིས་ར་གནས་པའི་ཡེ་ཤེས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་དེ་ཉིད་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཡེ་ཤེས་སྙིང་པོ་མ་ཡིན་པ་གཞན་ཞིག་ནི་བཙལ་མི་དགོས་ཏེ། གདོད་ནས་བློ་བུར་གྱིས་སྟོང་པར་ལམ་དུ་ཤེས་ནས་དེ་གོམས་པ་ལས་སྙིང་པོ་ཉིད་ལ་ཡོད་པའི་བླ་ན་མེད་པའི་ཡོན་ཏན་རྣམས་རྒྱས་ཏེ་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་བ་ཁོ་ནའོ། །དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྙིང་པོ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བ་ཡང་མ་ཡིན་ལ། བསྒོམས་པ་ལས་བྱུང་བའི་ངེས་པས་རྟོགས་པ་ཡང་མ་ཡིན་ཏེ། ཉོན་མོངས་པ་རྒྱུན་ཆད་པ་ལ་མྱ་

(༡༠༨༢)ངན་ལས་པར་མཐོང་བའི་ཕྱིར་རོ་ཞེས་རྒྱས་པར་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་རྟོགས་བྱེད་གཞན་མེད་པར་ཇི་ལྟར་ཆོས་ཀྱི་སྐུའི་སྙིང་པོ་ཡིན་ལ། ཆོས་ཀྱི་སྐུ་ཉིད་རྣམ་པར་གྲོལ་བའི་ཡེ་ཤེས་ཡིན་པས་འཇིག་ཚོགས་ལ་ལྟ་བའི་གཉེན་པོ་ཡིན་པ་དེ་ལྟར་ན་ནི་འཇིག་ཚོགས་ལ་ལྟ་བར་ལྷུང་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བརྗོད་དེ། ཆོས་ཀྱི་དབྱིངས་ནི་དང་པོའི་སྐབས་སུ་ལྟ་བ་སྐྱེ་བྱེད་ཡིན་ཡང་ཕྱི་ནས་རྣམ་པར་དག་པ་ནི་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཆོས་ཀྱི་སྐུ་འཇིག་རྟེན་ཀུན་རྫོབ་ལས་འདས་པ་དོན་དམ་པའི་སྙིང་པོ་ཡིན་པ་དེ་ལྟར་ཏེ་དེའི་ཕྱིར་ན་མི་རྟག་སོགས་ཆོས་ཀྱི་སྐུ་ལས་ཕྱིན་ཅི་ལོག་ལ་མངོན་པར་དགའ་བའི་ཉན་རང་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དེ། འཇིག་རྟེན་ལས་འདས་པ་དོན་དམ་པའི་ཆོས་ཀྱི་སྐུ་ནི་རྟག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་འཇིག་རྟེན་པའི་ཆོས་མི་རྟག་སོགས་ ཕྱིན་ཅི་ལོག་བཞིའི་གཉེན་པོར་བསྟན་པའི་ཕྱིར་རོ། །ཇི་ལྟར་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་སྟོབས་ལ་སོགས་པ་རྣམས་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ན་སྟེ། དེའི་ཕྱིར་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་གཉིས་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དེ། སྙིང་པོ་དེ་རང་བཞིན་གྱིས་རྣམ་པར་དག་པའི་ཡོན་ཏན་གྱི་ཆོས་རྣམས་དང་རྣམ་པར་དབྱེ་བ་མེད་པ་འཇིག་རྟེན་ལས་འདས་པ་དོན་དམ་པའི་ཆོས་ཀྱི་སྐུས་ཆོས་གཞན་ལས་རབ་ཏུ་ཕྱེ་བ་ཉིད་ཅེས་བྱ་བའི་སྒྲའི་དོན་རྣམས་ནི་བློ་བུར་གྱི་དྲི་མས་སྟོང་པའི་རང་བཞིན་ཡིན་པས་

(༡༠༨༣)སྟོང་པའི་སྒྲའི་དོན་ཡང་ཡིན་པའི་ཕྱིར་རོ། །དེ་དག་གིས་ནི་ཚིགས་སུ་བཅད་པ་གཉིས་ལས་རྐང་པ་དྲུག་གི་དོན་བསྟན་ནས། ད་ནི༴ ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། ཞེས་བྱ་བའི་རྐང་པ་གཉིས་ཀྱི་དོན་སྟོན་ཏེ། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་ཆོས་ཀྱི་སྐུར་གཅིག་པའི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པའི་སྒོ་མོས་སྤྱོད་དུ་རྟོགས་ནས་འཇིག་རྟེན་ལས་འདས་པ་དོན་དམ་པའི་ཆོས་ཀྱི་སྐུའི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། ཁྱད་པར་གསུམ་གྱིས་འཇིག་ཚོགས་ལ་ལྟ་བ་དང་ཕྱིན་ཅི་ལོག་ལ་དགའ་བ་དང་སྟོང་པ་ཉིད་ལས་སེམས་གཡེངས་པ་རྣམས་ཀྱི་གཉེན་པོར་གྱུར་པ་ནི་ཡང་དག་པ་ཡིན་ལ། དེ་ཉིད་ལ་ལྟ་བ་གང་ཡིན་པ་ནི་འདིར་ཡང་དག་པ་ལ་ལྟ་བ་གང་གིས་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་རྒྱ་ཆེན་པོ་མ་མཐོང་ཡང་ཅུང་ཟད་མཐོང་ངོ་ཞེས་གསུངས་པའི་ཅུང་ཟད་མཐོང་བ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ལ་ཡེ་ཤེས་ཀྱི་ལྟ་བས་མཐོང་བར་འདོད་དེ། དོན་ནི་ཡང་དག་ཉིད་ལ་ཞེས་པ་ཁྱད་པར་གསུམ་དང་ལྡན་པའི་སྙིང་པོ་ཡིན་ལ། བལྟ་བ་ཞེས་པ་ནི་ས་བཅུ་རྣམས་སུ་ཅུང་ཟད་མཐོང་བའི་ཡེ་ཤེས་དེ་ལ་འདོད་དོ་ཞེས་པའོ༴ དེ་ཡང་ས་དང་པོར་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ནས་ས་བཅུ་པའི་བར་དུ་མཐོང་བ་དེ་གོང་ནས་གོང་དུ་འཕེལ་བ་ཡིན་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་ཟླ་བ་ཕྲ་མོ་

(༡༠༨༤)ནི༴ །ཉིན་དང་ཉིན་ལ་འཕེལ་བར་མཐོང་། །དེ་བཞིན་ས་ལ་བཞུགས་རྣམས་ཀྱང་། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང་། །ཇི་ལྟར་ཡར་ངོའི་བཅུ་ལྔ་ལ། །ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། ཞེས་གསུངས་པའི་ཕྱིར་རོ། །དེའི་ཤེས་པར་བྱེད་པ་ནི་བློའི་མིག་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བཀྲུས་པས་འཁོར་བའི་དྲི་མས་བློའི་མིག་ཡོངས་སུ་དག་པའི་ས་བཅུའི་འཕགས་པ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཁྱོད་ཀྱི་ཆོས་ཀྱི་སྐུའི་ནམ་མཁའ་ལ་བལྟ་བ་ན་ཕྱོགས་གཅིག་པ་ཉི་ཚེ་བའི་བློ་གྲོས་ཅན་དུ་འགྱུར་ཏེ། དཔེར་ན་ནམ་མཁའ་རྒྱ་ཆེན་པོ་ལྟ་བར་འདོད་པའི་སྐྱེས་བུ་ཞིག་ཕལ་ཆེར་སྤྲིན་གྱིས་བསྒྲིབས་ནས་སྤྲིན་གྱི་མཐོངས་བུ་ག་དང་འདྲ་བ་ནས་ཉི་མའི་དཀྱིལ་འཁོར་ཅུང་ཟད་ཅིག་མཐོང་བ་བཞིན་དུ་གྱུར་ཏེ་ཆོས་ཀྱི་སྐུའི་ཡོན་ཏན་གྱི་རྣམ་པ་ཀུན་དུ་མཐོང་བ་ཡང་མ་ལགས་ལ། ཆོས་ཀྱི་སྐུ་ཉིད་ཀྱང་རྫོགས་པར་མཐོང་བ་མ་ལགས་ཀྱི། བཅོམ་ལྡན་འདས་ཁྱོད་གཅིག་པུ་ནི་མཐའ་ཡས་པའི་བློ་གྲོས་ཅན་ཡིན་པས་ཆོས་ཀྱི་སྐུས་འགྲོ་བ་ཐམས་ཅད་དུ་ཁྱབ་པ་དང་དེའི་ཡོན་ཏན་གྱི་འོད་ཀྱིས་ཤེས་བྱ་མཐའ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའི་དབྱིངས་ཁྱབ་པ་སངས་རྒྱས་དེ་དག་གིས་དུས་ཀུན་མཐོང་ངོ་ཞེས་གསུངས་སོ། །སངས་རྒྱས་ཀྱིས་ཀུན་དུ་མཐོང་བས་ནི་ཡང་དག་མཐོང་ནས་ཤེས་པའི་དོན་བཤད་ལ། སྒྲིབ་པ་ཐམས་ཅད་དང་བྲལ་བའི་དོན་གྱིས་ནི་

(༡༠༨༥)རྣམ་པར་གྲོལ་ཞེས་བྱ་བའི་དོན་བཤད་དོ། །འོ་ན་བརྒྱད་སྟོང་འགྲེལ་པར་སློབ་དཔོན་སེང་གེ་བཟང་པོས། དེ་ལ་གང་གི་ཚེ་ཆོས་ཐམས་ཅད་བདག་མེད་པའོ། །ཞེས་བསྒོམས་པས་ཆ་མེད་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་བདག་ཉིད་ཐམས་ཅད་ཀྱིས་རྟོགས་སུ་ཟིན་ཀྱང་ངེས་པ་བསྐྱེད་པ་ལས་ལྟོས་ནས་ཀུན་དུ་འགྲོ་བའི་དོན་གྱིས་སོ་སོར་རྟོགས་པའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་མངོན་སུམ་དུ་བྱེད་པའི་ཤེས་པ་ཤིན་དུ་གསལ་བ་སྐྱེ་བར་འགྱུར་བ་དེའི་ཚེ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་དག་པར་ཞུགས་པས་མཐོང་བའི་ལམ་ཐོབ་པར་འགྱུར་རོ། ཞེས་མཐོང་བའི་ལམ་ཐོབ་པའི་ཚེ་ཆོས་ཀྱི་དབྱིངས་ལ་ཆ་མེད་པ་ཉིད་ཀྱི་བདག་ཉིད་ཐམས་ཅད་ཀྱིས་རྟོགས་པར་བཤད་ལ། འདིར་ས་བཅུ་པས་ཀྱང་ཆོས་ཀྱི་སྐུ་ཅུང་ཟད་ལས་མ་མཐོང་བར་བཤད་པ་འདི་ལྟ་ན་ཤིན་དུ་འགལ་བ་ཞིག་གམ་ཞེ་ན། དེ་ནི་ཆོས་ཀྱི་དབྱིངས་ཆོས་ཀྱི་བདག་མེད་པ་དགག་པའི་མཚན་ཉིད་ཅན་ལ་བཤད་པས་ཐམས་ཅད་མཐོང་ཞེས་བྱར་རུང་ལ། འདིར་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་སྒྲུབ་པའི་ངོ་བོ་ཉིད་ཡིན་པས་མི་འདྲ་སྟེ། ཆོས་ཀྱི་དབྱིངས་ཤེས་མིང་མཚུངས་པ་ཙམ་ཉིད་དོ། །དེ་ལྟ་ཡིན་མོད་ཀྱི་འདིར་ཡང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་སེམས་སྒྲུབ་པར་གྱུར་པ་དེ་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཞུགས་པར་ས་དང་པོ་བས་ཀྱང་མཐོང་བར་བཤད་ན། ས་བཅུ་པ་བས་ཅུང་ཟད་ཅེས་པ་འདི་ཅི་ཡིན་ཞེ་ན། ས་དང་པོ་

(༡༠༨༦)བའི་དེ་ནི་རང་ཉིད་ཀྱི་སྙིང་པོ་མངོན་སུམ་དུ་མཐོང་བ་བཞིན་དུ་གཞན་དག་ལ་རྗེས་སུ་ཞུགས་པ་མང་དུ་མཐོང་ཞིང་སེམས་ཅན་ཐམས་ཅད་ཀྱི་ཕྱོགས་ལ་འདི་ལྟ་བུ་འོད་ཞེས་ངེས་པ་སྐྱེ་བ་ཡིན་གྱི་སེམས་ཅན་ཐམས་ཅད་ལ་མངོན་སུམ་དུ་མཐོང་བ་ནི་མེད་དེ། སེམས་ཅན་ཐམས་ཅད་མངོན་སུམ་དུ་མཐོང་བ་མེད་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཤེས་ཤེ་ན། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས་སྣང་བ་དང་མི་སྣང་བའི་སེམས་ཅན་གྱི་རབ་ཏུ་དབྱེ་བ་འཆད་པའི་ཚེ་ས་འོག་མ་ལ་མི་སྣང་ཞིང་གོང་མ་ལ་སྣང་བའི་ཁྱད་པར་འདོད་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཤས་ཞེ་ན། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས་སྣང་བ་དང་མི་སྣང་བའི་སེམས་ཅན་གྱི་རབ་ཏུ་དབྱེ་བ་འཆད་པའི་ཚེ་ས་འོག་མ་ལ་མི་སྣང་ཞིང་གོང་མ་ལ་སྣང་བའི་ཁྱད་པར་འདོད་པའི་ཕྱིར་རོ། འདིར་ཅུང་ཟད་ཅེས་པའི་དོན་ནི་དེའི་སྙིང་པོ་མཐོང་བའི་ཤེས་པ་སྐྱེས་པའི་ཚེ་དེའི་ཡོན་ཏན་ཡང་མ་རྒྱས་པའི་ཕྱིར་ཆུང་ངུ་མཐོང་བ་ཡིན་ལ། ས་གོང་མ་རྣམས་སུ་ནི་རང་ཉིད་ཀྱི་སྙིང་པོའི་ཡོན་ཏན་གོང་འཕེལ་དུ་མཐོང་ཡང་སངས་རྒྱས་ལ་ལྟོས་ན་ནི་བཅུ་པའི་ཡོན་ཏན་ཡང་ཉུང་ཟད་ཡིན་ནོ་ཞེས་བྱ་བ་འདི་བརྗོད་པ་ཡིན་ནོ། །ད་ནི་འཁོར་ལོ་གཉིས་པ་དང་འགལ་བ་སྤང་བའི་ཕྱིར་འགའ་ཞིག་གི་དགོས་པ་སྨྲས་པ་གལ་ཏེ་ས་བཅུ་པ་བས་ཀྱང་ཅུང་ཟད་ཅིག་མཐོང་ངོ་ཞེས་བྱ་བ་དེ་ལྟར་ན་ཆགས་པ་མེད་པ་དག་པའི་སའི་མཐར་ཕྱིན་པ་ལ་གནས་པའི་འཕགས་པའི་

(༡༠༨༧)མཆོག་རྣམས་ཀྱི་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་ཁྱད་པར་ཐམས་ཅད་ཡུལ་དུ་བྱེད་ནུས་པ་མ་ཡིན་ན། ཁམས་འདི་འཕགས་པས་ཀྱང་བལྟ་བར་དཀའ་ན་མ་འོངས་པ་ན་སོ་སོའི་སྐྱེ་བོ་སྐལ་བ་དང་ལྡན་པས་དོན་ཁོང་དུ་ཆུད་པར་འགྱུར་རོ་སྙམ་ནས་སོ་སོའི་སྐྱེ་བོ་ལས་བརྩམས་ཏེ་འཁོར་ལོ་གསུམ་པ་བསྟན་པ་འདིས་ཅི་བྱ་སྟེ་དགོས་པ་འགྲུབ་པའི་གདུལ་བྱ་ཡོད་པ་མ་ཡིན་པར་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་ཤུགས་ཀྱིས་འོངས་པའི་དགོས་པའོ། །དགོས་པ་གཉིས་པ་ནི་འཁོར་ལོ་གཉིས་པ་དང་གསུམ་པ་དག་དོན་འགལ་བས་གང་ཡང་རུང་བ་ཞིག་དོར་བར་བྱའམ་སྙམ་པའོ། །དེ་ལ་གཉི་ག་བསྟན་པའི་དགོས་པ་བ་སྡུས་ཤིང་བསྟན་པའི་ཚིགས་སུ་བཅད་པ་གཉིས་ཏེ། སྔ་མ་གཅིག་གིས་ནི་དྲིས་ལ། གཉིས་པས་ལན་བསྟན་པ་སྟེ། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུང་། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་རྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་ཡང་དོན་དུ་གསུངས། །ཤེས་བྱ་བ་དེ་ལ་རྡོ་རྗེ་གཅོད་པ་ལས། སྤྲིན་ལྟ་བུ༴ འདུས་བྱས་དེ་ལྟར་བ་ལྟ་བར་བྱ། ཞེས་བྱ་བ་དང་༴ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྒྱས་པ་དང་འབྲིང་དང་མདོར་བསྡུས་པ་དེ་དང་དེར་ཤེས་བྱ་

(༡༠༨༨)ཐམས་ཅད་རྨི་ལམ་དང་སྒྱུ་མ་དང་སྨིག་རྒྱུ་དང་སྒྲ་བརྙན་ལ་སོགས་པ་བཞིན་དུ་རྣམ་པ་ཀུན་དུ་ཆོས་དེ་དག་རང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ནོ་ཞེས་གསུངས་ལ། ཁྱད་པར་དུ༴ སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རོ་ཀན། ཞེས་སྟོང་པ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་མེད་པར་གསུངས་ལ། ཡང་འཁོར་ལོ་གསུམ་པ་འདིར་སེམས་ཅན་རྣམས་ལ་སྙིང་པོར་གྱུར་པའི་ས་རྒྱ་ས་ཅན་ཡོད་ཅེས་བྱ་བ་དང་སྟོང་པ་ཉིད་ཀྱང་ཡོན་ཏན་དང་ལྡན་པའི་སྒྲུབ་པའི་ངོ་བོ་ཉིད་ཀྱིས་ཡོད་པར་རྒྱལ་བ་རྣམས་ཅིའི་ཕྱིར་གསུངས་ཏེ། སྔ་ཕྱི་འགལ་བར་འགྱུར་ལ། གཞན་ཡང་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་བ་ཞིག་ན། ཞེས་དགག་པ་མཛད་ན་འདིར་སྙིང་པོ་དེའི་ཁྱད་པར་རྟག་པ་དང་བརྟན་པ་ལ་སོགས་པར་བཤད་པ་ཡང་ཇི་ལྟར་འགལ་བར་མི་འགྱུར་སྙམ་ན། ལན་ནི་འདིར་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་བཤད་པས་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་སྒྱུ་མ་ལ་སོགས་པ་ལྟར་ངོ་བོ་ཉིད་མེད་པར་བཤད་པ་དང་འགལ་བ་ཡང་མ་ཡིན་ལ། སྔར་གསལ་པོར་མ་བཤད་པ་ཞིག་ནི་བཤད་པ་ཡིན་ཏེ། དེའི་དགོས་པ་ནི་སོ་སོའི་སྐྱེ་བོ་འགའ་ཞིག་སེམས་ཞུམ་ནས་བྱང་ཆུབ་ཏུ་འཇུག་མི་ནུས་པ་དང་། རང་ཉིད་ཐེག་པ་ཆེན་པོར་སེམས་བསྐྱེད་ཀྱང་སེམས་ཅན་དམན་པ་ལ་བརྙས་པས་

(༡༠༨༩)དང་རྒྱལ་གྱིས་སེམས་ཅན་གྱི་དོན་མི་བྱེད་པ་དག་དང་། ཤེས་བྱ་ཡང་དག་པ་མ་ཡིན་པ་ལ་ཡང་དག་པ་ཉིད་དུ་འཛིན་པའི་སྒྲོ་འདོགས་པ་དང་། ཡང་དག་པའི་ཆོས་ལ་མེད་དོ་ཞེས་སྐུར་པ་འདེབས་པ་དག་དང་། འཇིག་ཚོགས་ལ་ལྟ་བས་བདག་ལ་ལྷག་པར་ཆགས་པའི་སྐྱོན་གང་དག་ལ་ཡོད་པ་དེ་དག་གི་ཉེས་པ་ལྔ་པོ་དེ་སྤང་བའི་ཕྱིར་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་ཅེས་གསུངས་པས་སོ་སོའི་སྐྱེ་བོ་ལས་བརྩམས་ཏེ། བསྟན་པ་དོན་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་མདོར་གཞག་པའོ། །ཚིགས་སུ་བཅད་པ་གཉིས་པོ་འདིའི་དོན་ནི་མདོར་བསྡུས་ཏེ་ཚིགས་སུ་བཅད་པ་བཅུས་རིག་པར་བྱ་སྟེ། ཡང་དག་མཐའ་ནི་འདུས་བྱས་ཀྱི། རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡི། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །སྔར་ནི་དེ་ལྟར་རྣམ་གཞག་ནས་སླར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤང་བའི་ཕྱིར། ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །འདི་ལྟར་དེ་ནི་མ་ཐོས་པས། །བདག་ལ་བརྙས་པའི་ཉེས་པ་ཡིས། །སེམས་ནི་ཞུམ་པ་འགའ་ཞིག་ལ། །བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར། །གང་ལ་བྱང་ཆུབ་སེམས་སྐྱེས་པས། །བདག་ནི་མཆོག་ཅེས་རློམ་པ་ན། །བྱང་ཆུབ་སེམས་མ་སྐྱེས་པ་ལ། །

(༡༠༩༠)དམན་པའི་འདུ་ཤེས་རབ་ཏུ་འཇུག །དེ་ལྟར་སེམས་པ་དེ་ལ་ནི། །ཡང་དག་ཤེས་པ་མི་སྐྱེ་བ། །དེས་ན་ཡང་དག་མིན་འཛིན་ཅིང་། །ཡང་དག་དོན་ནི་རིག་མི་འགྱུར། །བཅོས་མ་བློ་བུར་བ་ཉིད་ཕྱིར། །སེམས་ཅན་སྐྱོན་དེ་ཡང་དག་མིན། །ཡང་དག་ཉེས་དེ་བདག་མེད་པ། །ཡོན་ཏན་རང་བཞིན་དག་པ་ཡིན། །ཡང་དག་མིན་པའི་ཉེས་འཛིན་ཞིང་། །ཡང་དག་ཡོན་ཏན་སྐུར་འདེབས་པས། །བློ་ལྡན་བདག་དང་སེམས་ཅན་ནི། །མཚུངས་མཐོང་བྱམས་པ་ཐོབ་མི་འགྱུར། །འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང་། །བདག་དང་སེམས་ཅན་མཚུངས་བྱས་ཏེ། །སངས་རྒྱས་ཉིད་ནི་མྱུར་དུ་འཐོབ། །ཅེས་བྱ་བ་གསུངས་པ་ལ། ཡུམ་དུ་སྤྲིན་ལ་སོགས་པ་དང་འདྲ་བར་གསུངས་པ་ནི་ཤེས་བྱ་ཐམས་ཅད་སྤྲིན་ལ་སོགས་པ་དང་འདྲ་བར་གསུངས་པ་མ་ཡིན་གྱི་ཡུམ་ཉིད་དུ་བདེན་པ་གཉིས་བཀའ་རྩལ་བ་ལས་ཡང་དག་པའི་མཐའ་དོན་དམ་པའི་བདེན་པ་ནི་སྟོང་པའི་གཞིར་བྱས་ནས་དེ་འདུས་བྱས་ཀྱི་རྣམ་པ་ཐམས་ཅད་ཀྱིས་དབེན་པར་གསུངས་པ་ཡིན་ཏེ། གང་འདུས་བྱས་ཡིན་པ་དེ་དོན་དམ་པ་མ་ཡིན་ནོ་ཞེས་དོན་དམ་པ་ཡིན་པ་འགོག་པར་བྱེད་པས་དོན་དམ་པ་དེ་འདུས་བྱས་ཀྱིས་སྟོང་ཞེས་བྱའི་འདུས་བྱས་ལས་ལོགས་ཤིག་ན་དོན་དམ་པ་ངོ་བོས་ཐ་དད་པར་ཡོད་པ་ཡང་མ་ཡིན་ཏེ།

(༡༠༩༡)རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། །དོན་དམ་པ་ཡང་གཞན་ཞེས་བྱ་བ་མེད་ཀྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་བདེན་པའོ༴ །ཞེས་བཀའ་སྩལ་བའི་ཕྱིར་རོ། །ཀུན་རྫོབ་ཀྱི་ཆོས་རྣམས་དོན་དམ་པ་ཡིན་པ་བཀག་པས་དགག་པའི་གཞི་དོན་དམ་མེད་པར་ཡང་མི་འགྱུར་ལ། དོན་དམ་པ་དངོས་སུ་གསལ་བར་ཞལ་གྱིས་བཞེས་པ་ཡང་ཡིན་མོད། འཁོར་ལོ་ཕྱི་མ་འདིར་ཡང་འདོད་ཆགས་ལ་སོགས་པའི་ཆོས་རྣམས་བློ་བུར་བ་ཡིན་པས་དོན་དམ་པ་མ་ཡིན་པའི་ཕྱིར་དོན་དམ་པ་ནི་བློ་བུར་བ་དག་གིས་སྟོང་ཞེས་བྱའི། བློ་བུར་བ་དག་ཀྱང་དོན་དམ་པའི་ཁམས་དེ་ལས་གཞན་དུ་གནས་ཅུང་ཟད་ཀྱང་མི་ཐོད་པས་ཀུན་ནས་ཉོན་མོངས་པ་མཐའ་དག་གི་རྟེན་དུ་གསུངས་པ་ཡང་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་བཅོས་མ་མ་ཡིན་པར་བཤད་ལ། དེའི་རིགས་འདྲ་བ་ཙམ་ཞིག་སེམས་ཅན་ལ་ཡོད་པར་བསྟན་ཞིང་། དེ་ལ་འཕགས་པ་ཁོ་ནའི་མངོན་སུམ་གྱི་གཟིགས་པ་འཇུག་པས་དོན་དམ་པར་ཡང་བརྗོད་པ་ཡིན་ཏེ། དོན་དམ་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །འཁོར་ལོ་བར་པ་ཉིད་དུ་གསལ་པོར་གསུངས་པ་མ་ཡིན་པའི་སེམས་ཅན་རྣམས་ལ་སྙིང་པོ་ཡོད་པར་གསུངས་པ་འདི་ནི་དྲི་མ་ཉིད་སངས་རྒྱས་ཀྱི་ཉེ་བར་ལེན་པ་མ་ཡིན་པས་སངས་རྒྱས་ཀྱི་ཉེ་བར་ལེན་པའི་རྒྱུ་གསལ་པོར་བསྟན་པ་ཡིན་ཏེ། འདི་

(༡༠༩༢)ཕྱིན་ཅི་ལོག་པ་ཡིན་ཏེ། རྣམ་པར་རྟོག་པས་ནན་གྱིས་བཅོས་མ་ཉིད་ཡིན་པའི་ཕྱིར་དང་། བདག་དང་ཆོས་མེད་བཞིན་དུ་ནན་གྱིས་སྒྲོ་བཏགས་པའི་བློ་བུར་བ་ཉིད་ཡིན་པའི་ཕྱིར་རོ། །ཡོན་ཏན་རྣམས་ཇི་ལྟར་རང་བཞིན་གྱིས་དག་པ་ཡིན་ཞེ་ན། སྙིང་པོའི་ཡོན་ཏན་ནི་རང་བཞིན་གྱིས་དག་པ་ཡིན་ཏེ། ཡང་དག་པར་ན་སེམས་ཅན་གྱི་ཉེས་པ་ཉོན་མོངས་པ་དེ་དག་བརྟགས་ན་ངོ་བོ་མེད་པས་བདག་པོ་མེད་པ་ཡིན་པའི་ཕྱིར་རོ། །བདག་ཏུ་ལྟ་བས་ཡང་དག་པ་མ་ཡིན་པའི་ཉེས་པ་ལ་ཡང་དག་པར་འཛིན་པའི་སྒྲོ་འདོགས་དང་། ཡང་དག་པའི་ཡོན་ཏན་བདག་ཉིད་ལ་མེད་དོ་ཞེས་སྐུར་པ་འདེབས་པར་འགྱུར་བས་ན་བདག་ཉིད་དང་སེམས་ཅན་རྣམས་སྤྲོས་པ་མེད་ཅིང་ཕུང་པོའི་མཚན་མ་མེད་པའི་སྙིང་པོ་རང་གཞན་གཉི་གའི་རིགས་སུ་མཚུངས་པར་མཐོང་བའི་སྒོ་ནས་སྐྱེས་པའི་སེམས་ཅན་རྣམས་ལ་བྱམས་པ་ཡང་ཐོབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔས་བདག་དང་སེམས་ཅན་མཚུངས་པར་མཐོང་བ་ཡང་གསུང་རབ་དག་ལས་རྣམ་པ་གསུམ་དུ་མཐོང་སྟེ། བདེ་བ་འདོད་པ་དང་སྡུག་བསྔལ་འདོར་བར་འདོད་པར་མཚུངས་པ་དང་། དོན་དམ་པར་ངོ་བོ་ཉིད་མེད་པར་མཚུངས་པ་དང་༴ སེམས་ཀྱི་གཤིས་རང་བཞིན་གྱིས་འོད་གསལ་བར་མཚུངས་པར་མཐོང་བ་སྟེ། དེ་ནི་འདིར་དངོས་ཀྱི་དོན་ཡིན་ནོ། །སྐབས་ཀྱི་དོན་ནི་དེ་བཞིན་གཤེགས་པའི་སྙིང་པོ་འཇིག་ཚོགས་ཀྱི་སྙིང་པོར་གྱུར་པར་མ་ཐོས་ཤིང་མ་ཤེས་པས་བདག་ཏུ་ལྟ་བ་ཉམ་སྨོད་པར་མི་བྱེད་དེ། དེས་ན་བདག་ལ་ལྷག་པར་ཆགས་པ་ཉིད་ཉེས་པ་གཞན་བཞི་པོའི་རྩ་བ་སྟེ་བདག་ཉིད་ཞུམ་པའི་ཕྱིར་དང་། བདག་ཏུ་ང་རྒྱལ་བའི་ཕྱིར་དང་། བདག་ཏུ་ལྟ་བ་ལ་སོགས་

(༡༠༩༣)མོངས་པ་དང་ལས་དང་རྣམ་པར་སྨིན་པ་ལས་གྲོལ་བའི་ཁམས་ཡོད་པ་ཉིད་ཅེས་བསྟན་པ་ནི་སོ་སོའི་སྐྱེ་བོ་རྣམས་ལ་ཡོད་པའི་ཉེས་པ་ལྔ་པོ་དག་ཐེག་ཆེན་གྱི་ལམ་ཀྱི་གེགས་སུ་གྱུར་པ་ས་དེ་དག་སྤང་བའི་ཕྱིར་པར་ཡང་བླ་མའི་རྒྱུད་དམ་རྒྱུ་ཕྱི་མ་འདིར་གསུངས་པ་ཡིན་ནོ། །འདི་ལྟར་རང་ལ་སྙིང་པོ་ཡོད་པ་དེ་ནི་མི་ཕུང་པོ་བཞིན་དུ་བདག་ལ་བྱང་ཆུབ་སྒྲུབ་པའི་མཐུ་མེད་དོ་སྙམ་ནས་།།།བརྙས་ཤིང་བདག་ཉིད་ཁྱད་དུ་གསོད་པའི་ཉེས་པ་ནི་དང་པོ་སྟེ། དེས་སེམས་ཞུམ་པར་བྱས་པ་འགའ་ཞིག་ལ་ཞུམ་པ་འགེགས་བྱས་པས་བྱང་ཆུབ་ཀྱི་སེམས་སྐྱེ་བར་མི་འགྱུར་རོ། །སྐྱེས་བུ་གང་ལ་ལ་ཞིག་ལ་བྱང་ཆུབ་ཀྱི་སེམས་སྐྱེས་ཀྱང་སྐྱེས་པ་དེས་བདག་ནི་སེམས་ཅན་འདི་རྣམས་པས་མཆོག་ཡིན་ནོ་ཞེས་རློམ་ཞིང་རྒྱལ་ལ། ང་རྒྱལ་དེས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་སེམས་ཅན་མཐོང་བ་དག་ལ་བདག་པས་དམན་པའི་འདུ་ཤེས་རབ་ཏུ་འཇུག་ཅིང་སྐྱེ་སྟེ་དེས་མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བའི་སེམས་དཔའ་ཆེན་པོའི་ཁོངས་སུ་མི་ཆུད་དོ། དེ་ལྟར་བདག་མཆོག་གོ་སྙམ་དུ་སེམས་པ་དེ་ལ་ནི་འཇིག་ཚོགས་ལ་ལྟ་བ་ལས་ལོག་པའི་ཡང་དག་པའི་ཤེས་པ་མི་སྐྱེ་བ་དེས་ན་ཡང་དག་པ་མ་ཡིན་པའི་ཉོན་མོངས་པ་ཡང་དག་ཏུ་འཛིན་ཞིང་། ཡང་དག་པའི་དོན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རིག་པར་མི་འགྱུར་བས་འདི་ཤེས་རབ་ལས་ཀྱང་ཉམས་ལ། སྙིང་རྗེ་ལས་ཀྱང་ཉམས་པ་ཡིན་ནོ། །ཇི་ལྟར་ཡང་དག་པ་མ་ཡིན་ཞེ་ན། སེམས་ཅན་གྱི་སྐྱོན་དེ་ནི་ཡང་དག་པ་མ་ཡིན་ཞིང་

(༡༠༩༤)ཕྱིན་ཅི་ལོག་པ་ཡིན་ཏེ། རྣམ་པར་རྟོག་པས་ནན་གྱིས་བཅོས་མ་ཉིད་ཡིན་པའི་ཕྱིར་དང་། བདག་དང་ཆོས་མེད་བཞིན་དུ་ནན་གྱིས་སྒྲོ་བཏགས་པའི་བློ་བུར་བ་ཉིད་ཡིན་པའི་ཕྱིར་རོ། །ཡོན་ཏན་རྣམས་ཇི་ལྟར་རང་བཞིན་གྱིས་དག་པ་ཡིན་ཞེ་ན། སྙིང་པོའི་ཡོན་ཏན་ནི་རང་བཞིན་གྱིས་དག་པ་ཡིན་ཏེ། ཡང་དག་པར་ན་སེམས་ཅན་གྱི་ཉེས་པ་ཉོན་མོངས་པ་དེ་དག་བརྟགས་ན་ངོ་བོ་མེད་པས་བདག་པོ་མེད་པ་ཡིན་པའི་ཕྱིར་རོ། །བདག་ཏུ་ལྟ་བས་ཡང་དག་པ་མ་ཡིན་པའི་ཉེས་པ་ལ་ཡང་དག་པར་འཛིན་པའི་སྒྲོ་འདོགས་དང་། ཡང་དག་པའི་ཡོན་ཏན་བདག་ཉིད་ལ་མེད་དོ་ཞེས་སྐུར་པ་འདེབས་པར་འགྱུར་བས་ན་བདག་ཉིད་དང་སེམས་ཅན་རྣམས་སྤྲོས་པ་མེད་ཅིང་ཕུང་པོའི་མཚན་མ་མེད་པའི་སྙིང་པོས་གཞན་གཉི་གའི་རིགས་སུ་མཚུངས་པར་མཐོང་བའི་སྒོ་ནས་སྐྱེས་པའི་སེམས་ཅན་རྣམས་ལ་བྱམས་པ་ཡང་ཐོབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔས་བདག་དང་སེམས་ཅན་མཚུངས་པར་མཐོང་བ་ཡང་གསུང་རབ་དག་མས་རྣམ་པ་གསུམ་མཐོང་སྟེ། །།།སྡུག་བསྔལ་འདོར་བར་འདོད་པར་མཚུངས་པ་དང་། དོན་དམ་པར་ངོ་བོ་ཉིད་མེད་པར་མཚུངས་པ་དང་། སེམས་ཀྱི་གཤིས་རང་བཞིན་གྱིས་འོད་གསལ་བར་མཚུངས་པ་མཐོང་བ་སྟེ། དེ་ནི་འདིར་དངོས་ཀྱི་དོན་ཡིན་ནོ། །།།དོན་ནི་དེ་བཞིན་གཤེགས་པའི་སྙིང་པོ་འཇིག་ཚོགས་ཀྱི་སྙིང་པོར་གྱུར་པར་མ་ཐོས་ཤིང་མ་ཤེས་།།།དག་ཏུ་ལྟ་བ་ཉལ་སྣོད།།། དེས་ན་བདག་།།།ཉིད་ཉེས་པ་གཞན་བཞི་སོ་།།། བདག་ཏུ་ང་རྒྱལ་བའི་ཕྱིར་།།། །བདག་ལྟ་བ་ལ་སོགས་

(༡༠༩༥)པའི་བདག་གི་ཁྱད་པར་རྣམས་ཡང་དག་པར་འཛིན་པའི་ཕྱིར་དང་། བདག་མེད་པ་ལ་སྐྱོན་དུ་མཐོང་བའི་ཕྱིར་དང་། བདག་ཡོད་ན་ནི་གཞན་དུ་འདུ་ཤེས་པས་ཆགས་པ་དང་སྡང་བ་རྣམ་འཕེལ་བར་འགྱུར་བའི་ཕྱིར་རོ་། །ཉེས་པ་དེ་དག་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་ལྡོག་པར་འགྱུར་ཏེ། འདི་ལ་ཏེ་འཁོར་ལོ་ཕྱི་མ་འདིར་དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་དེ་ནི་ཐོས་པ་ལས་རང་སེམས་ཀྱི་རྒྱུན་འོད་གསལ་བར་ཤེས་ཤི་རྒྱུ་མཚན་དེས་བྱང་ཆུབ་སྒྲུབ་ནུས་པར་མཐོང་ལ་། སེམས་ཅན་གཞན་དག་གི་རྒྱུད་ཀྱང་འོད་གསལ་བར་མཐོང་སྟེ། དེས་ན་རང་ཉིད་བྱང་ཆུབ་སྒྲུབ་པར་སྤྲོ་བའི་བརྩོན་འགྲུས་རང་སེམས་ཅན་གཞན་ལ་ཡོན་ཏན་མཐའ་ཡས་པ་མཐོང་བས་སྟོན་པ་བཞིན་དུ་གུས་པའི་དད་པ་དང་། ཉེས་པ་རྣམས་བདག་མེད་པར་རྟོགས་པའི་ཤེས་རབ་དང་། ཡོན་ཏན་རྣམས་དང་གིས་གནས་པར་ཤེས་པའི་ཡེ་ཤེས་དང་། སེམས་ཅན་རྣམས་ལ་སྤུན་ཟླ་ལྟར་རིགས་གཅིག་པར་མཐོང་བས་སྙིང་ཤིན་དུ་ཉེ་ཞིང་སྒོ་དུ་མ་ནས་ཕན་པ་སྒྲུབ་པའི་བྱས་པ་སྐྱེ་ལ། དེ་ཡང་ཡུལ་ཚད་མེད་པ་ལ་དབང་འབྱོར་བའི་ཚུལ་གྱིས་སྐྱེ་བས་ཆེན་པོའི་ངོ་བོ་ཉིད་དུ་སྐྱེའོ། །བརྩོན་འགྲུས་དང་། དད་པ་དང་། ཤེས་རབ་དང་༴ ཡེ་ཤེས་དང་༴ བྱས་པ་ཆེན་པོའི་བདག་ཉིད་ཀྱི་ཆོས་ལྔ་སྐྱེས་པའི་ཕྱིར་བདག་ཉིད་ཀྱི་སེམས་ཞུ་ཞིང་ས་གོང་ལ་ཡིད་ཕྱིར་ཕྱོགས་པས་བྱང་ཆུབ་སྒྲུབ་པར་མི་སྤྲོ་བའི་ཁ་ན་མ་ཐོ་བ་མེད་ཅིང་། བདག་དང་སེམས་ཅན་ཡོན་ཏན་མཐའ་ཡས་པས་བརྒྱན་པར་མཚུངས་པའི་ཕྱིར་དམན་པར་ལྟ་བའི་བརྙས་པ་སྤོང་བ་དང་། སྐྱོན་ཉོན་མོངས་པ་འདི་དག་ལ་མཐུ་དང་སྟོབས་

(༡༠༩༦)དང་ཤེས་ཤིན་དུ་ཆེ་བ་ལྟར་སྣང་ཡང་ཡང་དག་པར་མེད་ཅིང་། ཤེས་རབ་ཆུང་ངུ་དང་ཕྲད་པས་ཀྱང་མཐུ་ཉམས་པར་འགྱུར་བར་མཐོང་ལ། བདག་ཉིད་ལ་ལྡན་པར་གནས་པའི་ཡོན་ཏན་འདིའི་དྲི་མ་རྣམ་པར་སྦྱངས་ན་སེམས་ཅན་གྱི་མགོན་ཆེན་པོར་འགྱུར་བར་ཡང་མཐོང་ཞིང་། བདག་དང་སེམས་ཅན་དེ་བཞིན་གཤེགས་པའི་སྙིང་པོའི་ངོ་བོ་ཉིད་དུ་མཚུངས་པར་མཐོང་བས་བྱམས་པ་ཆེན་པོ་དང་། །།། །དེ་ལས་བྱུང་བའི་སྙིང་རྗེ་ཆེན་པོ་སྐྱེའོ། །དེ་ལ་ཡོན་ཏན་གྱི་ཆོས་ལྔ་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པར་དག་པའི་རྒྱུ་མོས་པ་ལ་སྭོ་པ་བཞིའི་ངོ་བོ་ཉིད་ཡིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་སྒྲུབ་པར་སྤྲོ་བ་ནི་མོས་པའི་འབྲས་བུ་ཡིན་ལ། སེམས་ཅན་ལ་སྟོན་པ་བཞིན་དུ་གུས་པ་ཡང་སྟོན་པ་དང་རང་བཞིན་རྣམ་དག་གི་ཆོས་སྐུར་མཚུངས་པར་མོས་པ་ཉིད་ཡིན་པའི་ཕྱིར་དང་། ཤེས་རབ་ནི་ཤེས་རབ་ཉིད་ཡིན་ལ། ཡེ་ཤེས་ནི་ཡོན་ཏན་གྱི་གཏེར་དུ་གྱུར་པའི་ཏིང་ངེ་འཛིན་གྱི་སྒོ་སྒོམ་པ་ཉིད་ཀྱི་ཕྱོགས་ཡིན་ལ། བྱམས་པས་ནི་སྙིང་རྗེ་ཆེན་པོ་འདྲེན་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་བདག་ལྟ་བུས་བྱང་ཆུབ་སྒྲུབ་པར་དག་ལ་ནུས་ཏེ། བྱང་ཆུབ་སྒྲུབ་པ་ལ་ནི་དཀའ་བ་དུ་མ་སྤྱད་དགོས་ན་བདག་ལ་ནི་ཡོན་ཏན་གྱི་ཆ་ཙམ་ཡང་མེད་དོ་སྙམ་པའི་ཞུམ་པ་འདི་དངོས་ཁོང་ཁྲོ་ཉིད་མ་ཡིན་ཀྱང་ཆོས་ལ་ཁོང་ཁྲོ་བ་དང་རྒྱབ་ཀྱིས་ཕྱོགས་པར་མཚུངས་པ་ཉིད་དོ། །བདག་ཉིད་དང་རྒྱལ་བ་དང་ཉེས་པ་ལ་ཡང་དག་ཏུ་འཛིན་པ་ནི་བདག་ཏུ་ལྟ་བའི་ཕྱོགས་ཉིད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་ཡོན་ཏན་དང་ལྡན་པར་རང་ལ་

(༡༠༩༧)གནས་པར་མ་ཤེས་པས་འཁོར་བའི་སྡུག་བསྔལ་ལ་འཇིགས་པའི་ཕྱོགས་སོ། །བྱམས་པ་།།།ཆེད་པ་དང་སྙིང་རྗེ་མེད་པ་ནི་སེམས་ཅན་གྱི་དོན་ལ་མི་ལྟོས་པ་ཉིད་དོ། །དེ་ལྟར་ན་སེམས་ཅན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་རྩ་བ་ནི་བདག་ལ་ལྷག་པར་ཆགས་པ་ཉིད་ཡིན་ཞིང་དེ་ལས་དགེ་བའི་བཤེས་གཉེན་དང་ཕྲད་པ་འགའ་ཞིག་ལ་བདག་ཉིད་འཁོར་བ་ལས་ཐར་བར་འདོད་པ་སྐྱེ་ལ་དེ་ལས་ཀྱང་རིགས་ཁྱད་པར་ཅན་དང་ལྡན་པ་འགའ་ཞིག་ལ་སེམས་ཅན་ཐམས་ཅད་ཐར་བར་འདོད་པའི་བསམ་པ་ཁྱད་པར་ཅན་སྐྱེས་ཀྱང་ཉེས་པ་ལ་ཡང་དག་ཏུ་ལྟ་བ་མ་ཉམས་པས་དངོས་པོར་མངོན་པར་ཞེན་པའི་བྱང་ཆུབ་སེམས་དཔའི་གྲངས་སུ་འགྲོ་ལ། སེམས་ཅན་ཐམས་ཅད་ཀྱང་ཡོན་ཏན་དང་ལྡན་པར་མ་མཐོང་བས་སྤྲོ་བའི་སྟོབས་ཆུང་ཞིང་བླ་ན་མེད་པའི་བྱང་ཆུབ་ལས་ལྡོག་པར་འགྱུར་ལ། སྙིང་པོའི་གཏམ་ཐོས་པ་ལས་ནི། བསམ་མི་ཁྱབ་པའི་ཡུལ་འདི་ནི། །ཡོད་དང་བདག་འདྲས་ཐོབ་ནུས་དང་། །ཐོབ་པ་འདི་འདྲའི་ཡོན་ཏན་དང་། །ལྡན་ཞེས་དད་པས་མོས་པའི་ཕྱིར། འདུན་བརྩོན་དྲན་དང་བསམ་གཏན་དང་། །ཤེས་རབ་ལ་སོགས་ཡོན་ཏན་སྣོད། །བྱང་ཆུབ་སེམས་ནི་དེ་དག་ལ། །རྟག་ཏུ་ཉེ་བར་གནས་པར་འགྱུར། །དེ་ནི་རྟག་ཏུ་ཉེར་གནས་པས། །རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག །ཅེས་གསུངས་པ་དེ་གྲུབ་པར་འགྱུར་བ་ཡིན་ཏེ། མདོར་ན་དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་འདི་ནི་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་མྱུར་དུ་འགྲོ་བར་བྱེད་པས་ནམ་མཁའ་ལྡིང་གིས་དྲངས་

(༡༠༩༨)པའི་ཤིང་རྟ་ལྟ་བུ་ཡིན་ལ། དེ་བཞིན་གཤེགས་པའི་སྙིང་པོ་ལ་རྣལ་འབྱོར་གྱིས་གནས་ན་ནི་རྟེན་དེ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔར་འགྱུར་བས་སངས་རྒྱས་ཉིད་ནི་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །གང་དག་བསྐལ་པ་མང་པོར་རྒྱལ་བ་བྱེ་བ་གྲངས་མེད་བསྙེན་བཀུར་ཞིང་། །བུ་དང་ཆུང་མ་སོགས་ལ་སྲེད་སྤངས་ཚུལ་བཞིན་ཡང་དག་གནས་གྱུར་ལ། སྡུག་བསྔལ་བརྒྱ་ཕྲག་བཟོད་ཅིང་བརྩོན་པའི་ཁུར་ཁྱེར་བསམ་གཏན་མང་བསྒོམས་པ། །དེ་ལའང་སྙིང་པོའི་གཏམ་འདི་ཤིན་དུ་རྙེད་དཀའ་གསུང་གི་སྙིང་པོ་ཉིད། །དི་རིང་དམ་པའི་དྲིན་གྱིས་འབད་མེད་ཐོབ་གྱུར་པ། །དེ་ལས་དགའ་ཞིང་གུས་པའི་སྟོབས་ཀྱིས་ཚུལ་འདི་ལ། །མོས་པ་ཁོ་ནས་འདི་སྦྱར་བདག་ནི་བློ་དམན་ཞིང་། །བརྩོན་པ་ཞན་པར་གྱུར་ཀྱང་འདི་ལ་སྤྲོ་བ་སྐྱེས་ཐོག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སུ་དང་པོར་དོན་དམ་པའི་དཀོན་མཆོག་གསུམ་ཉིད་གསལ་བར་བཤད་ལ། དེའི་མཇུག་ཐོགས་སུ། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། ཅེས་བྱ་བ་བཞིར་རྣམ་པར་དབྱེ་བ་ལས་དཀོན་མཆོག་དེའི་རིགས་དྲི་མ་དང་བཅས་པའི་དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་ནི་དང་པོ་སྟེ། སྐབས་དེ་ཡང་ཚིགས་སུ་བཅད་པ་དང་པོ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་སེམས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། ཞེས་བྱ་བ་དེའི་དོན་འབའ་ཞིག་འཆད་པ་ཡིན་

(༡༠༩༩)ལ༴ དེའི་ཡང་བསྡུས་པའི་དོན་ནི། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །གནས་སྐབས་དེ་བཞིན་ཀུན་དུ་འགྲོ་བའི་དོན། རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་བྱ་བ་དེ་ཡིན་ལ། དེའི་དངོས་ཀྱི་བཤད་པ་ནི། དེ་ལྟར་རྒྱལ་བའི་སྙིང་པོ་ནི། །རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད། །ཅེས་བྱ་བས་རྫོགས་པར་གྱུར་ཀྱང་དེ་ལས། ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། ཞེས་བྱ་བ་ལ་སོགས་པ་འཕྲོས་པ་ཡིན་ཏེ། དེ་ཐམས་ཅད་རྫོགས་སོ། །།།

(༡༡༠༠)

(༡༡༠༡)ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲོལ་བཤད་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས་བྱང་ཆུབ་ཀྱི་ལེའུ་བཤད་པ་བཞུགས་སོ།།

(༡༡༠༢)བླ་མ་དམ་པ་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ལོ། དག་ཞིག་དང་པོར་བཀྲམ་པར་གྱུར་པ་དེ་ནི་ས་བཅུ་ལས་སྐྱེས་མྱུ་གུའི་ཚོགས། དག་ལ་བརྡེན་པྲ་གྱུར་པའི་ལྗོན་ཤིང་ཆེན་པོ་དེ་ཡང་ཆོས་ཀྱི་དབྱིངས་ཉིད་དོ། གང་ཚེ་ཤར་བའི་ས་གའི་ཟླ་བ་དེ་ཡང་ཐོག་མ་མེད་པའི་དུས་ཉིད་དོ། དག་ཞིག་ཐུགས་སུ་ཆུད་པ་དེ་ཡང་མཁའ་དབྱིངས་བྱང་ཆུབ་ཆེ་སྟེ་དེ་ལ་འདུད། དེ་ལྟར་དྲི་མ་དང་བཅས་པའི་དེ་བཞིན་ཉིད་བཤད་པ་ཟིན་ནས། ད་ནི་དྲི་མ་མེད་པའི་དེ་བཞིན་ཉིད་གང་ལ་མིང་བྱང་ཆུབ་བཅོས་བཏགས་པ་དེ་བརྗོད་པར་བྱེ་ཏེ།

(༡༡༠༣)འདི་ལ་བཤད་པར་བྱ་བའི་དོན་བ་སྡོམས་ཏེ་བསྟན་པ་དང་། དེ་ཕྱེ་སྟེ་རྣམ་པར་བཤད་པ་གཉིས་ལ། དང་པོ་ནི། དེ་ལ་དྲི་བ་མེད་པའི་དེ་བཞིན་ཉིད་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ལ་དྲི་མའི་རྣམ་པ་ཐམས་ཅད་དང་བྲལ་པའི་ཕྱིར་གནས་ཡོངས་སུ་གྱུར་པར་རྣམ་པར་གཞག་པ་གང་ཡིན་པའོ། །དེ་ཡང་མདོར་བསྡུ་ན་དོན་རྣམ་པ་བརྒྱད་ཀྱི་དབང་དུ་བྱས་ཏེ་རིགས་པར་བྱའོ། །ཞེས་བྱ་བ་སྟེ། དྲི་བ་མེད་པའི་དེ་བཞིན་ཉིད་བརྗོད་པར་ཁས་བླངས་པ་དེ་ལ་དང་པོར་དྲི་མ་མེད་པའི་དེ་བཞིན་ཉིད་ཀྱི་ངོ་བོ་གང་ཞེ་ན་ཞེས་བ་དྲིའོ། །བདག་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གནས་ཡོངས་སུ་གྱུར་པར་རྣམ་པར་གཞག་པ་གཞག་ཡིན་པ་དེ་ནི་དྲི་མ་མེད་པའི་དེ་བཞིན་ཉིད་ཡིན་ནོ། །དེ་ལ་ཡང་གནས་ནི་གང་། ཡོངས་སུ་གྱུར་པ་ནི་གང་ཞེ་ན། ཟག་པ་མེད་པའི་དབྱིངས་ནི་གནས་ཡིན་ལ།

(༡༡༠༤)ཡོངས་སུ་གྱུར་པའི་དོན་ནི་ཡོངས་སུ་ལོག་པ་ཡིན་ཏེ། དབྱིངས་དེ་ལ་དྲི་མ་ནི་སྒྲིབ་པ་སྟེ་དེའི་རྣམ་པའི་དབྱེ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐབས་ཅད་དང་བྲལ་ཞིང་ལོག་པའི་ཕྱིར་རོ། །དེ་ཡང་། ཐོག་མ་མེད་དུ།ས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། ཞེས་བྱ་བ་ས་དེ་བཞིན་ཉིད་ཀྱིས་ཐོག་མ་མེད་པའི་དུས་ནས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་གནས་སམ་རྟེན་་བྱས་པའི་ཕྱིར་དེ་ལ་གནས་པོ་ཞེས་ཀྱང་བརྗོད་པར་བྱ་བ་ཡིན་ནོ། །སྐུ་གསུམ་ལ་འཇུག་པར། གནས་པོ་གཞན་དུ་གྱུར་པ་དེ། ཞེས་གསུངས་པ་ལ་ལྟར་ཕྱིས་ངོ་གཞན་དུ་འགྱུར་ཏེ་རྣམ་པར་བྱ་བའི་ཡོན་ཏན་རྣམས་ཀྱི་རྟེན་བྱེད་ལས་གནས་ཡོངས་སུ་གྱུར་པ་ཞེས་བྱ་ལ། དེ་ཡང་ཆོས་དང་ཆོས་ཉིད་རྣམ་པར་འབྱོད་པར། རྣམ་པ་དྲུག་གིས་ཆོས་ཉིད་ལ། །འཇུག་པ་བླ་ན་མེད་པ་ཏེ། །མཚན་ཉིད་ཀུན་དུ་གནས་པ་དང་། །དངོས་པར་འབྱོད་དང་རེག་པ་དང་། ༡ །རྗེས་སུ་དྲན་དང་དེ་བདག་ཉིད། །ཉེ་བར་སོན་ལ་འཇུག་པས་སོ། །མཚན་ཉིད་མདོ་ནི་ཇི་ལྟ་བཞིན་། །གནས་ནི་ཆོས་རྣམས་ཐམས་ཅད་དེ། །འོན་ཀྱང་མདོ་སྡེ་ཐམས་ཅད་ཀྱང་། །དེ་ལ་ངེས་པར་འབྱོད་པ་ཧི། །ཐོབ་པ་མོན་པོའི་མདོ་སྡེ་ལ། །བརྟེན་པའི་ཚུལ་བཞིན་ཡིད་བྱེད་པས། །བརྗུས་པའི་སྦྱོར་ལམ་ཐམས་ཅད་དོ། །རེག་པ་ཡང་དག་ལྷ་ཐོབ་ཕྱིར། །མཐོང་བའི་ལམ་གྱི་མངོན་སུམ་གྱི། །ཚུལ་ལ་དུ་དེ་བཞིན་ཉིད་ཐོབ་ཙམ། །ཉམས་སུ་མྱོང་བ་གང་ཡིན་པའོ་།

(༡༡༠༥)རྗེས་སུ་དྲན་རེག་པས་ནི། །མཐོང་བའི་དོན་ལ་སྒོམ་ལམ་གྱི། །བྱང་ཆུབ་ཕྱོགས་ཀྱིས་བསྡུས་པ་སྟེ། དེ་ཡི་དྲི་བ་སེམས་པའི་ཕྱིར། །དེ་ལ་དེ་ཡི་བདག་ཉིད་དུ། །ཉེ་བར་སོན་པ་དེ་བཞིན་ཉིད། །དྲི་མ་མེད་པར་གྱུར་པ་ན། །ཐམས་ཅད་དེ་བཞིན་ཉིད་ཙམ་དུ། །སྣང་བ་དེ་ཡང་གནས་གྱུར་པ། །གྲུབ་པ་ཡིན་ནོ་རྣམ་པ་བཅུས། །གནས་ཡོངས་གྱུར་ལ་འཇུག་པ་ནི། །བླ་ན་མེད་པ་ཉིད་ཡིན་ཏེ། །ངོ་བོ་རྫས་དང་གང་ཟག་དང་། ཁྱད་པར་དགོས་པ་གནས་དང་ནི། །ཡིད་ལ་བྱེད་པ་སྦྱོར་པ་དང་། །ཉེས་དམིགས་ཕན་ཡོན་འཇུག་པས་སོ། །དེ་ལ་ངོ་བོ་འཇུག་པ་ནི། །བློ་བུར་པ་་ཡི་དྲི་མ་དང་། །དེ་བཞིན་ཉིད་མི་སྣང་པ་དང་། །སྣང་བའི་དོན་ཏེ་དེ་བཞིན་ཉིད། །དྲི་མ་མེད་པ་གང་ཡིན་པའོ། །དངོས་པོ་རྫས་ལ་འཇུག་པ་ནི། །ཐུན་མོང་སྣོད་ཀྱི་རྣམ་རིག་པ། །དེ་བཞིན་ཉིད་དུ་གྱུར་པ་དང་། །མདོ་སྡེ་ཆོས་ཀྱི་དབྱིངས་ཉིད་ཀྱི། །དེ་བཞིན་ཉིད་དུ་གྱུར་པ་དང་། །ཐུན་མོངམིན་པ་སེམས་ཅན་གྱི། ཁས་ཀྱི་རྣམ་པར་རིག་པ་ཡི། །དེ་བཞིན་ཉིད་དུ་གྱུར་པའོ། །གང་ཟག་དག་ལ་འཇུག་པ་དང་། །དང་པོ་གཉིས་ནི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །དེ་བཞིན་ཉིད་ཡོངས་གྱུར་པ་སྟེ། །ཕྱི་མ་ཉན་ཐོས་རྣམས་དང་ནི། །རང་སངས་རྒྱས་ཀྱི་ཡང།ཡིན་ནོ། །ཁྱེད་པར་ཅན་ལ་འཇུག་པ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞིང་ཡོངས་དག་པའི་ཁྱད་པར་དང་། །ཆོས་སྐུ་ལོངས་སྤྱོད་རྫོགས་པ་དང་།

(༡༡༠༦)སྤྲུལ་སྐུ་ཐོབ་པས་གཟིགས་པ་དང་། །འདོམས་པ་དང་ནི་དབང་འབྱོར་ཉིད། །ཐོབ་པའི་ཁྱད་པར་ལས་ཡིན་ནོ། །དགོས་པ་རྟོགས་ལ་འཇུག་པ་ནི། །སྔོན་གྱི་སྨོན་ལམ་ཁྱད་པར་དང་། །ཐེག་པ་ཆེན་པོ་སྟོན་པ་ཡི། །དམིགས་པའི་ཁྱད་པར་ས་བཅུ་ལ། །རབ་ཏུ་སྦྱོར་བའི་ཁྱད་པར་རོ། །གནས་སམ་སྟེན་ལ་འཇུག་པ་ནི། །རྣམ་པར་མི་རིག་ཡེ་ཤེས་ལ། །འཇུག་པ་རྣམ་པ་དྲུག་གིས་ཏེ། །དམིགས་དང་མཚན་མ་ཡངས་པ་དང་། །ཡང་དག་པ་ཡི་སྦྱོར་བ་དང་། །མཚན་ཉིད་ནི་ཡོན་ཏན་དང་། །ཡོངས་སུ་ཤེས་ལ་འཇུག་པས་སོ། །དེ་ལ་དང་པོ་དམིགས་པ་ལ། འཇུག་པ་རྣམ་བཞིར་ཤེས་བྱ་སྟེ། །ཐོག་པ་མེན་པོ་སྟོན་པ་དང་། །དེ་ལ་མོས་་དང་ངེས་པ་དང་། །ཚོགས་ནི་ཡོངས་སུ་རྫོགས་པས་སོ། །གཉིས་པ་མཚན་མ་ཡངས་པ་ལ། །འཇུག་པ་ཡང་ནི་རྣམ་བཞི་སྟེ། །མི་མཐུན་པ་དང་གཉེན་པོ་དང་། །དེ་བཞིན་ཉིད་དང་རྟོགས་པ་ཡི། །མཚན་མ་དག་ནི་སངས་རྒྱས་་སོ། །འདིར་ནི་རིམ་པ་ཇི་ལྟ་བཞིན། །རགས་དང་འབྲིང་དང་ཕྲ་བོས་དང་། །རིང་དུ་རྗེས་སུ་འབྲོལ་བ་ཡིད། །མཚན་མ་ཡོངས་སུ་སངས་རྒྱས་ཡིན། །ཡང་དག་པ་ཡི་སྦྱོར་བ་ལ། །འཇུག་པ་ཡང་བའི་རྣམ་བཞི་སྟེ། །དམིགས་པ་ཡི་ནི་སྦྱོར་བ་དང་། མི་དམིགས་པ་ཡི་སྦྱོར་བ་དང་། །དམིགས་པ་མི་དམིགས་སྦྱོར་བ་དང་། །དམི་དམིགས་དམིགས་པའི་སྦྱོར་བའོ། །དེ་ལ་མཚན་ཉིད་འཇུག་པ་ནི། །རྣམ་པ་གསུམ་གྱི་ཤེས་བྱ་སྟེ། ཆོས་ཉིད་

(༡༡༠༧)གནས་པ་ཉིད་ལས་ནི། །གཉིས་སུ་མེད་ཅིང་བརྗོད་པའི། །ཆོས་ཉིད་རབ་ཏུ་གནས་ཕྱིར། །སྣང་བ་མེད་ལས་གཉིས་དང་ནི། །ཇི་ལྟར་མངོན་པར་བརྗོད་པ་དང་། །དབང་པོ་ཡུལ་དང་རྣམ་རིག་དང་། །སྣོད་ཀྱི་འཇིག་རྟེན་སྣང་མེད་ཕྱིར། །དེས་ན་འདིར་ནི་བརྟག་མེད་པ། །བསྟན་དུ་མེད་པ་གནས་མེད་པ། །སྣང་བ་མེད་ཅིང་རྣམ་རིག་མེད། །གནས་པ་མེད་པ་ཞེས་བྱ་སྟེ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཚན་ཉིད་མདོ་བཞིན་བརྗོད་པ་ཡིན། །སྣང་བ་ལས་ནི་ཆོས་ཐམས་ཅད། །ནམ་མཁའི་དཀྱིལ་མཉམ་སྣང་ཕྱིར། །འདུ་བྱེད་ཐམས་ཅད་སྒྱུ་མ་སོགས། །ལྟ་བུར་སྣང་པ་ཡིན་ཕྱོར། །ཕན་ཡོན་འཇུག་པ་གསུམ་བཞི་སྟེ། །ཆོས་སྐུ་རྫོགས་པར་ཐོབ་པ་དང་། །གོང་ན་མེད་པའི་བདེ་ཐོབ་དང་། །གཟིགས་པ་དབང་འབྱོར་ཐོབ་པ་དང་། །སྟོན་ལ་དང་འབྱོར་ཐོབ་པའོ། །ཡོངས་སུ་ཤེས་པ་འཇུག་པ་ནི། །རྣམ་པ་བཞི་རུ་ཤེས་བྱས་ཏེ། །གཉེན་པོ་ཡོངས་སུ་ཤེས་པ་དང་། །མཚན་ཉིད་ཡོངས་སུ་ཤེས་པ་དང་། ཁྱད་པར་ཡོངས་སུ་ཤེས་པ་དང་། །ལས་ལྔ་ཡོངས་སུ་ཤེས་པའོ། །དེ་ལ་གཉེན་པོ་ཤེས་པ་ནི། །རྣམ་པར་མི་རྟོག་ཡེ་ཤེས་ཏེ། །ཆོས་དང་གང་ཟག་འཛིན་པ་དང་། །ཡོངས་འགྱུར་བ་ཐ་དད་དང་། །སྐུར་པ་འདེབས་པ་ཉིད་ཡིན་ཏེ། །མེད་པ་འཇིན་པ་རྣམ་པ་ལྔའི། །གཉེན་པོ་བསྟན་པ་ཡིན་ཕྱོར། །མཚན་ཉིད་ཡོངས་སུ་ཤེས་པ་ནི། །ཡིད་ལ་མི་དབྱེད་ཡང་དག་འདས། །ཉེ་བར་ཞི་བ་

(༡༡༠༨)དང་ངོ་བོའི་དོན། །མངོན་རྟགས་འཛིན་པ་རྣམ་པ་ལྔ། །སངས་རྒྱས་པའི་རང་བདེ་མཚན་ཉིད་དོ། །ཁྱད་པར་ཡོངས་སུ་ཤེས་པ་ནི། །རྣམ་པར་མི་རྟོགས་པ་ཉིད་དང་། །ཉི་ཚེ་བ་ཡི་མ་ཡིན་དང་། ༣༤ །གནས་མེད་པ་དང་གཏན་དུ་དང་། །གོང་ན་མེད་པའི་རྣམ་པ་སྟེ། ཁྱད་པར་རྣམ་པ་ལྔ་ཡིན་ནོ། །ཐ་མ་ལས་ཡོངས་ཤེས་པ་ནི། །རྣམ་རྟོག་རིང་དུ་བྱེད་པ་དང་། །བླ་ན་མེད་པའི་བདེ་སྟེར་དང་། །ཉོན་མོངས་པ་དང་ཤེས་བྱ་ཡི། །སྒྲིབ་པ་བྲལ་བར་བྱེད་པ་དང་། །དེ་ཡི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་ཤེས་བྱའི་རྣམ་པ་ནི། །ཐམས་ཅད་ལ་ནི་འཇུག་པ་དང་། །སངས་རྒྱས་ཞིང་ནི་སྦྱོང་བ་དང་། །སེམས་ཅད་ཡོངས་སུ་སྨིན་བྱེད་དང་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད། །གཏེད་ཅིང་སྟོན་པར་བྱེད་པ་སྟེ། །རྣམ་ལྔ་ལས་ཀྱི་ཁྱད་པར་རོ། ༣༨ །ཡིད་ལ་བྱེད་པ་འཇུག་པ་ནི། །རྣམ་པར་མི་རྟོགས་ཡེ་ཤེས་ལ། །འཇུག་པར་འདོད་པའི་གང་ཟག་ནི། །བྱང་ཆུབ་སེམས་དཔའ་གང་ཡིན་པ། །འདི་ལྟར་ཡིད་ལ་བྱེད་པ་སྟེ། དེ་བཞིན་ཉིད་ནི་མི་ཤེས་པས། །མི་བདེན་པར་ནི་ཡོངས་བརྟགས་པའི། །ས་བོན་ཐམས་ཅད་པ་ཞེས་པ། །མེད་པ་གཉིས་སུ་སྣང་བའི་རྒྱུད། །དེ་ལ་བརྟེན་པའི་ཐ་དད་རྒྱུད། །དེས་ན་རྒྱུད་འབྲས་བུར་ཆས། །སྦང་དུ་ཟིན་ཀྱང་མེད་པའོ། །དེས་སྣང་ཆོས་ཉིད་མི་སྣང་ཞིང་། །དེ་མི་སྣང་པས་ཆོས་ཉིད་སྣང་། །དེ་ལྟར་ཚུལ་བཞིན་ཡིད་བྱེད་ན། །བྱང་ཆུབ་སེམས་དཔའ་མི་རྟོག་པའི། །ཡེ་ཤེས་ལ་ནི་འཇུག་པའི། །དེ་ལྟར་དམིགས་པ་རྣམ་རིག་ཙམ་

(༡༡༠༩)དམིགས་དང་རྣམ་པར་རིག་ཙམ་དུ། །དམིགས་ལས་དོན་རྣམས་མི་དམིགས་དང་། །དོན་རྣམ་དམིགས་པ་ལས་ནི། །རྣམ་པར་རིག་ཙམ་མི་དམིགས་དང་། །དེ་མི་དམིགས་ལས་གཉིས་པོ་ནི། ཁྱད་པར་མེད་པའི་དམིགས་ལ་འཇུག །དེ་གཉིས་ཁྱད་པར་མི་དམིགས་པ། །དེ་ཉིད་རྣམ་པར་མི་རྟོག་པའི། །ཡེ་ཤེས་ཡུལ་མི་དམིགས་མེད་པ། །མཚན་མ་ཐམས་ཅད་མི་དམིགས་པས། །རབ་ཕྱེ་བ་ནི་ཡིན་ཕྱིར་རོ། །སྦྱོར་བས་ས་ལ་འཇུག་པ་ནི། །རྣམ་པ་བཞི་རུས་དེས་བྱ་ཏེ། །མོས་པའི་ཇབ་ཏུ་སྦྱོར་བས་ནི། །མོས་པས་སྤྱོད་པའི་ས་ལ་སྟེ། །ངེས་པར་འབྱེད་པའི་གནས་སྐབས་སོ། །སོ་སོར་རབ་ཏུ་རྟོགས་པ་ཡི། །སྦྱོར་བས་ས་ནི་དང་པོ་སྟེ། །དེ་ཉིད་རེག་པའི་གནས་སྐབས་སོ། །སྡོམ་པས་རབ་ཏུ་སྦྱོར་བ་ནི། །མ་དག་པ་ཡི་ས་དྲུག་དང་། །དག་པའི་ཉེས་ནི་གསུམ་པོ་སྟེ། །དེ་སྡེ་རྗེས་དྲན་གནས་སྐབས་སོ། །ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི། །མཛད་པ་རྒྱུན་མི་འཆད་ཕྱིར་ཏེ། །དེ་ནི་དེ་ཡི་བདག་ཉིད་དུ། །ཉེ་བར་འགྲོ་བའི་གནས་སྐབས་སོ། །དམིགས་དག་ལ་འཇུག་པ་ནི། །གནས་ཡོངས་གྱུར་པ་མེད་པ་ཡི། །ཉེས་དམིགས་བཞི་སྟེ་ཉོན་མོངས་པ། །མི་འཇུག་རྟེན་མེད་ཉེས་པ་དང་། །ལམ་འཇུག་རྟེན་མེད་ཉེས་པ་དང་། །མྱ་ངན་འདས་པའི་གང་ཞག་རྣམས། །གདག་པའི་གཞི་མེད་མཐར་ཕྱིན་པ་ལ་སྦྱོང་བས་ནི་ཉེས་པ་དང་། །བྱང་ཆུབ་གསུམ་གྱི་ཁྱད་པར་དག་ །གདགས་པའི་གཞི་མེད་ཉེས་པའོ། །བཟློག་ནས་ཡན་ཡོན་འཇུག་པ་ནི། རྣམས་པ་བཞི་

(༡༡༡༠)རུ་ཤེས་པར་བྱའོ། །མེད་པའི་ཆོས་རྣམས་སྣང་བའི་དཔེ། །སྒྱུ་མ་རྨི་ལམ་ལ་རོགས་བཞིན། །གནས་ཡོངས་གྱུར་པ་དཔེར་བྱས་ན། །ནམ་མཁའ་གསེར་དང་ཆུ་རོགས་བཞིན། །ཞེས་འབྱུང་བ་དག་འདིར་བཤད་པར་བྱ་ཏེ། བྱང་ཆུབ་ནི་དྲི་མ་མེད་པའི་དེ་བཞིན་ཉིད་དུ་བཤད་ལ། །ཆོས་དང་ཆོས་ཉིད་རྣམ་པར་འབྱོད་པར་ཆོས་ཉིད་ཅེས་གསུངས་པ་དང་དེ་བཞིན་ཉིད་དག་དོན་གཅིག་ཅིང་། །འདི་དང་དྲོ་གཉིས་གར་གནས་གྱུར་པ་དང་དེ་བཞིན་ཉིད་དོན་གཅིག་པར་གསུངས་སོ། །བྱང་ཆུབ་ཀྱི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གསུངས་པ་ཡང་གནས་གྱུར་པའི་རྒྱུའི་དབང་བུ་བྱས་ནས་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པར་གསུངས་ལ། །འཇུག་པའི་དབང་དུ་བྱས་པའི་སྐུ་གཟུགས་ལ་རོགས་པ་ཡང་ལེགས་པར་བཤད་པས་ཆོས་ཉིད་རྣམ་པར་འབྱེད་པ་ནི་ལེའུ་འདིའི་འགྲེལ་པ་ལྟ་བུར་སྣང་ངོ། །དེ་ལ་ཆོས་ཉིད་།།།འཇུག་པ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་ཁྱད་པར་སྟོན་པའི་གཞུང་གི་ཚིག་ཏེ། དེ་ཡང་ཁྱད་པར་དྲུག་པོ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་པ་ནི་ཆོས་ཉིད་ལ་ཞུགས་པ་ཡིན་ལ། །དེ་གཞུང་གི་ཚིག་དབང་གིས་སྒྲུབ་པར་བྱེད་པའི་ཕྱིར་ཏེ། །བདེན་པ་གཉིས་ལ་འཇུག་པའི་ཞེས་བྱ་བ་བཞིན་ནོ། །ཆོས་ཉིད་ཀྱི་མཚན་ཉིད་དང་། ཀུན་དུ་གནས་པའི་རྟེན་དང་། །ངེས་པར་འབྱེད་པའི་ཤེས་རབ་འཇིག་རྟེན་པས་བསྡུསཔ་དང་། ཆོས་ཉིད་ལ་རེག་པའི་དོན་གསུམ་སུ་གྱུར་པའི་མཐོང་བའི་ལམ་དང་། དེ་རྗེས་སུ་དྲན་ནས་དྲི་མ་ཕྲ་མ་རྣམས་ཡོང་པའི་རྣམས་པའི་ལམ་དང་། མཐར་དེ་བཞིན་ཉིད་དེའི་བདག་ཉིད་དུ་ཉེ་བར་སོན་པར་

(༡༡༡༡)གྱུར་ཅི་དྲི་མ་མེད་པར་གནས་པ་འབྲས་བུའི་ངོ་བོ་ལ་འཇུག་པ་སྟེ་རྣམ་པ་དྲུག་གིས་ནི་ཆོས་ཉིད་ལ་འཇུག་པ་ཐེག་པ་བླ་ན་མེད་པས་བསྡུས་པའོ། །དྲུག་པོ་ཡང་ཤེས་པར་བྱ་བ་དང་། བསྒོམ་པར་བྱ་བ་དང་། །ཐོབ་པར་བྱ་བའི་འབྲས་བུ་སྟེ་རྣམ་པ་གསུམ་དུ་འགྱུར་ལ། དེ་དག་ལས་དང་པོ་ནི་ཤེས་པར་བྱ་བ་ཡིན་ལ། །བར་པ་བཞི་ནི་སྒོམ་པ་དང་། ཐ་མ་དི་འབྲས་བུའོ། །དང་པོ་ཤེས་པར་བྱ་བ་ཆོས་ཉིད་ཀྱི་མཚན་ཉིད་ནི། གཞན་ཡང་ཆོས་ཉིད་མཚན་ཉིད་ནི། །གཟུང་བ་དང་ནི་འཛིན་པ་དང་། །བརྗོད་པར་བྱ་དང་རྗོད་པར་བྱེད། ཁྱད་མེད་དེ་བཞིན་ཉིད་ཡིན་ནོ། །ཞེས་མདོར་བསྟན་པ་ཇི་ལྟ་བ་བཞིན་ཡིན་ཏེ། །གཟུང་བ་ནི་གཟུགས་ལ་སོགས་པའི་ཡུལ་དྲུག་དང་། འཛིན་པ་ནི་མིག་ལ་སོགས་པའི་དབང་པོ་དྲུག་ཏེ་དེ་གཉིས་ཀྱིས་རྣམ་པར་ཤེས་པར་དྲུག་ཀྱང་མཚོན་ཏེ། སྒྲ་དོན་ཅན་གྱི་རྟོག་པ་མེད་པའི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་སོ། །བརྗོད་པར་བྱ་བ་རྟོགས་ལ་ཤར་བའི་ཡུལ་གྱི་གཟུགས་བརྙན་དང་། རྗོད་པར་བྱེད་པ་སྒྲའི་གཟུགས་བརྙན་དག་རྣམ་པར་རྟོག་པ་ཉིད་དང་བཅས་པའོ། །ཆོས་ཉིད་ནི་སོ་སོས་སྐྱོ་བའི་དམིགས་སོགས་ཀྱི་ཤེས་པ་ཡུལ་རྟེན་དང་བཅས་པ་དང་ཡང་བྲལ། །སྒྲ་དྲོན་ཅན་གྱི་རྣམ་པར་རྟོག་པ་རྣམ་པ་དང་བཅས་པ་དང་བྲལ་བས་ནམ་མཁའི་དབྱིངས་ལྟར་རོ་གཅིག་པའི་སེམས་ཀྱི་ཅུན་གང་ཡིན་པ་དེ་ནི་ཆོས་ཉིད་ཅེས་བྱ་སྟེ། འཁོར་བའི་ཆོས་ཐམས་ཅད་ཀྱང་རྣག་བཞིན་དེ་ལས་མ་འདས་པའི་ཕྱིར་རོ། །འདིར་ཁ་ཅིག་དག་གཟུང་འཛིན་གཉིས་

(༡༡༡༢)རུ་མེད་པའོ་མེད་པར་དགག་པ་དང་། གཉིས་རུ་མེད་པ་ཉིད་དུ་ཡོད་པའི་མ་ཡིན་པར་དགག་པ་ཡང་རུང་སྟེ་དེ་ལྟ་བུ་དག་ཆོས་ཉིད་དུ་འདོད་པ་ཡོད་མེད་ཀྱི། །འདིར་ནི་དེ་ལྟ་གུ་མ་ཡིན་ཏེ། དྲི་མ་མེད་པའི་སེམས་ཀྱི་རྒྱུན་ཉིད་ལ་འགྲེལ་པས་བཤད་པའི་ཕྱིར་རོ། །མདོ་སྡེའི་རྒྱན་དུ་ཡང་། སེམས་ནི་རྟག་ཏུ་རང་བཞིན་འོ་གསལ་འདོད། །དེ་ནི་བློ་བུར་ཉེས་པས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །བློ་བུར་གྱི་དྲི་བས་ཡང་རྟོག་མེད་ཀྱི་དབང་པོའི་ཤེས་པ་ལ་རོགས་པ་དང་སྒྲ་དོན་ཅན་གྱི་རྣམ་པར་རྟོག་པར་པ་སྟེ། ཀུན་ནས་ཉོན་མོངས་པ་མཐའ་དག་ནི་རྟོག་པས་བསྡུས་ལ། དེའི་རྣམ་པར་སྒྲིན་པའི་ཕུང་པོ་ནི་དབང་པོ་ཡུལ་ཅན་གྱིས་བསྡུས་པའི་ཕྱིར་རོ། །དེས་ན་སེམས་་ཀྱི་རང་ནི་གཟུང་འཛིན་དང་རྟོག་པ་སྟོང་ཞེས་བྱ་བ་ཡིན་གྱི། །ཆོས་ཉིད་ཀྱི་སྟེང་དུ་གང་གིས་སྟོང་བའི་ཆོས་ཡིན་ཞེས་བྱ་ནས་གཏན་ཚིགས་ཀྱི་འགོགས་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་སུ་སྟོད་པར་ཡང་། ཡིད་གཙོར་གྱུར་པའི་ཆོས་རྣམ་ལ། །རྟོག་དང་བརྟག་པ་རྣམ་སྤངས་ནས། །ཆོས་རྣམས་རང་བཞིན་མེད་ཉིད་ལས། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །མཐོང་དང་ཐོས་དང་བསྣམས་པ་དང་། །མྱངས་་དང་རེག་པར་གྱུར་པ་དང་། །ཆོས་རྣམ་ས་དེ་ལྟར་རྣལ་འབྱོར་པས། །ཤེས་ནས་གྲུབ་པའི་བ་མཚན་

(༡༡༡༣)ཉིད་ཡིན། །དམིགས་དང་རྣ་བ་སྣ་དག་དང་། །ལྕེ་དང་ལུས་དང་དེ་བཞིན་ཡིད། །སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ཉིད་དེ་ཉིད་མཚན་ཉིད་དོ། །ཞེས་སྐྱེ་མཆེད་དྲུག་ཡུལ་དང་བཅས་པ་གང་གིས་སྟོང་པའི་ཆོས་སུ་བཤད་པ་ཡིན་ནོ། །གནས་ཤེས་བྱ་བ་ནི་དེ་བཞིན་ཉིད་སྒོམ་པའི་ཤེས་པ་རྟོགས་པ་དང་བཅས་པའི་དམིགས་པ་སྟེ། དེ་ཡང་དེ་བཞིན་ཉིད་རྟེན་ཆོས་ཐམས་ཅད་ལ་དམིགས་ཏེ་སྒོམ་ལ། དེ་ཡང་རྗོད་བྱེད་གསུང་རབ་ལ་བརྟེན་བྱས་ནས་སྒོམ་པས་འོན་ཀྱང་མདེའི་སྡེ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པའི་གསུང་རབ་ཐམས་ཅད་ཀྱང་དམིགས་པའི་རྟེན་ཡིན་ནོ། །དམིགས་པ་དེ་ལ་དམིགས་ནས་ཤེས་རབ་ཀྱི་ངེས་པར་འབྱེད་པའང་ངེས་པར་རྟོག་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་ཞིང་དམིགས་ནས་ཚུལ་ཆོས་ཉིད་བཞིན་དུ་ཡིད་ལ་བྱེད་པ་གཙོ་བོ་ཡིན་ལ། ངོ་བོ་ནི་སྦྱོར་བའི་ལམ་མོ། །ཐམས་ཅད་ཀྱི་སྒྲས་ནི་ཐོས་པ་དང་བསམ་པ་དང་སྒོམ་པའི་ཤེས་པ་དང་སྦྱོར་བའི་འཁོར་དུ་གྱུར་པ་རྣམས་སོ། །རེག་པ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཡང་དག་པའི་ལྟ་བ་ཐོབ་པ་ལས་མཐོང་པའི་ལམ་གྱི་མངོན་སུམ་གྱི་ཤེས་པས་ཡུལ་དེ་བཞིན་ཉིད་ཀྱང་མངོན་སུམ་གྱི། ཚུལ་དང་མཐུན་པར་ཉམས་སུ་མྱོང་ཞིང་ཐོབ་པར་གྱུར་པས་ཚད་མའི་འབྲས་བུ་གྲུབ་པའོ། །རྗེས་སུ་དྲན་པ་ནི་མཐོང་བའི་ལམ་གྱིས་མཐོང་བར་གྱུར་པའི་དོན་སྒོམ་པའི་ལམ་གྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ངོ་བོས་བསྡུས་ཏེ། ངེས་འབྱེད་ཡན་ལག་དང་མཐོང་བའི། ལམ་དང་སྒོམ་པའི་ལམ་ཉིད་ལ་།

(༡༡༡༤)ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་གསུངས་པའི་ཚུལ་གྱིས་ཡང་དང་ཡང་དུ་འཇུག་ཅིང་ལྡང་བས་རྗེས་སུ་དྲན་པ་ཞེས་བརྗོད་དེ་དྲན་པས་ལན་མང་དུ་མཚམས་སྦྱོར་བའི་ཕྱིར་རོ། །དེ་ལྟར་སྒོམ་པ་དེ་ནི་ཆོས་ཉིད་དེའི་དྲི་མ་རགས་པ་རྣམས་མཐོང་བའི་ལམ་གྱིས་བཅོམ་ནས་ཕྲ་བ་རྣམས་སེལ་བའི་ཕྱིར་སྒོམ་པ་ཚར་ཕྱིན་པས་ས་བཅུ་པོ་རྫོགས་པར་འགྱུར་རོ། །དེ་ལ་དེ་ཡི་བདག་ཉིད་དུ་ཉེ་བར་སོན་པ་ཞེས་བྱ་བ་ནི་ལམ་གྱི་ཤེས་པ་རྣམས་ཆོས་ཉིད་དེའི་བདག་ཉིད་དུ་ཉེ་བར་སོང་ཞིང་ཉེ་བར་གནས་པ་སྟེ། ལམ་གྱི་དུས་སུ་ཆོས་ཐམས་ཅད་ལ་དམིགས་ནས་བསྒོམས་ཀྱང་མངོན་སུམ་གྱི་ཤེས་པ་སྐྱེས་པ་ན་གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་མི་སྣང་བར་དེ་དག་གི་དེ་བཞིན་ཉིད་ཙམ་སྣང་བ་ལས་ལངས་པ་ན་དེ་བཞིན་ཉིད་མ་ཡིན་པའི་སྣང་བ་བཅས་པར་གྱུར་པ་ལས་སྒོམ་པའི་ལམ་ཚར་ཕྱིར་ཏེ། དེ་བཞིན་ཉིད་དྲི་མ་མེད་པར་གྱུར་བ་ན་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་སྣང་བ་དེའི་རྟེན་ཆོས་ཉིད་དེ་ཉིད་སྔར་དྲི་མའི་གནས་པོ་བྱེད་པ་ལས་གཞན་དུ་གྱུར་ཏེ་གནས་ཡོངས་སུ་གྱུར་བ་གྲུབ་པ་ཡིན་ནོ། །དེ་ལྟར་ན་དེ་བཞིན་ཉིད་དྲི་མ་མེད་པར་གྱུར་བ་དང་གནས་ཡོངས་སུ་གྱུར་བ་ཞེས་བྱ་བ་ནི་དོན་གཅིག་པ་ཉིད་དོ། །འཇུག་པས་སོ་ཞེས་བྱ་བ་ནི་མཚན་ཉིད་ལ་འཇུག་པ་དང་ཀུན་དུ་གནས་པ་ལ་འཇུག་པ་དང་ཞེས་གཞན་ལྔ་པོ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཆོས་ཉིད་ལ་འཇུག་པའི་ཆོས་དྲུག་པོ་དེ་ཉིད་དེ་ལྟ་བུ་ཡིན་མོད་ཀྱི། གནས་ཡོངས་སུ་གྱུར་བ་ཉིད་ཕྱེ་སྟེ་བཤད་པར་བྱའོ། །གནས་ཡོངས་

(༡༡༡༥)སུ་གྱུར་པ་རྟོགས་ཤིང་ཁོང་དུ་ཆུང་པར་བྱ་བའི་ཕྱིར་འཇུག་པ་རྣམ་པ་བཅུས་ཀྱང་ཐེག་པ་བླ་ན་མེད་པ་ཉིད་ཡིན་ཏེ། འདི་ལྟར་ངོ་བླ་ལ་འཇུག་པ་དང་། །རྫས་དང་དངོས་པོ་ལ་འཇུག་པ་དང་། གང་ཟག་ལ་འཇུག་པ་དང་། ཁྱད་པར་ལ་འཇུག་པ་དང་། དགོས་པ་ལ་འཇུག་པ་དང་། གནས་ལ་འཇུག་པ་དང་། ཡིད་ལ་བྱེད་པ་ལ་འཇུག་པ་དང་། སྦྱོར་བ་ལ་འཇུག་པ་དང་། ཉེས་དམིགས་ལ་འཇུག་པ་དང་། ཕྱན་ཡོན་ལ་འཇུག་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་ཁྱད་པར་བཅུ་པོ་འིད་དར་ཀྱང་གནས་གྱུར་པ་རྣམ་པར་གཞག་པ་དང་། དེ་སྒྲུབ་པའི་རིག་པ་གཉིས་སུ་འགྱུར་བ་ལས་རིགས་པ་ནི་འཇུག་པ་ཕྱི་མ་གཉིས་ཀྱིས་སྟོན་ལ། དང་པོ་བརྒྱད་ཀྱང་ངོ་བོ་དང་རྒྱུད་དང་འབྲས་བུ་གསུམ་སུ་བསྡུའོ། །དེ་ལ་དགོས་པ་ལ་འཇུག་པ་ཡག་ཆད་ལྔ་ནི་ཡོད་དོ། །གནས་དང་ཡིད་ལ་བྱེད་པ་ནི་རྒྱུའི། །སྦྱོར་བ་ནི་འབྲས་བུའོ། །ངོ་བོ་ལ་ཡང་ངོ་བོ་་དངོས་དང་དེ་ཉིད་ཀྱི་དབྱེ་བའོ། །དེ་ལ་ངོ་བོ་ལ་འཇུག་པ་ནི་དེ་བཞིན་ཉིད་དྲི་མ་མེད་པར་གྱུར་པ་གང་ཡིན་པ་སྟེ། དེ་ཡང་བློ་བུར་བའི་ཏྲི་མ་གཏན་མི་སྣང་བ་དང་། དེ་བཞིན་ཉིད་རྣམ་པ་ཐམས་ཅད་དུས་སྣང་བའི་དོན་ཏེ། བློ་བུར་བའི་ཏྲི་མའི་རྟོན་བྱེད་པ་ལས་ལོག་ནས་དེ་བཞིན་ཉིད་སྣང་བའི་ངོ་བོ་རྟེན་བྱེད་པ་ཡིན་གྱི་བསྐྱེད་པའི་རྟེན་བྱེད་པ་མ་ཡིན་ལས་ན་དེའི་བདག་ཉིད་དུ་གྱུར་པ་ཞེས་གསུངས་པ་ཡིན་ནོ། །གནས་ཡོངས་སུ་གྱུར་པ་དེ་ཉིད་ལ་སངས་རྒྱས་ཤེས་བྱ་བའི་སྒྲས་ཀྱང་བརྗོད་པར་བྱ་སྟེ། དྲི་མ་མཐའ་དག་སུར་

(༡༡༡༦)མི་སྐྱེ་བས་ནི་སངས་ལ། ཤེས་བྱ་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་སྣང་བས་ནི་རྒྱས་པའི་ཕྱིར་ཏེ། སྐུ་གསུམ་ལ་འཇུག་པར་ཡང་། དྲི་མེད་དེ་བཞིན་ཉིད་དང་ནི། །མི་རྟོག་ཡེ་ཤེས་མ་གཏོགས་པར། །སངས་རྒྱས་རྣམས་ཀྱི་ཆོས་གཞན་ནི། །གང་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །འདིར་སངས་རྒྱས་ཀྱི་སར་ནི་དྲི་མ་མེད་པའི་ཡངས་པ་དང་དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་གཉི་ག་འོད་གསལ་བའི་ཡེ་ཤེས་གཅིག་ཉིད་ཀྱི་ངོ་བོ་ཡིན་པས་གཉི་ག་ཡང་དེ་བཞིན་ཉིད་དང་ཆོས་ཉིད་དང་ཚབ་གནས་པ་ཡིན་ནོ། །དེ་ལ་དབྱེ་བའི་ཚུལ་རྣམ་པ་བཞི་ལས་འབྲེལ་པས་དབྱེ་བ་ནི་བདག་གཅིག་པའི་འབྲེལ་པས་དབྱེ་བ་དང་། དེ་ལས་བྱུང་བའི་འབྲེལ་པར་དབྱེ་བའོ། །བདག་གཅིག་པའི་འབྲེལ་པས་དབྱེ་བ་ནི་དེ་བཞིན་ཉིད་དེ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པས་ཐུན་མོང་བ་སྣོད་ཀྱི་རྣམ་པར་རིག་པའི་དེ་བཞིན་ཉིད་དུ་གྱུར་བ་དང་། མདོ་སྡེའི་དོན་ཆོས་གསུང་རབ་གང་དང་རྒྱུ་བ་ཐུན་པའི་དབྱིངས་ཀྱི་དེ་བཞིན་ཉིད་དུ་གྱུར་པ་དང་། ཐུན་མོངས་བདིན་པ་སེམས་ཅན་གྱི་ཁམས་ཀྱི་རྣམ་པར་རིག་པའི་དེ་བཞིན་ཉིད་དུ་གྱུར་པའོ། དེ་ལས་ཕུང་བའི་འབྲས་བུའི་དབྱེ་བས་བྱང་གསུངས་སུ་རིགས་པར་བྱ་སྟེ། སྐུ་སྣང་བ་དང་གསུང་འདོམས་པ་དང་། ཐུག་པ་ཀུན་དུ་གཟིགས་པའི་དེ་བཞིན་ཉིད་ཀྱི་དགེ་བ་མར་རོ། །འདིར་དངོས་པོ་ཞེས་པ་ནི་བ་ལང་ལ་རྫས་དང་། བ་ལང་གི་དཀར་པོ་ཉིད་ལ་དངོས་པོ་ཞེས་བརྗོད་པ་ལྟར་ཁྱད་པར་གྱི་ཆོས་ཉིད་མ་དངོས་པོར་བརྗོད་པ་ཡིན་ཏེ། རྫས་ཤེས་བརྗོད་པ་ནི་འགྱུར་གྱུ་ཟད་མ་དག་པ་འདྲའོ། །གང་ཟག་

(༡༡༡༧)དག་ལ་འཇུག་པའི་དབྱེ་བ་ནི་སངས་རྒྱས་ཀྱི་གནས་ཡོངས་སུ་གྱུར་པ་དང་། མཐོང་བའི་ལམ་ནས་གནས་ཡོངས་སུ་གྱུར་པ་དང་། མི་སློབ་པའི་ལམ་དུ་གནས་ཡོངས་སུ་གྱུར་པ་སྟེ། དང་པོ་གཉིས་ནི་སངས་རྒྱས་དང་བྱང་ཆུས་སྨེས་དཔའ་རྣམས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྱུར་པ་ཏེ། ཕྱི་མ་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱི་ཡང་དེ་བཞིན་ཉིད་ཡོངས་སུ་གྱུར་པ་ཡིན་ཏེ། མ་གཉིས་ནི་ཉན་རང་ལ་མེད་པས་ཐུན་མོང་མ་ཡིན་པ་ཡིན་ལ། ཕྱི་མ་ནི་འཕགས་པ་ཐམས་ཅད་ལ་ཡོད་པས་ཐུན་མོང་མ་ཡིན་ཏེ། འདི་ནི་གང་ཟག་གསུམ་གྱི་སྒོ་ནས་གནས་གྱུར་གསུམ་དུ་ཕྱེ་བའོ། ཁྱད་པར་ཅན་དམན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་ལ་འཇུག་པའི་ནི་ཁྱད་པར་བཞིས་ཉན་རང་ལས་ཁྱད་པར་ལ་དུ་འཕགས་པ་ཡིན་ཏེ། ཞིང་ཡོངས་སུ་དག་པའི་ཁྱད་པར་དང་། ཞིང་དེར་སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཕན་ཏེ་ཆོས་སྐུ་ཐོབ་པ་ཤེས་བྱ་ཐམས་ཅད་གཟིགས་པ་དང་། ལོངས་སྤྱོད་ལྗོགས་པའི་སྐུས་ཟབ་པ་དང་རྒྱ་ཆོ་བའི་ཚུལ་འདོམས་པ་དང་། སྤྲུལ་སྐུ་ཐོབ་པས་སེམས་ཅན་གྱི་དོན་བྱ་བའི་རྒྱུ་མངོན་པར་ཤེས་པ་ལ་སོགས་པ་ལ་དབང་ཐོབ་པའི་ཕྱིར་ཏེ། འདི་དག་ཀྱང་གནས་ཡོངས་སུ་གྱུར་པའི་རང་བཞིན་ཡིན་ནོ། །དགོས་པའམ་དོན་རྟོགས་པའི་ཁྱད་པར་ལ་འཇུག་བ་ནི་ཁྱད་པར་གསུམ་གྱིས་བྱང་ཆུབ་སྨེས་དཔའི་གནས་གྱུར་པ་དེ་ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་འཕགས་ཏེ། རྒྱུ་སྨོན་ལམ་དང་དམིགས་པ་གསུང་རབ་རྒྱ་ཆེན་པོ་དང་། ངོ་བོས་བཅུ་དག་པར་བྱེད་

(༡༡༡༨)པས་བྱེད་པར་དུ་འཕགས་ཏེ། བྱང་ཆུབ་སེམས་དཔའི་གནས་གྱུར་གྱིས་ནི་དོན་གསུམ་པོ་བྱེད་ལ། ཉན་རང་གི་གནས་གྱུར་གྱིས་ནི་མ་ཡིན་པས་སོ། །དེ་ལ་སྣོད་དང་སེམས་ཅན་དང་མདོ་སྡེ་སྟེ་ངག་གི་ཚོགས་རྣམས་ནི་གང་ལོག་པས་གནས་གྱུར་པ་ཡིན་ལ། ཕྱི་མ་དེ་ལས་བྱུང་བ་གསུམ་ནི་གང་རུ་ཡོངས་སུ་གྱུར་པའོ། །གཉིས་པ་རྒྱུ་ནི་དངོས་ཀྱི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། དེའི་ཡང་རྒྱུ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དང་པོར་སངས་རྒྱས་ཀྱི་གནས་གྱུར་པའི་གནས་རབ་རྟེན་ལ་འཇུག་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པས་དེ་ལ་འཇུག་པ་ནི་དམིགས་པ་ལ་འཇུག་པ་དང་མཚན་མས་སྤངས་པ་ལ་འཇུག་པ་དང་། ཡང་དག་པའི་སྦྱོར་བ་ལ་འཇུག་པ་དང་། མཚན་ཉིད་ལ་འཇུག་པ་དང་། ཕན་ཡོན་ལ་འཇུག་པ་དང་། ཡོངས་སུ་ཤེས་པ་ལ་འཇུག་པ་ནི་དམིགས་པ་ལ་འཇུག་དང་རྣམ་པ་དྲུག་གིས་འཇུག་གོ །དེ་ལ་དང་པོ་གསུམ་ནི་རྒྱུ་ཡིན་ལ། མཚན་ཉིད་ནི་ངོ་བོ་ཡིན་ཞིང་། ཕན་ཡོན་ནི་འབྲས་བུའོ། ཡོངས་སུ་ཤེས་པ་ནི་དེའི་མི་མཐུན་པའི་ཕྱོགས་ཡོངས་སུ་ལ་ཐོས་པ་མོས་པ་དང་། བསམ་པས་རིགས་པའི་སྟོབས་ཀྱིས་ངེས་པ་གསུམ་ནི་དམིགས་པ་ཚོལ་པ་ཡིན་ལ། ཚོགས་ཡོངས་སུ་རྫོགས་པ་ནི་འཁོར་ལོ་བཞི་ལས་སྔོན་བསོད་ནམས་བྱས་པ་ཉིད་ཡིན་ནོ།

(༡༡༡༩)།བཞི་པོ་ནི་དེ་དག་ལས་གང་ཡང་རུང་བ་ཞིག་མེད་ན་ཡང་ཡང་པའི་སྦྱོར་བ་སྐྱེ་བར་མི་འགྱུར་རོ། །སྦྱོར་བ་སྒོམ་བཞིན་པ་ན་ལྡང་ཞིང་སྐྱེ་བར་འགྱུར་པའི་མཚན་མ་སྤང་བ་ནི་འཇུག་པ་དྲུག་ལས་གཉིས་པ་སྟེ། དེ་ལ་འཇུག་པ་ཡང་རྣམ་པ་བཞི་ཡོད་དེ། མི་མཐུན་པའི་ཕྱོགས་ཀུན་ནས་ཉོན་མོངས་པའི་མཚན་མ་དང་། དེའི་གཉེན་པོ་མི་གཙང་བ་སྒོམ་པ་ལ་སོགས་པའི་མཚན་མ་དང་། ཡུལ་དེ་བཞིན་ཉིད་ཀྱི་མཚན་མ་དང་རྟོགས་པ་འབྲས་ཐོབ་པའི་མཚམ་མ་སྟེ་དེ་དག་ཡངས་པས་སོ། །འདི་དག་ཀྱང་མདོ་ཉིད་ལས་ཤེས་པར་བྱེ་སྟེ། རིགས་ཀྱི་བུ་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མོ་རྟོག་པའི་དབང་དུ་བྱ་བའི་ཆོས་ཐོས་ཏེ། རྣམ་པར་མི་རྟོག་པ་ལ་བསམ་པ་གཞག་ནས་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ཡོངས་སུ་སྤོང་སྟེ། དེ་ཐོག་མ་ཉིད་དུ་འདི་ལྟ་སྟེ། གཟུང་བའམ་འཛིན་པ་ཡང་རུང་སྟེ། རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ཡོངས་སུ་སོང་ངོ་། །དེ་ལ་གང་ཟག་པ་དང་བཅས་པའི་དངོས་པོའི་མཚན་མ་དེ་ནི་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མའོ། །ཟག་པ་དང་བཅས་པའི་དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། འདི་ལྟ་སྟེ་གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་ཉེ་བར་ལེན་པོའི་ཕུང་པོ་དང་། འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་དང་། འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པའོ།

(༡༡༢༠)ཇི་ལྟར་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་དེ་དག་ཡོངས་སུ་སྤོང་ཞེ་ན། །སྣང་བར་འགྱུར་བའི་ཚུལ་གྱིས་མངོན་དུ་འགྱུར་བ་དེ་དག་ཡིད་ལ་མི་བྱེད་པས་ཡོངས་སུ་སོང་ངོ་། །དེ་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་དེ་དག་རིམ་གྱིས་ཡོངས་སུ་ཡོང་བ་ན་དེ་མ་ཡིན་པ་གཞན་གཉེན་པོ་ལ་རྣམ་པར་རྟོག་པའི་མཚན་མ་རྣམས་སྣང་པར་འགྱུར་པའི་ཚུལ་གྱིས་ཀུན་སུ་འབྱུང་ཞིང་མངོན་དུ་འགྱུར་ཏེ། འདི་ལྟ་སྟེ། སྦྱིན་པ་ལ་དཔྱོད་པའི་རྣམ་པར་རྟོག་པའི་མཚན་མ་དང་། ཚུལ་ཁྲིམས་ལ་དཔྱོད་པའི་རྣམ་པར་རྟོག་པའི་མཚན་མ་དང་། བཟོད་པ་ལ་དཔྱོད་པའི་རྣམ་པར་རྟོག་པའི་མཚན་མ་དང་། བརྩོནའགྲུས་ལ་དཔྱོད་པའི་རྣམ་པར་རྟོག་པའི་མཚན་མ་དང་། བསམ་གཏན་ལ་དཔྱོད་པའི་རྣམ་པར་རྟོག་པའི་མཚན་མ་དང་། ཤེས་རབ་ལ་དཔྱོད་པའི་རྣམ་པར་རྟོག་པའི་མཚན་མ་སྟེ། འདི་ལྟ་སྟེ། ངོ་བོ་ཉིད་ལ་དཔྱོད་པའམ། ཡོན་ཏན་ལ་དཔྱོད་པའམ། སྙིང་པོ་ལ་དཔྱོད་པ་ཡང་རུང་དེས་དེ་དག་ཀྱང་ཡིད་ལ་མི་བྱེད་པས་ཡོངས་སུ་སོང་ངོ། །དེས་དེ་དག་ཡོངས་སུ་ཡོང་བ་ན་གཞན་དེ་ཁོ་ན་ལ་དཔྱོད་པའི་རྣམ་པར་རྟོག་པའི་མཚན་མ་རྣམ་པར་སྣང་བར་འགྱུར་བའི་ཚུལ་གྱིས་ཀུན་དུ་འབྱུང་ཞིང་མངོན་དུ་འགྱུར་ཏེ། འདི་ལྟ་སྟེ སྟོང་པ་ཉིད་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། དེ་བཞིན་ཉིད་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། ཡང་དག་པའི་མཐའ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། མཚན་ན་མེད་པ་དང་། དོན་དམ་པ་དང་། ཆོས་ཀྱི་དབྱིངས་ལ་དཔྱོད་

(༡༡༢༡)པ་རྣམ་པར་རྟོག་པའི་མཚན་མ་སྟེ། འདི་ལྟ་སྟེ། རང་གི་མཚན་ཉིད་ལ་དཔྱོད་པའམ། ཡོན་ཏན་ལ་དཔྱོད་པའམ། སྙིང་པོ་ལ་དཔྱོད་པ་ཡང་རུང་དེ་དེ་ཁོ་ན་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དེ་དག་ཀྱང་ཡིད་ལ་མི་བྱེད་པ་ཡོངས་སུ་སོང་ངོ་། །དེས་དེ་དག་ཡོངས་སུ་སྤོང་བ་ན་གཞན་འཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། ཚུལ་གྱི་ཀུན་དུ་འབྱུང་ཞིང་མངོན་སུ་འགྱུར་ཏེ། འདི་ལྟ་སྟེ། ས་དང་པོ་འཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་ནས་ས་བཅུ་པའི་བར་དུ་འཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། ལུང་བསྟན་པ་འཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པར་རྟོག་པའི་མཚན་མ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། །སེམས་ཅན་ཡོངས་སུ་སྨིན་པར་དཔྱོད་པ་འཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དང་། དབང་བསྐུར་བ་འཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་བར་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་སྟེ་འདི་ལྟ་སྟེ། རང་གི་མཚན་ཉིད་ལ་དཔྱོད་པའམ། ཡོན་ཏན་ལ་དཔྱོད་པའམ། སྙིང་པོ་ལ་དཔྱོད་པ་ཡང་རུང་། དེས་འཐོབ་པ་ལ་དཔྱོད་པ་རྣམ་པར་རྟོག་པའི་མཚན་མ་དེ་དག་ཀྱང་ཡིད་ལ་མི་བྱེད་པས་ཡོངས་སུ་སོང་ངོ་། ཞེས་འབྱུང་བ་ལ། འདིར་ལུགས་གཉིས་ཡོད་དེ། གཉིས་

(༡༡༢༢)གང་ཞེ་ན། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་ལུགས་དང་། རྗེ་བཙུན་མི་དྲི་བ་ཡབ་སྲས་ཀྱི་ལུགས་སོ། །དང་པོ་ནི་སློབ་དཔོན་དེས་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་མཛད་པ་ལས་བསྡུས་ཏེ་དོན་ཅུང་ཟད་བྲི་བར་བྱའོ། །དེ་ལ་འདིར་མཚན་མ་བཞི་ནི་རང་བཞིན་ལ་དཔྱོད་པའི་མཚན་མ་དང་། གཉེན་པོ་ལ་སྤྱོད་པའི་མཚན་མ་དང་། དེ་ཁོ་ན་ལ་དཔྱོད་པའི་མཚན་མ་དང་། འཐོབ་པ་ལ་དཔྱོད་པའི་མཚན་མ་རྣམས་ཏེ། དེ་ལས་རྣག་བཞིན་ནི་ཀུན་ནས་ཉོན་མོངས་པ་རྣམས་ཏེ་མ་རིག་པའི་དབང་གིས་མངོན་པར་འདུ་བྱེད་པ་ལ་མི་ལྟོས་པར་འབྱུང་བའི་ཕྱིར་རང་བཞིན་ཞེས་བྱའོ། །གཉེན་པོ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །དེ་ཁོ་ན་ནི་སྟོང་པ་ཉིད་དམ་དོན་དམ་པའོ། །འཐོབ་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཅིག་གོ །མཚན་མ་ནི་ཆོས་བཞི་པ་དེ་དག་ལ་རང་གི་མཚན་ཉིད་དུ་མངོན་པར་ཞེན་པའི་འདུ་ཤེས་ཏེ་ཡང་པར་བྱ་བའི་ངོ་ཏིའོ། །འདིར་མཚན་མའི་ཡུལ་ཅན་ལ་མཚན་མ་ཞེས་བརྗོད་དེ། ཆོས་རྣམས་ལ་རང་གི་མཚན་ཉིད་ཡོད་པ་ནི་མཚན་མ་ཞེས་བྱ་ལ། དེར་མངོན་པར་ཞེན་པས་སོ། །མཚན་མ་བཞི་པོ་དེ་དག་གང་གིས་ཡོང་ཞེ་ན། ཡིད་ལ་མི་བྱེད་པས་ཡོང་ངོ་། །གང་གི་ཚེ་སོང་ཞེ་ན། དང་པོ་ཞི་གནས་བསྒྲུབས་ནས་དེའི་རྗེས་སུ་འཇོག་པ་ལ་སོགས་པའི་སེམས་དགུའི་རིམ་གྱིས་ལྷག་མཐོང་རྣམ་པར་བྱེད་པའི་ཚེ་སོང་ངོ་། །གང་ཚེ་སྤངས་ཤེ་ན། །ས་ཐོབ་པའི་ཚེ་དེ་བ་ཞིན་

(༡༡༢༣)ཉིད་ལ་རེག་པས་དེའི་ཚེ་ན་དེ་དག་སྤངས་པར་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་འདི་ལ་རྣམ་པར་མི་རྟོག་པས་ཤེས་བྱས་ནས་ཡུལ་དེ་བཞིན་ཉིད་ལ་ཡང་རྣམ་པར་མི་རྟོག་པར་བརྗོད་དོ། །འདིས་རྣམ་པར་མི་རྟོག་པས་ཤེས་བྱས་ནས་ཏིང་ངེ་འཛིན་ལ་བརྗོད་དོ། །ཡིད་ལ་མི་བྱེད་པ་ཞེས་པ་བྱ་བའི་མི་མཐུན་ཕྱོགས་ཡིད་ལ་བྱེད་པ་ནི་སྒྲ་དོན་ཅན་གྱི་རྣམ་པར་རྟོག་པའམ་དེའི་ཁྱད་པར་དངོས་པོར་མངོན་པར་ཞེན་པའི་རྣམ་རྟོག་གོ །དེ་བས་ན་ཡིད་ལ་མི་བྱེད་པ་དངོས་པོ་རྣམས་རང་བཞིན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་རྟོག་པ་མེད་པ་ཡིན་ལ། དེའི་རྒྱུ་ནི་རྟེན་འབྲེལ་ལམ་འགྲོ་འོང་མེད་པའམ་མཐའ་བཞིའི་སྐྱེ་བ་བཀག་པ་ལ་སོགས་པའི་གཏན་ཚིགས་ལ་བརྟེན་ནས་དངོས་པོ་རྣམས་རང་བཞིན་མེད་པར་རྟོག་པའི་རྗེས་སུ་དཔག་པའམ། སོ་སོར་རྟོག་པའི་ཤེས་རབ་ཅེས་བརྗོད་པའོ། །སོ་སོར་རྟོག་པ་དེ་དེ་ལྟར་སྒོམ་པ་ན་ཤིང་གཉིས་དྲུད་པ་ལས་བྱུང་བའི་མེས་ཤིང་ཉིད་བསྲེགས་པ་བཞིན་སུ་སོ་སོར་རྟོག་པ་དེ་རང་ཞི་ནས་རྟོག་མོད་དུ་གནས་པར་འགྱུར་བས་རྒྱུ་སོ་སོར་རྟོག་པའི་ཤེས་རབ་ལ་འབྲས་བུ་ཡིད་ལ་མི་བྱེད་པའི་མིང་གིས་བཏགས་སོ། །འབྲས་བུ་དེ་ཇི་འདྲ་བ་ཞིག་ཅེ་ན། འགྲེལ་པ་ཏེ། དེ་ལྟར་སྣལ་འབྱོར་པ་མོས་པའི་དབང་དང་ཤེས་རབ་ཀྱིས་ཡོད་པ་ལ་སོགས་པར་རྟོག་པའི་མཚན་མའི་དྲ་བ་ཐམས་ཅད་ཡངས་ལ། རྟོག་པ་མེད་ཅིང་དཔྱོད་པ་དང་བྲལ་བ་རེ་གཅིག་པའི་ཡིད་ཀྱིས་དེ་ཁོ་ན་ཉིད་དེ་ཉིད་ལ་མོས་ནས་མངོན་པར་འདུ་མི་བྱེད་པར་ཤིན་དུ་གསལ་བར་སྒོམ་

(༡༡༢༤)ཞང་འདུག་པར་བྱའོ། ཞེས་གསུངས་པ་དེ་ཡིན་ལ། དེ་ཡང་སེམས་དགུའི་ཐོག་མ་འཇོག་པའི་སྐབས་ཡིན་ཏེ་དེ་ཐབ་ནས་དེའི་རྗེས་སུ་རྒྱུན་དུ་འཇོག་པ་ལ་སོགས་པའི་སྒོམ་པ་ཡིན་ཏེ། དེ་ཉིད་ལས་དེ་ལ་གནས་པའི་རེགས་ཀྱི་རྒྱུད་མི་གཡེང་བར་བྱའོ། །གང་གི་ཚེ་བར་སྐབས་སུ་རྣམ་པར་གྱེང་བར་གྱུར་པ་དེའི་ཚེ་དེ་ཞི་བར་བྱས་ནས་ཡང་དེ་ཉིད་ལ་སེམས་ཡོངས་སུ་གཏད་དོ། ཞེས་བྱ་བ་ལ་སོགས་རྒྱས་པར་འབྱུང་ངོ། །མཚན་མ་བཞི་པོ་ཡང་སྔ་མ་སྔ་མ་སྤངས་བ་ན་མཚན་མ་ཕྱི་མ་ཕྱི་མ་ལྡང་བར་གསུངས་པས་རིམ་གྱིས་སྒོམས་པ་ཡིན་ལ། མཚན་མ་དེ་དག་ཇི་ལྟར་འབྱུང་བའི་རྣམ་པ་ནི་ངོ་བོ་དང་། ཡོན་ཏན་དང་། སྙིང་པོ་ལ་སོགས་པའི་མཚན་མ་ལ་རྟོག་པ་སྟེ། གཉིས་པ་ལ་སོགས་པ་གསུམ་ལ་སྦྱར་ནས་གསུངས་པ་ལ། གཉིས་པའི་ངོ་བོ་ནི་ནོར་དང་མི་འཇིགས་པ་དང་ཆོས་སྦྱིན་པའོ། །ཚུལ་ཁྲིམས་ཀྱི་ངོ་བོ་ནི་ཉེས་སྤྱོད་ལས་བཟློག་པ་དང་ཆོས་སྒྲུབས་པའོ། །ཤེས་རབ་ཀྱི་ངོ་བོ་ནི་དངོས་པོ་རྣམས་ཡང་དག་པར་རྣམ་པར་འབྱེད་པའོ། །ཡོན་ཏན་ནི་སྦྱིན་པས་ལོངས་སྤྱོད་དང་། ཚུལ་ཁྲིམས་ཀྱིས་མཐོ་རིས་དང་། བཟོད་པ་གཟུགས་མཛེས་པ་དང་། བརྩོན་འགྲུས་ཀྱི་གཡོག་འཁོར་མི་ཕྱེད་ཅིང་ལོངས་སྤྱོད་རྒྱུན་མི་འཆད་པའོ། །བསམ་གཏན་གྱིས་ནི་ནད་མེད་པའོ།

(༡༡༢༥)ཤེས་རབ་ཀྱིས་དབང་པོ་རྣོ་བ་དང་བདེ་བ་དང་ཡིད་བདེ་བ་མང་བ་དང་སྐྱེ་བོའི་ཚོགས་ཕལ་མོ་ཆེ་ལ་དབང་བྱེད་པའོ། །སྙིང་པོ་ནི་རྒྱུའི་རྣམ་གྲངས་ཡིན་པས་བསྔོ་བས་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བའོ། །དེ་ཁོ་ན་ཉིད་ཀྱི་ངོ་བོ་རྣམས་ནི་གང་ཟག་དང་ཆོས་ཀྱི་བདག་མེད་པས་སྟོང་པ་ཉིད་དང་། དེ་ཉིད་གཞན་མ་ཡིན་པས་དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པའི་དོན་ཡིན་པས་ཡང་དག་པའི་མཐའ་དང་། མཚན་མ་ཐམས་ཅད་དང་བྲལ་བས་མཚན་མ་མེད་པ་དང་། ཡེ་ཤེས་མཆོག་བདེ་སྤྱོད་ཡུལ་ཡིན་པས་དོན་དམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པས་ཆོས་ཉི་དབྱིངས་ཤེས་བྱ་བ་རྣམས་སོ། །ཡོན་ཏན་ནི་དེ་དག་བསྒོམས་པས་སངས་རྒྱས་ཀྱི་ཆོས་མ་ལུས་པ་འབྱུང་བའོ། །སྙིང་པོ་ནི་རང་བཞིན་གྱི་ཡང་སྒྲའི་རྣམ་གྲངས་ཏེ་ཚད་མས་ཡང་དག་པར་གནས་པའོ། །སའི་ངོ་བོ་ནི་རབ་ཏུ་དགའ་བ་ལ་སོགས་པ་སྟེ། དེ་དག་ནི་ལེགས་པར་གྲགས་ལ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། ལུང་བསྟན་པ་དང་། ཞིང་དག་པ་གསུམ་ནི་ས་བརྒྱད་པར་རོ། །སེམས་ཅན་ཡོངས་སུ་སྨིན་པ་ནི་ས་དགུ་པར་རོ། །དབང་བསྐུར་བ་ཐོབ་པ་ནི་ས་བཅི་པར་རོ། །ཡོན་ཏན་ནི་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་མཐོང་བ་ལ་སོགས་པ་ཡོན་ཏན་གྱི་གྲངས་གོང་ནས་གོང་དུ་འཕེལ་བའོ། །སྙིང་པོ་ནི་གཅེས་པའི་སྒྲ་དང་ཡང་རྣམ་གྲངས་ཏེ་སངས་རྒྱས་

(༡༡༢༦)ཀྱི་ས་ནི་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་བླ་མ་ཡིན་པའི་ཕྱིར་རོ། །ཡང་ན་འཕྲོ་བའི་གཞིར་གྱུར་པས་ཀྱང་སྙིང་པོ་སྟེ་དེས་རང་དང་གཞན་གྱི་དོན་ཐམས་ཅད་འབྱུང་བའི་ཕྱིར་རོ། །མཻ་དྲི་བ་ཡབ་སྲས་ཀྱིས་ནི། འདི་དག་ཏུ་འགྱུར་ཏེ། འགྲོ་བ་གཉིས་སུ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཀྱི་སེམས་སོ། །ཞེས་བྱ་བ་ནི་དེ་ཁོ་ན་ལ་སྤྱོད་པའི་རྣམ་པར་རྟོག་པའི་མཚན་མ་དེ་ཡིན་ལ། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ཡང་སྙིང་པོ་ལ་དཔྱོད་པའི་རྣམ་པར་རྟོག་པའི་མཚན་མ་ཉིད་དོ། །རྟོག་ན་བྱང་ཆུབ་ཀྱི་རང་བཞིན་ཅན་ཞེས་བྱ་བ་ནི་འཐོབ་པ་ལ་དཔྱོད་པོའི་རྣམ་པར་རྟོག་པའི་མཚན་མ་དེ་ཡིན་ཏེ། མཚན་མ་འདི་དག་ཀྱང་སྣང་བར་གྱུར་ཅིང་མངོན་གྱུར་པ་རྣམས་ཡིད་ལ་མི་བྱེད་པས་ཡོངས་སུ་སོང་ངོ་ཞེས་བཅོམ་ལྡན་འདས་ཀྱི་རྣམ་པར་མི་རྟོག་པར་འཇུག་པ་ལས་གསུངས་ན། དེ་དག་དང་འདིར་གསུངས་པ་རྣམས་ཅི་ལྟར་མི་འགལ་ཞེ་ན། འདི་ལ་རེ་ཤིག་ཁ་ཅིག་གིས་སྨྲ་བ་ནི། དངོས་པོ་ཀུན་རྫོབ་པ་རྣམས་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དེ་ཁོ་ན་ཉིད་དུ་དང་པོར་བརྗོད་པར་བྱ་བ་ཡིན་ཏེ། གཞན་དུ་བསྟན་པ་འབྲས་བུ་མེད་པར་ཐལ་བའི་ཕྱིར་རོ། །ཕྱིས་གོམས་པ་ལས་ནི་བསྒྲུབ་པར་བྱ་བ་ལ་སོགས་པའི་མཚན་མ་ཡོང་བར་གསུངས་ཏེ། ཤེས་པ་མཚན་མ་མེད་པ་ཡང་སྤངས་པའི་སྦྱོར་བ་ལས་ཏེ། ཤེས་པ་དེ་དང་པོར་བྱ་བ་ཉིད་ཡིན་ན་ཇི་ལྟར་འགལ་ཞེས་སོ། །འདི་ལ་ནི་ནུས་པ་མེད་པས་རབ་ཀྱི་ལན་མ་ཡིན་པའི་ཕྱིར་ལན་གཞན་

(༡༡༢༧)གཉིས་དང་བྲལ་བར་སློབ་པ་དང་། །དེ་ལྟ་ཉིད་ཕྱིར་འོད་གསལ་པ། །ཞེས་བྱ་བ་གསུངས་ཏེ། འདིར་དགོངས་པ་ནི་འདི་ཡིན་ཏེ། དེ་ཁོ་ན་ཉིད་ཡོངས་སུ་མི་ཤེས་པ་དག་གིས་དེ་ཁོ་ན་ཉིད་རྟོགས་པའི་བྱ་བའི་དོན་དུ་དཔྱོད་པ་གསུམ་ཡོང་བར་གསུངས་པ་ཡིན་ཏེ། མཐའ་བཞི་ཡོངས་སུ་ཡོད་པ་བཞིན་ནོ། །གཉེན་པོའི་ཕྱོགས་ལ་མི་གནས་ཤིང་། །དེ་ཉིད་ལ་ཡང་ཆགས་མིན་གང་། །གང་གིས་འབྲས་བུ་མི་འདོད་པ། །དེ་ཡིས་ཕྱག་རྒྱ་ཆེན་པོ་ཤེས། །ཞེས་གསུངས་པའི་ཕྱིར། །མཐའ་བཞི་པོ་ལ་མཉམ་པར་གནས། །ཤེས་བྱ་བ་ལྟ་བུར་དེ་ཉིད་དུ་སྤང་བར་བྱ་བ་མ་ཡིན་པའི་ཕྱིར་འགལ་བ་མ་ཡིན། །གཉིས་པ་དང་བྲལ་བ་ནི་གཉིས་སུ་མེད་པར་སློབ་པ་དེ་ཁོ་ན་ལ་དཔྱོད་པའི་རྣམ་པར་རྟོག་པ་དེ་ཡང་འོད་གསལ་བ་སྟེ། ངོ་བོ་ཉིད་མེད་ཅིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །དེ་བཞིན་དུ་སྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པར་སློབ་པ་ཡང་འོད་གསལ་བར་རྟོགས་པར་བྱའོ། འོན་ཀྱང་ཡིད་ལ་མི་བྱེད་པས་མཚན་མ་འདི་དག་ཡོངས་སུ་སོང་ངོ་ཞེས་བུ་བ་ལ་འདི་ཡིད་ལ་མི་བྱེད་པ་ནི་མིག་བཙུམ་པས་བུམ་པ་ལ་སོགས་པ་མི་མཐོང་བ་ལྟར་ཡིད་ལ་བྱེད་པ་མེད་པ་ནི་མ་ཡིན་གྱི། འོན་ཀྱང་རྣམ་པར་དཔྱད་པས་སམ། བླ་མའི་མན་ངག་གིས་དངོས་

(༡༡༢༨)པོའི་ངོ་བོ་ཉིད་མི་མདིགས་པ་ཉིད་ཡིད་ལ་མི་བྱེད་པ་ཡིན་ནོ། །དེ་གསུངས་པ། འགྲོ་དང་འདུག་དང་མདོར་བསུ་ན། །ཉལ་ལམ་མཉམ་པར་ཞག་པའམ། །ལྟ་དང་མཉན་དང་དེ་བཞིན་སྣོམ། །རེག་པ་དང་ནི་མྱང་བ་དང་། །ཤེས་རབ་མིག་དག་བདག་ཉིད་ཀྱིས། །རྣམ་པར་དཔྱད་དང་མན་ངག་ལས། །ཆོས་ཀུན་མ་སྐྱེས་པ་ཉིད་དུ། །མཐོང་ཡང་མཐོང་བ་མ་ཡིན་ནོ། །ཞེས་སོ་དེའི་ཕྱིར་མཚན་མ་མེད་པ་ཉིད་དུ་ཡོངས་སུ་ཤེས་པ་ཁོ་ན་མཚན་མ་ཡིད་ལ་མི་བྱེད་པ་སྟེ། འོན་ཀྱང་མཚན་མ་ནི་དཔྱོད་པའི་རྣམ་པར་རྟོག་པ་མིང་གི་འདུ་ཤེས་ཏེ། འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་སྐྱེ་བ་མེད་པ་ཉིད་རྣམ་པར་དག་པ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཇི་སྐད་དུ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཀུན་དུ་ཤེས་པའི་དོན་གྱིས་དེ། །འཛིན་པས་འདུ་ཤེས་ངེས་པར་བསྟན། །འདུ་ཤེས་དེ་ཡང་རྗེས་སུ་འཛིན། །རྣམ་པར་དབྱེན་པར་བསྟན་པ་ཡིན། །འདུ་ཤེས་ངོ་བོས་མ་སྐྱེས་པ། །དེ་ལྟར་འདུ་ཤེས་འབྱུང་མི་འགྱུར། །འདུ་ཤེས་འདི་ལ་གང་དགའ་བ། །འདུས་ཤེས་རབ་ཏུ་འཇུག་པར་འགྱུར། །འདུ་ཤེས་སྤྲོས་པ་ལ་དགའ་བ། །དེ་ནི་འདུ་ཤེས་སུ་བརྗོད་དོ། །གང་ལ་འདུ་ཤེས་སྐྱེས་པ་གང་། །ཅི་ཞིག་གིས་ཧི་འདུ་ཤེས་བསྐྱེད། །འདུས་ཤེས་གནག་ལ་གནག་གི་རེག་ །གང་གིས་འདུས་ཤེས་འགོག་པར་བྱེད། །སངས་རྒྱས་ཆོས་རྣམ་མ་ཐོབ་པས། །གང་ལ་འདུ་ཤེས་སྐྱེ་འགྱུར་བ། །འདི་ན་དོན་མེད་པ་ཡི་དོན། །དེ་ཕྱིར་འདུ་ཤེས་འབྱུང་བ་

(༡༡༢༩)འགྱུར། གང་ཚེ་འདུ་ཤེས་མ་སྐྱེས་པ། །སུ་ཡི་འདུ་ཤེས་འགོག་པར་འགྱུར། །ཞེས་སོ། །དེ་ལྟར་ན་བསམ་གྱིས་མི་ཁྱབ་ཅིང་རྣམ་པར་མི་རྟོག་པའོ་སྙམ་པ་ནི་སེམས་ཀྱི་རྣམ་པར་རྟོག་པར་ཉིད་དེ། རང་བཞིན་མེད་པ་ཉིད་དུ་ཤེས་པ་མེད་པ་ནི་མ་ཡིན་ནོ། །དེ་ཟུང་དུ་འཇུག་པའི་དབུ་མ་ལས་གསུངས་པ། རྟོག་མེད་སེམས་ཀྱི་རྣལ་འབྱོར་ལའང་། །བསམ་མེད་པར་ཡང་མི་རྟོག་ །རྣམ་པ་ཀུན་མཆོག་རྣམ་པ་མེད། །བློ་ཡི་དབང་པོ་ཐམས་ཅད་པ། །དངོས་དང་དངོ་མེད་བདག་ཉིད་ཅན། །དངོས་དང་དངོས་མེད་རྣམ་པར་སྤངས། །མཐའ་བཞི་ལས་ནི་རྣམ་པར་གྲོལ། མཐའ་བཞི་པོ་ཡང་ཡང་དག་ལྡན། །སྣ་ཚོགས་སྒྲོ་འདོགས་སྒྲོ་མ་བཏགས། །མི་མཐུན་ཕྱོགས་ཀྱི་དེ་ཉིད་ནི། །འབྲས་བུའོ་དཔྱོད་པས་དཔྱད་དུ་མེད། །དེ་དང་དེ་བརྟེན་ཡང་དག་སྐྱེས། །རང་གི་ངོ་བོས་མ་སྐྱེས་མིན། །བེམས་པོ་མིན་ཕྱིར་རང་ཉིད་རིག་ །ཤེས་བྱེད་མིན་ལ་བལྟ་བྱ་མིན། །རང་བཞིན་མེད་ཕྱིར་ཐེར་ཟུག་མིན། །དེ་ནི་རྣམ་འགྱུར་མེད་ཕྱིར་རྟག་ །ཅེས་སོ། །ཡང་བླ་མས་གསུངས་པ། འབྲོལ་པ་འབྱེད་པ་མ་ཡིན་ཏེ། འདི་ཉིད་མྱ་ངན་འདས་ཡིན་ན། །སེམས་ནི་འཁྲུལ་ལས་མ་རྨོངས་ཤིག་ ཅེས་དང་། རྣམ་རྟོག་ཀུན་ལ་དགོས་མེད་པར། །ཇི་ལྟར་བདེ་བས་གནས་པར་གྱིས། །ཤེས་ཀྱང་ངོ་། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཀྱང་། གང་ཚེ་དེ་ཉིད་ལ་རེག་པ། །བསམ་པ་ཀུན་གྱིས་བསམ་དུ་མེད། །གང་ཚེ་བསམ་མེད་པར་སེམས་པ།

(༡༡༣༠)དེ་ཉིད་བསམ་པའོ་བསམ་པ་མིན། །སེམས་ཅན་ཅི་འདྲར་སེམས་དེ་འདྲ། །སེམས་ནི་ཅི་འདྲར་རྒྱལ་དེ་འདྲ། །བསམ་མི་ཁྱབ་པའི་སངས་རྒྱས་ཀྱིས། །འདི་ནི་སེམས་སུ་བཤད་པ་ཡིན། །སུ་ཞིག་འདིར་ནི་ངོ་མཚར་སེམས། །སེམས་ནི་ནམ་ཡང་འབྱུང་བ་མེད། །གང་ཞིག་སེམས་སུ་ཡི་སེམས་པ། །བསམ་པ་ཀུན་དང་བྲལ་བར་འགྱུར། །བསམ་མེད་པར་ནི་མང་དུ་སེམ། ཡུལ་རིང་བར་ཡང་བསམས་པཡིས། །བདམ་པ་ཟད་པ་དེ་སྐྱེ་བར་འགྱུར། །བསམ་པར་བྱས་ན་ཚུལ་མིན་ཡིན། །བསམ་པ་འདི་ནི་བསམ་པ་ཆེ། །ཆོས་ཀྱི་བསམ་པ་བླ་ན་མེད། །ཆོས་ཀྱི་བསམ་པ་འདི་ཡིས་ནི། །ཡང་དག་བསམ་པ་ལ་འཇུག་འགྱུར། ཞེས་སོ། །འདི་ཉིད་ལ་དགོངས་ནས་རྡོ་རྗེ་བླ་མ་རྣམས་ཀྱིས་གསུངས་པ། ལྷུན་གྲུབ་ཡེ་ཤེས་གང་ཡིན་པ། །དེ་ཡང་བསམ་པས་བརྟག་བྱ་མིན། །བསམས་ནས་གང་ཞིག་བསམ་མེད་དེ། །དེ་ནི་བསམ་མེད་འགྱུར་བ་མིན། །ཞེས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ། །དེ་ལ་འདིར་དགོས་པ་དང་དེའི་ལན་གྱི་གཞུང་གཉིས་ལས། །དང་པོ་ནི་འདི་དག་ཏུ་འགྱུར་ཏེ་ཞེས་བྱ་བ་ནས། ཅི་ལྟར་མི་འགལ་ཞེ་ན་ཞེས་བྱ་བ་སྟེ། འདིར་དེ་ཁོ་ན་ཉིད་དང་གཉེན་པོ་དང་ཐོབ་པ་ལ་དཔྱོད་པའི་མཚན་མ་མི་ཡོང་བར་གསུངས་ལ་རྣམ་པར་མི་རྟོག་པ་ལ་འཇུག་པའི་མོད་ཉིད་ནས་ནི་མཚན་མ་གསུམ་པོ་ཡོང་བར་གསུངས་པ་ཇི་ལྟར་མི་འགལ་ཞེས་པའོ། །མདོ་ལས་མཚན་མ་བཞི་ཡོང་བར་གསུངས་ན་རང་བཞིན་གྱིས་མཚན་མ་ལ་

(༡༡༣༡)ཇི་ལྟར་བྱ་བ་ནི་གོང་དུ། རང་བཞིན་དུ་ནི་ཆགས་སྤངས་པས། །ཤེས་བྱ་བ་ལ་སོགས་པས་བསྟན་ཟིན་པའི་ཕྱིར་འདིར་མ་དྲིས་སོ། །ལན་ལ་གཞན་གྱི་ལན་དང་རང་གི་ལན་གཉིས་ལས། དང་པོ་ནི་འདི་ལ་རེ་ཤིག་ཅེས་བྱ་བ་ནས། ཇི་ལྟར་འགལ་ཞེས་སོ་ཞེས་པའི་བར་ཏེ། དོན་ནི་ཆོས་ཅན་ཀུན་རྫོབ་པ་རྣམས་ལ་བསྒྲུབ་པར་བྱ་བའི་ཆོས་རང་གི་མཚན་ཉིད་མེད་པ་དང་། སྒྲུབ་པར་བྱེད་པ་རྟེན་འབྲེལ་ལ་སོགས་པའི་གཏན་ཚིགས་ལ་བརྟེན་པའི་མཚན་མ་བཞི་པོ་ཡོང་ལ། ཚད་མ་མ་བསྐྱོད་ན་ནི་མཚན་མ་བཞི་པོ་ཡོང་བྱེད་གཞན་མེད་པས་ཡང་བར་བྱའོ་ཞེས་གསུངས་པའི་བསྟན་པ་འབྲས་བུ་མེད་པར་འགྱུར་ལ། ཕྱིས་སྒོམ་པ་གོམས་པས་བསྒྲུབ་བྱ་ལ་སོགས་པ་ལ་བརྟེན་པའི་མཚན་མ་དེ་ཡང་ཡོང་བར་གསུངས་ཏེ། རྗེས་སུ་དཔག་པ་མཚན་མའི་གཉེན་པོ་ཡིན་པས་དེ་ལ་མཚན་མ་མེད་ཞེས་བྱ་ལ། དེ་ཡང་སྤངས་པའི་རྣལ་འབྱོར་ལས་ཏེ། མཚན་མ་མེད་པའི་ཤེས་པ་དེ་སྒོམ་པའི་དང་པོར་བྱ་བ་ཉིད་ཡིན་ན་མདོ་དང་ཇི་ལྟར་འགལ་ཏེ། མཚན་མ་རྗེས་དཔག་གིས་ཡོང་ལ། མཚན་མཆོད་དུ་མི་ཡོང་བ་ནི་སྒོམ་པའི་དུས་ན་ཡིན་པས་མི་འགལ་ཞེས་པའོ། །དེ་ལ་ལན་དང་པོ་ནི་ཀ་མ་ལ་ཤཱི་ལའི་བཞེད་པ་ཡིན་ཡང་དེ་ནི་དབང་པོ་རབ་ཀྱི་དབང་དུ་བྱས་པའི་ལན་མ་ཡིན་པས་རང་གི་ལུགས་ནི་ཤེས་པ་དང་ཤེས་བྱ་ལ་སོགས་པ་གཉིས་སུ་མེད་པར་སློབ་པ་ཡང་འོད་གསལ་ལས་གཞན་མ་ཡིན་པས་འོད་གསལ་བའི་

(༡༡༣༢)ངོ་བོར་ཤེས་པར་བྱས་ཏེ་སྒོམ་པ་ཡིན་ལ། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྟོག་པ་ཡང་འོད་གསལ་བར་སྒོམ་པ་ཡིན་པས་ཇི་ལྟར་སྣང་བའི་རང་གི་ངོ་བོ་འོད་གསལ་དུ་ཤེས་ནས་མཚན་མ་རྣམས་ཡོང་བ་འདི་ནི་དབང་པོ་རབ་ཀྱི་ལུགས་ཡིན་ཏེ། ཀ་མ་ལ་ཤྲཱི་ལའི་ལུགས་དེ་ཡང་དབང་པོ་དམན་པ་རྣམས་ལ་ཉེ་བར་ཁོ་བ་ཡིན་ནོ་ཞེས་པ་སྟེ། བཤད་པ་ལྡག་མ་རྣམས་ནི་ཟུང་དུ་འཇུག་པའི་དབུ་མའི་སྒོམ་པ་ཇི་ལྟར་ཡིན་པ་མོད་དང་བླ་མའི་མན་ངག་གིས་བཤད་པ་སྟེ། ཞིབ་ཏུ་ནི་མ་སྤྲོས་སོ། །འདིར་སློབ་དཔོན་ཀ་མ་ལ་ཤྲཱི་ལས་མཚན་མ་བཞི་པོ་དངོས་པོར་མངོན་པར་ཞེན་པ་བཞི་ལ་གསུངས་ཀྱི་གཞན་བས་གསུངས་ཀྱང་མདོ་ཉིད་དུ། སྣང་བར་འགྱུར་བའི་ཚུལ་གྱིས་མངོན་དུ་འགྱུར་བ་དེ་དག་ །ཅེས་གསུངས་པས་བུམ་པའི་རྣམ་པ་རྟོག་པ་ལ་ཤར་ནས་དེའི་སྟོབས་ཀྱིས་ཕྱི་རོལ་དུ་གྱི་བུམ་པར་མངོན་པར་ཞེན་པ་འབྱུང་བས་རྒྱུ་བུམ་པའི་རྣམ་པ་དེ་ཉིད་ལ་མཚན་མ་ཞེས་བྱ་ཞིང་འདྲ་བ་ནི་རགས་པས་དང་པོ་ནས་སྤངས་ཤིང་། རྟོག་པའི་སྣང་བ་ནི་ས་བདུན་པ་ནས་བཟློག་ལ། རྟོག་མེད་ཀྱི་སྣང་བ་ཕྲ་མོ་ནི་ས་བཅུ་པའི་བར་དུ་རྗེས་སུ་འབྲེལ་བ་དེ་ལ་ཤེས་བྱའི་སྒྲིབ་པར་བརྗོད་ཅི་དེ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པ་ན་མ་ལུས་པར་བཟློག་པས་འཁོར་བའི་ཤེས་པ་རྟོག་པ་མེད་པ་ཏཱམས་ཀྱི་སྣང་བ་ཡང་ཅི་ནས་ཀྱང་ཡང་དགོས་སོ་ཞེས་བྱ་བའི་དོན་ནི་སྔར་མང་དུ་བཤད་དོ། །བྲག་གཅིག་ཏུ་སྟུག་ཅིང་སྲ་བ་ཞེས་བྱ་བ་དེ་ནི་འདུ་བྱེད་ཀྱི་རྣམ་པ་ཀུན་ནས་ཉོན་མོངས་པ་དང་གཉིས་ལ་སོ་སོར་ཉེ་བར་གནས་པའི་ཚིག་བླ་

(༡༡༣༣)དགས་སོ། །ཞེས་ཀུན་ནས་ཉོན་མོངས་པ་བརྗོད་པའི་མཇུག་ཐོགས་སུ་གཉིས་ལ་ཞེས་བརྗོད་ལ། ཡང་སྔར་དེ་ཐོག་མ་ཉིད་དུ་འདི་ལྟ་སྟེ་གཟུང་བའམ་འཛིན་པ་ཡང་རུང་སྟེ། ཞེས་གཟུང་འཛིན་སུ་སྣང་བའི་ཁྱད་པར་ལོགས་ཤིག་ཏུ་སྨོས་པས་ད་འདིར་གཟུང་བ་དང་འཛིན་པར་སྣང་བ་དང་མངོན་པར་བརྗོད་པ་ཞེས་ས་གཉིས་སུ་ཕྱེ་བ་འདི་མདོ་སྡེ་དེ་ཉིད་ཀྱི་ཡང་དོན་ཡིས་པར་རྟོགས་ཏེ། འདི་ནི་དེའི་རྣམ་འབྲེལ་བུ་ཡིན་པའི་ཕྱིར་རོ། །ཡང་བར་བྱ་བའི་མཚན་མ་བཞི་པོ་འདིས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དང་པོ་རགས་པ་དང་གཉིས་པ་འབྲིང་དང་གསུམ་པ་ཕྲ་མོ་དང་། བཞི་པ་ནི་རིང་དུ་རྗེས་སུ་འབྲེལ་ཏེ། ཤིན་ཏུ་ཕྲ་བ་ནི་ས་ལ་ཞུགས་པ་རྣམས་ཀྱིས་ཀྱང་ཡང་བར་བྱ་དགོས་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ནི་མཚན་མདོ་དག་ཡོངས་སུ་ཡང་སྤངས་པ་ཡིན་ནོ། །གསུམ་པ་རྒྱུ་ཡང་དག་པའི་སྦྱོར་བ་ལ་འཇུག་པ་ཡང་རྣམ་པ་བཞིར་ཤེས་པར་བྱ་སྟེ། རྣམ་པར་རིག་པ་ཙམ་དུ་དམིགས་པ་ཡི་ནི་སྦྱོར་བ་དང་། །དེ་ནས་ཕྱིར་རོལ་གྱི་དོན་མི་དམིགས་པ་ཡི་སྦྱོར་བ་དང་། ཕྱི་རོལ་མེད་ན་རྣམ་རིག་ཙམ་དུ་དམིགས་པ་ཡང་མི་དམིགས་པར་རྟོག་པའི་སྦྱོར་བ་དང་། ཕྱིར་རོལ་དང་རྣམ་རིག་ཙམ་གཉི་ག་མི་དམིགས་པ་ཡི་སྦྱོར་བ་སྟེ། རྣམ་པ་བཞིའོ། །འདི་ལྟ་བུའི་རྣལ་འབྱོར་བཞིའི་རིམ་པ་འདི་ནི། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །ཞེས་བྱ་བ་ལ་སོགས་པས་ལང་ཀར་གཤེགས་པར་ཡང་གསུངས་ལ། མདོ་སྡེའི་རྒྱན་དུ་ཡང་།

(༡༡༣༤)སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མདོ་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། ཤེས་གསུངས་པ་དེ་ཉིད་དང་། དབུས་མཐར་ཡང་། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ་། དེ་ཡི་ཕྱིར་ན་དམིགས་པ་ནི། །མི་དམིགས་ངོ་བོ་ཉིད་དུ་གྲུབ། ཅེས་བྱ་བས་ཀྱང་གསུངས་སོ། །དེ་ལྟ་མོད་ཀྱི་བཅོམ་ལྡན་དཱས་བྱམས་པའི་གཞུང་འདི་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་གྲགས་པའི་གཞུང་དུ་ཡང་འདོད་ན། དེའི་རྣལ་འབྱོར་བཞི་དང་འདི་འགྲིགས་གམ་ཞེ་ན། ཤིན་ཏུ་འགྲིག་སྟེ། ཁ་ནང་དུ་བལྟས་ཏེ་རང་གི་སེམས་ཙམ་ལ་དམིགས་པ་ནི་དང་པའོ། །གཉིས་པ་ཕྱིར་རོལ་མེད་པར་བཤད་པ་ནི་སེམས་ཀྱི་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་གཞི་རྩ་དང་བྲལ་བར་རྟོགས་པའི་སྤྲོས་བྲལ་ལོ། །ཕྱི་རོལ་དུ་སྣང་བ་དང་ནང་གི་སེམས་སྤྲོས་པ་དང་བྲལ་བ་དག་རོ་གཅིག་པར་རྟོགས་པ་ནི་དམིགས་པ་མི་དམིགས་པའི་སྦྱོར་བའོ། །ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ་དེ་ལ་ཡང་ཆེད་དུ་དམིགས་ནས་སྒོམ་པར་མི་བྱེད་པ་ལ་སྒོམ་མེད་ཅེས་བྱ་སྟེ། རྣལ་འབྱོར་བཞི་པའོ། །བཞི་པ་དེ་ལ་མཚན་ཉིད་ལ་འཇུག་པ་ནི་གནས་པའི་མཚན་ཉིད་དང་མི་སྣང་བའི་མཚན་ཉིད་དང་སྣང་བའི་མཚན་ཉིད་དེ་རྣམ་པ་གསུམ་གྱི་ཤེས་པར་བྱའོ། །གནས་པའི་མཚན་ཉིད་ནི་ཆོས་ཉིད་ལ་གནས་ཤིང་

(༡༡༣༤)དམིགས་པ་ལས་ཡིན་ཏེ། གཟུང་བ་དང་འཛིན་པ་གཉིས་སུ་མེད་ཅིང་མངོན་པར་བརྗོད་པ་མེད་པའི་ཆོས་ཉིད་ལ་ཐབ་ཏུ་གནས་ཤིང་དམིགས་པ་ཡིན་པའི་ཕྱིར་རོ། །སྣང་བ་མེད་པའི་མཚན་ཉིད་ལས་ནི་གཟུང་བ་དང་འཛིན་པ་གཉིས་དང་མངོན་པར་བརྗོད་པ་ཇི་ལྟ་བ་དང་དབང་པོ་དྲུག་དང་ཡུལ་དྲུག་དང་དྲེ་དག་གི་རྣམ་པར་རིག་པ་དྲུག་དང་སྣོད་ཀྱིས་འཇིག་རྟེན་ཡང་སྣང་བ་མེད་པའི་ཕྱིར་རོ། །དེ་དག་སྣང་བ་མེད་པ་དེས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་ནི་བརྟག་ཏུ་མེད་པ་དང་བསྟན་དུ་མེད་པ་དང་གནས་མེད་པ་དང་ཡང་བ་མེད་པ་དང་རྣམ་པར་རིག་པ་མེད་པ་དང་གནས་པ་མེད་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་དྲུག་པོ་རྣམ་པར་མི་རྟོག་པ་ལ་འཇུག་པའི་མདོ་ལས། རྣམ་པར་མི་རྟོག་པ་དེ་ཡང་གང་ཞེ་ན། རྣམ་པར་མི་རྟོག་པ་ནི་གཟུགས་མེད་པ། བསྟན་དུ་མེད་པ་རྟེན་མེད་པ་སྣང་བ་མེད་པ་རྣམས་པར་རིག་པ་མ་ཡིན་པ། གནས་མེད་པ་འོད་ཞེས་འབྱུང་བ་ཇི་ལྟ་བ་བཞིན་དུ་བརྗོད་པ་ཡིན་ནོ། །དེ་ཡང་གཟུང་བ་དང་འཛིན་པ་གཉིས་སུ་དཔྱད་དུ་མེད་པའི་ཕྱིར་བརྟག་ཏུ་མེད་པ་སྟེ། གཟུགས་མེད་པ་ཞེས་འབྱུང་བ་ནི་རྒྱུ་པ་ཞེས་བྱ་བ་དང་གཞིག་པར་བྱ་བ་ལ་འཇུག་པ་དཔྱད་ཅིང་གཞིག་པའི་ཡུལ་མ་ཡིན་པའོ། །དེས་ནི་གཉིས་མེད་པའི་མཚན་ཉིད་བསྟན་ཏེ། །མངོན་པར་བརྗོད་པས་ཇི་ལྟ་བ་བཞིན་དུ་བརྗོད་པར་མི་ནུས་པས་བསྟན་དུ་མེད་པ་སྟེ། དེས་ནི་མངོན་པར་བརྗོད་པ་མེད་པའི་མཚན་ཉིད་བསྟན་ཏེ། མིག་གི་དབང་པོ་ལ་སོགས་

(༡༡༣༥)པ་ལ་མི་བརྟེན་ཞིང་གནས་མེད་པའི་ཕྱིར་རྟེན་མེད་པའམ་གནས་པ་མེད་པ་སྟེ། འདིས་ནི་དབང་པོ་མི་སྣང་བའི་མཚན་ཉིད་བསྟན་ཏོ། །གཟུགས་ལ་སོགས་པ་ནི་དེ་ནི་ཡུལ་མ་ཡིན་པའི་སྣང་བ་མེད་པ་སྟེ། འདིར་ནི་ཡུལ་མི་སྣང་བའི་མཚན་ཉིད་བསྟན་ཏེ། །མིག་ལ་སོགས་པའི་རྣམ་པར་རིག་པའི་ངོ་བོ་མ་ཡིན་པས་ན་རྣམ་པར་རིག་པ་མ་ཡིན་པ་སྟེ། འདིས་ནི་རྣམ་པར་ཤེས་པ་མི་སྣང་བའི་མཚན་ཉིད་བསྟན་སྟེ། །སེམས་ཅན་གྱི་གྱི་གནས་ཀྱི་དངོས་པོ་མ་ཡིན་པས་གནས་པ་མེད་པ་སྟེ། འདིས་ནི་སྣོད་ཀྱི་འཇིག་རྟེན་མི་སྣང་བའི་མཚན་ཉིད་བསྟན་ཏོ། །སྣང་བའི་མཚན་ཉིད་ལས་ནི་ཆོས་ཐམས་ཅད་ཀྱི་མཚན་མ་མི་སྣང་བས་ནམ་མཁའི་དཀྱིལ་དང་མཉམ་ཞིང་མཚུངས་པར་མཐོང་བའི་ཕྱིར་དང་། དེའི་ནུས་པ་ལས་བྱུང་བའི་རྗེས་ལ་ཐོབ་པ་ལ་འདུ་བྱེད་ཐམས་ཅད་སྒྱུ་མ་ལ་སོགས་པའི་དཔེ་བརྒྱད་ལྟ་བུར་སྣང་བའི་ཕྱིར་ཏེ། འདི་ཡང་མདོ་ལས། བྱང་ཆུབ་སྨེས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པས་ནི་ཤེས་བྱ་དང་ཁྱད་པར་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་། །རྣམ་པར་མི་རྟོག་པའི་འོག་ཏུ་ཐོབ་པའི་ཤེས་པས་ནི་ཆོས་ཐམས་ཅད་་སྒྱུ་མ་དང་། སྨིག་སྒྱུ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཆ་དང་། གཟུགས་བརྙན་དང་། ཆུ་ཟུ་དང་། སྤྲུལ་པ་དང་མཚུངས་པར་མཐོང་ངོ་། ཞེས་གསུངས་པ་དེ་ཉིད་དོ། །ལ་ལ་ཕན་ཡོན་ལ་འཇུག་པ་ནི་རྣམ་པ་བཞིར།

(༡༡༣༦)ཤེས་པར་བྱ་སྟེ། གནས་ཡོངས་སུ་གྱུར་པས་ན་ཆོས་ཀྱི་སྐུ་རྫོགས་པར་ཐོབ་པ་དང་། བདེ་བར་གནས་པ་མཆོག་ཐོབ་པས་ཟག་པ་ལ་བཅས་པའི་བདེ་བ་སྤངས་ཤིང་གཏན་དུ་བདེ་བའི་རྟག་པ་ཡིན་པས་གོང་ན་མེད་པའི་བདེ་བ་ཐོབ་པ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཕྱིར་བྱའི་ཡུལ་གཟིགས་པ་ལ་དབང་འབྱོར་བ་དང་། ཇི་ལྟར་འོས་འོས་སུ་ཆོས་སྟོན་པའི་ཕྱིར་ཆོས་སྟོན་པ་ལ་དབང་འབྱོར་ཐོབ་པ་སྟ་བཞིའོ། །དེ་ལ་ཆོས་ཀྱི་སྐུ་རྫོགས་པར་ཐོབ་པ་དང་བདེ་བར་གནས་པ་ནི་སྐུའི་ཆོས་ཡིན་ལ། གཟིགས་པ་ནི་ཐུགས་དང་། སྟོན་པ་ནི་གསུང་གི་ཆོས་སོང་། །དྲུག་པ་ཡོངས་སུ་ཤེས་པ་ལ་འཇུག་པ་ནི་རྣམ་པ་བཞི་པར་བྱ་སྟེ། གཉེན་པོ་ཡོངས་སུ་ཤེས་པ་དང་། མཚན་ཉིད་ཡོངས་སུ་ཤེས་པ་དང་། མཚན་ཉིད་ཡོངས་སུ་ཤེས་པ་དང་། ཁྱད་པར་ཡོངས་སུ་ཤེས་པ་དང་། ལས་ལྔ་ཡོངས་སུ་ཤེས་པ་སྟེ་རྣམ་པ་བཞིའོ། །དེ་ལ་ཡོངས་སུ་ཤེས་པ་དང་པོ་གཉེན་པོ་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་མེད་བཞིན་དུ་འཛིན་པ་རྣམ་པ་ལྔའི་གཉེན་པོར་བསྟན་པའི་ཕྱིར་རྣམ་པ་ལྔར་འགྱུར་ཏེ། འདི་ལྟར་ཆོས་ཀྱི་བདག་དང་གནག་ཟག་གི་བདག་མེད་བཞིན་དུ་ཡོད་པར་འཛིན་པ་དང་། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ལ་སྐྱེས་ནས་ཡོངས་སུ་འགྱུར་ཏེ་འཇིག་པར་འཛིན་པ་དང་། དོན་དམ་པའི་བདེན་པ་ཀུན་རྫོབ་ལས་ལེགས་ཤིག་ན་མེད་བཞིན་དུ་ཐ་དད་དུ་ཡོད་པར་འཛིན་པ་དང་། མེད་པའི་སྐུར་པར་འཛིན་པ་ནི་ཆོས་དང་གང་ཟག་བཏགས་པ་ཙམ་དུ་ཡོད་ཀྱང་དེར་ཡང་མེད་པར་འཛིན་པ་ནི་སྐུར་

(༡༡༣༨)པར་འཛིན་པའོ། །གཉིས་པ་མཚན་ཉིད་ཡོངས་སུ་ཤེས་པ་ནི་མི་མཐུན་ཕྱོགས་རྣམ་པར་ལྔ་སྤངས་པའི་རང་གི་མཚན་ཉིད་དེ། མི་མཐུན་ཕྱོགས་རྣམ་པ་ལྔ་ཡང་ཡིད་ལ་མི་བྱེད་པ་དང་། ཡང་དག་པར་འདས་པ་དང་། ཉེ་བར་ཞི་བ་དང་། ངོ་བོའ་དོན་དང་། མངོན་རྟགས་སུ་འཛིན་པའོ། །དེ་ལ་རེ་ཤིག་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་རྣམ་པར་རྟོག་པར་ཡིད་ལ་བྱེད་པ་མེད་པ་ཙམ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མི་འགྱུར་ཏེ། བྱིས་པ་ཆུང་ངུ་ཡང་གནས་སྐབས་དེར་རྣམ་པར་རྟོག་པ་མེད་པའི་ཤེས་པ་མང་དུ་འཇུག་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལས་འདས་པ་དེ་ལ་ཆགས་པ་དང་བྲལ་བ་ཙམ་གྱིས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མི་འགྱུར་ཏེ། དེ་ལ་ཆགས་པ་དང་བྲལ་བའི་བསམ་གཏན་གཉིས་པ་ལ་སོགས་པ་ནི་ཕྱི་རོལ་པ་ལ་ཡང་ཡོད་པའི་ཕྱིར་རོ། །རོ་ཤིག་རྣམ་པར་རྟོག་པའི་འཇུག་པ་ཉེ་བར་ཞི་བ་ཙམ་གྱིས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་དུ་མི་འགྱུར་ཏེ། གཉིད་འཐུག་པོ་དང་བརྒྱལ་བ་ལ་སོགས་པའི་གནས་སྐབས་ན་རྣམ་རྟོག་གི་འཇུག་པའི་མེད་པས་དེ་དག་མི་རྟོག་ཡེ་ཤེས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྟོག་པ་མེད་པའི་ངོ་བོ་ཉིད་ཡིན་པས་ཀྱང་མི་རྟོག་པའི་ཡེ་ཤེས་སུ་མི་འགྱུར་ཏེ། གཟུགས་ལ་སོགས་པ་ཡང་མི་རྟོག་པའི་ཡེ་ཤེས་སུ་ཐལ་བའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་མངོན་རྟགས་ཏེ་སྟོག་པ་ལ་ཤར་བའི་རྣམ་པ་ལ་རྣམ་པར་མི་རྟོག་པ་ཉིད་དུ་འཛིན་པའི་རྟོག་པ་ཡང་རྣམ་པར་མི་རྟོག་པར་མི་རིགས་ཏེ། དེ་ཉིད་རྟོག་པ་ཡིན་པའི་ཕྱིར་རོ། དེས་ན་

(༡༡༣༩)རྣམ་པར་མི་རྟོག་པ་ཞེས་བྱ་བའི་མི་ཞེས་བྱ་བའི་དགག་པ་འདི་ནི་མེད་ཙམ་ལ་མ་ཡིན་ཏེ། བྱིས་པ་ཆུང་ངུ་དང་དང་བརྒྱལ་བ་ལ་རྣམ་རྟོག་མེད་ཙམ་ནི་ཡོད་པའི་ཕྱིར་རོ། རྟོག་པ་ལས་གཞན་ཀྱང་མ་ཡིན་ཏེ། གཟུགས་ལ་སོགས་པ་ཡང་མི་རྟོག་ཡེ་ཤེས་སུ་ཟམ་པའི་ཕྱིར་རོ། །དམན་པ་ལ་དགག་པའི་སྒྲ་སྦྱར་སྤངས་མ་ཡིན་ཏེ། བསམ་གཏན་གཉིས་པ་དང་མི་རྟོག་ཡེ་ཤེས་གཉིས་ལ་རྩེ་གཅིག་ཏུ་གནས་པའི་རྟོག་པ་ཡང་མི་རྟོག་ཡེ་ཤེས་སུ་ཐལ་པའི་ཕྱིར་རོ། །དེས་ན་དགག་པ་འདི་ནི་མངོན་པར་བརྗོད་པའི་རྟོག་པ་མཐའ་དག་དང་གཟུང་འཛིན་གཉིས་སུ་སྣང་བའི་བྱེ་བྲག་ཏུ་གྱུར་པ་ཁམས་བཅས་བརྒྱད་དང་། སྣོད་ཀྱི་འཇིག་རྟེན་དུ་སྣང་བ་རྣམས་ཡང་དག་པར་བརྟགས་ན་མེད་བཞིན་དུ་ཀུན་དུ་བརྟགས་པ་ཡིན་པ་རྟོག་་ཞེས་བྱ་ལ། དེ་དག་སྣང་བ་མེད་ཅིང་དེ་དག་ཏུ་སྣང་བའི་གཉེན་པོར་གྱུར་པའི་ཕྱིར་རོ། །རྗེས་ལ་ཐོབ་པའི་གནས་སྐབས་སུ་ཀུན་དུ་རྟོག་ཅུང་ཟད་ཙམ་ཡོད་མོད་ཀྱི། དེ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་མཆོད་པ་དང་སེམས་ཅན་ལ་ཕན་གདགས་པའི་དོན་དུ་ཉེ་བར་འཛིན་ནོ། །གསུམ་པ་ཁྱད་པར་ཡོངས་སུ་ཤེས་པ་ནི་ཁྱད་པར་རྣམ་པར་ལྔས་ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉན་རང་རྣམས་ནི་འཁོར་བའི་སྐྱོན་དང་མྱ་ངན་ལས་འདས་པའི་ཡོན་ཏན་ལ་རྟོག་པ་ཉིད་ལམ་ཡིན་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་མི་རྟོག་པའི་ཡེ་ཤེས་འཁོར་འདས་ལ་སྐྱོན་ཡོན་ཏུ་རྣམ་པར་མི་རྟོག་པའི་ཕྱིར་རོ།

(༡༡༤༠)།བར་བྱེད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལག་ཏུ་གཏོད་ཅིང་སྟེར་བར་བྱེད་པའི་ཕྱིར་རོ། །དེ་ལ་གཉེན་པོ་ཡོངས་སུ་ཤེས་པས་ནི་གང་ཡོང་བཤེས་པ་ཡིན་ལ། མཚན་ཉིད་ཡོངས་སུ་ཤེས་པས་ནི་གང་གིས་སོང་བ་ཤེས་སོ། །ཁྱད་པར་ཤེས་པས་ནི་རྟེན་གང་ལ་ཡོད་པ་དང་མེད་པའི་ཁྱད་པར་ཤེས་སོ། །གོང་ན་མེད་པ་ཤེས་པས་ནི་བསམ་པ་ཡོངས་སུ་རྫོགས་པ་ཤེས་སོ། ལས་ཡོངས་སུ་ཤེས་པས་ནི་འཕྲལ་དུ་བྱ་བ་རྣམ་ཤེས་སོ། །གནས་གྱུར་པའི་འཇུག་པ་བདུན་ཡིད་ལ་བྱེད་པ་ལ་འཇུག་པ་ནི་སྔ་མ་གནས་མ་ངས་ལ་འཇུག་པའི་རྒྱུའི་ཁྱད་པར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་ཡེ་ཤེས་ལ་བརྗོད་པ་ཡིན་ལ། འདི་ནི་སོ་སོ་སྐྱེ་བོས་ཇི་ལྟར་ཡིད་ལ་བྱས་ན་རྣམ་པར་མི་རྟོག་པ་ཐོབ་པར་འགྱུར་བ་དེ་སྟོན་པ་ཡོན་ན། །འདི་ལ་ཇི་ལྟར་ཡིད་ལ་བྱ་བ་དང་། དེས་མི་རྟོག་པ་ལ་སྦྱོར་བའི་ཚུལ་གཉིས་སོ། །དང་པོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པར་འདོད་པའི་གང་ཟག་གང་ཡིན་པ་དེ་ནི་རྟེན་བྱང་ཆུབ་སེམས་དཔའ་ཡིན་པས་ཐོག་མར་བྱང་ཆུབ་ཏུ་སྨེས་བསྐྱེད་པར་བྱའོ། །སེམས་བསྐྱེད་པ་དེ་ནི་བྱང་ཆུབ་དོན་དུ་གཉེར་བ་ཡིན་ལ། བྱང་ཆུབ་ཀྱི་རྒྱུ་གྲུང་པོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པར་ཡིད་ལ་བྱ་ཞིང་། དེ་ལ་ཐོག་མར་རྟོག་པ་ཅི་ཡིན་པ་དང་། རེ་དང་བྲལ་བས་མི་རྟོག་པར་འགྱུར་བ་དེ་ཤེ་དགོས་སོ། །དེ་ལ་རྟོག་པ་ནི་ཅི་ཡིན་པ་འཆད་པར་འགྱུར་བ་འདི་ལྟར་

(༡༡༤༡)

(༡༡༤༢)ཡིད་ལ་བྱེད་པ་སྟེ། དེ་བཞིན་ཉིད་མི་ཤེས་པའི་མ་རིག་པས་མི་བདེན་བཞིན་བདེན་པར་ཡོངས་སུ་བརྟགས་པའི་མེད་བཞིན་དུ་གཉིས་སུ་སྣང་བའི་ཀུན་དུ་རྟོག་པ་ནི་རྟོག་པ་ཞེས་བྱའོ། །།།པ་ཞེས་པའི་previous hit ཀུནགཞིརྣམ་པར་ཤེས next hit་པ་ནི་ཀུན་དུ་རྟོག་པ་དེའི་རྒྱུའོ། །དེ་ལ་བརྟེན་པའི།།།དམ་རིས་ཐ་དད་པ་འཇུག་པའི་རྣམ་པར་ཤེས་པ་དྲུག་འབྱུང་སྟེ། དེ་ཡང་འདིར་རྟོག་པའོ། །།།ཤེས་དང་འབྲས་བུ་འཇུག་པའི་རྣམ་ཤེས་སུ་ཆགས་པའི་ཀུན་དུ་རྟོག་པ་ནི་རྩ་བ་མ་རིག་པ་ལས་བྱུང་བ་དེས་ན་རྟོག་པ་དེ་དག་ཤེས་པ་དང་སྣང་དུ་ཟིན་ཀྱང་དོན་དུ་ན་ངོ་བོ་ཉིད་མེད་པ་འདི་ཡིན་ནོ། །།།ལ་ཀུན་དུ་རྟོག་པ་དེ་མངོན་དུ་སྣང་བ་དེ་ལ་མོས་ཉིད་དང་དེ་བཞིན་ཉིད་མི་སྣང་ཞིང་ཀུན་དུ་རྟོག་པ་དེ་ཡི་སྣང་བས་མོས་ཉིད་སྣང་བ་ཡིན་ཏེ། ཆོས་ཉིད་དེ་སྟོང་པ་ཉིད་དུ་གཞག་པ་ཡང་ཀུན་དུ་རྟོག་པས་།།། སྟོང་པ་དེས་དེ་བཞིན་ཉིད་རབ་ཕྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་དེ་ལྟར་ཀུན་དུ་རྟོག་པ་བརྟག་ཡིན་མེད་པ་དེ་ལྟར་ཚུལ་བཞིན་དུ་ཡིད་ལ་བྱེད་ན་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཡིན་ནོ། །།།ནི་དེ་ལྟར་དམིགས་པ་ནི་སྤང་དག་པའི་ཀུན་དུ་རྟོག་པས་སྣང་དུ་ཟིན་ཀྱང་ངོ་བོ་མེད་པར་དམིགས་པ་ཡིན་ལ། དེ་ལྟ་བུ་དེ་ནི་རྣམས་པས་རིག་པ་རྩམ་དུ་དམིགས་པ་ཞེས་བྱའོ། །རྣམ་པར་རིག་ཙམ་དུ་།།།དེ་ལས་ནི་ཕྱི་རོལ་གྱི་དོན་རྣམས་ངོ་བོ་ཉིད་བདེད་པས་མི་དམིགས་ཤེས་པ་རྐྱེའོ། །དོན་རྣམས་མི་དམིགས་པས་ཤེས་པར་ཤེས་པ་ལས་རྣམ་པར་རིག་པ་རྩམ་ཞེས་བྱ་བའི་འཛིན་པ་ཡང་ངོ་བོ་ཉིད་མེད་པར་ཤེས་པ་སྐྱེ་

(༡༡༤༣)ལ། འཛིན་པ་དེ་མི་དམིགས་པར་ཤེས་པ་ལས་གཟུང་བ་དང་འཛིན་པ་གཉིས་པོ་དེ་ཁྱད་པར་མེད་པ་དེ་བཞིན་ཉིད་ཀྱི་དམིགས་པ་ལ་འཇུག་གོ །རྣལ་འབྱོར་བཞི་པ་འདིས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་སྟེ། གཟུང་བ་དང་འཛིན་པ་དེ་གཉིས་ཀྱི་ཁྱད་པར་མི་དམིགས་པའི་དེ་བཞིན་ཉིད་ཡིད་ལ་བྱེད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ནི་མཚན་མ་ཐམས་ཅད་མི་དམིགས་པས་དམིགས་པས་དམིགསཔ་མེད་ཞེས་བརྗོད་ཅིང་། དམིགས་པ་མེད་པས་ཡུལ་མེད་པ་ཞེས་ཀྱང་བརྗོད་དེ། དེ་ལྟ་བུའི་ཡུལ་མེད་ཀྱིས་ཤེས་པ་དེ་ཤེས་པ་གཞན་ལས་རག་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །བརྒྱད་པ་སྦྱོར་བ་ལ་འཇུག་པ་ནི་མོས་པས་སྤྱོད་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་མོས་པས་སྦྱོར་བ་དང་། སོ་སོར་རྟོག་པས་སྦྱོར་བ་དང་། སྒོམ་པས་སྦྱོར་བ་དང་། མཐར་ཕྱིན་པའི་སྦྱོར་བ་དང་སྟེ་རྣམ་པ་བཞི་ལས་མོས་པས་རབ་ཏུ་སྦྱོར་བ་ནི་མོས་པས་སྤྱོད་པའི་ས་ལ་རབ་ཏུ་སྦྱོར་བ་ཡིན་ནོ། །སོ་སོར་རབ་ཏུ་རྟོགས་པས་ནི་ས་དང་པོ་རབ་ཏུ་སྦྱོར་བ་ཡིན་ཏེ། དེ་ནི་དེ་བཞིན་ཉིད་དང་ཕྲད་པའི་ཕྱིར་རེག་པའི་གནས་སྐབས་ཤེས་བྱའོ། །སྒོམ་པས་རབ་ཏུ་སྦྱོར་བ་ནི་ས་གཉིས་པ་ནས་བརྩམས་ཏེ་ས་བདུན་པའི་བར་དུ་མ་དག་པའི་ས་དྲུག་དང་མཚན་མ་དག་པའི་ས་བརྒྱད་པ་ལ་སོགས་པ་རྣམ་པ་གསུམ་སྟེ་དགུ་པ་དེ་དག་ནི་རྗེས་སུ་དྲན་པའི་གནས་སྐབས་སོ། །མཐར་ཕྱིན་པའི་སྦྱོར་བས་ནི་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་རབ་ཏུ་སྦྱོར་བའི་ཕྱིར་སྦྱོར་བ་ཞེས་ཀྱང་བྱ་སྟེ། མཐར་ཕྱིན་པའི་སྦྱོར་བ་དེ་ནི་དེའི་བདག་

(༡༡༤༤)ཉིད་དུ་ཉེ་བར་སོན་པོའི་གནས་སྐབས་སོ། །དེ་ལྟར་ན་རྒྱུ་སྦྱོར་བ་བཞི་དང་དེ་དག་གི་འབྲས་བུ་མོས་པས་སྤྱོད་པ་ནས་བཅུ་འི་བར་གྱིས་ས་རྣམས་དང་སངས་རྒྱས་ནས་མཛད་པའི་ཕྲིན་ལས་རྣམས་ཡིན་པར་ཤེས་པར་བྱའོ། །དགུ་པ་ཉེས་དམིགས་ཤེས་པ་ལ་འཇུག་པ་ནི་གནས་ཡོངས་སུ་གྱུར་པ་མེད་པར་ལྟ་ན་ལྟ་བ་དེའི་ཉེས་དམིགས་རྣམ་ལ་བཞི་སྟེ། དང་པོ་ནི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་ཕྱིན་ཆད་མི་འཇུག་ཅིང་མི་སྐྱེ་བའི་རྟེན་གྱི་གེགས་མེད་པར་ཐལ་བ་སྟེ། ཐོག་མ་མེད་པ་ནས་ཉོན་མོངས་པ་རྒྱུན་གྱིས་ཡང་དང་ཡང་དུ་འཇུག་པ་ལས་ཕྱིས་གཏན་མི་སྐྱེ་ན་དེ་ལ་གེགས་ཤིག་ཡོད་པར་ངེས་ཤེས་བྱ་བ། གེགས་ཀྱང་གནས་གྱུར་པ་ཉིད་ཡིན་ཞེས་བྱ་སྟེ། འདྲོན་པ་སྔར་འཇུག་པའི་གནས་ཁང་དུ་འཇུག་པར་མི་ནུས་ན་ནི་གནས་པོ་ངོ་ལོག་པ་ལས་ཡིན་པ་ལྟ་བུའོ། །མངོན་པ་ཀུན་ལས་བཏུས་ལ་སོགས་པར་རྣམ་པར་གྲོལ་བའི་ལམ་གྱིས་ཉོན་མོངས་པ་ཐག་སྲིང་བར་བྱེད་པར་བཤད་མེད་ཀྱི། འདིར་གནས་གྱུར་པ་ཉིད་རྣམ་པར་གྲོལ་བའི་ལམ་ཡང་ཡིན་ལ། འདིས་ཉོན་མོངས་འགོག་པའི་འགོག་པའོ་བདེན་པ་ཡང་ཡིན་ན་ཞེས་བྱ་བར་ཤེས་པར་བྱའོ། །ཉེས་པ་གཉིས་པ་ནི་རྣམ་པར་གྲོལ་བའི་ལམ་སངས་རྒྱས་ཀྱི་སའི་སྟེབས་ལ་སོགས་པ་ཡིན་ལ། དེ་རྒྱུན་གྱིས་གནས་པ་ནི་དེའི་རྟེན་བརྟན་པ་ཡོད་པར་ངེས་ཏེ། ཆུ་བརྟན་པར་གནས་པ་ན་དེའི་འོག་གི་གཞི་བརྟན་པ་ཡོད་པར་ངེས་པ་བཞིན་ཏེ། ཡོན་ཏན་གྱི་རྟེན་ཡང་གནས་གྱུར་ཉིད་ཡིན་པས་དེ་མིན་པས་བལྟས་ན་འབྲས་བུ་ལ་ཡིད་བརྟན་མེད་པའི་མ་རིག་པ་དང་ཐེ་ཚོམ་ཉིད་ཉེས་པའོ། །

(༡༡༤༥)ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་གནས་སྐབས་ན་གནས་གྱུར་ཞེས་བྱ་བའི་རྒྱུན་བརྟན་པ་ཞིག་མེད་ན་སྐབས་དེར་ཡང་དགྲ་བཅོམ་པ་ཞེས་བྱ་བའི་གང་ཟག་གདགས་པའི་གཞི་མེད་པར་འགྱུར་ལ། སངས་རྒྱས་ནས་ཀྱང་ཡེ་ཤེས་ཀྱི་རྒྱུན་བརྟན་པ་མེད་ན་སངས་རྒྱས་ཤེས་བྱ་བའི་གང་ཟག་གདགས་པའི་གཞི་མེད་པར་འགྱུར་ཏེ། དཔེར་ན་འཁོར་བའི་གནས་སྐབས་ན་ཡང་། རྒྱུན་གཅིག་ལ་ནི་བརྟེན་ནས་སུ། །བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན། ཞེས་ལྷ་སྦྱིན་ལ་སོགས་པར་འདོགས་པའི་གཞི་སེམས་ཀྱི་རྒྱུན་ཁས་བླངས་པ་ཡིན་ནོ། །དེ་བས་ན་སངས་མྱ་ངན་ལས་འདས་པའི་གང་ཟག་གསུམ་པོ་རྣམས་ལ་ཡིད་བརྟན་པར་མ་གྱུར་པས་སྐྱབས་ལ་ཐེ་ཚོམ་ཟ་བ་ནི་ཉེས་པའོ། །ཉེས་པ་བཞི་པ་ནི། ཉན་ཐོས་ཀྱི་བྱང་ཆུབ་ཀྱིས་བདེན་པ་བཞི་བྱང་ཆུབ་པ་དང་རང་སངས་རྒྱས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བྱང་ཆུབ་པ་དང་། སངས་རྒྱས་ཀྱིས་ཤེས་བྱ་མ་ལུས་པར་བྱང་ཆུབ་པའི་བྱང་ཆུབ་གསུམ་གྱི་ཁྱད་པར་ཡང་མེད་པར་འགྱུར་ཏེ། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་ལྷག་མེད་དུ་མྱ་ངན་ལས་འདས་པ་ན་གནས་གྱུར་པ་ཞེས་བྱ་བའི་སེམས་ཀྱི་རྒྱུན་ཡང་མེད་པས་དེ་གཉིས་ཐེག་པ་ཆེན་པོར་མི་འཇུག་པར་ཐལ་བའི་ཉེས་པ་ཡོད་ལ། དེ་ལྟར་ལྟ་ན་ཐེག་པ་གཅིག་གི་ལམ་ལ་ཐེ་ཚོམ་ཟ་བའི་ཉེས་པ་ཡོད་དོ། །བཅུ་པ་ཕན་ཡོན་ལ་འཇུག་པ་ནི་རྣམ་པ་བཞི་ཏུ་ཤེས་པར་བྱ་སྟེ། ཉེས་པ་བཞི་ལས་བཟློག་ནས་ཡོན་ཏན་བཞི་འབྱུང་བ་ཡིན་ཏེ། ཉེས་པ་དང་པོ་ལས་

(༡༡༤༦)བཟློག་ནས་སྤངས་པ་ལ་ཡིད་ཆེས་པ་དང་། གཉིས་པ་ལས་བཟློག་ནས་རྟོགས་པ་ལ་ཡིད་ཆེས་པ་དང་། གསུམ་པ་ལས་བཟློག་ནས་སྐྱབས་ལ་ཡིད་ཆེས་པ་དང་། བཞི་པ་ལས་བཟློག་ནས་ཐེག་པ་གཅིག་གི་ལམ་ལ་ཡིད་ཆེས་པའོ། །འདིར་ཡེ་ཤེས་ཀྱི་རྒྱུན་ལ་སངས་རྒྱས་ཤེས་བྱ་བའི་གང་ཟག་བཏགས་པས་ན། སངས་རྒྱས་རྣམས་ཀྱི་ཞེས་སངས་རྒྱས་བདག་པོ་དང་གནས་གྱུར་པ་དེའི་བདག་གི་བར་འགྱུར་བ་ཡིན་ནོ། །དེ་དག་གིས་ནི་དེ་བཞིན་ཉིད་ཀྱི་མིང་གཞན་ཡོངས་སུ་གྱུར་པ་ཞེས་བྱ་བ་དོ་བཤད་དོ། །ད་ནི་བསྟན་བཅོས་ཀྱི་དོན་བསྡུ་བའི་ཕྱིར་མེད་པའི་ཆོས་རྣམས་ཤེས་བྱ་བ་ལ་སོགས་པས་བསྟན་བཅོས་མ་ལུས་པའི་དོན་སྡུད་པ་ཡིན་ཏེ། ཆོས་ཀྱིས་རབ་ཏུ་ཕྱེ་བའི་འཁོར་བ་ནི་མེད་བཞིན་དུ་སྣང་བ་ཡིན་ཏེ། དེའི་དཔེ་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་ཞེས་བྱའོ། །གནས་ཡོངས་སུ་གྱུ་པ་ཆོས་ཉིད་ཀྱི་བར་རུ་ཕྱེ་བ་ཞེས་བཤད་པ་ལ། གསེར་སྔར་ནས་ཡོད་ཀྱང་གཡའ་དང་བྲལ་བས་ཕྱིས་མཐོང་བ་རྩམ་ཡིན་པ་དང་། ཆུ་ངོ་བོ་ཉིད་ཀྱིས་དང་པོ་ནས་དང་བ་ཡིན་ཀྱང་རྙོག་མ་ཞི་བས་མཐོང་བ་ནི་གསར་དུ་ཡིན་པ་བཞིན་ཏེ། དེ་ལྟར་ན་འགྲེལ་པར། གསེར་དང་ཆུའི་དཔེས་ནི་རྫས་ལ་མ་ལྟོས་པར་ཡོན་ཏན་ཙམ་ཆོས་མཐུན་པར་བསྟན་པ་ཡིན་ལ། ནམ་མཁའི་དཔེས་ནི་ཐམས་ཅད་བསྟན་པ་ཡིན་ནོ། །

(༡༡༤༧)ཞེས་ནམ་མཁའི་རྒྱུན་གྱིས་འཇུག་པའི་རྫས་དང་མ་དམིགས་པ་ལས་དམིགས་པའི་ཡོན་ཏན་གཉི་གས་གནས་གྱུར་པ་དང་ཆོས་མཐུན་པར་བསྟན་པ་འདིས་ནི་སློབ་དཔོན་གྱི་འགྲེལ་པ་འདི་ནི་དབུ་མའི་ལུགས་སུ་གསལ་ཏེ། རྣལ་འབྱོར་སྤྱོད་པའི་གཞུང་ཆེན་པོ་རྣམས་སུ་མ་རིག་པ་ལ་སོགས་པའི་ཀུན་ཐུན་ནས་ཉོན་མོངས་པའི་རྒྱུན་ལ་རང་བཞིན་གྱིས་རྣམ་པར་དག་པའི་རྒྱུན་ཡོད་པར་མ་བཤད་ཅིང་འདི་ལ་ནི་བཤད་པའི་ཕྱིར་རོ། །རྩ་བ་ཉིད་ཀྱིས་ཀྱང་ཆོས་དང་ཆོས་ཉིད་ལ་ཡོད་པ་དང་མེད་པའི་ཁྱད་པར་གསལ་པོར་གསུངས་པས་རྒྱུད་བླ་མ་འདིར་བླ་བུར་གྱིས་སྟོང་བ་དང་ཡོན་ཏན་གྱིས་མི་སྟོང་བར་བཤད་པ་ཉིད་དང་ལེགས་པར་འབྱོར་ཏེ། མངོན་པར་རྟོགས་པའི་རྒྱན་དང་མདོ་རྡེའི་རྒྱན་དང་དབུས་དང་མཐའ་རྣམ་པར་འབྱེད་པ་གསུམ་ནི་སྔོན་ཉིད་ནས་འཕགས་པའི་ཡུལ་གྱི་མཁས་པོ་རྣམས་ལ་གྲགས་ཤིང་། སློབ་དཔོན་སེང་གེ་བཟང་པོས་ཀྱང་མངོན་པར་རྟོགས་པའི་རྒྱན་འཆད་པ་ན་བསྟན་བཅོས་གཉིས་པོ་དེའི་ལུང་ཡང་དྲངས་ལ། བླ་མ་དང་ཆོས་ཉིད་རྣམ་པར་འབྱེད་པ་གཉིས་ཀྱི་མཚན་ཙམ་ཡང་མ་བྱུང་ངོ་། །བླ་མ་དང་ཆོས་ཉིད་རྣམ་པར་འབྱེད་པའི་བསྟན་བཅོས་གཉིས་པོ་འདིའི་དཔེ་རྗེ་བཙུན་མཻ་ཏྲི་བས་རྙེད་ཅིང་རྗེ་བཙུན་བྱམས་པ་ཉིད་མངོན་སུམ་དུ་གཟིགས་ནས་གསན་ཏེ། དེ་ལ་པཎྜི་ཏ་དགའ་པའི་གྲགས་པ་ཞེས་བྱམས་གསན་ནས་དེས་སཛྫ་ན་ལ་བཤད་དོ། །ཞེས་བཙན་ལུགས་པ་དག་གཏམ་ཏུ་བྱེད་དོ། །དེ་ལྟར་ན་དྲི་མ་མེད་པའི་དེ་བཞིན་ཉིད་དང་གནས་ཡོངས་སུ་གྱུར་པ་དང་བྱང་ཆུབ་ཅེས་བྱ་བ་ནི་རྣམས་ནི་མིང་གི་རྣམ་གྲངས་ཏེ། དེ་ཡང་བོ་དྷི་ཞེས་

(༡༡༤༨)བྱ་བའི་སྒྲ་སྐྱོན་དག་ཅིང་བྱང་བ་ལ་སྤང་བྱ། ཆོས་རྟོགས་ཤིང་ཁོང་དུ་ཆུད་པ་ལས་ཡང་བྱ་བས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བློ་བུར་གྱི་དྲི་མ་མེད་པའི་སྟོང་པ་དང་། ཡེ་ཤེས་ཀྱིས་ཡོན་ཏན་གྱི་།།།སྟོང་པ་ཉིད་ཅེས་བརྗོད་དེ། དེ་ཡང་རིག་ཅིང་ཤེས་པར་བྱའོ། །དེའི་ཁྱད་པར་མཐའ་ཡས་ཀྱང་མདོར་བསྡུ་ན་དོན་རྣམ་པར་བརྒྱད་ཀྱི་དབང་དུས་བྱས་ནས་རིགས་པར་བྱའོ། །དོན་བརྒྱད་གང་ཞི་།།།ཐོབ་བྲལ་བ་རང་གཞན་དོན། །དེ་རྟེན་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོ་དེ་ཡང་ནི། །ཇི་སྲིད་དུས་དང་ཇི་ལྟ་ཉིད། །ཅེས་བྱ་བ་འདི་སྟེ། །།།པ་ཞེས་བྱ་བས་ནི་ངོ་བོ་སྟོན་ཏེ། བྲལ་བ་ལ་འཇུག་སྟེ་བཞིན་གྱི་དྲི་མ་དག་ཅེས་བྱ་བ་ལྟ་བུའོ། །ཚང་བའམ་རྫོགས་པ་ལ་ཡང་འཇུག་སྟེ། ཚིགས་སུ་བཅད་པ་སྟོང་པོ་འདིས་གཞུང་དག་ཅེས་བྱ་བ་ལྟ་བུའོ། །དེ་ལྟར་ན་ཀྱང་ངོ་བོ་ཉིད་ནི་དག་པའི་།།།སྟོན་ཏོ། །དེ་ཐོབ་པའི་རྒྱུ་ཡང་མི་རྟོག་པ་།།།དང་རྗེས་ཐོབ་སྟེ། མི་རྟོག་པས་བྲལ་བའི་ཕྱོགས་ཀྱི་རྒྱུ་བྱེད་ལ། དེའི་རྗེས་ཐོབ་ཀྱིས་ཆུབ་ཅིང་རྫོགས་པའི་རྒྱུ་བྱེད་།།།གེགས་བྱེད་པའི་དྲི་བ་དང་བྲལ་བ།།། ཆུབ་པ་ལ་གེགས་བྱེད་པའི་དྲི་མ་དང་བྲལ་བར་བྱེད་དོ། །ལས་ཀྱང་བྱང་བས་རང་གི་དོན་བྱེད་ལ། ཆུབ་པས་།།།གྱི་དོན་བྱེད་དོ། །བྱང་ཆུབ་དེ་ལ་རྟེན་ཞིང་ལྡན་པའི་ཡོན་ཏན་བཅུ་དྲུག་བསམ་གྱིས་མི་ཁྱབ་པ་སོགས་བ་ཙཱ་ལྔ་ནི་དང་གི་དོན་གྱི་ཡོན་ཏན་ཡིན་ལ། གནས་ནི་གཞན་གྱི་དོན་གྱི་ཡོན་

(༡༡༤༩)ནོ། །འཇུག་པ་ནི་སྐུ་གསུམ་ལས་བྱང་བ་ནི་ཟབ་པའི་སྐུ་ལ་བརྟེན་ལ། ཆུབ་པ་ནི་རྒྱ་ཆེ་བ་དང་བདག་ཉིད་ཆེན་པོའི་སྐུ་ལ་བརྟེན་ཏེ། །བྱང་ཆུབ་དེ་ལས་བྱང་བ་ནི་རྟག་པའི་ཆ་ཇི་སྲིད་དུས་པ་ཡིན་ལ། ཆུབ་པ་ནི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཆ་ཇི་ལྟ་བ་ཉིད་ཡིན་ཏེ། དོན་བརྒྱད་པོ་འདི་ནི་དོན་བཅུ་དྲུག་ཏུ་ཡང་འགྱུར་བར་ཤེས་པར་བྱའོ། །དེ་ཉིད་བཤད་པ་ནི། ཚིགས་སུ་བཅད་པ་འདིས་ནི་གོ་རིམ་ཇི་ལྟ་བ་བཞིན་དོན་བརྒྱད་པོ་འདིར་དག་བསྟན་ཏེ། འདི་ལྟ་སྟེ། ངོ་བོའི་དོན་དང་། རྒྱུའི་དོན་དང་། འབྲས་བུའི་དོན་དང་། ལས་ཀྱི་དོན་དང་། ལྡན་པའི་དོན་དང་། འཇུག་པའི་དོན་དང་། རྟག་པའི་དོན་དང་། བསམ་གྱི་མི་ཁྱབ་པའི་དོན་ཏེ། །ཞེས་བྱ་བ་ལ། འདི་དག་གི་དོན་ཅེས་བྱ་བ་ནི་པ་དཱརྠ་སྟེ་ཚིག་གི་དོན་ཡིན་ལ། དངོས་པོ་ཞེས་ཀྱང་བྱ་སྟེ། དེ་ལྟར་ན་ངོས་པོ་བརྒྱད་དོ། །སུར་ཡང་དེ་ཉིད་རྒྱ་ཆེར་བཤད་པའི་ཕྱིར། དེ་ལ་ཁམས་གནག་ཞིག་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ། དེ་རྣམ་པར་དག་པ་ནི་གནས་ཡོངས་སུ་གྱུར་པའི་ངོ་བོ་ཉིད་དུ་རིག་པར་བྱེ་སྟེ། གང་གི་ཕྱིར། བཅོམ་ལྡན་འདས་གང་ཞིག་ཉོན་མོངས་པའི་སྦུབས་བྱེ་བ་སྙེད་མཐའ་དག་གི་གཡོགས་པ་དེ་བཞིན་གཤེགས་པོ་ལ་དོགས་པ་མ་མཆིས་པ་དེ་ནི་ཉོན་མོངས་པ་མཐའ་དག་གི་སྦུབས་ལ་གྲོལ་བ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡང་དོགས་པ་མ་མཆིས་པ་ལགས་སོ། །ཞེས་ག་རུངས་པ་ཡིན་ནོ། །ཡེ་ཤེས་

(༡༡༥༠)ནི་རྣམ་པར་གཉིས་ཏེ། འཇིག་རྟེན་ལས་འདས་པ་རྣམ་པ་རྟོག་པ་མེད་པ་དང་། རྗེས་ལ་ཐོབ་པ་འཇིག་རྟེན་པའི། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་གནས་ཡོངས་སུ་གྱུར་པའི་རྒྱུ་གཉིས་ནི་ཐོབ་པའི་སྒྲས་བསྟན་ཏེ། འདིས་ཐོབ་པས་ན་ཐོབ་པའོ། །དེའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་བྲལ་བར་རྣམ་པ་གཉིས་སོ། །གོ་རིམས་བཞིན་དུ་རང་དང་གཞན་གྱི་དོན་སྒྲུབ་པ་ནི་ལས་སོ། །དེའི་རྟེན་དང་ལྡན་པ་ནི་ལྡན་པའོ། །ཟབ་པ་དང་རྒྱ་ཆེ་བ་དང་བདག་ཉིད་ཆེན་པོས་རབ་ཏུ་ཕེ་བ་སངས་རྒྱས་ཀྱི་སྐུ་གསུམ་པོ་དག་གིས་འགྲོ་བ་ཇི་སྲིད་བར་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཇུག་པ་ནི་འཇུག་པའོ། །ཞེས་བྱ་བ་ག་རུངས་ཏེ། དོན་བརྒྱད་ཡོད་པ་ལ་ཁམས་སམ་རྒྱུ་གང་ཞིག་ཉོན་མོངས་པ་བསྐྱོད་པའི་གནས་སུ་གྱུར་ཏེ་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་དེ་ལ་མིང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་དེ་ནི་ཀུན་ནས་ཉོན་མོངས་པའི་རྟེན་བྱེད་པའི་ཕྱིར་གནས་ཡིན་ནོ། །དེའི་དྲི་མ་རྣམས་བག་ཆགས་དང་བཅས་ཏེ་རྣམ་པར་དག་ཅིང་སླར་མ་ལྡོག་པ་ན་ཉོན་མོངས་པའི་གནས་མི་བྱེད་པས་སྔར་ལས་ལོག་སྟེ་རྣམ་པར་བྱང་བ་འབའ་ཞིག་གི་རྟེན་བྱེད་པས་གནས་ཡོངས་སུ་གྱུར་པའི་ངོ་བོ་ཉིད་དུ་རིག་པར་བྱེ་སྟེ། །མཁས་དང་གནས་གྱུར་པ་གཉིས་པོ་དྲི་མ་ཡོད་མེད་ཙམ་གྱིས་ཕྱེ་བ་མ་གཏོགས་ངོ་བོ་དེ་བཞིན་ཉིད་དེ་ཉིད་ཡིན་ཞེས་པའོ། །དེའི་ཤེས་པར་བྱེད་པ་གང་གི་ཕྱེར་དཔལ་ཕྲེང་གི་མདོ་གང་ལས། བཅོམ་ལྡན་འདས་ཁམས་

(༡༡༥༡)གང་ཞིག་ཉོན་མོངས་པའི་སྦུབས་བྱེ་བ་སྙེད་མཐའ་དག་གིས་གཡོགས་པས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པའི་དེ་བཞིན་ཉིད་དེ་ལ་ངེས་པའི་ཤེས་པ་སྙེད་པས་དོགས་པ་མ་མཆིས་པ་དེ་ནི་ཉོན་མོངས་པ་མཐའ་དག་གི་སུབས་ལས་གྲོལ་བ་ན་ཡང་དེ་བཞིན་ཉིད་འདི་ཉིད་ཆོས་ཀྱི་སྐུར་འགྱུར་བ་ཡིན་ནོ་ཞེས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡང་དོགས་པ་མ་མཆིས་པ་ལགས་སོ། །ཞེས་གསུངས་ཏེ། ཁམས་ཐོས་པ་དང་བསམ་པས་ཤེས་པའི་ཚེ་ཆོས་ཀྱི་སྐུ་ལ་ཡང་རྣམ་པར་རྟོག་པ་དང་བཅས་པའི་ངེས་པ་སྐྱེ་ལ། རང་་གི་ཁམས་མདོང་སུམ་དུ་ཤེས་ན་ནི་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པས་ཡིན་ནོ། །དེས་ན་བྱང་ཆུབ་ཀྱི་ངོ་བོའམ་བོ་ཏེ་ནི་དེ་བཞིན་ཉིད་ཁོ་ནའོ། །བྱང་ཆུབ་དེའི་རྒྱུ་ཡེ་ཤེས་ནི་རྣམ་པ་གཉིས་ཏེ། ཇིག་རྟེན་ལས་འདས་པ་སྟེ་ཤེས་བྱ་ལ་ལེགས་པར་ཞུགས་ཤིང་རསཔཧ་རྟོག་པ་དང་སྒྲིབ་པ་ནི་འཇིག་རྟེན་ཡིན་པས་དེ་དག་མེད་པ་སྟེ་མཉམ་པར་གཞག་པའོ། །མཉམ་གཞག་དེ་ལས་ལངས་ཤིང་རྗེས་ལ་མཉམ་གཞག་དེའི་སྟོབས་ཀྱིས་ཐོབ་པ་ཀུན་རྫོབ་ཀྱི་ཆོས་སྣ་ཚོགས་པ་སྣང་བས་སངས་རྒྱས་མཆོད་པ་དང་ཞིང་སྦྱོང་བ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཏེ་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་མ་མཐོང་བས་ཤེས་བྱ་ལ་ལེགས་པར་ཞུགས་ཤིང་ཀུན་རྫོབ་པའི་ཡུལ་ཅན་ཡིན་པས་སྒྲིབ་པའི་ཆོས་ཡིན་པའི་ཕྱིར་དང་། རང་གི་ངོ་བོ་རྣམ་པར་རྟོག་པ་ཡིན་པའི་ཕྱིར་འཇིག་རྟེན་པ་ཡིན་ཏེ། འདི་ལའང་སྒྲ་དོན་ཅན་གྱི་རྟོག་པ་མེད་ཀྱང་གཉིས་སུ་སྣང་བའི་ཆོས་ཀྱིས་རྟོག་པར་བརྗོད་པ་དང་།

(༡༡༥༢)ས་བདུན་པ་མན་ཆད་དུ་སྒྲ་དོན་ཅན་ཕྲ་མོ་ཡང་འབྱུང་བ་ཡིན་ནོ། །འཇིག་རྟེན་པ་དང་འཇིག་རྟེ་ལས་འདས་པའི་ཡེ་ཤེས་གནས་ཡོངས་སུ་གྱུར་པའི་རྒྱུ་གཉིས་ནི་མདོར་བསྟན་དུ་ཐོབ་པའི་སྒྲས་བསྟན་ཏེ། །བྱེད་པ་ལ་སྒྲ་བསྒྲུབས་ནས་འདིས་ཐོབ་པར་བྱེད་པས་ན་ཐོབ་པ་ཞེས་བཤད་དོ། །ཡེ་ཤེས་གཉིད་པོ་དེའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པས་ཉོན་མོངས་པའི་སྒྲིབ་པ་བྲལ་བ་དང་། འཇིག་རྟེན་པས་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་བྲལ་བ་ཞེས་བྱ་བ་སྒྲིབ་པ་གཉིས་པོ་ཉིད་ཀྱི་དེ་བཞིན་ཉིད་སྒྲིབ་གཉིས་ལས་གྲོལ་བའི་རང་རིག་པ་སྟེ་འགོག་པའི་བདེན་པའོ། །སྒྲིབ་པ་གཉིས་པོ་ནི་ཀུན་འབྱུང་བ་ཡིན་ལ། དེའི་འབྲས་བུ་ནི་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཡིད་ཀྱི་ལུས་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་བཅས་པ་སྡུག་བསལ་ཡིན་ལ། ཡེ་ཤེས་གཉིས་ནི་ལམ་དང་། བྲལ་བ་གཉིས་ནི་འགོག་པའོ། །གོ་རིམས་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བས་རང་གི་དོན་སྒྲུབ་པ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བས་གཞན་གྱི་དོན་སྒྲུབ་པ་ནི་ལས་ཏེ། འགོག་པ་གཉིས་ནི་བྱེད་པ་པོ་ཡིན་ལ། དེ་གཉིས་ཀྱི་འབྲས་བུ་རང་བཞིན་གྱི་དོན་ནི་ལས་སམ་བྱ་བ་ཡིན་ལ། དེ་སྒྲུབ་པའི་ཐམས་མཁྱེན་བརྩེ་གཉིས་ནི་བྱེད་པའོ། །བྱང་ཆུབ་དེ་རྟེན་ཡིན་ལ། དེའི་རྟེན་པ་ཡོན་ཏན་རྣམས་དང་ལྡན་ཞིང་འབྲེལ་བ་ནི་ལྡན་པ་ཞེས་བྱའོ། །སངས་རྒྱས་ཀྱི་སྐུ་གསུམ་པོ་ལས་ངོ་བོ་ཉིད་ཀྱི་སྐུ་ནི་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་ཡིན་གྱི་

(༡༡༥༣)གཞན་གྱི་མ་ཡིན་པས་ཟབ་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ནི་སྣ་ཚོགས་པའི་ངོ་བོ་ཡིན་པས་རྒྱ་ཆེ་བ་དང་། སྤྲུལ་པའི་སྐུ་ནི་གཞན་གྱི་དོན་སྒྲུབ་པ་ལ་མཁས་པས་བདག་ཉིད་ཆེ་བ་སྟེ་གསུམ་པོ་དེས་བྱང་ཆུབ་དེ་ཉིད་བྱེ་བྲག་ཏུ་རབ་ཏུ་ཕྱེ་བ་དག་གིས་སུས་འཁོར་བ་ཇི་སྲིད་པར་དང་། རང་གི་ངོ་བོ་བསམ་གྱིས་མི་ཁྱབ་པའི་རྣམ་པས་གཞི་སོ་སོ་ལ་འཇུག་ཅིང་ཕྱེ་བ་ནི་འཇུག་པའོ། །དེ་ལ་སྔར་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་སྐབས་སུ་གནས་སྐབས་དང་། ཀུན་དུ་འགྲོ་བ་དང་། མི་འགྱུར་བ་དང་། ཡོན་ཏན་དབྱེར་མེད་པ་སྟེ་རྣམ་པ་བཞི་འཇུག་པ་ཉིད་དུ་བསྡུས་པ་བཞིན་དུ་འདིར་ཡང་ཇི་སྲིད་དང་ཇི་ལྟ་གཉིས་པོ་འཇུག་པར་བསྡུས་པས་ངོ་བོ་ལ་སོགས་པ་དོན་དྲུག་ཏུ་འགྱུར་བ་ཡིན་ནོ། །དེ་དག་གི་བར་གྱིས་སྡོམ་ནི། །ངོ་བོ་རྒྱུ་དང་འབྲས་བུ་དང་། །ལས་དང་ལྡན་དང་འཇུག་པ་དང་། །དེས་རྟག་བསམ་མི་ཁྱབ་ཉིད་ཀྱིས། །སངས་རྒྱས་ནི་རྣམ་པར་གནས། ཤེས་བྱ་བ་སྟེ་ བྱང་ཆུབ་ཀྱི་ངོ་བོ་དང་བྱང་ཆུབ་ཀྱི་རྒྱུ་དང་རྒྱུ་དེ་གཉིས་ཀྱི་འབྲས་བུ་བྲལ་བ་ཞེས་བྱ་བ་བྱང་ཆུབ་ཀྱི་ཁྱད་པར་དང་བྱང་ཆུབ་ཀྱིས་ལས་ཅི་ཞིག་བྱེད་པ་དང་བྱང་ཆུབ་ལ་ཡོན་ཏན་གང་དང་ལྡན་པ་དང་བྱང་ཆུབ་དེ་ལ་ཕྱེ་ན་དབྱེ་བ་དུས་འཇུག་པ་སྟེ་དེ་དོན་གྲུག་གིས་སངས་རྒྱས་ཀྱི་ས་དེ་།།།གཞག་པས་ན་རྣམ་པར་གནས་པའོ། །དེ་ལྟར་མངོན་བསྟན་པ་བས་ན། ང་ནི་།།། །།།

(༡༡༥༤)པའི་ཐབས་རྒྱུའི་དོན་ལས་བརྩམ་ཏེ་ཚིགས་སུ་བཅད་པ་ནི། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་བློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་ཕྱུག་པོའི་སྒྲིབ་པའི་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བསྟན་གཡུང་དུ་སངས་རྒྱས་ཉིད། །ད་ན་ཆོས་ལ་མ་རྟག ཤེས་སངས་རྒྱས་ཉིད། །དེ་ཉི་ཆོས་ལ་མི་རྟོག་རྣམས་འབྱེད་པོ་།།།དག་ལ་བརྟེན་ནས་འཐོབ། ཅེས་བྱ་བ་སྟེ་བཤད་པར་བྱའོ། །གང་གིས་འཆད་ན་ཚིགས་སུ་བཅད་པ་འདིའི་དོན་མདོར་བསྡུས་ནས་ཚིགས་སུ་བཅད་པ་བཞིས་རིག་པར་བྱ་སྟེ། སངས་རྒྱས་ཉིད་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་ཡེ་ཤེས་དང་། །སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་།།།།གི་ནི། །།།།འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །རང་བཞིན་གྱིས་ནི་མ་གྲུབ་དང་། ཁྱབ་དང་བློ་བུར་བ་ཉིད་ཀྱིས། །ཉོན་མོངས་ཤེས་བྱའི་།།།དེ། །སྲིན་དང་འདྲ་བར་བརྗོད་པ་ཡིན། །སྒྲིབ་པ་གཉིས་དང་བྲལ་པ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་བྱ་བའོ། བཤད་པར་བྱ་བའི་ཚིགས་སུ་བཅད་པར་སངས་རྒྱས་ཤས་བརྗོད་པའི། དྲི་མས་དན་པའི་ཁྱད་པར་གྱི་ཆོས་ཀྱིས་རབ་རུ་ཕྱེ་བས་བྱ་བ་དང་སྤངས་པ་ཡིན་ལ། །དབྱེར་མེད་པའི་ཡོན་ཏན་ཀུན་དང་ལྡན་

(༡༡༥༥)ཏུ་ཕྱེ་བའི་ཕྱིར་རྒྱས་ཤིང་ཆུབ་པ་ཡིན་ནོ། དེ་ཡང་གཞན་ནས་བཙལ་བར་བྱ་བ་མ་ཡིན་གྱི་སེམས་ཅན་གྱི་ཁས་རང་བཞིན་གྱིས་འོད་གསལ་ཞེས་བརྗོད་པ་གནག་ཡིན་པ་དེ་ཉིད་དེ། ཉི་མ་བཞིན་གྱི་ཡེ་ཤེས་ཀྱི་མཚན་ཉིད་ནི་ཆུབ་པ་སྟེ། དེས་ནི་ཉི་དང་ཞེས་བྱ་བ་དེ་བཤད་དོ། །དག་པའི་ནམ་མཁའ་བཞིན་གྱིས་སྤངས་པའི་མཚན་ཉིད་ནི་བྱང་བ་སྟེ། དེས་ནི་མཁའ་བཞིན་བྱ་བ་དེ་བཤད་དོ། །ཡོན་ཏན་ཀུན་དང་ལྡན་ཤེས་བཤད་པ་དེ་ཡང་བཅོས་མ་མ་ཡིན་པས་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་འཕྲལ་དུ་བྱས་པ་མ་ཡིན་པར་རང་བཞིན་དེ་དང་དབྱེར་མེད་པར་འཇུག་པ་ཅན་ཆུ་བ་གང་གའི་ཀླུང་གི་བྱོ་མའི་རྒྱུལ་གྱི་གྲངས་ལས་འདས་པའི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་དང་ལྡན་པ་ཉིད་དོ། དེས་ནི་ཡོན་ཏན་ཀུན་ལྡན་ཞེས་བྱ་བ་དེ་བཤད་ལ། །མ་བྱས་པའི་སྒྲས་ནི་རྟག་པ་དང་བརྟན་པ་དང་གཡུང་དྲུང་བ་ཉིད་ཀྱི་སངས་རྒྱས་ཀྱི་ཡོན་ཏན་རྣམས་བརྗོད་དོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ནི་བཤད་བྱ་དེར་སྤྲིན་ཚིགས་སྲུག་པོའི་སྒྲིབ་པ་ཡིས་ནི། བསྒྲིབས་གྱུར་པ། ཞེས་སྤྲིན་དང་འདྲ་བར་བརྗོད་པ་ནི་རང་བཞིན་དང་གིས་གྲུབ་པ་མ་ཡིན་པ་དང་། སེམས་ཀྱི་དག་པའི་ནམ་མཁའ་ཁྱབ་ཅིང་འདེབས་པར་བྱེད་པ་དང་། བློ་བུར་བ་ཉིད་ཡིན་གྱི་གནས་ལུགས་མ་ཡིན་པའི་རྒྱུ་མཚན་གྱིས་བརྗོད་པ་ཡིན་ནོ། །སྒྲིབ་པ་གཉིས་དང་བྲལ་བ་འགོག་པའི་བདེན་པའི་རྒྱུ་ནི་མི་རྟོག་པའི་ཡེ་ཤེས་དང་དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཏེ། ལམ་ནི་རྣམ་

(༡༡༥༨)པ་གཉིས་སུ་འདོད་དོ། །དེས་ནི། དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། བསེ་བྱ་བ་དེ་བཤད་པ་ཡིན་ནོ། །ད་ནི་བྲལ་པ་ཞེས་པའི་དོན་འཆད་དེ་རྣམས་པར་དག་པ་ནི་གནས་ཡོངས་སུ་གྱུར་པའི་ངོ་བོ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ལ་རྣམ་པར་དག་པ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། དང་པོ་ནས་རང་བཞིན་གྱིས་རྣམ་པར་དག་པ་དང་ཕྱིས་གཉེན་པོས་དྲི་མ་མེད་པར་བྱས་པའི་རྣམ་པར་དག་པའོ། །དེ་ལ་རང་བཞིན་གྱིས་རྣམ་པར་དག་པ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཞིག་ངོ་བོ་དྲི་མ་དང་མ་འདྲོས་པས་རྣམ་པར་གྲོལ་ལ། འོན་ཀྱང་ལྷན་ཅིག་ཏུ་གནས་པ་ད་ལྟ་རྒྱུལ་ལ་སོགས་པས་ཀྱང་དག་པ་བཞིན་དུ་སེམས་ཀྱི་རང་བཞིན་འོད་གསལ་བར་གནས་པ་ལ་གཉེན་པོས་བློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཕྱིར་རོ། །དེ་ལ་དྲི་མ་མེད་པའི་རྣམ་པར་དག་པ་དེ་གཉེན་པོ་ཡེ་ཤེས་ཀྱི་འབྲས་བུ་ཡིན་པའི་དོན་ལས་བརྩམས་ནས་ཚིགས་སུ་བཅད་པ་ནི། དྲི་མེད་ཆུ་ལྷན་རིམ་རྒྱས་པདྨས་ཁེབས་པའི་མཚོ་བཞིན་དང་། །སྒྲ་གཅན་ཁ་ནས་ཐར་བའི་ཟླ་བ་ཉ་བ་ལྟ་བུ་དང་། །སྤྲིན་ཚོགས་ཉོན་མོངས་དག་ལས་གྲོལ་བའི་ཉི་མ་ལྟ་བུར་ནི། །དྲི་མེད་ཡོན་ཏན་ལྷན་ཕྱིར་འོད་ཟེར་ལྡན་དེ་ཉིད་དོ། །ཐུབ་པའི་ཁུ་མཆོག་སྒྲང་རྩི་སྙིང་པོ་

(༡༡༥༩)དང་། །རིན་ཆེན་གསེར་དང་གཏེར་དང་ལྗོན་པ་བཞིན། །དྲི་མེད་རིན་ཆེན་བདེ་གཤེགས་སྐུ་དང་ནི། །ས་བདག་གསེར་གྱི་གཟུགས་འདྲ་རྒྱལ་བ་ཉིད། །ཅེས་པ་སྟེ་ཚིགས་སུ་བཅད་པ་སྔ་མས་ཉོན་མོངས་པ་དང་བྲལ་བ་བསྟན་ལ། ཕྱི་མས་ཤེས་བྱའི་སྒྲིབ་པ་དང་བྲལ་བ་བསྟན་ཏེ། ཉོན་མོངས་པ་དེ་ཡང་འདོད་ཆགས་དང་ཞེས་སྡང་ཞི་དང་གཏི་མུག་གསུམ་དུ་འདུ་བས་འདོད་ཆགས་ལས་གྲོལ་བ་ནི་རྒྱུལ་གྱི་དྲི་མ་མེད་པའི་ཆུ་དང་ལྡན་པ་ལས་རིམ་གྱིས་རྒྱས་པའི་པདྨས་ཁེབས་པའི་མཚོ་བཞིན་ཡིན་ལ། ཞེས་སྡང་ལས་གྲོལ་བ་ནི་སྒྲ་གཅན་ཁ་ནས་ཐར་བའི་ཟླ་བ་ཉ་པ་ལྟ་བུ་སྟེ་ཡིན་ཏེ། གཏི་མུག་ལས་གྲོལ་བ་ནི་འདྲིས་གྱི་ཚོགས་ཉོན་མོངས་ཤིང་འཁྲུགས་པར་གནས་པ་དག་ལས་གྲོལ་བའི་ཉི་མ་ལྟ་བུ་ནི་སྒྲིབ་པའི་དྲི་མ་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ཤེས་བྱ་སྣང་བའི་འོད་ཟེར་དང་ལྡན་པའི་ཡེ་ཤེས་ཉིད་ནི་དཔེའི་དོན་ཏེ། །ཤེས་བྱའི་སྒྲིབ་པ་དང་བྲལ་བ་ནི་རྒྱལ་བ་སངས་རྒྱས་ཉིད་ཀྱི་བྲལ་བས་ཐོབ་པའི་སྐུ་དེ་ནི་པདྨ་ལས་གྲོལ་བའི་ཐུབ་པ་ཁྱུ་མཆོག་གི་སྐུ་དང་། སྲོག་ཆགས་ལས་གྲོལ་བའི་སྦྲང་རྩི་དང་། སྦུན་པ་ལས་གྲོལ་བའི་འདྲུའི་སྙིང་པོ་དང་། ལྗན་ལྗིན་ལས་གྲོལ་བའི་རིན་ཆེན་གསེར་དང་། སའི་གཡོགས་མ་དང་བྲལ་བའི་གཏེར་དང་། ས་བོན་གྱི་སྦུབས་ལས་གྲོལ་བའི་ཤིང་ལྗོན་བཞིན་དང་། གསེར་དྲི་མ་མེད་པའི་རིན་པོ་ཆེའི་བདེ་བར་གཤེགས་པའི་སྐུ་གོས་ཧྲུལ་གྱི་ཐུམས་ལས་གྲོལ་བ་དང་། ས་བདག་འཁོར་ལོས་བསྒྱུར་བ་མང་ལ་

(༡༡༦༠)དང་བྲལ་ཏེ་ལུས་ཡོངས་སུ་རྫོགས་པ་དང་། ཕྱིའི་འདམ་དང་བྲལ་བའི་གསེར་ཞུན་གྱི་སྐུ་གསུགས་དང་འདྲ་བར་ཡོངས་སུ་རྫོགས་པའི་ཆོས་ཀྱི་སྐུ་ཉིད་ནི་བྲལ་བའི་འབྲས་བུའོ། །དེ་ནི་བཤད་པར་བྱ་བ་ཡིན་ལ། བཤད་པར་བྱ་བའི་ཚུགས་སུ་བཅད་པ་གཉིས་པོ་འདིའི་དོན་ནི་མདོར་བསྡུ་ན་ཚིགས་སུ་བཅ་པ་བརྒྱད་ཀྱིས་རྒྱས་པར་བསྟན་པར་རིག་པར་བྱའོ། །ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །བློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་པའི། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །འདོད་ཆགས་རྒྱུལ་ནི་སྤངས་ཕྱིར་དང་། །གདུལ་བྱ་ཡི་ནི་པདྨ་ལ། །བསམ་གཏན་ཆུ་ནི་འབབ་ཕྱིར་དེ། །ཆུ་དག་རྫིང་དང་མཚུངས་པ་ཡིན་ཞེ་སྡང་སྒྲ་གཅན་ལས་གྲོལ་བས། །སྙིང་རྗེ་བྱམས་ཆེན་འོད་ཟེར་གྱིས། །གྲོལ་བ་ཁྱབ་པའི་ཕྱིར་ན་དེ། །དྲི་མེད་ཟླ་བ་ཉ་བ་བཞིན། །གཏི་མུག་འདྲེས་ཚོགས་ལས་གྲོལ་བས། །འགྲོ་བར་ཡེ་ཤེས་འོད་ཟེར་གྱིས། །ལུན་པ་སེལ་ཕྱིར་སངས་རྒྱས་ཉིད། །དེ་ནི་དྲི་མེད་ཉི་མ་བཞིན། །མི་མཉམ་མཉམ་པའི་ཆོས་ཕྱིར་དང་། །དམ་ཆོས་རོ་ནི་སྦྱིན་མཛད་དང་། །ཤུན་པ་དང་ནི་བྲལ་ཕྱིར་དེ་དེ་གཤེགས་པ་སྦྲང་པའི་སྙིང་པོ་བཞིན། །དག་ཕྱིར་ཡོན་ཏན་རྫས་ཀྱིས་ནི། །དབུལ་བ་སོལ་བར་བྱེད་ཕྱིར་དང་། །རྣམ་གྲོལ་འབྲས་བུ་སྦྱིན་བྱེད་ཕྱིར། །གསེར་དང་གཏེར་དང་ལྗོན་པ་བཞིན། །རིན་ཆེན་

(༡༡༦༡)ཆོས་ཀྱི་སྐུ་ཕྱིར་དང་། །རྐང་གཉིས་བདག་པོ་མཆོག་ཕྱིར་དང་། །རིན་ཆེན་གཟུགས་ཀྱི་རྣམ་པའི་ཕྱིར། །དེ་ནི་རིན་ཆེན་རྒྱལ་གསེར་བཞིན། །ཞེས་བྱ་བ་སྟེ་བརྒྱ་པོ་དེ་ལ་ཚིགས་སུ་བཅད་པ་རེ་རེས་མདོར་བསྟན་ལ། གསུམ་གསུམ་གྱིས་རྒྱས་པར་བཤད་པས་བྲལ་བ་གཉིས་པོ་རིག་པ་བྱ་བ་ཡིན་ཏེ། ཆུ་མཚོ་དང་སོགས་ཏེ་ཟླ་བ་དང་ཉི་མ་མི་མཐུན་པ་ལས་གྲོལ་བ་བཞིན་དུ་འདོད་ཆགས་དང་སོགས་པ་ཞེ་སྡང་དང་གཏི་མུག་སྟེ་བློ་བུར་གྱི་ཉོན་མོངས་ལས་དག་པ་ནི་མདོར་བསྡུ་ན་རྣམ་པར་མི་ཏོག་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་པར་རབ་རུ་བརྗོད་ལ། ཐམས་ཀྱི་རྣམ་པ་ཀུན་དང་ལེན་པའི་སངས་རྒྱས་ཀྱི་སྐུ་ངེས་པར་འཐོབ་པ་དེ་ནི་མོ་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་པར་རབ་ཏུ་བསྟན་ཏེ། །འདིར་བྲལ་བ་དང་པོ་ནི་གང་གིས་བྲལ་བ་དང་། །གང་དང་བྲལ་བ་དང་བྲལ་བ་ཉིད་གང་ཡིན་པ་སྟེ་རྣམ་པ་གསུམ་མོ། །གང་གིས་བྲལ་བ་ཡང་རྣམ་པ་གསུམ་སྟེ། ལྷའི་གནས་པ་དང་། ཚངས་པའི་གནས་དང་། འཕགས་པའི་གནས་པའོ། །གང་དང་བྲལ་བ་དང་། གང་དང་བྲལ་བ་ནི་འདུད་ཆགས་དང་། ཞེ་སྡང་དང་། གཏི་མུག་གོ །བྲལ་བ་ཉིད་གང་ཡིན་པ་ནི་འགོག་པའི་བདེན་པའོ། །སངས་རྒྱས་ཀྱི་འགོག་པ་དེ་ནི་ཆུ་དག་པས་གང་བའི་རྫིང་དང་མཚུངས་པ་ཡིན་ཏེ། །འདོད་ཆགས་མི་གཙང་བར་བྱེད་པས་ས་རྒྱུལ་ལྟ་བུ་དེ་པངས་པའི་ཕྱིར་དང་། དེའི་གཉེན་པོར་གདུལ་བྱའི་པདྨ་ལ་བསམ་གཏན་བཞིའི་ཆུ་འབབ་པའི་ཕྱིར་རོ། །དེ་ལ་བསམ་

(༡༡༦༢)གཏན་དང་པས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་ཅིང་། དེ་བཞིན་དུ་ཕྱི་མ་ཕྱི་མ་རྣམས་ཀྱིས་སྔ་མ་སྔ་མའི་འདོད་ཆགས་དང་བྲལ་བར་བྱེད་དེ། འདིས་གཟུགས་ཀྱི་ལྷ་མང་དུ་གནས་པ་ལ་དགའ་བའི་ཕྱིར་སྒྲ་གཅན་དང་མཚུངས་ཏེ། དེ་ཡང་མཚོན་པ་སྟེ་གཟུགས་མེད་པའི་སྙོམས་པས་འཇུག་པ་བཞི་ཡངས་འོག་མའི་འདོད་ཆགས་ཡང་བའི་ཕྱིར་འདིར་བསྡུ་བར་བྱའོ། །ཞེ་སྡང་ནི་འཐབ་བྱེད་པའི་ཕྱིར་སྒྲ་གཅན་དང་མཚུངས་ཏེ། དེ་ལས་གྲོལ་བས་སྙིང་རྗེ་ཆེན་པོ་དང་བྱམས་པ་ཆེན་པོ་དང་དགའ་བ་ཆེན་པོ་དང་བཏང་སྙོམས་ཆེན་པོའི་འོད་ཟེར་གྱིས་གདུལ་བྱའི་འགྲོ་བ་རྣམས་ལཁྱབ་པར་བྱེད་པའི་ཕྱིར་ན་སངས་རྒྱས་ཀྱི་འགོག་པ་དེ་ནི་དྲི་མ་མེད་པའི་ཟླ་བ་ཉ་བ་བཞིན་ནོ། །གཏི་མུག་མ་རིག་པ་ནི་སེམས་ཀྱི་ནམ་མཁའི་སྒྲིབ་པའི་ཕྱིར་སྤྲིན་དང་འདྲ་ལ། དེའི་ཚོགས་སམ་དྲ་བ་ནི་ལྟ་བ་སྣ་ཚོགས་ཏེ་དེ་ལས་རྒྱུད་རྣམ་པར་གྲོལ་བས་ན་འགྲོ་བ་རྣམས་ལ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་གདུལ་བྱའི་འགྲོ་བའི་མུན་པ་སེལ་བའི་ཕྱིར་སངས་རྒྱས་ཉིད་དང་བྱང་ཆུབ་དང་མཐར་ཐུག་པའི་འགོག་པ་ཞེས་བྱ་བ་དེ་ནི་དྲི་མ་མེད་པའི་ཉི་མ་བཞིན་ཏེ། ཆུ་དང་ཟླ་བ་དང་ཉི་མའི་དཔེ་གསུམ་གྱིས་ནི་ཀུན་འབྱུང་བ་འགགས་པ་མི་རྟག་པའི་འགོག་པ་དང་། གང་དུ་འགོག་པ་མེད་པ་དགག་པའི་མཚན་ཉིད་ཅན་གྱི་འགོག་པ་མ་ཡིན་པར་ཡེ་ཤེས་ཀྱི་ངོ་བོ་མ་ཡིན་པར་དགག་པར་བསྟན་ཏེ། །བྲལ་བ་གཉིད་པ་ནི་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཆོས་ཀྱི་སྐུ་སྟེ། དེ་ཉིད་ལ་རྒྱལ་བ་དང་བདེ་

(༡༡༦༣)བར་གཤེགས་པ་དང་སངས་རྒྱས་ཉིད་ཅེས་བྱ་བ་ལ་སོགས་པས་བརྗོད་དོ། །དེ་ནི་མི་མཉམ་པ་སྣགས་རྒྱས་རྣམས་དང་མཉམ་པའི་ཆོས་ཀྱིས་མཚུངས་པའི་ཕྱིར་བདེ་བར་གཤེགས་པའི་སྐུ་གཟུགས་བཞིན་ཡིན་ལ། དེ་ཉིད་ལས་དམ་པའི་ཆོས་སྟོང་ཕྲག་བརྒྱད་བཅུ་རྩ་བཞིར་སྲོས་ཀྱང་དོན་དམ་པའི་མངར་བའི་རོ་འབའ་ཞིག་སྦྱིན་པའི་སྦྱང་རྩི་དང་མཚུངས་ཤིང་། རང་ཉིད་སྒྲིབ་པའི་ཤུན་པ་དང་བྲལ་ནས་གཞན་གསོ་བར་བྱེད་པའི་ཕྱིར་འབྲུའི་སྙིང་པོ་བཞིན་དུ་ཤེས་པར་བྱའོ། །བློ་བུར་གྱི་ལྗན་ལྗིན་དག་པའི་སྤྱིར་གསེར་དང་མཚུངས་ལ། མཁྱེན་པའི་ཡོན་ཏན་གྱི་རྫས་ཀྱིས་འགྲོ་བའི་ཆོས་ཀྱིས་འཕངས་པའི་དབུལ་བ་སེལ་བར་བྱེད་པའི་ཕྱིར་གཏེར་ལྟ་བུ་ཡིན་ལ། རང་ཉིད་གྲོལ་ནས་གཞན་ལ་ཡང་རྣམ་པར་གྲོལ་བའི་འབྲས་བུ་རྒྱུན་དུ་ཁུགས་པ་ལ་སོགས་པ་ནས་སངས་རྒྱས་ཉིད་ཀྱི་བར་དུ་ཇི་ལར་རིགས་པར་རྣམ་པར་གྲོལ་བའི་འབྲས་བུ་སྦྱིན་པའི་བྱེད་ཕྱིར་ལྗོན་ཤིང་ཆེན་པོ་བཞིན་ནོ། །སངས་རྒྱས་ཉིད་དེ་ནི་རི་ཧ་པོ་ཆོ་གསེར་གྱི་སྐུ་བཞིན་ཏེ། ཏིང་ངེ་འཛིན་དང་གཟུངས་ལ་སོགས་པའི་ཡོན་ཏན་རིན་པོ་ཆེའི་ཚོགས་གཅིག་ཏུ་བསྡུས་པའི་སྐུ་ཡིན་པའི་ཕྱིར་རོ། །ཡང་དེ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་དུ་ཡང་བལྟ་བར་བྱ་སྟེ། །རྐང་གཉིས་པའི་མིས་མཚོན་པའི་འགྲོ་བ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་སྒྱུར་བའི་བདག་པོ་ཡིན་པའི་ཕྱིར་རོ། །ཡང་དེ་ནི་གསེར་ཞུན་མ་ལས་སེམས་ཅན་གྱི་གྱན་ལག་ཚང་བའི་གཟུགས་བྱས་པ་བཞིན་དུ་བལྟ་བར་བྱ་ཏེ། སྟོབས་ལ་སོགས་པའི་

(༡༡༦༤)ཡོན་ཏན་རིན་པོ་ཆེནའི་རྣམ་པ་ཐམས་ཅད་ཚང་མའི་ཕྱིར་རོ། །དེ་ལ་སྒྲིབ་པའི་བདག་ཆགས་སོང་བ་ནི་མི་རྟོག་པའི་ཡེ་ཤེས་ཁོ་ན་ཡིན་པས་དེའི་འབྲས་བུ་ནི་བྲལ་བའི་ཆ་གཙོ་བོར་བྱས་ཏེ་བསྟན་ལ། རྗེས་ལ་ཐོབ་པས་ཐབས་ཀྱི་རྣམ་པར་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱེད་དེའི་འབྲས་བུ་ནི་ཐོབ་པ་གཙོ་ཆེ་བས་བསྟན་ཏོ། །ད་ནི་ལས་ཀྱི་དོན་ལ་འཇུག་སྟེ། །ལས་ཀྱང་འདིར་ནི་སྒྱུ་ཡེ་ཤེས་གཉིས་པོའི་ལས་དང་། འབྲས་བུ་རྣམ་གྲོལ་དང་ཆོས་ཀྱི་སྐུའི་ལས་སོ། །དེ་ལྟར་ཆ་གཉིས་སུ་བཤད་པས་ནི་རྒྱུ་དང་འབྲས་བུ་ཤིན་ཏུ་རྗེས་སུ་མཐུན་པར་བརྗོད་པ་ཡིན་ནོ། །གནས་ཡོངས་སུ་གྱུར་པ་ནི་བྱང་ཆུབ་ཀྱི་མིང་གི་རྣམ་གྲངས་ཡིན་ལ། སློབ་པའི་ལམ་གྱི་འཛིན་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པ་མི་རྟོག་པའི་སྒྱུན་ཅན་གྱི་འབྲས་བུ་རྣམ་པར་གྲོལ་བ་ནི་ལས་གཅིག་གོ་ །དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་རྒྱུ་ཅན་དེ་འབྲས་བུ་ཆོས་ཀྱི་སྐུ་སྟེ་དེ་ལས་གཉིས་པ་ཡིན་ནོ། །དེ་ལྟ་བུའི་ལས་གཉིས་པོ་ཡང་གོ་རིམས་བཞིན་དུ་བྱང་བ་ཅང་ཆུབ་པྱིན་ཞིང་། གནས་ཡོངས་སུ་གྱུར་པ་ཉིད་ཀྱི་དབྱེ་བ་ཡིན་ནོ། །དེ་བཞིན་དུ་བྲལ་བའི་མིང་ཅན་གྱི་འབྲས་བུ་རྣམ་པ་གཉིས་པོ་གང་ཡིན་པའི་དོའི་ལས་ཀྱང་རང་གི་ངོན་ཕུན་སུམ་ཚོགས་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པར་བརྗོད་དོ། །དེ་ལ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་དང་གང་ཞེ་ན། ལན་ནི་ལས་གནག་ཞིག་བག་ཆགས་དང་བཅས་པའི་ཉོན་མོངས་པ་ལས་ཐར་བ་དང་ཤེས་བྱའི་སྒྲིབ་པ་ལས་ཐར་བའི་

(༡༡༦༥)ཕྱིར་སྒྲིབ་པ་གཉིས་མེད་པའི་ཆོས་ཀྱི་སྐུ་ཐོབ་པ་འདི་ནི་ཉེས་པ་ཟད་པ་རང་ཉིད་ཁོ་ནའི་ཡིན་པའི་ཕྱིར་སྤངས་པ་ལ་རང་གི་དོན་ཕུན་སུམ་ཚོགས་པར་བརྗོད་ལ། ཡང་ལས་གང་ཞིག་སྤངས་པ་དེའི་སྟེང་དུ་ཡང་སྟེ་སྤངས་པ་ཐོབ་ནས་ཕྱིས་འཛིན་རྟེན་ཇི་དྲིད་པར་རྟག་ཅིང་ལྷུན་གྱིས་གྲུབ་པའི་གནས་ཀྱིས་གཟུགས་ཀྱི་སྐུ་གཉིས་པོ་མཚན་དང་བཅས་ཏེ་གདུལ་བྱ་ལ་སྟོན་ཞིང་སྣང་བ་དང་། བསྟན་པ་གསུམ་རབ་ཡན་ལག་བཅུ་གཉིས་ལ་ཇི་ལྟར་བསྟན་པ་དང་ཧི་ཙམ་བསྟན་པ་ལ་དབང་འབྱོར་བ་སྟེ་སྐུ་དང་གསུང་གཉིས་ཀྱིས་འཇུག་པ་འདི་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པར་བརྗོད་དོ། །དེ་ལ་འཇུག་པ་ཞེས་བཤད་པ་ནི་སྤྱིར་སངས་རྒྱས་ཀྱི་བརྒྱད་དུ་རྣམ་པར་གཞག་པའི་ངོ་བོ་འབྲས་བུ་དང་ལས་རྣམས་ལྡོག་པས་བྱས་པའི་ཐ་དད་པ་མ་གཏོགས་པར་ངོ་བོ་ཉིད་གཅིག་པ་ཡིན་ལ། བྱེ་བྲག་ཏུ་འཇུག་པ་སྐུ་གསུམ་འཇིག་རྟེན་ཇི་སྲིད་པར་ཞེས་བྱ་བ་འདིས་བསྟན་ལ། བསམ་གྱིས་མི་ཁྱབ་པ་ནི་ལྷུན་གྱིས་གྲུབ་པས་ཤེས་བྱ་བ་འདིས་བསྟན་པ་ཡིན་ནོ། །དེ་ལྟར་ན་ལས་ཤེས་བྱ་བ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་དུ་བཤད་པ་དེ་ལ་ཉིད་ལས་བརྩམས་ཏེ་མདོར་བསྟན་པའི་ཚིགས་སུ་བཅས་པ་གསུམ་སྟེ། ཟག་པ་མེད་ཁྱབ་འཇིག་མེད་ཆོས་ཅད་ཏེ། །བརྟན་ཞི་རྟག་པ་འཕོ་མེད་

(༡༡༦༦)གནས་ཡིན་ནོ། །དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །འབྱུང་མེད་གཟུགས་དོན་ལྟ་དང་གཏམ་བཟང་ནི། །གཙང་མ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་རྣོམ་པ་འཕགས་ཆེན་དམ་ཆོས་སོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་སྒྱུར་འགྱུར་ཞིབ་མོར་བ་རམས་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་བྱ་བ་འདི་ཡིན་ཏེ། དེ་ལ་ཟག་པ་མེད་པ་དང་ཁྱབ་པ་ནི་རྣམ་པར་གྲོལ་བའི་སྐུའི་ཁྱད་པར་ཡིན་ལ། རྒྱུན་འཇིག་པ་མེད་པའི་ཆོས་ཅན་ནི་བརྟན་པ་དང་ཞི་བ་དང་རྟག་པ་དང་འཕོ་བ་མེད་པ་སྟེ་གཞན་དོན་གྱི་དུས་ཡིན་ལ། གནས་ནི་གཞན་དོན་གྱི་རྟེན་ཡིན་པས་ཁྱད་པར་གཉིས་སོ། །ཇི་ལྟར་རྟེན་ཡིན་ན་དེ་བཞིན་གཤེགས་པའི་བྱང་ཆུབ་ནི་ནམ་མཁའ་བྱིས་པ་རྣམས་ཀྱི་དབང་པོ་དྲུག་གི་ཡུལ་ཉམས་སུ་མྱོང་བའི་རྒྱུན་ཡིན་པ་བཞིན་དུ་དོན་དམ་པའི་དབང་པོ་དྲུག་གི་དོན་ནམ་ཡུལ་ཉམས་སུ་མྱོང་བའི་ཤེས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་གནས་སོ། ། དབང་པོ་དྲུག་གི་དོན་ནི་འབྱུང་བ་ལས་གྱུར་པ་མེད་པའི་གཟུགས་ཞིང་དག་པ་བཀོད་པ་སོགས་ལྟ་བ་དང་ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་གཏམ་བཟང་པོ་རྣམ་པར་རྟོག་པ་མེད་པའི་གཙང་བ་མཉན་པ་དང་། བདེ་བར་གཤེགས་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་འབྱུང་བའི་དྲི་འཁོར་བའི་དྲི་ང་བ་མེད་པའི་གཙང་མ་སྣོམ་པ་དང་།

(༡༡༦༧)འཕགས་པ་ཐེག་པ་ཆེན་པོའི་ཆོས་ལ་གནས་པའི་དམ་པའི་ཆོས་དོན་དམ་པའི་རོ་མྱོང་བ་དང་། བྱང་ཆུབ་སེམས་དཔའི་ཡིད་ཀྱི་ལུས་ཏིང་ངེ་འཛིན་གྱིས་ཤིན་དུ་སྦྱངས་པའི་རེག་པའི་བདེ་བ་ཉམས་སུ་མྱོང་བ་དང་། རང་གི་ངོ་བོ་ཉིད་ཀྱིས་ཟབ་པ་དོན་དམ་པའི་ཆོས་ཀྱི་ཚུལ་ཡིད་ཀྱིས་རྟོགས་པའི་སྒྱུར་འགྱུར་ལ། འཇིག་རྟེན་ལས་འདས་པའི་ཤེས་པ་ཞིབ་མོས་བསམས་པ་ན་དོན་དམ་པའི་བདེ་བ་མཛད་པའི་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྐྱེད་པར་བྱེད་པའི་རྒྱུའི་མཚན་ཉིད་རྣམས་དང་བྲལ་གྱི། གོ་འབྱེད་པ་ཙམ་གྱི་རྒྱུ་ཡིན་ཏེ། ནམ་མཁའ་མིག་ལ་སོགས་པའི་ཤེས་པ་རྣམས་ཀྱི་རྒྱུ་མཚན་གྱི་སྒྱུར་འགྱུར་པ་ཡིན་གྱི། བསྐྱེད་པར་བྱེད་པའི་རྒྱུ་མ་ཡིན་པ་བཞིན་ནོ། །འདིར་ཟག་པ་མེད་པ་དང་ཁྱབ་པ་ནི་སངས་རྒྱས་དང་བྱང་ཆུབ་ཀྱི་ངོ་བོ་ནིད་ཡིན་པས་ཇི་ལྟར་ན་སེ་སངས་རྒྱས་ཀྱི་རྣག་གི་དོན་དུ་འགྱུར་ཏེ། བུམ་པའི་སྲ་བ་དང་ཁོང་སྟོང་བུམ་པའི་འབྲས་བུ་མ་ཡིན་པ་བཞིན་ནོ་ཞེ་ན། དེ་ནི་བདེན་མེད་ཀྱི། འདི་དང་སངས་རྒྱས་དཀོན་མཆོག་གི་སྐབས་ལ་སོགས་པར་རང་གི་དོན་བཤད་པ་ནི་བྱང་ཆུབ་སེམས་དཔའི་རྣམས་ཀྱི་བསམ་པ་དང་སྦྱར་ནས་ཐོག་མར་རང་ཉིད་དུལ་བར་བྱས་ནས་ཕྱ་ནས་གཞན་གདུལ་བྱར་བྱའོ་སྙམ་པའི་བསམ་པ་འདི་ལ་རང་ཞེས་བྱ་བར་བཏགས་ནས་དེའི་འབྲས་བུ་ཡིན་པའི་ཕྱིར་རང་གི་དོན་ཞེས་བརྗོད་པ་ཡིན་ཏེ། ཡོན་ཏན་མཐའ་ཡས་པར་བསྟོད་པར། འགའ་ཞིག་རྣག་ཉིད་མ་དུལ་བཞིན་དུ་རིགས་པར་ལྡན་པའི་ཚིག་སྨྱས་པས།

(༡༡༦༨)རང་གི་ཚིག་དང་འགལ་བར་སྤྱོད་པས་གཞན་དག་གདུལ་བར་མི་བུས་ཤེས། ཁྱོད་ཀྱིས་དགོངས་ནས་དེ་རུང་འགྲོ་བ་མཐའ་དག་ཐུགས་ལ་གཞག་མཛད་ནས། །རེ་ཤིག་བདག་ཉིད་མ་དུལ་བ་ཉིད་དུལ་བར་མཛད་ཕྱིར་བརྩོན་པ་ལགས། ཤེས་གསུངས་པ་ལྟར་རོ། །ཚོགས་སུ་བཅད་པ་གསུམ་པོ་འདིའི་དོན་རྒྱས་པར་བཤད་ན་བསྐལ་པར་ཡང་བརྗོད་དུ་རུང་མདོ་ཀྱི། མདོར་བསུ་ན་ཚིགས་སུ་བཅད་པ་བརྒྱད་ཀྱིས་བཤད་པ་ཙམ་རེ་ཤིག་རིག་པར་བྱ་སྟེ། མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་རུ་འདི་ནི་ཤེས་བྱ་སྟེ། །གྲོལ་བའི་སྐུ་ནི་རྫོགས་པ་དང་། །ཆོས་ཀྱི་སྐུ་ནི་སྦྱོང་བའོ། །རྣམ་གྲོལ་ཆོས་ཀྱི་སྐུ་དག་ནི། །རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ། །ཟག་པ་མེད་ཕྱིར་ཁྱབ་པའི་ཕྱིར། །འདུས་བར་བྱས་ཕྱིར་གནས་ཉིད་ཀྱིས། །ཉོན་མོངས་རྣམས་ནི་བག་ཆགས་དང་། བཅས་པ་འགགས་ཕྱིར་ཟག་མེད་དོ། །ཆགས་མེད་ཐོགས་པ་མེད་པའི་ཕྱིར། །ཡེ་ཤེས་ཁྱབ་པ་ཉིད་དུ་འདོད། །གཏན་དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། འཇིག་མེད་ཉིད་ནི་བསྟན་པ་སྟེ། །བརྟན་སོགས་རྣམས་ཀྱིས་དེ་བཤད་དོ། །འཇིག་པ་རྣམ་བཞིར་ཤེས་བྱ་སྟེ། །བརྟན་སོགས་དག་ལས་བཟློག་ཕྱིར་རོ། །མྱགས་དང་རྣམ་འགྱུར་ཆད་པ་དང་། །བསམ་མི་ཁྱབ་འགྱུར་འཕོ་བ་སྟེ། །དེ་མེད་ཕྱིར་ན་བརྟན་ཞི་དང་། །རྟག་དང་འཕོ་མེད་ཤེས་པ་དང་། །དྲི་མེད་ཤེས་དེ་དཀར་པོ་ཡི། །ཆོས་ཀྱི་རྟེན་ཡིན་ཕྱིར་ན་གནས། །ཇི་ལྟར་རྒྱུ་མིན་

(༡༡༦༩)ནམ་མཁའ་ནི། །གཟུགས་མཐོང་བ་དང་སྒྲ་དང་དྲི། །རོ་དང་རེག་དང་ཆོས་རྣམས་ནི། །ཐོས་ལ་སོགས་པའི་སྒྱུ་ཡིན་ལྟར། །དེ་བཞིན་སྐུ་གཉིས་སྒྲིབ་མེད་པའི། །སྦྱོར་བས་བརྟེན་པའི་དབང་དོན་ལ། །ཟག་པ་མེད་པའི་ཡོན་ཏན་དག་ །སྐྱེ་བ་ཡི་ནི་རྒྱུ་ཡིན་ནོ། །ཞེས་བྱ་བ་རྣམས་སོང་། །ཡེ་ཤེས་ཀྱི་ལས་མདོར་བསྡུ་ན་མི་རྟོག་པའི་ཡེ་ཤེས་ཀྱིས་གྲོལ་བ་སྐུ་རྫོགས་པའམ་གྲུབ་པར་བྱེད་པ་དང་། རྗེས་ཐོབ་ཀྱིས་ཆོས་ཀྱི་སྐུའི་དྲི་མ་སྦྱོང་བར་བྱེད་པའོ། །འདིར་ཡང་སྒྲུབ་པ་དང་སྦྱོང་བར་བྱེད་པ་གཉིས་ཡེ་ཤེས་གཉིས་དངོས་ཀྱི་ལས་ཡིན་ལ། །གྲོལ་བའི་སྐུ་དང་ཆོས་ཀྱི་སྐུ་ཉིད་ནི་བརྒྱུད་པའི་ལས་སོ། །འབྲས་བུ་གཉིས་པོ་དེའི་ལས་ཀྱི་གྲོལ་བའི་སྐུའི་ལས་ནི་ཟག་པ་མེད་པ་དང་ཁྱབ་པ་གཉིས་དང་། ཆོས་ཀྱི་སྐུའི་ལས་ནི་འདུས་མ་བྱས་པའི་གནས་ཤེས་བྱ་བ་རྣམ་པ་གཅིག་ཏུ་ཤེས་པར་བྱ་སྟེ། འདི་ལྟར་དང་པོ་ཟག་པ་མེད་པའི་ཕྱིར་དང་། གཉིས་པ་ཁྱབ་པའི་ཕྱིར་དང་། འདུས་མ་བྱས་པའི་གནས་ནི་གཅིག་ཡིན་པའི་ཕྱིར་རོ། །དེ་དག་གི་གཏན་ཚིགས་སྒྲུབ་པ་ནི་རྣམ་པར་གྲོལ་བའི་སྐུ་ནི་ཟག་པ་མེད་པ་ཡིན་ཏེ། ཉོན་མོངས་པ་རྣམས་བག་ཆགས་དང་བཅས་ཏེ་འགགས་པའི་ཕྱིར་རོ། །གྲོལ་བའི་ཡེ་ཤེས་ནི་ཁྱབ་པ་ཉིད་དུ་ཡང་འདོད་དེ། །ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པའི་སྒྲོབ་པ་མེད་པའི་རོ། །ཆོས་ཉི་སྐུ་ནི་འདུས་མ་བྱས་པ་ཡིན་ཏེ། གཏན་དུ་འཛིན་

(༡༡༧༠)པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་འཇིག་པ་མེད་པ་ཉིད་ཅེས་བྱ་བ་ནི་མདོར་བསྟན་པ་སྟེ། བརྟན་པ་ལ་སོགས་པ་བཞི་པོ་རྣམས་ཀྱིས་ནི་འཇིག་པ་མེད་པ་ཉིད་དེ་རྒྱས་པ་བཤད་དོ། །དེ་ཡང་བརྟན་པ་ལ་སོགས་པའི་ཆོས་བཞི་པོ་ལས་བཟློག་པས་དགག་པར་བྱེ་བ་འཇིག་པ་ནི་རྣམ་པ་བཞིར་ཤེས་པ་བྱེ་སྟེ། ཤ་དུལ་པ་ལྟ་བུར་མྱགས་ཤིང་ཞན་པར་གྱུར་པ་དང་། དཀར་པོ་དམར་པོར་འགྱུར་བ་ལྟ་བུར་གཞན་དུ་རྣམ་པར་འགྱུར་བ་དང་། བ་མོ་བསྐམས་པ་ལྟར་རྒྱུན་ཆད་པ་དང་། བསམ་གྱིས་མི་ཁྱབ་པའི་རསཧ་པས་འཆི་འཕོ་བ་རྣམས་ཏེ། དེ་ལྟར་ན་ཆོས་ཀྱི་སྐུ་ནི་བརྟན་པར་ཤེས་པར་བྱ་སྟེ། མྱགས་པ་མེད་པའི་ཕྱིར་རོ། །ཞི་བར་ཤེས་པར་བྱ་སྟེ། རྣམ་པར་འགྱུར་བ་མེད་པའི་ཕྱིར་རོ། །རྟག་པར་ཤེས་པར་བྱ་སྟེ། རྒྱུན་ཆད་པ་མེད་པའི་ཕྱིར་རོ། །ཆོས་ཀྱི་སྐུ་རྟོགས་པའི་ཤེས་པ་དེ་ནི་དཀར་པོ་ཟག་པའི་དྲི་མ་མེད་པའི་རྣམ་པར་བྱང་བའི་ཆོས་ཀྱི་རྟེན་ཡིན་པའི་ཕྱིར་ན་གནས་སུ་ཤེས་པར་བྱ་སྟེ། །དེ་ཡང་རྒྱས་པར་བཤད་ན་དཔེ་ཇི་ལྟར་སྐྱེད་བྱེད་ཀྱི་སྒྱུ་མ་ཡིན་ཡང་ནམ་མཁའ་ནི་བྱིས་པ་རྣམས་ཀྱི་མིག་གིས་གཟུགས་མཐོང་བ་དང་སྒྲ་ཐོས་པ་དང་། སོགས་པ་སྟེ་སྣས་དྲི་སྣོམ་པ་དང་ལུས་རོ་མྱང་བ་དང་ལུས་ཀྱིས་རེག་པར་བྱ་བ་ལ་རེག་པ་དང་ཡིད་ཀྱིས་ཆོས་རྣམ་པར་ཤེས་པའི་རྒྱུ་ཡིན་

(༡༡༧༡)པ་ལྟར། དེ་བཞིན་དུ་རྣམ་པར་བྱང་བའི་སྐབས་སུ་ཡང་གྲོལ་བ་དང་ཆོས་ཀྱི་སྐུ་གཉིས་པོ་ནམ་མཁའི་ལྟར་སྒྲིབ་པ་མེད་པའམ་ཚུལ་གྱིས་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་དབང་པོ་དྲུག་གིས་ཟག་པ་མེད་པའི་གཟུགས་ལ་སོགས་པའི་དོན་ཏེ་ཡུལ་ལ་ཟག་པའི་མེད་པའི་ཡོན་ཏན་དང་པོ་དོགས་དྲུག་པོ་དགས་སྐྱེ་བའི་རྒྱུ་མཚན་གྱི་རྒྱུ་ཡིན་ནོ། །དེ་དག་གིས་ནི་ལས་རྒྱས་པར་བཤད་དོ། །ད་ནི་ལྷན་པའི་དོན་འཆད་དེ། འདིར་གྲོལ་བ་དང་ཆོས་ཀྱི་སྐུའི་རང་བཞིན་གྱི་སངས་རྒྱས་ནམ་མཁའ་ལྟ་བུར་བཤད་པ་དང་། །ཇི་སྐད་དུ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་སངས་རྒྱས་ནམ་མཁའི་མཚན་ཉིད་དོ་ཞེས་བཤད་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་བྱིས་པ་དང་སློབ་པའི་འཕགས་པ་རྣམས་ལ་ཅི་རིགས་པར་སྣང་བ་ཡིན་པས་འདྲེ་བར་གནས་པ་ཡིན་ལ། ནམ་མཁའི་མཚན་ཉིད་དུ་བཤད་པ་དེ་ནི་འཕགས་པ་སློབ་པ་རྣམས་དང་ཡང་མ་འདྲེས་ཤིང་ཐུན་མོང་མ་ཡིན་པ་སངས་རྒྱས་ཉིད་ཀྱི་རང་བྱུང་གི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་དོན་དམ་པ་ཆོས་ཀྱི་སྐུའི་མཚན་ཉིད་ལ་དགོངས་གསུངས་པ་ཡིན་ཏེ། གང་གི་ཕྱིར་ཏེ་རྡོ་རྗེ་གཅོད་པ་གང་ལས་གལ་ཏེ་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་ཉིད་ཕྱག་དང་ཞབས་ལ་འཁོར་ལོ་མཚན་པ་མ་སོགས་པ་སུམ་བཅུ་རྩ་གཉིས་ཀྱིས་མཚོན་བྱ་དེ་བཞིན་གཤེགས་པ་བལྟ་བར་འགྱུར་བ་ཡིན་ན་ནི། དེས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་མཚན་སུམ་བཅུ་རྩ་གཉིས་དང་ལྡན་

(༡༡༧༢)པའི་ཕྱིར་དེ་བཞིན་གཤེགས་པར་ཐལ་བར་འགྱུར་རོ་ཞེས། མཚན་སུམ་བཅུ་རྩ་གཉིས་ཀྱིས་སངས་རྒྱས་སུ་མཚོན་མི་ནུས་ཀྱི། སངས་རྒྱས་སུ་བྱེད་པའི་ཆོས་ཆོས་ཀྱི་སྐུ་ཉིད་ཀྱིས་སངས་རྒྱས་སུ་མཚོན་པར་ནུས་སོ་ཞེས་བྱ་བའི་དོན་འདི་གསུངས་པ་ཡིན་ནོ། །དེས་ན་དེ་ལ་གང་ལ་ལྡན་པའི་པའི་རྟེན་ནི་ཆོས་ཀྱི་སྐུ་ཡིན་པས་ལྡན་པའི་ཡོན་ཏན་རྣམས་ཀྱང་དོན་དམ་པ་ཡིན་པའི་དོན་ལས་བརྩམས་ནས་ཚིགས་སུ་བཅད་པ། བསམ་མེད་རྟག་བརྟན་ཞི་བ་གཡུང་དྲུང་ཉིད། །རབ་ཏུ་ཞིང་ཁྱབ་རྟོག་བྲལ་ནམ་མཁའ་བཞིན། །ཆགས་མེད་ཀུན་ཏུ་ཐོགས་མེད་རྩུབ་རེག་སྤངས། །བལྟར་གཟུང་མེད་དགེ་སངས་རྒྱས་དྲི་མ་མེད། །ཅེས་བྱ་བ་གསུངས་པ་ཡིན་ཏེ། རྟེན་ཆོས་ཀྱི་སྐུའམ་བྱང་ཆུབ་དེ་ལ་བརྟེན་པ་ཡོན་ཏན་ནི་བསམ་དུ་མེད་པ་དང་རྟག་པ་དང་བརྟན་པ་དང་ཞི་བ་དང་གཡུང་དྲུང་ཉིད་དང་རབ་ཏུ་ཞི་བ་དང་ཁྱབ་པ་དང་རྟོག་པ་དང་བྲལ་བ་དང་ནམ་མཁའ་བཞིན་དུ་ཆགས་པ་མེད་པ་དང་ཀུན་དུ་ཐོགས་པ་མེད་པ་དང་རྩུབ་པའི་རེག་པ་སྤངས་བ་དང་བལྟར་མེད་པ་དང་གཟུང་དུ་མེད་པ་དང་དགེ་བ་དང་དྲི་མ་མེད་པ་ཞེས་བྱ་བའི་བཅོ་ལྔ་པོ་ནི་སངས་རྒྱས་ཀྱི་ཡོན་ཏན་ཡིན་ནོ། །དེ་མིན་མདོར་བསྟན་ལ། ཚིགས་སུ་བཅད་པ་འདིའི་དོན་རྒྱས་པར་བཤད་པ་ནི་ཚིགས་སུ་བརྒྱད་ཀྱི་རིག་པར་བྱ་སྟེ། བརྒྱད་པོ་གང་དག་ཅེ་ན། རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས། །རང་དང་གཞན་གྱི་དོན་བསྟན་ཏེ། །རང་གཞན་དོན་རྟེན་དེ་ལ་ནི། །བསམ་མི་ཁྱབ་སོགས་ཡོན་ཏན་ལྡན། །ཐམས་ཅད་མཁྱེན་

(༡༡༧༣)པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བརྟས་པའི་ཁྱིམ་གནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །སྐྱེ་དང་བྲལ་ཕྱིར་རྟག་པ་སྟེ། །འགག་པ་མེད་ཕྱིར་བརྟན་པ་ཡིན། །གཉིས་མེད་ཕྱིར་དེ་ཞི་བ་སྟེ། །གཡུང་དྲུང་ཆོས་གནས་ཕྱིར་རོ། །རབ་ཞི་འགོག་པའི་བདེན་པའི་ཕྱིར། །ཐམས་ཅད་རྟོགས་ཕྱིར་ཁྱབ་པ་ཉིད། །གནས་པ་མེད་ཕྱིར་རྟོག་མེད་དེ། །ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། ཤེས་བྱའི་སྒྲིབ་ཀུན་དག་པའི་ཕྱིར། །ཐམས་ཅད་དུ་ནི་ཐོགས་པ་མེད། །གཉིས་མེད་ལས་སུ་རུང་བའི་ཕྱིར། །རྩུབ་པའི་རེག་དང་བྲལ་བ་ཡིན། །དེ་གཟུགས་མེད་ཕྱིར་བལྟར་ལ། ཆོས་ཀྱི་སྐུ་དག་གིས་གཞན་གྱི་དོན་སྒྲུབ་པར་བསྟན་ཏེ། །རང་དང་གཞན་གྱི་དོན་ཞེས་བྱ་བའི་ལས་གཉིས་པོ་དེའི་རྟེན་སྐུ་གཉིས་པོ་དེ་ཉིད་ལ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཡོན་

(༡༡༧༤)ཏན་དང་ལྡན་པའི་ཕྱིར་ལས་དང་ལྡན་པ་དག་གི་རྟེན་གཅིག་གོ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེས་ན་བསམ་གྱིས་མི་ཁྱབ་པ་ལ་རོགས་པའི་ཡོན་ཏན་རྣམས་ཀྱང་ལས་ཀྱི་ཁྱད་པར་ཟག་པ་མེད་པ་ལ་སོགས་པ་དེ་དག་ཉིད་ཡོན་ཏན་དུ་བྱས་ཏེ་ལྡན་པས་རྒྱས་པར་བཤད་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་བསམ་གྱིས་མི་ཁྱབ་པར་ཞེས་བྱ་བ་འདིས་ནི་ཡོན་ཏན་གྱི་རྟེན་དོན་དམ་པས་བསྡུས་པ་ཡིན་པས་གཞན་གྱི་ཡུལ་མ་ཡིན་པ་མ་འདྲེས་པའི་ཆོས་ཤེས་བྱ་བ་དེ་བརྗོད་དེ། འདི་ལྟར་ཡེ་ཤེས་ཀྱི་སྐུ་དེ་ནི་ཐམས་ཅད་མཁྱེན་པའི་ཁོ་ནའི་ཡུལ་གྱི་ལུས་ཅན་ས་བཅུ་པ་མན་ཆད་ཀྱི་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཡུལ་མ་ཡིན་ཏེ། །ལ་བའི་ན་ཟ་ཅན་གྱིས། སྒྲའི་རང་བཞིན་སྦོམ་པོར་བཤད། །དེ་བཞིན་ནང་གི་བདག་ཉིད་ཕྲ། །ཞེས་གསུངས་པ་ལྟར་རོ། །འཕགས་པའི་ཡེ་ཤེས་དམ་པ་ཡིན་པའི་ཕྱིར་བསམ་པ་ལས་བྱུང་བའི་ཤེས་རབ་ཅེས་བྱ་བ་རིགས་པའམ་རྗེས་སུ་དཔག་པའི་ཤེས་པའི་ཡུལ་ཡང་མ་ཡིན་ནོ། །རབ་ཏུ་ཟབ་ཅིང་དངོས་པོ་སྣང་བའི་དད་ཅན་གྱི་བློས་མི་རྟོགས་པའི་དོན་དམ་པ་ཡིན་པའི་ཕྱིར་འཇིག་རྟེན་པའི་སྒོམ་པའི་ཤེས་པའི་ཡུལ་རང་མཚན་ཡང་མ་ཡིན་ལ། སོགས་པས་འཇིག་རྟེ་ལས་འདས་པའི་སྒོམ།

(༡༡༧༥)པ་ལས་བྱུང་བ་སློབ་པའི་འཕགས་པ་རྣམས་ཀྱི་དང་ཕྱོགས་ཙམ་ལས་མཐའ་དག་པའི་ཡུལ་མ་ཡིན་ནོ། །དེ་ལས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཡུལ་མ་ཡིན་པས་ནི་ལུང་གི་ཚད་མའི་ཡུལ་མ་ཡིན་པར་བསྟན་ལ། བསམ་པ་ལས་བྱུང་བའི་ཡུལ་མ་ཡིན་པས་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་མ་ཡིན་པར་བསྟན་ཞིང་། འཇིག་རྟེན་པའི་སྒོམ་པའི་ཡུལ་མ་ཡིན་པར་བསྟན་པས་ནི་འཇིག་རྟེན་པའི་མངོན་སུམ་གྱི་ཡུལ་མ་ཡིན་པར་བསྟན་ཏོ། །དེ་ལྟར་ན་འདིར་ཡུལ་མ་ཡིན་བཀག་པ་ནི་ཇི་ལྟ་བ་བཞིན་དུ་ལེགས་པར་གཞལ་བ་བཀག་པ་ཡིན་གྱི། །སྤྱིར་ཡུལ་ཙམ་ཡང་མ་ཡིན་པར་སྨྲས་ན་ནི་དོན་དམ་པ་འདི་ལུང་གི་ཤེས་པའི་ཡུལ་མ་ཡིན་ནོ་ཞེས་སྨྲས་ན་སྙིང་པོ་མེད་པའི་སྨྲ་བར་འགྱུར་ཏེ། རང་གི་ཚིག་དང་འགལ་བར་འགྱུར་བ་ཡིན་ནོ། །འཇིག་རྟེན་པའི་སྒོམ་པ་ལས་བྱུང་བས་མི་རྟོགས་པའི་རྒྱུ་མཚན་གང་གི་ཕྱིར་མུས་ལོང་གིས་ཚེ་དེར་གཟུགས་ནམ་ཡང་མཐོང་བ་མེད་པ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡེ་ཤེས་དེ་སྔོན་ནམ་ཡང་མཐོང་བ་མེད་པའི་ཕྱིར་རོ། །དེས་ན་སྔ་ཕྱིའི་རྟོག་པ་དང་བྲལ་བའི་བར་མའི་ཤེས་པ་ལ་འདི་དོན་དམ་པའི་ཡེ་ཤེས་ཡིན་ནོ་ཞེས་སྨྲ་བར་མ་བྱེད་ཅིག་ བྱིས་པར་མ་ཟད་བྱང་ཆུབ་སེམས་དཔའི་འཕགས་པ་རྣམས་ཀྱིས་ཀྱང་བཅས་ནས་ཞག་བདུན་ལོན་པའི་ཁྱིམ་ན་བུ་ཆུང་དེས་ཉི་མའི་གཟུགས་ལ་བལྟ་མི་ཕོད་པ་བཞིན་དུ་ཆོས་ཀྱི་ཏུའི་ཡེ་ཤེས་ཅུང་ཟད་ཙམ་ཞིག་མཐོང་བ་ལས་མེད་དོ་ཞེས་

(༡༡༧༦)སྔར་ལུང་དང་བཅས་ཏེ་བཤད་ཟིན་ཏོ། །ཆོས་ཀྱི་སྐུ་ནི་རྒྱུན་གསར་དུ་སྐྱེ་བ་དང་བྲལ་བའི་ཕྱིར་རྟག་པའི་ཐ་སྙད་ཀྱིས་བརྗོད་ལ། རྒྱུན་འགག་པ་མེད་པའི་ཕྱིར་བརྟན་པ་ཡིན་ནོ། །ལས་དང་ཉོན་མོངས་པ་གཉིས་མེད་པའི་ཕྱིར་འགོག་པའི་རང་བཞིན་ཞི་བ་ཡིན་ནོ། །དེ་ལ་དྲུང་ནི་རྩ་བའི་མིང་གི་རྣམ་གྲངས་ཡིན་ལ། གཡུང་ནི་བརྟན་པའི་མིང་གི་རྣམ་གྲངས་ཡིན་པས་རྩ་བ་ནས་བརྟན་ཏེ་གདོད་མ་ནས་སེམས་ཀྱི་ཆོས་ཉིད་དུ་གནས་པའི་ཕྱིར་རོ། །ཉོན་མོངས་པའི་མེ་རབ་ཏུ་ཞི་བ་ཡིན་ཏེ། གཞི་གང་དུ་འཁོར་བའི་འདུ་ཤེས་གཏན་འགགས་པའི་འགོག་པའི་བདེན་པ་ཡིན་པའི་ཕྱིར་རོ། །ཤེས་བྱ་ཐམས་ཅད་རྟོགས་པའི་ཕྱིར་ཡུལ་མཐའ་དག་ལ་ཁྱབ་པ་ཉིད་དོ། །གནས་སམ་དམིགས་པའི་མཚན་མ་མེད་པའི་ཕྱིར་རྟོག་པ་མེད་པ་ཡིན་ནོ། །ཉོན་མོངས་པའི་སྒྲིབ་པས་སྤངས་པའི་ཕྱིར་ཆགས་པ་མེད་ལ། ཤེས་བྱའི་སྒྲིབ་པ་ཀུན་ནས་དག་པའི་ཕྱིར་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་ཡིན་ནོ། །འདིར་གཉིས་མེད་ཅེས་པ་ས་སྐྲྀ་ཏ་ལ་སྨྲི་དུ་སྟེ་འཇམ་པོ་ཡིན་ལ། ནག་ཆོས་ཀྱང་འཇམ་པོར་འདོན་ཏེ། ལུས་དང་སེམས་ཀྱི་གནས་ངན་ལོན་གཉིས་དང་བྲལ་བས་འཇམ་ཞིང་སེམས་མི་དམིགས་པ་ལ་ཤིན་དུ་ལས་སུ་རུང་བའི་ཕྱིར་རྩུབ་པའི་རེག་པ་དང་བྲལ་བ་ཡིན་ནོ། །ཆོས་སྐུ་དེ་ལ་གཟུགས་མེད་པའི་ཕྱིར་མིག་གིས་བལྟ་བར་བྱར་མེད་ལ། དངོས་པོ་སྣ་ཚོགས་ཀྱི་མཚན་མ་མེད་པའི་ཕྱིར་ཡིད་ཀྱི་རྟོག་པས་ཀྱང་གཟུང་དུ་མེད་དོ། ཁྱད་པར་གཉིས་པོ་འདིས་ནི་བལྟར་

(༡༡༧༧)མེད་པས་ཐོས་པ་སོགས་མེད་པ་ཡང་མཚོན་ལ། མཚན་མ་མེད་པས་ཡིད་ཀྱི་ཤེས་པའི་ཡུལ་ཡང་མ་ཡིན་པར་བསྟན་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་གི་ཡུལ་མ་ཡིན་ཞེས་པའོ། །རང་བཞིན་གྱིས་དག་པའི་ཕྱིར་དགེ་ཞིང་མཛེས་པ་ཡིན་ལ། བློ་བུར་གྱི་དྲི་མ་མཐའ་དག་སྤངས་པའི་ཕྱིར་དྲི་མ་མེད་པ་ཡིན་ནོ། །དེལ་བསམ་མེད་ཅེས་བྱ་བས་ཡོན་ཏན་གྱི་རྟེན་དོན་དམ་པ་ཡིན་པར་བསྟན་ལ། རྟག་བརྟན་སོགས་ཡིས་ནི་ལས་ཀྱི་སྐབས་ཀྱི་འདུས་མ་བྱས་པའི་དོན་ཉིད་བཤད་ཅིང་། རབ་ཏུ་ཞི་བས་ནི་ཟག་པ་མེད་པ་བསྟན་ལ། ཁྱབ་པས་ནི་ཁྱབ་པ་ཞེས་བྱ་བ་ཉིད་བསྟན་ལ། ཁྱབ་པས་ནི་ཁྱབ་པ་ཞེས་བྱ་བ་ཉིད་བསྟན་ཞིང་། རྟོག་པ་མེད་པ་དང་ཆགས་པ་མེད་པ་དང་ཐོགས་པ་མེད་པས་ཀྱང་ཆགས་མེད་ཐོགས་པ་མེད་པའི་ཕྱིར་ཞེས་བྱ་བ་ཉིད་རྒྱས་པར་བཤད་ཅིང་། ལས་སུ་རུང་བར་བསྟན་པས་ནི་ལས་ཀྱི་སྐབས་སུ་གཞན་གྱི་དོན་ལ་ཇི་ལྟར་འཇུག་པ་རྣམས་བསྟན་ཏེ། དེ་ལྟར་ན་ལས་དང་ལྡན་པའི་དོན་བཤད་པ་གཉིས་ནི་རྟེན་གཅིག་ལ་སྦྱར་ཏེ་བཤད་པའི་དོན་ལེགས་པར་གྲུབ་པ་ཡིན་ནོ། །དེ་ལ་ལྡན་པ་ནི་འབྲེལ་པའི་དོན་ཡིན་པས་ཡོན་ཏན་རྣམས་ལས་དང་འབྲེལ་ལས་ནི་སྐུ་གཉིས་ཀྱི་མཚན་ཉིད་ཅན་ཆོས་ཀྱི་སྐུ་དང་འབྲེལ་ལོ་ཞེས་བྱ་བར་ཤེས་པར་བྱའོ། །ལྡན་པ་བཤད་ཟིན་ཏོ། །ད་ནི་འཇུག་པ་བརྗོད་པར་བྱ་བ་ལ། གང་ལས་འཇུག་པ་ནི་དེ་བཞིན་གཤེགས་པ་ཉིད་དེ། ཆོས་ཉིད་བྱང་ཆོབ་བོ། །དེ་ལྟ་བུ་

(༡༡༧༨)འདི་ནི་ནམ་མཁའི་ལྟར་འདུས་མ་བྱས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སོགས་དང་རྣམ་པར་དགྱེར་མེད་པར་འཇུག་སྟེ། དེ་ལྟར་འདུས་མ་བྱས་ཀྱི་ངོ་བོ་ཡིན་ཡང་འདུས་བྱས་པ་དང་མ་བྱས་པའི་སྐུ་ཐ་དད་པས་འཇུག་སྟེ། འདི་ལྟར་འགྲོ་བ་ལ་ཕྱི་མ་ལ་ཕན་པ་དང་འདི་ལ་བདེ་བའི་རྒྱུར་ངོ་བོ་ཉིད་ཀྱི་སྐུ་དང་། རྫོགས་པར་ལོངས་སྤྱོད་པའི་སྐུ་དང་། སྤྲུལ་པའི་སྐུ་སྟེ་གསུམ་པོས་འཇུག་གོ །གཟུགས་ཀྱི་སྐུས་འཇིག་རྟེན་གྱི་དྲི་མ་མེད་པའི་སྐུ་གསུམ་གྱིས་རྒྱུན་མི་འཆད་པར་འཇུག་ལ། ཡང་དང་ཡང་དུ་འཇུག་པ་ལ་ཡང་རྒྱུན་མི་འཆད་པའི་སྒྲ་ཡོད་མོད། འདིར་བར་ཆད་མེད་པར་འཇུག་པས་རྒྱུན་མི་འཆད་པར་འཇུག་ལ། དེ་ཡང་རྣམ་རྟོག་མེད་པར་འཇུག་པས་ལྷུན་གྱིས་གྲུབ་པར་འཇུག་པར་བལྟ་བར་བྱ་སྟེ། །མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་ཏེ་མ་འདྲེས་པ་ལས་འཇུག་པ་ཡིན་ནོ། །ཇི་ལྟར་འཇུག་མེ་ན། འདུས་མ་བྱས་དེ་ལས་བསམ་གྱིས་མི་ཁྱབ་པའི་ཐབས་ཆེན་པོ་དང་སྙིང་རྗེ་དང་ཡེ་ཤེས་ཀྱི་སྟོབས་དང་མཐུ་སྟེ་ནུས་པར་ལྡན་པའི་ཆོས་གཉིས་པོ་ཡོངས་སུ་སྦྱོང་ཞིང་དག་པའི་ཁྱད་པར་ལས་འཇུག་སྟེ། དུས་ནི་སྲིད་པ་ཇི་སྲིད་ཀྱི་བར་དུའི། །འཇུག་པ་གསུམ་ཡོད་པ་དེ་ལ་འཇུག་པའི་དོན་ལས་བརྩམས་ནས་གསུམ་པོ་སངས་རྒྱས་ཀྱི་སྐུ་གསུམ་དུ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཞི་སྟེ། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག

(༡༡༧༩)མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་གཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །གཞལ་མེད་གང་གའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་པ་རྣམ་སྤངས་པ། །སྣ་ཚོགས་དམ་ཆོས་འོད་ཟེར་མངལ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། །འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེར་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་མཁས་དུ་གཟུགས་ཀྱི་མཁས་བཞིན་ནོ། །ཞེས་བྱ་བ་ལ་འདིར་མདོ་ལས། ས་བོན་previous hit ཀུནགཞིརྣམརྣམཤེས next hit་ཀྱི། །རྒྱུན་ལ་གང་ཟག་ཅེས་བརྗོད་དོ། །ཞེས་གསུངས་པ་དང་། །སློབ་དཔོན་ལ་ལོགས་ལྡན་འབྱེད་ཀྱིས། །ཁོ་བ་ཅག་ཀྱང་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། དེ་ཉིད་སྲིད་པ་ལེན་པའི་ཕྱིར་རོ། །ཞེས་བདག་ཏུ་གདགས་པའི་གཞི་རྣམ་པར་ཤེས་པ་ལ་མཛད་ནས་གང་ཟག་ཏུ་གདགས་པའི་གཞི་སིང་རྟའི་ཡན་ལགས་ལ་ཤིང་རྟར་གདགས་པ་བཞིན་དུ་ཕུང་པོ་རྣམས་ལ་བརྟེན་ནས་གག་ཟག་གུ་གདགས་པར་བཞེད་དོ། །དེ་བཞིན་དུ་བདག་མེད་པར་རྟོགས་པའི་ཤེས་རབ་དང་། སེམས་ཅན་མཐའ་དག་ལ་

(༡༡༨༠)དམིགས་པའི་སྙིང་རྗེ་གཉིས་གདགས་གཞིར་བྱས་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གང་ཟག་འདོགས་པ་དེ་བཞིན་དུ་བྱང་ཆུབ་དང་གནས་གྱུར་པའི་དེ་བཞིན་ཉིད་གཉིས་མིང་ཐ་དད་ཀྱང་དོན་གཅིག་པ་དེ་གདགས་གཞིར་བྱས་ནས་སངས་རྒྱས་ཤེས་བྱ་བའི་གང་ཞག་ཞིག་འདོགས་པར་།།།ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པར་གསུངས་པ་ཡིན་ཏེ། དེས་ན་སངས་རྒྱས་ཤེས་བྱ་བའི་གང་ཟག་གཅིག་ཁས་བླངས་ནས་སྐུ་རྣམས་ནི་དེའི་སྐུ་ཞེས་རྣམ་པར་འཇོག་གོ་ །འདི་འདྲ་བའི་ཚུལ་ནི་བུམ་པ་དང་བུམ་པའི་མགྲིན་པ་ཞེས་བདག་པོ་དང་དེའི་ཆོས་ཐ་དད་པའི་དངོས་པོ་ཐམས་ཅད་རསཧ་པར་གཞག་པར་བྱ་བ་ཡིན་ནོ། །དེས་ན་སློབ་དཔོན་སེང་གེ་བཟང་པོ། སངས་རྒྱས་དང་སངས་རྒྱས་སུ་བྱེད་པའི་ཆོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། ཅེས་གསུངས་པ་ལྟར་སྤངས་པ་དང་རྟོགས་པ་གཉིས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་ལ་ནི་སངས་རྒྱས་ཉིད་ཅེས་སངས་རྒྱས་སུ་བྱེད་པའི་ཆོས་ཀྱིས་བརྗོད་པ་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་བྱང་ཆུབ་ཅེས་ཐ་དད་པའི་རྣམ་པར་དབྱེ་བས་བསྟན་པར་ཤེས་པར་བྱའོ། གང་ཟག་སངས་རྒྱས་དེའི་བདག་གིར་བྱ་བའི་སྐུ་ནི་གསུམ་སྟེ། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུའོ། །དེ་ལ་ཆོས་ཀྱི་སྐུའམ་ངོ་བོ་ཉིད་ཀྱི་སྐུ་ཞེས་མིང་གཉིས་སུ་གནས་པ་དེ་ལ་མཚན་ཉིད་ལྔ་སྟེ། ཐོག་མ་དང་ཐ་མ་དང་དབུས་མེད་པ་སྟེད་སྐྱེ་འཇིག་གནས་པ་གསུམ་མེད་པ་ནི་དང་པའོ། །སྟོབས་ལ་སོགས་པའི་ཡོན་ཏན་དང་དབྱེར་

(༡༡༨༡)མེད་པ་ནི་གཉིས་པའོ། །མཐའ་གཉིས་མེད་ཅིང་དབུ་མ་ཡིན་པ་ནི་གསུམ་པའོ། །ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བ་ནི་བཞི་པའོ། །རྣམ་པར་རྟོག་པས་ཡུལ་དུ་བྱར་མེད་ཅིང་རྟོགས་པ་པོ་སངས་རྒྱས་ཀྱི་མཉམ་པར་གཞག་པའི་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་པ་མཐོང་བས་ཐུན་མོང་མ་ཡིན་པ་ནི་ལྔ་པའོ། །མཚན་ཉིད་ལྔ་པོ་དེ་ལ་དེའི་ཡོན་ཏན་ཡང་ལྔ་སྟེ། ཡོན་གན་གཞལ་དུ་མེད་པ་དང་། གྲངས་གང་གའི་བྱེ་མ་ལས་འདས་པ་དང་། །མཐའི་ཆོས་ཀྱིས་བསམ་དུ་མེད་པ་དང་། གཞན་དང་མཉམ་པ་མེད་པའི་ཐུན་མོང་མ་ཡིན་པ་དང་། བག་ཆགས་དང་བཅས་པའི་ཉེས་པ་གསུམ་རྣམ་པར་སྤངས་པའོ། །དེལ་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པ་ཞེས་བྱ་བ་ནི་མཚན་ཉིད་ལྔའི་མཚན་གཞིའོ། །དེ་བཞིན་དུ། དེ་བཞིན་གཤེགས་པའི་དྲེ་མེད་དབྱིངས་དེ་ནི། །ཞེས་བྱ་བ་ཡང་ཡོན་ཏན་གྱི་རྟེན་ནོ། །མདོར་ན་བསྟན་བཅོས་འདིར་སངས་རྒྱས་དཀོན་མཆོག་གི་སྐབས་ཀྱི་རང་གི་དོན་དང་། ཆོས་དཀོན་མཆོག་གི་སྐབས་ཀྱི་འགོག་པའི་བདེན་པ་དང་། སངས་རྒྱས་ཉིད་དང་བྱང་ཆུབ་དང་གནས་གྱུར་པ་དང་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་འདི་ཐམས་ཅད་དོན་གཅིག་ལ་ཉིད་ལ་བརྗོད་དེ། དེ་དག་གི་མཚན་ཉིད་དང་ཡོན་ཏན་རྣམས་ཀྱང་། སློབ་དཔོན་ཕྱོགས་ཀྱི་གླང་པོས། སླར་ཡང་དོན་གཞན་ལ་

(༡༡༨༢)བརྟེན་ནས། །དོན་དེ་ཉིད་ནི་བཟླས་པ་ཡིན། །ཞེས་གསུངས་པ་ལྟར་སྐབས་ཀྱི་དོན་གཞན་དང་གཞན་ལ་བརྟེན་ནས་བཟླས་ཏེ་གསུངས་པ་ཁོ་ནར་སྣང་སྟེ། འདི་ལྟར་ཐོག་མ་དབུས་མཐའ་མེད་ཅིང་ཞེས་བྱ་བ་ནི། སངས་རྒྱས་དཀོན་མཆོག་གི་སྐབས་སུ། ཐོག་མ་དབུས་མཐའ་མེད་ཅེས་བྱ་བ་དེ་ཉིད་དང་། འདུས་མ་བྱས་ཤེས་བྱ་བ་དང་། བྱང་ཆུབ་ཀྱི་རྣག་གི་དོན་གྱི་སྐབས་སུ་འཇིག་པ་མེད་པ་དང་འདུས་མ་བྱས་པ་དང་། བྱང་ཆུབ་ཀྱིན་ཡོན་ཏན་གྱི་སྐབས་སུ་རྟག་བརྟན་སོགས་བཞི་བཤད་པ་ལ་སོགས་པ་རྣམས་དོན་གཅིག་པ་ཉིད་དོ། །ཡོན་ཏན་རྣམ་པར་དབྱེ་བ་མེད་པ་ནི། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པ་རྣམས་སོ། །མཐའ་གཉིས་མེད་པ་ནི་འགོག་པའི་བདེན་པའི་སྐབས་སུ། མེད་མིན་ཡོན་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་། །བརྟག་པར་མི་ནུས་ཤེས་བྱ་བ་དང་། སྐབས་དེར་བསམ་མེད་ཅེས་བྱ་བ་དང་། འདིར་ཡང་བསམ་མེད་ཅེས་བྱ་བ་དག་དོན་གཅིག་པ་ཉིད་དོ། །འདིར་རྣམ་པར་རྟོག་མེད་དང་ཞེས་པ་དང་། ཆོས་དཀོན་མཆོག་ཏུ་རྟོག་མེད་པ་ཞེས་བྱ་བ་དང་། བྱང་ཆུབ་ཀྱི་ཡོན་ཏན་གྱི་སྐབས་སུ་རྟོག་བྲལ་ཞེས་བྱ་བ་དག་དོན་གཅིག་པ་གཉིད་དོ། །འདིར་རྣམ་པར་རྟོག་མེད་དང་ཞེས་པ་དང་། ཆོས་དཀོན་མཆོག་ཏུ་རྟོག་མེད་པ་ཞེས་བྱ་བ་དང་། བྱང་ཆུབ་ཀྱི་ཡོན་ཏན་གྱི་སྐབས་སུ་རྟོག་བྲལ་ཞེས་བྱ་བ་དག་དོན་གཅིག་གོ །ཆོས་དཀོན་མཆོག་གི་སྐབས་སུ། གཉིས་མེད་དང་། བྱང་ཆུབ་ཀྱི་ཡོན་ཏན་གྱི་སྐབས་སུ་ཆགས་ཐོགས་མེད་པར་བཤད་པ་དག་དང་འདིར་གསུམ་བྲལ་ཞེས་པ་དག་ཀྱང་དོན་

(༡༡༨༣)གཅིག་གོ་ །འདིར་བཤད་པའི་ཐུན་མོང་མ་ཡིན་པ་ནི། ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །ཞེས་བྱ་བ་ལ་སོགས་པ་ནས། དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། ཞེས་བྱ་བའི་བར་དུ་གཞུང་ལས་ཡང་དང་ཡང་དུ་འབྱུང་བ་ཉིད་དོ། །འདིར་བཤད་པའི་ཡོན་ཏན་བཞི་པོ་རྣམས་ཀྱང་སྔར། རྣམ་པ་ཐམས་ཅད་གྲངས་མེད་པ། །བསམ་མེད་དྲི་མེད་ཡོན་ཏན་དང་། །དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཞེས་སྔར་མྱ་ངན་ལས་འདས་པ་མཚན་ཉིད་བཞི་ལྡན་དུ་གསུངས་པ་དེ་དག་ཉིད་ཡིན་ཏེ། གཞལ་དུ་མེད་པ་ནི་རྣམ་པ་ཐམས་ཅད་པའོ། །གང་གའི་བྱེ་མ་ལས་འདས་པ་ནི་གྲངས་མེད་པའོ། །བསམ་མེད་ནི་བསམ་མོད་ཉིད་དོ། །བག་ཆགས་བཅས་པའི་ཉེས་པ་སྤངས་པ་ནི་དྲི་མ་མེད་པའོ་། མྱ་ངན་ལས་འདས་པ་དང་ཐར་པ་ཡང་འགོག་པའི་བདེན་པ་ཉིད་དང་དོན་གཅིག་གོ །ལོངས་སྤྱོད་རྫོགས་པའི་སྐུ་ནི་མཚན་དང་དཔེ་བྱད་དང་ཐུགས་འགྲོ་བ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ལྡན་པའི་སྐུ་གང་ཞིག་གསུང་ལ་མངའ་མཛད་པ་ནི་མཚན་ཉིད་གཅིག་ཡིན་ལ། སྐུ་དེ་ལ་བྱུང་བའི་སྣ་ཚོགས་པའི་དམ་པའི་ཆོས་གསུང་རབ་ཀྱི་འོད་ཟེར་འབྱུང་བ་ནི་མཚན་ཉིད་གཅིག་གོ དོན་སྒྲུབ་པར་མཛད་པ་ལ་བརྩོན་པ་ནི་མཚན་ཉིད་གསུམ་པའོ། །དོན་མཛད་ཀྱང་རྣམ་པར་རྟོག་པ་མི་མངའ་བ་ནི་བཞི་པའོ། །སྐུའི་དངོས་པོ་སྣ་ཚོགས་པའི་ཁ་དོག་ཏུ་སྣང་ཡང་ཇི་ལྟར་སྣང་བ་དེའི་རང་

(༡༡༨༤)བཞིན་མ་ཡིན་པ་ནི་ལྔ་པའོ། །ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ནི་ལྔ་པོ་ཐམས་ཅད་ཀྱི་དཔེ་སྟེ། རང་བཞིན་མཛེས་པའི་ཕྱིར་དང་། འོད་འཕྲོ་བའི་ཕྱིར་དང་། འདོད་པའི་དོན་སྦྱིན་པར་བྱེད་པའི་ཕྱིར་དང་། རྟོག་པ་མེད་པའི་ཕྱིར་དང་། ཉེ་བར་གཞག་པའི་ཁྱད་པར་གྱིས་ཁ་དོག་སྣ་ཚོགས་སུ་སྟོན་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་སྣོད་དང་བཅུད་ཀྱི་དངོས་པོ་དང་། ཐེག་པ་གསུམ་གྱི་འཕགས་པ་རྣམས་ཀྱི་སྐུ་དང་། དེ་དག་གི་གསུང་རབ་རྣམས་དང་། འཕགས་པ་སློབ་པའི་ཡེ་ཤེས་དང་། སེམས་ཅན་རྣམས་ཀྱི་སྣ་ཚོགས་པའི་སེམས་སུ་སྤྲུལ་པ་ལ་སོགས་པ་པ་དཔག་ཏུ་མེད་པ་ཡོད་ཀྱང་འདིར་ནི་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་སྐུ་གཙོ་བོར་གཟུང་སྟ་སྤྲུལ་པའི་མཚན་ཉིད་གསུངས་པ་ཡིན་ནོ། །སྐུ་དེ་ཡང་མཚན་དང་དཔེ་ཁྱད་ཀྱིས་བརྒྱན་པའི་སྐུ་སྟེ་མཛད་པ་གསུམ་གྱི་རྒྱུ་ཡི་གཟུགས་སོ། །མཛད་པ་གསུམ་གོང་ཞེ་ན། མི་རྟག་པ་ལ་སོགས་པའི་འཕགས་པའི་བདེན་པ་ལས་བརྩམས་ཏེ། ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བས། འཇིག་རྟེན་རྣམས་་ཞི་བ་ལྷག་པ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་ཀྱི་ལམ་ལ་འཇུག་པར་མཛད་པ་ནི་འཁོར་ལོ་དང་པའོ། །དེ་དག་སྟོང་པ་ཉིད་ལ་སོགས་པའི་ཟབ་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེ་བ་བསྟན་པས་དམན་པའི་མྱ་ངན་ལས་འདས་པ་ལ་ཞེན་པ་བཟློག་ཅིང་ཐེག་པ་ཆེན་པོ་ལ་རབ་ཏུ་སྨིན་པར་མ་ཟད་པའི་འཁོར་ལོ་ནི་གཉིས་པའོ།

(༡༡༨༥)ཤཱ་རིའི་བུ་ལ་སོགས་པའི་ཉན་ཐོས་རྣམས་དང་གཞན་བྱང་ཆུབ་སེམས་དཔའ་དག་ཀྱང་འཁོར་ལོ་གསུམ་པ་སྒོམ་པ་ལ་བཀོད་ནས་མ་འོངས་པའི་སངས་རྒྱས་སུ་ལུང་སྟོན་པར་མཛད་པ་ནི་འཁོར་ལོ་གསུམ་པའོ། །དེ་ལྟ་བུའི་འཁོར་ལོ་གསུམ་པོ་བསྐོར་བའི་གཟུགས་གང་ཡིན་པ་དེ་དང་ཡང་གི་སྒྲས་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་པོ་དེ་ནི་རྟེན་ཆོས་ཀྱི་སྐུ་འདིར་རམ་འདི་ལ་བརྟེན་ནས་རྟག་ཏུ་སྟེ་ངེས་པ་ཡིན་ཏེ། །ཇི་ལྟར་གཟུགས་ཀྱི་བྱེ་བྲག་གི་ཁམས་རྣམས་ནམ་མཁའི་ཁམས་སུ་གནས་པ་བཞིན་ནོ། །འདི་དང་མདོ་རྡེའི་རྒྱན་དུ་སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་ཏེ། ཞེས་གསུངས་པ་ལ་བརྟེན་བཅས་ནས། སློབ་དཔོན་ཨ་བྷ་ཡང་དང་བོད་ཀྱི་ཡང་མཁས་པ་མང་པོ་དག་སངས་རྒྱས་ཀྱི་སྐུ་གསུམ་ནོ་ནར་ངེས་པར་སྨྲ་སྟེ། ཐུབ་པ་དགོངས་པའི་རྒྱན་དུ། འཕགས་པ་ལུ་སྒྲུབ་ཞབ་ཀྱིས་ཀྱང་། །གང་ཞིག་གཅིག་མིན་དུ་མའང་མ་ཡིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། ཞེས་པ་ལ་སོགས་པས་སྐུ་གསུམ་ཁོ་ན་བསྟོད་དོ། །འཕགས་པ་རྣམ་གྲོལ་སྡེའི་ཞབས་ཀྱིས་ཀྱང་ཆོས་ཁྱི་སྐུ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་དང་ལུངས་སྤྱོད་རྫོགས་པ་དང་། སྤྲུལ་པ་པའོ། ཞེས་པ་ལ་སོགས་པ་རྒྱ་ཆེར་གསལ་བར་མཛད་དོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་

(༡༡༨༦)པ་རྣམས་སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཆོས་ཀྱི་སྐུ་སྟེ་བཞི་པའོ། །ཞེས་གང་དུའང་རྣམ་པར་གཞག་པ་མེད་ཀྱི། རྣམ་པར་གཞག་པ་དེ་ནི་སེང་གེ་བཟང་པོའི་རང་དབང་ལས་ཏེ་ཡང་བར་བྱ་བའོ། །ལོན་སློབ་དཔོན་དབྱིག་གཉེན་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་རྣམ་པ་གསུམ་སྟེ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ། །དེ་ལ་ཆོས་ཀྱི་སྐུ་རྣམ་པ་གཉིས་ཏེ། འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་གང་འདུས་མ་བྱས་པ་དེ་ནི་དེ་བཞིན་ཉིད་རྣམ་པར་དག་པ་ལས་བྱུང་བ་སྟེ། དེ་ཁོ་ན་དོན་དམ་པར་བཅོམ་ལྡན་འདས་རྣམས་ཀྱི་རང་བཞིན་དུ་རྟོགས་པར་བྱའོ། །གང་འདུས་བྱས་པའི་ཆོས་ཀྱི་སྐུ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་རང་བཞིན་ཏེ། གང་ཡོངས་སུ་དག་པའི་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་ཆོས་ཀྱི་སྐུ་རྣམ་པ་གཉིས་ཉིད་ཀྱིས་ནང་སྐུ་བཞི་རྣམས་སུ་རྣམ་པར་གཞག་གོ་ཞེ་ན། མ་ཡིན་ཏེ། རྣམ་བདག་སུམ་ཏེ་ཞེས་གསུངས་པའི་ཕྱིར་རོ། །ཆོས་ཀྱི་སྐུའི་ནང་དུ་ཆོས་ཀྱི་སྐུ་འདུས་བྱས་པ་བསྡུས་པ་ཁོ་ན་བརྗོད་པར་འདོད་པས་ཚུལ་དཀྱོགས་པ་ཡིན་གྱི། སྐུ་བཞི་པ་ཉིད་ནི་མ་ཡིན་ཏེ། ཇི་ལྟར་འཆད་པར་འགྱུར་བ་ལྟར་རོ། །དེའི་ཕྱིར་གསུམ་ཁོ་ན་མཛད་པའི་འཁོར་དང་བཅས་པས་ཆོས་ཀྱི་སྐུ་རྣམ་པ་བཞིར་མངོན་པར་རྟོགས་པའི་རྒྱན་དུ་གསུངས་སོ། །ཞེས་འབྱུང་བའོ། །དེ་ལྟ་མོད་ཀྱི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རང་གི་

(༡༡༨༧)ལྟ་བའི་འདོད་པ་མདོར་བསྟན་པར། སངས་རྒྱས་ཤཱཀྱ་སེང་གེ་ཡིས། །སེམས་ཅན་བསམ་པའི་དབང་དག་གིས། །སྐུ་ནི་གཅིག་གཉིས་གསུམ་དང་ནི། །བཞི་དང་ལྔ་རུ་གསུངས་པ་སྟེ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །ཇི་ལྟར་གཟུགས་ཀྱི་སྐུ་དང་ནི། །དེ་ལྟར་སངས་རྒྱས་ཆོས་སྐུ་སྟེ། །སེམས་ཅན་བསམ་པའི་དབང་གི་ཕྱིར། །བསྟན་བཅོས་སྐྱབས་གནས་གསུམ་པོས་གསུངས། །ཐུགས་གསུང་སྐུ་ཡི་དབྱེ་བ་ཡིས། །སྐུ་གསུམ་དུ་ནི་རབ་ཏུ་བསྒྲགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་རྣམས། །སྔགས་ཀྱི་ཚུལ་ལ་མི་ཡིས་སྒྲུབ། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་དང་། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བཤད། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག་ །སངས་རྒྱས་ལྔ་བདག་།།།ཅན། །སྤྱན་ལྔ་ཆགས་པ་མེད་འཆང་། །གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ །སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པས། །བདག་གི་ཆོས་སྐུ་རབ་བསྒྲགས། །ཡེ་ཤེས་ཕུང་པོ་མཐའ་ཡས་པ། །བདག་གི་ཡེ་ཤེས་སྐུ་རབ་བསྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ།

(༡༡༨༨)་བདག་གི་བདེ་སྐུ་འགྱུར་མེད་མཆོག་ །གོང་བུ་ཕུང་པོ་དེ་བཞིན་དུ། །ཡང་དག་གསགས་པར་ཡོངས་སུ་བསྒྲགས། །ཤེས་།།།ཆེར་ག་རུངས་པ་ལ། ཐུབ་པའི་དབང་པོས་སངས་རྒྱས་རྣམས་ཀྱི་སྐུ་གཅིག་ནས་ལྔའི་བར་དུ་རྣམ་པར་གཞག་པ་མཛད་དེ། དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས་དང་པོའི་སངས་རྒྱས་རིས་མོད་པའམ་སྒྲ་ཇི་བཞིན་དུ་བསྒྱུར་ན་གཉིས་རྟོགས་མེད་ཅེས་བྱ་བས་དང་པོའི་སངས་རྒྱས་ཀྱང་གཅིག་ཡིན་ལ། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་བྱ་བས་ཀྱང་སྐུ་གཅིག་ཏུ་བསྟན་ཞིང་། དེས་བསྟན་པའི་གཅིག་པུ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུའོ། །སྐུ་གཉིས་ནི་ཆོས་ཀྱི་སྐུ་དང་གཟུགས་ཀུ་སྐུའོ། །སྐུ་གསུམ་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུའོ། །དེ་ལ་ཡང་སྤྲུལ་པ་སྐུ་དང་ལོངས་སྤྱོད་རྫོགས་པ་གསུང་དང་ཆོས་ཀྱ་ཐུགས་སྐུ་ཞེས་སྐུ་གསུང་ཐུགས་སུ་དབྱེ་ཞིང་། གསུང་ལ་ལོངས་སྤྱོད་རྫོགས་པར་གཞག་པ་ནི་སྔགས་ཀྱི་གཞུང་ལ་ཡོད་པར་མི་རྣམས་ཀྱིས་རྟོགས་པར་བྱ་ཞེས་པའོ། །སྐུ་བཞི་ནི་མངོན་རྟོགས་རྒྱན་ལས་འབྱུང་བའོ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། ཞེས་བྱ་བ་ལ་སོགས་པས་བསྟན་པ་སྟེ། ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། མཛད་པ་དང་བཅས་པའི་ཆོས་ཀྱི་སྐུའོ། །མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །དུ་གསུངས་པ་ནི་གཟུགས་ཀྱི་ཕུང་པོ་སྤྲུལ་པ་དང་། སྒྲའི་ཕུང་པོ་ལོངས་

(༡༡༨༩)སྤྱོད་རྫོགས་པ་དང་། ཆོས་ཀྱི་ཕུང་པོ་ཆོས་དང་། ཡེ་ཤེས་ཀྱི་ཕུང་པོ་ཡེ་ཤེས་ཀྱི་སྐུ་དང་། བདེ་བའི་ཕུང་པོ་ནི་བདེ་བའི་སྐུ་སྟེ་དེ་དག་ལ་ཕུང་པོའི་སྒྲས་བརྗོད་པ་ནི་སྐུ་ཞེས་བྱ་བའི་དོན་བརྗོད་པ་ཡིན་ཏེ། བསྡུསཔ་དང་གོང་བུ་དང་། ཕུང་པོ་དང་། སྐུ་དང་། ཡང་དག་པར་བསགས་པ་ཞེས་བྱ་བ་རྣམས་ནི་སྐུའི་ངེས་པའི་ཚིག་བརྗོད་པར་བྱེད་པའོ། །དེ་ལྟར་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་འདིས་སྐུ་བཞིར་བཤད་དོ་ཞེས་འཇམ་པའི་དབྱངས་ཀྱི་གསུང་ལས་འབྱུང་ན། ཇི་ལྟར་སེང་གེ་བཟང་པོའི་རང་དབང་དུ་འགྱུར། དེ་བཞིན་དུ་རྗེ་བཙུན་ཉིད་ཀྱིས་དུས་ཀྱི་འཁོར་ལོ་རྒྱུད་ཕྱི་མར་ཡང་སྒྲུབ་པའི་ཐབས་མདོར་བྱས་ཀྱི། འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་མཁའ་དང་མཉམ་གྱུར་དངོས་དངོས་ཀུན་ངོ་བོ་ཉིད། །ཅེས་བྱ་བ་ལ་སོགས་པས་ངོ་བོ་ཉིད་ཀྱི་སྐུ་བསྟན་ལ། གཅིག་མིན་དུ་མ་ཡང་མིན་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་ལས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ་སྐུ་བཞི་རྣམ་པར་གཞག་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཡང་བཞེད་པར་གསུངས་སོ། །དེ་བཞིན་དུ་སློབ་དཔོན་ན་རོ་པས་དབང་མདོར་བསྟན་གྱི་འགྲེལ་པར། མངོན་པར་རྟོགས་པའི་རྒྱན་ལ་སོགས་པ་རྣམས་སུ་ཡང་རང་བཞིན་དང་ལོངས་སྤྱོད་པ་དག་ལས་ཐ་དད་པ་ཉིད་ཀྱིས་ཆོས་ཀྱི་སྐུ་རྣམ་པར་གཞག་གོ །ཞེས་གསུངས་པས་ན་མངོན་པར་རྟོགས་པའི་རྒྱན་ལས་སྐུ་བཞིར་རྣམ་པར་མ་གཞག་གོ་ཞེས་སྨྲ་བར་མི་ནུས་སོ།

(༡༡༩༠)དེ་ལྟ་ན་ཡང་འཕགས་པ་རྣམ་པར་གྲོལ་བའི་སྡེ་ནི་ས་ཆེན་པོ་ལ་བཞུགས་པ་ཡིན་པས་དེས་སྐུ་གསུམ་དུ་རྣམ་པར་གཞག་པ་ཡང་དགག་པར་ནི་མི་ནུས་ཏེ། རྗེ་བཙུན་ཉིད་ཀྱིས་མངོན་པར་རྟོགས་པ་བརྒྱད་དང་དྲུག་དང་གསུམ་དུ་རྣམ་པར་གཞག་པ་དགག་པར་མི་ནུས་པ་བཞིན་ནོ། །དེ་བཞིན་དུ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་སངས་རྒྱས་རྣམ་པར་བཅུར་རྣམ་པར་གཞག་པ་དེས་ཀྱང་སྐུའི་རྣམ་པར་དབྱེ་བ་བཤད་པ་དག་ལ་མངས་པ་དང་ཉུངས་པའི་རྣམ་པར་རྟོག་པ་མི་བྱའོ། །གཞན་ཡང་མདོ་སྡེའི་རྒྱན་ལས་ནི་མེ་ལོང་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པ་སྡེ་ཡེ་ཤེས་བཞིར་རྣམ་པར་གཞག་ལ། འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་ནི་བཞི་པོ་དེ་དག་དང་ཆོས་ཀྱི་དབྱིངས་ཏེ་ཡེ་ཤེས་ལྔར་བཤད་པ་ཡང་འགལ་བ་མ་ཡིན་ཏེ། སློབ་དཔོན་།།།མིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་མེ་ལོང་ལྟ་བུ་ནི་ཆོས་ཀྱི་སྐུ་དང་། མཉམ་པ་ཉིད་དང་སོ་སོར་རྟོག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། བྱ་བ་སྒྲུབ་པ་ནི་སྤྲུལ་པའི་སྐུའོ་ཞེས་རྣམ་པར་གཞག་པ་མཛད་པའི་ཕྱིར་རོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་སངས་རྒྱས་ཀྱི་སྐུའི་རྣམ་པར་གཞག་པ་ལ་ག་རུངས་པ་ནི་སངས་རྒྱས་ཐམས་ཅད་ལ་ཆོས་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་གསུམ་མངའ་ཞིང་། གསུམ་པོ་དེས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུས་པ་གསུངས་སོ། །ཆོས་ཀྱི་སྐུ་ནི་དེ་བཞིན་ཉིད་དང་ཡང་དག་པའི་

(༡༡༩༡)ཡེ་ཤེས་ཀྱི་བདག་ཉིད་དེ། དེ་གཉིས་ནི་ཡུལ་དང་ཡུལ་ཅན་དུ་ཡང་གསུངས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་ཡིན་ལ། དེ་མ་ཡིན་པའི་སྣ་ཚོགས་སུ་སྤྲུལ་བ་དག་ནི་སྤྲུལ་པའི་སྐུའོ། །དེ་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ག་སྐུ་གཉིས་ལ་ནི་ཕུང་པོའི་རྣམ་པར་སྣང་བ་ཡོད་པས་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་། ཆོས་ཀྱི་སྐུ་ཕུང་པོའི་རྣམ་པར་མི་སྣང་བས་ལྷག་མ་མེད་པ་ཞེས་བརྗོད་དོ། །སེམས་ཅན་རྣམས་ཀྱིས་སྐུ་གསུང་པོ་ཐོབ་པར་མ་གྱུར་པའི་རྒྱུ་མཚན་ནི་མི་ཤེས་པ་གསུམ་དང་སྒྲིབ་པ་གསུམ་གྱིས་བསྒྲིབས་པ་ལས་ཡིན་ཏེ། ཡོངས་སུ་གྲུབ་པ་མི་ཤེས་ཤིང་། ཡོངས་སུ་གྲུབ་པ་ལ་སྒྲིབ་པའི་སྒྲིབ་པས་བསྒྲིབས་པས་ཆོས་ཀྱི་སྐུ་མི་མི་འཐོབ་ལ། གཞན་དབང་མི་ཤེས་པ་དང་གཞན་དབང་ཉིད་ཀྱི་སྒྲིབས་པས་བསྒྲིབས་པས་ལོངས་སྤྱོད་རྫོགས་པའི་སྐུ་མི་འཐོབ་ལ། ཀུན་བརྟགས་པ་མི་ཤེས་པའི་མ་རིག་པ་དང་བརྟགས་པ་སྣ་ཚོགས་ཉིད་ཀྱིས་བསྒྲིབས་པས་སྤྲུལ་པའི་སྐུ་མི་འཐོབ་བོ། །གཞན་ཡང་གྱུར་ཅིང་ལོག་པ་གསུམ་གྱིས་སྐུ་གསུམ་འཐོབ་སྟེ། རྩ་བའི་རྣམ་ཤེས་ཀྱི་མིང་ཅན་previous hit ཀུནགཞིརྣམ་པར་ཤེས next hit་པ་ལོག་པ་ལས་ཆོས་ཀྱི་སྐུ་འཐོབ་བོ། །རྩ་བ་ལ་བརྟེན་པའི་སེམས་ཀྱི་མིང་ཅན་ཉོན་མོངས་པ་ཅན་གྱི་ཡིད་ལོག་པ་ལས་ལོངས་སྤྱོད་པའི་སྐུ་འཐོབ་བོ། །བྱ་བ་སློང་བའི་སེམས་ཀྱི་མིང་ཅན་

(༡༡༩༢)ཚོགས་དྲུག་གི་རྣམ་པར་ཤེས་པ་ལོག་པ་ལས་སྤྲུལ་པའི་སྐུ་འཐོབ་བོ། །སྐུ་གསུམ་པོ་དེ་ལ་མུ་བཞིར་འགྱུར་ཏེ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་གཉི་ག་ཡིན་པ་ནི། མཚན་དཔེ་བརྒྱན་པའི་སྤྲུལ་པའི་སྐུའོ། །སྤྲུལ་པ་ཡིན་ལ་ལོངས་སྤྱོད་རྫོགས་པ་མ་ཡིན་པ་ནི་མཚན་དཔེ་དང་མི་ལྡན་པའི་སྤྲུལ་པ་རྣམས་སོ། །ལོངས་སྤྱོད་རྫོགས་པ་ཡིན་ལ་སྤྲུལ་པ་མ་ཡིན་པ་ནི་སའི་མདུན་རོལ་པའི་སྐུ་སྟེ། མདུན་རོལ་ནི་མདུན་ན་གནས་པའི་སྤྱོད་ཡུལ་གྱི་དོན་ཏེ། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་གི་སོ་སོའི་སྐྱེ་བོ་ལ་མི་སྣང་བའི་ཕྱིར་རོ། །གཉིས་ག་མ་ཡིན་པ་ནི་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ་སངས་རྒྱས་དངོས་ཡིན་ལ། །སྐུ་གཉིས་ནི་བཏགས་པ་བ་སྟེ། ཡང་དག་པ་དེ་ལ་བསྟན་བཅོས་འདིར་དོན་དམ་པ་ཞེས་བཤད་ལ། བཏགས་པ་ལ་ནི་བརྡའི་སྐུ་ཞེས་བཤད་དོ། །ཡང་སྐུ་གཉིས་ནི་རྒྱུན་གྱི་སྐྱེ་འགགས་ཅན་ཡིན་ལ། བྱེ་བྲག་ཏུ་སྤྲུལ་པའི་སྐུ་མི་ཡང་དང་ཡང་དུ་འབྱུང་བས་མཐའ་གཅིག་ཏུ་མི་གནས་པའི་ཕྱིར་དང་། ལོངས་སྤྱོད་རྫོགས་པའི་སྐུ་ནི་སྤྱོད་ལམ་མཐའ་གཅིག་ཏུ་མི་གནས་པའི་ཕྱིར་མི་གནས་པ་ཞེས་བྱ་ལ། འོན་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་འཁོར་བ་ཇི་སྲིད་པའི་བར་དུ་རྒྱུན་མི་འཆད་པ་ཡང་ཡིན་ནོ། །ཆོས་ཀྱི་སྐུ་ནི་མི་གནས་པའི་སྐུ་གཉིས་པོ་དེ་དང་ངོ་བོ་ཐ་མི་དད་པས་མི་གནས་པར་བརྗོད་དོ། །ཆོས་ཀྱི་སྐུ་ནི་རྟག་པ་ཁོ་ན་ཡིན་ལ། གཟུགས་ཀྱི་སྐུ་གཉིས་

(༡༡༩༣)ནི་རྒྱུན་མི་འཆད་པས་ནི་རྟག་པ་ཡིན་ཞིང་། མཛད་པའི་གནས་སྐབས་མི་འདྲ་བས་ནི་མི་རྟག་པར་ཡང་བརྗོད་དོ། །དེ་ལ་ཆོས་ཀྱི་སྐུ་དེ་བཞིན་ཉིད་ཡེ་ཤེས་གཉིས་སུ་བཤད་ཀྱང་འདིའི་ཡེ་ཤེས་ཉིད་ལ་ཡང་དེ་བཞིན་ཉིད་དུ་བརྗོད་དོ། །ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། ཤེས་རབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེའི་དེ་བཞིན་ཉིད་རྣམ་པ་གཉིས་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན། ཞེས་གསུངས་པའི་ཕྱིར་རོ། །ཆོས་ཀྱི་སྐུ་དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པར་ཡང་གསུངས་སོ། །དེ་ལ་སྐུ་གསུམ་ལ་འཇུག་པའི་རྩ་འགྲེལ་ལས་ཉོན་མོངས་པའི་དུག་གི་ཤིང་མ་བཏོན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཇི་ལྟར་རིགས་རིགས་སུ་སྤྲུལ་པའི་སྐུ་སྣང་ལ། བྱང་ཆུབ་སེམས་དཔའི་ས་ཐོབ་པ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ཞིང་། ཆོས་ཀྱི་སྐུ་ནི་སངས་རྒྱས་ཁོ་ན་ལ་སྣང་བར་བཤད་དོ། །ང་ཀར་གཤེགས་པ་ལས་ངོ་བོའི་སངས་རྒྱས་སམ་ཆོས་ཉིད་ཀྱི་སངས་རྒྱས་དང་། རྒྱུ་མཐུན་པའི་སངས་རྒྱས་དང་། འཕྲུལ་པས་སྤྲུལ་བའི་སངས་རྒྱས་གསུམ་གསུངས་པ་ལས་ངོ་བོའི་སངས་རྒྱས་ནི་ཆོས་ཀུ་སྐུ་ཡིན་ལ། འཕྲུལ་པས་སྤྲུལ་བའི་སངས་རྒྱས་ནི་སྤྲུལ་པའི་སྐུ་ཉིད་ཡིན་ཞིང་། ཤུགས་ཀྱིས་རྒྱུ་མཐུན་པའི་སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བྱ་བ་ཡིན་མོད། འདི་ལྟ་བུ་ཡིན་པ་ནི་དབུ་མ་ལ་འཇུག་པའི་གྲེལ་

(༡༡༩༤)པར། ཆོས་ཀྱི་སྐུ་ལས་བྱུང་བའམ་གཟུགས་ཀྱི་སྐུའི་མཐུ་ལས་བྱུང་བ་ཡིན་ཡང་རུང་སྟེ། ཇི་སྐད་བཤད་པའི་སྐུ་ལས་གཞན་དུ་གྱུར་པ་རྒྱུ་མཐུན་པའི་སྐུ་གང་དག་སེམས་ཅན་འདུལ་བའི་རྒྱུས་བྱུང་བ་དེ་དག་ལ་ཡང་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་མངའ་བ་བརྗོད་པའི་ཕྱིར་བཤད་པ། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་སྐབས་ཀྱི་སྔ་རོལ་འཁོར་བ་ཐོག་མ་མེད་པར་རང་ཉིད་ཀྱི་སྐྱེ་བའི་གནས་སྐབས་འགགས་ཟིན་པ། བྱུང་མཐའ་མ་ལུས་པ་བསྟན་པའི་ཕྱིར། གསལ་བ་དང་མ་འཆོལ་བ་སྟེ། ཕན་ཚུན་མ་འདྲེས་པ་བྱུང་ཚུལ་དུ་མས་བཀྲ་བར་གྱུར་པ་དེ་དག་ཐམས་ཅད་ཅིག་ཆར་ཁོ་ནར་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་བཞིན་གྱི་གཟུགས་བརྙན་ལྟར་རྒྱུ་མཐུན་པའི་སྐད་ཅིག་ཉིད་ལ་ལྷུན་གྱིས་གྲུབ་པར་སྟོན་པར་མཛད་དོ། །འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པའི་བྱུང་ཚུལ་གང་དག་གང་དུ་ཇི་ལྟར་གང་གི་དོན་དུ་བྱུང་བ་དེ་དག་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པར་སྐུ་གཅིག་ཁོ་ན་ལ་སྟོན་པར་སྤྱོད་པ་བརྗོད་པའི་ཕྱིར་བཤད་པ། །སངས་རྒྱས་ཞིང་ཇི་འདྲར་ཐུབ་དབང་དེ་དང་། དེ་དག་སྐུ་སྤྱོད་མཐུ་སྟོབས་ཇི་འདྲ་དང་། །ཉན་ཐོས་དགེ་འདུན་ཇི་སྙེད་ཇི་ལྟ་དང་། །བྱང་ཆུབ་སེམས་རྣམས་དེར་གཟུགས་ཇི་འདྲ་དང་། ཇི་འདྲའི་ཆོས་

(༡༡༩༥)དང་དེ་བདག་ཇི་འདྲ་དང་། །ཆོས་ཐོས་སྤྱོད་པ་གང་ལ་སྤྱད་པ་དང་། །སྦྱིན་གང་ཇི་ཙམ་དེ་དག་ལ་ཕུལ་བ། །དེ་ནི་མ་ལུས་སྐུ་གཅིག་ལ་སྟོན་མཛད། །བཅོམ་ལྡན་འདས་ཀྱིས་སྔོན་སྦྱིན་པའི་ཕ་རོལ་དུས་ཕྱིན་པ་ལ་སྤྱོད་པ་ན་སངས་རྒྱས་བཅོམ་ལྡནའདས་གང་སྡམས་ལ་བསྙེན་བཀུར་མཛད་པ་དང་། སངས་རྒྱས་ཀྱི་ཞིང་བཻ་དུ་རྒྱ་དང་། །།།།།།ག་དང་། ཨིནྟེ་རྙེལ་དང་། ཤེལ་ལ་སོགས་པའི་རང་བཞིན་ཅན་རིན་པོ་ཆེའི་ལྗོན་ཤིང་ལ་སོགས་པས་མཛེས་པར་བྱས་པ། མཆུ་དང་ཞེང་དང་ཀུན་ནས་ཟླུམ་པ་དང་བཅས་པ་དེ་ལ་བརྙེན་པའི་སེམས་ཅན་གྱི་ཁྱད་པར་གྱིས་ཉེ་བར་མཛེས་པ་ཇི་འདྲ་བ་ཞིག་ན། སངས་རྒྱས་བཅོམ་ལྡན་འདས་དག་བལྟམ་པ་ལ་སོགས་པ་སྟོན་པར་མཛད་པ་དེ་མ་ལུས་པར་སྐུ་གཅིག་ལ་སྟོན་པ་མཛད་དོ། །སངས་རྒྱས་བཅོམ་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་མཚན་དང་དཔེ་བྱད་ཀྱིས་ལུས་སྤྲས་པ། དབྱིབས་དང་ལྡན་པ། ཆོས་གོས་དང་ཟད་དང་གནས་ལ་སོགས་ཡོངས་སུ་ལོངས་སྤྱོད་པ་དང་ལྡན་པ་ཇི་འདྲ་བ་དེ་དག་ཡོངས་སུ་གྱུར་པ་དང་། ཇི་འདྲའི་ཆོས་དང་སྟེ། ཐེག་པ་གཅིག་དང་གསུམ་གྱི་རྟེན་ཅན་བསྟན་པ་དེ་ཐམས་ཅད་སྐུ་གཅིག་ལ་སྟོན་པ་མཛད་དོ། དེ་བདག་ཇི་འདྲ་དང་སྟེ་བྲམ་ཟེ་ལ་སོགས་པའི་རིགས་སུ་སྐྱེས་པ་གཟུགས་དང་བློ་དང་ལྡན་པ་ཁྱིམ་པ་དང་རབ་ཏུ་བྱུང་བར་གྱུར་པ་དང་། ཆོས་ཐོས་ནས་ལྷག་མ་དང་བཅས་པ་དང་། ལྷག་

(༡༡༩༦)མ་མེད་པའི་བསླབ་པ་ཁས་སླངས་ཏེ་སྤྱོད་པ་གང་ལ་སྤྱད་པ་དང་། སྦྱིན་པ་གང་ཇི་ཙམ་དེ་དག་ལ་ཕུལ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཉོན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དེ་དག་ལ་བཟའ་བ་ལ་སོགས་པ་དང་། ཆོས་གསོ་དང་རིན་པོ་ཆེའི་རྒྱན་ལ་སོགས་པ་གང་ཕུལ་བ་དང་། ཇི་ཙམ་སྟེ་དུས་ཇི་ཙམ་དང་། ཚད་ཇི་ཙམ་ཕུལ་བ་དེ་མ་ལུས་པར་སྐུ་གཅིག་ལ་སྟོན་པར་མཛད་དོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་ལ་སྤྱོད་པའི་བྱུང་མཐའ་འདི་ཇི་ལྟར་སྟོན་པ། དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་ཏིང་འཛིན་དང་། །ཤེས་རབ་སྤྱོད་ཚེ་སྔར་གྱི་གནས་སྐབས་གང་། །མ་ཚང་མེད་དེ་དག་ མ་ལུས་སྐུ་གཅིག་ལ་སྟོན་མཛད་ཅེས་གོང་མ་དང་སྦྱར་རོ། །སྐུ་གཅིག་ལ་ཅིག་ཆར་གནས་སྐབས་ཐམས་ཅད་སྟོན་པ་ལྟ་ཞོག་གི་ །འོན་ཀྱང་། ཉིད་སྤྱོད་པ་ཀུན། སྐུ་ཡི་བ་ཡུའི་ཁུང་བུར་འང་གསལ་བར་སྟོན། །བདག་ཉིད་ཕྱི་སྤྱོད་པ་ཁོ་ན་སྟོན་པར་མཛད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་སངས་རྒྱས་གང་དག་འདས་དང་འབྱུང་འགྱུར་གང་། །གང་དག་ད་ལྟར་ནམ་མཁའི་མཐར་ཐུག་པར། །གདངས་མཐོན་ཆོས་སྟོན་སྡུག་བསྔལ་གྱིས་གཟུང་བའི། །འགྲོ་དབུགས་འབྱིན་ཞིང་འཇིག་རྟེན་བཞུགས་པ་དང་། །དང་པོའི་ཐུགས་གཟུང་བྱང་ཆུབ་སྙིང་པོའི་བར། །དེ་དག་སྤྱོད་ཀུན་དངོས་རྣམས་མིག་འཕྲུལ་གྱི། །རང་བཞིན་མཁྱེན་ནས་བདག་བཞིན་བ་ཡུ་ཡི།

(༡༡༩༧)ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན། །རེ་ཤིག་འཕྲུལ་གྱི་ཚུལ་ཤེས་ལ་ཐ་མལ་པ་དག་ཀྱང་སྔགས་ཀྱི་མཐུ་རྣམ་པ་དེ་ལྟ་བུ་ཞིག་གིས་རང་གི་ལུས་ལ་དངོས་པོའི་རྣམ་པ་སྣ་ཚོགས་པར་སྟོན་ནུས་ན། ཅི་འགྲོ་བའི་དབང་ཕྱུག་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དངོས་པོའི་རང་བཞིན་མིག་འཕྲུལ་གྱི་རང་བཞིན་རྣམ་པ་དེ་ལྟ་བུ་དང་ཐ་མི་དད་པ་མཁྱེན་ནས་མི་སྤྱོད་པར་འགྱུར་རམ། དེའི་ཕྱིར་མཁས་པ་གང་ཞིག་མ་གཏོགས་པའམ་སོམ་ཉི་ཟ་བར་འགྱུར། དེའི་སྤྱིར་མཁས་པས་དཔེ་འདིའི་སྒོ་ནས་གསལ་འདི་ལ་ལྷག་པར་མོས་པར་བྱའོ། །ཇི་ལྟར་ཉིད་ཀྱི་སྤྱོད་པ་དང་དེ་བཞིན་གཤེགས་པ་གཞན་གྱི་སྤྱོད་པ་དག་དུས་གཅིག་ཏུ་རང་ཉིད་ཀྱི་བ་ཡུའི་ཁུང་བུར་སྟོན་པར་མཛད་པ། དེ་བཞིན་དུས་གསུམ་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་འཕགས་པ་ཉན་ཐོས་མ་ལུས་ཀྱི། །སྤྱོད་དང་དེ་ལྷག་སྐྱེ་བའི་གནས་སྐབས་ནི། །ཐམས་ཅད་བ་ཡུའི་ཁུང་བུར་གཅིག་ཚེ་སྟོན། །སྐུ་ཕུན་སུམ་ཚོགས་པ་བརྗོད་ནས་རྣམ་པར་རྟོག་པ་མི་མངར་ཟིན་ཀྱང་བཞེད་པ་ལ་མངར་གྱུར་པ་ཉིད་ཕུན་སུམ་ཚོགས་པར་བསྟན་པའི་ཕྱིར་བཤད་པ། དག་པ་འདི་ནི་བཞེན་པར་འཇུག་པ་ཡིས། །རྒྱུལ་གཅིག་ཡུལ་ལ་མཁས་གཏུགས་འཇིག་རྟེན་དང་། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྒྱུལ་སྟོན་མོད། །རྒྱུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །སངས་རྒྱས་བཅོམ་ལྡན་

(༡༡༩༨""འདས་རྣམས་ཀྱིས་ནི་བཞེད་པའི་སྒོ་ནས་ནམ་མཁའི་མཐའ་གཏུགས་པའི་འཇིག་རྟེན་རྡུལ་ཕྲ་རབ་གཅིག་གི་ཡུལ་ལ་སྟོན་པར་སྤྱོད་དེ། འཇིག་རྟེན་ཕྲ་བར་ཡང་མི་འགྱུར་ཞིང་རྡུལ་ཕྲ་རབ་རགས་པར་ཡང་མི་འགྱུར་ལ། བཞེད་པ་ཉིད་ཀྱིས་རང་གི་ངོ་བོ་ཇི་ལྟར་གནས་པ་ཡང་དེ་ལྟར་ཡང་དག་པར་སྟོན་ཏོ། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་ཡང་སྟོན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཞེད་པ་ཙམ་གྱིས་མཐའ་ཡས་ཕྱོགས་ཏེ་འཇིག་རྟེན་མ་ལུས་པའི་རྟེན་རྡུལ་ཕྲ་རབ་གཅིག་གིས་ཁྱད་པར་ཡང་སྟོན་པ་མ་མཛད་དོ། །དེ་བཞིན་དུ། རྣམ་རྟོག་མི་མངའ་ཁྱོད་ཀྱིས་སྲིད་མཐའི་བར། །སྐད་ཅིག་དེ་རེ་རེ་ལ་སྤྱོད་སྣ་ཚོགས་ཇི་སྙེད་སྟོན་པ་དེ་སྙེད་ཛམ་བུའི་གླིང་། མ་ལུས་རྡུལ་གང་དེ་དག་ལ་གྲངས་མེད། རྣམ་པར་རྟོག་པ་མི་མངའ་ཁྱིད་འཁོར་ཤཧྲཔཉབར་དུ་སྐད་ཅིག་དང་སྐད་ཅིག་ལ་སྤྱོད་པ་སྣ་ཚོགས་སྟོན་པའི་ཚད་མ་གང་ཡིན་པའི་ཚད་དེའི་གྲགས་ནི་ཛམ་བུའི་གླིང་མ་ལུས་པ་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་དག་ལ་ཡོས་མ་ཡིན་ནོ་ཞེས་འདི་ནི་ཐུན་མོང་མ་ཡིན་པའི་ཡིན་ཏན་ཕུལ་དུ་བྱུང་བརྗོད་པའི་སྒོ་ནས་བཅོམ་ལྡན་འདས་།།།བསྟོད་པ་ཡིན་ནོ། །ཞེས་འབྱུང་བ་ལ འདེ་དག་གིས་ནི་རྒྱུ་མཐུན་པའི་སྐུ་གཅིག་ཉིད་ལ་བདག་ཉིད་ཀྱི་ཡོན་གྱི་འཁོར་བའི་བྱུང་མཐའ་དང་། བདག་ཉིད་ཀྱི་ལམ་གྱི་གནས་སྐབས་ཀྱི་ཞིང་གང་དུ་སྤྱད་པ་དང་། སྟོན་པ་ཇི་ལྟ་བུ་ལ་བརྟེན་པ་དང་། དེ་ལ་སྦྱིན་པ་ཇི་ཙམ་ཕུལ་བ་དང་། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་ཕ་རོལ་དུ་ཕྱིན་པ་རེ་རེའི་

(༡༡༩༩)སྤྱིར་སྤྱད་པ་དང་། སངས་རྒྱས་གཞན་ཐམས་ཅད་ཀྱི་ཡང་འཁོར་བའི་བྱུང་མཐའ་དང་ལམ་གྱི་བྱུང་མཐའ་སྟེ་གཉིས་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གཞན་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་གཞན་རྣམས་ཀྱི་རེ་རེ་བཞིན་གྱི་བྱུང་མཐའ་གཉིས་པོ་རྣམས་སྐུ་གཅིག་ལ་དུས་གཅིག་ཏུ་སྟོན་ཞིང་དེ་ཡང་མ་ལུས་པ་དང་མ་འཆོལ་བ་དང་གསལ་བ་སྟེ་ཁྱད་པར་གསུམ་དང་ལྡན་པར་གཟུགས་བརྙན་གྱི་ཚུལ་དུ་སྟོན་པའི་གཟུགས་བརྙན་དེ་དག་ནི་སྔར་གྱི་བྱུང་བ་རྣམས་སྒྱུར་བྱས་ནས་དེ་དང་མཐུན་པར་གཟུགས་བརྙན་དུ་ཤར་བའི་ཕྱིར་རྒྱུ་མཐུན་པའི་སྐུ་ཞེས་བྱའོ། །ཚིགས་སུ་བཅད་པ་ཕྱི་མ་གཉིས་ཀྱིས་ནི་རྡུལ་གཅིག་གི་གོ་སར་མ་ལུས་པའི་འཇིག་རྟེན་སྟོད་ནུས་པ་དང་། རྡུལ་གཅིག་གིས་ཕྱོགས་བཅུ་ཐམས་ཅད་ཁྱབ་པ་སྟེ། མཐུའི་ཁྱད་པར་རྒྱ་ཆེ་བ་དང་དུས་སྲིད་པའི་མཐའ་བར་དུ་སྟོན་ནུས་པའི་མཐུ་ཡོད་པས་རྡུ་མཐུན་གྱི་སྐུ་ཞེས་བྱ་བ་འདི་ནི་སྟོན་པའི་རྫུ་ཕྲུལ་གྱི་ཡུལ་ཤེས་པའི་མཐུ་ཡིན་ནོ་ཞེས་བྱ་བར་བསྟན་ཏོ། །འདི་ནི་ཕལ་པོ་ཆེའི་ལེའུ་སུམ་བསུ་རྩ་གགཉིས་པ་ལས། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པའི་ཆ་སྐུ་ཆགས་པ་མི་མངའ་བའི་རྒྱན་དང་ལྡན་པ། དུས་གསུམ་མཚུངས་པར་མཉམ་པ་འཇིག་རྟེན་གྱི་ཁས་འབྱམ་ཀླས་པ་ཐམས་ཅད་ཀུན་དུ་ཁྱབ་པ། ཆོས་ཀྱི་དབྱིངས་ཁོངས་སུ་ཆུད་པ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་དམིགས་པ་འདི་ལྟོས་ཤིག་དང་། དེ་ལ་

(༡༢༠༠)འཇིག་རྟེན་གྱི་ཁས་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་དུ་གྱུར་པར་སྣང་ངོ། ཞེས་གསུངས་པ་འདི་ལྟ་བུ་ཡིན་པར་མཐོང་ངོ། །གང་དུ་སངས་རྒྱ་བའི་གནས་ནི་སློབ་དཔོན་ལེགས་ལྡན་འབྱོད་ཀྱིས། རྫོགས་སངས་རྒྱས་རྣམས་འོག་མིན་གྱི། །ཕོ་བྲང་དགྱེས་པ་སྡིག་པ་ཀུན། །རྣམ་སྤངས་དེར་ནི་འཚང་རྒྱ་ཞིང་། །སྤྲུལ་པ་དག་གིས་འདིར་འཚང་རྒྱ། ཞེས་བྱ་བའི་ལུང་དྲངས་ནས་དང་པོར་འོག་མིན་དུ་འཚང་རྒྱ་བར་བཤད་ལ། སློན་དཔོན་ཟླ་བས་ཀྱང་དབུ་མ་ལ་འཇུག་པ་དང་། སྐྱབས་གསུམ་བདུན་བཅུ་པ་གཉི་གར་དང་པོར་འོག་མིན་དུ་སངས་རྒྱས་ནས་དེའི་རྗེས་སུ་འདིར་ཡང་འཚང་རྒྱ་བའི་ཚུལ་སྟོན་པར་བཞེད་དོ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་ནི་འོག་མིན་དེ་ཡང་ཕྱུག་པོ་བཀོད་པ་ཡིན་པར་བཞེད་དོ། དེ་དཔལ་ལྡན་ཕྱུག་པོ་བཀོད་པ་ཉིད་དུ་དོན་དམ་སངས་རྒྱས་ཐུགས་ཆུད་ཅིང་། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་ཕྱིར་ཤཱཀྱའི་རིགས་འཁྲུངས་གང་། །འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་གྱུར་ཅིག་ །ཅེས་གསུངས་སོ། །དེ་བཞིན་དུ། སློབ་དཔོན་སྒེག་པ་རྡོ་རྗེ་ཀྱང་། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་ཕྱུག་པོ་ཉམས་དགའ་བར། ཞེས་ཕྱུག་པོ་བཀོད་པ་ཉིད་སངས་རྒྱ་བའི་གནས་སུ་བཞེད་དོ། །ཕྱུག་པོ་བཀོད་པ་ནི་གཟུགས་ཀྱི་ཁམས་ཀྱི་སྟེང་ན་གནས་པར་སློབ་དཔོན་ཐོགས་མེད་ཀྱིས་སའི་དངོས་གཞི་ལས་གསུངས་སོ་

(༡༢༠༡)འདིར་སློབ་དཔོན་སངས་རྒྱས་གསང་བས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་དོན་བསྡུས་པར། སྐུ་བཞིའི་རྣམ་པར་གཞག་པ་གསུངས་པ་གང་ཡིན་པ་དེ་འདིར་དྲང་བར་བྱ་སྟེ། བཅོན་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ནི་སྐུ་བཞིའི་མཚན་ཉིད་ཅན་ཡིན་ཏེ། འདི་ལྟར་རྒྱུད་འདི་ལས་སྤྲུལ་བའི་སྐུ་རྣམ་པ་གཉིས་སུ་བརྟག་པ་མཛད་ནས་སྐུ་བཞིར་བཞེད་དོ། འདི་ལྟ་སྟེ། རྫོགས་པར་བྱང་ཆུབ་པའི་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ཞེས་བྱ་བ་ཡིན་ནོ། །ཞེས་དང་ཡང་དེ་ལ་ཡེ་ཤེས་རྣམ་པར་རྟོག་པའི་རྟེན་ཐམས་ཅད་བསལ་བ། རྣམ་པ་ཐམས་ཅད་ལས་ངེས་པར་གྲོལ་བས་ཤིན་དུ་འོད་གསལ་བ་རང་རིག་པ་ཙམ་གྱི་མཐར་ཐུག་པས་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པ་སྐད་ཅིག་མའི་བརྒྱུད་པའི་ཚོགས་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སྐབས་གནག་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་གསུངས་ཏེ། རྣམ་རྟོག་གི་རྟེན་ནི་དམིགས་པ་སྟེ། དེ་དང་བྲལ་ཞིང་རྣམ་པ་མེད་པས་ནི་སློབ་པ་རྣམས་ཀྱི་རྟོག་པ་མེད་པའི་ཤེས་པའི་སྣང་བ་ཡང་མེད་པས་སྤངས་པའི་མཚན་ཉིད་བསྟན་ལ། རང་རིག་ཅིང་འོད་གསལ་བས་རྟོགས་པའི་ངོ་བོར་བསྟན་ཏོ། །སྐད་ཅིག་གི་ཕྲེང་བས་འཁོར་བ་ཇི་སྲིད་པར་རྒྱུར་མི་འཆད་པས་རྟག་པར་བསྟན་ཏེ། དེ་ལྟར་ན་སྤངས་པ་དང་རྟོགས་པའི་ངོ་བོ་རྒྱུན་མི་འཆད་པ་ཞེས་བྱ་བའི་ཆོས་

(༡༢༠༢)གསུམ་ལྡན་ཏེ་སྐད་ཅིག་མ་ཞེས་བྱ་བ་འདི་ཡང་སློན་དཔོན་འདི་དང་། སྨན་པའི་ཞབས་དང་། སློབ་དཔོན་ཤཱཀྱ་བཤེས་གཉེན་ལ་སོགས་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་དངོས་ཀྱི་སློབ་མ་རྣམས་ལ་སྣང་སྟེ། བླ་མའི་བསྟན་བཅོས་འཆད་པ་པོ་རྣམས་དང་རིང་བར་གནས་སོ། །མི་གནས་པའི་མྱ་ངན་ལས་འདས་པའི་གནས་སྐབས་ནི་མཐར་ཐུག་པའི་གནས་སྐབས་ཡིན་ཏེ། ཐེག་པ་ཐམས་ཅད་རང་གི་མྱ་ངན་ལས་འདས་པ་མཐར་ཐུག་པའི་ཕྱིར་རོ། །ཡང་། དེ་ལྟ་བས་ན་ཆོསསྐུ་འདིའི་དབང་གིས་དང་པོ་ཉིད་དུ་འོག་ནས་འབྱུང་བའི་མཚན་ཉིད་ཅན་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་འཇུག་པའི་རིམ་གྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྒྱུད་ཡོངས་སུ་དག་པ་རྣམས་ལ་རྣམ་པར་སྣང་མཛད་ཆེན་པོ་བཟང་པོ་དཔེ་མེད་པ་ཇི་ལྟ་སྟོན་པའི་དུས་བཞིན་རྟག་ཏུ་སྣང་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་འདིའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཡིན་ཏེ། བྱང་ཆུབ་ཀྱི་སྙིང་པོ་ཉིད་ན་དེ་ལྟ་བུས་འདུལ་བ་རྣམས་ལ་རྟག་ཏུ་སྣང་བར་འགྱུར་བའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཞེས་བཤད་དོ། །དེའི་མཚན་ཉིད་ཀྱང་འདི་ལས། དེ་ནས་བྱང་ཆུབ་སེམས་དཔའི་ཆེན་པོ་ཀུན་ད་བཟང་པོ་ལ་སོགས་པ་དེ་དག་གིས་བཅོམ་ལྡན་དཱས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པར་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་བསྟན་ནོ། དེ་བཞིན་དུ་ཆོས་ཀྱི་སྐུ་ཁོ་བ་བརྙེས་པའི་དུས་ཉིད་ན་ཆོས་ཉིད་ཀྱིས་ཐོབ་པ། སྐུ་དང་གསུང་དང་ཐུགས་མི་ཟད་པ་བཀོད་བ་

(༡༢༠༣)སེམས་ཅན་མོས་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་མགུ་བར་མཛད་པ། འགྲོ་བ་གསུམ་ལ་སྣང་བར་གྱུར་པ་གང་དག་ཡིན་པ་དེ་དག་གི་ནང་ནས་བྱང་ཆུབ་ཀྱི་སྙིང་པོའམ་གཞན་ཡང་རུང་སྟེ་ཡུལ་དང་དུས་ལ་སོགས་པ་མ་ངེས་པ་ཉིད་དག་ན་བྱང་ཆུབ་སེམས་དཔའ་རྣམ་པར་དག་རྣམས་ཁོ་ན་ལ་སྐུ་བཟང་པོ་དཔེ་མེད་པ་སྣང་བར་གྱུར་པའི་སྒོ་ནས་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་རབ་ཏུ་སྟོད་པ་ལ་ལྷུར་མཛད་པ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས་དམིགས་པ་གང་ཡིན་པ་དེ་ནི་འདིར་བཅོམ་ལྡན་འད་རྣམ་པར་སྣང་མཛད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བ་ཉིད་ཡིན་པར་བསྟན་ཏེ། ཞེས་འབྱུང་ངོ། །དེ་ལ་ཆོས་ཀྱི་སྐུ་འདིའི་དབང་གིས་ཤེས་པས་མངོན་པར་བྱང་ཆུབ་པའི་རྒྱུ་བསྟན་ཏོ། །འོན་ནས་འབྱུང་བའི་སྐུ་གཉིས་ནི་བྱང་ཆུབ་པ་དེའི་འབྲས་བུའོ། །བྱང་ཆུབ་སེམས་དཔའ་རྒྱུད་དག་པ་ནི་འཁོར་ངེས་པའོ། །བཟང་པོ་དཔེ་མེད་པས་ནི་མཚན་དཔེ་ཕུན་སུམ་ཚོགས་པ་སྟེ་སྐུ་ངེས་པའོ། །ཇི་ལྟར་སྟོན་པའི་དུས་བཞིན་རྟག་ཏུ་སྣང་བ་ནི་བྱང་ཆུབ་པའི་དུས་ཀྱི་སྤྱོད་ལམ་གཅིག་པུ་དེ་ཉིད་ཀྱིས་རྟག་ཏུ་གནས་པ་ཡིན་གྱི། སྤྱོད་ལམ་གཞན་དང་གཞན་དུ་མི་བསྒྱུར་བ་སྟེ་དུས་ངེས་པའོ། །བྱང་ཆུབ་ཀྱི་སྙིང་པོ་ཉིད་ན་ཞེས་པས་ནི་གནས་སེམས་པར་བསྟན་ཏོ། །་བྱང་ཆུབ་ཀྱི་སྙིང་པ་དེ་ཉིད་དུ་རྟུག་ཏུ་གནས་པའི་ཕྱིར་མངོན་པར་བྱང་ཆུབ་པའི་སྒྲའི་དོན་ཡང་དེ་ཡིན་ནོ། །ཕྱུག་པོ་བཀོད་པའི་ཐུབ་པའི་སྐུ་ནི་སྤྱོད་ལམ་གཅིག་ཁོ་ན་

(༡༢༠༤)མ་ཡིན་ཏེ། ཕྱུག་པོ་བཀོད་པའི་མདོར། ཏིང་ངེ་འཛིན་ལས་བཞེངས་སོ། །བཞེངས་ནས་ཀྱང་ཕོ་བྲང་འཇའ་དང་གློག་གི་འོད་ཅན་རྒྱན་དང་ལྷབ་ལྷུབ་ཏུ་མས་བརྒྱན་པ་ནས་མངོན་པར་བྱུང་སྟེ་ཟླ་བ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བའི་ཁང་སྟེངས་སུ་གཤེགས་སོ། །ཞེས་གབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་ལོངས་སྤྱོད་རྫོགས་པའི་སྐུ་འཆད་པ་ཡིན་ཏེ། འདི་ནི་སྐུ་མཚན་དཔེས་བརྒྱན་པའི་ངེས་པ་དང་། ཆོས་ཟབ་ཅིང་རྒྱ་ཆེ་བའི་སེམས་པ་དང་། འཁོར་བྱང་ཆུབ་སེམས་དཔའི་དག་པའི་ངེས་པ་སྟེ་ངེས་པ་གསུམ་དང་ལྡན་པ་ཡིན་གྱི། གནས་དང་དུས་མ་ངེས་པར་གསུངས་པ་འདི་ནི་ཕལ་པོ་ཆེ་གསུང་བ་ན་བྱང་ཆུབ་ཀྱི་སྙིང་པོ་ནས་རི་རབ་ཀྱི་རྩེ་མོ་དང་འཐརབ་བྲལ་ལ་སོགས་པ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དུ་རིམ་གྱིས་གཤེགས་པར་གསུངས་པའི་ཕྱིར་གནས་མ་ཡིན་པས་དུས་ཀྱང་མ་ངེས་ལ། འཁོར་ནི་ས་བཅུ་པ་ཤ་སྟག་ཡིན་པར་གསུངས་ཤིང་། ངོ་བོ་མཚན་དཔེས་བརྒྱན་ལ། ཆོས་ཀྱང་ཟབ་ཅིང་རྒྱ་ཆེ་བར་སྟོ་ཞིང་། སྲིད་པ་ཇི་སྲིད་ཀྱི་དབར་དུ་བཞུགས་པ་མ་ཡིན་པས་དུས་ཀྱང་མ་ངེས་ཏེ། །དེ་ལྟར་ན་མཚན་ཉིད་གསུམ་པོ་འདི་ནི་རི་རབ་ཀྱི་རྩེ་མོར་གཤེགས་པའི་སྐུ་ལ་ཚང་བའི་ཕྱིར་འདིར་བཤད་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་དེ་ཡིན་ལ། དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་དང་དངོས་ནི་བྱང་ཆུབ་པའི་སྐུ་དེ་ཡིན་ཞིང་། གསུམ་ལྡན་འདི་ནི་སྤྲུལ་པའི་སྐུ་ལ་ལོངས་སྤྱོད་རྫོགས་པའི་མིང་གིས་བཏགས་པ་ཡིན་ཏེ། སྤྲུལ་པའི་སྐུ་ནི་གཉིས་སུ་བརྟག་

(༡༢༠༥)པ་མཛད་ནས། ཤེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་མདོ་སྡེའི་རྒྱན་ལས། ལོངས་སྤྱོད་རྫོགས་པ་ཁམས་ཀུན་དུ། །འཁོར་ཡོངས་སུ་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། །མཛད་པ་དག་གིས་ཐ་དད་དོ། །ཞེས་རྣམ་པ་དུ་མར་གསུངས་པ་དེ་ཡང་འདིར་སྤྲུལ་པའི་སྐུའི་ཕྱོགས་གཅིག་ལ་ལོངས་སྤྱོད་པའི་སྐུར་བཏགས་པ་དེ་ཉིད་ལ། བླ་མ་འདིར་གསུངས་པའི་མཚན་ཉིད་ལྔ་དང་ལྡན་པ་འདི་ནི་མངོན་པར་བྱང་ཆུབ་པའི་སྐུ་དེ་ཡིན་ནམ་སྙམ་སྟེ། མཁས་པ་རྣམས་ཀྱིས་དཔྱད་པར་བྱའོ། །ཡང་ལྷ་དང་མི་དང་མི་མ་ཡིན་པ་ལ་སྣང་བའི་སྐུ་གང་དག་ལྷ་དང་མི་དང་མི་མ་ཡིན་པ་ལ་སོགས་པ་ཁོ་ན་ལ་སྐལ་བ་ཇི་ལྟ་བ་བཞིན་ཆོས་སྟོན་པ་ལ་སོགས་པ་སྦྱོར་བར་སྣང་བར་འགྱུར་ཞིང་། བྱིས་པ་སོ་སོའི་སྐྱེ་བོ་ལ་སོགས་པ་དག་ཅི་རིགས་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ལ་གཟུད་པར་ཞུགས་པ་དེ་ནི་འདིར་སྤྲུལ་པའི་སྐུ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར་ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པའི་གཟུགས་སུ་སངས་རྒྱས་ཀྱིས་སྤྲུལ་ནས་ཇི་ལྟར་རིགས་པར་ཆོས་སྟོན་པ་རྣམས་ལ་སྤྲུལ་པའི་སྐུ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ན་བསྟན་པ་གནས་པའི་དུས་ལ་སོགས་པ་རྣམ་པར་གཞག་པ་ཡང་ཤཱཀྱ་ཐུབ་པ་ལ་སོགས་པ་དང་པོར་ཁྱིམ་པའི་ཚུལ་དུ་བསྟན་ནས་ཕྱིས་རབ་རུ་བྱུང་བའི་རྣམ་པས་ཆོས་གསུང་བ་དེ་ཁོ་ནའི་དབང་དུ་བྱས་པ་ཡིན་གྱི། གནས་གསུ་མ་ངེས་པར་ལྷའི་དབང་པོ་དང་།

(༡༢༠༦)དྲང་སྲོང་ལ་སོགས་པའི་གཟུགས་ཀྱིས་བསྟན་པ་ངག་གི་དབང་དུ་བྱས་པ་མ་ཡིན་པར་ཤེས་པྲ་བྱ་སྟེ། དེ་ལྟ་བས་ན་རྩེ་མཆོག་ལ་སོགས་པར་མྱ་ངན་ལས་འདས་བའི་ཚུལ་བསྟན་ནས་ཆོས་གསུང་བའི་སངས་རྒྱས་མེད་དོ་སྙམ་དུ་ཤེས་པར་མི་བྱའོ། །རྡོ་རྗེའི་གདན་དུ་བྱང་ཆུབ་པའི་ཚུལ་བསྟན་པའི་སྐུ་དེ་ཉིད་ལ་ཡང་སློན་པའི་གནས་སྐབས་དང་མི་སློབ་པའི་གནས་སྐབས་གཉིས་ཡོད་པར་སངས་རྒྱས་གསང་བས་བཤད་དེ། ཚིག་རྣམས་ནི་མངས་སུ་དོགས་ནས་མ་བྲིས་སོ། །སློབ་པ་ཁོ་ནས་ཀྱང་ཛམ་བུའི་གླིང་དུ་སངས་རྒྱ་བའི་མཛད་པ་སྟོན་པར་རྒྱན་གཉི་ག་ནས་གསུངས་སྟེ། སའི་ཡོངས་སྦྱོང་དང་སྐྱབས་སུ་འགྲོ་བའི་སྐབས་ལ་སོགས་པར། །དེ་ལྟར་མདོར་བསྟན་པའི་ཚུགས་སུ་བཅད་པ་བཞི་པོ་འདིའི་དོན་རྒྱ་ཆེར་ནི་ཚིགས་སུ་བཅད་པ་ཉི་ཤུས་རིག་པར་བྱ་སྟེ། རང་བྱུང་རྣམས་ཀྱི་ཐམས་ཅད་མཁྱེན། །སངས་རྒྱས་ཉིད་ཅེས་གང་བརྗོད་པ། །མཆོག་ཏུ་མྱ་ངན་འདས་བསམ་མེད། །དགྲ་བཅོམ་སོ་སོའི་བདག་གྱུར་པ། །དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཆོས་ཀྱིས་རབ་ཕྱེ་རང་བཞིན་ལ། །རྩོགས་པའི་སྐུ་གསུམ་དག་གི་འཇུག། དེ་ལ་སངས་རྣམས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས།་ །ཉོན་མོངས་ཤེས་བྱ་སྙམས་འའཇུག་གི་ །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་

(༡༢༠༧) མེད་དང་། རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕིར་ན་འོད་གསལ་བ། །གཞལ་མེད་གྲངས་མེད་བསམ་མེད་པ། །མཉན་མེད་དག་པའི་མཐར་ཐུག་པ། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་ཡིན་ཕྱིར་དང་། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །གཞལ་མེད་ལ་སོགས་གོ་རིམས་བཞིན། །སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད། །རང་བཞིན་ཆོས་ནི་སྣང་ཕྱིར་དང་། །ཐུགས་རྗེ་དག་པའི་རྒྱུ་མཐུན་པ། །འགྲོ་དོན་རྒྱུན་མི་འཆད་ཕྱིར་དང་། །རྣམ་པར་རྟོག་མེད་ལྷུན་གྲུབ་པར། །འདོད་པ་ཇི་བཞིན་ཡོངས་སྐོང་ཕྱིར། །ཡིད་བཞིན་ནོར་མཐུའི་རྫུ་འཕྲུལ་གྱིས། །རྫོགས་པར་ལོངས་སྤྱོད་རྣམ་པར་གནས། །བརྗོད་སྟོན་མཛད་རྒྱུན་མི་འཆད་དང་། །མངོན་པར་འདུ་བྱེད་མེད་པ་དང་། །དེ་ཡི་ངོ་བོར་མི་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང་། །ཐུགས་རྗེ་ཆེན་པོར་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་ནས་ནི་འཕོ་བ་དང་། །ལྷུམས་

(༡༢༠༨)སུ་འཇུག་དང་བལྟམ་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་མབས་མཁྱེན་པ། །སེམས་ཅན་སྲིད་གསུམ་སྒྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཉི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་ལྡོག་སྟེ། །ཐབས་དང་ཤེས་རབ་ཡོངས་གཟུང་བས། །ཐེག་པ་མཆོག་ལ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་བསྟོན་ཏོ། །ཟབ་དང་མཐུ་ནི་ཕུན་ཚོགས་དང་། །བྱིས་པའི་དོན་མཐུན་རབ་འདྲེན་ཕྱིར། །འདི་དག་གྲངས་བཞིན་ཟབ་པ་དང་། །རྒྱ་ཆེ་བདག་ཉིད་ཆེ་ཞེས་བྱ། །འདིར་ནི་དང་པོ་ཆོས་སྐུ་སྟེ། །ཕྱི་མ་དག་ནི་གཟུགས་ཀྱི་སྐུ། །ནམ་མཁའི་ལ་ནི་གཟུགས་གནས་བཞིན། །དང་པོ་ལ་ནི་ཐ་མ་གནས། ཤེས་བྱ་བ་ལ། འདི་དག་ཀྱང་སྐུ་གསུམ་པོ་རྒྱས་པས་བཤད་པ་དང་མིང་དང་གནས་ཀྱིས་དོན་བསྡུ་བ་གཉིས་སུ་འགྱུར་རོ། །དེ་ལ་སྤྱིར་བཤད་པ་ནི་རྣག་བྱུང་སངས་རྒྱས་རྣམས་ཀྱི་ཐབས་ཅད་མཁྱེན་པའི་ཉིད་ཅེས་པ་དང་

(༡༢༠༩)སངས་རྒྱས་ཉིད་ཅེས་གང་བརྗོད་པ་དང་། མཆོག་ཏུ་མྱ་ངན་ལས་འདས་པ་དང་། གཞན་གྱིས་བསམ་པར་བྱར་མེད་པ་དང་། ཐེག་པ་ཆེན་པོའི་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱི་སོ་སོར་རང་རང་གི་བདག་ཉིད་དུ་གྱུར་པ་ཡིན་གྱི། གཞན་དང་ཐུན་མོང་མ་ཡིན་པ་ཞེས་བྱ་བ་དག་ནི་སྐུ་གསུམ་དུ་བྱེད་བའི་གཞི་བྱང་ཆུབ་ཀྱི་མིང་གི་རྣམ་གྲངས་ཀྱིས་བརྗོད་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ལས་ནི་བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བའི་ཤེས་པ་དང་མྱ་ངན་ལས་འདས་པ་ནི་་རྐྱེན་ཅུང་ཟད་ཀྱིས་ཀྱང་མ་བྱས་པར་སྨྲ་ལ། འདིར་ནི། ཆོས་འཇིག་པ་ནི་སྡུག་བསྔལ་འགོག་པ་ལ་མ་ལགས་སོ། །ཞེས་བྱ་བས་སྡུག་བསྔལ་འགོག་པ་དང་མྱ་ངན་འདས་པ་ཡང་ཡེ་ཤེས་ཀྱི་བདག་ཉིད་དུ་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་ལྟར་ཆོས་ལྔའི་མིང་གིས་བརྗོད་པའི་བྱང་ཆུབ་དེ་ལ་དབྱེ་བ་བྱས་ན་ཟབ་པའི་སྐུ་དང་རྒྱ་ཆེ་བའི་སྐུའང་བདག་ཉིད་ཆེན་པོའི་སྐུ་སྟེ་ཁྱད་པར་གྱི་ཡོན་ཏན་གྱི་ཆོས་ཀྱིས་རབ་ཏུ་ཕྱེ་བ་སྟེ་ཐ་དད་དུ་བྱས་པ་ནི་ཆོས་ཐ་དད་པ་ཡིན་གྱི། ངོ་བོ་ཉིད་ཐ་དད་པ་མ་ཡིན་པའོ། །དེ་དག་ཀྱང་རང་བཞིན་ངོ་བོ་ཉིད་དང་རྫོགས་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་སྐུ་གསུམ་གྱིས་འཇུག་པ་ཡང་གསུམ་མོ། །སོ་སོར་བཤད་པ་ནི་གསུམ་དུ་ཕྱེ་བ་དེ་ལ་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་མཚན་ཉིད་ལྔ་དང་ལྡན་པར་རིག་པ་བྱ་སྟེ། འདུས་མ་བྱས་པ་དང་། ཡོན་ཏན་རྣམ་པར་དབྱེར་མེད་པ་དང་། མཐའ་གཉིས་རྣམ་པར་སྤངས་པ་དང་། ཉོན་མོངས་དང་ཤེས་བྱ་དང་སྙོམས་པར་འཇུག་པའི་

(༡༢༡༠)སྒྲིབ་པ་གསུམ་ལས་ངེས་པར་གྲོལ་བ་དང་། དྲི་མ་མེད་པའི་ཆོས་ཀྱི་དབྱིངས་རྣམ་པར་རྟོག་པའི་ཡུལ་མ་ཡིན་ཞིང་རྣལ་འབྱོར་མཆོག་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་ཡིན་པ་རྣམས་ཏེ། རྟེན་ཆོས་ཀྱི་དབྱིངས་དྲི་མ་མེད་པ་དེ་ལ་འོད་གསལ་བར་ཡང་བརྗོད་དེ། གདོད་མ་ནས་ངོ་ནོ་ཉིད་ཀྱིས་དག་པའི་ཕྱིར་ན་ཐམས་ཅད་མཁྱེན་པར་འགྱུར་བའི་ཕྱིར་འོད་གསལ་བའོ། །ཡོན་ཏན་གྲངས་མེད་ཀྱང་མདོར་བསྡུ་ན་རྣམ་པ་ལྔ་དང་ལྡན་པར་རིག་པར་བྱ་སྟེ། འདི་ལྟར་ངོ་བོ་ཉིད་ཀྱི་སྐུ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གཞལ་དུ་མེད་པའི་ཡོན་ཏན་རྣམས་དང་ཡང་དག་པར་ལྡན་ཏེ། རྣམ་པ་ཐམས་ཅད་པ་ཡིན་པས་རྒྱ་ཆེ་བའི་ཕྱིར་རོ། །གྲངས་མེད་པའི་ཡོན་ཏན་དང་ལྡན་ཏེ། །རྣམ་པ་གཅིག་ལ་ཡང་ནང་ཚན་དུ་གྲགས་མེད་པའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །བསམ་དུ་མེད་པའི་ཡོན་ཏན་དང་ལྡན་ཏེ། །མཐའ་གཉིས་སུ་རྟོག་པའི་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་རོ། །མཉམ་པ་མེད་པའི་ཡོན་ཏན་དང་ཡང་ལྡན་ཏེ། དྲང་དང་མཚུངས་པའི་ཟླ་བོ་གཞན་མེད་པའི་འབའ་ཤིག་པ་ཡིན་པའི་ཕྱིར་རོ། དག་པའི་མཐར་ཐུག་པའི་ཡོན་ཏན་དང་ལྡན་ཏེ། ཆོས་ཀྱི་དབྱིངས་ལ་བག་ཆགས་དང་བཅས་པའི་སྒྲིབ་པ་ཕྲ་མོ་ཡང་མེད་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་ནི་ཆོས་ལས་རྣམ་པར་གཞག་སྟེ། དུས་གཅིག་ཏུ་སྣ་ཚོགས་ཤིང་མི་འདྲ་བའི་གསུང་གི་ཆོས་ལ་ལོངས་སྤྱོད་པའི་ཕྱིར་དང་། རང་བཞིན་གྱི་སྒྲ་ནི་སྐུའི་མིང་གི་རྣམ་གྲངས་ཏེ། དེའི་ཆོས་ནི་སྐྱེས་བུ་ཆེན་

(༡༢༡༡)པོ་ཉིད་དུ་མཚོན་པར་བྱེད་པའི་མཚན་དང་དཔེ་བྱད་ཀྱི་སྣང་བ་སྟོན་པའི་ཕྱིར་དང་། ཐུགས་ལ་ཐུགས་རྗེ་ཆེན་པོ་དག་ཅིང་རྫོགས་པའི་རྒྱུ་མཐུན་དུ་གྱུར་པའི་འགྲོ་བའི་དོན་གྱི་བྱ་བ་སྣ་ཚོགས་པ་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར་དང་། རྣམ་པར་རྟོག་པ་མེད་པས་ལྷུན་གྱིས་གྲུབ་པར་སང་གི་དང་གིས་གདུལ་བྱ་མི་སྣ་ཚོགས་པའི་འདོད་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྐོང་བར་མཛད་པའི་ཕྱིར་དང་། ཉེ་བར་གཞག་པའི་ཆོས་ཅན་དང་འབྲེལ་བའི་ཡིད་བཞིན་གྱི་ནོར་བུ་ཁ་དོག་སྣ་ཚོགས་སུ་སྣང་བ་བཞིན་དུ་མངོན་པར་ཤེས་པའི་མཐུ་དང་། དེ་ལས་བྱུང་བའི་རྫུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་སུ་སྟོན་ཡང་རང་གི་ངོ་བོ་དེ་མ་ཡིན་པའི་ཁྱད་པར་རྣམ་པ་ལྔས་སོ། །དེ་ལྟར་ཁྱད་པར་སྣ་ཚོགས་པ་རྣམ་པ་ལྔར་བརྗོད་པ་དེ་ཡང་རྟག་པ་ལྔ་སྟེ། གསུང་བརྗོད་པ་རྒྱུན་མི་འཆད་པའི་ཕྱིར་དང་སྐུ་སྟོན་པ་རྒྱུན་མི་འཆད་པའི་ཕྱིར་དང་། ཐུགས་འགྲོ་བའི་དོན་མཛད་པ་རྒྱུན་མི་འཆད་པའི་ཕྱིར་དང་། ནམ་མཁའ་ཇི་སྲིད་དུ་མངོན་པར་འདུ་བྱེད་པའི་རྩོལ་བ་དང་རྟོག་པ་མེད་པར་རང་གི་དང་གིས་འཇུག་པའི་ཕྱིར་དང་། དེའི་ངོ་བོ་མ་ཡིན་ཡང་དེ་ལྟ་བུར་སྟོན་པའི་རྫུ་འཕྲུལ་གྱི་བྱ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །ལྔ་པོ་དེ་དག་ལས་སྐུའི་སྣང་བ་མི་འཆད་པ་དང་། གསུང་གི་བརྗོད་པ་མི་འཆད་པ་གཉིས་ཀྱིས་མངོན་པར་བྱང་ཆུབ་པའི་སྐུ་ངེས་པར་བྱ་སྟེ། ཕྱུག་པོ་བཀོད་པར་བཞུགས་པའི་སྐུས་ནི་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་ལ་བསྐུལ་ནས་དེས་མདུན་དུ་དམ་པའི་ཆོས་སྒྲོགས་པའི་ཕྱིར་རོ།

(༡༢༡༢)དེ་ལྟར་སྣ་ཚོགས་སུ་སྣང་ཡང་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ནི་སྣ་ཚོགས་པ་མ་ཡིན་ཏེ། ཇི་ལྟར་ཉེ་བར་གནས་པའི་ཚོན་ཁ་དོག་སྣ་ཚོགས་པའི་དབང་གིས་ནོར་བུ་དེ་ཉིད་ཀྱི་དངོས་པོ་མ་ཡིན་པར་སྣང་བ་ལྟ་བུར་དེ་བཞིན་དུ་སྐུའི་ངོ་བོ་སྣ་ཚོགས་པ་མ་ཡིན་ཀྱང་འགྲོ་བ་རྣམས་ཀྱི་མོས་པའི་ཚོན་གྱི་རྐྱེན་སྣ་ཚོགས་པ་ལས་ཁྱབ་བདག་གཙོ་བོའི་སྐུ་དེ་ཉིད་ཀྱི་དངོས་པོ་མ་ཡིན་པ་གཞན་ལྟ་བུར་སྣང་ངོ་། །འདི་ནི་ལོངས་སྤྱོད་རྫོགས་པའི་མཚན་དང་དཔེ་བྱད་འབར་བའི་སྐུ་དེ་ཉིད་མཚན་དང་དཔེ་བྱད་བརླ་བའི་ཀླུའི་གཟུགས་དང་ནམ་མཁའ་ལྡིང་གི་གཟུགས་ལྟ་བུར་སྟོན་ནོ་ཞེས་བྱ་བ་མ་ཡིན་གྱི། མཚན་དཔེ་དང་ལྡན་པའི་གཟུགས་བྱང་ཆུབ་སེམས་དཔའ་ལ་མི་གཡོ་བར་སྣང་བ་དེ་ཉིད་ལས་སངས་རྒྱས་ཀྱི་ཞིང་དག་པའི་ཡོན་ཏན་གྱི་ཁྱ་པར་མཐའ་ཡས་པ་དང་། ཞིང་དེར་ལྷ་དང་ཀླུ་དང་གནོད་སྦྱིན་དང་ནམ་ཁའ་ལྡིང་དང་མིའམ་ཅི་དང་ལྡོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་མཐའ་ཡས་པར་རྣམ་པར་རྒྱུ་བར་སྟོན་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་འབྱུང་བའི་རྒྱུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་དང་། འཇིག་རྟེན་གྱི་ཁམས་དང་དབང་པོ་མོས་དང་བག་ཆགས་རྣམས་མ་ལུས་པར་མཁྱེན་པའི་ཡེ་ཤེས་གཉིས་ལས་འབྱུང་ངོ། །དེ་ཡང་འཇིག་རྟེན་ཀུན་ལ་སུ་ནི་དར་སྒུད་ཅེས་བྱ་བ་ལ་སོགས་པའི་རྣམ་པས་ཉིན་མཚན་དུས་དྲུག་ཏུ་གཟིགས་ནས་དུས་ལ་བབ་པ་ན་མཛད་པ་ཡིན་ལ། དུས་དྲུག་ཏུ་གཟིགས་པས་རྣམ་པར་རྟོག་པ་མངའ་བ་ལྟ་བུར་བསྟན་ཀྱང་རང་གི་ངོ་བོ་རྣམ་པར་མི་རྟོག་པའི་ཆོས་ཀྱི་ལས་

(༡༢༡༣)སྐད་ཅིག་ཙམ་ཡང་མ་གཡོས་པར་བརྟན་པ་དང་གཡོ་བ་སྣ་ཚོགས་སུ་སྤྲུལ་བའི་བཞིན་གྱིས་ན་སྤྲུལ་པ་མཐའ་ཡས་པ་ཡིན་ནོ། །དེ་རྣམས་ལས་ཀྱང་སྤྲུལ་པ་རྣམ་པ་གཉིས་བྱེ་བྲག་ཏུ་མཛད་དེ། སྟག་དང་རི་བོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པའི་སྐྱེས་པའི་རབས་སྣ་ཚོགས་སུ་མངོན་པར་སྤྲུལ་བ་དང་། གཞན་སངས་རྒྱས་ཉིད་ཀྱི་གཟུགས་སུ་སྤྲུལ་ཏེ་མཛད་པ་ཡིན་ནོ། །དེ་ཡང་ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ། །དེ་བཞིན་གཤེགས་པས་མངོན་སུམ་འདོམས་མཛད་དོ། ཞེས་གསུངས་པ་བཞིན་དུ་རྣལ་འབྱོར་པ་དེ་ཉིད་ལ་སྣང་གི་ཕྱུགས་རྫི་ལ་སོགས་པའི་སྐྱེ་བོ་ཐམས་ཅད་ལ་ཐུན་མོང་དུ་མི་སྣང་བ་ཡང་ཡོད་དོ། །གཞན་ནི་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཐུན་མོང་དུ་སྣང་བར་མཛད་པའི་སྐུ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་བསྐལ་པ་གྲངས་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ཡང་དག་པར་ལྡན་པའི་དམ་པ་ཏོག་དཀར་པོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་དེ་དགའ་ལྡན་གྱི་ལྷའི་ཕོ་བྲང་ན་རྣམས་ལ་ཆོས་སྟོན་ཞིང་ཤིན་དུ་་དགྱེས་པར་བཞུགས་པ་ལ། ལྷ་ཡི་སིལ་སྙན་བརྒྱ་སྟོང་མང་པོ་ལས། །བསོད་ནམས་རྒྱ་ཆེན་ཚོགས་མངའ་དྲན་རྟོགས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྐུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད།

(༡༢༡༤)ཅེས་བྱ་བ་ནས། གླུ་དབྱངས་སྒྲ་ལས་རྣམ་པ་འདི་ལྷ་ཡི། །ཚིགས་སུ་བཅད་པ་མང་པོ་བྱུང་གྱུར་ནས། །འདི་ནི་དུས་ལགས་བཏང་སྙོམས་མ་མཛད་ཅེས། །སྙིང་རྗེའི་ཡིད་དང་ལྡན་ལ་བསྐུལ་བར་བྱེད། ཅེས་བྱ་བའི་ཚིགས་སུ་བཅད་པ་མནག་པོས་ཛམ་བུའི་གླིང་རྒྱལ་མཚན་དུ་སངས་རྒྱས་ཀྱི་མཛད་པ་མཛད་པར་བསྐུལ་བ་དང་། གཞལ་མེད་ཁང་ཆེན་པོ་དེ་ལས་བྱུང་སྟེ་ཆོས་ཀྱིས་མཐོ་བའི་ཁང་བཟངས་སུ་གཤེགས་ནས་ཆོས་སྟོན་པ་དེའི་ཚེ་ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའི་ཡུམ་གྱི་ལྷུམས་སུ་འཇུག་པར་འགྱུར་རོ་ཞེས་བྱ་བའི་ཚེ་གནས་གཙང་མའི་ལྷའི་བུ་དག་གིས་ཛམ་བུའི་གླིང་དུ་ལྷགས་ནས་མི་རྣམས་ལ་རིག་བྱེད་སློབ་པར་བྱེད་ཅིང་གང་ཞིག་རྣམ་པ་འདི་ལྷ་བུར་ངལ་དུ་ཞུགས་ཤིང་མཚན་དང་ལྡན་པར་བཅས་པ་དེ་ཁྱིམ་ན་གནས་ན་འཁོར་ལོས་བསྒྱུར་བ་དང་རབ་ཏུ་བྱུང་ན་ནི་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་རིག་བྱེད་ཀྱི་ཚིག་རྣམས་ཀྱང་འདོན་དུ་འཛུད་དོ། །ལྷའི་བུ་གཞན་དག་ཀྱང་ཛམ་བུའི་གླིང་དུ་ལྷགས་ནས་རང་སངས་རྒྱས་རྣམས་ལ་འདི་སྐད་ཅེས་ད་དེ་ལ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་སུམ་གྱི་ལྷུམས་སུ་འཇུག་གི་སངས་རྒྱས་ཀྱི་ཞིང་འདི་འོརཅིག་ཅེས་བསྐུལ་ལོ། །བསྐུལ་བས་ཀྱང་དེ་དག་མྱ་ངན་ལས་འདས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་གླིང་དང་དུས་དང་ཡུལ་དང་རིགས་ཏེ་གཟིགས་པ་བཞི་ལ་གཟིགས་ཏེ། ཐོག་མའི་དུས་མ་ཡིན་པར་སེམས་ཅན་ལ་སྐྱེ་རྒ་ན་འཆི་སྣང་བའི་དུས་དང་ཛམ་བུའི་གླིང་དང་ཡུལ་དབུས་དང་རྒྱལ་པོ་རིགས་སོ། །དེའི་ཚེ་དགའ་ལྡན་དུ་ལྷའི་

(༡༢༡༥)བུ་རྣམས་ལ་ཆོས་མང་དུ་བསྟན་ནས་རྣག་གི་དབུ་རྒྱན་བྱམས་པ་ལ་བཀོན་ནས་རྒྱལ་མཚབ་ཏུ་མཛད་དེ། འདོད་གཟུགས་ཀྱི་ལྷའི་བུ་མང་པོས་མྱ་ངན་ལས་འདས་ཀྱི་བར་དུ་ཞབ་འབྲིང་བྱེད་པར་ཁས་བླངས་ནས་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་མཆོག་དྲུག་པའི་གཟུགས་དང་ལྡན་པའི་བར་མདོར་མཛད་དེ་དགའ་ལྡན་ནས་ཛམ་བུའི་གླིང་དུ་གཤེགས་སོ་ཞེས་བྱ་བ་ནི་དགའ་ལྡན་ནས་འཕོ་བའི་མཛད་པ་སྟེ་དང་འོའོ། །དེའི་ཚེ་ལྷ་མོ་སྒྱུ་འཕྲུལ་མ་མལ་བདེ་བར་གནས་ཤིང་གསོ་སྦྱོང་བླངས་པའི་བློ་གཡས་པར་ཞུགས་ཏེ། དེ་ནི་དཔྱིད་ཟླ་ཐ་ཆུངས་ཀྱིས་གས་ཉ་བའི་ཚེས་ལ་ཡིན་ཏེ། ཚངས་པས་ཡུམ་གྱི་མངལ་དེར་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤྱད་པར་བྱ་བ་རིན་པོ་ཆེ་བཀོད་པའི་ཁང་བཟངས་རྐྱེན་དུ་འཚམ་པ་ཕུལ་ཏེ་ཟླ་བ་ཚང་བར་བཞུགས་ཤིང་། །དེ་ཡང་ལྷ་རྣམས་ལ་ཆོས་བསྟན་པ་མཛད་པ་ནི་ལྷུམས་སུ་ཞུགས་པའི་མཛད་པ་སྟེ་གཉིས་པའོ། །ཟླ་བ་བཅུ་རྫོགས་པ་ན་ལུམ་བི་བིའི་ཚལ་སུ་ཡུམ་གྱི་ཕྱག་གཡས་པ་ཤིང་བླ་ཤ་ཤའི་ཡལ་ག་ལ་འཇུས་ཤིང་བརྐྱང་བའི་ཅིབ་ལོགས་ནས་མངལ་གྱི་དྲི་མ་མེད་པར་བྱུང་སྟེ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་ཀ་ཤི་ཀའི་སླེད་མོས་བླངས་ཏེ་སླེད་མོད་དེ་ལས་བབས་པ་ན་ས་ལ་པདྨ་ཆེན་པོ་ཞིག་བྱུང་བ་ལ་ཞབས་བཞག་ཅིང་ཀླུའི་རྒྱལ་པོས་ཁྲུས་ཆབ་གསོལ་ནས་ཕྱོགས་བཞིར་གོམས་པ་བདུན་བདུན་བོར་ཏེ་སེམས་ཅན་གྱི་སྔོན་དུ་འགྲོ་བར་བྱ་བ་ལ་སོགས་པའི་དམ་བཅའ་བ་བཞི་གསུངས་སོ་ཞེས་བྱ་བ་ནི་ལྷུམས་ནས་བལྟམས་པའི་མཛད་པ་སྟེ་གསུམ་པའོ།

(༡༢༡༦)དེ་ནས་སྐུ་ཡ་ཚད་དུ་སོན་པའི་ཚེ་སློབ་ཀུན་གྱི་བཤེས་གཉེན་ཞེས་བྱ་བ་ལ་ཡི་གེ་ལ་སོགས་པ་སློབ་པ་ལྟར་མཛད་ནས་བཟོའི་གནས་མཐའ་དག་ལེ་བྱང་བར་གྱུར་པ་ནི་བཟློའི་གནས་ལ་མཁས་པ་ཞེས་བྱ་བ་སྟེ་མཛད་པ་བཞི་པའོ། །དེ་ནས་ཀྱང་ཡ་ཚད་དུ་སོན་པའི་ཚེ་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་དང་མཐུན་པར་བྱ་བའི་ཕྱིར་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོས་མཚོ་མ་ཞེས་བྱ་བ་ཏུ་མཚོན་དུ་གཞག་སྟེ། ཤཱཀྱ་རྣམས་དང་རྩལ་འགྲན་ཏེ་ཐམས་ཅད་ཕམ་པར་བྱས་ནས་ས་མཚོ་མ་བཙུན་མོའི་འཁོར་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་བདག་གིར་མཛད་ཅིང་འཇིག་རྟེན་དང་མཐུན་པ་སྲས་བསྟན་པའི་ཕྱིར་མངལ་གཞག་པ་ཡང་མཛད་དོ་ཞེས་བྱ་བ་ནི་བཙུམ་མོའི་འཁོར་ལ་དགྱེས་པར་རོལ་བ་སྟེ་མཛད་པའོ། །དེ་ནས་ཤཱཀྱ་རྣམས་ཀྱིས་འདི་ཞག་བདུན་ཚུན་ཆད་དུ་རབ་ཏུ་མ་བྱུང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འགྱུར་རོ་ཞེས་གྲོང་ཁྱེར་ཐམས་ཅད་དུ་དམའ་གིས་བསླངས་ཤིང་མེལ་ཚེ་བྱེད་ཀྱང་ཆུབ་སེམས་དཔའི་མཐུས་ཐམས་ཅད་གཉིས་ཀྱིས་ལོག་པར་གྱུར་ཅིང་དེའི་ཚེ་བྱང་ཆུབ་སེམས་དཔས་ཡབ་གཉིད་ཀྱིས་ལོག་པའི་རྐང་པ་ལ་ཕྱག་དང་སྐོར་བ་མཛད་ནས། རྡ་བསྔགས་ལྡན་ལ་ཆིབས་ཏེ་ལྷའི་བུ་བཞིས་ནམ་མཁའ་ལ་བཏེག་ཏེ་དཔག་ཚད་བཅུ་གཉིས་ཀྱིས་བགྲོད་པའི་མ་ག་དྷར་གཤེགས་ཏེ་བསྔགས་ལྡན་འདུན་པ་དང་བཅས་པ་ཕྱིར་ཀློག་གོ་ཞེས་བྱ་བ་ནི་ཁྱིམ་ནས་ངེས་པར་འབྱུང་བའི་མཛད་པ་སྟེ་དྲུག་པའོ། །དེ་ནས་གཟུགས་ཀྱི་ལྷ་ཞིག་གོས་དུ་སྒྲིག་འཛིན་པའི་སྔོན་པར་སྤྲུལ་ཏེ་བྱུང་བ་ལ་ཉིད་ཀྱི་ནམ་ཟ་རྣམས་བྱིན་ཏེ། སུ་སྨྲིག་བླངས་ནས་ཉིད་

(༡༢༡༧)ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་ངོ། །དེ་ནས་མུ་སྟེགས་བྱེད་ཀྱི་དགེ་སྦྱོང་དག་གི་གནས་སུ་སོང་ནས་དེ་དག་པས་ཉིས་འགྱུར་གྱིས་ལྷག་པའི་དཀའ་ཐུབ་སྤྱད་པས་དགེ་སྦྱོང་ཆེན་པོ་ཞེས་བྱ་བར་གྲགས་ཤིང་སྨར་ཡང་ཀླུང་ན་རནྫ་ནའི་འགྲམ་དུ་འབྲས་རྟོག་མོས་དང་ཆུ་ཐིགས་པེས་ལས་གསོལ་བའི་དཀའ་ཐུབ་ལོ་དྲུག་གི་བར་དུ་མཛད་པས་སྐུ་ལུས་ཞུམ་ཞིང་བསྐམས་ལ་ཤིན་དུ་རིད་པ་ལྟར་མཛད་དོ་ཞེས་བྱ་བ་ནི་དཀའ་བ་སྤྱོད་པའི་མཛད་པ་སྟེ་བདུན་པའོ། །དེ་ནས་དཀའ་ཐུབ་ཀྱི་སྟན་ལས་བཞེངས་ཏེ་ཁྲུས་མཛད་ནས་གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོག་མ་ལན་བཅུ་དྲུག་གམ་ལན་བདུན་དུ་སྙིང་ཀུར་བྱས་པ་སྦྲང་རྩི་དང་སྦྱར་བའི། །འབྲས་ཆན་བཟང་པོ་ཕུལ་བ་གསོལ་ཏེ་སྐུ་སྔར་བཞིན་དུ་ཤིན་དུ་རྒྱས་པར་གྱུར་ནས་བྱང་ཆུབ་ཀྱི་ཤིང་དྲུག་དུ་གཤེགས་ཏེ་བཀྲ་ཤིས་ཀྱི་རྩྭ་བླངས་ནས་སྟན་དུ་མཛད་པ་ལ་སྐྱིལ་ཀྲུང་གིས་བཞུགས་སོ་ཞེས་བྱ་བ་ནི་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་སྟེ་བརྒྱད་པའོ། །དེ་ནས་སྲོད་ཀྱི་ཚེ་སྨིན་མཚམས་ནས་བདུད་སྐུལ་བའི་འདོ་ཕྱུང་བས་བདུད་རྣམས་སྙིང་མི་དགཱ་ཞིང་ཡིད་འཇིགས་པ་དང་བཅས་བཞིན་དུ་དཔག་ཚད་བརྒྱད་བཅུར་ཁྱབ་པའི་བདུད་ཀྱིས་དུང་ཁྲག་ཁྲི་ག་ཉི་ཤུ་རྩ་བཞི་དང་བྱེ་བ་སུམ་བཅུ་རྩ་དྲུག་གི་དཔུང་གིས་སྣ་ཚོགས་པའི་མཚོན་ཆའི་ཆར་ཕན་ཀྱང་གནོད་པར་མ་ནུས་ལ། །བདུད་ཀྱི་བུ་མོའི་སྒྱུས་ཀྱང་སྐུ་བར་མ་ནུས་ཏེ་ད་དུང་ཐམས་ཅད་རབ་ཏུ་ཕམ་ཞིང་བྱེད་བར་གྱུར་རོ་ཞེས་བྱ་བ་ནི་བདུད་ཀྱི་སྡེ་འཇོམས་པའི་མཛད་སྟེ་དགུ་པའོ། དེ་ནས་ནམ་གུང་གི་ཆ་ལ་བསམ་གཏན་བཞི་

(༡༢༡༨)ལ་རིམ་གྱིས་མཉམ་པར་གཞག་ཅིང་བཞི་པ་མི་གཡོ་བ་བརྟེན་ནས་ཕྱི་བའི་མཐའ་གཟིགས་པའི་ལྷའི་མིག་དང་སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་གཉིས་མངོན་དུ་མཛད་དེ་སྐྱ་ངེས་འཆར་བའི་ཚེ་འཕགས་པའི་བདེན་པ་བཞི་དང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་མངོན་སུམ་དུ་གཟིགས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་རྫོགས་པར་བྱང་ཆུབ་པའི་མཛད་པ་སྟེ་བཅུ་པའོ། །དེ་ནས་ཞག་བདུན་ཕྲག་བདུན་དུ་བྱང་ཆུབ་ཀྱི་ཤིང་ལ་གཟིགས་པ་དང་། སྟོང་གསུམ་རིང་དུ་འཆག་པ་དང་། ཀླུའི་གནས་དང་། ཤིང་སྒྲོལ་རྒྱུའི་ཚལ་ལ་སོགས་པར་བཞུགས་ཤིང་། ཞག་ལ་བཅུ་པ་ལ་བས་།།།སིར་གཤེགས་ནས་ལྔ་སྡེ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ཀུན་ཤེས་ཀཽ་དི་ནྱས་དང་པོར་བདེན་པ་མཐོང་ཞིང་ལྔ་པོ་ཐམས་ཅད་ཀྱང་དགྲ་བཅོམ་པའི་འབྲས་བུ་ལ་བཀོད་ལ། ལྷ་བརྒྱད་ཁྲིས་ཀྱང་བདེན་པ་མཐོང་ཞིང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་དང་པོའོ། །དེ་ནས་བྱ་རྒོད་ཕུང་པོའི་རི་དང་མཉན་དུ་ཡོད་པ་ལ་སོགས་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསུངས་པ་ནི་ཆོས་ཀྱི་འཁོར་ལོ་གཉིས་པའོ། །དེ་ནས་བྱ་རྒོད་ཕུང་པོ་རི་ལ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང་། དེ་ལས་གཞན་པའི་གནས་དང་ཞིང་དག་པར་དགོངས་པ་ངེས་པར་འགྲེལ་བ་དང་སངས་རྒྱས་ཀྱི་ས་ལ་སོགས་པ་གསུངས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་སྟེ་བཅུ་གཅིག་པའོ། །དེ་ནས་ལོ་བརྒྱད་བཅུ་རྫོགས་པ་ན་རྩྭ་མཆོག་གི་གྲོང་དུ་གཤེགས་ཏེ་ཤིང་ས་ལ་ཟུང་གི་རྩ་བར་གཟིམས་མལ་བཅས་ནས་མྱ་ངན་ལས་འདས་པའི་

(༡༢༡༩)མདོ་གསུངས་ཤིང་། དེ་ནས་མྱ་ངན་ལས་འདས་ཏེ་སྐུ་གདུང་ཆ་བརྒྱད་དུ་བྱས་པའི་བར་ནི་མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་ནི་བཅུ་གཉིས་པ་སྟེ། དེ་ལྟར་འཇིག་རྟེན་གྱི་ཁམས་གཞན་དང་འདི་ཉིད་དུ་ཡང་ནས་ཡང་དུ་འབྱུང་ཞིང་དེ་ལྟ་བུས་སྲིད་པ་ཇི་གནས་ཀྱི་བར་དུ་ཡོངས་སུ་མ་དག་པའི་ཞིང་རྣམས་སུ་སྟོན་པ་མཛད་པ་ནི་སྤྲུལ་པའི་སྐུ་ཞེས་བྱའོ། །ད་ནི་འཁོར་ལོ་གསུམ་པོ་དེ་དག་གི་ཚུལ་སྟོན་ཏེ། འཁོར་ལོ་དང་པོས་ནི་སྡུག་བསྔལ་གྱི་བདེན་པའི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བའི་སྒྲ་ཡིས་སེམས་ཅན་རྣམས་སྲིད་པ་གསུམ་ལ་ཡིད་འབྱུང་ཞིང་སྐྱོ་བ་བསྐྱེད་ནས་མྱ་ངན་ལས་འདས་པ་གཉིས་ཀྱི་ལན་ལ་རབ་ཏུ་ཅིང་བཀོད་པར་མཛད་པ་ནི་མྱ་ངན་ལས་འདས་པ་དངོས་ཡིན་པའི་རྒྱུ་མཚན་གྱིས་མ་ཡིན་གྱི་ སངས་རྒྱས་ཀྱི་གདུལ་བྱ་དྲང་བའི་ཐབས་མཁྱེན་པས་ཡིན་ཏེ། དེད་པོན་མཁས་པས་ལམ་གྱི ་དུབ་པའི་འདྲོན་པ་རྣམས་ལ་གྲོང་ཁྱེར་སྤྲུལ་བ་བཞིན་ནོ། །དེ་ནི་འཁོར་ལོ་དང་པོའི་ཚུལ་ལོ། །འཁོར་ལོ་གཉིས་པ་ནི་འཁོར་ལོ་དང་པོ་ལ་ཞུགས་པ་ཞི་བ་མྱ་ང་ངན་ལས་འདས་པའི་སློབ་པའི་ལམ་ལ་རབ་ཏུ་ཞུགས་ཏེ་མཐར་མྱ་ངན་ལས་འདས་པ་ཐོབ་བོ་སྙམ་པའི་འདུ་ཤེས་ཅན་ཤཱ་རིའི་བུ་དང་རབ་འབྱོར་དང་བྱམས་མའི་བུ་གང་པོ་ལ་སོགས་པ་དགྲ་བཅོམ་པར་རབ་ཏུ་མང་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཕ་རོལ་དུ་ཕྱིག་པ་ལྔ་བསྟན་པ་ལ་སོགས་པའི་གཏམ་ཉན་དུ་བཙུད་དེ་ཐབས་དང་ཤེས་རབ་ཀྱི་

(༡༢༢༠)གཏམ་གཉིས་ཀྱིད་དེ་དག་ལ་དད་པ་བསྐྱེད་ཅིང་ཡོངས་སུ་གཟུང་ཞིང་འཛིན་དུ་བཅུག་པས་ཐེག་པ་མཆོག་ལ་རྒྱུད་ཡོངས་སུ་སྨིན་པར་མཛད་པ་ནི་འཁོར་ལོ་གཉིས་པའོ། །འཁོར་ལོ་གསུམ་པར་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པར་ཆོས་དྲང་བའི་དོན་རྣམས་ཀྱི་དེ་ཁོ་ན་ཉིད་ངེས་པའི་དོན་བསྟན་པ་ཡིས་དགྲ་བཅོམ་པ་དག་སྔར་རང་གི་མཐའི་མྱ་ངན་ལས་འདས་པ་ཐོབ་བོ་སྙམ་དུ་འཛིན་པ་ལས་བཟློག་ནས་རང་ཉིད་བྱང་ཆུབ་སེམས་དཔའི་ལམ་ལ་གནས་ངེས་པ་ན་ཤཱ་རིའི་བུ་སངས་རྒྱས་པདྨའི་འོད་དུ་འགྱུར་བ་ལ་སོགས་པའི་ཚུལ་གྱིས་མ་འོངས་པ་ན་བྱང་ཆུབ་མཆོག་སངས་རྒྱས་སུ་འགྱུར་བ་ལུང་སྟོན་པ་ནི་འཁོར་ལོ་གསུམ་པའོ། ཉན་ཐོས་དགྲ་བཅོམ་པ་སུར་ཐེག་པ་ཆེན་པོར་འཇུག་པ་ནས་བརྒྱད་པ་ཉིད་ནས་འཇུག་པ་དང་། ས་དང་པོ་ནས་འཇུག་པ་དང་། ཚོགས་ཀྱི་ལམ་ནས་འཇུག་པ་ལ་སོགས་པའི་འདོད་པ་རྣམས་ལས་རྣག་གི་ལུགས་ནི་སྔར་སྣགས་རྒྱས་གསང་བའི་ལུང་དྲངས་ནས་བཤད་ཟིན་ལ། འོན་ཀྱང་ས་བརྒྱད་པར་འཇུག་ཅེས་བྱ་བ་འདེ་ཉན་ཐོས་ཀྱི་འགྲོ་བཅོམ་པ་ཐེག་པ་ཆེན་པོར་ཞུགས་པ་ན་གང་ཐེག་པ་ཆེན་པོར་པར་གྱུར་པ་དང་ས་བརྒྱད་པའི་།།།སུ་མཉམ་པར་འདོད་ན་ནི་དང་ས་དང་པོ་བདུན་དུ་བསྐལ་བ་གྲངས་མེད་པ་མང་པོ་སྤྱད་པས་སྒྲུབ་དགོས་པ་དེ་ཉན་ཐོས་ཀྱི་ཚེ་གསུམ་གྱིས་ཐོབ་ལྷ་བྱང་ཆུབ་སེམས་དཔའ་ལས་ཉན་ཐོས་ཆེས་དབང་པོ་རྣོ་བར་ང་ལ་བའི་ཉེས་པ་འཇུག་པས་ཤིན་ཏུ་མི་རིགས་སོ། །འོན་ཀྱང་། སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང་། ཞེས་བྱང་ཆུབ་སེམས་དཔའི་ལས་དང་པོ་ད་དེ་ལ་སངས་

(༡༢༢༡)རྒྱས་འདོད་པའི་སེམས་བསྐྱེད་ཡོད་པས་སངས་རྒྱས་ལ་ཞུགས་པར་བརྗོད་པ་བཞིན་དུ་ཉན་ཐོས་ཀྱི་དགྲ་བཅོམ་པ་ཁ་ཅིག་ཐེག་པ་ཆེན་པོའི་ས་བརྒྱད་པ་ལ་དམིགས་ཀྱིས་འདོད་པ་བསྐྱེད་ནས་དེ་ལ་ཅི་ནུས་ཀྱི་སློབ་བོ་ཞེས་བྱ་བ་ལ་ས་བརྒྱད་པར་འཇུག་ཅེས་འདོགས་ན་ནི་འགལ་བ་ཅི་ཡང་མ་མཐོང་ངོ། །མདོ་སྡེའི་རྒྱན་ལས། ཉན་ཐོས་མ་ངེས་སྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་པའོ། ཞེས་གསུངས་པའི་མ་ངེས་པའི་ཉན་ཐོས་པ་དེ་ཉིད་ཡིན་ནོ་སྙམ་དུ་འདོད་པ་མང་པ་སྣང་མོད་ཀྱི། དེ་དག་ཉི་ཉན་ཐོས་མ་ཡིན་ཏེ། སྨོ་པ་སེམས་བསྐྱེད་དང་ལྡན་པར་གནོད་འཇོམས་ལས་གསུང་ལ། སྨོན་སེམས་སྐྱེས་པ་ཙམ་གྱིས་བྱང་ཆུབ་སེམས་དཔར་འགྱུར་བར་ནི་སྡོང་པོ་བཀོད་པའི་མདོ་ལས་གསུངས་པའི་ཕྱིར་རོ། །དེས་ན་དམ་པའི་ཆོས་པདྨ་དཀར་པོར་བུ་ཆུང་བའི་དུས་ན་ཕ་ཐག་རིང་པོར་སོང་སྟེ་བྱེས་ན་འབྱོར་པ་ཕུན་ཙུམ་ཚོགས་པར་ཡོད་པ་ལ་བུ་དེ་སྤྱད་ཞིང་འཁྱམ་པ་ལས་ཕའི་དྲུང་དུ་སློབ་པ་ན་ཕས་བུས་ངོ་ཤེས་པ་ལ་བུ་དེ་ཤིན་དུ་སྒྲག་ནས་འབྲོས་པའི་དཔེས་ཤཱརིའི་བུ་ལ་སོགས་པ་ཁྱེད་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངའི་བུ་ཡིན་མོད་ཀྱི། ཁྱེད་ཉིད་ཀྱིས་མ་ཤེས་པར་ཉན་ཐོས་ཉིད་དོ་སྙམ་དུ་གཟུང་བ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཤིན་དུ་རྒྱས་པར་ཡོད་དོ། །དེ་བས་ན་དམ་པའི་ཆོས་པདྨ་དཀར་པོ་ལས་ཐེག་པ་གཅིག་ཏུ་གསུངས་པའི་ཚུལ་ཉུང་ཤས་ཤིག་དྲང་བར་བྱའོ། །དེ་ལ་མདོ་སྡེའི་མཚན་པདྨ་དཀར་པོ་ཞེས་བྱ་བ་ནི་ནང་ན་བསྔགས་པར་འོས་པ་འདབ་མ་བརྒྱད་དང་ལྡན་པ་ཞིག་ཡིན་པ་དེ་བཞིན་དུ་མདོ་སྡེ་འདི་ཡང་དེ་བཞིན་གཤེགས་པའི་

(༡༢༢༢)གསང་བའི་མཛོད་བརྟོལ་ཏེ་གསུངས་པས་མདོ་སྡེ་གཞན་ལས་ལྷག་པའི་ཕྱིར་རོ། །འདིས་ནི་ཕྱིར་དོན་དམ་པའི་དབང་དུ་བྱས་ནས་ཐེག་པ་གཅིག་ཏུ་བསྒྲུབས་ནས། བྱེ་བྲག་ཏུ་ཤཱ་རིའི་བུ་ལ་སོགས་པའི་དགྲ་བཅོམ་པ་རྣམས་དེ་དག་གི་ཉེས་པས་ཐེག་པ་དམན་པ་ལ་སྦྱོར་བ་ལས་གཞན་ཐེག་པ་ཆེན་པོར་གཟུད་མ་ནུས་པ་ཡིན་ཏེ། དེ་ཡང་ཐེག་པ་ཅིག་གི་ལམ་རྣམས་འདིར་མོས་པ་དང་ཤེས་རབ་དང་། བསམ་གཏན་དང་། སྙིང་རྗེ་སྟེ་བཞི་ཡིན་ན་ཡང་དགྲ་བཅོམ་པ་རྣམས་ཀྱང་བཞི་པོ་དེ་ལས་ཅུང་ཟད་གོལ་བ་ཡིན་ཏེ། ཐོག་མར་མོས་པ་ལས་གོལ་བ་ནི་སྟོན་པའི་ཡོན་ཏན་མ་ཤེས་པ་དང་། བསྟན་པ་ལ་ཐེ་ཚོམ་ཟ་བ་དང་། ཐེག་པ་གཅིག་ལ་མི་མོས་པས་དོན་དམ་པའི་དགྲ་བཅོམ་དུ་མ་གྱུར་པའོ། །དང་པོ་སྟོན་པའི་ཡོན་ཏན་མ་ཤེས་པ་ནི། ཟག་ཟད་ཐ་མའི་ལུས་འཛིན་དེ་དག་གི །ཡུལ་ནི་རྒྱལ་བའི་ཡེ་ཤེས་འདི་ལ་མེད། གལ་ཏེ་འཇིག་རྟེན་འདི་དག་ཐམས་ཅད་དུ། །ཤཱ་རིའི་བུ་དང་འདྲ་བར་གང་གྱུར་ཏེ། །གཅིག་ཏུ་འདུས་པར་གྱུར་ནས་རྣམས་བསམ་ཀྱང་། །དེ་དག་བདེ་གཤེགས་པའི་ཡེ་ཤེས་ཤེས་མི་ནུས། །གལ་ཏེ་ཁྱོད་དང་འདྲ་བའི་མཁས་རྣམས་ཀྱིས། །ཕྱོགས་རྣམས་བཅུ་ཆར་གང་བར་གྱུར་པ་དང་། །གང་ཡང་ང་ཡི་ཉན་ཐོས་འདི་གཞན་རྣམས། །དེ་དག་གིས་ཀྱང་དེ་བཞིན་གང་གྱུར་ཏེ། །དེ་དག་ཐམས་ཅད་གཅིག་ཏུ་དེང་འདུས་ནས། བདེ་བར་གཤེགས་པའི་ཡེ་ཤེས་རྣམ་བསམས་ཀྱང་། ཇི་ཙམ་ཚད་མེད་ཡེ་ཤེས་ངས་ཤེས་སོ། །ཐམས་ཅད་འདུས་པས་ཤེས་པར་མི་

(༡༢༢༣)ནི་ཅི་ཞིག་ འདི་ལྟར་བཅོམ་ལྡན་འདས་ཀྱི་རྣམ་པར་གྲོལ་བ་གཅིག་གོ་ཞེས་བཀའ་རྩལ་ཏེ། བདག་ཅག་རྣམས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་སྙེད་པར་འགྱུར་ཞིང་། མྱ་ངན་ལས་འདས་པ་ཐོབ་པ་ཡིན་མོད་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་དེའི་དོན་བདག་ཅག་གིས་མ་རིག་གོ་སྙམ་མོ། །ཞེས་བདག་ཅག་བཅོམ་ལྡན་འདས་ཀྱི་བཀའ་མ་བརྟེན་ནས་ཐར་པ་ནི་ཐོབ་ཟིན་ན་འདི་ལྟ་བུའི་གསུང་འདི་ལས་ན་བདག་ཅག་ལ་བྱ་བ་གསར་པ་ཡོད་པ་འདྲ་སྟེ་དེ་ཡང་ཅི་ཞིག་སྙམ་པའོ། །ཐེག་པ་གཅིག་ལ་མི་མོས་པས་དོན་དམ་དགྲ་བཅོམ་དུ་མ་གྱུར་པ་ནི། ཤཱ་རིའི་བུ་གང་ཉན་ཐོས་སམ་དགྲ་བཅོམ་པའམ་རང་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་བྱ་བ་སངས་རྒྱས་ཀྱི་ཐེག་པ་ཡང་དག་པར་འཛིན་དུ་འཇུག་པལ་མི་ཉན་མི་འཇུག་ཁོང་དུ་ཆུད་པར་མི་བྱེད་པ་དེ་དག་ནི་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཉན་ཐོས་མ་ཡིན་པར་རིག་པར་བྱའོ། །དགྲ་བཅོམ་པ་ཡང་མ་ཡིན། རང་སངས་རྒྱས་ཀྱང་མ་ཡིན་པར་རིག་པར་བྱའོ། །ཤཱརིའི་བུ་ལ་དགེ་སློང་ངམ་དགེ་སློང་མ་ལ་ལ་དགྲ་བཅོམ་པའི་ཁས་མཆེ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་ཡོངས་སུ་འཛིན་ཏེ། ང་ནི་སངས་རྒྱས་ཀྱི་ཐེག་པ་འཆད་པ་པོ་ཞེས་ཟེར་ཞིང་ངའི་ལུས་འདི་ཐ་མ་མྱ་ངན་ལས་འདས་པ་འདོ་ཞེས་ཟེར་བ་ནི་ཤཱ་རིའི་བུ་དེ་ལྷག་པའི་རྒྱལ་ཅན་དུ་ཤེས་པར་བྱའོ། །ཞེས་བྱ་བ་ནི་དགྲ་བཅོམ་པ་རྣམས་ལ་ཉོན་མོངས་མེད་པས་ང་རྒྱལ་དངོས་མེད་ཀྱང་གིས་ཐོབ་པའི་འབྲས་

(༡༢༢༤)ནུས་སོ། ཟག་པ་མེད་པར་གྱུར་པའི་རང་སངས་རྒྱས། །དབང་པོ་རྣོ་བ་ཐ་མའི་ལུས་འཛིན་ལ། ཇི་ལྟར་མིག་དང་འདམ་བུའི་ཚལ་བཞིན་དུ། །ཕྱོགས་བཅུ་ཐམས་ཅད་གང་བར་འགྱུར་པ་དང་། །གཅིག་ཏུ་འདུས་ནས་རྣམ་པར་བསམས་བྱས་ཀྱང་། །ང་ཡི་ཆོས་ཀྱི་མཆོག་གི་ཕྱོགས་ཙམ་ཡང་། བསྐལ་པ་བྱེ་བ་ཁྲག་ཁྲིམས་མཐའ་ཡས་སུ། །དེ་ཡི་ཡང་དག་དོན་ནི་ཡོངས་མི་ཤེས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཡོན་ཏན་རྒྱ་ཆེན་པོ་ཐོས་ཀྱང་དེ་རེ་ལ་།།སྐྱེད་པར་མི་བྱེད་པ་སྟེ། བཅོམ་ལྡན་འདས་དེའི་སླད་དུ་བཅོན་ལྡན་འདས་ཀྱིས་ཆོས་བསྟན་པ་ན་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་ཐམས་ཅད་བདག་ཅག་གིས་བརྗིད་ཀྱི། སངས་རྒྱས་ཀྱི་ཆོས་འདི་དག་དང་། སངས་རྒྱས་ཀྱི་ཞིང་གི་བཀོད་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་དག་དང་། དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་དག་ལ་བདག་ཅག་གིས་རེ་བ་བསྐྱེད་དོ། ཞེས་ཆོས་རྒྱ་ཆེན་པོ་ཐོས་སུ་ཟིན་ཀྱང་འདོད་པར་མ་གྱུར་པའོ། །གཉིས་པ་བསྟན་པ་ལ་ཐེ་ཚོམ་ཟ་བ་ནི་ཀུན་ཤེས་ཀཽུ་དི་ནྱ་ལ་སོགས་པའི་འཁོར་བཞི་པོ་རབ་ཏུ་མང་པོ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་ཆེར་བསྔགས་པ་དང་ཆོས་ཟབ་མོ་དེ་ཡང་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུང་ཞིང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའོ་ཞེས་གསུང་བའི་རྒྱུ་ནི་གང་། གཞི

(༡༢༢༥)བུ་དེ་མཐར་ཐུག་གི་མྱ་ངན་ལས་འདས་པའོ་སྙམ་པ་ལ་ང་རྒྱལ་དུ་བཏགས་པའོ། །དེ་བཞིན་དུ་དགྲ་བཅོམ་པ་མ་ཡིན་པ་དང་ངའི་ཉན་ཐོས་མ་ཡིན་ནོ་ཞེས་གསུངས་པ་ཡང་དོན་དམ་པ་མ་ཡིན་ཐ་སྙད་ཙམ་པ་དེ་ལ་ཅུང་ཟད་སྨད་ཅིང་ཁྱེད་ཅག་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པར་རིགས་པ་ལས་སྨོན་པའི་སེམས་མ་བསྐྱེད་ཅེས་པ་ཡང་བྱ་བར་ལོས་པ་མ་བྱས་པའི་ཉེས་པའོ་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་ད་ལྟ་བྱང་ཆུབ་ཀྱི་སེམས་བརྗེད་པར་ཡང་བསྟན་ཏེ། ཤཱ་རིའི་བུ་འདི་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་སྔོན་གྱིས་སྤྱོད་པ་དང་སྨོན་ལམ་དང་བྱང་ཆུབ་སེམས་པའི་གསང་ཆེན་མི་དྲན་ནས་བདག་མྱ་ངན་ལས་འདས་སོ་སྙམ་དུ་སེམས་ཏེ། ཤཱ་རིའི་བུ་ངས་ཁྱོད་སྔོན་གྱི་སྤྱོད་པ་དང་སྨོན་ལམ་དང་ཡེ་ཤེས་ཁོང་དུ་ཆུད་པ་དྲན་པར་བྱ་བར་འདོད་དོ། ཞེས་པ་སྟེ། ཤཱ་རིའི་བུ་ལ་སོགས་པ་ནི་སྔོན་བྱང་ཆུབ་ཏུ་སེམས་བསྐྱེས་པས་བྱང་ཆུབ་སེམས་དཔའ་ཡིན་ཀྱང་ད་ལྟ་སེམས་དེ་མི་དྲན་པར་ཉན་ཐོས་ཉིད་དོ་སྙམ་དུ་འཁྲུལ་ཞེས་བྱའི། སེམས་བསྐྱེད་པ་བཏང་བ་ཞེས་ནི་མི་བྱའོ། །དེས་ན་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་མོས་པའི་སྟོབས་ཀྱི་མངོན་པར་འདོད་པར་མ་བྱས་པ་ནི་ཆོས་བཞི་ལས་མོས་པ་མ་ཐོབ་པའོ། །ཤེས་རབ་མ་བསྐྱེད་པ་ནི་བསྐྱེད་པར་བྱ་བ་གང་ཟག་དང་ཆོས་མཐའ་དག་བདག་མེད་པར་རྟོགས་པའི་ཤེས་རབ་བསྐྱེད་པར་བྱ་བ་ལ། དེ་མ་བསྐྱེད་པའི་ཞེས་བྱ་བ་ནི་འོད་སྲུངས་ཉིད་ཀྱིས། བདག་ཉིད་མྱ་ངན་ལས་ཀྱང་འདའ་བར་རྟོགས། །ཡེ

(༡༢༢༦)ཤེས་འདི་ཙམ་ལས་ནི་གཞན་མི་འབྱུང་། སངས་རྒྱས་རྣམས་ཀྱི་ཞིང་ག་བཀོད་ཐོས་ནས། །བདག་ཅག་ནམ་ཡང་དགའ་བར་མ་གྱུར་ཏོ། །ཆོས་འདི་ཐམས་ཅད་ཟད་མེད་ཞི་བ་སྟེ། །འགོག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ན་ཆོས་རྣམས་གང་ཡང་མ་མཆིས་ཤེས། །དེ་ལྟར་བསམས་ནས་དད་པར་མ་གྱུར་ཏོ། །སངས་རྒྱས་ཡེ་ཤེས་བླ་ན་མེད་པ་ལ། །བདག་ཅག་ཡུན་རིང་དུས་ནས་མི་རེ་ཞིང་། །བདག་ཅག་ནམ་ཡང་འདི་ལ་མ་སྨོན་ཏེ། །རྒྱལ་བས་འདི་ནི་དམ་པའི་མཐར་གསུངས་སོ། །ཞེས་འབྱུང་སྟེ། སྔོན་བདག་ཅག་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་ཅི་ཡང་བྱར་མོད་དོ་སྙམ་དུ་སེམས་པ་ལ་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ལསོགས་པའི་རྒྱ་ཆེན་པོ་བསྟན་པ་ན་ཡང་མོས་པས་འདོད་པར་མ་གྱུར་ཞེས་བྱ་སྟེ། འདི་ནི་ནམ་མཁའ་མཛད་ལ་སོགས་པའི་ཞིང་གི་བཀོད་པ་རྒྱ་ཆེན་པོ་སྒྲུབ་པའི་ཏིང་ངེ་འཛིན་མ་ཐོབ་པར་བསྟན་ཏེ། །གཟོད་མ་ནས་ཞི་ཞིང་སྐྱེ་འགག་མེད་པའི་ཆོས་ལ་མ་དད་ཅེས་པས་ནི་ཆོས་བདག་མེད་པ་རྟོགས་པའི་ཤེས་རབ་དང་མི་ལྡན་པར་བསྟན་ཏེ། །སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་ལ་མི་རེ་བར་བསྟན་པས་ནི་སེམས་བསྐྱེད་པ་མེད་པར་བསྟན་ཏོ། དེས་ནི་ཆོས་བཞིའི་ཐ་མ་སྙིང་རྗེ་ཆེན་པོ་དང་ནི་ལྡན་པར་གྲུབ་བོ། དོན་འདི་དག་ནི་བུ་སྲང་ཞིང་འཁྱམས་ཏེ་ཕ་མ་ཤེས་པའི་དཔེ་རྒྱ་ཆེན་པོས་ལུང་བསྟན་པའི་ཉན་ཐོས་དེ་རྣམས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སངས་རྒྱས་ཀྱི་སྲས་ཡིན་ཀྱང་བདག་ཉིད་བྱང་ཆུབ་སེམས་དཔའ་ཡིན་

(༡༢༢༧)པར་མ་ཤེས་སོ་ཞེས་བྱ་བས་འདི་དག་མ་ངེས་པའི་ཉན་ཐོས་སུ་བསྟན་ཏོ། །འདི་ལྟར་བསམ་པར་བྱ་སྟེ། ཤཱ་རིའི་བུ་དང་འོད་སྲུངས་ཆེན་པོ་ལ་སོགས་པ་ནི་པ་ནི་བཅོམ་ལྡན་འདས་ཀྱི་གསུང་གཞན་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སོལ་བ་ལ་སོགས་པའི་ས་བཅུའི་དབང་ཕྱུག་ཡིན་པར་བསྟན་ཏེ། དེ་ལྟ་ན་ཆོས་བཞི་དང་མི་ལྡན་པའི་ཉེས་པ་གཏན་མི་སྲིད་མོད། ཉེས་པ་དང་ལྡན་པའི་ཚུལ་ལྟར་བཅོས་པས་ནི་ཉེས་པ་དང་ལྡན་བཞིན་པའི་དགྲ་བཅོམ་པ་སྲིད་པར་ནི་བསྟན་ཏོ། དབྱ་བ་གཅིག་པ་དང་བྱེད་པ་གཅིག་པའི་དོན་ནི་སྟོན་པས་དང་པོར་སེམས་བསྐྱེད་པའི་གནས་སྐབས་ནས་གང་ཅི་རྩོམ་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱིས་བུ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་ཡིན་པས་རེ་ཤིག་ཉན་རང་གི་ཐེག་པ་ལ་བཀོད་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཐབས་སུ་བཀོད་པ་ཡིན་ནོ་ཞེས་བྱ་བར་ངེ་དོ། །དེ་ཡང་མདོ་དེ་ཉིད་དུ་བས་སིར་འཇིག་རྟེན་ནོ། །མཚུངས་མེད་གང་ཟག་པའི་ཆེན་གྱིས། །ཕུང་པོ་སྐྱེ་འཇིག་སྟོན་པ་ཡི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །དེར་ནི་ཐོག་མ་རབ་ཏུ་བསྐོར། །འདྲེན་པོ་འདི་དང་ལན་གཉིས་ཏེ། །ཡིད་ཆེས་དཀའ་བ་གང་ལགས་ཏེ། །རྣམས་འདྲེན་ཁྱོད་ཀྱིས་དོང་བཤོད་དོ། །ཞེས་ཆོས་ཀྱི་འཁོར་ལོ་གཉིས་པར་གསུངས་པ་ནི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་དུ་ཕྱེ་བའི་གཉིས་པ་ཡིན་པར་དགོངས་པ་མ་ཡིན་གྱི། ཐེག་པ་དམན་པའི་འཁོར་ནི་དང་པོ་དང་། ཐེག་པ་ཆེན་པོའི་འཁོར་ནི་གཉིས་པའོ་ཞེས་འཁོར་གཉིས་སུ་མཛད་པ་ཡིན་ནོ། །ཐོག་པ་ཆེན་པོ་ཉིད་ལ་འཁོར་ལོ་གཉིས་སུ་ཕྱེ་བའི་དབང་དུ་མཛད་ནས་ནི་

(༡༢༢༨)འདི་མ་ཕྱི་མ་ཡིན་ཏེ། ཕྱིར་མི་ལྡོག་པའི་འཁོར་ལོ་ཡིན་པར་འདི་ཉིད་ལས་གསལ་བར་གསུངས་པའི་ཕྱིར་རོ། །མཇུག་བསྡུ་བ་ནི་སྐུ་གསུམ་པོ་འདི་དག་ནི་གྲངས་ཇི་ལྟ་བ་བཞིན་ཆོས་ཀྱི་སྐུ་ནི་ཟབ་པ་ཞེས་བརྗོད་དེ། ས་བཅུ་པའི་ཡང་ཡོངས་སུ་རྫོགས་པའི་སྤྱོད་ཡུལ་དུ་མ་གྱུར་པས་ཟབ་ཅིང་རྟོགས་དཀའ་ལ་ཤིན་དུ་ཕྲ་བ་ཡིན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྒྱ་ཆེ་བ་ཞེས་བརྗོད་དེ། ཡིད་བཞིན་གྱི་ནོར་བུ་ཆེན་པོ་ལྟར་མངོན་པར་ཤེས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པས་རྫུ་འཕྲུལ་གྱིས་རྣམ་པར་བ་ཅེ་བའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་བདག་ཉིད་ཆེན་པོ་མཁས་པ་ཞེས་བྱ་སྟེ་བྱིས་པ་སོ་སོའི་སྐྱེ་བོའི་དོན་མཐུན་པ་ཚོང་པ་དང་འདྲ་བ་རྣམས་ཀྱི་ལམ་དང་ལམ་མ་ཡིན་པའི་ཉེས་དམིགས་དང་མྱ་ངན་ལས་འདས་པའི་རྒྱ་མཚོ་ཆེན་པོར་རིམ་གྱིས་བསྟོན་པར་མཛད་པའི་ཕྱིར་རོ། །དེ་ལྟར་བཤད་པ་འདིར་ནི་གསུམ་པོ་དེ་སྐུ་གཉིས་སུ་བསྡུ་བར་བྱ་སྟེ། དེའི་དང་པོ་ནི་ཆོས་ཀྱི་སྐུ་ཡིན་ལ། ཕྱི་མ་གཉིས་པོ་དག་ནི་གཟུགས་ཀྱི་སྐུའོ། །གཉིས་པོ་འདི་ཡང་ནམ་མཁའ་ལ་གཟུགས་ཀྱི་ཚོང་མང་པོ་གནས་པ་བཞིན་དང་པོ་ཆོས་ཀྱི་སྐུ་ལ་ཐ་མ་གཟུགས་ཀྱི་སྐུ་གནས་ཤིང་བརྟེན་པས་རྟེན་དང་བརྟེན་པའི་འབྲེལ་པའོ་རང་དང་གཞན་གྱི་དོན་དབང་དུ་བྱས་ནས་སྐུ་གཉིས་སུ་དབྱེ་བར་བྱ་ལ། གཞན་དེ་ལ་ཡང་འཕར་པ་དང་སོ་སོ་སྐྱེ་བོའི་དབང་དུ་བྱས་ནས་གཟུགས་ཀྱི་སྐུ་གཉིས་ཏེ། ཆོས་ཀྱི་སྐུ་དང་གསུམ་དུ་རྣམ་པར་གཞག་པ་ཡང་བྱ་ལ། དེ་ལས་ཤིན་དུ་མང་བ་དང་གཅིག་ཏུ་རྣམ་པར་གཞག་ན་ཡང་འགལ་བ་མེད་པ་ཉིད་དོ། །རྗེ་བཙུན་མཻ་ཏྲི་བས་ནི་གཟུང་དེ་དམ་ཚིག་གི་ཕྱག་

(༡༢༢༩)རྒྱ་ག་ཕྱག་རྒྱ་ཆེན་པོའི་འབྲས་བུ་ཡིན་པའི་ཤེས་པར་བྱེད་པར་མཛོད་དོ། །ད་ནི་སོན་བདུན་པ་སྐུ་གསུམ་པོ་འདི་དག་ཉིད་ཀྱིས་འགྲོ་བ་ལ་ཚེ་འདིའི་ཕན་པ་དང་ཕྱི་མའི་བདེ་བ་སྒྲུབ་པ་ལ་འཇུག་པའི་མཛད་པ་རྟུན་མི་འཆད་པས་རྟག་པའི་དོན་ལས་བརྩམས་ནས་ཚིགས་སུ་བཅད་པ་ནི། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང་། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འིག་རྟེན་མགོན་པོ་རྟག་ ཅེས་བྱ་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིག་རྟེན་གྱི་སྐྱབས་དང་མགོན་པོ་མཛད་པའི་དོན་དུ་དུས་རྟག་ཏུ་གནས་པ་ཡིན་ཏེ། ཐམས་ཅད་ཏུ་ནི་དཔག་མེད་ལ། །འབྲས་བུ་དཔག་ཡོད་བསམ་ཐག་ཆད། ཅེས་བྱ་བའི་ཚུལ་གྱིས་སྔོན་དམ་པའི་ཆོས་འཛིན་པའི་རྒྱུ་མཐའ་ཡས་པ་བསྒྲུབ་པའི་ཕྱིར་དང་། རྒྱུ་ཡོད་ཀྱང་ཡུལ་ཟད་ན་མི་རྟག་པ་སྲིད་པ་ལས་དོན་བྱ་བའི་ཡུལ་སེམས་ཅན་ཟད་པ་མེད་པའི་ཕྱིར་དང་། དེ་གཉིས་པོ་ཡོད་ཀྱང་བརྩེ་བ་མེད་ན་རེས་འགའ་བར་ཆད་པ་སྲིད་པ་ལས་བཅོས་མ་མ་ཡིན་པའི་བརྩེ་བ་ཆེན་པོ་དང་ལྡན་པའི་ཕྱིར་དང་། བརྩེ་བ་ཡོད་ཀྱང་ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། ཞེས་པའི་ཚུལ་གྱིས་ཐབས་མི་མཁྱེན་ན་ཡང་འཆད་པ་སྲིད་པ་ལས་མཐའ་ཡས་པའི་མཁྱེན་པ་དང་ལྡན་པའི་ཕྱིར་དང་། རྒྱུ་དང་མཁྱེན་པ་ཕུན་སུམ་ཚོགས་ཀྱང་སྐུ་ཚེས་མ་བསྟངས་ཏེ་ཚེ་ཟད་ན་ཞད་པ་སྲིད་པ་ལས་རྫུ་འཕྲུལ་གྱི་རྐང་པ་ལན་མང་དུ་གོམས་པ་ཡུན་རིང་དུ་གནས་པར་ནུས་

(༡༢༣༠)པའི་ཕྱིར་དང་། ཡུན་ཏིང་དུ་གནས་ཀྱང་རེས་འགའ་སྡུག་བསྔལ་བར་གྱུར་ན་ཡིད་སྐྱོ་བ་སྲིད་པ་ལས་གཏན་དུ་བའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང་། དེ་ལྟ་ཡིན་ཀྱང་ཆོས་སྟོན་པའི་ཚེ་འཇིག་རྟེན་གྱི་ཆོས་ཀྱོས་གོས་ན་ཉམས་པ་སྲིད་པ་ལས་ཉམས་པ་མེད་པའི་དབང་ཕྱུག་ལ་མངའ་བརྙེས་པའི་ཕྱིར་དང་། མྱ་ངན་ལས་འདས་པས་འཆི་བ་མེད་པའི་ཕྱིར་དང་། རང་གི་ཚེ་མ་ཟད་ཀྱང་འཕྲལ་དུ་བདུད་ཀྱིས་བར་ཆད་བྱས་པ་ཡང་སྲིད་ན་འདི་ལ་འཆི་བདག་གི་བདུད་རྒྱུ་བ་མེད་པའི་ཕྱིར་དང་། དེ་དག་ཇི་ལྟར་ཡིན་ཡང་རུང་སྟེ་ཟག་པ་དང་བཅས་པའི་འདུ་བྱེད་ཀྱི་དངོས་པོ་ཡིན་ན་དེ་ལ་ཆད་པའི་འཇིག་པ་སྲིད་པ་ལས་རང་བཞིན་གྱིས་ཉེ་བར་ཞི་བས་མཚན་མའི་ངོ་བོ་ཉིད་མེད་པའི་ཕྱིར་ཏེ་གཏན་ཚིགས་བཅུས་སོ། །ཚིགས་སུ་བཅད་པ་འདི་ནི་བསྡུས་ཏེ་བསྟན་པ་ཡིན་ལ། འདིའི་དོན་ནི་ཚིགས་སུ་བཅད་པ་དྲུག་གིས་རིག་པར་བྱ་སྟེ། དྲུག་གང་ཞེ་ན། ལུས་དང་སྲོག་དང་ལོངས་སྤྱོད་རྣམས། །བཏང་ནས་གམ་ཆོས་འཛིན་ཕྱིར་དང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དང་པོར་དམ་བཅས་མཐར་འབྱིན་ཕྱིར། །སངས་རྒྱས་ཉིད་ནི་གཙང་བ་དང་། །དག་པའི་ཐུགས་རྗེ་རབ་འཇུག་ཕྱིར། །རྫུ་འཕྲུལ་རྐང་པ་བསྟེན་པ་ནི། །དེ་ཡིས་གནས་པར་སྤྱོད་པའི་ཕྱིར། །མཁྱེན་པས་འཁོར་དང་མྱ་ངན་འདས། །གཉིས་སུ་འཛིན་ལས་གྲོལ་བའི་ཕྱིར། །རྟག་ཏུ་བསམ་ཡས་ཏིང་འཛིན་གྱི། །བདེ་བ་ཕུན་སུམ་ཚོས་ལྡན་ཕྱིར། །འཇིག་རྟེན་ན་ནི་སྤྱོད་པ་ན། །འཇིག་རྟེ་ཆོས་ཀྱིས་གོས་མེད་ཕྱིར། །འཆི་མེད་ཞི་བའི་གནས་ཐོབ་པ་

(༡༢༣༡)འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །འདུས་མ་བྱས་རང་བཞིན་གྱི། །ཐུབ་པ་གདོད་ནས་རབ་ཞིའི་ཕྱིར། །རྟག་པ་སྐྱབས་མེད་རྣམས་ཀྱི་ནི། །སྐྱབས་ལ་སོགས་པར་འཐད་ཕྱིར་རོ། །དང་པོ་ཡི་ན་སྒྱུ་བདུན་གྱིས། །གཟུགས་བྱི་སྐུ་ཡི་རྟག་ཉིད་དེ། །ཕྱི་མ་གསུམ་གྱིས་སྟོན་པ་ནི། །ཆོས་ཀྱི་སྐུ་ཡི་རྟག་པ་ཉིད། །ཅེས་བྱ་བ་དག་གོ་ །སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་རྣམ་པ་གཉིས་པོ་རྒྱུན་མི་འཆད་པས་རྟག་ཅེས་བྱ་སྟེ། སྔོན་བསྐལ་པ་གྲངས་མེད་པར་ལུས་དང་སྲོག་དང་ལོངས་སྤྱོད་རྣམས་བཏང་ནས་དམ་པའི་ཆོས་གང་དང་གང་དུབ་ཏུ་ཉེ་བ་རྣམས་མི་ཉམས་པར་འཛིན་པ་ལ་བརྩོན་པའི་ཕྱིར་དང་། སེམས་ཅན་ཀུན་གྱི་ཕན་པ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཕྱིར་ཡིན་ན་སེམས་ཅན་ཟད་པ་མེད་པའི་ཕྱིར་དང་། དང་པོ་སེམས་བསྐྱེད་པའི་དུས་ན་ནམ་མཁའི་མཐས་ཀླས་པའི་སེམས་ཅན་སྒྲོལ་བར་དམ་བཅས་པ་དེ་སྐྱེས་བུ་དམ་པའི་ཚུལ་གྱིས་དམ་བཅས་པའི་དོན་མཐར་འབྱིན་པར་བྱེད་པའི་ཕྱིར་དང་། སངས་རྒྱས་ཉིད་ལ་གདོད་མ་ནས་རང་བཞིན་གྱིས་དག་པ་དང་བློ་བུར་གྱི་ཉོན་མོངས་པ་མེད་པས་གཙང་བའི་ཐུགས་རྗེ་ཆེན་པོ་རང་གི་དང་གིས་རབ་ཏུ་འཇུག་པའི་ཕྱིར་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལན་མང་དུ་གནས་ཤིང་སྟེན་ལ་བསྒོམས་པས་དེའི་མཐུ་ཡིས་བསྐལ་པ་མཐའ་ཡས་པར་གནས་ཤིང་བཞུགས་པར་སྤྱོད་པའི་ཕྱིར་དང་། དོན་བྱ་བའི་ཐབས་མ་ལུས་པ་མཁྱེན་ཞིང་འཁོར་བ་དང་མྱ་ངན་འདས་པ་དག་རོ་གཅིག་པར་མཁྱེན་པས་གཉིས་སུ་འཛིན་པ་ལས་གྲོལ་བའི་ཕྱིར་དང་། རྟག་ཏུ་ཏིང་ངེ་

(༡༢༣༢)འཛིན་ལ་མཉམ་པར་གཞག་པས་བསམ་ཡས་ཤིང་མུ་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་ནམ་ཡང་སྐྱོ་བ་མི་མངའ་བའི་ཕྱིར་དང་། སྤྲུལ་པའི་སྐུས་འཇིག་རྟེན་གསུམ་ན་སྤྱོད་ཅིང་རྒྱུ་བ་ན་ཡང་འཇིག་རྟེན་པའི་ཆོས་རྙེད་ན་ཡིད་མི་བདེ་བ་ལ་སོགས་པས་ཐུགས་ཀྱི་རྒྱུད་གསོ་པ་མེད་པའི་ཕྱིར་དང་། འཆི་བ་མེད་པ་ཞི་བ་མྱ་ངན་ལས་དཱས་པའི་ས་དང་གོ་འཕང་འཐོབ་པའི་ཕྱིར་དང་། འཆི་བར་བྱེད་པའི་བདུད་ཀྱི་རྒྱུ་བ་མེད་ཅིང་ཀླགས་མི་ཐོད་པའི་ཕྱིར་དང་། འདུས་བྱས་པའི་ཆོས་རྣམས་ཀྱིས་སྟོང་པ་འདུས་མི་བྱས་པའི་རང་བཞིན་གྱིས་གདོད་མ་ནས་རབ་ཏུ་ཞི་བའི་ཕྱིར་ཐུབ་པའི་དབང་པོ་རྟག་པ་ཡིན་ལ་རྟག་པའི་ཏུ་མཚན་གྱིས་ན་སྐྱབས་མེད་པའི་སེམས་ཅན་རྣམས་ཀྱི་སྐྱབས་དང་མགོན་ལ་སོགས་པར་འཐད་པའི་ཕྱིར་ཏེ། གང་མི་རྟག་པ་དེ་ནི་སྐྱབས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་མཁས་པ་མང་པོས་མགོན་པོ་ཞེས་བྱ་བ་འདི་གཏན་ཚིགས་སུ་བྱས་ནས་གཏན་ཚིགས་བཅུར་མཛད་མདོ་ཀྱི། རྒྱས་བཤད་ཀྱི་སྐབས་སུ། འཆི་མེད་ཞི་བའི་གནས་ཐོབ་པ། །ཞེས་འབྱུང་བ་ནི་གཏན་ཚིགས་གཅིག་ཏུ་བགྲང་རིགས་ཏེ། མདོར་བསྟན་གྱི་ཚིགས་བཅད་དུ། འཆི་བའི་བདུད་བཅོམ་ཞེས་བྱ་བ་འདི་ལ། ཨ་སྨྲི་ཏུ་ཞེས་སྦྱར་ནས་འཆི་མེད་དུ་བསྒྱུར་བར་འོས་པ་ལས་ཨ་ཕྱིས་པར་མ་གཟིགས་ཏེ་འགྱུར་མཛད་པར་མངོན་ནོ། །མགོན་པོའི་སྐད་དོད་ནཱ་།།ཞེས་པ་ཡང་རྣམ་དབྱེ་དང་པོའི་གཅིག་ཚིག་ཡིན་པས་གཏན་ཚིགས་ཀྱི་གྲངས་སུ་མི་བགྲང་ངོ། །དང་པོར་རྒྱུ་མཐའ་ཡས་པ་ནས་ཆོས་ཀྱི་དབང་ཕྱུག་བར་

(༡༢༣༣)གྱི་རྒྱུའི་གཏན་ཚིགས་བདུན་གྱིས་ཆོས་ཅན་གཟུགས་ཀྱི་སྐུ་ཡི་སྟེང་དུ་ཆོས་རྟག་པ་ཉིད་སྒྲུབ་པར་བྱེད་དེ། ཕྱི་མ་འཆི་བ་མེད་པ་བདུད་ཀྱི་རྒྱུ་བ་མེད་པ་དང་ངོ་བོ་ཉིད་མེད་པ་གསུམ་གྱིས་ཆོས་ཀྱི་སྐུའི་རང་བཞིན་གྱི་སྟོན་པ་རྟག་པ་ཉིད་དུ་སྒྲུབ་པར་བྱེད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་གནས་ཡོངས་སུ་གྱུར་པས་རབ་ཏུ་ཕྱེ་བ་ཐོབ་པའི་ཚུལ་ནི་དེ་སྟོན་པར་བྱེད་པའི་གཞུང་ལུགས་ཏེ། དེའི་དོན་ཡང་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཏེ་ཚུལ་དུ་རྟོགས་པར་བྱར་བ་ཡིན་པས་དོན་བརྒྱད་པ་བསམ་གྱིས་མི་ཁྱབ་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། དག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་མ་མི་ཁྱབ། ཅེས་བྱ་བ་ལ། འདིར་དོན་དམ་པའི་བྱང་ཆུབ་ནི་འཕགས་པས་བཅུ་པ་རྣམས་ཀྱིས་ཀྱང་ཡོངས་སུ་རྫོགས་པར་བསམ་གྱིས་མི་ཁྱབ་ཀྱི། ཡོངས་སུ་རྫོགས་པ་ནི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ནའི་སྤྱོད་ཡུལ་ལོ། །དེ་བཞིན་འཇིག་རྟེན་པའི་ཤེས་པ་རྣམས་ཀྱིས་ཀྱང་བསམ་པར་ག་ལ་ནུས་ཏེ། འདི་ལྟར་ངག་གི་ཡུལ་མ་ཡིན་པས་ཐོས་པའི་ཤེས་རབ་ཀྱི་ཡུལ་མ་ཡིན་པའི་ཕྱིར་དང་། དོན་དམ་གྱིས་བསྡུས་པས་བསམ་པའི་ཤེས་རབ་ཀྱི་ཡུལ་མ་ཡིན་པའི་ཕྱིར་དང་། རྟོག་པའི་གནས་སྨ་དམིགས་པ་མ་ཡིན་པའི་ཕྱིར་འཇིག་རྟེན་པའི་སྒོམ་པའི་ཡུལ་མ་ཡིན་ལ། འདྲ་

(༡༢༣༤)བའི་དཔེ་ལས་འདས་པའི་ཕྱིར་བ་ཉམ་པ་མེད་པ་ཡིན་ཞིང་། བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེའི་རང་བཞིན་ཡིན་པའི་ཕྱིར་དང་། མཐའ་གཉིས་དང་བྲལ་བས་སྲིད་པ་དང་ཞི་བས་མ་བསྡུས་པའི་ཕྱིར་རོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་དྲུག་པོ་འདི་ཡང་སྔར་བྱང་ཆུབ་ཀྱི་ལྡན་པ་དང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་ཡོན་ཏན་བརྗོད་པ་དེ་དག་ཉིད་དོན་གཞན་ལ་བརྟེན་ནས་བཟླས་པར་ཟད་ཀྱི། སྔོ་མ་བརྗོད་པ་ནི་མེད་དོ། །འདི་ནི་མདོར་བསྡུས་པ་ཡིན་ལ། དེའི་དོན་རྒྱས་པར་ནི་ཚིགས་སུ་བཅད་པ་བཞིས་བཤད་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། བསམ་མེད་བརྗོད་དུ་མེད་ཕྱིར་ཏེ། །བརྗོད་བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །དོན་དམ་བརྟག་བྱ་མིན་ཕྱིར་ཏེ། །བརྟག་མིན་རྗེས་དཔག་བྱ་མིན་ཕྱིར། །དཔག་མིན་བླ་ན་མེད་པའི་ཕྱིར། །བླ་ན་མེད་པ་མ་བསྡུས་ཕྱིར། །མ་བསྡུས་གནས་པ་མེད་ཕྱིར་ཏེ། །ཡོན་ཏན་སྐྱོན་རྟོག་མེད་ཕྱིར་རོ། །རྒྱུ་ལྔ་དག་གིས་ཕྲ་བའི་ཕྱིར། །ཆོས་སྐུ་བསམ་མི་ཁྱབ་སྟེ། །དྲུག་པས་དེ་ཡི་དངོས་མིན་ཕྱིར། །གཟུགས་སྐུ་བསམ་གྱིས་མི་ཁྱབ་བོ། །ཞེས་བྱ་བ་དག་གོ་ །དེ་ལ་ཆོས་ཀྱི་སྐུ་བྱང་ཆུབ་དངོས་ཡིན་ལ། །དེ་ཡང་བསམ་གྱིས་མི་ཁྱབ་པ་སྟེ། །ངག་གིས་བརྗོད་དུ་མེད་པ་ཡིན་པའི་ཕྱིར་རོ། །བརྗོད་དུ་མེད་པའི་རྒྱུ་མཚན་ཡང་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་ལ། དོན་དམ་པ་ཡིན་པ་ཡང་རྟོག་པས་བརྟག་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། བརྟག་པར་བྱ་བ་མ་ཡིན་པ་ཡང་ཀུན་རྫོབ་པའི་རྟོག་པས་རྗེས་སུ་དཔག་པར་བྱ་བ་མ་ཡིན་

(༡༢༣༥)པའི་ཕྱིར་རོ། །རྗེས་སུ་དཔག་པར་བྱ་བའི་ཡུལ་མ་ཡིན་པ་ཡང་བླ་ན་མེད་ཅིང་གང་ལས་ལྷག་པ་མེད་པའི་ཕྱིར་ཏེ། བླ་ན་མེད་པ་ཡང་སྲིད་པ་དང་ཞི་བ་གང་གི་ཡང་ཕྱོགས་སུ་མ་ལྷུང་བས་དེ་གཉིས་ཀྱིས་མ་བསྡུས་པའི་ཕྱིར་རོ། །དེ་གཉིས་ཀྱིས་མ་བསྡུས་པ་ཡང་སྲིད་པ་དང་ཞི་བ་ལ་མི་གནས་པའི་ཕྱིར་ཏེ། དེའི་རྒྱུ་མཚན་ཡང་མྱ་ངན་ལས་འདས་པ་ལ་ཡོན་ཏན་དང་འཁོར་བ་ལ་སྐྱོན་དུ་རྣམ་པར་བརྟགས་ནས་ལེན་པ་དང་འདོར་བའི་རྟོག་པ་མེད་པའི་ཕྱིར་རོ། །བརྗོད་མེད་ལ་སོགས་པའི་རྒྱུ་གཏན་ཚིགས་ལྔས་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པར་བསྟན་ཏེ། ཤིན་དུ་ཕྲ་བས་རགས་པའི་དབང་པོའི་སྤྱོད་ཡུལ་ལས་འདས་པར་བསྟན་པའི་ཕྱིར་རོ། །དྲུག་པ་མ་བསྡུས་པའི་གཏན་ཚིགས་ཀྱིས་ནི་གཟུགས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ནི་སྣ་ཚོགས་སུ་སྣང་ཡང་དེའི་དངོས་པོ་མ་ཡིན་པའི་ཕྱིར་སམ་གྱིས་མི་ཁྱབ་ལ། སྤྲུལ་པའི་སྐུ་ནི་ཡུ་ལས་སྲིད་པར་སྐྱེ་བ་ལྟར་སྣང་ཡང་སྐྱེ་བ་མེད་ཅིང་། རྩྭ་མཆོག་ཏུ་མྱ་ངན་ལས་འདས་པར་སྣང་ཡང་མྱ་ངན་ལས་འདས་པ་མེད་པས་ཇི་ལྟར་སྣང་བ་དེའི་དངོས་པའི་ཕྱིར་བསམ་གྱིས་མི་ཁྱབ་བོ། །འདིར་གཏན་ཚིགས་དྲུག་པོ་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་གཏན་ཚིགས་སྒྲུབ་པར་མཛད་པ་ནི་གཏན་གསུགས་དྲུག་པོ་དེ་དག་ཏུ་ཆོས་ཅན་གཅིག་ལ་ཡང་ཚང་བས་ཨུཏྤ་ལ་གང་ཡིན་པ་དེ་ཉིད་སྔོན་པོའོ་ཞེས་བྱ་བའི་ཚུལ་གྱིས་ཆོས་ཅན་གཅིག་ལ་གཞི་མཐུན་པར་བསྟན་པའི་དོན་ཡིན་གྱི་ཅི་ནས་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་གཏན་ཚིགས་བསྒྲུབ་

(༡༢༣༦)པར་བྱ་དགོས་ན་ནི་སྔ་མ་ལྔ་པོ་རང་གི་སར་མ་གྲུབ་པའི་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་རོ། །འདི་ཡང་གདུལ་བར་བྱ་བ་གཞན་ཡང་གཞན་གྱི་དབང་གིས་རིམ་པ་ལས་བཟློག་སྟེ། མ་བསྡུས་ཏེ་བླ་ན་མེད་པའི་ཕྱིར་དང་བླ་ན་མེད་དེ། དཔེ་ལས་འདས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པར་སྦྱར་ན་ཡང་སྐྱོན་ཡོད་པ་མ་ཡིན་ནོ། །དོན་བསྡུ་བ་ནི། བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱིས། །ཡོན་ཏན་ཕ་རོལ་བྱོན་པའི་རྒྱལ་བ་བསམ་མི་ཁྱབ། །དེར་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། །དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། ཞེས་བྱ་བ་སྟེ། ཚིགས་སུ་བཅད་པ་འདིས་ནི་འདིར་བསམ་གྱིས་མི་ཁྱབ་པར་བཤད་པའི་གཞུང་རྣམས་ཀྱི་དོན་བསྡུ་བ་ཡང་ཡིན་མོད་ཀྱི། སངས་རྒྱས་དཀོན་མཆོག་ནས་བྱང་ཆུབ་ཀྱི་བར་དུ་ཇི་སྐད་བརྗོད་པའི་གཞུང་ཐམས་ཅད་ཀྱི་དོན་བསྡུ་བ་ཡང་ཡིན་ཏེ། སངས་རྒྱས་དཀོན་མཆོག་གི་སྐབས་སུ། མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས། ཤེས་བྱ་བ་དེས་དངས་རྒྱས་ཀྱི་བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཡོན་ཏན་བསྟན་ལ། དེ་ནས་བརྩམས་ཏེ་འདི་བར་དུ་ཇི་སྙེ་བསྟན་པ་དེ་དག་གིས་ནི་མཁྱེན་པ་དང་བརྩེ་བ་གཉིས་པོ་དང་ལྡན་པའི་ཡོན་ཏན་གྱི་སྒོ་ནས་རྒྱལ་བ་རྣམས་ཀྱི་ཡོན་ཏན་གྱི་ཕ་རོལ་དུ་བྱོན་པའི་ཚུལ་རྣམས་བསམ་གྱིས་མི་ཁྱབ་པར་བསྟན་པས་ན་རང་བྱུང་སངས་རྒྱས་རྣམས་ཀྱི་འཁོར་ལོ་ཐ་མའི་གཞུང་གི་ཚུལ་འདི་ནི་དྲང་སྲོང་ཆེན་པོ་དབང་བསྐུར་བ་ཐོབ་པའི་ས་བཅུ་པ་རྣམས་ཀྱིས་ཀྱང་ཡོངས་སུ་རྫོགས་པར་བྱ་

(༡༢༣༧)བ་མ་ཡིན་ཞིང་སངས་རྒྱས་ཉིད་ལ་ཐུགས་འཇོག་པར་མཛད་པ་ཡིན་ནོ། །བྱ་ཕྲན་ཆུང་དུ་ཡིན་ཡང་རང་གི་ཚང་དུ་ལུས་སྟོབས་རྫོགས་ཏེ་ནམ་མཁའི་མཐའ་ཡང་སེམས་བྱེད་ལྟར། །བྱིས་པའི་བློ་ཅན་གྱི་བླ་མའི་དྲིན་ལས་ལེགས་པར་བཤད་པ་ཐོབ་ནས་རྒྱལ་བའི་ཡོན་ཏན་བརྗོད། །སྐྱེ་བ་སྐྱེ་བ་དག་ཏུའང་ཆོས་ཚུལ་འདི་ལ་ཤིན་དུ་མཁས་པའི་བླ་མ་དམ་པ་སྙེད་གྱུར་ནས། །གུས་པ་ཡིས་ནི་ལེགས་པར་བསྙེན་བཀུར་ཐོས་པའི་ཚུལ་ལ་གནས་བྱས་སྒོམས་པ་ཡིས་ཀྱང་འཇུག་གྱུར་ཅིག་ །དགེ་བ་འདི་ཡིས་ཤི་འཕོས་གྱུར་མ་ཐག་ །དགའ་ལྡན་མཆོག་ཏུ་མི་ཕམ་ཞལ་མཐོང་ཞིང་། །རྒྱལ་སྲས་དྲི་མ་མེད་པཱང་མངོན་གྱུར་ནས། །ཐེག་ཆེན་བདུད་རྩིའི་རྒྱུན་གྱིས་འཚོ་བར་ཤོག་ ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སུ་བཀོད་མཆོག་གི་རིགས་རྣམ་པ་བཞིར་རྣམ་པར་དབྱེ་བ་ལས་གཉིས་པ་རྟོགས་པ་བྱང་ཆུབ་ཀྱི་སྐབས་ཤེས་བྱ་བ་སྟེ་ལེའུ་གཉིས་པའི་རྣམ་པར་བཤད་པ་རྫོགས་སོ།། ཡེདྷ་རྨླཱ་ཧེ་ཏུ་པྲ་བྷ་ཧེ་ཏུནེྟ་ཐཱག་ཏོ་ཧྱབད་ཏྲ། ཏ་ཤཱཉྩ་ཡོན་རིདྷི་བཱ་བཱ་དཱི་མ་ཧཱ་ཤྲམ་ཎཱ

(༡༢༣༨)

(༡༢༣༩)ཐེག་པ་ཆེན་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་བཤད་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མི་ལོང་ལ་ཡོན་ཏན་གྱི་ལེའུའི་བཤད་པ་བཞུགས་སོ།

(༡༢༤༠)བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམས་དང་སེམས་ཅན་དག་ །མཐའ་ཡས་ཡོན་ཏན་ལྡན་མཚུངས་ན། །དང་པོར་གང་ལ་ཕྱག་བྱ་བ། །འདི་ནི་མཁས་པའི་དཔྱད་བྱར་འགྱུར། །ཤིན་དུ་སྦུངས་ཆུང་མ་རིག་གིས། །མཐའ་བྲལ་ནམ་མཁའ་སྒྲིབས་གྱུར་པ། །དེ་སེལ་བྱེད་པའི་བླ་མ་ལས་གཞན་པའི་ཕྱག་འོས་གང་ཞིག་ཡིན། །རབ་ཏུ་ཡངས་པའི་ནམ་མཁའི་སྣུབས། །རེའུ་མིག་དྲུག་བཅུ་རྩ་བཞིར་ཡང་། །ཆུད་ཅེས་སྨྲ་འདི་མཁས་པ་ལས། གཞན་པའི་སྣ་བར་དོན་མདེ་དོ། །དྲི་མ་མེད་པའི་དེ་བཞིན་ཉིད་བཤད་ཟིན་ནས། ད་ནི་རྒྱལ་བའི་ཡོན་ཏན་རྒྱ་ཆེར་བསྟན་པ་ལ་འཇུག་པར་བཞེད་ནས་སློབ་དཔོན་ཐོགས་མེད་ཀྱིས་ད་ནི་ཞེས་

(༡༢༤༡)བྱ་བ་ལ་སོགས་པས་བཤད་པར་དམ་བཅའ་བ་མེད་དེ། སེམས་ཅན་རྣམས་ལ་ནི་མཐའ་ཡས་པའི་ཡོན་ཏན་ཡོད་ན་ཡང་རགས་པའི་དྲི་མ་རྣམས་ཀྱིས་བསྒྲིབས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སྐྱོན་རགས་པ་དང་བྲལ་ཡང་བག་ཆགས་ཕྲ་མོས་མཐའ་ཡས་པའི་ཡོན་ཏན་གཟིགས་པ་ན་མིག་བསྒྲིབས་པ་ཉིད་དོ། སངས་རྒྱས་རྣམས་ལ་ནི་བག་ཆག་ཕྲ་མོ་ཡང་མེད་པས་ཤིན་དུ་དྲི་མ་མེད་པའི་ཡོན་ཏན་མངའ་བས་དེ་དག་བཤད་པར་བྱ་སྟེ་ཞེས་པའོ། །འཇིག་རྟེན་ན་ལྷ་སྦྱིན་གྱི་གཟུགས་ཤེས་བྱ་བ་དང་ལྷ་སྦྱིན་གྱི་སྣ་རྒྱན་ཞེས་བྱ་བ་ཐ་དད་པ་མ་ཡིན་པ་དང་། ཐ་དད་པའི་རྣམ་པས་ཡོན་ཏན་དུ་གྱུར་པ་གཉིས་ཡོད་ན། འདིར་གང་ཡིན་ཞེ་ན། ཐ་མི་དད་པ་སྟེ། འདི་ལྟར་ཡོན་ཏན་གང་དག་ཆོས་སྐུ་དེ་ལ་བརྟེན་པ་ཆོས་ཀྱི་སྐུ་དེ་དངོས་ངོ་བོ་དབྱེར་མེད་པའི་རང་བཞིན་ཉིད་ཀྱིས་གསན་པ་ཡིན་ཏེ། དཔེར་ན་ནོར་བུ་དང་དེ་ལ་བརྟེན་པའི་འོད་དང་མདོག་དང་

(༡༢༤༢)དབྱིབས་དག་ནོར་བུ་ལས་གཞན་མ་ཡིན་པ་བཞིན་ནོ། དེ་འདྲ་སྟོབས་ནི་ཆགས་པ་དང་ཐོགས་པའི་མུན་པ་བཅོམ་ནས་མཐའ་ཡས་པའི་ཤེས་བྱ་སྣང་པར་བྱེད་པའི་ཕྱིར་འོད་དང་ཆོས་མཚུངས་སོ། །མི་འཇིགས་པ་བཞི་ནི་ནོར་བུའི་མདོག་གི་མ་ཆིང་བུ་རྣམས་ཟིལ་གྱིས་གནོན་ཆོས་མཚུངས་ཏེ། སེང་གེའི་སྒྲ་བཞིས་འཁོར་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །མ་འདྲེས་པ་བརྩ་བརྒྱད་ནི་ནོར་བུའི་དབྱིབས་དང་ཆོས་མཚུངས་ཏེ། དབྱིབས་ཀྱིས་ཕན་ཚུན་དུ་མ་འདྲེས་པར་འབྱེད་པ་བཞིན་དུ་འཇིག་རྟེན་པ་ལ་སོགས་པ་དང་མི་འདྲེ་བར་བྱེད་པའི་ཕྱིར་རོ། །ཡོན་ཏན་རྣམས་བཤད་པར་འོས་པ་དེས་ན་བྱང་ཆུབ་དེའི་རྗེས་ཐོགས་སུ་སངས་རྒྱས་ཀྱི་ཡོན་ཏན་སོ་སོར་རྣམ་པར་ཕྱོ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ནི། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་བཅུ་བཞི་འདི་དག་ །དེ་ལ་ཡོན་ཏན་གྱི་རྟེན་ནི་རང་གི་ངན་དོན་དམ་པ་ཆོས་ཀྱི་སྐུ་ནི་གཅིག་གོ །ཆོས་སྐུ་དེ་ལ་ནམ་མཁའ་ལ་གཟུགས་ལྟར་བརྟེན་པ་གཞན་གྱི་དོན་དུ་གྱུར་པ་ཀུན་རྫོབ་པ་གཟུགས་ཀྱི་སྐུ་ཉིད་ནི་གཉིས་པའོ། །བརྟེན་པ་ཡོན་ཏན་ཡང་རྣམ་པ་གཉིས་ཏེ། བྲལ་བའི་འབྲས་བུའི་དངོས་པོ་ལས་གཅིག་དང་། རྣམ་པར་སྨིན་པའི་འབྲས་བུའི་དངོས་པོ་ལས་གཉིས་པའོ། །གཉིས་པ་འདི་དག་ནི་རེ་རེ་ལ་ཡང་སུམ་བཅུ་རྩ་གཉིས་སུ་ཕྱེ་བས་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞིའོ། །དེ་ལ་ཆོས་

(༡༢༤༣)ཀྱི་སྐུ་ནི་གཞན་ལ་མི་སྣང་ཞིང་རང་ཉིད་ཀྱིས་ཉམས་སུ་མྱོང་བས་རང་གི་དོན་ཞེས་བྱ་ལ། གཟུགས་ཀྱི་སྐུ་ནི་གཞན་ལ་སྣང་བའི་ཚུལ་གྱིས་ཕན་འདོགས་པའི་ཕྱིར་གཞན་གྱི་དོན་ཞེས་བྱའོ། །ཁྱད་པར་དེ་ཙམ་ཞིག་གིས་རང་གི་དོན་དང་གཞན་གྱི་དོན་ཞེས་རྣམ་པར་གཞག་པར་ཟད་ཀྱི། གཞན་དུ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ་སྙིང་རྗེ་གཞན་གྱི་དོན་ལྷག་པར་འདོད་ལ་དེའི་ཐབས་ནི་བྱང་ཆུབ་ཉིད་གཙོ་བོ་ཡིན་ཞིང་། གཞན་གྱི་དོན་གྱི་ཡན་ལག་ཏུ་དེ་འདོད་པ་ཕན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་སེམས་ཅན་གྱི་སྙིང་པོ་དོན་དམ་པའི་བདེན་པ་དྲི་མ་དང་བྲལ་བ་ཙམ་གྱིས་ཕྱེ་བའི་ཕྱིར་དོན་དམ་པའི་བདེན་པ་ཡིན་པར་ནི་གོང་དུ་དེ་ནི་འཕགས་པའི་བདེན་པ་ཞེས་བརྗོད་པ་ཡིན་ལ། གཟུགས་ཀྱི་སྐུ་ནི་ཆུ་ཤིང་ལྟར་བརྟགས་ན་མེད་པའི་ཕྱིར་དང་སོ་སོར་སྣང་བའི་ཕྱིར་ཀུན་རྫོབ་པ་ཡང་ཡིན་ནོ། །འོན་ཀྱང་འཇིག་རྟེན་ན་སེང་གེ་ཉིད་ལ་དོན་དམ་པའི་སེང་གེ་ཞེས་བྱ་བ་དང་། བྲམ་ཟེའི་ཁྱེའུ་ལ་ཀུན་རྫོབ་པའི་སེང་གེ་ཞེས་བྱ་བའི་ཐ་སྙད་གནས་པ་ལྟཏ་གསེར་འོད་ལས་ཆོས་ཀྱི་སྐུ་ནི་སངས་རྒྱས་དང་། གཟུགས་ཀྱི་སྐུ་ནི་སངས་རྒྱས་བཏགས་པ་བར་བཤད་དེ། དེའི་ཕྱིར་ཡང་དོན་དམ་པ་དང་ཀུན་རྫོབ་ཀྱི་སྒྲ་སོ་སོར་སྦྱར་བར་བྱ་བ་ཡིན་ནོ། །ཡང་ཆོས་ཀྱི་སྐུའི་ཡོན་ཏན་རྣམས་ལ་ནི་བྲལ་མའི་།།།ཞེས་བྱ་སྟེ། དེའི་ཉེ་བར་ལེན་པ་གསར་དུ་སྒྲུབ་པ་ལ་མོ་ལྟོས་པར་ཐོག་མ་ཉིད་ནས་གནས་པ་དེ་སྒྲིབ་པ་དང་བྲེལ་བ་ཙམ་གྱིས་མངོན་སུམ་དུ་སྣང་ཞིང་རྒྱས་

(༡༢༤༤)པར་འགྱུར་བའི་ཕྱིར་བུམ་པ་བཅག་ན་མར་མོའི་འོད་རྒྱ་ཆེན་པོར་སྣང་བ་བཞིན་ནོ། །གཟུགས་ཀྱི་སྐུའི་ཡོན་ཏན་རྣམས་ནི་རྣམ་པར་སྨིན་པའི་འབྲས་བུ་སྟེ། དེ་དག་གི་ཉེ་བར་ལེན་པ་ནི་འཕྲལ་དུ་ཡང་དག་པར་བླངས་པའི་རིགས་ལ་བརྟེན་པའི་བསོད་ནམས་སོ་སོ་བའི་རྒྱུན་གྱིས་ཉེ་བར་ལེན་པ་ལས་གྲུབ་པའི་ཕྱིར་རི་མོ་མཁན་གྱིས་བྲིས་པའི་རི་མོ་བཞོན་ནོ། །ཟོབ་པ་དང་སྣ་ཚོགས་པའི་ཚུལ་སྟོན་པའི་གསུང་རབ་དག་ལ་ཡང་ཆོས་ཀྱི་སྐུར་བརྗོད་མོད་ཀྱི་དེ་དག་ནི་རྣམ་པར་སྨིན་པའི་འབྲས་བུར་གཏོགས་སོ། །སོར་མོའི་ཕྲེང་བ་ལ་ཕན་པའི་མདོར་ནི་སྨེས་ཅན་རྣམས་ལ་མཚན་སུམ་བཅུ་རྩ་གཉིས་ཡོད་པར་བཤད་པ་ནི་སྙིང་པོ་ཉིད་ཀྱི་རྣམ་པ་ཡིན་ཞིང་། འབྲས་བུའི་དུས་ན་ཡང་ཆོས་ཀྱི་སྐུ་ལ་གནས་པ་རྣམས་ནི་བྲལ་བའི་འབྲས་བུར་གཏོགས་སོ། །ཚིགས་སུ་བཅད་པ་འདིས་དོན་ཅི་བསྟན་ཞེ་ན། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱིས་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡའ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །དེ་ལ་སངས་རྒྱས་རྣམས་ཀྱི་དོན་དམ་པའི་སྐུ་ནི་གཞན་ལ་མི་སྣང་བར་བདག་ཉིད་ཀྱི་ཡོན་ཏན་གྱི་འབྱོར་པ་ཕུན་སུམ་ཚོགས་པའི་གནས་དང་རྟེན་ཡིན་ལ། དྲང་སྲོང་ཆེན་པོ་རྣམས་ཀྱི་བརྡའ་འམ་ཐ་སྙད་པའི་སྐུ་རིས་སེམས་ཅན་ཕ་རོལ་རྣམས་པ་སྣང་ཞིང་ཕུན་སུམ་ཚོགས་པའི་བྱེད་པའི་ཡོན་ཏན་གྱི་གནས་

(༡༢༤༥)སམ་རྟེན་ཡིན་ནོ། །དང་པོ་དོན་དམ་པའི་སྐུ་ནི་ཕུན་སུམ་ཚོགས་པ་ཇི་འདྲ་བ་དག་དང་ལྡན་ཞེ་ན། སྟོབས་དང་སོགས་པ་མི་འཇིགས་པ་དང་མ་འདྲེས་པ་སྟེ་བྲལ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་སུམ་བཅུ་རྩ་གཉིས་དང་ལྡན་ལ། གཉིས་པ་བརྡའི་སྐུ་ནི་གང་དག་གིས་སྐྱེས་བུ་ཆེན་པོར་མཚོན་པའི་མཚན་སུམ་བཅུ་རྩ་གཉིས་ཀྱི་རྣམ་པར་སྨིན་པའི་ཡན་ཏན་ནམ་ཕུན་སུམ་ཚོགས་པ་དང་དང་ལྡན་ནོ། །དེ་དག་གིས་ནི་ཡོན་ཏན་མདོར་བསྟན་པ་ཡིན་ལ། འདི་ཕན་ཆད་ཀྱི་གཞུང་ནི་རྒྱས་པར་བཤད་པ་ཡིན་ལས་དེ་འཆད་དེ། དེ་ཡང་སྟོབས་ལ་སོགས་པ་སོ་སོའི་ངོ་བོ་གང་ཡིན་པ་དང་དཔེ་ཇི་ལྟ་བུ་དང་འདྲ་བའི་རྟགས་པར་བྱ་བའི་དཔེ་དེ་ལྟར་སྟོན་པས་དེའི་དབང་དུ་བྱས་ལའོ། །དེ་ལ་དེ་དག་སྤྱིར་བསྡུས་པའི་སྡོམ་ནི། སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན་མི་འཇིགས་ཉིད་ནི་འཁོར་དུ་སེང་གེ་བཞིན། །དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ། །ཐུབ་པའི་བསྟན་པ་རྣམ་གཉིས་ཆུ་ཟླ་བཞིན། །ཞེས་བྱ་བ་འདི་ཡིན་ཏེ། སྟོབས་ནི་མ་རིག་པའི་སྒྲིབ་པ་འཇོམས་པ་ལ་ཐོགས་པ་མེད་པ་ནི་ངོ་བོ་ཡིན་ལ། དཔེ་ནི་རྡོ་རྗེ་བཞིན་ནོ། །མི་འཇིགས་པ་ནི་འཁོར་གྱི་དཀྱིལ་འཁོར་དུ་གང་ལ་གང་འཇིགས་པ་མེད་པ་ནི་ངོ་བོ་ཡིན་ལ། དཔེ་ནི་སེང་གེ་བཞིན་ནོ། །དེ་བཞིན་གཤེགས་པའི་།།།ནི་གཞན་དང་གཏན་མ་འདྲེས་པའི་ཆོས་ཏེ་དེ་ནི་ངོ་བོ་ཡིན་ལ། ནམ་མཁའ་དག་པ་ནི་དཔེའོ། །ཐུབ་པའི་གཞན་ལ་སྣང་བར་བསྟན་པའི་སྐུ་

(༡༢༤༦)ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་རྣམ་པ་གཉིས་ནི་ངོ་བོ་ཡིན་ལ། དཔེ་ནི་ནམ་མཁའ་ཟླ་བ་དང་ཆུའི་ཟླ་བ་བཞིན་ནོ། །སྡོམ་གྱི་དོན་སོ་སོར་ཕྱེ་ནས་བཤད་པར་བྱ་བ་ལ། སྟོབས་རྣམས་དང་ལྡན་པ་ཞེས་བྱ་བ་ནི། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་དག་ །མཁྱེན་པའི་སྟོབས་ཀྱི་རྣམ་པ་བཅུ། །ཞེས་བྱ་བ་དག་ཡིན་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་རྣམས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང་། ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་དང་དྲི་མ་མེད་པ་སྟེ་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། ལྷའི་མིག་གིས་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཞི་བ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་སྟོབས་རྣམ་པ་བཅུའོ། དེ་ལ་སངས་རྒྱས་ཀྱི་ཤེས་བྱའི་ཡུལ་རྣམས་ལ་ཆགས་པ་དང་ཐོགས་པ་མེད་པར་མཁྱེན་པའི་ཡེ་ཤེས་ནི་སྟོབས་ཤེས་བྱ་སྟེ། སྒྲིབ་པ་རྣམས་རབ་ཏུ་འཇོམས་པར་བྱེད་པའི་ཕྱིར་རོ། །དེའི་རྣམ་པར་དབྱེ་བ་བཅུ་པོ་ནི་

(༡༢༤༧)ཡེ་ཤེས་གཅིག་ཉིད་ཡུལ་གྱི་དབྱེ་བས་ཕྱེ་བ་ཡིན་ཏེ། ཐམས་ཅད་ཡུལ་བཤད་པ་ཉིད་ཀྱིས་བཤད་པར་བྱ་བ་ཡིན་ནོ། །དེ་ལ་གནས་ནི་ཆོས་གང་གི་རྒྱུ་ཡིན་པ་དེ་ལ་བྱ་ལ་རྒྱུ་མ་ཡིན་པ་ལ་ནི་གནས་མ་ཡིན་པ་ཞེས་བྱའོ། །དེ་ལས་རགས་པ་ཞིག་བརྗོད་པ་ནི་མི་དགེ་བ་ལས་རྣམ་སྨིན་བདེ་བ་འབྱུང་བ་དང་། སེར་སྣས་ལོངས་སྤྱོད་ཆེན་པོ་དང་། ཚུལ་ཁྲིམས་འཆལ་པས་ལྷ་མིར་སྐྱེ་བ་དང་། གནོད་སེམས་ཀྱིས་མཛེས་པ་དང་། ལེ་ལོས་མངོན་པར་རྟོག་པ་དང་། །རྣམ་གཡེང་གིས་ངེས་པ་ལ་འཇུག་པ་དང་། ཤེས་རབ་འཆལ་པས་བག་ཆགས་ཀྱི་མཚམས་སྦྱོར་འཇོམས་པ་དང་། མཚམས་མེད་བྱེད་པས་སེམས་གནས་པ་དང་། དམིགས་པ་ཅན་གྱིས་བཟོད་པ་འཐོབ་པ་དང་། འགྱོད་པ་ལ་གནས་པས་སེམས་ཤིན་ཏུ་སྦྱངས་པ་དང་། བུད་མེད་ཀྱི་ལུས་ཀྱིས་འཁོར་ལོས་བསྒྱུར་བར་འགྱུར་བ་དང་བརྒྱ་བྱིན་དང་ཚངས་པར་འགྱུར་བ་དང་སངས་རྒྱས་སུ་འགྱུར་བ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཉམ་པས་རྒྱལ་སྲིད་བྱེད་པ་དང་། སྒྲ་མི་སྙན་གྱི་མི་ལོག་པར་ལྡུང་བ་དང་། སྲོག་གཅོད་པས་ཚེ་རིང་བ་དང་། ལོག་པར་ལྟ་བས་འཕགས་པའི་ལམ་འཐོབ་པ་དང་། བརྒྱད་པ་འབྲས་བུ་མ་ཐོབ་པར་ལྡང་བ་དང་། རྒྱུན་དུ་ཞུགས་པ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་དང་། ཕྱིར་འོང་བ་སྲིད་པ་གཉིས་པ་འགྲུབ་པ་དང་། ཕྱིར་མི་ལོ་འཇིག་རྟེན་འདིར་འོང་བ་དང་། དགྲ་བཅོམ་པ་ཉིད་མཚམས་སྦྱོར་བ་དང་། འཕགས་པའི་གང་ཟག་སྟོན་པ་གཞན་གྱི་ལུང་ནོད་པ་དང་། མི་སྐྱེ་བའི་

(༡༢༤༨)ཆོས་ལ་བཟོད་པ་ཐོབ་པ་ཕྱིར་ལྡོག་པ་དང་། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་སངས་མ་རྒྱས་པར་ལྡང་བ་དང་། དེ་བཞིན་གཤེགས་པ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་མངའ་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཐོགས་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྤྱིད་གཙུག་མཐོང་བ་དང་། སངས་རྒྱས་ཀྱི་མཐུ་མ་གཏོགས་པར་དེ་བཞིན་གཤེགས་པའི་སེམས་ཀྱི་རྒྱུ་བ་ཤེས་པ་དང་། དེ་བཞིན་གཤེགས་པ་ལ་མཉམ་པར་མ་གཞག་པ་དང་། དེ་བཞིན་གཤེགས་པ་ལ་ལོག་པའི་ཚིག་འབྱུང་བ་དང་། དེ་བཞིན་གཤེགས་པ་ལ་འཁྲུལ་པ་འབྱུང་བ་རྣམས་ནི་གནས་མེད་ཅིང་གོ་སྐབས་མེད་པ་ཡིན་ནོ། །དགེ་བས་བདེ་བ་འཐོབ་པ་དང་། སྦྱིན་པས་ལོངས་སྤྱོད་ཆེན་པོ་དང་། ཚུལ་ཁྲིམས་ཀྱིས་བདེ་འགྲོ་དང་། བཟོད་པས་མཛེས་པ་དང་། བརྩོན་འགྲུས་ཀྱིས་མངོན་པར་རྟོགས་པ་དང་། བསམ་གཏན་གྱིས་ངེས་པ་ལ་འཇུག་པ་དང་། ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་འཇོམས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པའི་སེམས་གནས་པ་དང་། སྟོང་པ་ཉིད་ལ་མོས་པས་བཟོད་པ་འཐོབ་པ་དང་། ཀུན་ནས་ལྡང་བ་མེད་པས་སྨེས་ཤིན་དུ་སྦྱངས་པ་འཐོབ་པ་དང་། བུད་མེད་ཀྱི་ལུས་ཡོངས་སུ་འགྱུར་ནས་འཁོར་ལོས་བསྒྱུར་བ་དང་བརྒྱ་བྱིན་དང་ཚངས་པ་དང་སངས་རྒྱས་སུ་འགྱུར་བ་དང་། འཁོར་ལོས་བསྒྱུར་བ་མཉམ་པས་རྒྱལ་སྲིད་མི་བྱེད་པ་དང་། སྒྲ་མི་སྙན་པ་བདེ་འགྲོར་བ་འགྲོ་བ་དང་། སྲོག་གཅོད་པ་ཡངས་པས་ཚེ་རིང་བ་དང་། ཡང་དག་པར་ལྟ་

(༡༢༤༩)བས་འཕགས་ལམ་འཐོབ་པ་དང་། བརྒྱད་པ་འབྲས་བུ་ཐོབ་ནས་ལྡང་བ་དང་། རྒྱུན་དུ་ཞུགས་པ་རེ་ལྟར་ཐོགས་ན་སྲིད་པ་བདུན་འགྲུབ་པ་དང་། ལན་ཅིག་ཕྱིར་འོང་བ་འཇིག་རྟེན་འདིར་འོངས་ནས་སྡུག་བསྔལ་མཐར་བྱེད་པ་དང་། ཕྱིར་མི་འོང་བ་དེ་ཉིད་དུ་མྱ་ངན་ལས་འདའ་བ་དང་། དགྲ་བཅོམ་པ་མཚམས་མི་སྦྱོར་བ་དང་། འཕགས་པའི་གང་ཟག་ལ་ལྷ་གཞན་མེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་བྱང་ཆུབ་ཏུ་འཚང་རྒྱ་བ་དང་། བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་ལྡང་བ་དང་། དེ་བཞིན་གཤེགས་པས་བག་ཞགས་ཀྱི་མཚམས་སྦྱོར་བའི་བཅོམ་པ་དང་། དེ་བཞིན་གཤེགས་པའི་སྤྱི་གཙུག་བ་ལྟར་མི་མཐོང་བ་དང་། དེ་བཞིན་གཤེགས་པས་བྱིན་གྱིས་མ་བརླབས་ན་དེའི་ཐུགས་ཀྱི་རྒྱུ་བ་མི་ཤེས་པ་དང་། དེ་བཞིན་གཤེགས་པ་རྟག་ཏུ་མཉམ་པར་གཞག་པ་དང་། དེ་བཞིན་གཤེགས་པ་ལ་བདེན་པའི་ཚུ་འབྱུང་བ་དང་། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་རྣམས་ནི་གནས་ཡོད་ཅིང་གོ་སྐབས་ཡོད་པ་སྟེ། དེ་དག་ལ་སོགས་པའི་རྒྱུ་འབྲས་རྣམས་མ་ལུས་པར་མཁྱེན་ནོ། །དེའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཐེག་པ་དམན་པ་མི་འདོད་ཅིང་ཡི་དམ་ཡང་དག་པར་བླངས་པ་བརྟན་པའོ། །གཉིས་པ་ལས་ཀྱི་རྣམ་པར་མི་སྨིན་པ་མཁྱེན་པའི་སྟོབས་ནི། ལས་ཀྱི་རྟེན་དང་རྒྱུ་དང་ངོ་བོ་རྣམས་མཁྱེན་པ་སྟེ། །དག་གི་བྱེ་བྲག་དམན་པ་ལ་བརྟེན་པ་དང་། ཁྱད་པར་ལ་བརྟེན་པ་དང་གཉིས་པོ་འདི་དང་ཕྱི་མའི་མུ་བཞིར་གནས་པ་དང་། བདེ་བ་སྡུག་བསྔལ་འདི་ཕྱི་

(༡༢༥༠)མ་ལ་བརྟེན་ནས་མུ་བཞིར་གནས་པ་དང་། ལས་གང་ཐེག་པ་གསུམ་གྱི་སྒྱུར་འགྱུར་བ་དུས་གསུམ་གྱིས་བསྡུས་པ་ཐམས་ཅད་མཁྱེན་པའོ། །དེའི་རྒྱུ་ནི་རང་གི་ལས་ལས་བྱུང་བའི་རྣམ་སྨིན་ལ་བརྟེན་པའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ནི་སེམས་ཅན་རྣམས་ཀྱི་དབང་པོ་རྦ་བ་དང་བརྡུལ་བ་འབྲིང་སྟེ་གསུམ་དང་དམན་པ་དང་ཁྱད་པར་འཕགས་པ་དང་ཀུན་དུ་རྟོག་པའི་དབང་པོ་ཆེན་པོས་དུག་གསུམ་ཆེན་མོ་བསྐྱེད་པ་དང་། ཆུང་དུས་ཆུང་དུ་བསྐྱེད་པ་དང་། འབྲིང་གིས་སྦྲེལ་ཞི་བསྐྱེད་པ་དང་། རྒྱུ་དགེ་མི་དགེ་གང་གིས་དབང་པོ་ཡང་དགེ་མི་དགེར་བསྐྱེད་པ་དང་། མིག་ལ་སོགས་པའི་དབང་པོ་ཉི་ཤུ་རྩ་གཉིས་དང་། དེ་དང་ཕན་ཚུན་དུ་སྒྱུ་བྱེད་པའི་ཚུལ་དང་། ཕ་རོལ་དུ་ཕྱིན་པ་དྲུག་དང་། བྱང་ཕྱོགས་སོ་བདུན་དང་། ཐེག་པ་གསུམ་གྱི་དབང་པོའི་རིམ་པ་དུས་གསུམ་གྱིས་བསྡུས་པ་རྣམས་མཁྱེན་པ་སྟེ། དེའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གྱི་དབང་པོ་བརྟགས་ཏེ་ཆོས་སྟོན་པའི། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ནི་མིག་ལས་སོགས་པའི་ཁམས་བཅུ་བརྒྱད་དང་། ས་ལ་སོགས་པའི་མཁས་དྲུག་གི་དོན་དམ་པའི་ཁམས་སྟོང་པ་ཉིད་དང་། ཁམས་གསུམ་པོ་ཀུན་རྟོག་གི་ཁམས་ལས་འབྱུང་བ་དང་། འདུས་བྱས་ཀྱི་རང་བཞིན་མངོན་པར་འདུ་བྱེད་པའི་མཚན་ཉིད་དེའི་ཁམས་དང་། འདུས་མ་བྱས་དེ་ལས་བཟློག་པ་དང་། ཀུན་ནས་ནོན་མོངས་པ་བློ་བུར་གྱི་མཚན་ཉིད་ཅན་དང་། རྣམ་པར་བྱང་བ་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དུ་མཁྱེན་པ་སྟེ། དེ་དགེ་ནི་རང་

(༡༢༥༡)རང་གི་ཀུན་རྫོབ་པའི་རང་བཞིན་ལ་ཁམས་ཤེས་བྱའོ་། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འཁོར་བའི་ཁམས་དང་། ཚུལ་བཞིན་ཡིད་ལ་བྱེད་པ་མྱ་ངན་ལས་འདས་པའི་ཁམས་ཡིན་པ་ལ་སོགས་པ་ཁམས་ཀྱི་རྣམ་པར་དབྱེ་བ་ཆགས་ཐོགས་མེད་པའི་མཁྱེན་པ་ནོ་ངོ་བོའོ། །དེའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ན་སེམས་ཅན་སོ་སོའི་ཁམས་ལ་ཤེས་པ་འཇུག་ཅིང་མཐུན་པར་སྤྱོད་པའོ། །མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ནི་སེམས་ཅན་གྱི་རྣམས་འདོད་ཆགས་ལ་གནས་ནས་ཞེ་སྡང་ལ་མོས་པ་དང་ཞེ་སྡང་གནས་ནས་འདོད་ཆགས་ལ་མོས་པ་དང་། དེ་བཞིན་དུ་གཏི་མུག་ལ་སྦྱར་བར་བྱ་བ་དང་། དགེ་བ་ལ་གནས་ནས་དགེ་བ་ལ་མོས་པ་དང་། སྦྱོར་བ་དམན་ཞིང་བསམ་པ་རྒྱ་ཆེན་པོ་ལ་མོས་པ་དང་། སྦྱོར་བ་རྒྱ་ཆེ་ཞིང་བསམ་པ་དམན་པ་ལ་མོས་པ་དང་མོས་པ་གང་སྦྱོར་བ་དམན་ཞིང་ཁྱད་པར་ཅན་ལ་མོས་པ་དང་། ཁྱད་པར་ཅན་ལ་མོས་ཤིང་སྦྱོར་བ་དམན་པ་དང་། ལོག་པ་ཉིད་དུ་ངེས་པ་ལ་མོས་ཤིང་ལོག་པ་ཉིད་དུ་འགྱུར་བ་དང་། མ་ངེས་པ་ལ་མོས་ཤིང་སྦྱོར་བས་ངེས་པ་ལ་འཇུག་པར་འགྱུར་བ་དང་། ཡང་དག་པར་ངེས་པ་ལ་མོས་པས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་དང་། འདོད་པའི་ཁམས་ལས་འདའ་བའི་མོས་པ་དང་། ཁམས་གསུམ་ཆར་ལས་འདའ་བའི་མོས་པ་དང་། དམན་པ་ལ་མོས་ཤིང་ཁྱད་པར་ལ་གནས་པ་དང་། ཁྱད་པར་ལ་མོས་ཤིང་དམན་པ་ལ་གནས་པ་དང་། སྐྱེ་བ་དང་ཁ་དོག་དང་ལོངས་སྤྱོད་ཐ་དད་པར་འགྱུར་བའི་མོས་པ་དང་

(༡༢༥༢)རྩེ་མོ་ལས་ཉམས་པར་འགྱུར་བའི་མོས་དང་སྣང་གྲོལ་འཐོབ་པའི་རྒྱུའི་མོས་པ་རྣམས་ལ་ཆགས་ཐོགས་མེད་པའི་མཁྱེན་པ་ནི་ངོ་བོའོ། །རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གྱི་མོས་པ་ཐ་དད་པ་ལ་མི་སྨོད་ཅིང་རྣམ་པར་གྲོལ་བ་ཚོལ་བའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི་ཡང་དག་པ་ཉིད་དུ་ངེས་པ་ལོག་པ་ཉིད་དུ་ངེས་པ་དང་མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པ་རྣམས་ཤེས་པ་མཁྱེན་ནས་ངེས་པ་དང་མ་ངེས་པ་དང་ཆོས་སྟོན་གྱི། ལོག་པ་ཉིད་དུ་ངེས་པ་བཏང་སྙོམས་སུ་འཇོག་པ་དང་། དུག་གསུམ་འབྱུང་བའི་ལམ་སྔ་མའི་རྒྱུ་དང་འདིའི་རྐྱེན་གང་ཡིན་པ་དང་། མངོན་པར་མྱུར་ལ་ལམ་དཀའ་བ་དང་། མངོན་པར་ཤེས་པ་མྱུར་ལ་ལམ་སླ་བ་དང་། མངོན་པར་ཤེས་པ་བུ་ལ་ལམ་དཀའ་བ་དང་། མངོན་པར་ཤེས་པ་བུ་ལ་ལམ་སླ་བ་དང་། སོ་སོར་རྟོག་པའི་སྟོབས་རྫོགས་ཀྱང་སྒོམ་པའི་མཐུ་མེད་པའི་ལམ་དང་། སྒོམ་པའི་སྟོབས་རྫོགས་ཀྱང་སོ་སོར་རྟོག་པའི་ལམ་ལ་རྫོགས་པའི་ལམ་དང་། དེ་གཉི་ག་མེད་པའི་ལམ་དང་། གཉི་གའི་སྟོབས་རྫོགས་པའི་ལམ་དང་། བསམ་པ་དང་སྦྱོར་བ་ལ་ཡང་ཕུན་སུམ་ཚོགས་པའི་མུ་བཞི་དང་ལུས་ངག་ཡིད་གསུམ་རེ་རེར་སྦྱོང་བའི་ལམ་དང་། ཐམས་ཅད་སྦྱོང་བའི་ལམ་དང་། ཐམས་ཅད་མི་སྦྱོང་བའི་ལམ་དང་། དེ་ལྟ་བུ་ལ་སོགས་པ་འཇུག་ལྡོག་གི་ལམ་མཁྱེན་པ་ནི་ངོ་བོའོ། །དེའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱད་སྤྱོད་པ་ན་འདུས་བྱས་དང་འདུས་མ་བྱས་པ་དང་ཐེག་པ་གསུམ་པོ་ཐམས་ཅད་ལ་ཀུན་དུ་འགྲོ་བའི་ཤེས་པ་གཏོང་

(༡༢༥༣)བའོ། བསམ་གཏན་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་དང་དྲི་མ་མེད་པ་སྟེ་རྣམ་པར་བྱང་བ་མཁྱེན་པའི་སྟོབས་ནི། བསམ་གཏན་དང་རྣམ་པར་ཐར་པ་དང་སྙོམས་པར་འཇུག་པ་རྣམས་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་ལྡང་བ་མཁྱེན་པ་སྟེ། ཀུན་ནས་ཉོན་མོངས་པའི་རྒྱུ་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ད་རྐྱེན་མ་རིག་པ་སྟེ། དེས་མཚོན་ནས་ཡན་ལག་བཅུ་གཉིས་པོ་སྔ་མ་སྔ་རྒྱུ་དང་ཕྱི་མ་ཕྱི་མ་རྐྱེན་ཡིན་པ་དང་། རྣམ་པར་དག་པར་འགྱུར་བའི་རྒྱུ་རྐྱེན་གཞན་ལས་རྗེས་སུ་མཐུན་པའི་སྒྲ་དང་ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཞི་གནས་ལ་རྩེ་གཅིག་པ་དང་ལྡག་མཐོང་ལ་མཁས་པ་དང་། འོང་བ་མེད་པར་ཤེས་པ་དང་འགྲོ་བ་མེད་པར་ཤེས་པ་དང་། སྐྱེ་བ་མེད་པར་ཤེས་པ་དང་ངེས་པར་གྱུར་པ་ལ་རེག་པ་དང་། རིག་པ་དང་རྐང་པར་ལྡན་པ་དང་རྣམ་པར་ཐར་པའི་སྒོ་ལ་སྒོམ་པ་དང་རང་བཞིན་གྱིས་གྲོལ་བར་ཤེས་པ་དང་། ཟད་པ་དང་མི་སྐྱེ་བཤེས་པ་དང་། བདེན་པ་རྗེས་སུ་རྟོགས་པ་དང་བདེན་པ་རྗེས་སུ་ཐོབ་པའོ། །གཞན་ཡང་བསམ་གཏན་དང་སྙོམས་པར་འཇུག་པ་ལ་རིམ་དང་ཐོད་རྒལ་དུ་འཇུག་པར་སྟོན་ཀྱང་དེ་བཞིན་གཤེགས་པ་ལ་དམིགས་པ་ལ་གསར་དུ་འཇུག་པ་མེད་པ་དང་། ཐེག་པ་གསུམ་གྱི་གང་ཟག་གི་འཇུག་པ་རྣམས་ཀྱང་མཁྱེན་པ་ནི་ངོ་བོའོ། །དེའི་རྒྱུ་ནི་བྱང་ཆུབ་དཔའི་སྤྱད་པ་སྤྱོད་པ་ན་བསམ་གཏན་དང་ཏིང་ངེ་འཛིན་ལྷུར་ལེན་ཞིང་སེམས་ངེས་པར་རྟོག་ལ། ཉོན་མོངས་དང་བྲལ་ཞིང་ཅང་ཤེས་པའོ།

(༡༢༥༤)སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ནི་བདག་དང་སེམས་ཅན་གཞན་གྱིས་སྐྱེ་གཅིག་ནས་གྲངས་མེད་པའི་བར་དང་འཇིག་ཆགས་ཀྱི་བསྐལ་པ་གྲངས་མེད་པ་དང་། སེམས་ཅན་རེ་རེའི་སེམས་འདིའི་འོག་ཏུ་སེམས་འདི་ལྟ་བུ་བྱུང་ངོ་ཞེས་བྱ་བ་མཁྱེན་ཞིང་། སྐྱེ་བ་སོ་སོའི་མིང་དང་དུས་དང་རིགས་དང་ཁ་ཟས་དང་ཁ་དོག་དང་དབྱིབས་དང་ཡུན་དང་བདེ་སྡུག་གི་མྱོང་བ་སྟེ་དེ་དག་ལ་བརྟག་པའི་གཞི་བརྒྱད་དུ་ཐ་སྙད་བྱེད་དོ། །དེ་ཡང་རྣམ་པ་དང་ཡུལ་ཕྱོགས་དང་གཞི་ཅི་ལས་གྱུར་པ་རྣམས་མཁྱེན་པ་ནི་ངོ་བོའི། །རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྔོན་གྱི་རྒྱུ་ལས་བྱུང་བའི་དག་པའི་རྩ་བ་ཆུད་མི་གསོན་ཞིང་བག་ཡོད་ལ་དམ་བཅས་པ་ལས་མི་ཉམས་པའོ། །འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི་དེ་བཞིན་གཤེགས་ལྟའི་སྤྱན་གྱིས་འཆི་བའི་སྲིད་པ་དང་བར་མའི་སྲིད་པ་དང་སྐྱེ་བའི་སྲིད་པ་ཐམས་ཅད་གཟིགས་ཤིང་བྲག་ཏུ་བཟང་པོ་དང་ངན་པ་དང་ཁ་དོག་མཛེས་པ་དང་མི་མཛེས་པ་དང་བདེ་འགྲོར་བ་དང་ངན་འགྲོ་བ་སྟེ་དྲུག་པོ་སྲིད་པ་བར་མའི་ཁྱད་པར་རོ། །སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱིས་ཉེས་པར་སྤྱད་པས་ངན་སོང་དུ་འགྲོ་བ་དང་། ལེགས་པར་སྤྱད་པས་མཐོ་རིས་སུ་འགྲོ་བ་སྟེ་ལས་ཀྱི་རྒྱུད་དང་། དེ་བཞིན་དུ་ཕྱོགས་བཅུའི་ཞིང་ཐམས་ཅད་དང་། དེ་དག་ཏུ་དེ་བཞིན་གཤེགས་པ་དང་སེམས་ཅན་རྣམས་ཇི་ལྟར་འབྱུང་བ་དང་། དེ་དག་གི་སྐྱེ་བ་དང་འཆི་འཕོ་བ་མ་ལུས་པ་དག་དང་ཕྱིར་རོལ་པའི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་ལ་

(༡༢༥༥)ཡང་མི་སྣང་བའི་སེམས་ཅན་གྱི་འཇིག་རྟེན་རྣམས་དང་། སེམས་ཅན་སོ་སོའི་མདུན་དུ་དེ་བཞིན་གཤེགས་པ་རྣམས་ཆོས་སྟོན་པ་ཡང་མཁྱེན་པ་ནི་ངོ་བོའོ། །དེའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་རྣམས་ལས་གང་ཡང་སྤངས་གོང་བར་མི་བྱེད་ལ། མ་བསླབས་པ་ལ་དབང་མི་ཟ་ཞིང་། སེམས་ཅན་ཐམས་ཅད་ལ་སྣང་བའོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི་དེ་བཞིན་གཤེགས་པའི་ཟག་པ་ཐམས་ཅད་ཟད་པས་བདག་གི་སྐྱེ་བ་ཟད། ཚངས་པར་སྤྱོད་པ་བསྟོན། བྱ་བ་བྱས། འདི་ལས་འདྲིད་པ་གཞན་མི་ཤེས་སོ། །ཞེས་བྱ་བའི་སེང་གེའི་སྒྲ་ཆེན་པོ་བཞི་སྒྲོགས་ཤིང་། དེ་ལྟ་བུ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་གནས་ཤིང་། དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ནི་དག་པ་དྲི་མ་མེད་པ་འོད་གསལ་བ་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་བཅོམ་པ་ཡིན་ལ། ཉན་ཐོས་རྣམས་ཀྱི་ཟག་པ་ཟད་པ་ནི་ཚད་ཡོད་པའི་བག་ཆགས་བཅོམ་པ། རང་སངས་རྒྱས་རྣམས་ཀྱི་ཟག་པ་ཟད་པ་ནི་ཚད་ཡོད་ཅིང་སྙིང་རྗེ་དང་བྲལ་བ། ཡོབས་པ་དང་བྲལ་བ། དེ་ལ་སོགས་པའི་ཁྱད་པར་ཐམས་ཅད་མཁྱེན་རྣམས་ཀྱི་ཡང་ཟག་པ་ཐམས་ཅད་ཟད་པའི་ཕྱིར་དུས་དེ་དག་ལ་ཆོས་སྟོན་པའི་མཁྱེན་པ་ནི་བའོ། །དེའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་ལ་ཟག་པ་འཕེལ་བའི་ཕྱིར་གནས་པ་མ་ཡིན་པར་ཟག་པ་ཟད་པའི་ཕྱིར་ཆོས་སྟོན་པ་དང་། ཟག་པ་མེད་པའི་ལམ་ཉེ་

(༡༢༥༦)བར་སྟོན་པའོ། །དཔེ་རྡོ་རྗེ་བཞིན་ཤེས་བྱ་བའི་དོན་ནི། གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་བའི་མོས་པ་སྣ་ཚོགས་དང་། ཉོན་མོངས་རྣམ་བྱང་དབང་པོའི་ཚོགས་དང་སྔོན་གནས་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཟག་པ་ཟད་ཚུལ་མི་ཤེས་གོ་ཆ་ཅིག་བརྟན་དང་། །ཤིང་རྣམས་འབིགས་དང་གཞིག་དང་གཅོད་ཕྱིར་སྟོབས་གནག་ཡིན་པ་རྡོ་རྗེ་བཞིན། ཞེས་བྱ་བ་འདིས་བསྟན་ཏེ་གནས་དང་གནས་མ་ཡིན་པ་མཁྱེན་པ་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་དང་འགྲོ་བའི་ཁམས་མཁྱེན་པ་དང་འགྲོ་བའི་མོས་པ་སྣ་ཚོགས་མཁྱེན་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པ་དང་དབང་པོ་རྣོ་བརྡུལ་ལ་སོགས་པའི་ཚོགས་མཁྱེན་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དང་ལྷའི་མིག་གིས་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་ཟག་པ་ཟད་པ་མཁྱེན་པའི་སྟོབས་གང་ཡིན་པ་དེ་དག་གི་ཚུལ་ལམ་དཔེ་ནི་རྡོ་རྗེ་བཞིན་དུ་བལྟ་བར་བྱ་སྟེ། མི་ཤེས་པ་ཤེས་བྱའི་སྒྲིབ་པའི་མགོ་ཆ་འབིགས་པའི་ཕྱིར་དང་། སྙོམས་པར་འཇུག་པའི་རྩིག་པ་བརྟན་པོ་གཞག་པར་མཛད་པའི་ཕྱིར་དང་། བག་ཆགས་དང་བཅས་པའི་ཤིང་རྣམས་གཅོད་པར་བྱེད་པའི་ཕྱིར་རོ། །དེ་ལ་སངས་རྒྱས་ནི་འགྲོ་བ་རྣམས་ལ་ཆོས་སྟོན་པའི་བླ་མ་སྟེ། དེ་ཡང་རང་གིས་མཁྱེན་ནས་གཞན་ལ་བསྟན་པས་ཕན་པར་འགྱུར་ རང་གིས་མི་མཁྱེན་ན་ནི་མ་ཡིན་ནོ། དེས་ཡང་སངས་རྒྱས་འཛིན་རྟེན་དུ་བྱུང་ནས་ཡི་ཤེས་དང་ལག་ཅེས་པ་གཞན་གྱིས་ཡི་ཤེས་པ་དག་མཁྱེན་པར་བསྟན་ཅིང་། གཞན་ཡང་

(༡༢༥༧)རྒྱུ་དང་འབྲས་བུའི་ཚུལ་བྱིས་པས་མི་ཤེས་པ་མང་དུ་བསྟན་པས་ཐམས་ཅད་མཁྱེན་པར་ཡིད་ཆེས་པར་འགྱུར་རོ། །བདག་ཉིད་ལ་ཡིད་ཆེས་པར་མཐོང་ནས་བྱིས་པ་རྣམས་རིམ་པར་བཀྲི་བའི་ཚུལ་ནི་ལས་དང་རྣམ་པར་སྨིན་པ་སོ་སོར་ངེས་པ་བསྟན་པས་མཐོ་རིས་ལ་འཇོག་པར་མཛད་དོ། །ཐར་པར་ཁྲིད་པ་ན་གང་ཟག་དེ་ཐེག་པ་གསུམ་ལ་མོས་པ་ཐ་དད་པ་དང་། མོས་པ་དང་མཐུན་པའི་ཁམས་ཡོད་མེད་དང་། ད་ལྟར་བསྟན་ན་རྟོགས་པ་དང་མི་རྟོགས་པའི་དབང་པོའི་ཁྱད་པར་དང་། དེ་ལ་ཀུན་དུ་འགྲོ་བའི་ལམ་རྣམས་ལས་གང་བསྟན་པར་འོས་པ་དང་། ལམ་ལ་བཙུད་དེ་སྒོམ་པ་ན་ལམ་ཉོན་མོངས་ཅན་ཡིན་པ་དང་མ་ཡིན་པའི་ཁྱད་པར་སྟོན་པ་དང་། ལམ་གྱི་འབྲས་བུ་མི་སློབ་པའི་རིག་པ་གསུམ་སྟོན་པར་མཛད་པའོ། །ད་ནི་ཇི་ལྟར་མཁྱེན་པ་དེ་གཞན་པ་སྟོན་པའི་འོས་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་རྟེན་ཆོས་ཀྱི་སྐུ་བརྟེན་པ་མི་འཇིག་པ་བཞི་བརྙེས་པ་ཞེས་བྱ་བ་ནི། ཆོས་ཀུན་མངོན་པར་བྱང་ཆུབ་དང་། །གེགས་ནི་འགོག་པར་བྱ་བ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །བདག་གཞན་ཤེས་བྱའི་དངོས་པོ་རྣམ་ཀུན་ཤེས་དང་ཤེས་མཛད་ཕྱིར། །ཡང་དངོས་སྤངས་དང་ཡོང་མཛད་ཕྱིར་དང་བསྟེན་བྱ་བསྟེན་པའི་ཕྱིར། །ཐོབ་བྱ་བླ་མེད་ཤིན་དུ་དྲི་མེད་ཐོབ་དང་ཐོབ་མཛད་ཕྱིར། །རང་གཞན་དོན་བདེན་གསུང་ཕྱིར་དྲང་དྲོང་གང་དུའང་ཐོགས་པ་མེད། ཅེས་བྱ་བ་དག་གིས་བཤད་དེ། དེ་ལ་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་ཀྱང་དེ་

(༡༢༥༨)ཐམས་ཅད་རྟོགས་པ་དང་སྤངས་པའི་ངོ་བོ་ཉིད་ལས་མི་འདའ་བས་བྱ་བ་དང་།།།ཉིད་རྗེས་སུ་བརྗོད་པ་ཡིན་ཏེ། དེ་ཡང་དོན་དམ་པར་ནི་འཁོར་འདས་ཀྱི་ཆོས་དང་སོ་སོ་སྐྱེ་བོ་དང་འཕགས་པའི་ཆོས་དང་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་ཀུན་གདོད་མ་ནས་།།།ཅི་ཡང་མ་གྲུབ་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་དང་། བྱང་ཆུབ་པར་བྱེད་པའི་གེགས་འདོད་པའི་འདོད་ཆགས་དང་། སྲིད་པའི་འདོད་ཆགས་དང་། མ་རིག་པ་དང་ལྟ་བས་བསྡུས་པ་འདི་མཐའ་དག་གདོད་མ་ནས་ཟད་པར་གྱུར་པས་ངོ་བོ་ཉིད་ཀྱིས་འགོག་པ་བརྙེས་པའི་ཕྱིར་སུ་ཞིག་སུ་ལ་འཇིགས་པར་འགྱུར། ཀུན་རྫོབ་ཏུ་ནི་ངོ་ནི་སངས་རྒྱས་སོ་ཞེས་ཐུགས་སུ་མ་ཆུད་པ་ཅི་ཡང་མེད་ཅིང་། འདི་མ་སྤངས་སོ་ཞེས་བྱ་བའི་གོགས་མཐའ་དག་ཟད་པའི་འགོག་པ་ཐོབ་པར་གྱུར་པའི་ཕྱིར་འཇིགས་པ་མི་མངའ་བ་ཡིན་ཏེ། དེ་གཉིས་ནི་རང་དོན་གྱི་དབང་དུ་བྱས་པའོ། །རང་ཉིད་ཀྱིས་ཇི་ལྟར་བརྙེས་པ་དེ་སེམས་ཅན་ཐམས་ཅད་ཀྱི་ཐོབ་ཏུ་རུང་བར་གཟིགས་ནད་དེ་དག་གི་ནང་ནས་ལམ་ལ་གཟུད་དུ་རུང་བ་རྣམས་ལ་བྱང་ཆུབ་པའི་ལམ་སྟོན་པ་དང་། འདི་དག་ནི་བར་ཆད་བྱེད་པའི་ཆོས་ཡིན་པས་ཁྱེད་ཀྱིས་ཡང་བར་བྱའོ་ཞེས་ལསཧ་གྱི་གེགས་འགོག་པར་སྟོན་པ་གཉིས་ནི་གཞན་དོན་གྱི་དབང་དུ་བྱས་པ་སྟེ། དམ་བཅས་པ་བཞི་པོ་ལ་རྒོལ་བའི་མཚན་མ་མཐོང་བས་མི་འཇིགས་པའི་སྤོབས་པ་ནི་རྣམ་པ་བཞིའོ། །སྟོན་པ་ཡོན་ཏན་མཐའ་ཡས་པ་དང་ལྡན་ཞིང་གདུལ་བར་བྱ་བ་ལ་འདོམས་པ་ཡང་ཤིན་དུ་མང་བར་མངའ་ན་བཞིར་ཇི་ལྟར་འདུས་སྙམ་ན། སྒྲུབ་པའི་ཕྱོགས་

(༡༢༥༩)ནས་བདག་གིས་ཤེས་བྱའི་དངོས་པོའི་རྣམ་པ་ཀུན་ཤེས་པས་རང་གི་དོན་གྱིས་ཡོན་ཏན་ཡང་དེར་མ་འདུས་པ་མེད་ལ། གདུལ་བྱ་གཞན་ལ་ཡང་ཤེས་བྱའི་རྣམ་པ་ཀུན་ཤེས་པར་མཛད་པའི་ཕྱིར་ན་དེ་ལས་ལྷག་པ་སྒྲུབ་ཏུ་མེད་དོ། །ཡང་བར་འོས་པའི་གེགས་ཀྱི་དངོས་པོ་མ་ལུས་པར་རང་གིས་སྤངས་ཤིང་གཞན་དག་ཀྱང་ཡོང་བ་ལ་འཛུད་པར་མཛད་པའི་ཕྱིར་དགག་པར་འོས་པ་མ་བཀག་པ་ཅི་ཡང་མེད་ལ། རང་ཉིད་ཀྱིས་བསྟེན་པར་བྱ་བའི་ལམ་བསྐལ་པ་མི་ཉུང་བར་བསྟེན་པའི་ཕྱིར་དང་། གཞན་དག་ཀྱང་བསྟེན་པར་མཛད་པའི་ཕྱིར་ཐོབ་བྱ་འགོག་པའི་བདེན་པ་བླ་ན་ལྷག་པ་གཞན་མེད་ཅིང་དྲི་མ་མ་ཟད་པ་ཅི་ཡང་མེད་པ་རང་གིས་ཐོབ་ཅིང་གཞན་ཐོབ་པར་མཛད་པའི་ཕྱིར་དེ་དག་ཏུ་མ་འདུས་པའི་ཡོན་ཏན་གྱི་ཆོས་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་ཉུངས་པ་ཡང་མ་ཡིན་ལ། རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་ནས་བདེན་ཞིང་མི་བསླུ་བ་ཁོ་ན་གསུང་བའི་ཕྱིར་ན་སྟོན་པ་ལ་བློ་གྲོས་ཐོགས་པ་མི་མངའོ། །འདི་དག་གིས་ནི་ཐེག་པ་ཆེན་པོ་ལ་ཆོས་ཐམས་ཅད་བདེན་པ་བཞིའི་རྣམ་པས་གཏན་ལ་ཕན་པར་བལྟའོ། །ངོ་བོ་ཉིད་ནི་དེ་དག་ཡིན་ཏེ། རྒྱུ་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ན་སློབ་དཔོན་གྱི་དཔེ་མཁྱུད་མེད་ཅིང་བདོག་པ་ཐམས་ཅད་གཏོང་ཞིང་སེམས་ཅན་ལ་སེམས་མཉམ་ལ་ཆོས་མཉམ་པ་ཉིད་དུ་མཐོང་ཞིང་ཐ་དད་པའི་།།།ནི་དང་པོའི་རྒྱུའོ། །བར་དུ་གཅོད་པ་ལ་བར་ཆད་དུ་ཤེས་ནས་གཞན་ལ་གཞན་དུ་མི་སྟོན་ལ་རྣག་གིས་ཀྱང་ཡོང་བ་ནི་གཉིས་པའི་རྒྱུའོ་

(༡༢༦༠)དཀར་པོའི་ཆོས་མཐའ་དག་ལ་མོས་པས་རྣམ་པར་བྱང་བའི་ལམ་།།རང་ཉིད་སློབ་ཅིང་གཞན་ལ་ཡང་སྟོན་ལ། བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་ཐམས་ཅད་སྡུད་པ་ནི་གསུམ་པའི་རྒྱུའོ། །མངོན་པའི་ང་རྒྱལ་མེད་པར་གཞན་ལ་ཆོས་སྟོན་པ་ནི་བཞི་པའི་རྒྱུའོ། །ཇི་ལྟར་ཤེས་པར་བྱ་བའི་དཔེ་ཡང་སེང་གེ་བཞིན་ཞེས་བྱ་བ་ནི། རི་དགས་དབང་པོ་ཇི་ལྟར་ནགས་མཐར་རྟག་འཇིགས་མེད། །རི་དགས་རྣམས་ཀ་སྐྲག་པ་མེད་པ་རྒྱུ་བལྟར། །དེ་བཞིན་ཚོགས་ནང་ཐུབ་པའི་དབང་པོ་སེང་གེ་ཡང་། །ལེགས་གནས་ལྟོས་མེད་བརྟན་པའི་རྩལ་དང་ལྡན་པར་གནས། ཤེས་བྱ་བས་བཤད་དེ། ཇི་ལྟར་རི་དགས་རྣམས་ལ་འདོད་དགྱུར་བསྒྱུར་བའི་དབང་པོ་སེང་གེ་ཞེས་བྱ་བ་ནི་ནགས་ཀྱི་མཐའ་སྟེ་ཕྱོགས་ན་ཉིན་མཚན་རྟག་ཏུ་འཇིགས་པ་མེད་ལ། རི་དགས་ཀྱི་ཚོགས་ཀྱི་དབུས་ན་གནས་པ་ན་འཇིགས་པ་མེད་ལ། རྒྱུ་བ་ན་ཡང་རི་དགས་ཀྱི་ཚོགས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར་དེ་བཞིན་དུ་ཐུབ་པ་དྲང་སྲོང་རྣམས་ཀྱི་དབང་པོ་སེང་གེ་ལྟ་བུ་དེ་ཡང་བདེ་བར་ལེགས་པར་གནས་པའི་རྩལ་དང་འགྲན་ཞིང་ལྟོས་པར་བྱ་བའི་ཡུལ་མེད་པའི་རྩལ་དང་དཔའ་ཞིང་བརྟན་་པའི་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པར་གནས་པས་སེང་གེ་དང་མཚུངས་སོ། །དེ་ལྟར་འཁོར་ལ་འཇིགས་པ་མེད་པར་བསྟན་ནས་འཁོར་ལས་ཡོན་ཏན་ཆོས་ལྷག་པར་མ་གྱུར་ན་ཤིན་དུ་གུས་པར་མི་འགྱུར་བས་འཁོར་རྣམས་དང་མ་འདྲེས་ཤིང་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་བརྒྱད་དང་ལྡན་པ་ཞེས་བྱ་

(༡༢༦༡)བ་ནི། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་གཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་པ་བརྩོན་འགྲུས་སྲན་པ་དང་། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅུ་བརྒྱད་འདི་དང་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །འཁྲུལ་དང་ཅོ་ཅོ་བསྙེལ་དང་ཐུགས་གཡོ་ཐ་དད་ཀྱི་ནི་འདུ་ཤེས་དང་། །ངང་གིས་བཏང་སྙོམས་དྲང་སྲོང་ལ་མེད་འདུས་པ་དང་ནི་བརྩོན་འགྲུས་དང་། །དྲན་དང་རྣམ་དག་དྲི་མེད་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང་། །ཤེས་བྱའི་དོན་ཀུན་གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ། །གང་གི་ལས་གསུམ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བའི་རྗེས་སུ་འཇུག་པ་དང་། །དུས་གསུམ་རྟག་ཏུ་ཐོགས་མེད་ངེས་པར་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ། །གང་རྟོགས་འགྲོ་བར་འཇིགས་མེད་དམ་ཆོས་འཁོར་ལོ་ཆེན་པོ་རབ་བསྐོར་བ། །ཐུགས་རྗེ་ཆེན་པོ་དང་ལྡན་རྒྱལ་བ་ཉིད་དེ་སངས་རྒྱས་རྣམས་ཀྱིས་བརྙེས། ཤེས་བྱ་བ་དག་གིས་བཤད་དེ། དེ་བཞིན་གཤེགས་པའི་སྐུའི་སྤྱོད་ལམ་དང་། གསུང་གི་ཆོས་སྟོན་པའི་ཚིག་འབྲུ་དང་གནས་སྐབས་ཐམས་ཅད་ཀྱི་ཐུགས་ཀྱི་འཇུག་པ་རྣམས་གང་ལ་ཡང་འཁོར་གྱིས་བརྙས་པ་དང་

(༡༢༦༢)རྒལ་བའི་དྲི་མེད་པ་ནི་འཁྲུལ་པ་མི་མངའ་བ་སྟེ། སེམས་ཅན་རྣམས་ཀྱང་ཆོས་བསྟན་པས་དེ་ལ་འཛུད་དོ། །དེ་བཞིན་དུ་འོག་ནས་འབྱུང་བའི་མ་འདྲེས་པ་བཅུ་བདུན་པོ་ལ་ཡང་གཞན་གྱིས་ཀླགས་མེད་ཅིང་ཐམས་ཅད་མ་འདྲེས་པ་དེ་ཐོབ་པའི་ཕྱིར་སེམས་ཅན་ལ་ཆོས་སྟོན་པ་ནི་ཐམས་ཅད་ཀྱི་ལས་སུ་ཤེས་པར་བྱའོ། །ཅ་ཅོ་མི་མངའ་བ་ནི་དོན་མེད་པའི་ཚིག་དང་གང་དུ་ཡང་རྩོད་པའི་ཚིག་མེད་པའོ། །སྟོན་པ་ལ་བྱ་བར་འོས་པའི་མཛད་པ་ཅུང་ཟད་ལ་ཡང་མི་དྲན་པ་མེད་པ་ནི་དྲན་པ་ཉམས་པ་མི་མངའ་བ་ཞེས་བྱའོ། །སྐུའི་སྤྱོད་ལམ་ཐམས་ཅད་དང་བསོད་སྙོམས་ལ་སོགས་པ་སྤྱོད་པའི་ཚེ་ན་ཡང་གཡེངས་པ་མི་མངའ་ཞིང་རྟག་ཏུ་དེ་ཁོ་ན་ཉིད་ལ་གནས་པ་ནི་མཉམ་པར་མ་གཞག་པའི་ཐུགས་མི་མངའ་བའོ། །ཆོས་སྟོན་པ་ན་གུས་པ་དང་མ་གུས་པ་དང་བསྙེན་བཀུར་དང་བསྙེན་བཀུར་མ་ཡིན་པ་བྱེད་པ་དང་སེམས་ཅན་ལོག་པ་ཉིད་དུ་ངེས་པ་དང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་ལ་འགའ་ཞིག་ཐུགས་མ་བབ་ལ་འགའ་ཞིག་མ་བབ་པའི་ཐ་དད་པའི་འདུ་ཤེས་སྣ་ཚོགས་ཀྱང་མི་མངའ་བའོ། །སེམས་ཅན་གང་ལ་ལ་དག་པས་ཆོས་བསྟན་པའི་།།།བཏང་སྙོམས་སུ་གཞག་པ་ནི་ཡོད་མོད་ཀྱི། དུས་ལ་བབ་བཞིན་དུ་དེ་ཐུགས་ཀྱིས་མ་བརྟགས་ཤིང་མ་མཁྱེན་པར་བཏང་སྙོམས་སུ་གཞག་པ་ཅུང་ཟད་ཀྱང་མེད་པ་ནི་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ། དེ་དག་ནི་སྤྱོད་པ་མ་འདྲེས་པ་དྲུག་ཅེས་བྱའོ། །བྱམས་པ་ལ་སོགས་པའི་དགེ་བའི་ཆོས་གང་ལ་ཡང་ཐུགས་མི་ཕྱོགས་པ་མེད་པ་ནི་འདུས་པ་ཉམས་པ་མི་

(༡༢༦༣)མངའ་བའོ། །དགེ་བ་གང་དང་གང་གསར་དུ་མངོན་པར་སྒྲུབ་པ་ལ་གཡེལ་བ་མེད་པ་ནི་བརྩོན་འགྲུས་ཉམས་པ་མེད་པའོ། །སངས་རྒྱས་མ་ཐག་ནས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལེགས་པར་མཁྱེན་པར་དེ་ནམ་ཡང་བསྙེལ་བར་མི་འགྱུར་ཞིང་ཆོས་སྟོན་པ་སོགས་ལ་ཡིད་གསར་དུ་གཏོད་པ་ཅུང་ཟད་ཀྱང་མེད་པ་ནི་ཉམས་པ་མི་མངའ་བའོ། །རྟག་ཏུ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་ཁོ་ན་ཉིད་དེ་ལས་མི་གཡོ་བས་མཉམ་པར་གཞག་ཅིང་དེའི་ཚེ་ན་དབང་པོ་མ་ཚང་བའི་ཉེས་པ་མེད་པར་ཤེས་པར་བྱ་བ་མཐའ་དག་ཐུགས་སུ་ཆུད་པ་ནི་ཤེས་རབ་དང་ཏིང་ངེ་འཛིན་ཉམས་པ་མེད་པའོ། །དུས་གསུམ་པའི་ཆོས་རྣམས་ལ་ཆགས་པ་མེད་ཅིང་གཉིས་སུ་འཛིན་པ་ལ་གྲོལ་ལ། རྟག་གུ་འོད་གསལ་བ་ལ་གནས་པ་ནི་རྣམ་པར་གྲོལ་བ་ཉམས་པ་མི་མངའ་བའོ། །གཞན་གྱི་ཟག་པ་ཟད་པ་ཆུང་དུ་དང་འབྲིང་དང་ཆེན་པོ་རྣམས་དང་། བདག་ཉིད་ཀྱི་ཟག་པ་མཐའ་དག་ཟད་པའི་མངོན་པར་ཤེས་པ་དྲུག་པ་ཐོབ་པས་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའ་བ་ཞེས་བའོ། །དེ་དག་ནི་རྟོགས་པ་མ་འདྲེས་པ་དྲུག་ཅེས་བྱའོ། །འདིར་བཞི་པའི་གནས་སུ་ཤེས་རབ་དང་དེའི་རྗེས་ལ་རྣམ་གྲོལ་དང་རྣམ་གོལ་གྱི་ཡེ་ཤེས་གཟིགས་པ་གཉིས་ཏེ་དྲུག་ཏུ་མཛད་ལ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ལ་སོགས་པ་གཞན་དག་ཏུ་ནི་ཏིང་ངེ་འཛིན་བཞི་པ་དང་ཤེས་རབ་ལྔ་པ་དང་རྣམ་གྲོལ་དྲུག་པར་མཛད་དེ་རྣམ་པར་གཞག་པ་ཅུང་ཟད་ཀྱིས་ཐ་དད་པའོ། །སྐུའི་ལས་རྣམས་ཡེ་ཤེས་སྔོན་

(༡༢༦༤)དུ་འགྲོ་བཞིན་ཡེ་ཤེས་རྗེས་སུ་འབྲང་དང་གསུང་གི་།།རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲང་བ་དང་། ཐུགས་ཀྱི་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲང་བ་སྟེ་ལས་མ་འདྲེས་པ་གསུམ་མོ། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །ཅེས་བྱ་བ་ནི་རྒྱ་དཔེ་ལྟར་ན། དུས་གསུམ་ཡེ་ཤེས་སྒྲིབ་པ་མེད། ཅེས་བྱ་སྟེ་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་དང་འ་མོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་སྟེ་དུས་ལ་སྒྲིབ་པ་མེད་པའི་ཡེ་ཤེས་མ་འདྲེས་པ་གསུམ་མོ། །དེ་ལྟར་བཤད་པར་གྱུར་པའི་ཆོས་མ་འདྲེས་པ་བཅུ་བརྒྱད་པོ་འདི་དག་ལས་གཞན་པ་ཡང་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས་ལུས་ཚད་མེད་པ། སྤྱིར་གཙུག་ལྟར་མི་མཐོང་བ་དང་། མཐོང་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱི་སྐྱོན་ཞི་བར་བྱེད་པ་དང་། འཁོར་ཐམས་ཅད་ལས་མངོན་འཕགས་པ་དང་། བག་ཚ་བ་མེད་པ་དང་། སློབ་མ་བསམ་པ་ཅན་དང་། སློབ་མ་མི་ཕྱེད་པ་དང་། སློབ་མ་ཤིན་དུ་དུལ་བ་དང་། སོབས་པ་མྱུར་བ་དང་། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང་། དོན་ཡོད་པའི་ཆོས་སྟོན་པ་དང་། འཁོར་ཐམས་ཅད་རྩེ་གཅིག་ཏུ་སེམས་པ་ལ་སངས་རྒྱས་ཀྱི་སྒྲ་སྐད་འབྱིན་པ་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་མངོན་དུ་ལྟ་བ་དང་། སྐུ་ལྟ་བས་མི་ངོམས་པ་དང་།

(༡༢༦༥)འབྲས་བུ་ཡོད་པའི་ཆོས་སྟོན་པ་དང་། གླང་པོའི་ལྟ་སྟངས་ཀྱིས་ལྟ་བ་དང་། སེང་གེ་ལྟར་རྣམ་པར་བསྒྱིངས་པ་དང་། ལུས་ཀྱི་ལས་དོན་ཡོད་པར་འགྲོ་བ་དང་། ངག་ལ་དབང་བ་དང་། ཡིད་ཀྱི་ལས་ཀུན་ནས་མིག་དང་ལྡན་པ་དང་། གཟུང་བར་འོས་པའི་ཚིག་དང་ལྡན་པ་དང་། རྙེད་པའི་མཆོག་དང་གྲགས་པའི་མཆོག་དང་ལྡན་པ་དང་། བསོད་ནམས་ཟད་མི་ཤེས་པ་དང་། རྫི་བ་མེད་པ་དང་། བྲེལ་འཕོངས་མེད་པ་དང་། ཆོས་དང་གཙུག་ལག་མང་པོ་ཤེས་པ་དང་། ཚེ་དཔག་ཏུ་མེད་པ་དང་། མཐོང་བ་དང་རེག་པ་དང་བསྙེན་བཀུར་བྱས་པ་དང་དྲན་པ་དང་ཐོས་པ་དོན་ཡོད་པ་དང་། ཤེས་རབ་མི་འཁྲུགས་པ་དང་། གཏམ་རྒྱུན་ཆགས་པ་དང་། བག་ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་དང་། སློབ་དཔོན་མེད་པ་དང་། རྣམ་པ་ཐམས་ཅད་ཤེས་པ་སྟེ་སུམ་བཅུ་རྩ་བཞི་གསུངས་སོ། །དེ་དག་གི་རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་ལ་ཕན་བཏགས་ཤིང་དམ་པའི་ཆོས་གཟུང་ལ། ཀུན་དུ་སྣང་བའི་ཏིང་ངེ་འཛིན་བསྒོམས་པ་དང་། བདེན་པར་སྨྲ་ཞིང་རྣམ་པར་འཕྲུལ་པའི་རྒྱལ་པོའི་ཏིང་ངེ་འཛིན་བསྒོམས་པ་དང་། རྗེས་དྲན་དྲུག་བསྒོམས་ཤིང་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཏིང་ངེ་འཛིན་བསྒོམས་པ་དང་། སེམས་ཅན་ལ་སེམས་སྙོམས་ཤིང་ཆོས་ཐམས་ཅད་ཀྱི་།།བཞིན་མཉམ་པ་ཉིད་རྣམ་པར་སྲོས་པའི་ཏིང་ངེ་འཛིན་བསྒོམས་པ་དང་། ཕྱིན་ཅི་ལོག་གི་འདུ་ཤེས་དང་ལྟ་བ་མེད་ཅིང་མཚན་མ་མེད་པའི་

(༡༢༦༦)ཏིང་ངེ་འཛིན་ཤིན་དུ་བསྒོམས་པ་དང་། འཇིག་རྟེན་གྱི་ཆོས་བརྒྱན་བཏང་སྙོམས་ཤིང་གཉིས་མ་ཆགས་པ་ལས་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་ཤིན་དུ་སྒོམ་པ་སྟེ་དྲུག་ནི་སྤྱོད་པ་མ་འདྲེས་པ་དྲུག་གིས། ཡང་མོས་པ་ཆེན་པོས་ཆོས་ཚོལ་ཞིང་མོས་པའི་འདུ་བྱེད་ཀྱི་ཏིང་ངེ་འཛིན་བསྒོམས་པ་དང་། ཆོས་ལ་བརྩོན་འགྲུས་བརྩམས་པས་དགེ་བའི་བཤེས་གཉེན་གྱི་ཐད་དུ་འགྲོ་བ་ལ་སོགས་པ་དང་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་བསྒོམས་པོ་དང་། དྲན་པ་ཉེ་བར་གཞག་པའི་རྣལ་འབྱོར་དང་སེམས་ཀྱི་ཡོང་བའི་འདུ་བྱེད་དང་ལྡན་པའི་ཏིང་ངེ་འཛིན་ཤིན་དུ་བསྒོམས་པ་དང་། ཤེས་རབ་ལ་མང་དུ་གོམས་པ་དང་དཔྱོད་པའི་འདུ་བྱེད་དང་ལྡན་པའི་ཏིང་ངེ་འཛིན་བསྒོམས་པ་དང་། རབ་ཏུ་བྱུང་ནས་རྣམ་ཐར་སྒོ་གསུམ་སྒོམ་ཞིང་སེམས་ཅན་གཞན་རྣམས་དྲི་མ་ལས་གྲོལ་བར་བྱེད་ལ། དྲི་མ་མེད་པ་དང་དཔྱོད་པའི་པའི་སྙིང་པོའི་ཏིང་ངེ་འཛིན་བསྒོམས་པ་མེད་པར་སྤྱོད་ཅིང་གཟུགས་ཐམས་ཅད་ཀུན་དུ་སྟོན་པའི་ཏིང་ངེ་འཛིན་བསྒོམས་པ་དང་། བདེན་པ་དང་རྟེན་འབྲེལ་ལ་སོགས་པ་ཤེས་པའི་ཡེ་ཤེས་ལ་བརླབས་ཤིང་སྟོབས་བཀོད་པའི་ཏིང་ངེ་འཛིན་བསྒོམས་པ་སྟེ་དྲུག་ནི་རྟོགས་པ་མ་འདྲེས་པ་དྲུག་གིའོ། །ལུས་ཀྱི་ལས་ཐམས་ཅད་ཉོན་མོངས་པ་མེད་པར་སྤྱོད་ཅིང་གཟུགས་ཅན་ཀུན་དུ་སྟོན་པའི་ཏིང་ངེ་འཛིན་བསྒོམས་པ་དང་། ངག་གི་ལས་ཐམས་ཅད་ལ་ཉོན་མོངས་པ་མེད་ཅིང་རིན་པོ་ཆེའི་འབྱུང་གནས་ཀྱི་ཏིང་ངེ་འཛིན་བསྒོམས་པ་དང་། ཡིད་ཀྱི་ལས་ཐམས་ཅད་ཉོན་མོངས་པ་མེད་པར་སྤྱོད་ཅིང་ད་ལྟར་བྱུང་བའི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་སྒོམ་པ་སྟེ་གསུམ་ནི་ལས་

(༡༢༦༧)སྟེ་དྲུག་དང་། སངས་རྒྱས་གང་གི་སྐུ་དང་གསུང་དང་ཐུགས་ཀྱི་ལས་གསུམ་པོ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྣམས་ལྷན་ཅིག་ཏུ་རྗེས་སུ་འཇུག་པ་སྟེ་གསུམ་མོ། །དུས་གསུམ་ལ་མཁྱེན་པ་རྒྱ་ཆེན་པོ་རྟག་པ་དང་ངེས་པ་དང་ཐོགས་པ་མེད་པའི་ཁྱད་པར་གསུམ་དང་ལྡན་པར་འཇུག་པ་སྟེ་གསུམ་མོ། །བཅུ་བརྒྱད་པོ་གང་དག་རྟོགས་ཤིང་མཁྱེན་ནས་འགྲོ་བ་རྣམས་ལ་འཁོར་གྱི་ནང་གུ་འཇིགས་པ་མེད་པའི་དམ་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་རྒྱལ་བ་ཉིད་ཀྱི་ཕྲིན་ལས་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱིས་བརྙེས་པ་ཡིན་ནོ། །དེ་དག་གིས་ནི་ངོ་བོ་བཤད་པ་ཡིན་ལ། དཔེ་ཇི་ལྟར་ཡིན་པ་ནི་ནམ་མཁའ་བཞིན་ཞེས་བྱ་བས་སྟོན་པ་ཡིན་ཏེ། ས་སོགས་ལ་ཡོད་ཆོས་ཉིད་གང་ཡིན་ཆོས་ཉིད་དེ་ནི་ནམ་མཁའི་མིན། །ནམ་མཁའི་མཚན་ཉིད་སྒྲིབ་མེད་ལ་སོགས་མཚན་ཉིད་གང་དེའང་གཟུགས་ལ་མེད། །ས་ཆུ་མེ་རླུང་ནམ་མཁའ་མཚུངས་པ་འཇིག་རྟེན་དག་ན་ཐུན་མོང་སྟེ། །མ་འདྲེས་ཉིད་ནི་སྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ཐུན་མོང་མིན། ཞེས་བྱ་བ་དེ་ལ་།།།མཚན་ཉིད་ནི་སྲ་བ་ཉིད་དོ། །ཆུའི་མཚན་ཉིད་ནི་གཤེར་བ་ཉིད་དོ། །མེའི་མཚན་ཉིད་ནི་།།།ཚ་བ་ཉིད་དོ། །རླུང་གི་མཚན་ཉིད་ནི་གཡོ་བ་ཉིད་དོ། །ནམ་མཁའི་མཚན་ཉིད་ནི་སྒྲིབ་མེད་པ་ཉིད་དོ། །ས་ནི་དྲི་དང་གཟུགས་དང་རོ་དང་རེག་པ་དང་སྒྲ་སྟེ་ཡོན་ཏན་ལྔ་དང་ལྡན་ནོ། །ཆུ་ནི་དྲི་མ་གཏོགས་པ་ཡོན་ཏན་

(༡༢༦༨)གཅིག་ལ་གཅིག་མེད་པར་ཡང་མཐོང་ལ། འོན་ཀྱང་རྟེན་གཞན་མེད་པར་གནས་ནི་ནམ་མཁའི་གཅིག་པུ་ཡིན་པས་ནམ་མཁའ་ལ་འདྲེས་པ་ཞེས་བརྗོད་དེ། །དེ་ལྟར་ན་ལྔ་པོ་དེ་གཞི་གཅིག་ན་གནས་པ་ཉིད་ཀྱིས་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དག་རྟེན་གཅིག་ལ་འཛིན་རྟེན་ན་མཚུངས་པར་ཡོད་པས་ཐུན་མོང་བར་ཡང་འགྱུར་མོད་ཀྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ལས་ཧི་རྡུལ་ཕྲན་ཙམ་དུ་ཕྱེ་བའི་ཅ་གཅིག་གཟུང་ན་ཡང་འཇིག་རྟེན་དག་ན་འཇིག་རྟེན་པ་དང་ཉན་ཐོས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཐུན་མོང་དུ་འདྲེས་པ་མ་ཡིན་ཏེ། རྡུལ་ཕྲན་གྱི་ཆར་གཞག་པ་དེ་ལ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མ་ཚང་བ་མེད་པས་ཤིན་དུ་མ་འདྲེས་པའི་ཕྱིར་རོ། །དེ་ལྟར་དོན་དསཧ་པའི་ཡོན་ཏན་སུམ་བཅུ་རྩ་གཉིས་བཤད་ནས། ཀུན་རྫོབ་པའི་ཡོན་ཏན་མཚན་རྣམས་དང་ལྡན་པ་ཞེས་བྱ་བ་དེ་འཆད་དེ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པའི་གཟུགས་མངའ་བ་ཞེས་བྱ་བ་ནི། ལེགས་གནས་འཁོར་ལོས་མཚན་པ་དང་། །ཡངས་དང་ཞབས་ལོང་མི་མངོན་དང་། །སོར་མོ་རིང་དང་ཕྱག་ཞབས་ནི། །དྲ་བ་ཡིས་ནི་འབྲེལ་བ་དང་། །པགས་འཇམ་གཞོན་ཤ་ཅན་ལེགས་ཉིད། །སྐུ་ནི་བདུན་དག་མཐོ་བ་དང་། །བྱིན་པ་ཨེ་ན་ཡང་འདྲ་གསང་། །གླང་པོ་བཞིན་དུ་སྦུབས་སུ་ནུབ། །རོ་སྲོད་སེང་གེ་དང་འདྲ་དང་། །ཐལ་གོང་བར་

(༡༢༦༩)རྒྱས་པ་དང་། །དཔུང་མག་ལེགས་ཟླུམ་ཕྱག་འཇམ་ཞིང་། །ཟླུམ་ཞིང་མཐོ་དམན་པ་མེད་པ་དང་། །ཕྱག་རིང་ཡོངས་སུ་དག་པའི་སྐུ། །འོད་ཀྱི་དཀྱིལ་འཁོར་དག་དང་ལྡན། །མགྲིན་པ་དྲི་མེད་དུང་འདྲ་དང་། །འགྲམ་པ་རི་དགས་རྒྱལ་པོ་འདྲ། །ཚེམས་ནི་བཞི་བཅུ་མཉམ་པ་དང་། །རབ་དང་ཚེམས་ཐགས་བཟང་བ་དང་། །རྣམ་དག་ཚེམས་མཉམ་ཉིད་དང་ནི། །མཆེ་བ་རབ་མཆོག་དཀར་བ་ཉིད། །ལྗགས་རིང་མཐའ་མེད་བསམ་མེད་པ། །རོ་བྲོ་བ་ཡི་མཆོག་ཉིད་དང་། །རང་བྱུང་ཀ་ལ་བིང་ཀ་ཡི། །སྒྲ་དང་ཚངས་པའི་དབྱངས་ཉིད་དང་། །སྤྱིན་བཟང་ཨུཏྤ་ཁྱུ་མཆོག་ལྗི་འདྲ་དང་། །ཞལ་མཛེས་དྲི་མེད་མཛོད་སུ་དཀར་ལྡན་པ། །གཙུག་ཏོར་དབུ་ལྡན་དག་ཅིང་སྲབ་པ་དང་། །པགས་པ་གསེར་གྱི་དམོག་འདྲ་སེམས་ཅད་མཆོག་ །བ་སུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་བ་དང་། །དབུ་སྐྲ་དྲི་མེད་དྲིན་ཆེན་མཐོན་མཐིང་བཞིན། །ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། །ཀུན་དུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ། །བསམ་མི་ཁྱབ་འབར་སུམ་བཅུ་རྩ་གཉིས་སོ། །འདི་དག་སྟོན་པས་མི་དབང་མཚན་དུ་གསུངས། །ཤེས་བྱ་བ་དག་གིས་བཤད་དེ། དེ་ལ་ཞབས་ཀྱི་མཐིལ་གཉིས་པོ་མཉམ་པར་ལེགས་པར་གནས་པ་དང་། ཕྱག་དང་ཞབས་ཀྱི་མཐིང་འཁོར་ལོ་རྩིབས་སྟོང་པ་བཀྲ་ཤིས་པའི་རི་མོ་སྣ་ཚོགས་དང་

(༡༢༧༠)བཅས་པས་མཚན་པ་དང་། །།།ལ་ཞབས་ཀྱི་ཆ་བཞིའི་ཚད་ཀྱིས་ཕྱིར་དང་སྤངས་པ་དང་ཞབས་ཀྱི་ལོང་བུ་འབུར་བར་མ་གྱུར་པར་མི་མངོན་པ་ནི་གཅིག་གོ ། སོར་མོའི་གུང་མོ་ནི་ལག་མཐིལ་ལས་སོར་ལྔས་རིང་བ་དང་། ཕྱག་དང་སོར་མོའི་ཚུགས་གསུམ་པའི་མཚམས་མན་ཆོད་དུ་དང་པ་ལྟར་དྲ་བ་ཡིས་ནི་འབྲེལ་བ་དང་། པགས་པ་བྱེ་རེག་འཇམ་གྱི་ཡུ་ལྟར་འཇམ་པ་ཉིད་དང་། སྐུ་ཤིན་དུ་གཞོན་ཤ་ཤགས་པ་ཉིད་ནི་གཅིག་གོ། །ཕྱག་དང་ཞབས་ཀྱི་བོལ་གོང་ན་དང་ཕྲག་པ་དག་གཉིས་ཏེ་དྲུག་དང་ལྷག་པའི་ཕྱོགས་ཏེ་བདུན་པོ་དག་ཤེས་གང་བ་མཐོ་བ་དང་། བྱིན་པ་པ་རི་དགས་ཨེ་ན་ཡ་ཏེ་ཁ་ཤའི་བྱིན་གྱིས་ཕྲ་བ་དང་བརྒྱད་ཀྱི་རྒྱུན་ནི་སྔོན་དམ་བཅས་པ་ལ་བརྟན་པ་དང་། སྦྱིན་པ་སྣ་ཚོགས་བ་ཅགས་པ་དང་། སེམས་ཅན་གཞན་དག་ཁྱད་དུ་མ་གསད་པ་དང་། སེམས་ཅན་ཆོས་ཀྱིས་བསྲུངས་ཤིང་སྐྱབ་པ་དང་སྦ་བ་བྱས་པ་དང་། གཞན་གྱི་གཡོག་འཁོར་མ་ཕྱེ་བ་དང་། བགོ་བ་སྣ་ཚོགས་སྦྱིན་པ་དང་། བཟའ་བ་དང་བཏུང་བ་རྒྱ་ཆེན་པོ་སྦྱིན་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་གཟུང་བ་རྣམས་ཀྱིས་རིམ་པར་བཞིན་དུ་འགྲུབ་པར་ཤེས་པར་བྱའོ། །གསང་བའི་གནས་གླང་པོ་ཆེའི་གསང་གནས་བཞིན་དུ་པགས་པའི་སྦུབས་སུ་ཞུབ་པ་དང་། དྲོ་སྟོད་སེང་གེ་དང་འདྲ་བར་འཕེལ་ཀ་ཆེ་ཞིང་རྒྱས་པ་དང་། ཐལ་ཏེ་བྲང་གི་གོང་གི་བར་མཚམས་དམའ་བ་མ་ཡིན་པར་རྒྱས་པ་དང་། དཔུང་པ་གཉིས་ཀྱི་མགོ་ལེགས་པར་ཟླུམ་ཞིང་མཛེས་པ་དང་། ཕྱག་

(༡༢༧༡)གཉིས་པོ་འཇམ་ཞི་ཟླུམ་ལ་མཐོ་དམན་མེད་པ། མ་བཏུད་པར་སུས་མོའི་ལྷ་དར་སླེབ་པས་ཕྱག་རིང་བ་དང་། སྐུ་ཤེལ་ལྟར་ཡོངས་སུ་ཅིང་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་དང་། མགྲིན་པ་དྲི་མ་མེད་པའི་དུ་དང་འདྲ་བར་་ཟླུམ་ཞིང་རི་མོ་གསུམ་གྱིས་མཛེས་པ་དང་། འགྲམ་པ་གཉིས་རི་དགས་ཀྱི་སྒྱལ་པོ་དང་འདྲ་བར་ཡངས་ཤིང་མ་ཞུམ་པ་དང་བརྒྱད་ཀྱི་རྒྱུན་ནི་གསང་ཚིག་བསྲུངས་ཤིང་འཁྲིག་པའི་ཆོས་མོ་སྤྱད་པ་དང། དགེ་བའི་ལས་རྒྱ་ཆེན་པོ་མཐར་གྱིས་སྤྱད་པ་དང་། དགེ་བའི་ཆོས་ཡང་དག་པར་བསྒྲུབས་པ་དང་། མི་འཇིགས་པས་གཞན་དབུགས་ཕྱུག་བ་དང་། གཞན་གྱི་བྱའི་ཅོག་ལ་སྤྲོ་བ་དང་། དགེ་བཅུ་སོམས་མི་ཤེས་པར་སྤྱད་པ་དང་། ནད་ལ་སྨན་སྣ་ཚོགས་སྦྱིན་པ་དང་། དགེ་བ་ལ་ཡོངས་སུ་རྫོགས་པར་བྱས་པ་སྟེ་རིམ་པ་བཞིན་ནོ། །ཚེམས་བཞི་བཅུ་ཚང་ཞིང་མཐོ་དམན་མེད་པར་མཉམ་པ་དང་། ཚེམས་རབ་ཏུ་དང་ཞིང་ཚེམས་ཀྱི་ཐགས་བཟང་བ་དང་། ཚེམས་རྣམ་པར་དག་ཅིང་ཕྲ་སོུམ་མཉམ་པ་དང་། མཆེ་བ་བཞི་པོ་རབ་ཏུ་མཆོག་ཏུ་དཀར་བ་དང་། ལྗགས་ཞལ་གྱི་དཀྱིལ་འཁོར་ཁེབས་པས་རིང་བ་དང་མཐའ་མེད་ཅིང་བསམ་དུ་མེད་པའི་རོ་བྲོ་བའི་མཆོག་ཉིད་དང་། རང་བྱུང་སངས་རྒྱས་ཀྱི་གསུང་ཚངས་པའི་དབྱངས་ལྟར་རིང་དུ་གྲག་ཅིང་ཀ་ལ་བིང་ཀའི་སྒྲ་ལྟར་ཤིན་དུ་སྙན་པ་དང་། སྤྱན་བཟའ་པོ་གཉིས་ཀྱི་འབྲས་བུ་ཨུཏྤ་ལའི་མདོག་ལྟར་མཐོན་མཐིང་དང་། རྫི་མ་ནི་

(༡༢༧༢)བ་བེའུ་འབྲངས་མ་ཐག་པའམ་ཁྱུ་མཆོག་གི་ལྟར་རེངས་ཤིང་མ་འདྲེས་པ་དང་བརྒྱད་ཀྱི་རྒྱུ་ནི་སེམས་ཅན་ལ་བསམ་པ་མཉམ་པར་སྦྱོར་བ་དང་། སེམས་ཅན་མི་མཐུན་པ་རྣམས་ཀྱི་བསྡུམས་བྱས་པ་དང་། ཡིད་དུ་འོང་བའི་ནོར་བུ་བྱིན་པ་དང་། སྒོ་གསུམ་གྱི་ལས་ཤིན་དུ་བསྲུངས་པ་དང་། བདེན་པའི་ཚིག་བསྲུངས་པ་དང་རོ་གྲོ་བའི་མཆོག་སྦྱིན་པ་དང་། སེམས་ཅན་ལ་འཇམ་པའི་ཚིག་དང་ཚིགས་བསྡམས་པ་དང་ཀུན་དགའ་བའི་ཚིག་བསྒྲགས་པ་དང་། བྱམས་པ་དང་ལྡན་ཞིང་ཐམས་ཅད་བསྲུངས་པ་དང་། བསམ་པ་རྒྱུ་མེད་པ་དང་རིམ་པ་བཞིན་ནོ། །ཞལ་མཛེས་པའི་སྨིན། མཚམས་ཀྱི་མཛེས་ཡུ་དཀར་བ་དངུལ་གྱི་ཁ་དོག་ལྟ་བུ་བརྐྱང་ན་ཁྱུ་གང་བ་འཁྱིལ་བས་ཀྱུ་ཏུ་རའི་འབྲས་བུ་ལྟར་གནས་པ་དང་། དབུའི་དབུས་ནས་སོར་བཞིར་འཕགས་ཤིང་ལྷན་ཅིག་སྐྱེས་པའི་ནོར་བུས་བརྒྱན་པའི་གཙུག་ཏོར་དང་ལྡན་པ་དང་། པགས་པ་དག་ཅིང་ཏྲ་བ་དང་། སེམས་ཅན་མཆོག་གི་ཕགས་པ་གསེར་གྱི་མདོག་དང་འདྲ་བར་སྣུམ་པ་དང་། བང་སུ་ལེགས་པར་ཕྲ་ཞིང་འཇམ་པ་རེ་རེ་ན་སྐྱེས་ཏེ་སྐུའི་གྱེན་དུ་གཡས་པས་ཕྱོགས་སྐུ་འཁྱིལ་བ་དང་། དབུ་སྐྲ་དྲི་མ་མེད་པའི་རིན་པོ་ཆེ་ཡིན་ནཱི་ལ་བཞིན་དུ་མཐོན་མཐིང་གུ་འདུག་པ་དང་། ནྱ་གྲོ་ལྗོགས་པའི་ལྗོན་ཤིང་གི་དཀྱིལ་འཁོར་དང་འདྲ་བར་མཆུ་དང་ཞེང་དུ་མཉམ་པ་དང་། སྐུ་ཀུན་དུ་བཟང་ཞིང་དྲང་པོར་སྲང་བ་དང་ཁྲུ་བདུན་གྱིས་འཕོགས་པ་ཆེ་བ་དང་སྲེད་མེད་ཀྱི་བུ་ཁྱབ་འཇུག་གི་སྟོབས་ལས་ཀྱང་ལྷག་པ་མངའ་ཞིང་ཤིན་དུ་མཁྲེགས་

(༡༢༧༣)པ་དང་བརྒྱད་ནི་བསྔགས་པར་འོས་པ་བསྔགས་པ་དང་། བླ་མ་ལ་གུས་ཤིང་འདུད་པ་དང་། ཆོས་ཡང་དག་པར་བགྲོ་བ་ན་སེམས་དག་པ་དང་། ཡིད་དུ་འོང་བའི་གོས་དང་སྟན་བྱིན་པ་དང་། འདུ་འཛིད་ཡངས་ཤིང་མཁན་པོ་དང་སློབ་དཔོན་ལས་གདམས་ངག་མཐུན་པར་འཛིན་པ་དང་། སྲོག་ཆགས་ལ་སྙིང་བརྩེ་ཞིང་རྡོ་དབྱིག་མཚོན་ཆ་སྤངས་པ་དང་། བདག་དང་གཞན་ཏིང་ངེ་འཛིན་ལ་སྦྱར་བ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་མཆོད་རྟེན་ཞིག་པ་བཅོས་པ་དང་འཇིགས་པས་ཉེན་པ་དབུགས་ཕྱུང་བ་དང་མི་མཐུན་པ་བསུམས་པ་རྣམས་དང་གོ་རིམ་བཞིན་ནོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་མཆོག་ཏུ་འབར་བའི་མཚན་སུམ་བཅུ་རྩ་གཉིས་པོ་འདི་དག་སྟོན་པས་མའི་དབང་པོ་འཁོར་ལོས་བསྒྱུར་བ་བསྣམས་སྐྱེས་བུ་ཆེན་པོར་མཚོན་པའི་མཚན་མ་ཡིན་པར་གསུངས་སོ། དེ་ལྟར་ངོ་བོ་བཤད་ནས་དཔེ་ནི་ཆུ་ཟླ་བཞིན་ཞེས་བྱ་བ་ནི། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས། །སྟོན་གའི་ཆུ་སྔོན་མཚོར་ནི་སྣང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱིས་ཁྱབ་བདག་གཟུགས། །རྫོགས་སངས་རྒྱས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་བྱ་བ་ལ། ཇི་ལྟར་སྤྲིན་མེད་མེད་པའི་ནམ་མཁར་ཤར་བའི་ཟླ་བའི་གཟུགས་ནི་སྟོན་ཀའི་དུས་ཀྱི་ཆུ་དང་བར་གྱུར་པའི་མཚོའི་ནང་དུ་ཡང་མཐོང་བ་ལྟར་དེ་ལྟར་ཆོས་ཀྱི་སྐུའི་ནམ་མཁར་ཤར་བའི་ཁྱབ་བདག་ལོངས་སྤྱོད་རྫོགས་པའི་སྐུའི་གཟུགས་མཚན་སུམ་བཅུ་རྩ་གཉིས་ཀྱིས་

(༡༢༧༤)བརྒྱན་པ་རྒྱལ་བའི་སྲས་པོ་ས་བཅུ་ལ་གནས་པའི་ཚོགས་རྣམས་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་མཐོང་བར་འགྱུར་ལ། དེའི་མཐུ་ལས་མཚོ་ཆུ་སྔོན་པོ་ལྟར་སེམས་རབ་ཏུ་དང་བར་གྱུར་པའི་མི་རྣམས་ཀྱིས་ཀྱང་མཚན་དང་རབ་ཏུ་ལྡན་པའི་སྤྲུལ་པའི་གཟུགས་བརྙན་ལྟ་བུར་མཐོང་བར་འགྱུར་རོ།། །།ད་ནི་དེ་དག་ཉིད་ཀྱི་དོན་བསྡུ་བ་ཡིན་ཏེ། སྔར་།།།ཡོན་ཏན་དབྱེ་བ་དྲུག་བཅུ་བཞི་འདི་དག་ །ཅེས་བྱ་བ་ནི་བཤད་པར་བྱའོ། །ཞེས་བྱ་བའི་དོན་ཡིན་ལ། དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། །མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་དེ་དག་རྣམ་པ་གཅིག་ཏུ་མངོན་པར་བསྡུས་ཏེ་དྲུག་བཅུ་རྩ་བཞིར་འགྱུར་རོ། །ཞེས་བྱ་བ་ནི་དྲུག་བཅུ་རྩ་བཞི་པོ། དགྲ་བཤད་ཟིན་རོ་ཁེས་པོ་དོན་ཏོ་གནག་ལ་བརྟེན་ནས་ན། ཡོན་ཏན་དྲུག་བཅུ་རྩ་བཞི་པོ། །འདི་དག་སོ་སོར་སྒྱུར་བཅས་ཏེ། །གོ་རིམས་ཇི་བཞིན་རིམ་ཆེན་གྱིས། །མོད་ཡི་རྗེས་འབྲངས་ཤེས་པར་བྱ། །སྟེ་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་པ་ནས་བྱང་ཆུབ་ཏུ་ཞུགས་པ་བུ་མོ་རིན་ཆེན་ཞེས་བྱ་བའི་སེམས་དཔའི་ཆེན་པོ་བུད་མེད་ཀྱི་ཚུལ་དུ་གནས་པ་དེས་ཞུས་པས་ན་བུ་མོ་རིན་ཆེན་གྱི་མདོ་ཞེས་ཀྱང་བྱ། ཐེག་པ་ཆེན་པོའི་མན་ངག་ཅེས་ཀྱང་བྱ་བའི་མདོ་གློང་གཞིའི་སྐབས་སུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་སངས་རྒྱས་པ་ཞེས་བྱ་བ་ལ་སོགས་པ་དཀོན་མཆོག་

(༡༢༧༥)གསུམ་གྱི་ཚུལ་བརྗོད་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་དང་མཚུངས་ཤིང་། ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དུ་གཏོགས་པ་དེར་ཡོན་ཏན་དྲུག་བཅུ་རྩ་བཞི་པོ་འདི་དག་སོ་སོའི་རང་གི་མཚན་ཉིད་དང་སོ་སོའི་རྒྱུ་ཅི་ཡིན་པ་དང་བཅས་ཏེ་འདིར་བཤད་པའི་གོ་རིམས་ཇི་ལྟ་བ་དང་མཐུན་པར་བཤད་པ་ཡིན་པས་རྒྱ་ཆེར་ནི་མདོ་དེའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ་ཞེས་བཤད་པས་འགྲེལ་པར། ཇི་སྐད་བཤད་པ་ཉིད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་བཅུ་རྩ་བཞི་པོ་འདི་དག་གི་རྣམ་པར་དབྱེ་བ་གོ་རིམས་འདི་ཉིད་ཀྱིས་བསྟན་པ་ནི་ཁྱེའུ་རིན་ཆེན་གྱི་མདོའི་རྗེས་སུ་འབྲངས་ཏེ་རིག་པ་བྱའོ། ཞེས་བྱ་བ་འདི་ཡང་བཤད་པ་ཉིད་དོ། །སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སྐྱེས་བུ་ཆེན་པོའི་མཚན་ཏེ་གནས་བཞི་པོ་འདི་དག་ལ་གོ་རིམས་བཞིན་དུ་རྡོ་རྗེ་དང་སེང་གེ་དང་ནམ་མཁའ་དང་ཆུ་ཟླའི་དཔེས་བརྗོད་པ་གང་ཡིན་པ་དེ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དོན་སྔར་ཡང་ཅུང་ཟད་བརྗོད་མོད་ཀྱི། འདིར་རྒྱས་པར་བཤད་པ་ནི་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་རིག་པར་བྱ་སྟེ། མི་ཕྱེད་པ་དང་མི་ཞན་དང་། །མཚུངས་མེད་པ་དང་གཡོ་མེད་ཕྱིར། །རྡོ་རྗེ་སེང་གེ་མཁའ་མེད་པ། །ཆུ་ཡི་ཟླ་བའི་དཔེས་བསྟན་ཏོ། །སྟོབས་སོགས་རྣམས་ལས་སྟོབས་དྲུག་དང་། །གསུམ་དང་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམས་པར་འཇུག་པ་དང་། །བག་ཆགས་བཅས་པ་ཀུན་བསལ་བས། །གོ་ཆ་ཅིག་པ་ཤིང་བཞིན་དུ། །ཕུག་

(༡༢༧༦)དང་གཟིགས་དང་བཅད་ཕྱིར་རོ། །མིང་དང་སྙིང་བརྟན་མི་ཕྱེད་པས། །དྲང་སྲོང་སྟོབས་ནི་རྡོ་རྗེ་འདྲ། །གང་ཕྱིར་བརླུང་བ་སྙིང་པོའི་ཕྱིར། །གང་ཕྱིར་སྙིང་པོ་བརྟན་པའི་ཕྱིར། །གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར། །མི་ཕྱེད་ཕྱིར་ན་རྡོ་རྗེ་བཞིན། །འཇིགས་མེད་ཕྱིར་དང་ལྟོས་མེད་ཕྱིར། །བརྟན་ཕྱིར་རྩལ་ནི་ཕུན་ཚོགས་པས། །ཐུབ་པ་སེང་གེ་སེང་གེ་བཞིན། །འཁོར་གྱི་ཚོགས་སུ་འཇིགས་མི་མངའ། །ཀུན་མངོན་མཁྱེན་པས་གང་ལས་ཀྱང་། །འཇིགས་མེད་པར་ནི་རྣམ་པར་གནས། །དག་པའི་སེམས་ཅན་དང་ཡང་བདག་ །མི་མཉམ་གཟིགས་ཕྱིར་ལྟོས་པ་མེད། །ཐུགས་ནི་ཆོས་རྣམས་ཐམས་ཅད་ལ། །རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །མཆོག་ཏུ་མ་རིག་བག་ཆགས་ཀྱི། །ས་ལས་རྒལ་ཕྱིར་རྩལ་ལྡན་ནོ། །འཇིག་རྟེན་ཉན་ཐོས་མཐའ་གཅིག་ཏུ། །སྤྱོད་དང་བློ་ལྡན་རང་བྱུང་རྣམས། །གོང་ནས་གོང་དུ་བློ་དག་ནི། །ཕྲ་ཕྱིར་དཔེ་ནི་རྣམ་པ་ལྔ། །འཇིག་རྟེན་ཀུན་གྱི་ཉེར་འཚོའི་ཕྱིར། །ས་ཆུ་མེ་རླུང་རྣམས་དང་མཚུངས། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །མཚན་ཉིད་ལས་འདས་ནམ་མཁའ་བཞིན། །།དེ་དག་ཡོན་ཏན་སུམ་བཅུ་ནི། །གཉིས་འདི་ཆོས་སྐུས་རབ་ཕྱེ་སྟེ། །ནོར་བུ་རིན་ཆེན་འོད་མདོག་དང་། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །མཐོང་ན་ཐིམ་བྱེད་ཡོན་ཏན་གང་། །སུམ་བཅུ་རྩ་གཉིས་ཤེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་གཟུགས་སྐུ་གཉིས་ལ་བརྟེན་

(༡༢༧༧)དག་ལས་རིང་དང་ཉེ་བ་ལས། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཤེས་བྱ་བསྣམས་ཀྱིས་སོ། །དེ་བཞིན་གཤེགས་པའི་སྟོབས་ནི་རྡོ་རྗེའི་དཔེས་བསྟན་ཏོ། །མི་མཐུན་པའི་སྒྲིབ་པ་རྣམས་ཀྱིས་མི་པྱེད་པའི་ཕྱིར་རོ། །མི་འཇིགས་པ་ནི་སེང་གེའི་དཔེས་བསྟན་ཏེ། འཁོར་གྱི་དབུས་ན་རང་ཉིད་མི་ཞན་ཏེ་ཆོས་ལྷག་པའི་ང་རོ་བསྒྲོགས་པའི་ཕྱིར་རོ། །མ་འདྲེས་པ་ནི་ནམ་མཁའི་རྒྱུལ་གྱིས་དག་པའི་དཔེས་བསྟེན་ཏེ། འཁོར་དང་ཡོན་ཏན་ཆ་འགའ་ཞིག་གི་ཀྱང་མཚུངས་པ་མེད་པའི་ཕྱིར་རོ། །སྐྱེས་བུ་ཆེན་པོའི་མཚན་ནི་ཆུའི་ཟླ་བའི་དཔེས་བསྟན་ཏེ། ཡུལ་གཞན་ནས་གཡོ་ཞིང་འཕོས་པ་མེད་པའི་ཕྱིར་རོ། །བྱེ་བྲག་ཏུ་ནི་སྟོབས་ལ་སོགས་པ་དྲུག་བཅུ་རྩ་བཞི་པོ་རྣམས་ལས་གནས་ངས་གནས་མ་ཡིན་པ་མཁྱེན་པ་ན་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་བར་སྟོབས་དྲུག་གིས་ནི་ཤེས་བྱའི་སྒྲིབ་པ་གོ་ཆ་ལྟ་བུར་འབུགས་པར་དཀའ་བ་དེ་ཡང་ལེགས་པར་ཕུག་པའི་ཕྱིར་རྡོ་རྗེ་དང་འདྲའོ། །ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བ་མཁྱེན་པ་དང་སྔོན་གྱི་གནས་མཁྱེན་པ་དང་། ཕྱི་མའི་མཐའ་མཁྱེན་པ་སྟེ་སྟོབས་གསུམ་གྱིས་ནི་འདོད་དགྱུར་སྙོམས་པར་འཇུག་པ་ལ་སྒྲིབ་པ་རྩིག་པ་ལྟ་བུར་།།།གསལ་རྣམས་ཚར་ཕྱིར་པར་གཟིག་པར་མཛད་པའི་ཕྱིར་ཡང་རྡོ་རྗེ་དང་འདྲའོ། །ཟག་པ་ཟད་པའི་སྟོབས་གཅིག་གིས་ནི་དེ་དག་གི་བག་ཆགས་རྩ་

(༡༢༧༨)བ་དང་བཅས་པས་ཤིང་བཞིན་དུ་གྱུར་པ་རྣམས་མ་ལུས་པ་བཅས་པའི་ཕྱིར་ཡང་རྡོ་རྗེ་དང་འདྲའོ། །དེ་ལྟར་ན་བཅུ་པོ་ཐམས་ཅད་ཀྱིས་སྒྲིབ་པ་གསུམ་པོ་མ་ལུགས་པ་ཀུན་བསལ་བས་ན་མཐུ་ཐོགས་པ་མེད་པའི་ཕྱིར་སྟོབས་ཀྱི་མིང་འཐོབ་བོ། །གཞན་ཡང་དྲང་སྲོང་གི་།།།ནི་ངོ་བོས་ཀྱང་རྡོ་རྗེ་དང་འདྲེ་སྟེ་ལྕེ་ཞིང་བརླིང་བ་དང་། སྙིང་པོ་དང་ལྡན་པ་དང་། ཤིན་ཏུ་བརྟན་པ་དང་། གཞན་གྱིས་མི་ཕྱེད་པས་ནའོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ཀྱི་སྙིང་པོ་དང་ལྡན་པའི་ཕྱིར་སྒྲིབ་པ་རྣམས་ཀྱིས་འདེགས་པར་དཀའ་བའི་བརླིང་བ་ཉིད་ཡིན་ནོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ལས་མི་གཡོ་བས་བརྟན་པའི་ཕྱིར་ནི་སྙིང་པོ་དང་ལྡན་པ་ཡིན་ནོ། །གང་གི་ཕྱིར་སྒྲིབ་པའི་ཆོས་རྣམས་ཀྱིས་མི་ཕྱེད་ཅིང་བསྐྱེད་མི་ནུས་པས་བརྟན་པ་ཡིན་ཏེ། དེ་བས་ན་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་བཞིན་ཞེས་བརྗོད་པ་ཡིན་ནོ། །ཐུབ་པ་མིའི་སེང་གེ་ཞེས་བརྗོད་པ་ནི་སེང་གེ་བཞི་ན་དུ་བལྟ་བར་བྱ་སྟེ། འཁོར་ལ་འཇིགས་པ་མེད་པའི་ཕྱིར་དང་འགྲལ་ཟླ་ལ་ལྟོས་པ་མེད་པའི་ཕྱིར་དང་། བརྟན་ཞིང་དཔའ་བའི་ཕྱིར་དང་། མཁྱེན་པའི་རྩལ་ཕུན་སུམ་ཚོགས་པས་ནའོ། །ཆོས་ཀུན་མངོན་སུམ་དུ་མཁྱེན་པའི་སྟོན་པ་ནི་འཇིགས་པའི་གཞི་གང་ལས་ཀྱང་འཇིགས་པ་མེད་པར་བརྟན་པོར་རྣམ་པར་གནས་ཏེ། དེ་ཡང་འཁོར་ལྷ་དང་དགེ་སྦྱོང་དང་སྤྲ་མཁེས་སོགས་པ་ཆེན་པོ་རློམ་བཏང་གི་ཚོགས་སུ་ཡང་འཛིན་པ་མི་མངའོ། །འཁོར་གྱི་ཚོགས་ལས་གཞན་ན་ཡང་འགྲལ་ཟླའི་ལྟོས་པར་བྱ་མེད་དེ། དག་ང་

(༡༢༧༩)ས་གསུམ་གྱི་སེམས་ཅན་རྣམས་དང་ཡང་ཡོན་ཏན་མི་མཉམ་པར་གཟིགས་པའི་ཕྱིར་རོ། །ཤིན་དུ་བརྟན་པ་ཉིད་ཀྱང་ཡིན་ཏེ། ཐུགས་ནི་ཤེས་བྱའི་ཆོས་རྣམས་ཐམས་ཅད་ལ་རྟག་ཏུ་རྩེ་གཅིག་པའི་ཕྱིར་ན་མཁྱེན་པའི་སྐབས་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །རྩལ་དང་ལྡན་པ་ཡང་ཡིན་ཏེ། མ་རིག་བག་ཆགས་ཀྱི་ས་ལས་མཆོག་གམ་ཤིན་དུ་རིང་བའི་ཕ་རོལ་མཐར་ཐུག་པའི་གནས་སུ་མཆོང་ཞིང་སྒལ་བར་ནུས་པའི་ཕྱིར་རོ། །འཇིག་རྟེན་སོ་སོའི་སྐྱེ་བོ་དང་ཉན་ཐོས་འཕགས་པ་དང་མཐའ་གཅིག་ཏུ་དབེན་པར་སྤྱོད་པའི་རང་སངས་རྒྱས་དང་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམ་དང་རང་བྱུང་སངས་རྒྱས་རྣམས་ཏེ་རྟེན་ལྔ་པོ་གོང་ནས་གོང་སུ་སྟེ་སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་རགས་པའི་སྒྲིབ་པ་དང་བྲལ་ཞིང་བློ་ཕྲ་བའི་ཕྱིར་ནས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་དཔེ་ལྔ་བསྟན་པ་ཡིན་ཏེ། ས་ནི་ཡོན་ཏན་ལྔ་དང་ལྡན་པས་རགས་ལ། ཆུ་ནི་དྲིའི་ཡོན་ཏན་དང་བྲལ་བས་ཕྲ་ཞིང་། མེ་ནི་གཟུགས་ཀྱི་ཡོན་ཏན་དང་བྲལ་བས་ཆུ་ལས་ཀྱང་ཕྲ་ལ རོང་ནི་རོའི་ཡོན་ཏན་དང་བྲལ་བའི་ཕྱིར་མེ་ལས་ཕྲའོ། །ནམ་མཁའ་ནི་སྒྲའི་ཡོན་ཏན་གཅིག་དུ་དང་ལྡན་པའི་ཕྱིར་མཆོག་ཏུ་ཕྲ་བ་ཡིན་ནོ། །དེ་ལྟར་གང་ཟག་ལྔ་དཔེ་ལྔ་སོ་སོར་སྦྱར་ནས་བཤད་མོད་ཀྱིས་རྣམས་པ།།།ཏུ་།།སངས་རྒྱས་ནི་འཇིག་རྟེན་ཀུན་གྱི་ཉེ་བར་འཚེ་བའི་ལོངས་སྤྱོད་ཀྱི་གཞི་དང་རྟེན་ཡིན་པའི་ཕྱིར་ན་ས་དང་ཆུ་དང་མེ་དང་རླུང་རྣམས་དང་

(༡༢༨༠)ནམ་མཁའ་སྟེ་ལྔ་པོ་ཐམས་ཅད་དང་མཚུངས་པ་ཡིན་ནོ། །ཉེ་བར་འཚོ་བའི་ཡོ་བྱད་ཀྱང་དགེ་བའི་ལས་ཀྱི་ལམ་དང་བསམ་གཏམ་ལ་སོགས་པའོ། །འཇིག་རྟེན་སོ་སོའི་སྐྱེ་བོ་དང་འཇིག་རྟེན་ལས་འདས་པ་འཕགས་པ་སློབ་པ་རྣམས་ཀྱི་ཡོན་ཏན་གྱི་མཚན་ཉིད་ལས་འདས་ཤིང་མ་འདྲེས་པས་ནི་ནམ་མཁའ་གཅིག་པུ་དང་མཚུངས་པར་བརྗོད་དོ། །དེ་ལྟར་བཤད་པའི་བྲལ་བའི་ཡོན་ཏན་སུམ་བཅུ་རྩ་གཉིས་པོ་འདི་ནི་རྟེན་ཆོས་ཀྱི་སྐུས་གཞན་ལས་རབ་ཏུ་ཕྱེ་བ་ཡིན་ཏེ། ནོར་བུ་རིན་པོ་ཆེ་འོད་དང་མདོག་དང་དབྱིབས་རྣམས་དང་ངོ་བོ་དབྱེར་མེད་པར་གནས་པ་བཞིན་དུ་ཆོས་སྐུ་ལས་བདག་ཉིད་ཐ་དད་དབྱེར་མེད་པ་ཡིན་པའི་ཕྱིར་རོ། །གཞན་གྱིས་མཐོན་ན་སྙིང་ཚིམ་ཞིང་མཆོག་ཏུ་དགའ་བར་བྱེད་པའི་ཡོན་ཏན་ཞབས་ལེགས་པར་གནས་པ་ལ་སོགས་པ་གང་ཡིན་པ་སུམ་བཅུ་རྩ་གཉིས་ཤེས་བྱ་བ་ནི་སྤྲུལ་པའི་སྐུ་དང་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་སྟེ་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀ་ལ་བརྟེན་ཞིང་གནས་སོ། །རང་གི་མདུན་ན་གནས་པའི་ཆུ་དང་བ་དང་རིང་བའི་ནམ་མཁའ་གཉི་གར་ཟླ་བའི་གཟུགས་མཐོང་བ་བཞིན་དུ་མཚན་དེ་དག་དང་ལྡན་པའི་སྐུ་མཐོང་པོའི་གང་ཟག་ཀྱང་རྣམ་པ་གཉིས་ཏེ། དཀ་ཅིང་དང་བའིདད་པ་དང་ལན་ལྡན་པའི་འཇིག་རྟེན་པས་མཐོང་བ་དང་། འཇིག་རྟེན་པ་ལས་རིང་བ་རྒྱལ་བའི་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་མཐོང་བའོ། །ཐུབ་པའི་དབང་པོ་འདས་ནས་དུས་རིང་ལོན་ཕྱིར་སྐུ་ཡང་མ་མཐོང་ལ། །མཐའ་

(༡༢༨༡)ཡས་ཟག་པ་མེད་པའི་ཡོན་ཏན་རྣམས་ཀྱི་ཆ་ཡང་ག་ལ་སྟེ། །དེ་ལྟ་ན་ཡང་རྒྱལ་བའི་གསུང་རབ་མང་པོ་འདི་ན་སྣང་ཕྱིར་བདག་ །ཤིན་དུ་སྙན་པའི་ཕྲིན་ཡིག་ཐོས་པ་བཞིན་དུ་ཡང་ཡང་དགའ་བར་གྱུར། །ཐོག་མ་མེད་ནས་ད་ལྟའི་བར། །བདག་ནི་སྡུག་བསྔལ་བརྒྱ་ལྡན་པ། །དེ་ལས་དྲི་མ་མེད་པའི་གསུང་། །ཐོས་འདི་ཕྱོགས་བཅུར་བསྒྲོགས་པར་ཤོག་ །ཐེག་པོ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལ་སྐབས་བཞི་ཡོད་པ་ལས་ཡོན་ཏན་གྱི་དབང་དུ་བྱས་ནས་བསྟན་པའི་སྐབས་ཏེ་ལེའུ་གསུམ་པ་རྫོགས་པར་རྣམ་པར་བཤད་པའོ། །ཡེདྷ་རྨླཱཧེཏུ་པྲབྷ་བྷ་ཧེའུནེྟཥནྟ་ཐཱགཏོཧྱབདཏ། ཏེཥཉྩ་ཡོནརདྷེ་ཨེབཾ་བདམཧཱ་ཤྲ་མ་ཎ

(༡༢༨༢)

(༡༢༨༣)ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་བཤད་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མེ་ལོང་ལས་ཕྲིན་ལས་ཀྱི་ལེའུའི་ཌཱི་ཀ་བཞུགས་སོ

(༡༢༨༤)བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མ་ལུས་སྟོད་ཀྱི་འབྱོར་པ་མཁའ་ལས་བྱུང་ཡང་བྱིས་པའི་མིག་ནི་ས་ལ་ཆགས། །འཕགས་པའི་ཡོན་ཏན་མཐའ་དག་ཆོས་ཀྱི་སྐུ་ལས་བྱུང་ཡང་སེམས་ཅན་རྣམས་ལ་ཆགས། །ནམ་མཁའ་འདི་དང་ཆོས་ཀྱི་སྐུ་འདི་སྐྱེ་དང་འཕགས་པས་ཕྱག་བྱར་འོས་པ་སྟེ། །འདི་དག་ཐམས་ཅཅ་བཤེས་གཉེན་བཟང་པོས་ངེས་པར་མཛད་ཕྱིར་དེ་ལ་བདག་ཕྱག་འཚལ། །འདི་ན་བདག་ནི་ཚིག་གཅིག་ཙམ། །སྨྲ་བ་གང་དེའང་ཐུབ་པའི་མཐུ། །དེ་ཕྱིར་དེ་ཡི་མཛད་པ་ཡི། །ཕྱོགས་ཙམ་བརྗོད་པར་སྤྲོ་བ་ཡིན། །འདིར་སངས་རྒྱས་ཤེས་པའི་སྒྲ་ནི་མ་དག་པའི་ཁམས་དང་རྣམ་པར་དག་པ་གཉི་ག་ལ་གནས་ན་ཡང་མ་དག་པས་

(༡༢༨༥)ནི་དབུལ་པོའི་གཏེར་ལྟ་བུར་གྱུར་ལ། དག་པས་ནི་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བར་མཛད་པའི་ཕྱིར་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི་བཤད་པ་ལ། བཤད་པ་དེ་ནི་རེ་ཤིག་ཟིན་ཅིང་རྫོགས་སོ། །ད་ནི་ཡོན་ཏན་དེའི་ལས་རྒྱལ་བའི་མཛད་པ་སེམས་ཅན་རྣམས་ལ་ཇི་ལྟར་འཇུག་པ་དེ་བརྗོད་པར་བྱ་སྟེ། དེ་ཡང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས་ཆོས་ཀྱི་སྐུའི་ཡོན་ཏན་སུམ་བཅུ་རྩ་གཉིས་པོའི་ཕྲིན་ལས་དང་བཅས་པར་བཤད་མོད་ཀྱི། འདིར་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོའི་རྗེས་སུ་འབྲངས་ཏེ་དཔེ་དང་བཅས་ཏེ་བཤད་པར་བྱ་བ་ཡིན་ནོ། །དེ་ལ་མདོར་བསྟན་པ་དང་། དཔེའི་སྒོ་ནས་རྒྱས་པར་བཤད་པ་རྣམ་པ་གཉིས་སོ། །།།བསྟན་པ་ནི་མཛད་པ་དེ་ཡང་མཐའ་ཡས་མདོ་ཀྱི་མདོར་བསྡུ་ན་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པའི་དབྱེ་བ་རྣམ་པ་གཉིས་ཀྱིས་འཇུག་

(༡༢༨༦)འཇུག་པ་རྣམ་པ་གཉིས་ཡིན་པ་དེས་ན་ཡོན་ཏན་།།།ས་ལ་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་ཉིད་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ནི། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་གདུལ་བའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཡོན་ཏན་རིན་ཆེན་མཆོག་ཚོགས་དང་ལྡན་ཡེ་ཤེས་ཆུ་མཚོ་བསོད་ནམས་ཡེ་ཤེས་ཉི་འོད་ཅན། །ཐེག་པ་མ་ལུས་ངེས་པར་བསྲུབས་ཏེ་མཐའ་དང་དབུང་མེད་རྒྱ་ཆེ་ནམ་མཁའ་ལྟར་ཁྱབ་པ། །སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། །ཉོན་མོངས་ཤེས་བྱའི་སྤྲིན་གྱི་དྲ་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རུང་གིས་རྣམ་པར་གཏོར། ཞེས་བྱ་བ་སྟེ། དེ་ལ་བྱ་བ་དང་བྱེད་པ་པོའི་ཐ་སྙད་རྣམས་ལ་རྣམ་པ་ལྔར་རྣམ་པར་འཇོག་སྟེ་སྐྱེས་བུ་ཞིག་གིས་གཞིག་གང་ཞིག་ལ་བྱེད་པ་ཅི་འདྲ་བ་ཞིག་གིས་བྱ་བ་བྱེད་པའི་ཚེ་ལས་དང་། བྱེད་པ་པོ་དང་། བྱེད་པ་དང་། བྱེད་པའི་བྱ་བ་དང་། དེ་དག་གི་འབྲས་བུ་བྱ་བའོ། །འདི་ལྟར་ཤིང་ནི་ལས་ཡིན་ལ། དེ་ལ་བཟོ་བྱེད་པ་པོ་ནི་ལྷ་སྦྱིན་ནོ། །སྟ་རེའམ་སོར་ལེ་ལ་སོགས་པ་ནི་བྱེད་པའོ། །དེ་ཡང་འདེགས་པ་དང་འཇོག་པ་ལ་སོགས་པ་ལ་སོགས་པ་སྟ་རེ་བསྐྱོད་པའི་མཚན་ཉིད་ནི་བྱེད་པ་དེའི་བྱ་བ་ཡིན་ལ། ལས་དེ་ལ་གྲུ་བཞི་ལ་སོགས་པ་དབྱེབས་དང་འདོམ་གང་ལ་སོགས་པའི་ཚད་དུ་གྲུབ་པ་ནི་བྱེད་པ་པོའི་འདོད་པ་མཆོག་སྟེ་བྱ་བ་ཞེས་

(༡༢༨༧)ཀྱང་བྱའོ། །དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱེད་པ་པོ་སྟེ་ལྷ་སྦྱིན་བཞིན་ནོ། །གདུལ་བར་བྱ་བའི་སེམས་ཅན་ནི་ལས་ཏེ་ཤིང་བཞིན་ནོ། །སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ནི་བྱེད་པ་སྟེ་སྟ་རེ་བཞིན་ནོ། །དེས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་ནི་བྱེད་པ་དེའི་བྱ་བ་སྟེ་སྟ་རེའི་འདེགས་པ་དང་འཇོག་པ་བཞིན་ནོ། །སེམས་ཅན་དེ་དག་སངས་རྒྱས་ཉིད་དུ་གྲུབ་པ་ནི་འབྲས་བུའམ་བྱ་བ་ཞེས་བྱའོ། །འདི་ཐམས་ཅད་ཀྱང་སྟོན་པར་ནི་བྱེད་མོད་ཀྱི། གཙོ་བོར་ནི་བྱེད་པའི་བྱ་བ་ལ་ཕྲིན་ལས་ཤེས་བརྗོད་དོ། །དེ་ལ་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཡང་ལས་སུ་བརྗོད་མེད་ཀྱི། །ངོས་སུ་ན་དེའི་དྲི་མ་དང་བཅས་པའི་ཁམས་ཉིད་སྦྱོང་བ་ཡིན་ནོ། །གདུལ་བྱ་དེ་དག་ཐབས་གང་གིས་འདུལ་བའི་ཐབས་དེ་ནི་བྱེད་པ་སྟེ་སྟ་རེའི་འདེགས་འཇོག་བཞིན་ནོ། །དེ་ལྟ་བུའི་བྱ་བ་དེ་ཡང་གདུལ་བར་བྱ་བ་ལ་ལྟོས་ནས་ཡིན་པས་གདུལ་བྱའི་ཞེས་དྲུག་པར་བསྟན་ཏོ། །བྱེད་པ་པོ་ནི་ཁྱབ་བདག་ཅེས་བྱ་བས་སངས་རྒྱས་ཉིད་ཡིན་པར་བསྟན་ཏོ། །བྱེད་པ་པོ་སངས་རྒྱས་ཀྱིས་ལས་སུ་གྱུར་པའི་གདུལ་བར་བྱ་བའི་སེམས་ཅན་ལ་མཁྱེན་པ་དང་བརྩེ་བའི་བྱེད་པས་ཆོས་སྟོན་པ་ལ་སོགས་པའི་བྱེད་པའི་བྱ་བ་ཉེ་བར་བསྒྲུབས་པས་གདུལ་བར་བྱ་བ་དེས་བླ་ན་མེད་པའི་བྱང་ཆུབ་པ་ནི་བྱ་བའམ་འབྲས་བུ་སྟེ་སྐྱེས་བུའི་འདོད་མཆོག་ཅེས་བྱའོ། །བྱེད་པའི་བྱ་བ་དེ་ལ་ཡང་ཡུལ་གང་དུ་ཡིན་པ་དང་དུས་གང་གི་ཚེ་ཡིན་པ་ནི་བྱེད་པའི་བྱེད་བྱ་བ་དེའི་ཁྱད་པར་རོ། །དེ་ལ་ཁྱབ་བདག་སངས་རྒྱས་

(༡༢༨༨)ཉིད་ནི་བཤད་པའི་བྱ་བ་དེ་དག་མཛད་པ་ན་རྣམ་པར་རྟོག་པ་ཕྲ་མོ་ཡང་མེད་པས་ངང་གིས་རྟོག་ཏུ་ལྷུན་གྱིས་གྲུབ་པར་འཇུག་གོ་ །རྟོག་པ་མེད་པ་དེ་ལྟ་ན་ཡང་ཡུལ་དང་དུས་ཇི་ལྟ་བ་བཞིན་དུ་གཤེགས་པས་མཚོན་འཚོལ་བ་མེད་དེ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་སླབས་ཡོལ་བར་འགྱུར་ཡང་ཕྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡུལ་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །རིམ་པ་འདི་ནི་སྟོན་པས་གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དུ་བྱས་ནས་རྣམ་པར་གཞག་པ་ཡིན་ལ། །སེམས་ཅན་རྣམས་རང་ཉིད་ཀྱིས་ལམ་ཉམས་སུ་ལེན་པའི་དབང་དུ་བྱས་ནས་བྱེད་པ་ལ་སོགས་པར་རྣམ་པར་གཞག་པ་ནི་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་མཐོང་བ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་རྣམས་ཀྱི་མཆོག་ཏུ་གྱུར་པའི་ཚོགས་ནི་ལྡན་པའི་ཡོན་ཏན་ཏེ། གང་ལ་ལྡན་ན་ཆུའི་མཚོ་དང་འདྲ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱ་མཚོ་དང་འདྲ་བ་སྟེ། བསྡུ་ན་ས་བཅུའི་ཡེ་ཤེས་སོ། །དེ་ནི་གདུལ་བར་བྱེ་བ་འཁོར་བ་ལས་ངེས་པར་བྱ་པའི་བྱེད་པའམ་ལག་ཆ་སྟེ་ལྕགས་ཀྱུ་ལྟ་བུའོ། །ས་དེ་དག་ཀྱང་སྦྱོར་བའི་ལམ་མན་ཆད་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཉི་མའི་འོད་ཀྱིས་སྨིན་ཞིང་རྫོགས་པར་བྱས་པ་ཅན་ཡིན་ནོ། །ས་བཅུ་ཞེས་བྱ་བ་ཡང་རེང་བུར་སྒྲུབ་པ་མ་ཡིན་གྱི། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ་ཞེས་བཤད་པ་ལྟར་ཐེག་པའི་རྒྱ་མཚོ་མ་ལུས་པ་གཅིག་ཏུ་བསྡུ་བའི་ཕྱིར་བསྲུབས་ཤིང་སྦྱངས་ཏེ་དེའི་འབྲས་བུ་ནི་ཡོན་ཏན་གྱི་མཐའ་དང་དབུང་དུ་གཞག་པར་

(༡༢༨༩)བྱ་བ་མ་ཡིན་པ་རྒྱ་ཆེ་བ་ནི་ནམ་མཁའ་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཁྱབ་ཅིང་འཕྲོ་བར་མཛད་པའི་སངས་རྒྱས་ཉིད་ནི་བྱ་བའམ་འབྲས་བུའོ། །ལས་ནི་སེམས་ཅན་ཀུན་ཏེ་དེ་ཡང་ཡོན་ཏན་དྲི་མ་མེད་པ་མཐའ་ཡས་པ་དང་ལྡན་པའི་གཏེར་དུ་གཟིགས་ཏེ་དེ་ཡང་ཕྱོགས་འགའ་ཙམ་མ་ཡིན་གྱི་སངས་རྒྱས་ཉིད་ཀྱི་ཡོན་ཏན་དང་གྲངས་ཁྱད་པར་མེད་པ་སེམས་ཅན་རྣམས་ལ་རྣམ་པར་གཟིགས་པས་ན་བྱ་བ་དོན་ཡོད་པར་གཟིགས་པའོ། །དེ་ལྟར་གཟིགས་ནས་གཏེར་དེ་ལ་སྒྲིབ་པར་བྱེད་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཁྱབ་པ་དང་བློ་བུར་དུ་བྱུང་བའི་ཆོས་ཀྱིས་སྤྱིན་གྱི་དྲ་བ་དང་འདྲ་བ་རྣམས་སངས་རྒྱས་བཅོམ་ལྡན་དཱས་ཀྱི་ཐུགས་རྗེ་ཆེན་པོའི་རླུང་གི་ཤུགས་ཀྱིས་རྣམ་པར་གཏོར་བར་མཛེད་དོ། །དེ་ལ་དོན་ནི་ལས་སེམས་ཅན་རྣམས་བྱེད་པ་ས་བཅུས་འབྲས་བུ་སངས་རྒྱས་ཉིད་ལ་འཇོག་ལ་འབྲས་བུའི་སངས་རྒྱས་དེ་ཉིད་ཀྱིས་ཀྱང་སངས་རྒྱས་སྔ་མ་ས་རང་ལ་མཛད་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་འབྱིན་པར་མཛད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་བྱ་བ་དང་བྱེད་པའི་ཁྱད་པར་དྲུག་དང་དེ་ལ་རྣམ་རྟོག་མེད་པའི་ལྷུན་གྱིས་གྲུབ་པ་རྣམས་བསྟན་ལ། གཉིས་པས་ནི་རྟེན་སེམས་ཅན་གྱིས་གང་ཉམས་སུ་བླངས་པས་འབྲས་བུ་ཁྱད་པར་ཅན་གྲུབ་པའི་རྒྱུན་མི་འཆད་པ་དེ་བསྟན་ཏེ། དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་པོ་འདིའི་དོན་རྣམས་ལས་ཚིགས་སུ་བཅད་པ་དང་པོའི་དོན་ནི་ཚིགས་སུ་བཅད་པ་གཉིས་ཀྱིས་རིག་པར་བྱ་ལ། ཚིགས་སུ་བཅད་པའི་ཕྱི་མའི་དོན་ནི་ཚུགས་སུ་

(༡༢༩༠)བཅད་པ་གཞན་བརྒྱད་ཀྱིས་རྒྱས་པར་བསྟན་པར་རིག་པར་བྱའོ། །གང་གི་གང་གིས་འདུལ་བ་ཡི། །།བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ་གདུལ་བྱའི་ཁམས་ནི་གང་ཞིག་གི། །གདུལ་བྱའི་ཐབས་མང་གང་དག་གིས། །གདུལ་བྱའི་བྱ་གང་གང་དུ་ནི། །གང་ཚེ་ཡུལ་དང་དུས་དེ་དག་ །ཅེས་བྱ་བ་སྟེ། ལས་གང་གི་དབང་དུ་བྱས་པ་དང་། བྱེད་པ་གང་གིས་འདུལ་བ་ཡི་བྱེད་པའི་བྱ་བ་གང་ཡིན་པ་དང་། ཡུལ་གང་དུ་ཡིན་པ་དང་། དུས་གང་གི་ཚེ་ཡིན་པ་དེ་དག་གི་རྣམ་པར་རྟོག་པ་སྐྱེ་བ་མེད་པའི་ཕྱིར་ཐུབ་པ་ནི་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག་གོ །གང་གི་ཞེས་བྱ་བ་ནི་གདུལ་བྱའི་ཁམས་ནི་གང་ཞིག་གིའོ། །གང་གིས་འདུལ་བ་ནི་གདུལ་བྱ་འདུལ་བའི་ཐབས་མང་པོ་གང་དག་གིའོ། །བྱ་གང་ནི་གདུལ་བྱའི་བྱ་གང་ཞེས་པའོ། །གང་དུ་ནི་ཡུལ་དང་གང་ཚེ་ནི་འདུལ་བའི་དུས་དེ་དག་བརྗོད་པ་ཡིན་ནོ། །ཚིགས་སུ་བཅད་ཕྱི་མའི་དོན་ནི། ངེས་འབྱིན་དེ་ཡི་རྟེན་པ་དང་། །དེ་འབྲས་དེ་ཡི་ཡོངས་འཛིན་དང་། །དེ་སྒྲིབ་དེ་གཅོད་རྐྱེན་ལ་ནི། །རྣམ་པར་རྟོག་པ་མེད་ཕྱིར་རོ། །ངེས་པར་འབྱིན་པས་ས་བཅུ་སྟེ། །ཚོགས་གཉིས་དག་ནི་དེ་ཡི་རྒྱུ། །དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ། །བྱང་ཆུབ་སེམས་ཅན་ཡོངས་སུ་འཛིན། །དེ་སྒྲིབ་མཐའ་ཡས་ཉོན་མོངས་དང་། །ཉེ་བའི་ཉོན་མོངས་བག་ཆགས་སོ། །དུས་ཀུན་དུ་ནི་དེ་འཇོམས་པའོ་

(༡༢༩༡)རྐྱེན་ནི་ཐུགས་ཆེན་པོ་ཡིན། །གནས་དྲུག་པོ་ནི་འདི་དག་རྣམས། །གོ་རིམ་ཇི་བཞིན་དེ་དག་ཀྱང་། །རྒྱ་མཚོ་ཉི་མ་ནམ་མཁའ་གཏེར། །།།རང་རླུང་བཞིན་ཤེས་པར་བྱ། །ཤེས་ཆུ་ཡོན་ཏན་རིན་ཆེན་དང་། །ལྡན་ཕྱིར་ས་རྣམས་རྒྱ་མཚོ་བཞིན། །སེམས་ཅན་ཐམས་ཅད་ཉེར་འཚོའི་ཕྱིར། །ཚོགས་གཉིས་དག་ནི་ཉི་མ་བཞིན། །རྒྱ་ཆེ་མཐའ་དང་དབུང་མེད་ཕྱིར། །བྱང་ཆུབ་ནམ་མཁའི་ཁམས་བཞིན་ནོ། །ཡང་དག་རྫོགས་སངས་ཆོས་ཉིད་ཕྱིར། །སེམས་ཅན་ཁམས་ནི་གཏེར་དང་འདྲ། །བློ་བུར་ཁྱབ་དང་མ་གྲུབ་ཕྱིར། །དེ་ཡི་ཉོན་མོངས་སྤྲིན་ཚོགས་བཞིན། །དེ་འཐོར་བར་ནི་ཉེར་གནས་ཕྱིར། །ཐུགས་རྗེ་མི་བཟད་རླུང་དང་འདྲ། །གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་དྲིད་དུ་མཛད་མི་འཆད། །ཅེས་བྱ་བ་སྟེ། འདིར་རྒྱུན་མི་འཆད་པའི་དོན་ལ་ཆོས་དྲུག་སྟེ། །ངེས་པར་འབྱིན་པའི་བྱེད་པ་དང་། ངེས་འབྱིན་རྗེ་ཡི་རྒྱུ་སྟོན་པ་དང་། ངེས་འབྱིན་དེའི་འབྲས་བུ་དང་། འབྲས་བུ་དེའི་ཡང་ཡོངས་སུ་འཛིན་པའི་འབྲས་བུ་དང་། ངེས་པར་འབྱིན་པས་འབྲས་བུ་དེ་སྒྲུབ་པའི་གེགས་སྒྲིབ་དང་། སྒྲིབ་པ་དེ་གཅོད་པའི་རྐྱེན་གཉེན་པོ་སྟེ་དྲུག་པོ་དེ་རྣམས་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་ལྷུན་གྱིས་གྲུབ་པ་ཡིན་ནོ། དེ་དག་སོ་སོར་བཤད་པ་ནི་འཁོར་

(༡༢༩༢)བའི་གཏིང་ནས་ངེས་པར་འབྱིན་པར་བྱེད་པའི་ཐབས་ནི་ས་བཅུའི་ཡེ་ཤེས་ཏེ། དེ་ཡང་ཤེས་ཆུ་ཞེས་སྨོས་པའི་ཕྱིར་མི་རྟོག་པའི་ཡེ་ཤེས་ཉིད་ས་ཡིན་ནོ། །ཆོས་ཀྱི་མཆོག་མན་ཆད་དུ་བསགས་པའི་ཚོགས་གཉིས་དང་ས་བཅུ་པོ་རྣམས་སུ་ཡང་གོང་ནས་གོང་དུ་འཕར་བ་དེའི་རྒྱུ་ནི་ཚོགས་གཉིས་པོ་དག་གོ །དེ་ལ་ས་ནི་མི་རྟོག་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ནི་རྗེས་ལ་ཐོབ་པ་ཡིན་ལ། བསོད་ནམས་ནི་སྦྱིན་པ་ལ་སོགས་པའི་ཐབས་མང་པའོ། །ངེས་འབྱིན་དེའི་འབྲས་བུ་ངེས་པར་འབྱུང་བའི་ངོ་བོ་ནི་བྱང་ཆུབ་གསུམ་ལས་མཆོག་ཏུ་གྱུར་པ་བླ་ན་མེད་པའི་བྱང་ཆུབ་བོ། བྱང་ཆུབ་དེས་ཀྱང་འཁོར་བ་ལས་སེམས་ཅན་ཡོངས་སུ་གཟུང་ནས་འབྱིན་པར་མི་བྱེད་ན་ནི་ཉེ་ཚེ་བའི་འབྲས་བུར་འགྱུར་བས་སེམས་ཅན་འཛིན་པ་ནི་བྱང་ཆུབ་དེའི་ངེས་པའི་འབྲས་བུའོ། །འབྲས་བུ་བྱང་ཆུབ་དེ་ལ་གེགས་བྱེད་པའི་སྒྲིབ་པ་ནི་མཐའ་ཡས་པའི་ཉོན་མོངས་པ་དང་། དེ་ལས་ཅུང་ཟད་ཆུང་བས་ཉེ་བའི་ཉོན་མོངས་པ་ཞེས་བརྗོད་པ་དང་། དེ་དག་གི་བག་ཆགས་རྒྱུའི་ཚུལ་གྱིས་ཀུན་གཞི་ལ་གནས་པ་དང་། འབྲས་བུའི་ཚུལ་གྱི་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་ནོ། །སྒྲིབ་པ་དེ་འཇོམས་ཤིང་བཅོམ་ནས་དུ་ཀུན་ནས་དུ་གནས་གྱུར་པའི་རྐྱེན་ནི་རྒྱལ་བའི་ཐུགས་རྗེ་ཆེན་པོ་ཡིན་ནོ། དེ་ལྟར་ངེས་འབྱིན་དང་དེའི་འབྲས་བུ་དང་འབྲས་བུ་དེའི་ཡོངས་སུ་འཛིན་པ་དང་། དེའི་སྒྲིབ་པ་དང་དེ་གཅོད་པའི་རྐྱེན་ཏེ་གནས་དྲུག་པོ་འདི་དག་རྣམས་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་རྒྱ་མཚོ་དང་ཉི་མ་དང་

(༡༢༩༣)ནམ་མཁའ་དང་གཏེར་དང་སྤྲིན་དང་རྒྱུད་བཞིན་དུ་ཤེས་པར་བྱ་སྟེ། འདི་ལྟར་ས་རྣམས་ནི་རྒྱ་མཚོ་བཞིན་ཡིན་ཏེ། དེ་ཁོ་ན་ཉིད་ཤེས་པའི་ཆུ་ཡོན་ཏན་གྱི་རིན་པོ་ཆེ་དང་ལན་པའི་ཕྱིར་རོ། །ཚོགས་གཉིས་དག་ནི་ཉི་མ་བཞིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ལོ་ཏོག་ཡོངས་སུ་སྨིན་པར་བྱས་པས་ཉེ་བར་ཚོ་བའི་རྒྱུད་ཡིན་པའི་ཕྱིར། །བླ་ན་མེད་པའི་བྱང་ཆུབ་ནི་ནམ་མཁའི་ཁམས་བཞིན་ཏེ། ཤེས་བྱ་ལྟར་རྒྱ་ཆེ་ཞིང་མཐའ་དང་དབུང་མེད་པའི་སེམས་ཅན་གྱི་ཁམས་ལ་ཁྱབ་པའི་ཕྱིར་རོ། །སེམས་ཅན་ལ་གནས་པའི་ཁམས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་དང་མི་འབྲལ་བ་ཉིད་ཡིན་པའི་ཕྱིར་གཏེར་དང་འདྲའོ། །བྱང་ཆུབ་དེའི་གེགས་ཉོན་མོངས་པ་ནི་སྤྲིན་གྱི་ཚོགས་བཞིན་ཡིན་ཏེ། བློ་བུར་བ་ཡིན་པའི་ཕྱིར་དང་། སེམས་ལ་ཁྱབ་པར་བྱེད་པའི་ཕྱིར་དང་། ངོ་བོ་ཉིད་མ་གྲུབ་པའི་ཕྱིར་རོ། །རྒྱལ་བའི་ཐུགས་རྗེ་ཆེན་པོ་ནི་མི་བཟད་ཅིང་དྲག་པའི་རླུང་དང་འདྲ་སྟེ། སྒྲིབ་པའི་སྤྲིན་དེ་དག་འཐོར་བའི་ཆེད་དུ་ཉེ་བར་གནས་པའི་ཕྱིར་རོ། །དེ་དག་གི་དོན་བསྡུ་བ་ནི་དང་པོ་སེམས་བསྐྱེད་པ་ན་གཞན་སེམས་ཅན་ཁོ་ནའི་དོན་འདོད་པའི་དབང་གིས་ལམ་ལ་བསླབས་ཏེ་རྟག་པའི་གནས་སུ་ངེས་པར་འབྱུང་ལ། བྱུང་ནས་ཀྱང་བདག་དང་སེམས་ཅན་གཉི་ག་རིན་པོ་ཆེ་ཕུན་སུམ་ཚོགས་པའི་གནས་སུ་མཚུངས་པར་གཟིགས་པ་དང་། དེ་དག་གི་དོན་མཛད་པ་ཡང་སེམས་ཅན་མཐའ་མེད་པས་མ་རྫོགས་ཤིང་

(༡༢༩༤)འདི་ཙམ་ཞིག་ན་རྫོགས་པར་འགྱུར་རོ་ཞེས་བྱ་བ་ཡང་མེད་པས་འཁོར་བ་ཇི་སྲིད་པ་དང་། ནམ་མཁའ་ཇི་སྲིད་ཀྱི་བར་དུ་མཛད་པའི་རྒྱུན་མི་འཆད་དོ། །དེ་དག་གིས་ནི་ཕྲིན་ལས་ཀྱི་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པའི་ངོ་བོ་ཉིད་བསྟན་ནས། །ད་ནི་དཔེས་དོན་བརྗོད་པ་ལ་མཁས་པའི་ཆེ་བའི་བདག་ཉིད་སྟོན་ཏེ། དེ་ལ་དཔེ་རྒྱས་པར་བཤད་པ་དང་། ཆོས་མཚུངས་པ་དང་མི་མཚུགས་པའི་ཁྱད་པར་གྱིས་བསྡུས་ཏེ་བསྟན་པ་གཉིས་ལས། །དང་པོ་ནི་སངས་རྒྱས་ཀྱི་གཞན་དག་ལས་ཁྱད་པར་ཆེས་ཆེ་བའི་ཡོན་ཏན་གྱི་བདག་ཉིད། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ཅེས་བྱ་བའི་ཡོན་ཏན་དེ་དག་སངས་རྒྱས་ཀྱི་ཆོས་ཉིད་དུའང་བཤད་དོ། །གང་གིས་ཤེ་ན། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ། །ཞེས་གསུངས་པའི་ཚིགས་འདིས་སྐྱེ་བ་དང་འགག་པ་མེད་པ་འདུས་མ་བྱས་པའི་ཡོན་ཏན་གྱིས་གཞན་ལས་བྱེ་བྲག་ཏུ་རབ་ཏུ་ཕྱེ་བ་ནི་སངས་རྒྱས་ཉིད་ཅེས་བྱ་བའི་དོན་འདི་བརྗོད་དོ། །དོན་འདི་བརྗོད་པ་དེས་ན་དེ་ཐོས་པའི་སྐྱེ་བོ་འགའ་ཞིག་ལ་ཐེ་ཚོམ་སྐྱེ་སྟེ། འདིར་སངས་རྒྱས་ཉིད་དེ་འདུས་མ་བྱས་པ་ཡིན་ཞིང་། རྣམ་པར་རྟོག་པ་འཇུག་པ་མེད་པའི་མཚན་ཉིད་ཀྱང་ཡིན་ན་དེ་ལྟ་བུ་དེ་ལས་ཇི་ལྟར་ན་སྟེ་རྣམ་པ་གང་གིས་དེ་ལས་ལྷུན་གྱིས་གྲུབ་ཅིང་འཇིག་རྟེན་ཇི་སྲིད་དུ་རྒྱུན་མི་འཆད་ཅིང་རྣམ་པར་མི་རྟོག་ཅིང་པར་སངས་རྒྱས་ཀྱི་མཛད་པ་འཇུག་ཅིང་སྐྱེ་

(༡༢༩༥)བར་འགྱུར་ཞེས་དོགས་ཏེ་ངག་གི་དོན་ནི་སངས་རྒྱས་ཉིད་ལས་མཛད་པ་སྐྱེ་བར་མི་རིགས་ཏེ། འདུས་མ་བྱས་པའི་ཕྱིར་དང་། རྒྱུ་རྣམ་རྟོག་མེད་པའི་ཕྱིར་རོ་སྙམ་པའོ། །དེས་ན་རྣམ་རྟོག་མེད་ཀྱང་སངས་རྒྱས་ཀྱི་མཛད་པ་འཇུག་པ་ལས་བརྩམས་ཏེ་ཐེ་ཚོམ་དངོས་མ་ཉི་སྐྱེས་པ་རྣམས་སོམ་ཉི་བཟློག་ན་སངས་རྒྱས་ཀྱི་ཡུལ་ལ་མངོན་སུམ་དུ་འཇུག་པར་མ་ནུས་ཀྱང་མོས་པ་ལ་བསྐྱེད་པའི་ཕྱིར་ཏེ། དངོས་སུ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་སངས་རྒྱས་ཉིད་ཀྱིས་མཁྱེན་གྱི་གཞན་གྱིས་ནི་མ་ཡིན་ནོ། །དེས་ན་མོས་པ་སྐྱེས་པར་བྱེད་པའི་ཚིགས་སུ་བཅད་པ། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བསྙན་བཞིན། །ནམ་མཁའ་དང་ནི་ས་བཞོན་ནོ། ཞེས་བྱ་བ་དཔེའོ་སྡོམ་འདི་གསུངས་ཏེ། བརྒྱ་བྱིན་གྱི་གཟུགས་བརྙན་དང་། ལྷའི་རྔ་དང་། དབྱར་གྱི་སྤྲིན་དང་། ཚངས་པའི་སྤྲུལ་པ་དང་། ཉི་མའི་རིམ་གྱིས་འཆར་བ་དང་། སྙེད་པ་དཀའ་བའི་ནོར་བུ་རིན་པོ་ཆེ་དང་། སྒྲ་བརྙན་གྱི་སྒྲ་བཞིན་དང་། ནམ་མཁའ་དང་། ས་བཞིན་གྱི་དཔེ་རྣམས་ཀྱིས་དེ་བཞིན་གཤེགས་པ་མཚོན་པར་བྱའོ། །ཚིགས་སུ་བཅད་པ་འདི་ནི་མདོའི་གནས་ལྟ་བུ་ཡིན་ལ། འདིའི་རྣམ་པར་དབྱེ་ཞིང་ཕྱེ་ནས་རྒྱས་པར་བསྟན་པ་ནི་སྡོམ་གྱི་གོ་རིམ་ཇི་ལྟ་བ་བཞིན་དུ་གཞུང་ལྷག་མས་རིག་པར་བྱའོ། །དེ་དག་ལས་བརྒྱ་བྱིན་དུ་སྣང་བ་

(༡༢༩༦)བཞིན་ཞེས་བྱ་བའི་དོན་ནི། ཇི་ལྟར་བཻ་སྟུར་དག་པ་ཡི། །རང་བཞིན་ས་སྟེངས་འདི་གྱུར་ཏེ། །དག་ཕྱིར་ལྷ་ཡི་དབང་པོ་དེར། །ལྷ་ཡི་བུ་མོའི་ཚོགས་དང་བཅས། །རྣམ་པར་རྒྱལ་བའི་ཁང་བཟངས་དང་། །ལྷ་གནས་དེ་ལས་གཞན་དག་དང། །དེ་ཡི་གཞལ་ཡས་སྣ་ཚོགས་དང། །ལྷ་རྫས་རྣམ་མང་དེ་མཐོང་ངོ། །དེ་ནས་སྐྱེས་པ་བུད་མེད་ཚོགས། །ས་ཡི་སྟེང་ན་གནས་པ་རྣམས། །སྣང་བ་དེ་ནི་མཐོང་གྱུར་ཏེ། །དེ་ཀྱང་རིང་པོར་མི་ཐོགས་པར། །ལྷ་དབང་འདི་འདྲར་གྱུར་ཅིག་ཅེས། །དེ་འདྲའི་སྨིན་ལམ་འདེབས་བྱེད་ཅིང། །དེ་ཐོབ་དོན་དུ་དགེ་བ་ནི། །ཡང་དག་བླངས་ཏེ་གནས་པར་འགྱུར། །དེ་དག་དགེ་བའི་ལས་དེས་ན། །འདི་སྣང་ཙམ་ཞེས་དེ་ལྟ་བུར། །ཤེས་པ་མེད་ཀྱང་ས་སྟེངས་ནས། །འཕོས་ཏེ་ལྷར་སྐྱེ་བར་འགྱུར། །སྣང་བ་དེ་ནི་ཤིན་དུ་ཡང། །རྟོག་པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མོད་ཀྱི་ས་སྟོངས་ན། །དོན་ཆེན་གྱིས་ནི་ཉེ་བར་གནས། །དེ་བཞིན་དད་སོགས་དྲི་མ་ཅན། །དད་སོགས་ཡོན་ཏན་བསྒོམས་པ་ཡི། །རང་སེམས་ལ་སྣང་རྫོགས་སངས་རྒྱས། །མཚོན་དང་དཔེ་བྱད་དང་ལྷན་པ། །འཆག་པ་དང་ནི་བཞེངས་པ་དང་། །བཞུགས་པ་དང་ནི་གཟིམས་པ་དང་། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། །ཞི་བའི་ཆོས་ནི་གསུང་བ་དང་། །མི་གསུང་མཉམ་པར་གཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག་ །མཛད་པ་གཟི་མདངས་ཆེན་པོ་

(༡༢༩༧)ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །དེ་མཐོང་ནས་ཀྱང་འདོད་ལྡན་པ། །སངས་རྒྱས་ཉིད་ཕྱིར་རབ་སྦྱོར་ཏེ། །དེ་རྒྱུ་ཡང་དག་བླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །སྣང་བ་དེ་ནི་ཤིན་དུ་ཡང་། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟ་ན་ཡང་འཇིག་རྟེན་ན། །དོན་ཆེན་པོས་ནི་ཉེ་བར་གནས། །འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་ཐོང་སྟེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་རྣམས། །ནང་གི་དམ་པའི་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཇི་ལྟར་ས་ཀུན་ཉམས་པའི་གནས་གཞན་དང་བྲལ་དྲི་མེད་བཻ་དུ་རྒྱ། །གསལ་མཛེས་ནོར་བུའི་ཡོན་ཏན་དྲི་བྲལ་དཔལ་ལྡན་སྟེང་ནི་མཉམ་འགྱུར་ཏེ། །དག་ཕྱིར་དེ་ནི་ལྟ་བདག་གནས་ཚོགས་ལྷ་དབང་ལྷ་ཡི་གཟུགས་ཤར་ཏེ། །རིམ་གྱི་ས་ཡི་ཡོན་ཏན་བྲལ་ཕྱིར་དེ་ནི་སླར་ཡང་མི་སྣང་།འགྱུར། །དེ་དངོས་ཐོབ་ཕྱིར་བསྙེན་གནས་བརྟུལ་ཞུགས་ངེས་པར་སྦྱིན་སོགས་ལ་ཕྱོགས་པ། །བུད་མེད་སྐྱེས་ཚོགས་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་བ་ལྟར། །དག་པའི་བཻ་དུ་རྒྱ་འདྲའི་སེམས་ལ་སྣང་བའི་ཐུབ་དབང་ཐོབ་བྱའི་ཕྱིར། །རབ་དགའི་སེམས་ལྡན་རྒྱལ་བའི་སྲས་རྣམས་དེ་བཞིན་སེམས་རབ་བསྐྱེད་པར་བྱེད། །ཇི་ལྟར་བཻ་དུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར་

(༡༢༩༨)དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེད་དང་། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག་ཇི་ལྟར་འཇིག་རྟེན་དག་ན་གཟུགས་སྣང་ལྟར། །དེ་བཞིན་ཡོད་དང་ཞིག་ཅེས་དེ་མི་ལྟ། ཞེས་བྱ་བ་སྟེ། འདི་ལ་དཔེ་དང་དོན་གཉིས་ལས་དཔེ་ལ་ཁྱད་པར་རྣམ་པ་དྲུག་སྟེ། གང་དུ་སྣང་བ། གང་སྣང་བ། གང་ལ་སྣང་བ། དེ་ལས་དགེ་བ་སྐྱེ་བ། དེའི་འབྲས་བུ། སྣང་བའི་རང་བཞིན་གཏན་ལ་དབབ་པ་རྣམས་སོ། །གང་དུ་སྣང་བ་ནི་དཔེ་ཇི་ལྟར་སའི་དཀྱིལ་འཁོར་གྱི་སྟེང་འདི་རིན་པོ་ཆེ་བཻ་དུ་རྒྱ་ནག་ནོག་དང་བྲལ་ཞིང་དག་པའི་རང་བཞིན་དུ་གྱུར་ཏེ། གཞི་དེ་ནི་ཤིན་དུ་དག་པའི་ཕྱིར་དེར་གཟུགས་བརྙན་རྣམས་འཆར་རོ། །གང་སྣང་བ་ནི་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་དང་བུ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་དང་། དེ་དག་གི་གནས་གཙོ་བོར་རྣམ་པར་རྒྱལ་བའི་ཁང་བཟངས་དང་། ལྷའི་གནས་དེ་ལས་གཞན་པ་དགའ་བའི་ཚལ་དང་འདྲེས་པའི་ཚལ་ལ་སོགས་པ་དག་དང་། དེའི་ནམ་མཁའ་ལ་གནས་པའི་གཞལ་ཡས་ཁང་སྣ་ཚོགས་པ་དང་། ཉེ་བར་ཁོངས་སྤྱོད་པའི་ལྷའི་རྫས་ཟས་དང་གོས་དང་རྒྱན་དང་རོལ་མོའི་ཆ་དང་དཔྱད་ལ་སོགས་པ་རྣམ་པ་མང་པོ་དེ་དག་མཐོང་ངོ། གང་ལ་སྣང་བ་དེ་ནི་དེ་ནས་སྐྱེས་པ་དང་བུད་མེད་ཀྱི་ཚོགས་ཅན་གྱི་མི་རྣམས་ཀྱིས་བཻ་དུ་རྒྱའི་ས་གཞི་ལ་ས་གང་བ་དེ་དག་ནི་མཐོང་བར་གྱུར་ཏེ་ངོ་མཚར་ཞིང་དགའ་བ་མང་དུ་སྐྱེའོ། །དེ་ལས་དགེ་བ་སྐྱེ་བ་ནི་ངེད་ཅག་རྣམས་

(༡༢༩༩)ཀྱང་དུས་རིང་པོར་མི་ཐོགས་པར་འདི་འདྲ་བའི་ལྷའི་དབང་པོར་གྱུར་ཅིག་ཅེས་དེ་ལྟ་བུའི་སྨོན་ལམ་ཡང་དག་པར་འདེབས་པར་བྱེད་ཅིང་། ལྷའི་དབང་པོ་དེ་ཐོབ་པའི་དོན་དུ་བསྙེན་གནས་ལ་སོགས་པའི་དགེ་བའི་རྩ་བ་ཡང་དག་པར་བླངས་ནས་དགེ་བ་དེ་ལ་མ་ཉམས་པར་སྤྱོད་པས་ལན་མང་དུ་གནས་པར་གྱུར་ཏོ། །དེའི་འབྲས་བུ་ནི་སྐྱེས་པ་དང་བུད་མེད་དེ་དག་བསླབ་པ་བླངས་པའི་དགེ་བའི་ལས་དེས་ན་བདག་ཅག་རྣམས་ལ་སྣང་བ་འདི་ལྷའི་དབང་པོ་དངོས་མ་ཡིན་གྱི། དེའི་གཟུགས་བརྙན་ཙམ་མོ་ཞེས་བྱ་བར་སྣང་བ་དེའི་རང་བཞིན་ལྟ་བུར་མི་ཤེས་ཀྱང་སའི་སྟེང་མིའི་འཇིག་རྟེན་ནས་ཚེ་འཕོས་ཏེ་འཕོས་མ་ཐག་ཏུ་སུམ་བཅུ་རྩ་གསུམ་གྱི་ལྷར་སྐྱེས་བར་འགྱུར་རོ། །སྣང་བའི་རང་བཞིན་གཏན་ལ་དབབ་པ་ནི་ས་གཞི་ལ་ལྷའི་ལུས་སུ་སྣང་བ་དེ་ནི་སེམས་ཀྱི་རྟོག་པ་མེད་ཅིང་ལུས་ཀྱི་གཡོ་བའི་བྱ་བ་དག་ཀྱང་ཤིན་དུ་མེད་དོ། སྐྱེས་བུ་ཉིད་མ་ཡིན་ནོ། །སྐྱེས་བུ་མ་ཡིན་པ་དེ་ལྟ་མོད་ཀྱི་སའི་སྟེང་ན་དོན་ཏེ་འབྲས་བུ་ཆེན་པོའི་རྒྱུ་ཉིད་དུ་ཉེ་བར་གནས་སོ། །དཔེ་དེ་བཞིན་དུ་དོན་ལ་ཁྱད་པར་དྲུག་སྟེ། དེ་ལས་གང་དུ་སྣང་བ་ནི་སངས་རྒྱས་ལ་དད་པ་དང་སོགས་པས་ཚུལ་ཁྲིམས་ཡང་དག་པར་བླངས་པ་དང་སྐུ་གཟུགས་བཞེངས་པ་ལ་སོགས་པའི་དགེ་བ་སྡིག་པའི་དྲི་མ་མེད་པ་ཅན་གྱི་དད་པ་ལ་སོགས་པའི་ཡོན་གན་གྱིས་རྒྱུད་ཡང་དག་པར་བསྒོས་ཤིང་བསྒོམས་པ་ཡི་སེམས་ཅན་རྣམས་ཀྱི་རང་རང་གི་སྨེས་ལ་སྣང་བ་ཡིན་ནོ། །གང་སྣང་བ་ནི་རྫོགས་པའི་སངས་རྒྱས་ཀྱི་སྐུ་མཚན་སོ་གཉིས་དང་དཔེ་བྱ་

(༡༣༠༠)བརྒྱད་བཅུ་དང་ལྡན་།།།འཆག་པ་དང་བཞེངས་པ་དང་སྟན་ལ་བཞུགས་པ་དང་གཟིམས་པ་དང་ཞལ་ཟས་གསོལ་བ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་པ་མཛད་པ་ཅན་སྐབས་སུ་ཞི་བ་མྱ་ངན་ལས་འདས་པར་འགྲོ་བའི་ཆོས་ནི་གསུང་བ་དང་། རེས་འགའ་མི་གསུང་བར་གཙུག་ལག་ཁང་གི་ནང་དུ་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་གྱུར་པ་དང་། མུ་སྟེགས་ཚར་བཅད་པའི་ཆོ་འཕྲུལ་རྣམ་པ་དག་སྣ་ཚོགས་པ་དག་མཛད་པ་དང་འོད་འདོམ་གང་བས་བརྒྱན་པ་ལ་སོགས་པའི་གཟི་བརྗིད་ཀྱི་མདངས་ཆེན་པོ་ཅན་རྣམས་སུ་སྣང་ངོ། །གང་གིས་མཐོང་བ་ནི་གདུལ་བར་བྱ་བའི་སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར་ཏོ། །དེ་ལས་དགེ་བ་སྐྱེ་བ་ནི་དེ་ལྟ་བུའི་སྐུ་དེ་མཐོང་ནས་ཀྱང་སངས་རྒྱས་ཉིད་འདོད་པའི་སྨོན་པ་དང་ཡང་དག་པར་ལྡན་པ་སངས་རྒྱས་ཉིད་ཐོབ་པའི་ཕྱིར་དགེ་བའི་རྩ་བ་དུ་མ་ལ་རབ་ཏུ་སྦྱོར་ཏེ། །དེའི་འབྲས་བུ་ནི་སངས་རྒྱས་ཉིད་ཐོབ་པའི་ཕྱིར་དགེ་བའི་རྩ་དུ་མ་ལ་དེའི་རྒྱུ་ཕ་རོལ་དུ་ཕྱིན་པས་བསྡུས་པའི་དགེ་བ་རྩ་བ་ཡང་དག་པར་བླངས་ནས་ནི་ཡིད་ལ་འདོད་པར་གྱུར་པའི་སངས་རྒྱས་ཀྱི་གོ་འཕང་སྟེ་གནས་ཐོབ་པར་བྱེད་དོ། །སྣང་བའི་རང་བཞིན་གཏན་ལ་དབབ་པའི་བརྒྱ་བྱིན་གྱི་གཟུགས་བརྙན་ལྟར་སྟོན་པའི་སྐུར་སྣང་བ་དེ་ཡང་རྣམ་པར་རྟོག་པའི་སེམས་ཤིན་དུ་ཡང་མེད་ཅིང་སྐུ་ཡོ་བའི་སྤྱོད་ལམ་བཞི་ཡང་དོན་དུ་མེད་པ་ཉིད་ཡིན་ལ། སངས་རྒྱས་དང་སེམས་ཉིད་ཡིན་པ་དེ་ལྟ་ན་ཡང་འཇིག་རྟེན་ན་གཟུགས་བརྙན་མཐོང་བ་དེ་ནི་དོན་ཆེན་པོ་སངས་རྒྱས་ཉིད་ཀྱི་སྒྱུར་རབ་ཏུ་གནས་སོ། །ངག་གི་དོན་ནི་སྟོན་པའི་སྐུར་སྣང་བ་འདི་ནི་

(༡༣༠༡)རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི། ཕྱི་རོལ་ན་སྐྱེས་བུ་གཞན་ཞིག་ཡོད་པ་ནི་མ་ཡིན་ནོ་ཞེས་སོ་སོ་སྐྱེ་བོ་བསྟན་པ་ལ་དད་པ་རྣམས་ཀྱིས་མི་ཤེས་མོད་ཀྱིས་སྐྱེས་བུ་ཉིད་མ་ཡིན་པར་མི་ཤེས་པ་དེ་ལྟ་ན་ཡང་གཟུགས་ཀྱི་སྣང་མ་མཐོང་བ་དེ་ནི་སོ་སོའི་སྐྱེ་བོ་དེ་དག་ལ་ཡང་དོན་ཆེན་པོ་བསྐྱེད་པའི་རྒྱུར་འགྱུར་རོ། །དེ་ལྟར་ནི་སློབ་དཔོན་སེང་གེ་བཟང་པོས་ཀྱང་བརྒྱད་སྟོང་པའི་འགྲེལ་པར། དེ་བས་ན་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་འབར་བ་དང་ལྡན་པ་སེམས་ཅན་སྐལ་བ་ཅན་རྣམས་ཀྱིས་མཐོང་བ་འདི་ནི་སྟོན་པའི་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་སྐུ་མ་ཡོན་མོད་ཀྱི། འོན་ཀྱང་མཆོག་ཏུ་དྲི་མ་མེད་པའི་ཡོན་ཏན་མཐའ་ཡས་པའི་ཚོགས་དང་ལྡན་པའི་ཆོས་ཀྱི་སྐུ་ཡི་དབང་གིས་དེ་རྣམས་ཀྱི་རང་གི་ཤེས་པ་དེ་ལྟ་བུའི་གཟུགས་ཀྱི་སྐུའི་རྣམ་པར་སོ་སོར་སྣང་སྟེ། རང་གི་ཤེས་པ་དེ་བཞིན་གཤེགས་པར་སྣང་བའི་ངོ་བོ་མི་ཤེས་པ་དག་འདི་ནི་ཕྱི་རོལ་གྱི་བཅོམ་ལྡན་འདས་ཡིན་ནོ་ཞེས་སྟོན་པའི་བློས་རྣམ་པར་རྟོག་ཅིང་ལྟ་བ་དང་ཕྱག་འཚལ་བ་ལ་སོགས་པས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་སྣོད་དུ་འགྱུར་བའི་རིམ་གྱིས་ལོག་པར་སོ་སོར་སྣང་བ་ཡིན་ཡང་མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་དུ་དངོས་པོ་དང་འབྲས་བས་རྣམ་པར་རྟོག་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་ཕན་པའི་རྒྱུ་ཉིད་དུ་འགྱུར་བར་མཐོང་བ་ཁོ་ན་སྟེ་མྱུར་དུ་ནི་མ་ཡིན་ནོ། ཞེས་བྱ་བས་དོན་འདི་ཉིད་བཤད་དོ། །མི་རྣམས་ཀྱིས་གཟུགས་བརྙན་ལ་བརྒྱ་བྱིན་ཉིད་དུ་འཁྲུལ་བས་དེ་

(༡༣༠༢)ཐོབ་པར་སྨོན་པ་བྱས་ཀྱང་གཟུགས་བརྙན་ཉིད་ཐོབ་པར་མི་འགྱུར་གྱི་རིམ་གྱིས་ལྷུན་པོའི་སྟེང་ཉིད་དུ་སོང་ནས་བརྒྱ་བྱིན་ཉིད་ཐོབ་པར་འགྱུར་བ་ལྟར་གཟུགས་ཀྱི་སྐུ་དེ་མཐོང་བ་ལ་བརྟེན་ནས་སྨོན་པའི་སེམས་བསྐྱེད་དེ་དགེ་བའི་རྩ་བ་སྤྱད་པའི་རིམ་གྱིས་ཏེ་ཐེག་པ་ཆེན་པོ་འདི་ལ་གནས་པ་རྣམས་ཀྱིས་བདག་ཉིད་ཀྱི་ནང་གི་སྙིང་པོར་གནས་པའི་དོན་དམ་པའི་ཆོས་ཀྱི་སྐུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་མཐོང་བར་འགྱུར་རོ། །དོན་དེ་ཉིད་ཞིབ་ཚེགས་ཀྱིས་བཤད་པ་ནི་དཔེ་ཇི་ལྟར་ཕྱོགས་གཅིག་ཙམ་མ་ཡིན་པར་སའི་གཞི་ཀུན་ཉམ་ང་བའི་གནས་ངམ་གྲོག་དང་གཡང་ས་ལ་སོགས་པའི་གནས་གཞན་དང་བྲལ་བ་དྲི་མ་མེད་པའི་བཻ་དུརྒྱའི་རང་བཞིན་དང་ཞིང་གསལ་བ་དང་མཛེས་པའི་ཡོན་ཏན་གྱིས་དཔལ་ལྡན་ས་ཡི་སྟེང་ནི་མཐོ་དམན་མེད་པར་མཉམ་པར་གྱུར་ཏེ། གཞི་དེ་དག་པའི་ཕྱིར་དེར་ནི་ལྷའི་བདག་པོའི་གནས་རྣམ་པར་རྒྱལ་བའི་ཁང་བཟངས་ལ་སོགས་པ་དང་ལྷའི་དབང་པོ་དང་འཁོར་གྱི་ལྷའི་གཟུགས་ཀྱི་ཤར་ཏོ་མི་རྣམས་ལ་གཟུགས་བརྙན་དེས་ཕན་པ་བྱེད་ཀྱང་སྐྱེ་བོའི་ནང་གི་སྐྱོན་གྱིས་ཕྱི་རོལ་གྱི་སའི་ཡོན་ཏན་དག་པ་དང་བྲལ་བའི་ཕྱིར་ལྷའི་གཟུགས་བརྙན་དེ་ནི་སླར་ཡང་སྣང་བར་མི་འགྱུར་རོ། །ལྷའི་དབང་པོ་དེའི་ལུས་ཀྱི་དངོས་པོ་ཐོབ་པར་བྱ་བའི་ཕྱིར། འཚེ་དང་ཆོམ་རྐུན་འཁྲིག་པ་བརྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། མལ་སྟན་མཐོ་ལ། དགའ་དང་གླུ་ངག་དང་། །གར་དང་ཕྲེང་བའི་ཁྱད་པར་རྣམས་སོང་ཞིང་། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པ་འདི་དག་དང་ལྡན་ན་

(༡༣༠༣)གསོ་སྦྱོང་འདོད་སྤྱོད་ལྷ་ཡུལ་ལ་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་རྩོལ་བ་བགྱིད། །ཅེས་གསུངས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་དང་། དབེན་པར་གནས་པའི་བརྟུལ་ཞུགས་དང་། བྲམ་ཟེ་ལ་སོགས་པ་ལ་སྦྱིན་པ་དང་། སོགས་པས་ལྷ་མཆོད་པ་སོགས་དང་། བུད་མེད་དང་སྐྱེས་པའི་ཚོགས་ལྟར་སྐྱེ་བར་སྨོན་པའི་སེམས་ཀྱིས་གཟུགས་བརྙན་ལ་མེ་ཏོག་ལ་སོགས་པ་འཐོར་ཞིང་མཆོད་པ་བྱེད་པ་ལྟར་དག་པའི་བཻ་དུརྒྱ་དང་འདྲ་བའི་རང་གི་སེམས་ལ་སྣང་བའི་སངས་རྒྱས་ཐུབ་དབང་དེ་ཐོབ་བྱའི་ཕྱིར་གཞན་གྱིས་གཡམ་ལ་མ་ཡིན་པར་སྙིང་ནས་རབ་ཏུ་དགའ་བའི་སེམས་དང་ལྡན་པའི་རྒྱལ་བའི་སྲས་རྣམས་ལྷ་ལ་སྨོན་པ་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་རབ་ཏུ་སྐྱེད་པར་བྱེད་དོ། །དེ་དག་གི་དོན་བསྡུ་བ་ནི་ཇི་ལྟར་བཻ་དུརྒྱའི་ས་གཞི་གཙང་མ་ལ་ལྷའི་དབང་པོའི་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར་དེ་བཞིན་དུ་འགྲོ་བའི་སེམས་ཀྱི་ས་གཞི་སྡིག་པ་དང་བྲལ་བའི་གཙང་མ་ལ་ཐུབ་པའི་དབང་པོའི་སྐུའི་གཟུགས་བརྙན་འཆར་རོ། །འགྲོ་བར་གཟུགས་བརྙན་འཆར་བ་ནི་སྙོག་པ་མེད་པའི་རང་གི་བརྙན་སྣང་བ་དང་མི་སྣང་བ་གཞི་དང་དང་བ་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན་གྱི། དེར་ལྷ་ཞིག་སྐྱེ་ཞིང་འཆི་འཕོ་བ་མ་ཡིན་པ་ལྟར་དེ་བཞིན་དུ་ཐུབ་པའི་དབང་པོ་དེ་གཟུགས་བརྙན་ཙམ་སྣང་བ་ལས་སྐྱེས་ནས་

(༡༣༠༤)དངོས་སུ་ཡོད་པ་དང་། དེ་ཉིད་མྱ་ངན་ལས་འདས་ཤིང་ཤིའི་ཞེས་གཟུགས་བརྙན་དེ་ལ་བལྟ་བར་མི་བྱ་སྟེ། འདི་ནི་སྐྱེ་བ་མེད་ཅིང་འགགས་མེད་པའི་དོན་གསུངས་པ་ཡིན་ནོ། །ལྷའི་རྔ་་སྒྲ་བཞིན་ཞེས་བྱ་བ་ནི། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང་། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་ནས་ཡང་། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་དག་འབད་རྩོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཇི་ལྟར་ལྷ་ནང་ལྟ་རྣམས་ཀྱི། །རྔ་སྒྲ་ལྷ་ཡི་ལས་ལས་བྱུང་། །དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས། །གསུང་བ་རང་གི་ལས་ལས་བྱུང་། །འབད་གནས་ལུས་དང་སེམས་བྲལ་བའི། །སྒྲ་དེ་ཇི་ལྟར་ཞི་སྒྲུབ་ལྟར། །དེ་བཞིན་དེ་བཞི་དང་བྲལ་བའི། །ཆོས་འདི་ཞི་བ་སྒྲུབ་པར་བྱེད། ཇི་ལྟར་ལྷ་ཡི་གྲོང་ན་རྔ་སྒྲའི་རྒྱུས་བྱུང་མི་འཇིགས་སྦྱིན་པ་ནི། །ཉོན་མོངས་གཡུལ་དུ་འཇུག་ཚེ་ལྷ་མིན་དབུང་རྒྱལ་རྩེད་མོ་སེལ་བ་བཞིན། །དེ་བཞིན་འཇིག་རྟེན་དག་ན་བསམ་གཏན་གཟུགས་མེད་ལ་སོགས་རྒྱུས་བྱུང་བ། །སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་འཇོམས་ཞི་བ་བླ་མེད་ལམ་ཚུལ་བརྗོད། ཅེས་བྱ་བ་སྟེ། འདི་ལ་ལྷའི་རྔ་དཔེར་བྱ་བ་དང་།

(༡༣༠༥)ལྷའི་སིལ་སྙན་དཔེར་མི་བྱེད་པའི་རྒྱུ་མཚན་གཉིས་སོ། །དང་པོ་ནི་དཔེ་ཇི་ལྟར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་བག་མེད་པར་གནས་པ་ན་དེ་རྣམས་ཀྱི་ནང་གི་ནམ་མཁའ་ལ་ཆོས་ཀྱི་རྔ་ཞེས་བྱ་བའི་སྒྲ་འབྱུང་སྟེ་དེས་སྐུལ་བར་བྱེད་དོ། །རྔ་དེ་ཅི་འདྲ་བ་ཞིག་སྙམ་ན། ལྷ་རྣམས་ཀྱི་སྔོན་བྱས་པའི་དཀར་པོ་དགེ་བའི་ལས་ཀྱི་མཐུས་ཆོས་སྟོན་པའི་སྒྲ་འབྱུང་བར་ཟད་ཀྱི། དེ་ཙམ་ལས་མ་གཏོགས་རྔ་དེ་གནས་འདི་ན་གནས་ཤིང་གཟུགས་འདི་འདྲའོ་ཞེས་བྱ་བ་ཡང་མེད་ལ། སྐྱེས་བུ་གཞན་ཞིག་གི་རྔ་དེ་རྡུང་བར་འབད་པའི་རྩོལ་བ་དང་། རྩོལ་བ་དེའི་བརྟེན་བྱ་བ་ཡིད་ལ་བྱེད་པའི་སེམས་དང་ཡང་བྲལ་བས་ན་སྐུལ་བར་བྱེད་པའི་སྐྱེས་བུ་དང་། བརྡུང་བར་བྱ་བའི་རྔ་ཡང་གཟུགས་སུ་ཡོད་པ་མ་ཡིན་ནོ། །སྒྲ་ཇི་འདྲ་བ་འབྱུང་ཞེ་ན། གྲོགས་པོ་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་ཅིང་སྟོང་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །དེ་བས་ན་ཁྱེད་དག་བག་མེད་པར་མ་བྱེད་ཅིག་ཅེས་བྱ་བའི་སྒྲ་རྣམ་པར་རྟོག་པ་མེད་ཀྱང་བྱུང་ནས་ལྷ་རྣམས་ལ་ཡང་དང་ཡང་དུ་སྐུལ་བར་བྱེད་དོ། །ལྷ་རྣམས་ཀྱིས་ཀྱང་དེ་ཐོས་ནས་ལྷའི་མདུན་ས་ཆོས་བཟངས་སུ་སོང་སྟེ། ལྷའི་དབང་པོས་ལྷ་རྣམས་ལ་ཆོས་ཀྱི་གཏམ་བྱེད་ལ། ལྷ་མ་ཡིན་གྱི་དམག་ལྷགས་པ་ན་ཡང་རྔ་དེས་གྲོགས་པོ་དག་མ་འཇིགས་ཤིག་མ་འཇིགས་ཤིག་ཅེས་བྱ་བའི

(༡༣༠༦)་སྒྲས་ལྷ་རྣམས་དབུགས་འབྱིན་།།།མ་ཡིན་རྣམས་ཕམ་པར་བྱེད་དོ། །ཨོ་ལ་བ་མེད་ཀྱང་རྔ་དེས་སྐུལ་བ་ལྟར་སངས་རྒྱས་ཀྱི་གསུང་ཡང་འབད་པ་མེད་པར་འབྱུང་བ་རྔ་དེ་ཁོ་ན་བཞིན་དུ་ཡིན་ཏེ། འདི་ལྟར་ཁྱབ་བདག་སངས་རྒྱས་ནི་འབད་པོ་།།།ཡིད་དང་།།དང་གཟུགས་དང་བྲལ་ཡང་འགྲོ་བའི་དཀྱིལ་འཁོར་མ་ལུས་པ་སངས་རྒྱས་ཀྱི་གསུང་གིས་ཁྱབ་པར་མཛད་དེ། དེ་དག་གིས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་ནི་དེ་བཞིན་གཤེགས་པ་ནི་བདག་ཅག་ལ་ཆོས་སྟོན་ཏོ་སྙམ་དུ་ཤེས་པར་འགུར་རོ་ཞེས་བྱ་བ་ནི་སྤྱིར་བསྟན་པའོ། །བྱེ་བྲག་ཏུ་ཡང་བཤད་དེ། ཇི་ལྟ་ནང་དུ་ལྷ་རྣམས་ཀྱི་སྐུལ་བའི་རྔའི་སྒྲ་ལ་ནི་རྟེན་གྱི་འབྱུང་བ་ཆེན་པོ་མོད་ཀྱི། ལྷ་རང་རང་གི་ལས་ཀྱི་མཐུ་ལས་བྱུང་བའི་སྒྲ་བརྙན་ནོ། །དེ་བཞིན་དུ་འཇིག་རྟེན་དུ་ཐུབ་པ་རྣམས་ཀྱི་ཆོས་བརྒྱད་ཁྲི་བཞི་སྟོང་གསུང་བའི་སྒྲ་ཡང་གདུལ་བྱར་བྱ་བ་རང་ཉིད་ཀྱི་དགེ་བའི་ལས་ལས་བྱུང་བའི་སྒྲ་བརྙན་ནོ། །འབད་པ་དང་གནས་དང་ལུས་དང་སེམས་དང་བྲལ་ཡང་ལྷའི་རྔ་སྒྲ་དེ་ཞི་བ་མྱ་ངན་ལས་འདས་པའི་ལམ་སྒྲུབ་ཅིང་སྟོན་པ་ལྟར། དེ་བཞིན་དུ་ཆོས་བཞི་པོ་དེ་དང་བྲལ་བའི་ཐུབ་པའི་གསུང་གི་ཆོས་འདི་ནི་ཞི་བའི་ལམ་སྒྲུབ་ཅིང་སྟོན་པར་མཛད་དོ། །དེ་ཉིད་ཁྱད་པར་ཕྲན་ཚོགས་ཀྱིས་བཤད་དེ། ཇི་ལྟར་སུམ་བཅུ་རྩ་གསུམ་པའི་ལྷའི་གྲོང་ན་ལྷའི་རྔས་རྔ་སྒྲའི་རྒྱུ་ལས་བྱུང་བའི་ལྷ་རྣམས་ལ་མི་འཇིགས་པ་སྦྱིན་པ་ནི་འདི་ལྟ་སྟེ། ཉོན་མོངས་ཏེ་འཐབ་མོའི་གཡུལ་དུ་འཇུག་པའི་སྒྲ་ཚེ་ཐོས་པས་ལྷ་

(༡༣༠༧)མ་ཡིན་འབྱོར་བས་ལྷ་མ་ཡིན་གྱིས་དུང་ལས་རྣམ་པར་རྒྱལ་བར་བྱེད་པས་འཇིགས་པ་ཡང་སེལ་ལ། རྩེད་མོས་མྱོས་པ་ཡང་བག་ཡོད་པའི་གཏམ་གྱིས་སེལ་བར་བྱེད་པ་བཞིན་དུ། དེ་བཞིན་དུ་འཇིག་རྟེན་དག་ན་གདུལ་བར་བྱ་བ་རྣམས་ཀྱི་རང་རང་གི་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དཀར་པོ་རྒྱུ་ལས་བྱུང་བའི་ཐུབ་པའི་གསུང་གིས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་དཔུང་རབ་ཏུ་འཇོགས་ཤིང་བག་ཡོད་པའི་གཏམ་གྱིས་ཞི་བ་བླ་ན་མེད་པ་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་ལམ་གྱི་ཚུལ་དང་སྒོ་རྣམས་བརྗོད་པར་མཛད་དོ། །ལྷའི་སིལ་སྙན་དཔེར་མི་བྱེད་པའི་རྒྱུ་མཚན་ནི་རྒྱུ་མཚན་ཅིའི་ཕྱིར་སངས་རྒྱས་ཀྱི་གསུང་གི་དཔེ་ཚོལ་བ་ན་ཆོས་ཀྱི་རྔ་ཉིད་ཀྱི་དབང་དུ་བྱས་ཀྱི་ལྷའི་སིལ་སྙན་གྱི་རྣམ་པ་ལྷའི་རྔ་དེ་ལ་གཞན་པ་འཁར་རྔ་དང་དུང་ལ་སོགས་པ་དག་ཀྱང་དཔེར་བླང་བར་འོས་ན་དཔེར་ལེན་པ་མ་ཡིན་ཏེ། སིལ་སྙན་གཞན་དེ་དག་ཀྱང་ལྷ་རྣམས་ཀྱིས་སྔོན་བྱས་པའི་དགེ་བའི་ལས་ཀྱི་དབང་གིས་དེ་ལ་རེག་མ་ཐག་ཏུ་མོད་ཁོ་ནར་ལྷ་རྣམས་ཀྱི་སྣ་བར་ཡིད་འཕྲོག་པའི་སྒྲ་མང་པོ་རྗེས་སུ་འབྱུང་ཞིང་བདག་ཉིད་བྱིས་གླུ་དབྱངས་བླངས་པ་ན་དེའི་རམ་བུ་འདེགས་པར་འགྱུར་བས་ཆོས་མཐུན་པ་ཁྱད་པར་ཅན་ནི་དེ་དག་ལ་ཡང་ཡོད་དོ་ཞེ་ན། ལན་ནི་དེ་བཞིན་གཤེགས་པའི་དབྱིངས་དང་ལྷའི་སིལ་སྙན་དེ་དག་ཁྱད་པར་གྱི་ཆོས་མི་མཐུན་པའི་སིལ་སྙན་གྱི་།།དབྱངས་ཀྱི་ཡོན་ཏན་ཏེ་ཁྱད་ཆོས་ནི་བཞིའོ། །བཞི་པོ་དེ་དག་གང་ཞེ་ན། འདི་ལྷ་སྟེ། ཉི་ཚེ་བརྒྱ་ཆུང་བ་ཉིད་དང་ ཡག་

(༡༣༠༨)ཞིང་དུས་སུ་འཕྲོད་པ་མ་ཡིན་པ་ཉིད་དང་། ཡུན་དུ་བདེ་བ་མ་ཡིན་པ་ཉིད་དང་། འཁོར་བ་ལས་ངེས་པར་འབྱིན་པར་བྱེད་པ་མ་ཡིན་པ་ཉིད་དོ། །ཆོས་ཀྱི་རྔ་ལ་ནི་དེ་ལས་བཟློག་པའི་ཡོན་ཏན་རྣམ་པ་བཞི་ཡོད་དེ། ནམ་མཁའི་དཀྱིལ་ནས་བག་མེད་པའི་ལྷའི་ཚོགས་མཐའ་དག་ལ་སྐུལ་བ་ཉིད་དང་སྐུལ་བར་འོས་པ་དེའི་དུས་ལས་མི་འདའ་བར་ན་ཉི་ཚེ་བ་ཕྱོགས་གཅིག་པ་མ་ཡིན་པ་ཉིད་དུ་སྟོན་ཏོ། །ལྷ་མ་ཡིན་དང་སོགས་པ་དེའི་ཕྱོགས་སུ་གྱུར་པའི་གླུ་ལ་སོགས་པ་རྣམས་ཀྱི་ཕ་རོལ་གྱི་ཕྱིར་རྒོལ་བའི་དམག་གི་ཚོགས་ཀྱི་ཉེ་བར་འཚེ་བའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པ་ཉིད་དང་། འཕྲལ་དང་འཕྲལ་དུ་བག་ཡོད་པའི་གནས་ལ་རབ་ཏུ་སྦྱོར་བས་ན་ཕན་པ་ཉིད་དོ། །དམ་པ་མ་ཡིན་ཞིང་ཡ་རབས་ཀྱིས་སྨད་པའི་ལྷ་མོ་ལ་སོགས་པ་རྣམས་དང་བརྩེ་བའི་དགཱ་བ་དང་བདེ་བ་རྣམ་པར་འབྱེད་ཅིང་འཇིག་པ་ཉིད་དང་། ཆོས་ཀྱི་གཏམ་ཡུན་རིང་དུ་བསམས་ཀྱང་ཀུན་དུ་དགཱ་བར་འགྱུར་བའི་དགའ་བ་དང་བདེ་བ་ཉེ་བར་སྒྲུབ་པས་ན་བདེ་བ་ཉིད། །འཁོར་བ་ལ་ཆགས་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་པ་ཉིད་ཀྱིས་འཕགས་པའི་བདེན་པ་ཤེས་པའི་ལམ་ཉེ་བར་སྟོན་པ་ཉིད་དང་། ལམ་ཉེ་བར་སྒྲུབ་པ་ན་བདུད་ཀྱི་ཕྱོགས་ཀྱི་ཉེ་བར་འཚེ་བའི་ལུས་ངག་ཡིད་གསུམ་གྱི་འཕོངས་ཤིང་རྒྱུད་ཐམས་ཅད་ཉེ་བར་ཞི་བར་བྱེད་པས་ན་ངེས་པར་འབྱིན་པ་ཉིད་དུ་བསྟན་ཏོ། མདོར་བསྡུ་ན་ཉི་ཚེ་བ་མ་ཡིན་པ་ལ་སོགས་པ་རྣམ་པ་བཞི་པོ་དི་དག་

(༡༣༠༩)གི་ཆོས་ཀྱིས་ཆོས་ཀྱི་རྔ་དང་ཆོས་མཐུན་པས་ན་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་ཁྱད་པར་གྱི་ཆོས་ལས་བརྩམས་ནས་ཚིགས་སུ་བཅད་པ། གང་ཕྱིར་སྐྱེ་དུན་པ་ཉིད་དང་། །ཕན་བདེ་ཆོ་འཕྲུལ་གསུམ་ལྡན་པ། །དེ་ཕྱིར་ཐུབ་དབྱངས་ལྷ་རྫས་ཀྱི། །སིལ་སྙན་རྣམས་ལས་ཁྱད་པར་འཕགས། ཤེས་བྱ་བ་གསུངས་ཏེ། རྒྱུ་མཚན་གང་གི་ཕྱིར་ལྷའི་སྐྱེ་བོ་ཀུན་ལ་གྲག་པ་ཉིད་དང་། ཕན་པ་དང་བདེ་བ་བྱེད་ཅིང་ཆོ་འཕྲུལ་གསུམ་གྱིས་འཁོར་བ་ལས་འབྱིན་པ་སྟེ་ཆོས་བཞི་དང་ལྡན་པ་དེའི་ཕྱིར་ཐུབ་པའི་དབྱངས་ནི་ལྷ་རྫས་ཀྱི་སིལ་སྙན་རྣམས་ལས་ཁྱད་པར་དུ་འཕགས་སོ། །ཡོན་ཏན་རྣམ་པ་བཞི་པོ་འདི་དག་གི་རྒྱས་པར་ངེས་པར་བསྟན་པ་ནི་ཁྱད་པར་ཤིན་དུ་མང་པོ་ལས་མདོར་བསྡུ་ན་ཚིགས་སུ་བཅད་པ་བཞིས་ཡོན་ཏན་བཞི་པ་གྲངས་ཇི་ལྟ་བ་བཞིན་དུ་བསྟན་པར་རིག་པར་བྱ་སྟེ། ལྟར་ནི་རྔ་ཡི་སྒྲ་ཆེན་པོ། །སར་གནས་རྣམས་ཀྱི་སྣར་མི་འགྲོ། །སངས་རྒྱས་རྔ་སྒྲ་འཁོར་བ་ཡི། །ས་འོག་འཇིག་རྟེན་དག་ཏུ་འགྲོ། །ལྟར་ནི་ལྷ་ཡི་སིལ་སྙན་བྱེ་བ་མང་། །འདོད་མོ་མངོན་པར་འཕེལ་བའི་དོན་དུ་སྒྲོགས། །ཐུགས་རྗེའི་བདག་ཉིད་རྣམས་ཀྱི་དབྱངས་གཅིག་ཀྱང་། །སྡུག་བསྔལ་མེ་རབ་ཞི་བའི་དོན་འཇུག་ །ལྟར་ནི་མཛེས་ཤིང་ཡིད་འོ་སིལ་སྙན་སྒྲ། །སེམས་ཀྱི་རྒོད་པ་འཕེལ་བར་འགྱུར་བའི་རྒྱུ། །ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུངས། །ཏིང་འཛིན་སེམས་གཏོད་བསམ་པ་

(༡༣༡༠)སྡུལ་བྱོད་ཉིད། །མདོར་ན་།།།འཇིག་རྟེན་ཁམས་ས་ཡང་། །ལྷ་དང་ས་ཡི་བདེ་བའི་རྒྱུ་གང་ཡིན། །དེ་ནི་མ་ལུས་འཇིག་རྟེན་ཁྱབ་སྣང་བ། །དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད། ཅེས་བྱ་བ་དག་གིས་ཏེ། སུམ་བཅུ་རྩ་གསུམ་གྱི་ལྷའི་ཉེ་བར་སྤྱད་པར་ལྟར་པའི་སིལ་སྙན་གྱི་བྱེ་བྲག་གི་རྔ་ནི་སྒྲ་ཆེ་ཡང་ཛམ་བུའི་གླིང་ལ་སོགས་པ་སའི་སྟེང་ན་གནས་པ་རྣམས་ཀྱི་རྣ་བར་མི་འགྲོ་བས་ཉི་ཚེ་བ་ཡིན་ལ། རྔ་ལྟ་བུའི་སངས་རྒྱས་ཀྱི་སྒྲ་ནི་ས་འོག་གི་དམྱལ་བའི་སྲོད་པར་ཡང་འགྲོ་བས་འཁོར་བ་པ་ཐམས་ཅད་ལ་རྗེས་སུ་འགྲོ་བའི་ཕྱིར་ཁྱབ་པའོ། །ལྷར་ནི་ལྷའི་སིལ་སྙན་བྱེ་བ་མང་པོ་དག་ཀྱང་འདོད་པའི་འདོད་ཆགས་ཀྱི་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས་པ་ཁོ་ན་ཡིན་པས་དེ་དག་ལ་ཕན་པ་ཁོ་ན་མ་ཡིན་པ་སྐྱེད་ལ། ཐུགས་རྗེའི་བདག་ཉིད་སངས་རྒྱས་རྣམས་ཀྱི་དབྱངས་གཅིག་པར་གྱུར་པ་ཞིག་ཀྱང་སེམས་ཅན་ནི་དེ་ཐོས་པ་རྣམས་ཀྱིསྡུལ་བསྔལ་གྱི་མེ་རབ་ཏུ་ཞི་བའི་དོན་དུ་འཇུག་པས་ན་ཕན་པ་ཉིད་དོ། །ལྷར་ནི་རོལ་མོའི་བ་དཔྱད་རྣམས་གཟུགས་མཛེས་ཤིང་སྒྲ་ཡིད་དུ་འོང་བ་འབྱིན་པའི་སིལ་སྙན་གྱི་སྒྲ་རྣམས་ནི་དེ་ཐོས་པ་རྣམས་ཀྱི་སེམས་འདོད་ཆགས་ཀྱིས་ཡུལ་ལ་གཡོ་བའི་རྒོད་པ་འཕེལ་བར་འགྱུར་བའི་རྒྱུ་ཡིན་པས་བདེ་བ་མ་ཡིན་པ་ཉིད་ཡིན་ལ། ཐུགས་རྗེའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་གསུང་ནི་འདོད་ཆགས་དང་བྲལ་བའི་རྒྱུ་ཏིང་ངེ་འཛིན་ལ་སེམས་གཏོད་པར་བྱེད་ཅིང་། མྱ་ངན་ལས་འདས་པ་ལ་ཕྱོགས་པའི་བསམ་པ་བསྐྱེད་ཅིག་ཅེས་སྐུལ་བར་བྱེད་པས་འཕྲལ་དང་

(༡༣༡༡)ཡུན་དུ་བདེ་བར་བྱེད་པ་ཉིད་དོ། །མདོར་ན་མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་ས་ལ་གནས་པའི་མི་དང་ནམ་མཁའ་ལ་གནས་པའི་ལྷ་རྣམས་ཏེ་མིས་ཉེ་བར་མཚོན་ནས་དམྱལ་བའི་སྲིད་པ་ཡན་ཆད་ཀྱི་བདེ་ཅུང་ཟད་ཙམ་སྐྱེ་བའི་རྒྱུ་གང་ཡིན་པ་དེ་ནི་མ་ལུས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་ཞིང་གྲག་པའི་སངས་རྒྱས་ཀྱི་གསུང་གི་དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད་དེ། དེ་བས་ན་འཁོར་བ་ལས་ཀྱང་ངེས་པར་འབྱིན་པ་ཉིད་དོ། །ཐམས་ཅན་དུ་ཁྱབ་པའི་དབྱངས་དེ་ཡང་ཆོ་འཕྲུལ་གསུམ་དང་ལྡན་པར་བརྗོད་དེ། དེ་ལ་ཆོ་ཞེས་བྱ་བ་ནི་ཤིན་དུ་མང་བའི་ཚིག་ཡིན་ལ། འཕྲུལ་ནི་སྣ་ཚོགས་སུ་བྱེད་པ་སྟེ། གང་དག་གིས་གཞན་དག་གི་ཡིད་སོ་སོར་འཕྲོག་པར་བྱེད་པའོ། །དེ་ལས་ལུས་ཀྱི་ཆོ་འཕྲུལ་གཅིག་མང་པོར་བསྒྱུར་བ་དང་། མང་པོ་གཅིག་ཏུ་བསྡུ་བ་དང་། མེ་འབར་བ་དང་ཆར་འབབ་པ་ལ་སོགས་པ་མང་པོ་དང་གནས་དང་ཡུལ་ལྗོངས་ལ་སོགས་པ་སྣ་ཚོགས་སུ་སྟོན་པའི་ཁྱད་པར་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པས་བྱས་པས་རྫུ་འཕྲུལ་ཞེས་བསྟན་ཏོ། །སེམས་ཀྱི་རྣམ་གྲངས་མཁྱེན་པའི་མངོན་པར་ཤེས་པས་འགྲོ་བའི་རིས་དེ་དང་དེད་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་དཔྱོད་པ་འདོད་ཆགས་ལ་སྤྱོད་པ་སོགས་རགས་པ་དང་། བག་ལ་ཉལ་དུ་གནས་པའི་ཟབ་མེ་དག་ཀྱང་སྣང་བ་ནི་ཀུན་ནས་བརྗོད་ཅིང་གོ་བའི་ཆོ་འཕྲུལ་ལོ། །ངག་གི

(༡༣༡༢)སྒྲ་དང་དབྱངས་བརྗོད་པ་གང་གི་འཁོར་བ་ལས་ངེས་པར་འབྱིན་པའི་ལམ་གྱི་བདེན་པ་ལས་བརྩམས་ཏེ་ཐོབ་ཟིན་ལ་བརྟན་པོར་བྱ་བའི་ཕྱིར་འདོམས་པ་དང་། མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་རྗེས་སུ་བསྟན་པ་ནི་རྗེས་སུ་བསྟན་པའི་ཆོ་ཕྲུལ་ལོ། དེ་ལྟར་དམིགས་པ་གང་ལ་ཡང་ཐོགས་པ་མེད་པར་འགྲོ་བའི་ཕྱིར་སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་ནི་ནམ་མཁའི་ཁམས་ལྟར་རིས་སུ་ཡོངས་སུ་ཆད་པ་མེད་པར་འཇུག་ཀྱང་དུས་ཐམས་ཅད་དུ་རྣམ་པ་ཐམས་ཅད་དམིགས་པའི་ཚུལ་གྱིས་མ་རྟོགས་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་གྱིས་གདངས་ཞན་པ་ལ་སོགས་པའི་རྒྱུ་མཚན་གྱིས་མི་ཐོས་པའི་ཉེས་པ་དང་ལྡན་པ་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་དབྱངས་དེ་མ་རྟོགས་ཤིང་མ་ཐོས་པ་རྣམས་ནི་བདག་ཉིད་ཀྱི་ཉེས་པ་ཁོ་ན་ལས་ཡིན་ནོ་ཞེས་ཚིགས་སུ་བཅད་པ། ཇི་ལྟར་རྣ་བ་དང་བྲལ་བས། །ཕྲ་མོའི་སྒྲ་ནི་མི་མྱོང་བཞིན། །ཐམས་ཅད་ལྷ་ཡི་རྣ་བར་ཡང་། །རྣ་ལམ་དུ་ནི་མི་འགྲོ་བཞིན། །དེ་བཞིན་ཆོས་ཕྲ་མཆོག་ཏུ་ནི། །ཞིབ་མོའི་སྤྱོད་ཡུལ་ཡང་། །ཉོན་མོངས་མེད་ཡིད་འགས་ཞིག་གི། །རྣ་བའི་ལམ་དུ་འགྱུར་བ་ཡིན། ཞེས་གསུངས་པ་ཡིན་ཏེ། འདིར་པ་ཚབ་ཀྱིས། ཇི་ལྟར་རྣ་བ་དང་བྲལ་བས། །ཕྲ་མོའི་སྒྲ་ནི་མི་མྱོང་མོད། །ཐམས་ཅད་ལྷ་ཡི་རྣ་བར་ཡང་། །རྣ་ལམ་དུ་ནི་མི་འགྲོའམ། ཞེས་བསྒྱུར་བ་ལེགས་པས་ཇི་ལྟར་སྣ་བ་དང་བྲལ་བས་ཕྲ་མོའི་སྒྲ་ནི་མི་མྱོང་བ་ནི་བདེན་མོད་ཀྱི། དེ་ཡང་སྒྲའི་ཉེས་པ་ནི་མ་ཡིན་པས་སྒྲ་རགས་པ་དང་ཕྲ་བ་

(༡༣༡༣)ཐམས་ཅད་ལྷའི་རྣ་བ་ཐོབ་པའི་རྣ་བའི་ལམ་དུ་ཡང་མི་འགྲོའམ་ཅི་སྟེ། རང་གི་དབང་པོ་གསལ་ན་སྒྲ་དེ་དམིགས་པ་ཁོ་ནའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་སྟོན་པའི་བདེན་པའི་དབང་དུ་བྱས་ནས་བསྟན་པས་ཕྲ་ཞིང་ཞིབ་མོའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་ན་ཡང་གང་ཟག་བསློབ་པ་ཉོན་མོངས་པ་མེད་པའི་ཡིད་ཀྱི་དབང་པོ་དང་ལྡན་པ་འགའ་ཞིག་གི་ལྷའི་རྣ་བའི་ལམ་དུ་གྲག་པར་འགྱུར་བ་ཉིད་ཡིན་ནོ། །དེ་ལ་སྤྲུལ་པའི་སྐུའི་གསུང་ཡང་ཐམས་ཅད་ཀྱིས་ཐོས་པ་ནི་མ་ཡིན་མོད། །འོན་ཀྱང་གནག་་རྫི་དགའ་པོ་ལ་སོགས་པས་ཀྱང་ལེགས་པར་ཐོས་པས་ན་ཞིབ་མོའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཞེས་བཤད་པ་འདི་ནི་གཙོ་བོར་ལོངས་སྤྱོད་རྫོགས་པའི་སྐུའི་གསུང་གི་དབང་དུ་བྱས་ནས་བསྟན་པར་བལྟའོ། །དབྱར་གྱི་སྤྲིན་བཞིན་ཤེས་བྱ་བའི་དོན་ནི། ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པར། །ས་ལ་རྒྱུན་དུ་འབེབས་པ་ལྟར། །དེ་བཞིན་ཐུགས་རྗེས་ཕྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། འགྲོ་བའི་དགེ་བའི་ལོ་ཐོག་རྒྱུ། །རྣམ་པར་རྟོག་པ་མེད་པར་འབེབས། །ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན། །རླུང་སྐྱེས་ཆུ་ཆར་སྤྲིན་སྤྲིན་གྱིས་འབེབས་པ་ལྟར། །དེ་བཞིན་བརྩེ་རླུང་འགྲོ་དགེ་མངོན་འཕེལ་ཕྱིར། །སངས་རྒྱས་སྤྲིན་ལས་དམ་ཆོས་ཆར་པ་འབེབས། །སྲིད་ལ་མཁྱེན་དང་བརྩེ་ཆེན་འགྱུར་བ་དང་། །མི་འགྱུར་མ་གོས་ནམ་མཁའི་དཀྱིལ་གནས་པ།

(༡༣༡༤)ཏིང་འཛིན་གཟུངས་ཆུ་ཏེ་མེད་སྙིང་།།། །ཐུབ་དབང་སྤྲིན་ནི་དགེ་བ་ལ་ཐོག་རྒྱུ། །ཞེས་གསུངས་པ་ཡིན་ཏེ། འདི་ལ་ངོ་བོ་དང་། དེའི་ཁྱད་པར་གསུམ་བཤད་པ་ལས། དང་པོ་ནི་དཔེ་ཇི་ལྟར་དབྱར་གྱི་དུས་ན་སྤྲིན་གྱི་ཚོགས་ན་ས་ལ་ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ཏེ། འོག་གི་སའི་གཞི་ལ་ཆུའི་ཕུང་པོ་འབད་པ་མེད་པར་མངོན་པར་འབེབས་པའམ་རྒྱུན་དུ་འབེབས་པ་ལྟར། དེ་བཞིན་དུ་ཆོས་ཀྱི་སྐུའི་མཁྱེན་པ་དང་ཐུགས་རྗེའི་སྤྲིན་ལས་ནི་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་ཀྱི་ཆུའི་ཆར་འབེབས་པར་བྱེད་པས་ས་གཞི་ལྟ་བུའི་འགྲོ་བ་རྣམས་ཀྱི་ཐར་པའི་རྒྱུར་གྱུར་པའི་དགེ་བའི་ལོ་ཐོག་གི་རྒྱུར་འགྱུར་ཏེ། དེ་ཡང་རྣམ་པར་རྟོག་པ་མེད་པར་འབེབས་སོ། །དེ་ཉིད་ཞིབ་ཚོགས་ཀྱིས་བཤད་པ་ནི། ཇི་ལྟར་མིའི་འཇིག་རྟེན་རྣམས་དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་གང་ཡང་རུང་བར་འཇུག་ན་རླུང་ལས་སྐྱེས་པའི་སྤྲིན་གྱིས་ཆུའི་ཆར་པ་འབེབས་པ་ལྟར་དེ་བཞིན་དུ་བརྩེ་བའི་རླུང་གིས་བསྐྱོད་པའི་སངས་རྒྱས་ཀྱི་སྤྲིན་ལས་དམ་པའི་ཆོས་ཀྱི་ཆར་པ་འབེབས་ཏེ། དེ་ཡང་འགྲོ་བའི་དགེ་བའི་རྩ་བ་རྣམས་མངོན་པར་འཕེལ་བའི་རྒྱུ་ལས་ཀྱང་འབྱུང་བ་ཡིན་ནོ། །དེ་ལ་ཐུབ་པའི་དབང་པོའི་སྤྲིན་ནི་མཐའ་གཉིས་ལ་མི་གནས་པའི་ཆོས་ཀྱི་སྐུའི་ནམ་མཁའི་དཀྱིལ་ན་གནས་ཏེ། དེ་ཡང་སྲིད་པ་མཐའ་དག་ལ་བདག་མེད་པར་མཁྱེན་པས་འགྱུར་བ་འཁོར་བའི་ཆོས་ཀྱིས་མ་གོས་ལ། སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོ་དང་ལྡན་པས་མི་འགྱུར་བ་མྱ་ངན་ལས་འདས་པའི་ཆོས་ཀྱིས་ཀྱང་མ་གོས

(༡༣༡༥)་པ་ཡིན་ནོ། །སྤྲིན་དེ་ཡང་སྐམ་པོ་ནི་མ་ཡིན་ཏེ། ནམ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དང་དྲི་མ་མེད་པ་ལ་སོགས་པའི་གཟུངས་ཀྱི་ཆུ་དྲི་མ་མེད་ཅིང་དང་བ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །སྤྲིན་དེ་ལས་འཇིག་རྟེན་པའི་དགེ་བ་དགེ་བ་བཅུ་དང་བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་མངོན་པར་ཤེས་པ་ལ་དང་ཐེག་པ་གསུམ་གྱི་ལོ་ཏོག་རྣམས་སྐྱེ་བའི་རྒྱུ་ཡིན་ནོ། །དེ་དག་གིས་ངོ་བོ་བཤད་ནས། །ནི་ཐ་དད་པའི་ཁྱད་པར་དང་། ལྟོས་པ་མེད་པའི་ཁྱད་པར་དང་། སྡུག་བསྔལ་ལ་སེལ་བའི་ཁྱད་པར་རྣམ་པ་གསུམ་ལས། དང་པོ་གདུལ་བྱཱི་སྣོད་སྣ་ཚོགས་པ་ཉིད་ཀྱི་དབང་ལས་ཆོས་སྣ་ཚོགས་སུ་འགྱུར་བའི་ཁྱད་པར་དི། ཇི་ལྟར་བའི་ལ་དང་ཞིམ་དང་འཇམ་པ་དང་། །ཡང་བའི་ཆུ་ནི་སྤྲིན་དེ་ལས་ཐོན་པ། །ས་ལ་མཚ་ལ་སོགས་གནས་འབྲེལ་བས། །ཤིན་དུ་མང་པོའི་རོར་ནི་འགྱུར་བ་བཞིན། །དེ་བཞིན་འཕགས་པའི་ཡན་ལག་བརྒྱད་ཆུའི་ཆད། །རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་འཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལ། །རྣམ་པ་མང་པའི་རོ་དང་ལྡན་པར་འགྱུར། ཞེས་བྱ་བ་སྟེ། ཇི་ལྟར་ཆར་གྱི་ཆུ་སྤྲིན་དེ་ལས་འཐོན་བཞིན་པ་ན་བསིལ་བས། ཞིམ་ཞིང་མངར་བ་དང་། རྙོགས་མེད་པའི་དབང་བ་དང་། ལུས་ལ་ཟུག་ཏུ་མི་བསྐྱེད་པས་འཇམ་པ་དང་། ལྗིད་ཡང་བ་དང་། གཙང་བས་དྲི་མ་མེད་པ་དང་

(༡༣༡༦)འཐུངས་ན་མགྲིན་།།།གནོད་པ་དང་ལྟོ་བ་ལ་མི་གནོད་པ་ཡན་ལག་བརྒྱད་དང་ལྡན་པ་འབའ་ཞིག་ཏུ་འབབ་པ་ཡིན་ཀྱང་ས་དང་ཕྲད་པ་ན་ས་དེ་ལ་བ་ཚ་ལ་སོགས་པའི་ཚད་སྣ་ཚོགས་དང་། ས་དུག་སང་ལྡན་པ་ཡང་། སྨན་དང་ལྡན་པ་ལ་སོགས་པའི་གནས་ཏེ་སྣོད་སྣ་ཚོགས་པ་དང་འབྲེལ་བ་ལས་དྲོང་ཤིན་དང་མང་བར་འགྱུར་བ་བཞིན་དུ། སངས་རྒྱས་ཀྱི་གསུང་ཡང་རབ་ཏུ་སྤངས་པའི་མཁྱེན་པ་དང་བརྩེ་བའི་སྤྲིན་གྱི་སྙིང་པོ་ལས་འཐོན་པ་ན་ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་དང་ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་བ་དང་ཡང་དག་པའི་དྲན་པ་དང་ཡང་དག་པའི་ཏིང་ངེ་འཛིན་ཏེ་འཕགས་པའི་།།ཡན་ལག་བརྒྱད་དང་ལྡན་པ་ཁོ་ནའི་་ཆུ་ལྟ་བུའི་གསུང་གནས་སོ་སོར་ཆད་ལྟ་བུ་འབབ་མོད་ཀྱི། འགྲོ་བ་རིགས་དྲུག་གི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས་སྐད་ཀྱི་རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར་ཏེ། སྟོན་པའི་གསུང་རྒྱལ་པོ་ཆེན་པོ་བཞིས་མཐའ་ཁོབ་ཀྱི་སྐད་དང་། ཡུལ་དབུས་ཀྱི་སྐད་དུ་སོ་སོར་ཐོས་པ་བཞིན་དུ་ལྟ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་ཀྱང་རང་རང་གི་སྐད་དུ་སོ་སོར་ཐོས་ལ། གཞན་ཡང་འགྲོ་བའི་ཁམས་དང་མོས་པའི་རྒྱུད་ཀྱི་དབྱེ་བ་ལས་རྒྱལ་བའི་གཏམ་གཅིག་ཉིད་ཁ་ཅིག་གིས་ཉན་ཐོས་ཀྱི་གཏམ་དུ་ཐོས་ལ། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་གཏམ་ཏུ་ཐོས་ཤིང་། ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་

(༡༣༡༧)་དང་སྤྱོད་པ་ལ་ཞུགས་པ་ལ་སོགས་པ་གནས་སྐབས་ཐ་དད་པའི་དབྱེ་བས་ཕྱེ་བའི་དོན་སོ་སོ་བར་རྟོགས་པར་འགྱུར་རོ། །དཔེར་ན་སྟོན་པས་གཟུགས་མི་རྟག་གོ་ཞེས་གསུངས་པ་ན་ཉན་ཐོས་རྣམས་ཀྱིས་ནི་སྐད་ཅིག་རེ་རེ་ལ་འཇིག་པའི་བདག་ཉིད་དུ་གོ་ལ། བྱང་ཆུབ་སེམས་དཔའ་འགའ་ཞིག་གིས་ནི་གཟུགས་ཀྱི་ངོ་བོ་ཉིད་མེད་པར་གོ་བར་འགྱུར་བ་ལྟ་བུའོ། །དེ་ཡང་ཉན་ཐོས་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་རྟོགས་པས་གྲོལ་ལ། བྱང་ཆུབ་སེམས་དཔས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་གྲོལ་ཏེ། དེ་ལྟར་ན་བསམ་པ་ཐ་དད་པའི་གདུལ་བྱུ་རྣམས་ལ་ཡང་གསུང་གཅིག་གིས་རང་རང་གི་རྣམ་པར་གྲོལ་བ་དང་ཏིང་ངེ་འཛིན་ལ་སོགས་པ་སྟེར་བས་དེ་དག་ལ་གསུང་དེ་ཤིན་དུ་ཕན་བཏགས་པ་ལ་བརྗོད་པར་བྱའི། གདུལ་བྱ་འགའ་ཞིག་གིས་གསུང་གི་དོན་གཞན་དང་གཞན་དུ་བསྒྱུར་བ་དང་། ཚིག་ཀྱང་གཞན་དུ་བསྒྱུར་ཞིང་རང་གི་རྣམ་པར་རྟོག་པས་འཆོས་པར་བྱེད་པའི་ཚུལ་མ་ཡིན་པ་དག་ནི་འདིར་གསུང་གི་རོ་རྣམ་པ་དུ་མར་འགྱུར་བའི་དོན་དུ་མི་གཟུང་ངོ། །དོན་དུ་ན་ཚིག་གི་སྒྲ་ལ་གསལ་བ་དང་མི་གསལ་བའི་ཁྱད་པར་ཡོད་ཀྱང་སྟོན་པའི་གསུང་ཐམས་ཅད་ཐེག་པ་གཅིག་གི་དབང་དུ་བྱས་པ་དང་། དོན་དམ་པའི་བདེན་པ་ངེས་པར་སྟོན་ཏེ་ཞེས་བྱ་བར་ཤེས་པར་བྱའོ། །འདིར་འཕགས་པའི་ལམ་ཡན་ལག་བརྒྱད་དང་བཅུའི་ཡན་ལག་བརྒྱད་པོ་དག་སོ་སོར་ཆོས་མཐུན་པས་སྦྱར་བ་ཡང་མཁས་པ་དག་གི་ཐུགས་ལ་ཡོད་དམ་སྙམ་མོ། །སྣོད་ཀྱི་ཁྱད་པར་ཕན་ཚུན་མི་མཐུན་པ་གཟིགས་ཀྱང་གང་དོན་དུ་འགྱུར་བ་དེ་ཉིད་ཀྱི་

(༡༣༡༨)དབང་དུ་བྱས་ནས་སྟོན་གྱི་དོན་ངེ་བའི་འགྱུར་བ་ལ་ལྟོས་ནས་གསུང་གཤོལ་བ་ཡོད་པར་འཇུག་པ་ནི། ཐེག་པ་མཆོག་ལ་ད་ང་བ་དང་། །བར་མ་དང་ནི་སྡང་བ་ཡི། །ཕུང་པོ་གསུམ་ནི་མི་དག་དང་། །རྨ་བྱ་དང་ནི་ཡིད་དགས་འདྲ། །དཔྱིད་མཐར་དྲིན་མེད་པ་ན་མི་དང་མཁའ་ཡི་རྒྱུ་བའི་བྱ་དག་དང་། །དབྱར་ཚེ་ས་ལ་ཆར་བབ་པ་ན་ཡི་དགའ་དག་ནི་སྡུག་པ་ལྟར། །སྙིང་རྗེའི་སྤྲིན་ཚོགས་དག་གིས་ཆོས་ཆུ་བྱང་ཆུབ་དང་མ་བྱུང་བ་ལས་ཀྱང་། །ཆོས་འདོད་པ་དང་ཆོས་ལ་སྡང་བའི་འཇིག་རྟེན་ན་ནི་དཔེ་དེ་ཉིད། །ཐིགས་པ་རགས་འབེབས་སྡེ་ཚན་དང་ནི་རྡོ་རྗེའི་མེ་ནི་འབེབས་པས་ན། །སྲོག་ཆགས་ཕྲ་དང་རི་སུལ་སོང་བ་དག་ལ་ཇི་ལྟར་སྤྲིན་ལྟོས་མེད། །ཕྲ་དང་རྒྱ་ཆེན་པོ་རིགས་ཐབས་ཚུལ་གྱིས་མཁྱེན་པ་དང་ནི་བརྩེ་བའི་སྤྲིན། །ཉོན་མོངས་དག་འགྱུར་བདག་ལྷའི་བག་ཉལ་དག་ལ་རྣམ་ཀུན་ལྟོས་པ་མེད། ཅེས་བྱ་བ་དེ་ལ་ཆོས་ཐོས་པའི་གང་ཟག་ཐེག་པ་མཆོག་ལ་དང་ཞིང་དད་པ་དང་། དད་པ་དང་སྡང་བ་གཉི་ག་མེད་པའི་བར་མ་དང་། སྡང་བར་གྱུར་པའི་ཕུང་པོ་གསུམ་ནི་རིམ་པ་བཞིན་དུ་མི་དག་དང་། ཞུག་སྡ་དང་། ས་སྟེང་ན་རྒྱུ་བའི་ཡི་དགའ་ཕྲ་མོ་དག་དང་འདྲའོ། །འདིར་སྨ་བྱ་ཞེས་འབྱུང་བ་ནི་འགྱུར་ནོར་བ་སྟེ། ཙཱ་ཏ་ཀ་ཞེས་པ་ཞུག་སྡ་ཡིན་པར་འགྱུར་གཞན་དང་བསྟན་བཅོས་གཞན་མང་པོར་འབྱུང་ངོ། །འདི་ལྟར་དཔྱིད་ཀྱི་དུས་ཀྱི་མཐར་ནམ་མཁའ་ལ་སྤྲིན་མེད་པ་ན་ཞིང་ལས་བྱེད་པའི་མི་དག་དང་སྐོམ་པ་ན་ནམ་མཁའ་ལ་མི་རྒྱུ་བྲ་ས་ལ་ཆུ་ཚོལ་བའི་བྱ་དག་ཡིད་མི་དགའ་ཞིང་

(༡༣༡༩)སྡུག་བསྔལ་འགྱུར་ལ། དབྱར་གྱི་ཚེས་ལ་ཆར་བབ་པ་ན་ཡི་དགས་ཕྲ་མོ་རྣམས་ནི་མགོ་བོ་ལ་ཐོག་ལྷུང་དུ་འོང་ངོ་སྙམ་ནས་སྡུག་བསྔལ་བར་གནས་པ་ལྟར་རྒྱལ་བའི་ཐུགས་རྗེའི་ཕྲིན་་ཚོགས་དག་གིས་ཕྱུང་བའི་ཐེག་པ་ཆེན་པོའི་དམ་པའི་ཆོས་ཀྱི་ཆོས་ཆུ་བྱུང་བ་ལས་ཐེག་པ་མཆོག་གི་ཆོས་འདོད་པའི་གདུལ་བར་བྱ་བ་དག་དགའ་བར་འགྱུར་ལ། མ་བྱུང་བ་ལས་ཆོས་ལ་སྡང་བའི་མི་དགའ་བའི་འགྱུར་བའི་ཚུལ་ནི་འཇིག་རྟེན་ན་མི་དང་ཆུ་འདོད་པའི་བྱ་དང་ཡི་དགས་ཀྱི་དཔེ་དེ་ཉིད་བཞིན་དུ་ཤེས་པར་བྱ་སྟེ། ཤུགས་ཀྱིས་ན་ཁུག་སྡ་ནི་ཆར་བབ་པ་དང་མ་བབ་པ་གཉི་ག་ལ་བཏང་སྙོམས་ཏེ་བར་མར་གནས་པ་དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་ལ་དད་པ་དང་སྡང་བ་གཉི་ག་མེད་པའི་བར་མར་གནས་པ་དག་ཀྱང་ཆོས་བྱུང་བ་དང་མ་བྱུང་བ་གཉི་གར་བཏང་སྙོམས་ཁོ་ན་གནས་སོ་ཞེས་བྱ་བ་ཡང་ཁུག་སྡའི་དཔེ་ཉིད་ཀྱིས་ཤེས་པར་བྱའོ། །ཇི་ལྟར་སྤྲིན་ནི་ཐིགས་པ་རགས་པ་འབེབས་པས་གྲོག་སྦུར་ལ་སོགས་པའི་དྲོག་ཆགས་ཕྲ་མོ་དག་འཆི་བར་འགྱུར་དུ་འོང་ཞེས་སྲོག་ཆགས་དེ་ལ་ལྟོས་པ་མེད་ལ། སྡེ་ཚན་ལིང་བ་དང་རྡོ་རྗེའི་མེ་ཐོག་འབེབས་པས་ན་འདིས་ནི་གཞན་ལ་ཉམ་ང་བ་མེད་ཅིང་རིའི་སུལ་དུ་སོང་བའི་སེང་གེ་དག་ལ་ཡང་སྤྲིན་ལྟོས་པ་མེད་དོ། །དོ་དམ་པ་སྟོན་པས་ཕྲ་བ་དང་སྤྱོད་པ་རླབས་པོ་ཆེ་སྟོན་པས་རྒྱ་ཆེ་བའི་ཚུལ་དང་འཐད་པ་བསྒྱུར་བའི་།།།ཚུལ་གྱིས་ཉོན་མོངས་ཤིང་སྡུག་བསྔལ་བར་གྱུར་པས་སྲོག་ཆགས་ཕྲ་མོ་དང་འདྲ་བའི་སེམས་ཅན་ཕལ་པ་ལ་རྣམས་དང་བདག་ཏུ་ལྟ་བ་ལ་གནས་པའི་མུ་སྟེགས་

(༡༣༢༠)ཅན་རྒྱལ་གྱི་།སྒྲོག་པ་རྣམས་དང་། བག་ལ་ཉལ་གྱི་ཉོན་མོངས་པ་དང་ལྡན་པའི་ཁམས་གོང་མའི་སེམས་ཅན་དག་ལའང་དེ་དག་གི་སེམས་དང་མི་མཐུན་པར་འགྱུར་དུ་འོང་ཞེས་བྱས་ནས་སངས་རྒྱས་ཀྱི་མཁྱེན་པ་དང་བཅེས་བའི་སྤྲིན་ནི་རྣམ་ཀུན་དུ་ལྟོས་པ་མེད་པར་ཆོས་ཀྱི་ཆར་པ་འབེབས་སོ། །ཁྱད་པར་གསུམ་པ་སྡུག་བསྔལ་གྱི་མེ་རབ་ཏུ་འཇིལ་ཞིང་ཞི་བར་བྱེད་པའི་སྡུག་བསྔལ་ཁྱད་པར་ལས་བརྩམས་ཏེ་ཚིགས་སུ་བཅད་པ་གཉིས་ནི། འཁོར་བ་སྐྱེ་འཆི་ཐོག་མཐའ་མེད་དེར་འགྲོ་བའི་ལབ་ནི་རྣམ་པ་ལྔ། །མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། དེའི་སྡུག་བསྔལ་མཚོན་ཁ་བ་རྒྱ་ཚ་ལ་སོགས་རེག་སྐྱེས་བཞིན། །ཐུགས་རྗེའི་སྤྲིན་ལས་དམ་ཆོས་ཆར་ཆེན་དེ་རབ་ཞི་བྱེད་རབ་རུ་འབེབས། །ལྷ་ལ་འཆི་འཕོ་མི་ལ་ཡོངས་ཚོལ་སྡུལ་བསྔལ་ཞེས་བྱར་རྟོགས་པའི་ཕྱིར། །ཤེས་རབ་ལྡན་པ་ལྷ་མིའི་དབང་ཕྱུག་མཆོག་ལའང་མངོན་འདོད་མེད་དེ། །ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲངས་ནས། །འདི་ནི་སྡུག་བསྔལ་ལ་འདི་རྒྱུ་འདི་ནི་འགོག་ཅེས་ཤེས་པས་མཐོང་ཕྱིར་རོ། །ཞེས་བྱ་བ་སྟེ། ཁྱད་པར་སྔ་མས་ནི་སྟོན་པའི་གསུང་ཅིག་སྣོད་ཀྱི་དབང་གིས་ཐ་དད་དུ་འགྱུར་བར་བསྟན་ལ། ཁྱད་པར་གཉིས་པས་ནི་ཐེག་པ་ཆེན་པོའི་གཏམ་སྟོན་ཞིང་། གསུམ་པ་འདིས་ནི་ཐེག་པ་དམན་པའི་གཏམ་སྟོན་པ་ཡིན་སྟེ། དེ་ཡང་འཕགས་པའི་བདེན་པ་བཞི་མཐོང་བའི་ལམ་གྱིས་

(༡༣༢༡)འཕགས་པའི་བདེན་པ་བཞི་མངོན་སུམ་དུ་མཐོང་ནས་སྒོམ་པའི་ལམ་གྱིས་དེའི་རྒྱུན་གོམས་པར་བྱེད་ཅིང་དེས་ཉོན་མོངས་པ་ཐམས་ཅད་སངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དོ་ཞེས་བྱ་བ་ནི་ཐོག་པ་དེའི་ཚུལ་ཡིན་ནོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་འཁོར་བ་ན་འཁོར་བའི་ཆོས་སྐྱེས་བ་དང་འཆི་བ་བརྗེ་བའི་ཚུལ་གྱིས་ཐོག་མ་མེད་པ་ནས་འཁོར་རོ། །ཇི་ལྟར་བརྗེ་ཞེ་ན། འཁོར་བ་དེར་འགྲོ་བའི་སེམས་ཅན་རྣམས་ཀྱི་ལས་ཀྱི་ལམ་ལས་བྱུང་བའི་རིས་སམ་རྒྱུད་ནི་ལྟ་དང་མི་དང་བྱོལ་སོང་དང་ཡི་དགས་དང་བརྒྱལ་བ་སྟེ་རྣམ་པ་ལྔ་པོ་དེ་དག་རུ་འཁོར་རོ། མི་གཙང་བ་ལ་ཆུ་ཡང་དྲི་ཞིམ་པ་མེད་དེ། མི་ཞིམ་པ་ཁོ་ན་བཞིན་དུ་འགྲོ་བ་ལྔ་པོ་དེ་དག་ན་གནས་པ་རྣམས་ལ་འཕགས་པའི་ཡེ་ཤེས་ཀྱི་གཟིགས་ན་བདེ་བ་ཅུང་ཟད་ཀྱང་ཚད་དོ། །ཇི་ལྟར་ཞེ་ན། འགྲོ་བ་ལྔ་པོ་དེ་དག་གི་སྡུག་བསྔལ་ནི་མེས་བསྲེགས་པ་དང་མཚོན་གྱིས་བཏབ་པ་དང་ཁ་བས་གྲང་ཞིང་ཉེན་པ་དང་རྨ་ལ་རྒྱ་ཚྭ་ལ་སོགས་པ་བཏབ་པ་དང་རེག་པ་ལས་སྐྱེས་པ་བཞིན་དུ་གཅིག་གི་རྗེས་ལ་གཅིག་འབྱུང་བས་རྟག་ཏུ་རྒྱུན་མི་འཆད་པར་སྡུག་བསྔལ་ལོ། །སངས་རྒྱས་ཀྱི་ཐུགས་རྗེའི་ཕྲིན་ལས་ནི་དམ་པའི་ཆོས་ཀྱི་ཆར་ཆེན་པོ་སྡུག་བསྔལ་གྱི་མེ་དེ་དག་རབ་ཏུ་ཞི་བར་བྱེད་པ་རབ་དང་མཆོག་ཏུ་འབེབས་སོ། །དེ་ཡང་གསུང་།།།ལད་དེ་གག་གི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་ལ། དེ་ལས་ནི་བདེན་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེ་བས་དེ་ལ་ནི་ལམ་གྱི་བདེན་པ་

(༡༣༢༢)ཞེས་བྱ་སྟེ། །སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་བའི་བདེན། །།།འབྲས་བུ་སྡུག་བསྔལ་དེ་རབ་ཏུ་ཞི་བའི་མཚན་ཉིད་ཅན་གྱི་འགོག་པའི་བདེན་པ་ཐོབ་པར་འགྱུར་རོ་ཞེས་འཕགས་པའི་བདེན་པ་རྣམ་པ་བཞི་བསྟན་པའི། །དེ་ཉིད་བསྟན་པ་ནི་ཁམས་པའི་ལྷ་རྣམས་ལ་ནི་འཆི་འཕོ་བའི་ཚེ་གནས་འོག་མར་ལྷུང་བ་མཐོང་ནས་བསམ་གཏན་དང་ཏིང་ངེ་འཛིན་ལས་ཀྱང་ཉམས་པར་འགྱུར་བས་འཆི་འཕོ་བའི་ཚེ་སྡུག་བསྔལ་ལ། འདོད་པའི་ལྷ་རྣམས་ལ་ནི་འཆི་འཕོ་བའི་ཚེ། ལུས་ཀྱི་ཁ་དོག་མི་སྡུག་གྱུར་པ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིངས་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་འཆི་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ཞེས་བྱ་བའི་འཆི་ལྟས་ལྔ་བྱུང་བའི་ཚེ། ལྷ་ཡི་གནས་།བ་ན། །རབ་ཏུ་སྡུག་བསྔལ་གང་ཡིན་པ། །དེ་ཡི་ཁྱད་པར་སེམས་ཅན་གྱལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་དམྱལ་བའི་སྡུག་བསྔལ་གྱིས་བཅུ་དྲུག་གི་ཆར་ཡང་མི་ཕོད་པའི་ཡིད་ཀྱི་སྡུག་བསྔལ་དྲག་པོ་ལ། མི་རྣམས་ལ་ནི་ལོངས་སྤྱོད་མེད་པས་ཡོངས་སུ་ཚོལ་བ་དང་། བཙམ་ཡང་མི་རྙེད་པའམ་སྙེད་ཀྱང་དེ་གྲའི་དབང་དུ་འགྲོ་བ་དང་། མ་སོང་ཡང་བདག་ཉིད་ལ་མི་འཕྲོད་པ་དང་། ལོངས་སྤྱོད་དེས་མཛའ་བོ་དང་བྱེ་བར་འགྱུར་བ་དང་ཚེ་ཐུང་བར་འགྱུར་བ་དང་གཞན་གྱིས་

(༡༣༢༣)བརྙས་པར་འགྱུར་བ་དང་། གཞན་དབང་ནས་སྲག་པ་དང་།།།ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་ལ། ངན་སོང་གསུམ་ལ་ནི་བཙོ་བོ་དང་སྲེག་པ་དང་། བཅས་ཅིང་གསུམ་པ་དང་ཤིན་དུ་གྲང་བས་ཉམས་ཐག་པ་དང་བཀྲེས་པ་དང་སྐོམ་པས་གཟིར་བ་དང་གཞན་གྱི་རྟེག་པ་དང་འཚོག་ཅིང་སྲོག་གི་ཆེད་དུ་སྡུག་བསྔལ་མཐའ་ཡས་པ་མྱོང་བར་འགྱུར་ཏེ། དེ་དག་ནི་སྐད་ཅིག་རེ་རེ་ལ་འཇིག་པ་དང་སྡུག་བསྔལ་མང་པོའི་རྟེན་བྱེད་པའི་མཚན་ཉིད་ཀྱིས་འགྲོ་བ་ལྔ་པོ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པའི་ཕྱིར་སྡུག་བསྔལ་མངོན་སུམ་དུ་གཟིགས་པའི་ཤེས་པ་དང་ལྡན་པ་ནི་ལྷའི་གནས་ན་ལའི་དབང་པོར་གྱུར་པའི་བདེ་བ་དང་། མིའི་གནས་ན་འཁོར་ལོས་བསྒྱུར་བའི་དབང་ཕྱུག་སྔ་མ་མོག་གོ་སྙམ་དུ་སྨེས་པ་དག་ལ་ཡང་མངོན་པར་འདོད་པའི་འདོད་ཆགས་མི་བསྐྱེད་ན། གཞན་ན་སོང་རྣམས་ལ་ལྷ་སྨོས་ཀྱང་ཅི་དགོས། དེ་ལྟར་ན་ཡང་སྲིད་པ་འདོད་པའི་འདོད་ཆགས་ནི་ཀུན་འབྱུང་བའི་གཙོ་བོ་ཡིན་པས་དེ་སངས་པ་ཉིད་ཀྱིས་ཐུན་འབྱུང་བ་ཡོང་བར་འགྱུར་སྟོན་ཏོ་དེ་ལྟར་འཕགས་པའི་ལམ་སྐྱེ་བ་།།རྒྱུ་མེད་པ་མ་ཡིན་ཞིང་མི་མཐུན་པའི་རྒྱུ་ལ་ཀྱང་མ་ཡིན་ཏེ། དང་པོར་སྟོན་པ་ལ་དང་པས་དེའི་རྗེས་སུ་འཇུག་པའི་ཚུལ་ཁྲིམས་ཡང་དག་པར་གླངས་ཏེ་གནས་

(༡༣༢༤)ནས་སྐྱེ་བ་ལྟར་།།།འོད་དག་ནི་སྡུག་བསྔལ་ལ། །།།ལ་སེང་པ་འདི་ནི་སྡུག་བསྔལ་འདིའི་ཀུན་དུ་འབྱུང་བའི་རྒྱུ་ཡིན་ལ། ཉོན་མོངས་པས་སླར་མི་སྐྱེ་བའི་ཐ་གནས་ཀྱི་མྱ་ངན་ལས་འདས་པ་ན་འགོག་པའི་བདེན་པ་ཡིན་ཞིང་། དེའི་རྒྱུ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཡིན་ནོ་ཞེས་བྱ་བར་དངོ་པོར་ཐོས་པའི་ཤེས་རབ་ཀྱིས་མཐོང་ཞིང་། དེའི་འོག་ཏུ་བསམ་པའི་ཤེས་རབ་ཀྱིས་མཐོང་ལ། དེའི་འོག་ཏུ་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་བའི་ཕྱིར་ཞེས་བྱ་བ་ནི་མཐོང་བ་ལས་ཤེས་སྦྱར་ཏེ་འབྱུང་ཁུངས་སུ་བལྟ་བྱར་བྱའོ། །དེ་ཡང་དབང་པོ་རྣོ་བ་དག་གིས་རང་གི་ཤེས་རབ་ཀྱི་རྗེས་སུ་འབྲངས་ནས་མཐོང་བ་ལ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་ལ། དེ་བཞིན་གཤེགས་པའི་གསུང་རབ་ལ་དད་པའི་རྗེས་སུ་འབྲངས་ནས་མཐོང་བ་ནི་དད་པའི་རྗེས་འབྲང་ཞེས་བྱ་བ་རྟེན་གྱི་གང་ཟག་གཉིས་ཡོད་དོ། །དེ་ཡང་ཉན་ཐོས་ཀྱི་མངོན་པར་རྟོགས་པའི་རིམ་པ་ནི་དང་པོར་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་དང་། ཆོས་ཉིད་ཀྱིས་ཐོབ་པ་དང་། འབྲས་བུ་དགྲ་བཅོམ་པའི་ཡེ་ཤེས་དེ་དང་འདྲ་བ་ཞེས་བྱ་བའི་མཚན་ཉིད་ཅན་གྱི་རིགས་སད་པ་ལས་ཐར་པའི་ཆ་དང་མཐུན་པའི་དགེ་བ་སྐྱེ་ཞིང་། དེའི་ཚེ་ཚུལ་ཁྲིམས་དང་ཐོས་པ་དང་བསམ་པ་དང་ལྡན་པས་དྲན་པ་ཉ་བར་གཞག་པ་སྒོམ་ལ། །དེའི་རིམ་པ་ནི་ཉན་ཐོས་ཀྱི་ས་ལས། དེ་དབང་པོ་དེ་དག་དང་སྟོབས་དེ་དག་ཀུན་དུ་བརྟེན་ཆེན་གོམས་པར་བྱས།

(༡༣༢༥)ལན་མང་དུ་བྱས་པའི་རྒྱུས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་པོ་འདི་ལྷ་སྟེ། དྲོ་བར་གྱུར་པ་དང་རྩེ་མོ་དང་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཆུང་སུ་དང་འབྲིང་དང་ཆེན་པོ་དག་སྐྱེ་པར་བྱེད་དེ། འདི་ལྷ་སྟེ་དཔེར་ན་མེས་མེའི་བྱ་བ་བྱེད་པར་འདོད་ཅིང་མེ་དོན་དུ་གཉེར་བའི་མི་ལ་ལ་ཞིག་གིས་གཙུབ་སྟན་གྱི་སྟེང་དུ་གཙུབ་ཤིང་གཙུབ་་ཏེ་མངོན་པར་གཙུབས་ཤིང་འབད་པར་སྒྲིམ་པར་བྱེད་ཅིང་དེའི་འབད་པ་དང་སྒྲིམ་པ་དང་རྩོལ་བའི་སྒོ་ནས་དང་པོ་ཁོ་ནར་གཙུབ་སྟན་ལས་དྲོད་སྐྱེ་བར་འགྱུར་རོ། །དྲོད་དེ་ཉིད་མངོན་པར་འཕེལ་བ་ན་རྩེ་མོ་འབྱུང་ཞིང་དུ་བ་འཐུལ་བར་འགྱུར་རོ། །རྒྱ་ཆེར་མངོན་པར་འཕེལ་བར་འགྱུར་བ་ན་མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་རོ། །མེ་བྱུང་མ་ཐག་ཁོ་ནར་མེ་ལྕེ་འབྱུང་བར་འགྱུར་ཏེ། མེ་ལྕེ་འབྱུང་ཞིང་འབར་བ་དེས་མེའི་བྱ་བ་བྱེད་དོ། །དེ་བཞིན་དུ་ཇི་ལྟར་མངོན་པར་གཙུབ་ཅིང་འབད་པ་དང་སྒྲིམ་པ་དང་རྩོལ་བ་མེད་དེ་ལྟར་ནི་དབང་པོ་ལྔ་པོ་དག་ལ་ཀུན་དུ་བརྟེན་ཞིང་གོམས་པར་བྱེད། ལན་མང་དུ་བྱེད་པར་བལྟ་བར་བྱའོ། །ཇི་ལྟར་དང་པོ་ཁོ་ན་གཙུབ་སྟན་ལ་དྲོད་སྐྱེས་པ་དེ་ལྟར་ནི་མེ་ལྟ་བུའི་ཟག་པ་མེད་པའི་ཆོས་ཉོན་མོངས་པ་ཡོངས་སུ་སྲེག་པར་བྱེད་པ་རྣམས་སྐྱེ་བའི་སྔོན་དུ་འགྲོ་ཞིང་རྒྱུར་གྱུར་པའི་དྲོ་བ་གྱུར་པ་དག་བལ་བར་བྱའོ། །ཇི་ལྟར་དྲོད་དེ་ཉིད་མངོན་པར་འཕེལ་བ་ན་རྩེ་མོར་གྱུར་པ་འབྱུང་བར་འགྱུར་བ་དེ་ལྟར་ནི་རྩེ་མོ་དག་བལྟ་བར་བྱའོ། །ཇི་ལྟར་དུ་བ་འཐུལ་བར་འགྱུར་བ་དེ་ལྟར་ནི་བདེན་པ་དང་རྗེས་སུ་མཐུན་

(༡༣༢༦)པའི་བཟོད་པ་རྣམས་བལྟ་བར་བྱའོ། །ཇི་ལྟར་རྒྱ་ཆེར་མངོན་པར་འཕེལ་བར་འགྱུར་བ་ནི་མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་བ་དེ་ལྟར་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་བལྟ་བར་བྱའོ། །ཇི་ལྟར་མེ་བྱུང་མ་ཐག་ཁོ་ནར་མེ་ལུ་འབྱུང་བར་འགྱུར་ཏེ། མེ་ལྕེ་འབྱུང་ཞིང་འབར་བ་དེ་མེའི་བྱ་བ་བྱེད་པ་དེ་ལྟར་ནི་གང་དག་འཇིག་རྟེན་པའི་ཆོས་ཀྱི་མཆོག་གིས་ཡང་དག་པར་ཟིན་པའི་དབང་པོ་ལྔ་པོ་དག་གི་འཇུག་ཐོགས་སུ་བྱུང་བའི་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་ཆོས་རྣམས་བལྟ་བར་བྱའོ། །ཞེས་གསུངས་སོ། །དེ་དག་གི་རྗེས་ལ་ཉན་ཐོས་རྣམས་ཀྱི་མཐོང་བའི་ལམ་སྐྱེ་བར་འགྱུར་ཏེ། དེ་ལ་མཛོད་ལས་ནི། དེ་ལ་སྐད་ཅིག་བཅུ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། ཞེས་སྐད་ཅིག་མ་བཅུ་ལྔར་བཤད་ལ། འཕགས་པ་ཐོགས་མེད་ཀྱིས་ནི་མངོན་པར་ཀུན་ལས་བཏུས་སུ་ཟག་པ་མེད་པའི་སྐད་ཅིག་བཅུ་དྲུག་ཏུ་བཤད་ཅིང་། རྣམ་པར་གཏན་ལ་དབབ་བསྡུ་བར། བསྟན་པ་རྒྱས་པ་སྤྲོས་པ་དང་བཅས་པ་ལ་ཤེས་པ་དང་རྗེས་ཤེས་དང་མཐུན་པའི་ཤེས་པ་བཞི་བཞི་སྟེ་བརྒྱད་དང་མཐར་ཞི་གནས་འབའ་ཞིག་པ་གཅིག་སྟེ་དུ་འབྱུང་ལ། སྤྲོས་པ་མེད་པ་ལ་ནི་དེ་བཞིན་ཉིད་ཀྱི་ཡུལ་ཅན་སྐད་ཅན་མ་གཅིག་སྟེ། དེའི་མཐར་ཡང་ཞི་གནས་འབའ་ཞིག་པ་སྐྱེའོ་ཞེས་བཤད་དོ། །སྒོམ་པའི་ལམ་ལ་ཡང་ཟག་པ་མེད་པ་དང་ཟག་པ་དང་བཅས་པ་གཉིས་ལས་ཟག་པ་དང་བཅས་བཅས་མཐོང་བའི་ལམ་གྱི་རྗེས་སུ་སྐྱེ་བ་དང་། མཐོང་བའི་ལམ་གྱི་སྔ་རོལ་དུ་སྐྱེ་བ་ཡང་ཡོད་དོ། །བདེན་པ་བཞི་པོ་དཔེ་དང་བཅས་ཏེ་བཤད་པ་ནི། ནད་ནི་ཤེས་བྱ་

(༡༣༢༧)ནད་ཀྱི་རྒྱུ་ནི་ཡང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྷར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་ཡང་བྱ་རེག་པར་བྱའི་ཞིང་བསྟེན་པར་བྱ་ཞེས་བྱ་བ་སྟེ། སྨན་པ་མཁས་པ་ནད་འཆོས་པ་ན་དང་པོར་ནད་ནི་མཁྲིས་པ་དང་ཕྱུང་དང་བད་གན་དང་འདུས་པའི་ནད་སྤྱི་དང་དེའི་བྱེ་བྲག་གང་ཡིན་པ་ཤེས་པར་བྱ་ལ། ནད་ཀྱི་རྒྱུ་ཁམས་བྱི་འཕེལ་བ་དང་ཟད་པ་དང་ཟས་དང་སྤྱོད་ལམ་མི་མཐུན་པ་དང་གདོན་ལ་སོགས་པ་རྣམས་ནི་སྨན་དང་རིམ་གྲོ་ལ་སོགས་པས་ཡང་བར་བྱ་བ་ཡིན་ལ། ནད་དང་བྲལ་ན་ལུས་བདེ་བར་གནས་པ་ནི་སྨན་བསྟེན་པས་ཐོབ་པར་བྱ་བའི་།།།ཡིན་ཞིང་། སྨན་ནི་བཏུང་བ་དང་བྱུག་པ་ལ་སོགས་པས་བསྟེན་པར་བྱ་བ་ཡིན་པ་ལྟར་དང་པོར་སྲིད་པ་མཐའ་དག་སྡུག་བསྔལ་གྱི་བདེན་པར་ཤེས་ས་དེ་ལ་མང་སི་སྦྱོ་བར་ཤེས་པར་བྱས་ལ། སྡུག་བསྔལ་དེ་བས་ལ་མར་འདོད་པ་ད་དེའི་རྒྱུ་མ་སྤངས་པར་ནི་བསལ་བར་མི་ནུས་པར་མཐོང་བ་རྒྱུ་ཀུན་འབྱུང་བའི་བདེན་པ་ནི་ཡང་བར་བྱ་ཞིང་། སྤངས་ནས་སྡུག་བསྔལ་དེ་སླར་མི་སྐྱེ་བར་འགོག་པའི་བདེན་པ་ནི་རེག་ཅིང་ཕྲད་ལ་ཐོབ་པར་བྱའོ། །དེ་བཞིན་དུ་བདེན་པའི་རྣམ་པ་བཅུ་སླག་པ་དང་ལྡན་པའིའམ་ནི་ཡང་དང་ཡང་དུ་གོམས་པས་བསྟེན་པར་བྱ་བ་ཡིན་ནོ། འདི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། གང་གི་ཚེ་བདེན་པ་བཞི་པོ་ཐམས་ཅད་ཀྱང་ཡོངས་སུ་ཤེས་པར་བྱ་བ་དག་ཡིན་པའི་ཚེ་དེའི་ཕྱིར་སྡུག་བསྔལ་གྱིས་བདེན་པ་ཁོ་ན་སྤོངས་སུ་ཤེས་པར་བྱ་ཞེས་གསུངས་ཤེ་ན། སྨྲས་པ་འདམ་ལྟར་སྡུག་བསྔལ་གྱི་བདེན་པ་ནི་མཚན་ཉིད་གཉིས་ཀྱིས་ཡོངས་སུ་ཤེས་པར་བྱ་

(༡༣༢༨)བྱ་ཡིན་ཏེ། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱིད་སོད། །དེ་ལས་གཞན་པ་དག་ནི་རང་གི་མཚན་ཉིད་ཁོ་ནས་ཏེ། ཞེས་སྤྱིའི་མཚན་ཉིད་ཡིན་པས་ཤེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པའི་སྟོང་བ་དང་བདག་ཡོད་པ་ནི་བདེན་པ་གཞན་སྒོམ་པ་།།།སྒོམ་པ་བྱ་བ་ཡིན་པས་སྤྱིའི་མཚན་ཉིད་དོ། །དེ་ནི་བདེན་པ་གཞན་སྒོམ་པ་ན་ངེས་པར་སྒོམ་དགོས་ཏེ། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། ཞེས་གསུངས་པའི་འདིར་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས། སྐྱེས་བུ་གསུམ་དུ་བཀའ་རྩལ་བ་དེ་ལ། དཔེ་དང་པོས་ནི་སྐྱེས་བུ་ཚུང་དུ་བསྟན་ཏོ། མཐོ་རིས་ཀྱི་གོ་འཕང་འདོད་པས་བསྙེན་གནས་ལ་སོགས་པ་ལ་གནས་པར་བསྟན་ཕྱིར་རོ། །གཉིས་པས་ནི་སྐྱེས་བུ་འབྲིང་བསྟན་ཏེ། སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་པོ་བསྟན་པའི་ཕྱིར་རོ། །གསུམ་པར་ལྷོས་པ་མེད་པའི་ཁྱད་པར་གྱིས་ནི་སྐྱེས་བུ་ཞེན་པ་བསྟེན་ཏེ། ཐེག་པ་མཆོག་ཅེས་གསལ་པོར་བསྟན་པའི་ཕྱིར་རོ། །སྡུལ་བསྔལ་འཇིལ་བས་ནི་བྱང་ཆུབ་སེམས་དཔས་ཐེག་པ་གསུམ་གྱི་ལམ་ཤེས་པར་བྱ་བའི་ལབ་ཤེས་པ་ཉིད་བསྟན་པ་ཡིན་ནོ། །ཚངས་པ་ཆེན་པོའི་སྤྲུལ་པ་བཞིན་ཞེས་བྱ་བའི་དོན། ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་དུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་གིས་སྟོན་པར་

(༡༣༢༩)མཛད། །ཇི་ལྟར་ཚངས་རྟག་གཞལ་ཡས་ཁང་ནས་མི་གཡོ་འདོད་ཁམས་ཁུགས་པ་དེ། །ལྷ་རྣམས་ཀྱིས་མཐོང་དེ་ཡང་ཡུལ་ལ་དགའ་བ་ཡོང་བྱེད་ལྟར། །དེ་བཞིན་བདེ་གཤེགས་ཆོས་ཀྱི་སྐུ་ལས་མི་བསྐྱོད་འཇིག་རྟེན་ཀུན་དུ་དེ། །སྐལ་ལྡན་གྱིས་མཐོང་དེ་མཐོང་དེ་ཡང་རྟག་ཏུ་དྲི་མ་ཀུན་སེལ་བྱེད། །སྔོན་གྱི་རང་ཉིད་སྨོན་ལམ་དང་། །ལྷ་རྣམས་ཀྱི་ནི་དགེ་བའི་མཐུས། །ཇི་ལྟར་ཚངས་པ་འབད་མེད་སྣང་། །རང་བྱུང་སྤྲུལ་སྐུ་དེ་བཞོན་ནོ། ཞེས་བྱ་བས་བསྟན་ཏེ། ཇི་ལྟར་མི་མཇེད་ཀྱི་བདག་པོ་ཚངས་པ་ནི་ཚངས་པའི་གནས་ཉིད་ན་བསམ་གཏན་གྱི་དགའ་བས་གནས་པས་རྩ་བའི་ལུས་གནས་དེ་ནས་འཕོ་བ་མེད་བཞིན་དུ་གཞན་འཕྲུལ་དབང་བྱེད་ལ་སོགས་པའི་ལྷའི་གནས་ནི་ཐམས་ཅད་དུ་ཚངས་པའི་ལུས་ཀྱི་སྣང་བས་ལྷ་རྣམས་ལ་ཆོས་སྟོན་ཏེ། དེ་ཐམས་ཅད་དུ་མཚན་དང་ལྡན་པའི་སྐུར་བསྟན་ཏེ། སྐལ་བར་དང་ལྡན་པ་རྣམས་ལ་ཆོས་སྟོན་ཏེ། དེ་ཡང་འབད་་རྩོལ་མེད་པར་སྤྲུལ་པ་དག་གིས་སྟོན་པ་ཡིན་ནོ། །དེ་ཉིད་བཤད་པ་ནི་ཇི་ལྟར་ཚངས་པ་ཆེན་པོ་རྟག་ཏུ་ཚངས་པའི་གཞལ་ཡས་ཁང་ལས་མི་གཡོ་བར་སྤྲུལ་པས་འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ནང་དུ་ཁུགས་པ་དེ་འདོད་པའི་ལྷ་རྣམས་ཀྱིས་ཀྱང་མཐོང་ཞིང་སྤྲུལ་པ་དེ་ཡང་ལྷ་རྣམས་

(༡༣༣༠)འདོ་པའི་ཡུལ་།།ཆགས་པའི་དགའ་བ་ཡོང་བར་བྱེད་པའི་ཆོས་སྟོན་པ་ལྟར་དེ་བཞིན་དུ་བདེ་བར་གཤེགས་པ་རྟག་ཏུ་ཆོས་ཀྱི་སྐུ་ལ་བཞུགས་པ་ལས་མི་བསྐྱོད་པར་འཇིག་རྟེན་གྱི་ཁམས་ཀུན་དུ་བདེ་བར་གཤེགས་པ་དེ་སྐལ་བ་དང་ལྡན་པ་རྣམས་ཀྱིས་མཐོང་སྟེ། བའི་དེ་བཞིན་གཤེགས་པ་དེ་ཡང་གདུལ་བྱ་དེ་རྣམས་ཀྱི་སེམས་ཀྱི་བཻ་དུརྒྱཱི་དྲི་མ་ཀུན་འཁོར་ལོ་རིམ་པ་གསུམ་གྱིས་སེལ་བར་བྱེད་དོ། །དེ་ཡང་ལན་ཅིག་ཙམ་མ་ཡིན་པར་དྲི་མ་དག་གི་བར་དུ་རྟག་ཏུ་བྱེད་དོ། །དོན་བསྡུ་བ་ནི་སྔོན་འདོད་པའི་ཁམས་སུ་བསམ་གཏན་སྒོམ་པའི་བདག་ཚེ་བསམ་གཏན་འདིས་འདོད་པ་ལ་ཆགས་པ་དང་བྲལ་བར་ཧྲགྱུར་བ་བཞིན་དུ་ཚངས་པའི་གནས་སུ་སྐྱེས་ནས་ཀྱང་འདོད་པའི་ལྷ་རྣམས་ཀྱང་དོན་དེ་ཉིད་ལ་འཛུད་པར་གྱུར་ཅིག་ཅེས་པའི་སྨོན་ལམ་དང་འདོད་པའི་ལྷ་རྣམས་ཀྱི་ཡང་བདག་སྔོན་དགེ་བ་བྱས་པའི་མཐུས་འབད་པ་མེད་པར་ཚངས་པའི་ལུས་ཀྱིས་ཆོས་སྟོན་པར་སྣང་བ་ཇི་ལྟ་བ་བཞིན་དུ་རང་བྱུང་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡང་རང་གི་སྔོན་གྱི་སྨོན་ལམ་དང་གདུལ་བྱའི་དགེ་བའི་རྩ་བའི་མཐུས་སྤྲུལ་སྐུས་ཆོས་སྟོན་པའི་སྣང་བ་འབྱུང་བ་ཡང་ཚངས་པའི་སྤྲུལ་པ་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །གཏན་དུ་མི་སྣང་བར་ཆོས་ཚུངས་པ་ལས་ནི། འཕོ་དང་ལྷུམས་འཇུག་བལྟམ་དང་ཡབ་ཀྱི་ཁབ་གཤེགས་དང་། །དགྱེས་རོལ་བ་དང་དབེན་པར་སྤྱོད་དང་བདུད་བཅོམ་དང་། །བྱང་ཆུབ་ཆེ་བརྙེས་ཞི་བའི་གྲོང་ཁྱེར་ལམ་སྟོན་དོན། །བསྟན་ནས་ཐུབ་པ་སྐལ་མེད་མིག་གི་ལམ་མི་འགྱུར། ཞེས་བྱ་བ་ནི་དགའ་ལྡན་ནས་འཕོ་བ་དང་སྤྲུལ་གྱི་ལྷུམས་སུ་འཇུག་པ་དང་ལུམིྦ་ནིའི་ཚལ་

(༡༣༣༡)དུ་བཏམ་པ་དང་དེ་ན་ཡབ་ཀྱི་ཁབ་སྟེ་ཁྱིམ་དུ་གཤེགས་པ་དང་། བཙུན་མོའི་ཚོགས་ལ་དགྱེས་པར་རོལ་བ་དང་། ཁྱིམ་ནས་བྱུང་སྟེ་དབེན་པའི་གནས་སུ་རབ་ཏུ་བྱུང་ནས་དཀའ་ཐུབ་སྤྱོད་པ་དང་། བདུད་ཀྱི་དཔུང་བཅོམ་པ་དང་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བརྙེས་པ་དང་། ཞི་བ་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་ལམ་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྩྭ་མཆོག་གི་གྲོང་དུ་གཤེགས་པ་དག་བསྟན་ནས་གདུལ་བར་བྱ་བ་ལ་སྐལ་བ་མེད་པར་གྱུར་པ་ན་ཐུབ་པའི་དབང་པོ་དེ་དག་གི་མིག་གི་ལམ་དུ་སྣང་བར་མི་འགྱུར་ལ། ཚངས་པ་ཡང་ལྷ་རྣམས་ལ་རེས་འགའ་སྣང་གི་གཏན་དུ་ནི་མ་ཡིན་ནོ། །ཉི་མ་རིམ་པར་འཆར་བཞིན་ཞེས་བྱ་བའི་དོན་ནི། ཇི་ལྟར་ཉི་མས་གདུངས་པས་དུས་གཅིག་ཚེ་ཉིད་ལ། །པད་རྩོགས་རྒྱས་དང་ཀུ་མུ་ད་ནི་རབ་ཟུམ་པ། །ཆུ་སྐྱེས་བྱེ་དང་ཟུམ་པའི་ཡོན་ཏན་སྐྱོན་དག་ལ། ཉི་མ་རྟོག་མེད་འདིར་ནི་འཕགས་པའི་ཉི་དེ་བཞིན། ཞེས་བྱ་བ་སྟེ། ཇི་ལྟར་ཉི་མའི་འོད་ཟེར་དྲོ་བས་ས་ལ་གདུངས་པས་སུས་གཅིག་གི་ཚེ་ཉིད་ལ་པདྨ་དང་སོགས་པ་མལིླ་ཀ་ལ་སོགས་པ་ཁ་བྱེ་ཞིང་རྒྱས་པ་དང་། ཀུ་མུ་ད་ནི་ཁ་རབ་ཏུ་ཟུམ་པའི་བྱ་བ་གཉི་ག་ལ་ཆུ་སྐྱེས་བྱེ་བའི་ཡོན་ཏན་དང་། ཀུ་མུ་ཟུམ་པའི་སྐྱོན་དག་ལ་ཉི་མ་རྟོག་པ་མེད་པ་དེ་བཞིན་དུ། འདིར་ནི་འཕགས་པའི་རི་ལ་འཆར་བའི་ཉི་མ་ཡང་རྣམ་པར་རྣམ་པ་མེད་དོ། །མེ་ཏོག་ལ་རྣམ་པ་གཉིས་ཡོད་པ་བཞིན་དུ་སེམས་ཅན་གྱི་ཁམས་ནི་རྣམ་པ་གཉིས་ཏེ། དངོས་སུ་གདུལ་བར་བྱ་

(༡༣༣༢)བ་དང་། དངོས་སུ་གདུལ་བར་བྱ་བ་ས་ཡིན་པའོ། །དེ་ལ་གདུལ་འདུལ་ཡིན་པ་དེའི་དབང་དུ་བྱས་ཏེ་དཔེ་བསྟན་པ་ནི་པདྨ་ལྟ་བུ་དང་ཆུ་དབང་བའི་སྣོད་ལྟ་བུའོ། །ཇི་ལྟར་ཉི་མ་རྟོག་མེད་པ། །རང་འོད་ཅིག་ཆར་སྤྲོས་པ་ཡིས། །པདྨ་རྒྱས་པར་བྱེད་པ་དང་། །གཞན་དག་སྨན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག་ །གདུལ་བྱའི་སྐྱེ་བོའི་པདྨ་ལ། །རྣམ་པར་རྟོག་པ་མེད་པར་འཇུག་ །ཆོས་དང་གཟུགས་ཀྱི་སྐུ་དག་གིས། །བྱང་ཆུབ་སྙིང་པོའི་མཁར་ཤར་བ། ཀུན་མཁྱེན་ཉི་མ་འགྲོ་བར་ནི། །ཡེ་ཤེས་འོད་ཟེར་སྤྲོ་བར་མཛད། །གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཆར་འཆར་། ཞེས་བྱ་བ་ལ། འདིར་ཉི་མ་དང་རྒྱལ་བའི་ཆོས་མཐུན་པ་གསུམ་སྟེ་ཕན་པར་སྣང་བ། རྒྱ་ཆེ་བར་སྣང་བ། འཚམ་པར་སྣང་བའོ། །ཕན་པར་སྣང་བ་ནི་ཇི་ལྟར་ཉི་མ་རྟོག་པ་མེད་པར་རང་གི་འོད་་ཕྱོགས་རྣམས་སུ་ཅིག་ཆར་སྤྲོས་པ་ཡིས་པདྨ་རྒྱས་པར་བྱེད་པ་དང་གཞན་འབྲས་ལ་སོགས་པ་དག་སྨིན་པར་བྱེད་པ་ལྟར་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཉི་མས་གསུང་དམ་པའི་ཆོས་ཀྱི་འོད་ཟེར་དག་གདུལ་བྱའི་སྐྱེ་བོའི་པདྨ་ལ་རྣམ་པར་རྟོག་པ་མེད་པར་འཇུག་ཅིང་དེས་ཡོངས་སུ་སྨིན་ཞིང་གྲོལ་བར་བྱེད་དོ། །ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་དག་གི་གནས་སུ་གཟུགས་ཀྱི་སྐུ་དག་གིས་ཉི་མ་འཆར་བ་ལྟ་བུར་མཛད་དེ། དེ་ལྟར་ཆོས་ཀྱི་སྐུ་བྱང་ཆུབ་ཀྱི་སྙོང་པོར་གྱུར་པའི་ནམ་མཁར་ཀུན་མཁྱེན་གྱི་ཉི་མ་ཤར་ནས་འགྲོ་བ་རྣམས་

(༡༣༣༣)ལ་གསུང་དུ་མ་ཟད་ཡེ་ཤེས་མཁྱེན་པའི་འོད་ཟེར་སྤྲོ་ཞིང་ཁྱབ་པར་ཡང་མཛད་དེ། །འདི་ནི་དཀོན་མཆོག་རྩོགས་པ་ལས་ཤེས་པར་བྱའོ། །རྒྱ་ཆེ་བར་སྣང་བ་ནི་གང་གི་ཕྱིར་གདུལ་བྱའི་རྒྱུད་སྡིག་པས་དག་པའི་སྣོད་དད་པའི་ཆུ་གཡོ་བ་མེད་པ་ཐམས་ཅད་དུ་བདེ་བར་གཤེགས་པའི་ཉི་མའིགཟུགས་བརྙན་ནི་ཅིག་ཆར་འཆར་བས་ན་གྲངས་དཔག་ཏུ་མེད་ཅིང་རྒྱ་ཆེ་བར་རིག་པ་བྱའོ། །འཚམ་པར་སྣང་བ་ནི་དེ་ལྟར་སངས་རྒྱས་རྣམས་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་ཡང་སེམས་ཅན་གྱི་ཚོགས་ངེས་པ་དང་མ་ངེས་པ་དང་ལོག་པར་ངེས་པ་རྣམ་པ་གསུམ་ཇི་ལྟར་འཚམ་པར་སྐུ་སྟོན་པ་དང་གསུང་འདོམས་པ་འཇུག་པའི་ཚུལ་གྱི་དབང་དུ་བྱས་ནས་རི་ལ་སོགས་པ་དང་འདྲ་ཉིད་བཤད་པ་ནི། རྟག་ཏུ་ཐམས་ཅད་ལ་ཁྱབ་པ། །ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི། །སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པར་འབབ། །ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདིར། །འཇིག་རྟེན་ཀུན་དུ་སྣང་བར་བྱས་ནས་རིམ་གྱིས་ནི། །མཆོག་དང་བར་མ་དམན་པའི་རི་ལ་འབབ་དོ་བཞིན། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱིས་འབབ། །ཅེས་བྱ་བ་སྟེ། ཆོས་ཐམས་ཅད་ལ་ཁྱབ་པ་དང་རྟག་ཏུ་གནས་པ་གཉིས་ཀྱིས་ནམ་མཁའི་དཀྱིལ་དང་མཚུངས་པའི་ཆོས་ཀྱི་དབྱིངས་ལ་སངས་རྒྱས་ཀྱི་ཉི་མ་འཆར་བ་ནི་གདུལ་བྱ་མཐོ་བ་དང་དམའ་བའི་རི་དང་གཤོང་ལ་སོགས་པ་ལ་རིམ་གྱིས་ཇི་ལྟར་ངེས་པར་འབབ།།།ལྷག་པའི་བསམ་པ་མཐོ་ཞིང་བརྟན་པའི་བྱང་ཆུབ་སེམས་དཔའ་རི་རབ་དང་འདྲ་བ་རྣམས་ལ་འབབ་བོ། །དེའི་འོག་ཏུ་རང་སངས་རྒྱས་ནང་

(༡༣༣༤)གི་འཁོར་ཡུལ་འདུན་དང་ཕྱིའི་འཁོར་ཡུལ་ཆེན་པོ་དང་འདྲ་བ་རྣམས་ལ་འབབ་བོ། །དེའི་འགོ་ཏུ་རི་ཆེན་པོ་གཞན་དང་འདྲ་བའི་ཉན་ཐོས་རྣམས་ལ་འབབ་བོ། །དེའི་འོག་ཏུ་སོ་སོའི་སྐྱེ་བོ་ལྷག་པའི་བསམ་པ་དགེ་བ་དང་མོས་པ་ཇི་ལྟ་བ་དང་ལྡན་པ་རི་ནག་པོ་དང་འདྲ་བ་བསྣམས་ལ་འབབ་བོ། །དེའི་འོག་ཏུ་སེམས་ཅན་དགེ་བའི་གཞན་པའི་ཅུང་ཟད་མཐོ་བ་རྣམས་དང་དམའ་བ་དང་འདྲ་བ་ཐ་ན་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་ཡང་འབབ་སྟེ། འདི་རྒྱལ་བས་རྒྱུ་མཐོ་བ་དང་དམའ་བའི་རིམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་བསྟན་པ་ཡིན་ནོ། །དེ་བསྡུས་པ་ནི་ཇི་ལྟར་འོད་ཟེར་སྟོང་དང་ལྡན་པའི་ཉི་མ་ཕྱོགས་རྒྱ་ཆེན་པོར་ཤར་བ་ནི་གླིང་གསུམ་པོ་གླིང་ཕྲིན་དང་བཅས་པའི་འཇིག་རྟེན་ཀུན་དུ་།།བར་བྱས་ནས་ཛམ་བུའི་གླིང་འདིར་རིམ་གྱིས་མཆོག་དང་བར་དང་དམན་པའི་རི་ལ་འབབ་པ་དེ་བཞིན་དུ་རྒྱལ་བའི་ཉི་མའི་འོད་ཟེར་ཡང་སེམས་ཅན་གྱི་ཚོགས་གསུམ་ལ་རིམ་གྱིས་འབབ་པར་འབྱུར་རོ། །སངས་རྒྱས་ཀྱི་འོད་ཀྱི་དཀྱིལ་འཁོར་ཉི་མའི་དཀྱིལ་འཁོར་ལས་ཆེས་ཁྱད་པར་དུ་འཕགས་པར་གྱུར་ཏེ་ཉི་མ་དང་མི་འདྲ་བར་བསྟན་པ་ནི་ཞིང་ཀུན་ནམ་མཁའི་མཐིལ་ལ་སྤྲོ་ཉི་མ་ལ་མེད་ལ། །མི་ཤེས་མུན་བཀབ་ཤེས་བྱའི་དོན་སྟོན་པ་ཡང་མིན། །ཐུགས་རྗེའི་བདག་ཉིད་སྣ་ཚོགས་མདོག་ཀྱེའི་འོད་ཚོགས་ཀྱིས། ། གསལ་བ་དག་ནི་འགྲོ་ལ་ཤེས་བྱའི་དོན་སྟོན་མཛད། །སངས་རྒྱས་གྲོང་དུ་གཤེགས་ཚེ་མིག་དང་མི་ལྡན་པ་ཡི་སྐྱེ་བོ་རྣམས། །མཐོང་ཞིང་དོན་མདེ་ཚོགས་བྲལ་དོན་དེ་མཐོང་བ་ལས་ནི་མྱོང་བ་དང་། །གཏི་མུག་གིས་

(༡༣༣༥)ལྷོངས་སྲིད་པའི་མཚོར་ལྷུད་ལྟ་བའི་མུན་པས་བསྒྲིབས་པ་རྣམས། །སངས་རྒྱས་ཉི་མའི་འོད་ཀྱིས་བློ་སྣང་མ་མཐོང་བ་ཡི་གནས་མཐོང་འགྱུར། ཞེས་བྱ་བ་སྟེ། སངས་རྒྱས་འོད་ཀྱིས་ཕྱི་རོལ་གྱི་ཕྱོགས་ཞིང་ཀུན་མ་ལུས་པའི་ནམ་མཁའི་མཐིལ་དུ་སྤྲོ་བར་བྱེད་པ་དེ་ནི་ཉི་མ་ལ་མེད་ལ། སངས་རྒྱས་ཀྱི་འོད་ཀྱིས་ནང་དུ་མི་ཤེས་པའི་མུན་པས་བཀབ་པ་མཐའ་དག་བསལ་ནས་ཤེས་བྱ་མ་ལུས་པའི་དོན་སྟོན་ལ། ཉི་མ་ནི་དེ་ལྟ་བུ་མ་ཡིན་པར་ཕྱི་རིལ་གྱི་མུན་པ་སེལ་བ་ཙམ་ཁོ་ནར་ཟད་དོ། །ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱི་ཁ་དོག་སྣ་ཚོགས་ཀྱི་མདོག་ཏུ་བཀྱེ་ཞིང་སྤྲོས་པའི་འོད་ཀྱི་ཚོགས་ཀྱིས་གསལ་བར་བྱེད་པ་དག་ནི་འགྲོ་བ་བསྣམས་ལ་ཤེས་པར་བྱེད་བའི་དོན་སྟོན་པར་མཛད་དོ་ཞེས་བྱ་བའི་རྐང་པ་ཕྱིར་མ་གཉིས་པའི་བསྣོན་ནོ། །གཞན་ཡང་སངས་རྒྱས་གྲོང་དང་གྲོང་ཁྱེར་དུ་གཤེགས་པའི་ཚེ་མིག་དང་མི་ལྡན་པའི་སྐྱེ་བོ་རྣམས་ཀྱིས་ཡང་མཐོང་བར་འགྱུར་ཞིང་དོན་མེད་པ་སྟེ་ཉེ་བར་མི་མཁོ་བའི་རྒྱུད་པ་དང་བྲལ་ཞིང་འདོད་པའི་དོན་སྟེ་སྔར་མ་མཐོང་བ་ལས་བདེ་བ་མྱོང་བ་དག་ནི་འཕྲལ་གྱི་ལམ་མ་ཡིན་ལ། ཡུན་གྱི་ཕན་པ་ནི་གཏི་མུག་གིས་ཤེས་རབ་ཀྱི་མིག་ལྷོངས་ཤིང་དེས་ལམ་།།ཤེས་པས་དྲིད་མཚོར་ལྷུང་སྟེ་སྡུག་བསྔལ་བ་ལས་ཐར་བར་འདོད་ཀྱང་ལྟ་བའི་མུན་པས་བསྒྲིབས་ཏེ་ཐར་པའི་ལམ་མ་རྙེད་པ་རྣམས་སངས་རྒྱས་ཀྱི་འོད་ཀྱིས་མ་རིག་པའི་མུན་པ་བསལ་ནས་བློ་ཤེས་རབ་ཀྱི་སྣང་བ་ལྡན་པར་བྱས་ཤིང་། དེ་ལས་སྔར་འཁོར་བར་མ་མཐོང་ཞིང་མ་འདྲི་པའི་གནས་ཆོས་ཉིད་ཀྱི་བདེན་པ་མཐོང་བར་འགྱུར་རོ།

(༡༣༣༦)ཡིད་བཞིན་གྱི་ནོར་བུ་བཞིན་དུ་རྙེད་པར་དཀའ་བཞེས་བྱ་བའི་དོན་ནི། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་ཅིག་ཆར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི། །བསམ་ཀུན་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་།།།བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་འགྱུར་ཡང། །དེ་ནི་དེ་ལ་རྣམ་མི་རྟོག །ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པའི་ནོར། །འབད་པ་མེད་པར་གཞན་པ་དག་ལ་རབ་སྟེར་ལྟར། །དེ་བཞིན་ཐུབ་པ་འབད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་དག་ཏུ་བཞུགས། ཤེས་བྱ་བ་སྟེ། ཡིད་བཞིན་གྱི་ནོར་བུ་ལ་ཆོས་གཉིས་ཡོད་དེ། བསམ་པ་རྫོགས་པར་བྱེད་པ་དང་། རྙེད་པར་དཀའ་བའོ། །དང་པོ་ནི་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་ནི་རྣམ་པར་རྟོག་པ་མེད་ཀྱང་སྤྱོད་ཡུལ་ནི་གནས་པའི་མི་རྣམས་ཀྱི་ལ་ལ་ཟས་འདོད་པ་དང་ལ་ལ་གསོ་འདོད་པ་ལ་སོགས་པའི་བསམ་པ་ཀུན་ཅིག་ཆར་དུ་སོ་སོར་རྫོགས་ཤིང་ཚིམ་པ་བྱེད་པ་ལྟར་དེ་བཞིན་དུ་སངས་རྒྱས་ཡིད་བཞིན་འདྲ་བ་ལ་བརྟེན་ནས་ཉན་པ་པོ་བསམ་པ་ཐ་དད་པ་རྣམས་ཀྱི་ཆོ་ཅིག་སྣ་ཚོགས་པར་ཐོས་པར་འགྱུར་ཞིང་རང་རང་གི་བསམ་པ་ཚིམ་པར་བྱེད་ཀྱང་སངས་རྒྱས་དེ་ནི་ཆོས་བསྟན་པ་དེ་ལ་རྣམ་པར་མི་རྟོག་གོ །དེ་ཉིད་ཕྲན་ཚོགས་ཀྱིས་བཤད་དེ། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པ་ཆེ་འདི་ལྟ་བུ་བྱིན་ནོ་སྙམ་པ་ལ་སོགས་པའི་རྟོག་པ་མེད་ཅིང་འབད་པའི་རྩོལ་བ་མེད་པར་སོ་སོའི་འདོད་པའི་ནོར་གང་ཟག་གཞན་དང་གཞན་པ་དག་ལ་རབ་ཏུ་སྟེར་བ་ལྟར་དེ་བཞིན་དུ་ཐུབ་པ་འབད་པ་མེད་པར་སྣོད་ཀྱི་ཚུལ་དང་ཇི་

(༡༣༣༧)ལྟར་འོས་ཤིང་མཐུན་པར་གཞན་ལ་ཆོས་བསྟན་པའི་དོན་དུ་སྲིད་པ་ཇི་སྲིད་པར་རྟག་ཏུ་ཁུགས་ཏེ། བསམ་པ་དང་མཐུན་པ་དང་རྟག་ཏུ་བཞུགས་པའི་ཁྱད་པར་གཉིས་ཀྱིས་སོ། །གཉིས་པ་དེ་བཞིན་གཤེགས་པ་འཆི་བ་མེད་ཅིང་སེམས་ཅན་གྱི་དོན་ཁོ་ནར་རྟག་ཏུ་བཞུགས་ཀྱང་བསོད་ནམས་དང་མི་ལྡན་པ་དག་སངས་རྒྱས་འབྱུང་བ་དང་ཕྲད་པར་མི་འགྱུར་བས་རྙེད་པར་དཀའོ་ཞེས་བསྟན་པ་ནི། གང་ཕྱིར་རྒྱ་མཚོ་ས་འོག་གནས་དེ་ལ་འདོད་པས། །ཇི་ལྟར་ནོར་བུ་བཟང་པོ་འགྲི་འདིར་རབ་རྙེད་དཀའ། །དེ་བཞིན་འགྲོ་བ་ཤིན་དུ་སྐལ་ན་ཉོན་མོངས་ཟིན། །ཡིད་འདིར་བདེ་གཤེགས་མཐོང་བ་རྙེད་དཀར་ཤེས་པར་བྱ། ཞེས་བྱ་བ་ནི། རྒྱུ་མཚན་གང་གི་ཕྱིར་ནོར་བུ་བཟང་པོ་ཛམ་བུའི་གླིང་གི་སུམ་ཆའམ་སུམ་གཉིས་སམ་མཐའ་དག་ཏུ་ནོར་གྱི་ཆར་པ་འབེབས་པར་ནུས་པ་ནི་རྒྱ་མཚོའི་ནང་གི་ས་འོག་ན་གནས་པའི་ཀླུ་མཐུ་བོ་ཆེ་དེ་དག་ལ་ཡོད་པས་མིའི་འགྲོ་བ་འདི་དག་གིས་དཱིད་ཙམ་གྱིས་རྙེད་པ་དཀའོ། །ཇི་ལྟར་ནོར་བུ་དེ་རྙེད་པར་དཀའ་བ་དེ་བཞིན་དུ་འགྲོ་བ་བསོད་ནམས་ཀྱི་སྐལ་བ་ཤིན་དུ་ངན་ཞིང་ཡིད་ཉོན་མོངས་ཀྱིས་ཟིན་པ་དག་གིས་རང་གི་ཡིད་འདི་བདེ་བར་གཤེགས་པ་མཐོང་བའི་ཤེས་པ་རྙེད་པར་དཀའོ། །དོན་དེ་ནི་སློབ་དཔོན་དཔའ་བོས། ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཏེ། །ནང་གི་སྟོབས་དག་མ་ཚང་བས་།།།བྱིས་པ་རྣམས་ནི་སྡུག་བསྔལ་བསྟེན། ཞེས་གསུངས་པ་དེའོ། །ག་དུང་བྲག་ཆ་ལ་སོགས་པ་བརྙན་མ་སྟེ་བཅོས་མའི་སྒྲ་བཞིན་ཞེས་བྱ་བའི་དོན་ནི། ཇི་

(༡༣༣༨)ལྟར་སྒྲ་བརྙན་གྱི་ནི་སྒྲ། གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་ལ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་བཞིན་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་མེད་གཟོ་མེད་ཅིང་། །ཕྱི་དང་ནང་ན་གནས་བ་ཡིན། །ཞེས་བྱ་བ་སྟེ། ཇི་ལྟར་སྒྲ་བརྙན་གྱི་སྒྲ་ནི་ཀུན་ནས་སློང་བའི་རྣམ་པར་རྟོག་པ་མེད་ཅིང་། །ལྕེ་དང་མཆུ་ལ་སོགས་པས་གཟོ་བའི་རྒྱུ་མེད་པར་ཕྱི་རོལ་གྱི་བྲག་ལ་སོགས་པ་ལ་མི་གནས་ཤིང་། ནང་གི་རྣ་བའི་བུ་ག་ན་ཡང་མི་གནས་ཏེ། །གང་ཟག་གཞན་དང་གཞན་གྱི་རྣམ་པར་རིམ་པ་ལས་བྱུང་བའི་སེམས་ཀྱི་སྣང་བ་ཙམ་ཡིན་པ་ལྟར་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་སྟོན་པའི་གསུང་ཡན་ལག་དྲུག་བཅུ་དང་ལྡན་པར་རྣམ་པར་རྟོག་པ་དང་བྱེད་པའི་གཟོ་སྟེ་བརྩོན་པ་མེད་པར་འབྱུང་བ་དག་ཀྱང་གང་ཟག་གཞན་གྱི་རྣམ་པར་རིག་པ་ལས་བྱུང་བའི་རྣམ་པ་ཙམ་ཡིན་གྱི། རྣམ་པ་དེ་ལ་ཡང་གཏོད་པར་བྱེད་པའི་སྒྲ་ཕྱི་རོལ་བ་ཡང་མི་གནས་ལ། ནང་ན་ཡང་གནས་པ་མ་ཡིན་ཏེ། སྒྲའི་མཚན་ཉིད་དང་བྲལ་ལོ། །ནམ་མཁའ་བཞིན་ཞེས་བྱ་བའི་དོན་ནི། ཅུང་ཟད་མེད་ཅིང་སྣང་བ་མེད། །དམིགས་པ་མེད་ཅིང་རྟེན་མེད་ལ། །མིག་གི་ལམ་ལས་རབ་འདས་པ། །གཟུགས་མེད་བསྟན་དུ་མེད་པ་ཡི། །མཁའ་ལ་ཇི་ལྟར་མཐོ་དང་དམའ། །མཐོང་ཡང་དེ་ནི་དེ་ལྟ་མིན། །དེ་བཞིན་ཐམས་ཅད་སངས་རྒྱས་ལ། །མཐོང་ཡང་དེ་ནི་དེ་ལྟ་མིན། །ཞེས་བྱ་བ་སྟེ། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་ནམ་མཁའི་དེ་ལ་ཁ་དོག་དང་དབྱིབས་ཀྱིས་བསྡུས་པའི་

(༡༣༣༩)རྫས་ཅུང་ཟད་ཀྱང་མེད་ཅིང་དེས་སྣང་བར་བྱས་པའི་རྣམ་པ་ལ་ཅུང་ཟད་ཀྱང་མེད་ལ།མིག་གི་ཤེས་པའི་དམིགས་པ་དང་རྟེན་གྱི་འབྱུང་བ་ཆེན་པོ་ཡང་མེད་ལ། ཁ་དོག་དང་དབྱིབས་ཀྱི་གཟུགས་མེད་ཅིང་འདི་ནའི་ཞེས་ཡུལ་བསྟན་དུ་ཡང་མེད་པ་མིག་གི་ལམ་ལས་རབ་ཏུ་འདས་པའི་ནམ་མཁའ་དེ་ལ་རེས་འགའ་ནི་རེའི་རྩེ་མོ་མཐོན་པོ་དང་འབྱོར་བར་སྣང་ཞིང་། རེས་འགའ་ནི་རབ་ཏུ་དམའ་བའི་ཐང་དང་ཡང་འབྱར་བར་སྣང་སྟེ་མཐོ་བ་དང་དམའ་བར་མཐོང་ཡང་ནམ་མཁའ་དེའི་དང་གི་ངོ་བོ་ནི་དེ་ལྟ་བུར་ཡོད་པ་མ་ཡིན་ཏེ། མིག་གི་ལམ་ལས་འདས་པའི་ཕྱིར་རོ། །ནམ་མཁའ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ལ་ཡང་དབང་པོ་ལྔའི་ཡུལ་གྱི་དངོས་པོ་ཐམས་ཅད་དང་ལྡན་པར་མཐོང་ཡང་སྐུ་དེ་ཉིད་ཀྱི་རང་གི་ངོ་བོ་ནི་དེ་ལྟ་བུ་མ་ཡིན་ཏེ། གཟུགས་ཀྱང་མེད། སྒྲ་ཡང་མི་འབྱིན། དྲི་ཕུན་སུམ་ཚོགས་པ་ཡང་མི་འབྱུང་། མྱོང་བར་བྱ་བའི་རོ་ཡང་མ་ཡིན། རེག་ཏུ་ཡང་མེད་དེ། འབྱུང་བ་ལས་མ་གྱུར་པའི་ཕྱིར་རོ། །ས་བཞིན་ཞེས་བྱ་བའི་དོན་ནི། ཇི་ལྟར་ས་ལས་སྐྱེས་པ་ཀུན། །རྟོག་མེད་ས་ལ་བརྟེན་ནས་ནི། །འཕེལ་དང་བརྟན་དང་སྤངས་འགྱུར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་པ་ལ་བརྟེན་ནས། །འགྲོ་བའི་དགེ་བའི་རྩ་བ་ནི། །མ་ལུས་པར་ནི་འཕེལ་བར་འགྱུར། ཞེས་བྱ་བ་སྟེ། ཇི་ལྟར་ས་ལས་སྐྱེས་པའི་རྩེ་སྨན་དང་ནགས་དང་ལོ་ཏོག་ལ་སོགས་པ་ཐམས་ཅད་ཀུན་བདག་གི་འདི་དག་བསྐྱེད་པར་བྱའོ་སྙམ་པའི་རྟོག་པ་མེད་པའི་ས་ལ་བརྟེན་ནས་མྱུ་གུ་དང་སྡོང་བུ་ལ་སོགས་པའི་འཕེལ་ཞིང་རྩ་བ་བརྟན་ལ་རྒྱ་ཆེར་མཆེད་དེ། སྤངས་

(༡༣༤༠)པར་འགྱུར་བ་ལྟར་དེ་བཞིན་དུ་།།།སངས་རྒྱས་ཀྱི་ས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡེ་ཤེས་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མེད་པ་དེ་ལ་བརྟེན་ནས་འགྲོ་བ་རྣམས་ཀྱི་མཐོ་རིས་དང་ཐེག་པ་གསུམ་གྱིས་བསྡུས་པའི་དགེ་བའི་རྩ་བ་ནི་མ་ལུས་པར་འཕེལ་བ་དང་།།།བྱང་ཆུབ་པའི་རབ་དུ་འགྱུར་ལ། དེས་ཀྱང་གཞན་གྱི་དགེ་བའི་རྩ་བ་སྐྱེད་པར་བྱེད་པས་ནམ་མཁའ་ཇི་སྲིད་དུ་ཆད་པ་མེད་པར་འཇུག་གོ་ །དེ་ལ་ཚངས་པའི་དཔེས་ནི་མུ་སྟེགས་ཀྱི་བསམ་གཏན་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པའི་སྟེགས་སུ་གྱུར་པ་དག་བསྟན་ལ། ཉི་མའི་དཔེས་ནི་བསྟན་པའི་གཞི་བོ་བྱང་ཆུབ་སེམས་དཔའ་རྣམས་ལས་རིམ་གྱིས་བྲི་ནས་ལོག་སྲེད་ཅན་ལ་ཡང་འཇུག་པར་བསྟན་ཏོ། །ནོར་བུའི་དཔེས་ནི་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པས་མུ་སྟེགས་བྱེད་ཀྱི་བསྟན་པ་ཡང་སངས་རྒྱས་ཀྱི་བསྟན་པ་ལས་འབྱུང་བར་བསྟན་ནོ། །སྒྲ་བརྙན་དང་ནམ་མཁའ་དང་སའི་དཔེས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རང་གི་ངོ་བོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པའི་ཤིན་དུ་ཟབ་པ་ཉིད་བསྟན་ཏོ། །དེ་ལྟར་དཔེ་དགུ་པོ་རྣམས་ཡེ་ཤེས་སྣང་བ་རྒྱན་གྱི་མདོའི་རིམ་པ་བཞིན་ལེགས་པར་བཤད་ནས། ད་ནི་དེ་དག་གི་དཔེ་དགུ་པོ་རྣམས་ཆོས་ཅན་དེ་བཞིན་གཤེགས་པ་ཉིད་ཀྱི་ཆོས་སུ་བསྡུས་པའི་དོན་མདོོའི་དགོངས་པ་ལ་གནས་པ་རྗེ་བཙུན་གྱིས་གསུངས་པ་ནི། དཔེ་དགུ་པོ་རྣམས་གཞི་གཅིག་གི་ལ་བསྡུས་པའི་དོན་ནི། འབད་རྩོལ་མེད་པར་བྱ་བ་འགའ། །བྱེད་པ་མཐོང་བ་མེད་དེ་བས་ན། །གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར། །དཔེ་རྣམ་དགུ་ནི་བསྟན་པ་ཡིན། །གང་དུ་དཔེ་དགུ་པོ་འདི་དག་ །རྒྱས་པར་རབ་ཏུ་བསྟན་གྱུར་པ། །མདོ་སྡེ་ཡི་

(༡༣༤༡)ནི་མིང་ཉིད་ཀྱིས། །དེ་ཡི་དགོས་པ་བསྟན་པ་ཉིད། །ཐོས་པ་ལས་བྱུང་ཤེས་པ་ཡི། །སྣང་བ་རྒྱ་ཆེ་འདིས་བརྒྱན་པའི། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར། །དེ་དོན་བཻ་དུར་བརྒྱ་བྱིན་གྱི། །གཟུགས་བརྙན་ལ་སོགས་དཔེ་དག་ནི། །རྣམ་པ་གདུ་བརྗོད་དེ་ལ་ནི། །དེ་ཡི་བསྡུད་དོན་ངེས་པར་གཟུང་། །སྟོན་དང་གསུང་དང་ཁྱབ་དང་། །སྤྲུལ་དང་ཡེ་ཤེས་སྤྲོ་བ་དང་། །ཐུགས་སུ་སྐུ་ཡི་གསང་བ་དང་། །ཐུགས་རྗེའི་བདག་ཉིད་ཐོབ་པ་ཉིད། །ལོངས་སྤྱོད་རྒྱུན་ཀུན་རབ་ཞི་བ། །རྣམ་པར་རོག་པ་མེད་པའི་ཐུགས། །དྲི་མེད་བེ་དུརྒྱ་བརྒྱ་བྱིན་གྱི། །གཟུགས་བརྙན་ཤར་བ་ལ་སོགས་བཞིན། །ལོངས་སྤྱོད་ཞི་བ་དམ་བཅའ་སྟེ། །རྟོག་མེད་ཐུགས་ནི་གཏམ་ཚིགས་སོ། །རང་བཞིན་དོན་ནི་གྲུབ་དོན་དུ། །དཔེ་ནི་རྒྱ་བྱིན་གཟུགས་སོགས་ཡིན། །འདིར་ནི་སྐབས་དོན་འདི་ཡིན་ཏེ། །སྟོན་པ་ལ་སོགས་རྣམ་དགུ་ནི། །སྟོན་པ་སྐྱེ་འཆི་དང་བྲལ་བ། །འབད་པ་མེད་པར་རབ་འཇུག་པའོ། །ཞེས་བྱ་བ་སྟེ། འདིར་དཔེའི་དགོས་པ་བསྟན་པ་དང་། དཔེ་རྣམས་ཀྱི་སོ་སོའི་ངེས་པ་བསྟན་པ་དང་། དཔེ་དེ་དག་དང་ལྡན་པའི་རིགས་པའི་ཚུལ་བཤད་པའོ། །དང་པོ་ནི་དགུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར་དཔེ་དགུ་པ་བསྟན་པ་དགོས་པ་བསྟན་པ་ཡིན་ཏེ། ཚེ་ཚོམ་ཡང་གསེར་མགར་མཁན་།།།མཁན་ལ་སོགས་པ་འགའ་ཞིག་འབད་རྩོལ་མེད་པར་བྱ་བ་འགའ་ཞིག་སྟེ་ཅུང་ཟད་ཀྱང་བྱེད་པ་མཐོང་བ་མེད་དེ། །དེ་དག་གི་བྱ་བ་ཐམས་ཅད་འབད་རྩོལ་

(༡༣༤༢)སྔོན་དུ་འགྲོ་བར་།།།སངས་རྒྱས་ཀྱང་གདུལ་བར་བྱ་བའི་དོན་མཛད་པ་ན་འབད་རྩོལ་མེད་པ་མི་སྲིད་སྙམ་པའོ། །དཔེ་བསྟན་པ་དེའི་དགོས་པ་ཐེ་ཚོམ་སེལ་བའི་ཤེས་རབ་བསྐྱེད་པ་ནི་མདོ་སྡེ་གང་དུ་དཔེ་དགུ་པོ་།།།རབ་ཏུ་བསྟན་པར་འགྱུར་པའི་མདོ་སྡེའི་མིང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུགས་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ཞེས་བྱ་བ་དེ་ཉིད་ཀྱིས་བསྟན་པ་ཡིན་ནོ། །འདི་ལྟར་མདོའི་དོན་ཐོས་པ་ལས་བྱུང་བའི་ཤེས་རབ་ལ་ནི་ཡེ་ཤེས་ཞེས་བྱ་ལ། དེ་ནི་རྒྱན་བཞི་ལས་ཤེས་རབ་ཀྱི་རྒྱན་ཡིན་ཏེ། དེ་ལྟ་བུའི་ཤེས་རབ་ཀྱི་སྣང་བ་ཡུལ་རྒྱ་ཆེན་པོ་སྣང་བར་བྱེད་པ་འདིས་བརྒྱན་པར་གྱུར་པའི་བྱང་ཆུབ་སེམས་དཔའ་བློ་དང་ལྡན་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཀུན་ལ་འཇུག་པ་མྱུར་དུ་ཐོབ་པར་འགྱུར་བས་ཤེས་རབ་དེ་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་དྲངས་པའི་ཤིང་རྟ་ལྟ་བུ་ཡིན་ནོ། །འདིར་ཐོས་པའི་ཤེས་རབ་སྨོས་པས་ནི་ཆོས་འདི་ལ་དད་པས་རྗེས་སུ་འབྲང་བ་ཡང་འཇུག་པར་བསྟན་ལ། འོག་ཏུ་རིགས་པའི་ཚུལ་བརྗོད་པས་ནི་ཆོས་ཀྱི་རྗེས་སུ་འབྲང་བ་འཇུག་པར་བསྟན་ཏོ། དེ་ལྟར་ན་དགོས་པ་དེ་སྒྲུབ་པའི་དོན་དུ་བཻ་དུརྒྱའི་ས་གཞི་ལ་ཤར་བའི་བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པ་དཔེ་རྣམ་པ་དགུ་བརྗོད་པ་དེ་ལ། དཔེ་དགུ་པོ་དེ་དག་གིས་མཚོན་པའི་དོན་སྟོན་པ་གཅིག་པུ་ལ་བསྡུ་བའི་དོན་ངེས་པར་གཟུང་བར་བྱ་སྟེ། འདི་ལྟར་དཔེ་དང་པོས་སྐུ་སྟོན་པ་དང་། གཉིས་པས་གསུང་བརྗོད་པ་དང་། གསུམ་པས་ཐགས་ཁྱབ་པ་དང་། བཞི་པས་ས་ཡལ་མ་པ་

(༡༣༤༣) དྲུག་པས་ཐུགས་ཀྱི་གསང་བ་དང་། བདུན་པས་གསུང་གི་གསང་བ་དང་། བརྒྱད་པས་སྐུའི་གསང་བ་དང་། དགུ་པས་ཐུགས་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་པའི་འབྲས་བུ་ཐོབ་པ་ཉིད་བསྟན་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པའི་སྐུ་དངོས་ནི་ཆོས་ཀྱི་སྐུ་ཡིན་མོད་ཀྱི། དེ་ཉན་ཐོས་རྣམས་ལ་གསང་ས་ནས་གཟུགས་བརྙན་དེ་ཉིད་སྟོན་པ་དངོས་ལྟ་བུར་བསྟན་ཏོ། །གསུང་རབ་ཡན་ལག་བཅུ་གཉིས་གསུང་བའི་ཚིག་འབྲུ་ཡང་རྐན་ལྕེ་སོགས་ལ་མི་ལྟོས་པར་རང་འབྱུང་བའི་སྒྲ་བརྙན་ལྷའི་རྔ་ལྟ་བུ་ཡིན་མོད་ཀྱི། དེ་གསངས་ནས་སྟོན་པའི་མགུར་ནས་བྱུང་བ་སྐད་དུ་བརྗོད་དོ། །སྟོན་པའི་ཐུགས་ནི་ཐམས་ཅད་ལ་སྙོམས་མོད་ཀྱི། དེ་གསངས་ནས་མུ་སྟེགས་བྱེད་དགེ་གསུང་གིས་ཚར་གཅོད་ཅིང་། ཆོ་འཕྲུལ་གྱིས་ཕམ་པར་མཛད་ལོ། ལྷ་སྦྱིན་ལ་རོ་མཆིལ་མ་ཟ་བ་འདི་ཞེས་ཆེད་དུ་སྨན་པ་ལྟ་བུར་ཡང་མཛད། །ཚངས་པའི་ལུས་དངོས་དེ་མ་བསྐྱོད་པར་སྤྲུལ་པས་ལྷ་ལ་འདོམས་པ་ལྟར་དེ་བཞིན་གཤེགས་པ་ཡང་ཆོས་ཀྱི་སྐུའི་དབང་ཙམ་གྱིས་བྱུང་བའི་སྤྲུལ་པ་ཡིན་ཡང་དེ་གསངས་ནས་བྲམ་ཟེའི་ཁྱེའུ་བླ་མ་ནི་དམ་པ་ཏོག་དཀར་པོར་གྱུར་ལ། དེ་ནི་འདིར་འོངས་ནས་སངས་རྒྱས་ཤིང་ཆོས་ཀྱང་སྟོན་ཏེ། དེ་ལ་ནི་ཁ་ཟས་དང་སྨན་གྱིས་བར་བྱ་གསོ་དགོས་ལ། ལས་ཀྱི་སྒྲིབ་པ་དག་ཀྱང་སྣང་ཞིང་མཐར་ཚེ་ཟད་པ་ཉིད་ཀྱིས་མྱ་ངན་ལས་འདས་པར་ལ་བསྟན་ཏོ། །སྟོན་པའི་ཡེ་ཤེས་རྟག་ཏུ་འཕྲོ་ཡང་མཉམ་པར་གཞག་ན་མཁྱེན་ནོ་ཞེས་བྱ་བར་ཡང་སྣང་ངོ། །དེ་བཞིན་གཤེགས་

(༡༣༤༤)པའི་ཐུགས་སམ་ཡང་མི་རྟོག་ཀྱང་དེ་གསངས་ན།།།འཇིག་རྟེན་པའི་ཐུགས་བསྐྱེད་པ་ན་དེ་སྲོག་ཆགས་གྲོག་སྡུར་རྣམས་ཀྱིས་ཀྱང་ཤེས་སོ་ཞེས་སྟོན་ཏེ། །གསུངས་བྲག་ཆ་དང་འདྲ་བར་ཡི་གེ་མེད་ཀྱང་དེ་གསངས་ནས་ཚིག་འབྲུ་དང་ཡི་གེ་དག་མགུར་ནས་བྱུང་བར་སྟོན་ཏེ། །སྐུ་དངོས་ནི་ནམ་མཁའ་དང་འདྲ་བར་ཁྱབ་ཅིང་གཟུང་དུ་མེད་ཀྱང་དེའི་ཚེ་ན་སྟོན་པ་བས་ཎཱ་སི་ན་བཞུགས་སོ་ཞེས་བྱ་བ་དང་། ཐག་རིང་པོའི་དགེ་སློང་དག་སྟོན་པ་ལྟ་བའི་སླད་དུ་འོངས་སོ་ཞེས་བྱ་བ་ལ་སོགས་པས་ཁྱབ་པ་མ་ཡིན་པ་ལྟ་བུར་ཡང་བསྟན་ཏོ། །ནོར་བུ་དང་འདྲ་བར་མི་རྟོག་ཙམ་པ་དེ་གདུལ་བར་བྱ་བའི་ལས་ཀྱིས་འདོད་པ་འབྱུང་བ་ལྟར་སྟོན་པ་ཡང་མི་རྟོག་ཙམ་དུ་གནས་པ་ལས་སེམས་ཅན་ལ་ལྷག་པར་བརྩེ་བའི་ཐུགས་རྗ་ཆེན་པོ་ནི་མི་མངའོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་དཔེ་ཕྱི་མ་འདི་སྨོས་པ་ཡིན་ཏེ། ས་གཞི་འདི་སྨོས་པ་ཡིན་ཏེ། །ས་གཞི་ཉིད་ཡོད་པ་ཙམ་གྱིས་མྱུ་གུ་འབྱུང་བ་མ་ཡིན་གྱི། དེའི་ཡོན་ཏན་ཚ་སྒོ་མེད་པའི་གཤིན་པ་དང་རླན་དང་དྲོད་དང་ལྡན་པ་ལ་སོགས་པ་ལས་མྱུ་གུ་སྐྱེ་བ་ལྟར་སངས་རྒྱས་ཀྱི་འཕྲིན་ལས་རྣམས་ཀྱང་མཁྱེན་པ་གཅིག་པུ་ལས་མ་ཡིན་གྱི། བརྩེ་བ་ཕུན་སུམ་ཚོགས་པས་ཀྱང་ཡིན་ནོ་ཞེས་སྟོན་ཏོ། །དབང་པོ་རྣོན་པོའི་དབང་དུ་བྱས་ནས་འཐད་པས་སྒྲུབ་པའི་རིགས་པ་འཆད་དེ། དེ་ཡང་དང་པོར་ཐུགས་ལ་རྣམ་པར་རྟོག་པ་མེད་པ་ལ་ལུས་གཡོ་བ་དང་གསུང་འབྱིན་པ་ལ་སོགས་པའི་ལུས་དང་ངག་གི་བྱ་བ་ལ་ལོངས་སྤྱོད་པའི་རྒྱུན་ཀུན་རབ་ཏུ་ཞི་བས་ཁྱབ་སྟེ། དེའི་དཔེ་ནི་དྲི་མ་མེད་པའི་བཻདུརྒྱའི་ས་གཞི་ལ་ཤར་

(༡༣༤༥)བའི་བརྒྱ་བྱིན་གྱི་གཟུགས་བརྙན་བཞིན་ནོ་ཞེས་བྱ་བས་ཁྱབ་པ་ངེས་པར་བྱས་ནས། ཆོས་ཅན་སངས་རྒྱས་ལ་ལོངས་སྤྱོད་ཞི་བ་ནི་དམ་བཅའ་བའི་དོན་ཡིན་ལ། ཐུགས་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ཡང་ཕལ་ཆེར་དག་ བརྗོད་དང་གཡོ་འགུལ་སོགས་མཐོང་ནས། །གཞན་སེམས་རྗེས་དཔོག་ ཅེས་ལུས་ཀྱི་གཡོ་འགུལ་དང་ངག་གི་བརྗོད་པས་རྟེན་དེ་སེམས་དང་ལྡན་པར་རྗེས་སུ་དཔོག་པའི་ཚུལ་གཟུང་ནས་སྟོན་པ་སངས་རྒྱས་ལ་ཡང་རྣམ་པར་རྟོག་པ་ཡོད་དེ། བརྗོད་པ་དང་གཡོ་འགུལ་ཡོད་པའི་ཕྱིར་སྙམ་སུ་སེམ་པ་དེའི་ཚེ་འཇིག་རྟེན་པའི་ཐ་སྙད་ནི་དེ་བཞིན་གཤེགས་པས་ཀྱང་འགོག་པར་མི་མཛད་པས་ཁྱོད་ཀྱི་དེ་ལ་ཁྱབ་པ་མེད་དེ། དངོས་པོར་སྨྲ་བའི་ལུགས་ཡིན་ནོར་ཞེས་མི་བརྗོད་ཀྱི། གཏན་ཚིགས་གཡོ་འགུལ་དང་བརྗོད་པ་འདི་སངས་རྒྱས་ལ་ཡོད་པ་མ་ཡིན་ཞེས་ཕ་རོལ་གྱི་གཏན་ཚིགས་དེ་མ་གྲུབ་པར་སྟོན་པ་ཡིན་ནོ། །དེས་ན་འདིར་རྒྱུ་རྟོག་པ་མེད་པས་འབྲས་བུ་གཡོ་འགུལ་སོགས་མེད་པར་བརྗོད་པ་ནི་རྒྱུ་མ་དམིགས་པའི་གཏན་ཚིགས་སོ། །ཐུགས་རྣམ་པར་རྟོག་པ་མེད་པའི་གཏན་ཚིགས་དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལེགས་པར་གོམས་པས་དེ་མཐར་སོན་པ་ན་བག་ཆགས་དང་ཡང་ལྡན་ཅིག་མི་གནས་སོ་ཞེས་བྱ་བའི་འགལ་བ་དམིགས་པའི་གཏན་ཚིགས་ཀྱི་ལན་མང་དུ་གསངས་པ་ཡིན་ནོ། །དེ་ལྟར་ན་བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པའི་དཔེ་དག་ནི་རང་བཞིན་ནམ་ངོ་བོའི་དོན་ཞེས་བྱ་བའི་བསྒྲུབ་པར་བྱ་བ་གྲུབ་པའི་དོན་

(༡༣༤༦)དུ་བྱ་བ་པ་ངེས་པའི་དཔེར་གང་།།།དེ་ལན་པོ་ནི་དུ་མ་བཤད་ན། དཔེ་གཅིག་ལ་བརྟེན་ནས་བསྒྲུབ་པར་བྱ་བ་ངེས་པའི་གང་ཟག་དེ་ལ་དཔེ་གཞན་དོན་མེད་དེ། གྲུབ་ཟིན་སྒྲུབ་པའི་ཉེས་པར་འགྱུར་བའི་ཕྱིར་རོ་སྙམ་པའི་དོགས་པ་ནི་།།།བཟང་པོ་བསྟན་པ་ལ་གདུལ་བར་བྱ་བ་མང་པོ་ཡོད་པས་དཔེ་མང་དུ་གསུངས་པ་ཡིན་ནོ་ཞེས་བརྒྱད་སྟོང་འགྲེལ་པར་བཤད་དོ། །འདིར་སྐབས་ཀྱི་དོན་གྱི་སྙིང་པོའི་སྟོན་པ་སངས་རྒྱས་སྐྱེ་འཆི་དང་བྲལ་བའི་འདུས་མ་བྱེས་ཡིན་ལ། འདུས་མ་བྱས་ཡིན་ཀྱང་དེ་ལས་འབད་རྩོལ་མེད་པར་གཞན་གྱི་དོན་རབ་ཏུ་འཇུག་ཅིང་འབྱུང་བ་ངེས་པར་བྱ་བའི་ཕྱིར་གཟུགས་སྟོན་པ་དང་བོས་སྟོན་པ་ལ་སོགས་པའི་དཔེ་དང་དོན་རྣམ་པ་དགུ་གསུངས་པ་ཡིན་ཏེ། སངས་རྒྱས་དཀོན་མཆོག་གི་སྐབས་ཀྱི་འདུས་མ་བྱས་པའི་ཡོན་ཏན་དང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གཉི་ག་རྟེན་སངས་རྒྱས་ཉིད་ལ་མཐུན་པར་འཇུག་པར་བསྟན་པའི་དོན་དུ་ཡེ་ཤེས་སྣང་བ་རྒྱན་གྱི་མདོར་རྒྱ་མེར་གསུངས་པ་ཡིན་ནོ། །འདུས་མ་བྱས་པ་དང་ལྷུན་གྱིས་གྲུབ་པའི་དོན་འདི་ཉིད་ཀྱི་དབང་དུ་བྱས་ཏེ། དཔེ་དགུ་བརྗོད་པ་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་ཕྱིར་སུ་བཅད་པ་བཞི་སྟེ། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིག་ །རིན་ཆེན་ལྷ་དབང་སྣང་བཞིན་སྟོན་པ་སྟེ། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་མཁྱེན་

(༡༣༤༧)དང་བརྩེ་ཆེན་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང་། །རྣམ་གག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཆ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་བཞིན་དུ་ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་དུ་གཞིར་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་གང་ཞིག་བརྒྱ་བྱིན་གྱི་གཟུགས་བརྙན་དང་། ལྷའི་རྔ་དང་། སྤྲིན་བཞིན་དང་། ཚངས་པའི་སྤྲུལ་པ་དང་། ཉི་མའི་འོད་ཟེར་དང་། རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་བཞིན་དང་། སྒྲ་བརྙན་དང་། ནམ་མཁའ་དང་ས་སྟེ་དགུ་པོ་ལ་རྟོག་པ་མེད་པ་བཞིན་དུ་འབད་པ་མེད་པར་ལྷུན་གྱིས་གྲུབ་པ་དང་། སྲིད་པའི་བར་དུ་འབྱུང་བས་རྒྱུན་མི་འཆད་པ་ཉིད་དེ། དེ་ལྟར་གཞན་གྱི་དོན་མཛད་པའི་ཚུལ་དེ་ནི་སྣལ་འབྱོར་ཁོ་ནས་རིག་པར་བྱ་བ་ཡིན་གྱི། རྟོག་གེས་ནི་མ་ཡིན་ནོ། །དེ་དག་གསལ་བར་བཤད་པ་ནི་རྒྱལ་བའི་སྐུ་སྟོན་པ་ནི་རིན་པོ་ཆེ་གཞི་ལ་ལྷ་དབང་གི་གཟུགས་།།བཞིན་སྣང་བརྙན་ཙམ་མོ། །ལེགས་པར་འདོམས་པར་མཛད་པའི་གསུང་ནི་ལྷའི་རྔ་དང་འདྲ་སྟེ། མངོན་པར་འདུ་བྱེད་པ་མེད་དོ།

(༡༣༤༨)།།བདག་གི་མཁྱེན་པ་དང་བརྩེ་བ་ཆེན་པོ་ནི་སྤྲིན་ཆེན་པོ་ཁྱབ་པ་བཞིན་དུ་སྲིད་རྩེའི་བར་གྱིས་བསྡུས་པའི་མཐའ་ཡས་པའི་འགྲོ་བ་ལ་ཁྱབ་བོ། །ཚངས་པ་རང་གི་གནས་ནས་མ་བསྐྱོད་པར་སྤྲུལ་པ་སྟོན་པ་བཞིན་དུ་ཟག་པ་མེད་པའི་ཡོན་ཏན་གྱི་གནས་ཆོས་ཀྱི་སྐུ་ལས་མ་བསྐྱོད་པར་འགྲོ་བ་ཐམས་ཅད་སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན་ཏོ། །ཡེ་ཤེས་ཀྱི་སྣང་བ་འགྲོ་བའི་གནས་ཐམས་ཅད་དུ་རབ་ཏུ་སྤྲོ་བ་ནི་ཉི་མ་བཞིན་དུ་ཇི་ལྟར་འོས་འོས་སུ་འཆར་རོ། །ཡོས་ཆུས་བཀྲུས་ཤིང་རྣམ་པར་དག་པའི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་རྒྱལ་བ་རྣམས་ཀྱི་ཐུགས་ཀྱང་རྣམ་པར་རྟོག་པ་མེད་པར་འདོད་པའི་དོན་སྦྱིན་པར་མཛད་དོ། །རྒྱལ་བ་རྣམས་ཀྱི་གསུང་དེ་ནི་བྲག་ཆ་བཞིན་དུ་ཡི་གེ་དང་མིང་དང་ཚིག་གི་སྒྲ་མེད་ཀྱི། བརྙན་མའོ། །ཆོས་ཀྱི་སྐུ་ནི་ཐམས་ཅད་དུ་ཁྱབ་པའི་ཕྱིར་དང་གཟུགས་མེད་ཅིང་རྟག་པ་ཡིན་པའི་ཕྱིར་ནམ་མཁའ་ལྟ་བུར་རིག་པར་བྱའོ། སས་སྨན་མ་ལུས་པ་བསྐྱེད་པ་བཞིན་དུ་སངས་རྒྱས་ཀྱི་སས་ཀྱང་འགྲོ་བའི་གསོས་སུ་གྱུར་པའི་དཀར་པོ་དགེ་བའི་སྨན་མ་ལུས་པའི་རྣམ་པ་ཀུན་དུ་གཞིར་གྱུར་པ་ཡིན་ནོ། སླར་ཡང་ཇི་ལྟར་ཏེ་རྣམ་པ་གང་གིས་དཔེ་དགུ་པོ་བརྗོད་པ་འདིས་སངས་རྒྱས་བཅོམ་ལྡན་འདས་རྣམས་རྟག་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་འདུས་མ་བྱས་ཡིན་ཡང་སྐྱེ་བ་འགག་པའི་འདུས་བྱས་ཀྱི་སྐུར་མཐོང་བ་དང་། དཔེ་འདི་དག་གིས་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་འཆད་པ་དང་ལྷུན་གྱིས་གྲུབ་པར་འགྲོ་བ་ཐམས་ཅད་དུ་མཛད་པར་བསྟན་པ་ཡིན་ཞེ་ན། ལན་ནི་། དགེ་

(༡༣༤༩)བ་བཻ་དུརྒྱ་འདྲ་ཡི། །སེམས་ལ་སངས་རྒྱས་མཐོང་བའི་རྒྱུ། །དེ་དག་པ་ནི་མི་བཟློགས་པའོ། །དད་པའི་དབང་པོ་རྟས་པ་ཉིད། །དགེ་བ་སྐྱེ་དང་འཇིག་པས་ན། །སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག་ །བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡིས་སྐྱེ་འཇིག་མེད། །དེ་བཞིན་དུ་ནི་འབད་མེད་པར། །སྐྱེ་མེད་འགག་མེད་ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་བར་དུ། །སྟོན་པ་ལ་སོགས་མཛད་པ་འཇུག་ །དཔེ་འདི་རྣམས་ཀྱི་བསྡུས་པ་ཡི། །དོན་ནི་འདི་ཡིན། ཞེས་བྱ་བ་སྟེ། སེམས་ཅན་རང་རང་གིས་དེ་བཞིན་གཤེགས་པ་ལ་དམིགས་ཏེ་བསྐྱེད་པའི་དགེ་བའི་རྩ་བ་ནི་རྒྱུ་བཟང་བས་བཻ་དུརྒྱ་དང་འདྲ་ལ། བཻ་དུརྒྱ་དེ་དག་པའི་ཆོས་མཐུན་སེམས་དེ་དག་པ་ཡང་དད་པ་དེ་མི་བཟློགས་ཤིང་མི་ཉམས་ལ་གོང་ནས་གོང་དུ་རྟས་ཤིང་རྒྱས་པ་ཉིད་ཡིན་པས་བཻ་དུརྒྱ་དང་འདྲ་བའི་སེམས་ལ་སངས་རྒྱས་མཐོང་བའི་རྒྱུ་ནི་དེ་ཡོན་ནོ། །རང་རང་གི་དགེ་བའི་རྩ་བ་དེ་འཕེལ་ཏེ་སྐྱེ་བས་ན་སངས་རྒྱས་ཀྱི་གཟུགས་ནི་སྐྱེ་བར་སྣང་ཞིང་། དགེ་བའི་རྩ་བ་དེ་འཇིག་ཅིང་ཉམས་པ་ན་སངས་རྒྱས་ཀྱི་གཟུགས་ཀྱང་འཇིག་པར་མཐོང་མོད་ཀྱི། གཟུགས་བརྙན་ལ་སྐྱེ་འཇིག་ཏུ་སྣང་བས་བརྒྱ་བྱིན་ལ་སྐྱེ་བ་དང་འཆི་བ་ཡོད་པར་མི་འགྱུར་བ་བཞིན་དུ་ཐུབ་པ་ཡང་སྤྲུལ་པའི་སྐུ་སྐྱེ་བ་དང་འཆི་བར་།།གི་ ཆོས་ཀྱི་སྐུ་ཡིས་ནི་སྐྱེ་བ་དང་འཇིག་པ་མེད་དེ་འདུས་མ་བྱས་པ་ཉིད་ཡིན་ནོ། །བརྒྱ་བྱིན་དང་བརྒྱ་བྱིན་གྱི་གཟུགས་བརྙན་ཇི་ལྟར་ཡིན་པ་དེ་བཞིན་དུ་ནི་དཔེ་ལྷག་མ་

(༡༣༥༠)རྣམས་ཀྱི་ངོན་ཡང་སྐྱེ་བ་མེད་ཅིང་།།།མེད་པའི་ཆོས་ཀྱི་སྐུ་ལས་འབད་པ་མེད་པར་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་སྐུ་སྟོན་པ་དང་གསུང་བརྗོད་པ་ལ་སོགས་པའི་མཛད་པ་མཐའ་དག་འཇོག་གོ །དཔེ་རྣམས་ཀྱི་བསྡུས་པའི་དོན་ནི་བརྒྱ་བྱིན་གྱི་གཟུགས་བརྙན་གྱི་རིགས་པ་ཐམས་ཅན་ལ་སྦྱར་བར་འདི་ཡིན་ནོ། །ད་ནི་དཔེ་བདེ་དག་གི་སྔ་ཕྱིའི་གོ་རིམས་ཀྱང་སྟོན་ཏེ། རིམ་པ་ཡང་སྔ་མ་ཕྱི་མས་ཆོས་མི་མཐུན། །སྤངས་པའི་སྒོ་ནས་བརྗོད་པ་ཡིན། །སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ། །དབྱངས་དང་མི་ལྡན་དེ་མི་ལྡན་དེ་འདྲ་མིན། །ལྷ་ཡི་རྔ་བཞིན་ཐམས་ཅད་དུ། །དོན་བྱེད་མིན་པ་དེ་འདྲ་མིན། །སྤྲིན་ཆེན་དང་མཚུངས་དོན་མེད་པའི། །ས་བོན་ཡོང་མིན་དེ་འདྲའམ་མིན། །ཚང་ཆེན་བཞིན་ཏེ་གཏན་དུ་ནི། །སྨིན་པར་བྱེད་མིན་དེ་འདྲ་མིན། །་ཉི་མའི་གཟུགས་བཞིན་གཏན་དུ་ནི། །མུན་པ་འཇོམས་མིན་དེ་འདྲའམ་མིན། །ཡིད་བཞོན་ནོར་འདྲ་འབྱུང་བ་ནི། །རྙེད་པར་མི་དཀའ་དེ་འདྲའམ་མིན། །སྒྲ་བརྙན་བཞིན་ཏེ་རྐྱེན་ལས་ནི། །བྱུང་བ་དེ་དང་འདྲ་བའམ་མིན། །ནམ་མཁའ་དང་འདྲ་དགེ་བ་ཡི། །གཞི་མེད་དེ་དང་འདྲ་བའང་མིན། །འཇིག་རྟེན་འཇིག་རྟེན་ལས་འདས་པ། །འགྲོ་བའི་ཕུན་ཚོགས་མ་ལུས་པ། །དེ་གནས་པ་ཡི་རྟེན་ཡིན་ཕྱིར། །ས་ཡི་དཀྱིལ་འཁོར་དག་དང་འདྲ། །སངས་རྒྱས་བྱང་ཆུབ་ལ་བརྟེན་ནས། །འཇིག་རྟེན་འདས་པའི་ལམ་འབྱུང་ཕྱིར། །དགེ་བའི་ལས་ལམ་བསམ་གཏན་དང་།

(༡༣༥༡)ཚད་མེད་པ་དང་གཟུགས་མེད་འབྱུང་། །ཞེས་བྱ་བ་དག་གིས་སོ། །དེ་ཡང་དཔེ་སྔ་མ་སྔ་མ་ལས་སངས་རྒྱས་དང་ཆོས་མི་མཐུན་པའི་ཆ་ཡོད་པ་དེ་དཔེ་ཕྱི་མས་སྤངས་པའི་སྒོ་ནས་སྔ་ཕྱིའི་རིམ་པ་དེ་བརྗོད་པ་ཡིན་ཏེ། འདི་ལྟར་དཔེ་སྔ་མའི་དོན་ནི་སངས་རྒྱས་གཟུགས་བརྙན་ལ་ལྟ་བུར་བརྗོད་པ་ཡིན་ཏེ། འོན་ཀྱང་གཟུགས་བརྙན་དེ་ལ་དབྱངས་སུ་བརྗོད་པ་དང་མེ་ལྡན་པས་ཆ་དེ་ནས་གཟུགས་བརྙན་དེ་དང་འདྲ་བ་མ་ཡིན་པས་ལྕའི་རྔའི་དཔེས་ནི་དབྱངས་དང་ལྡན་པར་བརྗོད་པ་ཡིན་ནོ། །ལྷའི་རྔ་ས་སྟེངས་དག་ཏུ་མི་ཐོས་པས་ཐམས་ཅད་དུ་དོན་བྱེད་པ་མ་ཡིན་པ་དེ་དང་སངས་རྒྱས་འདྲ་བ་མ་ཡིན་ཏེ། སྤྲིན་བཞིན་དུ་ཁམས་གསུམ་པོ་ཐམས་ཅད་ཀྱི་དོན་མཛད་དོ། །སྤྲིན་ནི་དོན་མེད་པའི་དུག་གི་ས་བོན་ཡང་མི་ཡོང་བར་བསྐྱེད་ན་སངས་རྒྱས་ནི་དགེ་བའི་ས་བོན་འབའ་ཞིག་བསྐྱེད་པས་དེ་དང་འདྲ་བ་མ་ཡིན་ཏེ། ཚངས་ཆེན་གྱི་སྤྲུལ་པ་བཞིན་དུ་འདོད་པ་ལ་འདུན་པའི་དུག་སེལ་བར་མཛད་དོ། །ཚངས་ཆེན་གྱི་སྤྲུལ་པས་འདོད་པའི་འདུན་པ་བཟློག་པ་ཙམ་བྱེད་ཀྱི། གཏན་དུ་བའི་ཐར་པའི་རྒྱུར་སྨིན་པར་བྱེད་པ་མ་ཡིན་པས་དེ་དང་འདྲ་བ་མོ་ཡིན་ཏེ། ཉི་མས་རྩི་ཤིང་ཐམས་ཅད་སྨིན་པར་བྱེད་པ་བཞིན་དུ་ཐར་པའི་རྒྱུའི་དགེ་བ་ཡང་སྨིན་པར་མཛད་དོ། །ཉི་མའི་གཟུགས་བཞིན་དུ་ཡང་བཤད་པ་ལ་ཉི་མས་ཉིན་མོའི་མུན་པ་འཇོམས་པར་ཟད་ཀྱི་མཚན་མོའི་མུན་པ་ཡང་འཇོམས་པར་བྱེད་པས་སྤྲིན་པ་དོ་དང་འདྲ་བ་མ་ཡིན་ཏེ། ཡིད་བཞིན་གྱི་ནོར་བུས་ཁྱིམ་ནང་གི་མཚན་མོའི་བདུན་པ་ཡང་འཇོམས་པར་བྱེད་ལ། སངས་རྒྱས་

(༡༣༥༢)ཀྱིས་ཀྱང་ཤེས་བྱའི་སྒྲིབ་པའི་མུན་པ་སེལ་བར་མཛད་དོ། །ཡིན་བཞིན་གྱི་ནོར་བུ་དུད་འགྲོ་དག་གིས་ཀྱང་རྙེད་པས་འཁོར་བ་ན་རྙེད་པ་དཀའ་བ་མ་ཡིན་ལ། སངས་རྒྱས་ནི་འཇིག་རྟེན་དུ་འབྱུང་བ་རྙེད་པར་དཀའ་བས་དེ་དང་འདྲ་བ་ཡང་མ་ཡིན་ཏེ་སྒྲ་བརྙན་བཞིན་ནོ། །སངས་རྒྱས་ནི་སྒྲ་བརྙན་དང་འདྲ་བར་བརྗོད་མོད་ཀྱི་རྐྱེན་ལས་བྱུང་བ་མ་ཡིན་པའི་འདུས་མ་བྱས་ཡིན་པས་སྒྲ་བརྙན་དེ་དང་འདྲ་བ་ཡང་མ་ཡིན་པར་ནམ་མཁའ་དང་འདྲའོ། །སངས་རྒྱས་ནི་ནམ་མཁའ་དང་འདྲ་བར་བཤད་མོད་ཀྱི། ལོ་ཏོག་གི་གཞི་མ་ཡིན་པ་ནམ་མཁའ་དེ་དང་འདྲ་བ་མ་ཡིན་ཏེ། ས་བཞིན་དུ་དགེ་བའི་ལོ་ཏོག་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །ཇི་ལྟར་ས་དང་འདྲ་བ་དགེ་བའི་ལོ་ཏོག་ཐམས་ཅད་ཀྱི་རྟེན་ཡིན་ཞེ་ན། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་མངོན་པར་མཐོ་བའི་དཔལ་ཆེན་པོ་དག་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་མངོན་པར་ཤེས་པ་ལ་སོགས་པ་བསྐྱེད་པས་འགྲོ་བའི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་དག་གནས་པའི་རྟེན་ཡིན་པའི་ཕྱིར་སའི་དཀྱིལ་འཁོར་དག་དང་འདྲའོ། །དེ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ཐེག་པ་གསུམ་གྱི་ལམ་རྣམས་འབྱུང་ལ། ཕྱིར་ཏེ་འབྱུང་བ་དེ་ལས་དགེ་བ་བཅུའི་ལས་ཀྱི་ལམ་དང་བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་གཟུགས་མེ་པའི་སྙོམས་པར་འཇུག་པ་བཞི་དང་མངོན་པར་ཤེས་པ་ལྔ་རྣམས་འབྱུང་ངོ། །དེ་ལྟར་ན་དག་ཉིད་ལ་དགེ་བའི་བློ་ཆུང་ཟད་ཙམ་གང་

(༡༣༥༣)འབྱུང་ག་དེ་ཡང་སངས་རྒྱས་མཐུ་ལས་ཡིན་པར་ཤེས་ནས་རྗེས་སུ་དྲན་པ་སྒོམ་པ་ལ་ཡིད་ངེས་པར་སྦྱར་བར་བྱའོ། །ནམ་མཁའ་འདི་དང་ས་འདི་སྲས་བཅས་རྒྱལ་བའི་ཚོགས་ཀྱིས་གང་། །དེ་ནི་བ་ག་ཅག་རྣམས་ཀྱི་མུ་སེལ་སྒྲོན་མེ་ཐོགས་པ་བཞིན། །རང་གི་ཉེས་པ་ཉིད་ཀྱིས་གནས་སྐབས་འདི་འདྲར་གྱུར་ཤེས་ནས། །རྒྱལ་བ་རྣམས་ལ་མངོན་པར་དགའ་བའི་ཡིད་ནི་རྟག་ཏུ་གྱིས། །དེ་ལྟར་རྒྱལ་བའི་ཆོས་ཚུལ་ཟབ་མོ་ནི། །མཐོང་བ་མིན་ཡང་དེ་རིང་གུས་བརྗོད་དེ། །དེ་ཡི་དགེ་བའང་རྒྱལ་བའི་མཛད་པ་བཞིན། །སྲིད་པ་དང་ནི་ནམ་མཁའི་མཐར་འཕེལ་ཤོག་ །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གསུམ་གྱི་རིགས་རྣམ་པ་བཞིར་རྣམ་པར་དབྱ་བ་ལྟ་རིགས་བཞི་པ་དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པའི་སྐབས་ཏེ་ལེའུ་བཞིན་པའི་རྣམ་པར་བཤད་པའོ།།

(༡༣༥༤)

(༡༣༥༥)ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་བཤད་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མེ་ལོང་ལས་ཕན་ཡོན་གྱི་ལེའུའི་འགྲེལ་པ་བཞུགས་སོ།

(༡༣༥༦)བླ་མ་དམ་པ་རྣམ་ལ་ཕྱག་འཚལ་ལོ། །གང་ཞིག་ཐོས་པས་སྔོན་བྱས་སྡིག་པ་དྲག་ཅིང་མང་བའང་ཟད་བྱེད་ལ། །གང་གི་དོན་གྱི་ཆ་ཙམ་བསམས་པས་དགཱ་བ་མཐའ་ཡས་ཀྱི་འགྱུར་བ། །ཐུབ་པའི་གསུང་རབ་འཇིག་རྟེན་སྒྲོན་མེ་སྣང་བྱེད་ཀུན་གྱི་མཆོག་གྱུར་པ། །མདོ་སྡེ་མཆོག་དང་དེ་ཡི་གླེགས་བམ་དེ་འཛིན་ཀུན་ལ་ཕྱག་བགྱིའོ། །ཇི་ལྟར་དབུལ་པོས་རིན་ཆེན་གཏེར་ཐོབ་པས། །དགའ་ཞིང་སྤྲོ་སྟེ་སེམས་ནི་མཐོ་འགྱུར་བ། །དེ་ལྟར་མཚམས་ལས་འདས་པའི་ཕན་ཡོན་དག་ །རབ་ཏུ་བརྗོད་ལ་སྤྲོ་བར་གྱུར་པ་ཡིན། དེ་ལྟར་དེ་ཡན་ཆད་ཀྱིས་ནི། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། །གང་ལས་དཀོན་

(༡༣༥༧)མཆོག་དགེ་བ་གསུམ་འབྱུང་བ། །དེ་དམ་གཟིགས་པ་རྣམས་ཀྱི་ཡུལ་འདོད་དོ། །ཞེས་ཚིགས་སུ་བཅད་པ་དེའི་བསྡུས་པའི་དོན་གྱི་བཤད་པ་རྫོགས་ནས། །འདི་ཕན་ཆད་ནི་ཇི་སྐད་དུ་བསྒྲགས་པའི་གནས་ཁམས་དང་བྱང་ཆུབ་དང་ཡོན་ཏན་དང་ཕྲིན་ལས་ཏེ་ཡུལ་བཞི་པོ་འདི་དག་ལ་དད་པའི་རྣམ་པར་རྟོག་པས་རྣག་ལ་སྣང་བའི་དོན་བཞི་པོའི་རྣམ་པ་ལ་དོན་བཞི་པོ་ཉིད་ལྟ་བུར་ལྷག་པར་མོས་པའི་སེམས་དང་ལྡན་པའི་གང་ཟག་རྣམས་ཀྱི་ལྷག་པར་མོས་པའི་ཕན་ཡོན་ནི་མཐར་ཐུག་པའི་འབྲས་བུ་སངས་རྒྱས་ཉིད་ཀྱི་བར་འབྱུང་མོད་ཀྱི། རེ་ཤིག་དེ་མ་བརྗོད་པར་མོས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཆེ་བ་ཉིད་སྟོན་པའི་ཚིགས་སུ་བཅད་པ་དྲུག་དང་། དེའི་རྣམ་པར་བཤད་པ་ཚིགས་སུ་བཅད་པ་དགུ་འབྱུང་ངོ། །དེ་ནས་ནི་བསྟན་བཅོས་ཆེན་པོའི་དགོས་པ་ལ་སོགས་པ་།།བཞི་སྟོན་པའི་ཚིགས་སུ་བཅད་པ་བཅུ་སྟེ། ལྷག་མ་ནི་དེའི་བཤད་པར་གྱུར་པའོ། །དེ་ལ་མོས་པའི་རྟེན་དུ་གྱུར་པ་གང་ཟག་ནི་

(༡༣༥༨)བྱང་ཆུབ་སེམས་དཔའ་སྟེ། །།།དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་སྟེ་གཉིས་སོ། །གཉིས་པོ་དོ་རེ་རེ་ལ་ཡང་། །ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབྱེ་བས་རྣམ་པ་བཞིར་འགྱུར་རོ། །འདི་ན་མིའམ་ས་ཀྱི་དབང་དུ་བྱས་པ་སྟེ། འགྲོ་བའི་རེས་ས་གཞན་དག་ན་ཡང་ལྷག་པར་མོས་པའི་གང་ཟག་མང་དུ་འབྱུང་བས་དེ་དག་ལ་ཡང་ཚད་མེད་པའི་བསོད་ནམས་འབྱུང་བ་ཉིད་དུ་ངེས་པར་བྱའོ། །དེའི་།།འདིར་གསུངས་པའི་ཕན་ཡོན་རྣམས་ནི་དད་པས་རྗེས་སུ་འབྲང་བ་ལ་ཡང་འབྱུང་བ་ཡིན་ཏེ། ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། ཞེས་གསུངས་པའི་ཕྱིར་རོ། །དད་པས་རྗེས་སུ་འབྲང་བ་ལས་ཆོས་ཀྱི་རྗེས་སུ་འབྲང་བ་དག་ལ་ཆོས་ལྷག་པའི་བསོད་ནམས་འབྱུང་བར་ནི་ངེས་པར་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མོད་ལས་ངེས་པར་མཛད་དོ། །འདིར་གཞུང་དུ་བསྟན་པའི་བསོད་ནམས་ཀྱི་རྒྱུའི་མོས་པ་ནི་དང་པོར་མོས་ཤིང་མོས་ནས་རྟོག་ཅིང་སེམ་པར་བྱེད་ལ། བསམས་ནས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡི་གེར་བྲི་བ་དང་། དེ་གཞན་ལ་སྟོན་པ་དང་། དེ་ལ་མང་དུ་མཆོད་པར་བྱེད་པ་ལ་སོགས་པའི་བྱ་བས་ནི་བསོད་ནམས་གོང་ནས་གོང་དུ་འཕེལ་བར་འགྱུར་རོ། །།དེ་ན། བྱ་བ་ཁྱད་པར་ཅན་རྣམས་མ་གྲུབ་ཀྱང་མོས་པ་བརྟན་པ་ཉིད་འདིར་བཤད་པའི་བསོད་ནམས་ཀྱི་འབྱུང་ཁུངས་སུ་འགྱུར་རོ། །སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་

(༡༣༥༩)མིན་། འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །བློ་ལྡན་རྒྱལ་བའི་ཡུལ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་འགྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །གང་ཞིག་བྱང་ཆུབ་དོན་དུ་གནེར་བས་གསང་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྒྱུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆོས་མ་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་། །ལུས་ངག་ཡིད་ཀྱིས་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སླུང་བྱེད་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི་ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆོས་མང་ཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་ཡང་ཆུབ་འཕོ་མེད་ཐབས་སྒོམས་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆོས་མང་ཐོབ་པར་འགྱུར། །གང་་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་ཡོང་བྱེད་ལ། །ཤེས་བར་ཉོན་མོངས་ཤེས་བྱ་ཀུན་ཡོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་

(༡༣༦༠)ཐོས་ཡིན། །ཞེས་བྱ་བ་གསུང་བ་ཏེ། དེ་ལ་སངས་རྒྱས་ཀྱི་།།དང་སངས་རྒྱས་ཀྱི་བྱང་ཆུབ་དང་སངས་རྒྱས་ཀྱི་ཆོས་ཡོན་ཏན་དང་སངས་རྒྱས་ཀྱི་ཕྲིན་ལས་ཏེ་རྣམ་པ་བཞི་པོ་འདི་དག་ནི་དག་པའི་སེམས་ཅན་ས་བཅུ་ལ་གནས་པ་རྣམས་ཀྱིས་ཀྱང་རྫོགས་བས་བསམ་པར་བྱ་བ་མ་ཡིན་གྱི། བཞི་པོ་འདི་ནི་རྫོགས་པར་འདྲེན་པ་རྣམས་ཁོ་ནའི་སྤྱོད་ཡུལ་ཡིན་པས་ཡུལ་ཕུལ་དུ་བྱུང་བ་ཉིད་ཀྱིས་ཆོས་པའི་བསོད་ནམས་ཀྱང་ཕུལ་དུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །བློ་ལྡན་བྱང་ཆུབ་སེམས་དཔའ་རྒྱལ་བ་ཁོ་ནའི་ཡུལ་བཞི་པོ་འདི་དག་ལ་མོས་ཤིང་དད་པ་ནི་བསམ་དུ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་ཀྱི་སྣོད་དུ་གྱུར་པའི་བསོད་ནམས་ཁྱད་པར་ཅན་བསྐྱེད་ལ། བསོད་ནམས་དེས་ནི་དེ་མ་ཡིན་པའི་སེམས་ཅན་མཐའ་ཡས་པ་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན་པར་འགྱུར་བས་དང་པོར་མོས་པ་རྒྱ་ཆེ་བ་དང་བརྟན་པ་བསྐྱེད་པར་བྱ་སྟེ། དེའི་རྒྱུར་ཡང་སྐྱེས་བུ་དམ་པ་ལ་བརྟེན་པར་བྱའོ། །དེ་ལ་བསོད་ནམས་ཀྱང་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་རྣམ་པ་གསུམ་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་སྦྱིན་པ་ལས་བྱུང་བའི་དབང་དུ་བྱས་ན་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུང་པ་ཡིན་ཏེ། སྦྱིན་པ་པོའི་རྟེན་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་གང་ཞིག་གིས་སོ། །བསམ་པའི་ཁྱད་པར་ནི་སེམས་ཅན་མཐའ་ཡས་པ་དག་གི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བས་སོ། །རྫས་ཀྱི་ཁྱད་པར་ནི་དབུལ་བར་བྱ་བའི་རྫས་གཞི་གསེར་ལས་གྲུབ་པའི་ཞིང་ཁམས་ནོར་བུ་རིན་པོ་ཆེ་

(༡༣༦༡)རྒྱན་དུ་མས་སྲས་ཤིང་བྱུར་བུར་ཡང་བཀང་སྟེ་གྲངས་སངས་རྒྱས་ཀྱི་ཞིང་གི་རྡུལ་གྱི་གྲངས་དང་མཉམ་པ་དུས་ཀྱི་ཁྱད་པར་རྟག་ཏུ་སྟེ་བསྐལ་པ་བྱེ་བ་གྲངས་མེད་པའི་བར་དུ་ཉིན་རེ་བཞིན་དུའོ། །ཡུལ་ནི་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་གྲངས་མེད་པ་རྣམས་ལའོ། །དེ་ལྟ་བུའི་སྦྱིན་པའི་བདག་པོ་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་གང་ཞིག་ཡེ་ཤེས་སྣང་རྒྱན་གྱི་མདོ་འདི་དང་། དེའི་དོན་ལྷུར་ལེན་པའི་བསྟན་བཅོས་འདི་ལས་དོན་རིགས་པ་དང་མངོན་སུམ་གྱིས་རྟོགས་པ་མེད་ཀྱང་ཚིག་ཙམ་ཐོས་པ་ལ་བརྟེན་པའི་ཤེས་རབ་སྐྱེས་ཤིང་སྐྱེས་ནས་ཀྱང་མོས་པར་གྱུར་ན་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་སེམས་དཔའ་གཞན་གྱི་རྟེན་དང་བསམ་པ་དང་དངོས་པོ་དང་ཡུལ་གྱི་ཁྱད་པར་ལྔ་དང་ལྡན་པའི་སྦྱིན་པ་དེ་ལས་བྱུང་བའི་དགེ་བ་དེ་ལས་ཆོས་མང་བའི་བསོད་ནམས་ཐོབ་པར་འགྱུར་རོ། །དེར་མ་ཟད་ཚུལ་ཁྲིམས་ལས་བྱུང་བའི་དབང་དུ་བྱས་ནས་ཀྱང་རྟེན་བློ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གང་ཞིག་གིས་སོ། །བསམ་པ་ནི་སེམས་ཅན་མཐའ་ཡས་པའི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པས་སོ་དུས་ནི་བསྐལ་པ་གྲངས་མེད་པ་དུ་མར་ཡང་ངོ། ངོ་བོ་ནི་ལུས་ཀྱི་སྡིག་པ་གསུམ་དང་། ངག་གི་གཞི་དང་། ཡིད་ཀྱི་གསུང་ཡོང་བའི་ཚུལ་ཁྲིམས་སྔོན་གོམས་པའི་ཤུགས་སྐྱིས་ཆེད་དུ་འབད་པར་མེད་པར་རང་གི་དང་གིས་འབྱུང་བའི་ཡོང་བའི་སེམས་ཀྱི་ཆུབ་བྱང་སེམས་པ་དང་སྒྲགས་པ་དང་མོད་དམའ་བའི་དྲི་མ་མེད་པ་སླང་བར་བྱེད་ལ། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་གང་ཞིག་མོད་དང་བསྟན་བཅོས་འདི་ལས་

(༡༣༦༢)ཡུལ་བཞི་པོ་སྟོན་པའི་ཚིག་ཙམ་ཐོས་པའི་ཤེས་རབ་བསྐྱེད་ཅིང་། །།།ཀྱང་མོས་པ་སྐྱེས་པར་གྱུར་ན་བྱང་ཆུབ་སེམས་དཔའི་འདི་ནི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་དེ་ལས་ཆེས་མང་བའི་བསོད་ནམས་འཐོབ་པར་འགྱུར་རོ། །བསྒོམས་པ་ལ་བྱུང་བའི་དབང་དུ་བྱས་ནས་རྟེན་བྱང་ཆུབ་སེམས་དཔའ་གང་ཞིག་ བསམ་པ་རྫོགས་པའི་བྱང་ཆུབ་འཕོ་ཞིང་ཉམས་པ་མེད་པའི་གོ་འཕང་སེམས་ཅན་མཐའ་ཡས་པས་ཐོབ་པར་བྱ་བའི་ཕྱིར་བསྒོམས་ལ། །།།དུས་ནི་བསྐལ་པ་བྱེ་བ་གྲངས་མེད་པར་རོ། །རང་གི་ངོ་བོ་ནི་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་པའི་མེ་འཇིལ་ཞིང་ཡོང་བར་བྱེད་པ་ལྷའི་གནས་པ་བསམ་གཏན་བཞི་དང་ཚངས་པའི་གནས་པ་ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་དངོས་གཞི་ཐོབ་པའི་བར་དུ་མཐར་སོན་པར་བསྒོམས་པའོ། །དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་གང་ཞིག་མདོ་དང་བསྟན་བཅོས་འདི་ལས་ཚིག་ཙམ་ཐོས་པའི་ཤེས་རབ་བསྐྱེད་ཅིང་། ཤེས་རབ་བསྐྱེད་ནས་ཀྱང་མོས་པ་སྐྱེས་པར་གྱུར་ན་འདི་ནི་བསམ་གཏན་ལས་བྱུང་བའི་དགེ་བ་དེ་ལས་ཆེས་མང་བའི་བསོད་ནམས་ཐོབ་ཅིང་། དེ་དག་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །ཟིལ་གྱིས་གནོན་པའི་དོན་ནི་བསོད་ནམས་དེའི་མཐུ་ཆེ་བ་ཐོས་ནས་ཞུམ་སྟེ་ཡ་གོང་བར་འགྱུར་བའོ། །དོན་འདི་ནི་དགོངས་པ་ངེས་པར་འགྲེལ་བ་ལས་དྲང་བའི་དོན་དང་ངེས་པའི་དོན་གྱི་མདོ་སྡེ་ལ་མོས་པའི་བསོད་ནམས་ཀྱི་ཁྱད་པར་བསྟན་པ་ལས་ཀྱང་རིགས་པར་བྱའོ། །རྒྱུ་མཚན་གང་གི་ཕྱིར་སྦྱིན་པས་ནི་གང་དུ་སྐྱེས་ཀྱང་ལོངས་སྤྱོད་ཕུན་སུམ་ཚོགས་

(༡༣༦༣)པ་སྒྲུབ་པར་བྱེད་ཅིང་། །བཟོད་པ་དང་ལྡན་པས་བཙོན་འགྲུས་བརྩམས་ཏེ་བསམ་གཏན་བསྒོམས་པས་ནི་རང་གི་ས་འོག་མའི་ཉོན་མོངས་པ་རྣམས་ཡོང་བར་བྱེད་མོད། དེ་ཡང་འཁོར་བ་ལས་ནི་མ་འདས་ལ། །གང་ཟག་གི་བདག་མེད་པ་བསྒོམས་པ་ཙམ་གྱིས་ཀྱང་ཉོན་མོངས་པ་ཙམ་ཡོང་ཞིང་དམན་པ་ལས་མ་འདས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་བདག་གཉིས་ཀྱི་སྤྲོས་པ་དང་བྲལ་བའི་ངོ་བོ་ཡིན་ལ། དེ་རྟོགས་པ་ནི་བྱང་ཆུབ་ཡིན་ཞིང་། བྱང་ཆུབ། །དེའི་རྟོགས་པའི་ནང་གི་དབྱེ་བ་ལ་ནི་ཡོན་ཏན་ཞེས་བྱ་ལ། ཕྲིན་ལས་ཕུན་སུམ་ཚོགས་པ་མཐའ་ཡས་པ་དག་ཀྱང་སྤྲོས་པ་མཐའ་དག་དང་བྲལ་བའི་བྱང་ཆུབ་ཆོས་ཀྱི་སྐུས་བྱེད་པའི་ཚུལ་འདི་ཤེས་རབ་ཀྱིས་ལེགས་པར་ཤེས་ནས་མོས་པ་ལ་ནོ་སྔ་མ་གསུམ་ལས་བསོད་ནམས་ཆོས་ལྷག་པ་ཡིན་ཏེ། སྙིང་པོ་ཤེས་པའི་ཤེས་རབ་ཀྱིས་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་དམ་སླར་མི་ལྷོག་པས་དུས་ཀུན་དུ་ཡང་ཡོང་བ་དེའི་ཕྱིར་ཤེས་རབ་འདི་ཕ་རོལ་དུ་ཕྱིན་པ་ལྔ་ལས་མཆོག་ཏུ་གྱུར་པ་ཉིད་ཡིན་ཏེ། ཤེས་རབ་མཆོག་དེའི་ཡང་རྩ་བའི་རྒྱུ་གྲུང་པོ་ཡང་སྙིང་པོའི་ཚུལ་དེ་སྟོན་པའི་མདོ་དང་བསྟན་བཅོས་པའི་ཤེས་རབ་ཡིན་ནོ། །ཚིགས་སུ་བཅད་པ་དྲུག་པོ་འདི་རྣམས་ཀྱི་དོན་རྒྱས་པར་བཤད་ན་མཐའ་ཡས་ཀྱང་བསྡུས་ཏེ་རྣམ་པར་ཕྱེ་བས་བཤད་པའི་དོན་ནི་ཚིགས་སུ་བཅད་པ་དགུས་རིག་པར་བྱ་སྟེ། གནས་དང་དེ་ནི་གྱུར་པ་དང་། །དེ་ཡི་ཡོན་ཏན་དོན་སྒྲུབ་སྟེ། །རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ།

(༡༣༦༤)།།།བཞི་ཇི་སྐད་བརྗོད་འདི་ལ། །བློ་ལྡན་ཡོད་དང་ནུས་ཉིད་དང་། །ཡོན་ཏན་ལྡན་པར་མོས་པས་ནི། །མྱུར་དུ་དེ་བཞིན་གཤེགས་པ་ཡི། །གོ་འཕང་འཐོབ་པའི་སྐལ་ལྡན་འགྱུར། །བསམ་མི་ཁྱབ་པའི་ཡུལ་འདི་ནི། །ཡིད་དང་བདག་འདྲེས་ཐོབ་ནུས་དང་། །ཐོབ་པ་འདི་འདྲའོ་ཡོན་ཡན་དང། །ལྡན་ཞེས་དད་པས་མོས་པའི་ཕྱིར། །འདུན་བརྩོན་དྲན་དང་བསམ་གཏན་དང་། །ཤེས་རབ་ལ་སོགས་ཡོན་ཏན་སྣོད། །བྱང་ཆུབ་སྨེས་ནི་དེ་དག་ལ། །རྟག་ཏུ་ཉེ་བར་གནས་པར་འགྱུར། །དེ་ནི་རྟག་ཏུ་ཉེར་གནས་པས། །རྒྱལ་བའི་སྲས་པོ་ཕྱིར་མི་ལྷོག་ །བསོད་ནམས་ཕ་རོལ་ཕྱིན་རྫོགས་དང་། །ཡོངས་སུ་དག་པ་ཉིད་དུ་འགྱུར། །བསོད་ནམས་ཕ་རོལ་པ་ལ། །དེ་ལ་རྣམ་གསུམ་རྟོག་མེད་པས། །དེ་རྫོགས་ཡོངས་སུ་དག་པ་ནི། །དེ་ཡི་མི་མཐུན་ཕྱོགས་སྤངས་ཕྱིར། །སྦྱིན་བྱུང་བསོད་ནམས་སྦྱིན་པ་སྟེ། །ཚུལ་ཁྲིམས་ལས་བྱུང་ཚུལ་ཁྲིམས་ཡིན། །བཟོད་དང་བསམ་གཏན་གཉིས་དག་ནི། །སྒོམ་བྱུང་བརྩོན་འགྲུས་ཀུན་དུ་འགྲོ་འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཤེས་རབ་ལས་གཞན་འདི་དག་ནི། །ཡོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག་ །ཅེས་བྱ་བ་དག་གོ་ །འདིར་མོས་པའི་ཕན་ཡོན་སྟོན་པ་ཆོས་མངོན་པ་བ་དག་གིས་སེམས་ལས་བྱུང་བའི་རྣམ་

(༡༣༦༥)པར་དབྱེ་བ་འཆད་པའི་སྐབས་སུ་མོས་པ་དང་། དད་པ་དག་ཐ་དད་པར་བཤད་ཀྱང་དོན་གྱི་སྐབས་འདི་ལྟ་བུར་ནི་མོས་པ་དང་དད་པ་དག་ངོ་བོ་གཅིག་གོ །དད་པ་ཡང་དང་བའི་དད་པ་དང་། འདོད་པའི་དད་པ་དང་། ཡིད་ཆེས་པའི་དད་པ་རྣམ་པ་གསུམ་ལས་ཁམས་ལ་སོགས་པ་རྣམ་པ་བཞི་པོ་ལ་ཡོན་ཏན་མཐོང་བས་དང་བའི་དད་སྐྱེའོ། །འདི་དག་ཤེས་པའི་སྟོབས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པའི་དད་པ་སྐྱེའོ། །ཤེས་རབ་ཀྱི་ཡུལ་བདག་མེད་པ་རྣམ་པ་གཉིས་ལ་ཡིད་ཆེས་པའི་དད་པ་སྐྱེའོ། །གསུམ་པོ་དེ་དག་ཀྱང་འཆད་བཞིན་པའི་གཞུང་འདི་དག་ཉིད་ཀྱི་དོན་དུ་གནས་ཏེ། དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་གཉི་གའི་གནས་པོ་དྲི་མ་དང་བཅས་པའི་ཁམས་དང་། ཁམས་དེ་ནི་འཁོར་བའི་ཆོས་ཀྱི་གནས་པོ་བྱེད་པ་ལས་ཡོངས་སུ་གྱུར་ཅིང་ལོག་ནས་ཐར་པའི་ཡོན་ཏན་འབའ་ཞིག་གི་གནས་བྱེད་པ་ན་བྱང་ཆུབ་ཅེས་མིང་བཏགས་པ་དང་། བྱང་ཆུབ་དེའི་ཡོན་ཏན་ཆོས་དང་གཟུགས་ཀྱི་སྐུས་ཕྱེ་བའི་དྲུག་བཅུ་རྩ་བཞི་དང་། བྱང་ཆུབ་ཡུལ་ལོ། །དེ་ཡང་བཞི་པོ་དེ་དག་མངོན་པར་བསྡུ་ན་ཐམས་ཅད་མཁྱེན་པའི་ཡུལ་ཁོ་ན་ཡིག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མོས་པ་ཙམ་གྱིས་ཡུལ་དུ་བྱ་བ་ཁོ་ནའོ། །དད་པའི་རྣམས་

(༡༣༦༦)ནི་ཡུལ་བཞི་པོ་འདི་།།ལ་དྲི་མ་དང་བཅས་པའི་ཁམས་སེམས་ཅན་ཐམས་ཅད་ལ་ཡོད་ཅིང་སྦྱང་དུ་རུང་བ་དང་། དེ་ཡོངས་སུ་གྱུར་པའི་བྱང་ཆུབ་ནི་བདག་དང་སེམས་ཅན་ཐམས་ཅད་ལ་ཁམས་དེ་ཡོད་པ་ཉིད་ཀྱི་རྒྱུ་མཚན་གྱིས་ཡང་དག་པར་བླངས་པ་ལས་བྱུང་བའི་རིགས་སྐྱེ་ལ། དེ་ས་རིམ་གྱིས་སྐྱེ་བའི་ལམ་གྱིས་འཐོབ་པར་ནུས་པ་ཉིད་དང་། ཐོབ་པ་ན་བྱང་ཆུབ་དེ་ཡོན་ཏན་དང་ལྡན་པ་ཁོ་ན་ཡིན་པ་དང་། ཡོན་ཏན་དེས་མཐའ་ཡས་པའི་དོན་བྱེད་པ་རྣམས་ལ་བློ་ལྡན་རྣམས་རབ་ཏུ་དང་བའོ། །དང་བའམ་མོས་པ་དེའི་མཐུ་ནི་མོས་པས་མྱུར་བའི་ལམ་སྒྲུབ་པས་ན་དུས་མྱུར་དུ་དེ་བཞིན་གཤེགས་པའི་གོ་འཕྲང་ཐོབ་པར་འགྱུར་བའི་ཕྱིར་དེའི་སྐལ་བ་དང་ལྡན་པའི་སྣོད་དུ་འགྱུར་རོ། །འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡུལ་བཞི་པོ་འདི་ནི་ཁམས་ཡོད་པ་དང་། བྱང་ཆུབ་བདག་འདྲ་བས་ཐོབ་པར་ནུས་པ་དང་ཐོབ་པ་ན་སྔར་བཤད་པ་འདི་ལྟ་བུའི་ཡོན་ཏན་དང་ལྡན་ཞིང་། ཡོན་ཏན་དེ་དག་གིས་སེམས་ཅན་རྣམས་ཀྱང་དེ་ཉིད་ལ་སྦྱོར་བའི་ཕྱིར་ཞེས་བྱ་བའམ་སྙམ་པའི་དད་པས་ཡུལ་བཞི་པོ་དེ་དག་ལ་མོས་པ་ལས་འདུན་པ་དད་པའི་དབང་པོ་དང་བརྩོན་འགྲུས་ཀྱི་དབང་པོ་དང་དྲན་པའི་དབང་པོ་དང་བསམ་གཏན་ཏེ་ཏིང་ངེ་འཛིན་གྱི་དབང་པོ་དང་ཤེས་རབ་ཀྱི་དབང་པོ་དང་། དེ་དག་ལ་སོགས་པ་ཐེག་པ་ཆེན་པོའི་ལམ་གྱི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཡོན་ཏན་གྱི་སྣོད་དུ་འགྱུར་རོ། །འདིར་དད་པ་ལ་སོགས་པ་ལྔ་པོ་ཐར་པའི་ཆ་མཐུན་གྱི་གནས་སྐབས་སུ་སྐྱེ་བ་ན་དེ་དག་ལ་དབང་པོར་བརྗོད་པར་མི་བྱའོ་ཞེས་འཕགས་པ་རྣམ

(༡༣༦༧)་པར་གྲོལ་བའི་སྡེས་གསུངས་པ་མ་ཡིན་ནམ་ཇི་ལྟར་ན་དབང་པོའི་སྒྲས་བརྗོད་ཅེ་ན། འདི་དང་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་ཡུལ་གྱི་དད་པ་ལ་སོགས་པ་ལ་དབང་པོར་བཏགས་ནས་བརྗོད་དུ་རུང་བ་ཡིན་གྱི། དངོས་སུ་ནི་མ་ཡིན་ནོ། །གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཏུ་བསྔགས་པ་དེ་ཡང་བློ་དང་ལྡན་པ་དེ་དག་ལ་དབང་པོ་ལྔས་གྲོགས་བྱས་པས་ཕྱིར་མི་ལྷོག་པར་རྟག་པ་ཉིད་དུ་ཉེ་བར་གནས་ཤིང་འཕེལ་བར་ཡང་འགྱུར་རོ། །དེས་ན་བྱང་ཆུབ་ཀྱི་སེམས་དེ་ནི་རྟག་ཏུ་ཉེ་བར་གནས་ཤིང་གོམས་པས་བློ་དང་ལྡན་པའི་རྒྱལ་བའི་སྲས་པོ་རྣམས་ངེས་པར་འབྱེད་པའི་ཡན་ལག་ཐོབ་པ་ན་ཕྱིར་མི་ལྷོག་པར་འགྱུར་རོ། །རྣམ་པ་དེ་ལྟ་བུས་བསོད་ནམས་ཀྱི་ཚོགས་རྒྱས་ཤིང་དེའི་དྲི་མ་རྣམས་ཀྱང་ཤེས་རབ་ཀྱིས་ཡོངས་སུ་དག་པ་ཉིད་དུ་འགྱུར་ཏེ། དེ་ལ་བསོད་ནམས་ནི་ཕ་རོལ་དུ་ཕྱིན་པ་དང་ལྔ་ལ་བྱ་ལ། དེ་ལ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་དག་པར་བྱེད་དོ། །དེ་ལྟར་ན་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་དག་པ་ནི་དེ་དག་གི་མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིར་ཡིན་ནོ། །སྔར་སྦྱིན་པ་ལས་བྱུང་བ་སོགས་གསུམ་དུ་བཤད་ཅིང་འདིར་ཕ་རོལ་དུ་ཕྱིན་པ་ལྔར་བཤད་པ་དང་ཡང་མི་འབྱོར་བ་མ་ཡིན་ཏེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་ནི་སྦྱིན་པར་བསྡུ་ལ། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ནི་ཚུལ་ཁྲིམས་ཀྱིས་བསྡུས་པ་ཡིན་ནོ། །སྒོམ་པ་ལས་བྱུང་བའི་བསོད་ནམས་ནི་བཟོད་པ་དང་བསམ་གཏན་

(༡༣༦༨)གཉིས་སུ་བསྡུའོ། །བརྩོན་འགྲུས་ནི་ཕ་རོལ་དུ་ཕྱིར་པར་ལྔ་པོ་ཀུན་དུ་འགྲོ་བས་སྤྱིའི་མཚན་ཉིད་ཡོན་ནོ། །ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་གི་ཡང་བར་བྱ་བ་ནི་སྒྲིབ་པ་གཉིས་སུ་འདུས་ཏེ། ཤེས་རབ་ཀྱི་མི་མཐུན་ཕྱོགས་འཁོར་གསུམ་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པར་འདོད་དེ། འཁོར་གསུམ་ནི་སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང་། སྦྱིན་པའི་རང་གི་ངོ་བོ་རྣམས་དང་། བསྲུང་བར་བྱ་བ་དང་། སྡུང་བར་བྱེད་པ་པོ་དང་། ཚུལ་ཁྲིམས་ཉིད་གང་ཡིན་པ་རྣམས་དང་། བཟོད་པར་བྱ་བ་དང་། བཟོད་པ་པོ་དང་། བཟོད་པ་ཉིད་གང་ཡིན་པ་དང་། བརྩོན་པར་བྱ་བ་དང་། བརྩོན་པ་པོ་དང་། བརྩོན་པ་ཉིད་གང་ཡིན་པ་དང་། གང་བསམ་གཏན་དུ་བྱ་བ་དང་། གང་གིས་བསམ་གཏན་དུ་བྱེད་པ་དང་། བསམ་གཏན་ཉིད་གང་ཡིན་པ་དང་། ཤེས་པར་བྱ་བ་དང་། ཤེས་པ་པོ་དང་། ཤེས་པ་ཉིད་གང་ཡིན་པ་རྣམས་ཏེ་དེ་དག་ལ་དངོས་པོའི་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ནི་འཁོར་གསུམ་དུ་རྣམ་པར་རྟོག་པའོ། །སེར་སྣ་དང་སོགས་པ་འཆལ་པའི་ཚུལ་ཁྲིམས་དང་། ཁོང་ཁྲོ་བ་དང་། ལེ་ལོ་དང་། སེམས་རྣམ་པར་གཡེང་བ་དང་རྣམ་པ་ལྔའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཉོན་མོངས་པའི་སྒྲིབ་པར་འདོད་དོ། །དེ་ཡང་ཉོན་མོངས་པས་ནི་སྲིད་པའི་བརྩོན་རར་བཅིངས་ཏེ་ཐར་པ་ལ་སྒྲིབ་ལ། ཤེས་བྱའི་སྒྲིབ་པས་ནི་ཐམས་ཅད་མཁྱེན་པ་ལ་སྒྲིབ་བོ། །ཉོན་མོངས་པས་ཀྱང་ཐམས་ཅད་མཁྱེན་པ་ལ་སྒྲིབ་མོད་ཀྱི། འོན་ཀྱང་ཉོན་མོངས་པ་ལོགས་ཤིག་ཏུ་བཤད་ཟིན་པས་དོ་

(༡༣༦༩)ལས་གཞན་པ་སུ་ཡང་རུང་ཐམས་ཅད་མཁྱེན་པ་ལ་སྒྲིབ་པར་བྱེད་ན་ཤེས་བྱའི་སྒྲིབ་པ་ཞེས་བྱའོ། །དེ་བས་ན་འཁོར་གསུམ་དུ་རྣམ་པར་རྟོག་པ་ནི་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བ་སྟེ། མིག་ལ་སོགས་པའི་དབང་པོ་ལྔ་དང་། དེ་དག་གི་རྣམ་པར་ཤེས་པ་ལྔ་དང་། དེ་དག་གི་ཡུལ་ལྔ་སྟེ་ཆོས་བཅུ་ལྔ་དང་། ཡིད་ཀྱི་རྣམ་རྣམ་པར་ཤེས་པ་རྟོག་པ་དང་བཅས་སམ་མ་བཅས་སྟེ་བག་ཆགས་ལས་བྱུང་བའི་ཡུལ་གྱི་རྣམ་པ་ཅན་དུ་གྱུར་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། previous hit ཀུནགཞིརྣམ་པར་ཤེས ་པ་དང་། ས་བརྒྱད་པ་ནས་བདག་ཏུ་ལྟ་བའི་བག་ཆགས་ཀྱི་རྟེན་མེད་པས་ཀུན་གཞིར་ཐ་སྙད་མ་བྱས་ཀྱང་མ་རིག་བག་ཆགས་ཀྱི་ས་ཞེས་བརྗོད་པ་དང་། ས་བཅུ་པོ་ཐམས་ཅད་ཀྱི་ཟག་པ་མེད་པའི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་རྣམས་ནི་ཤེས་བྱའི་སྒྲིབ་པ་ཡིན་ནོ། །ཕ་རོལ་དུ་ཕྱིན་པའི་མི་མཐུན་པའི་ཕྱོགས་དྲུག་པོ་འདི་དག་ཡོང་བའི་རྣམ་པར་གྲོལ་བའི་ལམ་གྱི་རྒྱུ་བར་ཆད་མེད་པ་ནི་ཤེས་རབ་ལས་གཞན་པ་སྟེ། ཤེས་རབ་དང་མ་འབྲལ་ན་མི་མཐུན་ཕྱོགས་དེ་དག་ཡོང་བར་ནུས་པ་སུ་ཡང་མེད་པའི་ཕྱིར་ཤེས་རབ་ནི་ཕ་རོལ་དུ་ཕྱིན་པ་དྲུག་གི་ནང་ནས་མཆོག་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་དུ་ཡང་སྒྲུབ་པ་སྒྲོམ་ལམ་གྱི་སྐབས་སུ་མཆོག་ཉིད་ཅེས་གསུངས་པའི་དོན་ཡང་ངེས་པར་གཟུངས་བ་ཡིན་ནོ། །དཔེར་ན་བུད་ཤིང་སྲེག་པའི་མེ་ནི་མེ་ཉིད་རྐྱང་

(༡༣༧༠)པར་སྐྱེ་བ་མི་སྲིད་པས་བྱུང་བ་བཞི་ལྡན་་ཡིན་ཡང་མེ། སས་བསྲེགས་ཤེས་མི་བརྗོད་པ་ལྟར་མཐོང་བའི་ལམ་གྱི་བཟོད་པ་དང་པོ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་མོད་ཀྱི། ཆོས་རབ་ཏུ་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་།།།གཙོ་བོར་གྱུར་པས་གཙོ་བོའི་མིང་གིས་བརྗོད་པ་སྟེ། རྒྱལ་པོ་འོངས་སོ་ཞེས་པ་བཞིན་ནོ། །རྣལ་འབྱོར་པ་ཤེས་རབ་བསྐྱེད་པ་ན་སྒོམ་པ་ལ་སོགས་པ་ལ་ཡང་སྦྱོར་མོད་ཀྱི། དེ་ཉིད་ཀྱང་མང་པའི་ཆོས་ཐོས་པས་སྔོན་དུ་འགྲོ་བ་ཁོ་ན་ཡིན་པས་ཐོས་པའི་ཤེས་རབ་ནི་གཉེན་པོའི་ངོ་བོ་ཉིད་ཀྱི་ཤེས་རབ་དེའི་གཞི་དང་རྩ་བ་ཡིན་ནོ། དེ་ཐོས་པ་ནི་ཤེས་རབ་ཀྱི་རྩ་བ་གཟུགས་པའི་མཆོག་ཁོ་ན་ཡིན་གྱི། གཞན་སྐུ་གཟུགས་ལ་མར་མེ་ཕུལ་བ་དང་གླེགས་བམ་དང་གནག་ཚ་སྦྱིན་པ་ལ་སོགས་པ་ཡང་ཤེས་རབ་ཀྱི་རྒྱུར་འགྱུར་མོད་ཀྱི་ཐོས་པའི་ཤེས་རབ་ལྟར་རྩ་བ་གྲུང་པོར་འགྱུར་བ་ནི་མ་ཡིན་ནོ། །དེ་བས་ན་འཕགས་པ་ཐོགས་མེད་ཀྱིས་ཐོས་པའི་བག་ཆགས་ཤེས་བྱ་བ་རྟེན་ཀུན་གཞི་ལ་གནས་པ། རྒྱས་ན་ཀུན་གཞིའི་གཉེན་པོར་འགྱུར་བ། ཐོས་པས་གཞག་པ་མ་ཡིན་ཀྱང་ཐོས་པས་གསོ་བར་བྱ་བ་ཡིན་པས་ཐོས་པའི་བག་ཆགས་ཤེས་བརྗོད་པ་དེ་དག་ལ་བརྟེན་ནས་ཀྱང་འདིར་བརྗོད་པའི་རྩ་བའི་གནད་འདི་རྟོགས་པར་བྱ་བ་ཡིན་ནོ། དེ་དག་གིས་ནི་གཞུང་ཐོས་པས་ལས་སྐྱེས་པའི་མོས་པ་དང་དེས་དེ་བཞིན་གཤེགས་པ་ཉིད་ཀྱི་བར་དུ་འཐོབ་པའི་ཕན་ཡོན་རྣམས་བཤད་ནས། ད་ནི་བསྟན་བཅས་ཀྱི་དགོས་པ་ལ་སོགས་པ་བཞི་

(༡༣༧༡)བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་བཞི་པོ། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་གཟུང་ཕྱིར་འདི་བཤད་དོ། །ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། །བརྟེན་ནས་མིག་དང་ལྡན་པ་ལྟ་བ་བཞིན། །དེ་བཞིན་དོན་ཆེན་ཆོས་ཡོབས་འོད་མཛད་པ། །ཐུབ་ལ་བརྟེན་ནས་འདི་ནི་རབ་ཏུ་བཤད། །གང་ཞིག་ཚེ་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་ཡོང་བྱེད་གསུང་ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་ལ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་བྱ་བ་རྣམས་ཀྱིས་སོ། །བསྟན་བཅོད་ཆེན་པོ་དང་དེ་ལ་མོས་པའི་ཕན་ཡོན་དག་བསྟན་ནས་རྟོག་པར་དང་ལྡན་པ་དག་བསྟན་བཅོས་ཀྱི་ཆེ་བ་ཐོས་ནས་འདི་སྙམས་སུ་བསྟན་བཅོས་འདིའི་བརྗོད་པར་བྱ་བ་ནི་གང་། དགོས་པ་ནི་གང་ཡིན། དགོས་པ་དེའི་ཡད་དོགས་པ་ནི་གང་ཡིན། དེ་དག་ཇི་ལྟར་འབྲེལ་སྙམ་དུ་རྟོག་པར་འགྱུར་བས་དེ་དག་གི་ཐེ་ཚོམ་བསལ་།།།ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་དེ་ལྟར་ཞེས་བྱ་བ་འདིས་ནི་བརྗོད་པར་བྱ་བ་བསྟན་པ་ཡིན་ཏེ། བརྗོད་པར་

(༡༣༧༢)བྱ་བ་ཡང་བསྟན་བཅོས་ཀྱི་དང་པོར། སངས་རྒྱས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་བརྗོད་པར་བྱ་བ་གནས་བདུན་དུ་བསྟན་ལ། ཕྱི་ནས་ནི། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་ཕྲིན་ལས་ཏེ། །ཞེས་གནས་བདུན་པོ་རྣམས་ཀྱང་ཁམས་ལ་སོགས་པའི་གནས་བཞི་རྣམས་སུ་བསྡུས་ཏེ། དེ་ལ་སངས་་རྒྱས་ནི་བྱང་ཆུབ་ཉིད་ཡིན་ལ། རྒྱུ་མཚན་གང་གིས་བྱང་ཆུབ་པ་ནི་ཆོས་དཀོན་མཆོག་ཡིན་ཏེ། དེ་ནི་བྱང་ཆུབ་ཀྱི་སྐབས་སུ་བསྟན་པའི་མི་རྟོག་པའི་ཡེ་ཤེས་འབྲས་བུ་དང་བཅས་པ་ཉིད་ཡིན་ནོ། །སུ་དག་ཅིག་བྱང་ཆུབ་པ་ནི་དགེ་འདུན་ཏེ་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་ཞེས་མང་དུ་སྨོས་ཏེ། དེ་བས་ན་དཀོན་མཆོག་གསུམ་ནི་བྱང་ཆུབ་འདུ་ལ། བྱང་ཆུབ་ཉིད་ཀྱང་སངས་རྒྱས་ཉིད་དང་དོན་གཅིག་པར་བྱང་ཆུབ་ཀྱི་སྐབས་ཉིད་ལས་བཤད་ཅིང་དོན་ལྷག་མ་གསུམ་པོ་ཞེས་མང་དུ་བརྗོད་དོ། །འབྲེལ་པ་ནི་གཉིས་ཏེ། གང་ལས་འོངས་པའི་འབྲེལ་པ་དང་། བསྟན་བཅོས་ཀྱི་ཚིག་རྣམས་གཅིག་ལ་གཅིག་འབྲེལ་བའི་ཚིལ་གྱིས་བསློད་པར་བྱ་བའི་གཙོ་བོའི་དོན་ལྟར་ལེན་

(༡༣༧༣)པའོ། གང་ལས་འོངས་པའི་འབྲེལ་ནི་ཐུབ་པའི་དབང་པོའི་ལུང་ལས་བཤད་པའི་དོན་ཉེ་བར་གཟུང་བ་ཡིན་པས་སྟོན་པའི་མདོ་སྡེ་ཟབ་མོ་ལས་འོངས་སོ། །དེ་ནི་ཡིད་ཆེས་ལུང་ལ་བརྟེན་ནས་ཤེས་བྱ་བ་འདིས་བསྟན་པ་ཡིན་ཏེ། དེ་ཡང་ཅི་རུང་རུང་ལ་ཡིད་ཆེས་པ་ནི་བླུན་པོ་རྣམས་ཀྱི་འཇུག་པ་ཡིན་ལ། རྟོག་པ་དང་ལྡན་པ་རྣམས་ནི། ཡོངས་བརྟགས་ཡོངས་སུ་ལེན་པའི་ཕྱིར། །ཞེས་བྱ་བས་བརྟགས་ནས་འཇུག་ལ། དེ་ཡང་ཐབས་གསུམ་ཡིན་ཏེ། མངོན་སུམ་དང་མི་འགལ་བ་དང་། རིགས་པས་མི་གནོད་པ་དང་། ལུང་གི་ཚིག་རྣམས་ནང་འགལ་བ་མ་ཡིན་པའོ། །དེ་ནི་བཅོམ་ལྡན་འདས་ཉིད་ཀྱིས། དགེ་སློང་དགེ་གོ་མཁས་རྣམས་ཀྱིས། །བསྲེགས་བཅད་བསྟན་བས་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བྱ་བས་གསུངས་པ་ཡིན་ཏེ། རིགས་པ་མེ་དང་འདྲ་བའི་ནང་དུ་བཅུག་ན་དག་པར་འགྱུར་བ་དང་། དོན་དཔྱད་དེ་ཕན་ཚུན་སོ་སོ་ལ་མངོན་སུམ་གྱིས་བལྟས་ན་མི་འགལ་བ་དང་། ལུང་ཕན་ཚུན་དྲུད་ཅིང་བསྟན་ན་ཞན་པར་མི་འགྱུར་བ་སྟེ་དེ་དག་གོ རིགས་པ་ནི་སྦྱོར་བ་ཞེས་བྱ་སྟེ། རིགས་པ་བཞིས་གང་ལ་གཏད་པའི་དོན་དེ་ལ་ཡིད་སྦྱོར་བའོ། །དེ་ལ་ལུང་ནི་བསྟན་བཅོས་འདིའི་ལུས་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལ་བརྟེན་ཞིང་། ཡན་ལག་དག་ལས་སངས་རྒྱས་དཀོན་མཆོག་ནི་ཡེ་ཤེས་སྣང་བརྒྱན་གྱི་མདོ་ལ་བརྟེན་ནས་ཡིན་ལ།

(༡༣༧༤)ཆོས་དང་དགེ་འདུན་ནི་དཔལ་གྱི་ཕྲེང་བའི་རྗེས་སུ་འབྲངས་ནས་སོ། །ཁམས་ཀྱི་ངོ་བོ་ནི་འཕེལ་འགྲིབ་མེད་པའི་མདོ་ལས་ཡིན་ལ། དེ་སེམས་ཅན་ལ་ཡོད་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་སོ། བྱང་ཆུབ་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་གསུམ་གར་བྱང་ཆུབ་རྣམ་པ་བཅུ་དྲུག་བཤད་པ་དང་། དེའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་ལ་འཇུག་པའི་གཟུངས་ལ་བརྟེན་ནས་སོ། །ཡོན་ཏན་ནི་བུ་མོ་རིན་ཆེན་གྱི་མདོའི་རྗེས་སུ་འབྲངས་ནས་ཡིན་ལ། ཕྲིན་ལས་ནི་ཡེ་ཤེས་སྣང་བ་རྒྱན་གྱི་མདོའི་རྗེས་སུ་འབྲངས་ནས་ཡིན་ཏེ། དེ་བཞིན་དུ་དམོ་གཞན་རབ་ཏུ་མང་པོ་རྣམས་ཀྱིས་དོན་འདི་དག་ཉིད་ལྷུར་ལེན་པར་མཛད་དོ། །དེ་ལྟ་བུ་ལ་སོགས་པའི་གསུང་རབ་དག་ནི་སློབ་དཔོན་དང་སློབ་མ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པའི་ཕྱིར་ལུང་ཞེས་བྱའོ། །རིགས་པ་ཡང་བསྟན་བཅོས་འདིར་ཆོས་ཅན་དང་། ཆོས་དང་། གཏན་ཚིགས་དག་ཉེ་བར་གཟུང་ནས་བཤད་པ་བདག་ཡིན་ཏེ། དེ་ཡང་། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཤེས་བྱ་བ་ལ་སོགས་པ་ནི་ཐ་སྙད་པ་ཡིན་ལ། ཡང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་ས་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ནི་དོན་སྒྲུབ་པའི་རིགས་

(༡༣༧༥)པ་སྟེ། དེ་དག་ལ་ཡང་སྒྲུབ་པ་དང་། མ་དམིགས་པ་དང་། འབྲས་བུ་དང་། རང་བཞིན་གྱི་གཏན་ཚིགས་དག་ཀྱང་ཅི་རིགས་པར་ཡོད་དོ། །དེ་ལ་ལུང་འཇུག་པའི་ཡུལ་ནི་སྟོན་པ་གང་གི་ལུང་གང་ཡིན་པ་དེའི་བསྟན་པ་ལ་ཡིད་ཕྱོགས་པ་ཡིན་གྱི་གཞན་ནི་མ་ཡིན་པས་འདིར་ནི་བདག་ཉིད་སངས་རྒྱས་པ་འབའ་ཞིག་པ་རྣམས་ལ་འཇུག་པ་ཡིན་གྱི། ཐུབ་པ་ཆེན་པོ་སྟོན་པར་ཁས་མི་ལེན་པའི་མུ་སྟེགས་བྱེད་དག་ལ་ནི་ལུང་མི་འཇུག་གོ་ །རིགས་པ་ནི་སློབ་དཔོན་ཙནྡྲ་གོ་མིས། རིགས་པ་ཉིད་ནི་བཅུད་ལེན་མཆོག་ཡིན་ལེན། །གལ་ཏེ་ཡིད་རྟེན་མེད་ན་དེ་ཡོད་མིན། །ཞེས་གསུངས་པ་ལྟར་དོན་ལ་ཐེ་ཚོམ་དང་ལྡན་པ་རྒོལ་བའི་ངག་ལ་ཡིད་གཏོད་པ་དག་ལ་ཡིན་གྱི། སྒོལ་བའི་སྐྱོན་འབའ་ཞིག་ཡིད་ལ་བྱེད་པ་རྣམས་ལ་ནི་མ་ཡིན་ནོ། །བྱེ་བྲག་ཏུ་དོན་ཤིན་དུ་ཟབ་པ་དག་རིགས་པས་སྟོན་པ་ན་རིགས་པ་དེས་དོན་རྟོགས་པར་འགྱུར་བའི་རྒྱུ་ནི་དོན་ཟབ་མོ་ལ་མོས་པའི་དགེ་བའི་རྩ་བ་ཆུང་དུ་མ་ཡིན་པར་ཕུན་སུམ་ཚོགས་པའི་བློ་དང་ལྡན་པ་དག་ལ་ཡིན་ནོ། །དེ་ལྟར་ན་བསྟན་བཅོས་ཀྱི་དགོས་པ་གདུལ་བྱ་བྱ་བ་དག་གིས་དོན་རྟོགས་ནས་སངས་རྒྱས་དང་དེའི་ཡོན་ཏན་རྣམས་ལ་མོས་པ་ལྷག་པར་འཕེལ་བར་འགྱུར་བ་ནི་བསྟན་བཅོས་འདིའི་དགོས་པ་ཡིན་ཏེ། དེའི་ཕྱིར། དེ་དག་རྗེས་སུ་གཟུང་ཕྱིར་འདི་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །མོས་པ་ལས་འདུན་པ་ལ་སོགས་པ་སྐྱེ་བའི་རིམ་གྱིས་སངས་རྒྱས་

(༡༣༧༦)ཉིད་ཐོབ་པ་ནི་ཉིད་དགོས་སོ། །འབྲེལ་བ་ནི་ཁམས་ནི་རྟོགས་བྱ་ཡིན་ལ། དེ་རྟོགས་པ་ནི་བྱང་ཆུབ་ཡིན་ནོ་བྱ་བ་ལ་སོགས་པའི་རིམ་པས་བསྟན་ཟིན་པའི་ཕྱིར་སྤྲོས་ཏེ་བཤད་མི་དགོས་སོ། བསྟན་པ་འདི་ལ་གདུལ་བར་བྱ་བ་ནི་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ཏེ། དད་པས་རྗེས་སུ་འབྲང་བའི་ཕྱིར་ནི་ལུང་གིས་བཤད་པ། ཆོས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ནི་རིགས་པས་བཤད་པ་ཡིན་ནོ། །དེ་གཉིས་ལས་ཀྱང་གཙོ་བོ་ནི་རིགས་པ་སྟེ། དེ་བས་ན་བསྟན་བཅོས་འདི་ཡང་རིགས་པ་གཙོ་བོར་གྱུར་པས་བརྗོད་པ་ཡིན་ཏེ། ཇི་ལྟར་ནོར་བུ་དང་སྒྲོན་མེ་དང་གློག་དང་ཉི་མ་དང་ཟླ་བའི་འོད་ལ་བརྟེན་ནས་མིག་དང་ལྡན་པས་སྤྱོད་ཡུལ་གྱི་གཟུགས་རྣམས་ལ་ལྟ་བ་བཞིན་དུ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ནི་དོན་ནམ་ཡུལ་ཆེན་པོ་སྟོན་པ་དང་ལྡན་པའི་ཆོས་ཀྱི་སྣང་བ་སྤྲོ་བ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་རིགས་པའི་འོད་ཟེར་སྤྲོ་བར་མཛད་པ་ཡིན་པས་ཐུབ་པས་གསུངས་པའི་རིགས་པ་ལ་བརྟེན་ནས་རྒྱུད་བླ་མ་འདི་ནི་རབ་ཏུ་བཤད་པ་ཡིན་ནོ། །དེ་ལ་སྤྱིར་རིགས་པ་སླ་བའི་རྒྱུའི་གཙོ་བོ་ནི་ཡོབས་པ་ཁོ་ན་ཡིན་ལ། ཡོབས་པ་མེད་པ་ན་ནི་རྩོད་པའི་གནས་སུ་ཡང་ཕམ་པར་འཇོག་པ་ཡིན་ནོ། འདིར་སློབ་དཔོན་གཙང་ནག་པས། དོན་ཚིག་ཆོས་ཡོབས་འོད་མཛད་པ། ཞེས་བཏོན་ནས་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པའི་ཡོབས་པར་གསུང་མོད་ཀྱི། ཆེན་ཞེས་བྱ་བ་

(༡༣༧༧)འདིའི་སྐད་དོད་ནི་མ་ཧཱ་ཞེས་བྱ་བ་ཉིད་དུ་སྣང་བས་ཚིག་གི་སྐད་དོད་མེད་པའི་ཕྱིར་དེ་ལྟར་འདོན་པ་ནི་ལེགས་པ་མ་ཡིན་མོད། འོན་ཀྱང་སོན་དང་ཆོས་དང་ཡོབས་པ་རྣམས་ཀྱི་ཤུགས་ལ་ངེས་པའི་ཚིག་ཀྱང་འབྱུང་སྟེ་སོ་སོ་ཡང་དག་པར་རིག་པ་བཞི་དང་སྦྱོར་ན་ཡང་མི་འཐད་པ་མེད་དོ། །རྗེ་བཙུན་གྱིས་ནི་ཐུབ་པའི་ལུང་དང་རིགས་པ་ལ་བརྟེན་ནས་བཤད་པ་དེའི་ཚུལ་ལུགས་ཁོང་དུ་ཆུང་ནས་དེ་དག་གི་རྒྱུ་དང་མཐུན་པར་གྱུར་པའི་བསྟན་བཅོས་རྣམས་ཀྱང་མཁས་པ་རྣམས་ཀྱིས་བླང་བར་བྱ་བ་ཁོ་ན་ཡིན་ཏེ། དེ་ལས་རིགས་པའི་རྒྱུ་མཐུན་པ་ནི་གང་ཞིག་དོན་ལྡན་ཞེས་བྱ་བ་ལ་སོགས་པ་འདིས་བསྟན་པ་ཡིན་ཏེ། འདི་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་ལྷག་པའི་བསམ་པ་སྐུལ་བའི་མོད་ལས། བྱམས་པ་རྒྱུ་བཞིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཡོབས་པར་རིག་པར་བྱའོ། །བཞི་གང་ཞེ་ན། བྱམས་པ་འདི་ལ་ཡོབས་པ་དོན་དང་ལྡན་པ་ཡིན་ཏེ། དོན་མེད་པ་དང་ལྡན་པ་མ་ཡིན་པ་དང་། ཆོས་དང་ལྡན་པ་ཡིན་ཏེ། ཆོས་མ་ཡིན་པ་དང་ལྡན་པ་མ་ཡིན་པ་དང་། ཉོན་མོངས་པ་འབྲི་བར་བྱེད་པ་ཡིན་ཏེ། ཉོན་མོངས་པ་འཕེལ་བར་བྱེད་པ་མ་ཡིན་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་སྟོན་པ་ཡིན་ཏེ། འཁོར་བའི་ཡོན་ཏན་དང་ཕན་ཡོན་སྨོན་པ་མ་ཡིན་པ་སྟེ་འདི་བཞི་ཞེས་སོ། །དེ་བཞིན་དུ་སྦྱར་ཏེ། བྱམས་པ་གང་ལ་ལ་རྒྱུ་བཞིས་ཡོབས་སམ་ཡོབས་པར་འགྱུར་བ་དེ་ལ་རིགས་ཀྱི་བུའམ་

(༡༣༧༨)རིགས་ཀྱི་བུ་མོ་དད་པ་དག་གས་སངས་རྒྱས་སུ་འདུ་ཤེས་བསྐྱེད་པར་བྱའོ། །སྟོན་པའི་འདུ་ཤེས་བྱས་ཏེ་དམ་པའི་ཆོས་མཉན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་གང་ཅུང་ཟད་ལེགས་པར་སྨྲས་པ་དེ་ཐམས་ཅད་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །བྱམས་པ་དེ་ལ་ལས་སུ་ཡོབས་པ་འདི་དག་ལ་འདི་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ནོ་ཞེས་ཡོང་བཏང་། གང་ཟག་དེ་ལ་ཞེ་སྡང་བའི་ཕྱིར་དེ་དག་ལ་རི་མོར་མི་བྱེད་ན་དེ་སངས་རྒྱས་ཀྱིས་བཤད་པའི་ཡོབས་པ་ཐམས་ཅན་སྤངས་པར་འགྱུར་རོ། །ཆོས་སྤངས་པས་ཆོས་ཀྱིས་འཕེངས་པར་འགྱུར་བ་དང་མཐུན་པའི་ལས་ཀྱིས་ངན་སོང་དུ་འགྲོ་བར་འགྱུར་རོ། ཞེས་གསུངས་པ་དེ་ཉིད་འདིར་ཚིགས་སུ་བཅད་པར་སྦྱར་བ་སྟེ། ངག་ཚིག་གམ་བསྟན་བཅོས་གང་ཞིག་བརྗོད་པར་བྱ་བའི་དོན་དང་ལྡན། རྗོད་པར་བྱེད་པའི་ཆོས་རྣམས་ཕན་ཚུན་དུ་གཅིག་ལ་གཅིག་ཕན་འདོགས་པའི་ཚུལ་གྱིས་ཉེ་བར་འབྲེལ་ཞིང་། དེ་ལ་བརྟེན་ནས་འདོད་པའི་ཉོན་མོངས་ཏམ་ཡོང་བ་མ་ཡིན་པར་ཁམས་གསུམ་གའི་ཉོན་མོངས་རྣམ་པ་ཀུན་ནས་ཡོང་བར་བྱེད་ཅིང་ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་སྟོན་པར་བྱེད་པའི་གསུང་ངམ་ངག་ཚིག་དང་བསྟན་བཅོས་གང་ཡིན་པ་དེ་ནི་གདོལ་པའི་བྲན་གྱི་ཁ་ནས་བྱུང་ཀྱང་རུང་སྟེ། རང་ཉིད་ཀྱིས་ཁོང་དུ་ཆུད་ནས་བསྟན་པའི་ཕྱིར་དྲང་སྲོང་སངས་རྒྱས་ཀྱི་གསུང་ཡིན་ཏེ། འདི་ལྟར་དོན་གང་ཚད་མས་གྲུབ་པའི་ཚད་མ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རྗེས་སུ་མཐུན་ལ། ཚད་མ་ལ་བརྟེན་ནས་སྨྲས་པ་དེ་ནི་སངས་རྒྱས་ཀྱི་གསུང་ཉིད་ཀྱི་རྒྱུ་མཐུན་པ་ཡིན་ཏེ་

(༡༣༧༩)ཉེ་བ་བརྟགས་ནས་སངས་རྒྱས་ཀྱི་གསུང་ཞེས་བརྗོད་པ་དེ་ཡང་མཁས་པས་བླང་བར་བྱ་བ་ཁོ་ན་ཡིན་གྱི། གཞན་གྱི་ངག་དང་ཚིག་རིགས་པ་དང་ལྡན་པར་མཐོང་བཞིན་དུ་མི་རིགས་སོ་ཞེས་སྨྲ་བར་བྱེད་ན་སེམས་ངན་པ་དེས་རྒྱུད་བསླད་ནས་གསུང་རྒྱ་ཆེན་པོ་དག་ཀྱང་འགོག་པར་བྱེད་པས་དམྱལ་བར་འཇུག་པར་འགྱུར་རོ། །མཚན་ཉིད་བཞི་དང་ལྡན་པ་ལས་བཟློག་པའི་ངག་ནི་གཞན་མུ་སྟེགས་བྱེད་དམ་དེ་ལྟ་བུ་དང་མཐུན་པ་དག་གི་ཡིན་ནོ། །དོན་འདི་ཉིད་སློབ་དཔོན་ཆོས་ཀྱི་གྲགས་པས། འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་བརྗོད་བྱེད་ངག་ །ཅེས་བྱ་བས་བཤད་དོ། །ལུང་གི་རྒྱུ་མཐུན་པ་ནི་བསྟན་བཅོས་གང་ཞིག་སྟོན་པ་རྒྱལ་བ་ཉིད་ཀྱིས་གསུང་པའི་ལུང་གི་དབང་དུ་བྱས་ནས་དོན་དེ་བརྗོད་ཀྱི། རང་གི་རིགས་པ་དང་ལྡན་པའི་ཡོབས་པས་བརྗོད་པ་མ་ཡིན་ལ་འོན་ཀྱང་སྟོན་པའི་ལྟར་ཡིན་ནམ་གཞན་དབང་ཕྱུག་ལ་སོགས་པས་བྱས་པའི་ལྟར་ཡིན་སྙམ་པའི་ཐེ་ཚོམ་གྱིས་འདི་ལས་ཕྱི་རོལ་པའི་ལུགས་ལ་སེམས་རྣམ་པར་གཡེང་བ་མེད་པའི་ཡིད་ཅན་གྱིས་བཤད་པ་གང་ཚེ་འདིའི་དོན་ཙམ་དང་མཐོ་རིས་ཀྱི་དོན་ཙམ་སྟོན་པ་མ་ཡིན་པར་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པར་བསྟན་པ་གང་ཡིན་པ་དེ་ཡང་དྲང་སྲོང་གི་བཀའ་བཞིན་དུ་སྤྱི་བོས་བླང་ཞིང་གཟུང་བར་བའོ། །འདི་ནི་དད་པས་རྗེས་སུ་འབྲང་བའི་གང་ཟག་གིས་བསྟན་པ་ཡིན་ལ། སྔ་མ་ནི་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་གིས་སོ། །འདིའི་རྗེས་ལ། མ་རིགས་ལྷོངས་རྣམས་ཀྱིས་ཀྱང་སྲིན་བུའི་ཡིག་འདྲར།

(༡༣༨༠)མུ་སྟེགས་བསྟན་བཅོས་སུའང་། དོན་ལྡན་ཆོས་ལྡན་ས་གསུམ་ཉོན་མོངས་ཟད་བྱེད་བརྗོད་གྱུར་གང་ཡིན་དང་། །འཇིག་རྟེན་སོ་སོའི་ལེགས་བཤད་གང་དེའང་བློ་ལྡན་དྲང་སྲོང་བཞིན་གཟུང་ན། གསུང་གང་ཟག་མེད་བློ་མངའ་རྣམས་ཀྱི་ཞལ་ནས་བྱུང་བ་སྨོས་ཅི་དགོས། ཤེས་ཚིགས་སུ་བཅས་པ་གཅིག་གཞུང་འགའ་ཞིག་ཏུ་འབྱུང་མོད་ཀྱི། དེ་ནི་འོག་ནས་ཚིགས་སུ་བཅད་པའི་གྲངས་ཀྱི་ངེས་པ་གསུངས་པ་དང་འགལ་བས་རྩ་བའི་ཚིག་མ་ཡིན་ནོ་ཞེས་ལོ་རྩཱ་བ་ཆེན་པོ་བློ་ལྡན་ཤེས་རབ་གསུང་ངོ། །དེ་ལྟར་དགོས་འབྲེལ་བསྟན་ནས་དེ་མ་རྟོགས་པར་ལྷང་ལ་བརྙས་པའི་ཉེས་པ་དགག་པ་བྱ་བའི་ཕྱིར། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་ད་ཉེད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་གཞག་མདོ་གང་ཡིན་དེ་མི་དཀྲུག་ །ཐུབ་ཚུལ་གཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ལ་སྐུར་ དང་། དེས་གསུངས་ཆོས་ལ་བརྙེས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གསོ་གཙང་ཚོན་གྱིས་རྣམ་བསྒྱུར་སྦུམ་གྱིས་གོས་པ་མིན། །ཞེས་གསུངས་པ་ཡིན་ཏེ། གང་ཟག་ཕལ་པ་རྣམས་ཀྱིས་རིགས་པ་དང་ལུང་ལ་བརྟེན་ནས་བཤད་པ་གང་ཡིན་པ་དེ་ཡང་བླང་བར་བྱ་བ་ཡིན་ན་དྲང་སྲོང་ཆེན་པོ་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་ཤིང་ཡུན་དུ་གནས་པར་བྱ་བའི།

(༡༣༨༡)ཕྱིར་བྱང་ཆུབ་སེམས་དཔའ་དང་ལྷ་ལ་སོགས་པ་བསྟན་པ་ལ་བྱ་བ་བྱེད་པའི་མཐུ་བོ་ཆེ་དག་གི་ལག་ཏུ་གཞག་པའི་མདོ་སྡེ་གང་ཡིན་པ་དེ་ནི་སྤྱི་བོས་བླང་བ་རྟ་ཅི་སྨོས་ཏེ་རྒྱུ་མཚན་གང་གི་ཕྱིར་རྒྱལ་བ་ལས་ཆེས་མཁས་པའི་གང་ཟག་རྟ་ཞོག་ མཉམ་པ་འགའ་ཡང་འཇིག་རྟེན་འདི་ན་ཡོད་པ་མ་ཡིན་པ་དེའི་ཕྱིར་རོ། །དེས་ན་སྟོན་པའི་མདོ་སྡེ་གང་ཡིན་པ་དེ་ཀྲུག་ཅིང་བཀའ་མ་ཡིན་ནོ་ཞེས་གཞན་དུ་བསྐྱོད་པར་མི་བྱ་ལ། བཀའ་ཡིན་པར་འདོད་ཀྱང་རིགས་པས་དོན་གཟུང་བར་བྱ་བས་ཡིན་གྱི། མི་ཤེས་བཞིན་དུ་འདིའི་དོན་ནི་འདི་ལྟ་བུ་ཡིན་ནོ་ཞེས་དཀྲུག་པར་མི་བྱའོ། །གལ་ཏེ་དཀྲུག་ན་པར་བྱེད་ན་ནི་ཐུབ་པའི་ཚུལ་ཏེ་གཞུང་ལུགས་གཤིག་ཅིང་ཉམས་པར་བྱས་པའི་ཕྱིར་དེའི་བསྟན་པ་དམ་པའི་ཆོས་བསླབ་པ་གསུམ་ག་ལ་གནོད་པ་བྱས་པར་འགྱུར་ཏེ། བསླབ་པ་གསུམ་པོའི་ཡང་རྟེན་ནི་གསུང་རབ་ཉིད་ཡིན་པའི་ཕྱིར་རོ། །སྟོན་པའི་བཀའ་ལ་གནོད་པ་བྱེད་པ་དག་ཡོད་པ་སྲིད་ན་དེའི་རྒྱུ་ན་ཅི་ཞིག་སྙམ་ན། རྒྱུ་ནི་མ་རྟོགས་པ་དང་ལོག་པར་རྟོགས་པ་དང་ཐེ་ཚོམ་གསུམ་གྱིས་ཡིན་ཏེ། དེ་ཡང་ཡུལ་ལ་ཞེན་པའི་ཉོན་མོངས་པའི་གགཞན་དབང་དུ་གྱུར་པས་གསུང་གི་དོན་མ་རྟོགས་ཏེ་ཡིད་རྨོངས་པའི་བདག་ཉིད་ཅན་རྣམས་ཀྱིས་འཕགས་པའི་གང་ཟག་སྐུར་བ་འདེབས་པ་དང་། འཕགས་པ་དེས་གསུངས་པའི་ཆོས་ལ་བརྙས་པ་གང་ཡིན་པ་དེ་ནི་རང་གི་གྲུབ་པའི་མཐའ་ལ་ནན་གྱིས་ཞེན་པའི་ལྟ་བ་ཕྱིན་ཅི་ལོག་གི་་

(༡༣༨༢)དྲི་མས་ཀྱང་གང་ཟག་དང་ཆོས་ལ་སྐུར་།།།བརྙས་པ་དེ་དག་ཀུན་བྱས་སོ། །དེ་བས་ན་ཕྱོགས་སུ་ཞེན་པའི་ལྟ་བའི་དྲི་མ་ཅན་དེ་ལ་རང་གི་བུ་སྦྱར་བར་མི་བྱ་སྟེ། གལ་ཏེ་ལན་ཅིག་ཙམ་སྦྱར་བ་བྱས་ན་ཡང་དེ་ལས་ཤིན་དུ་དབྲལ་དཀའ་བས་ན་དེ་ལྦས་གྲུབ་པའི་མཐ་ཅི་ཡང་མི་ཤེས་པ་དག་མེས་བཟང་སྟེ། གྲུབ་པའི་མཐའ་ལ་མ་ཞུགས་པ་དེ་ནི་གོས་གཙང་མ་ལྟ་བུ་ཡིན་པས་ཚོན་་བཟང་པོ་ལྟ་བུའི་ཆོས་ཀྱིས་རྣམ་པར་བསྒྱུར་བར་སླ་ལ། ཞེན་ལྟ་ཅན་ནི་སྣུམ་གྱིས་གསོ་པ་ལྟ་བུ་ཡིན་པས་དབྲལ་བར་སླ་བ་དེ་ལྟ་བུ་མ་ཡིན་ནོ། །ཞེན་པའི་པའི་ལྟ་བ་མི་སོང་ཞིང་ཆོས་སུན་འབྱིན་པས་བྱེད་པ་དག་ལ་རྒྱུ་མང་དུ་ཡོང་ཅིང་འབྲས་བུ་འཇིགས་སུ་རུང་བ་དག་ཁོ་ན་ཐོབ་བོ་ཞེས་བསྟན་པའི་ཕྱིར། བློ་དམན་ཕྱིར་དང་དཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟན་ཕྱིར། །དམ་ཆོས་འཕོངས་པས་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་འཛིན་ཕྱིར་དང་། །རྙེད་ལ་བརྐམས་ཕྱིར་ལྟ་བའི་དབང་ཕྱིར་མོས་སུན་འབྱིན་པ་བརྟེན་པའི་ཕྱིར། །མོས་འཛིན་བསྲིངས་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱི་ཆོས་ཡོང་བྱེད། །ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་དུ་འཇིགས་མི་བྱ་མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་དུ་འཇིགས་པར་འགྲོ་མི་འགྱུར། །གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་

(༡༣༨༣)ལྡན་འགྱུར་དང་། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་པ་ཡིན་ཏེ། དེ་ལ་དགྲ་བཅོམ་པ་ཆེན་པོ་སངས་རྒྱས་ལ་སོགས་པ་རྣམས་ཀྱི་དམ་པའི་ཆོས་སྤོང་ཞིང་སུན་འབྱིན་པར་བྱེད་པའི་རྒྱུ་ནི་དུ་མ་ཞིག་ལས་ཡིན་ཏེ། བློ་གྲོས་དམན་པས་ཤེས་རབ་ཉམ་ཅུང་བ་ལས་ཆོས་སྤོང་བར་བྱེད་དོ་ཞེས་བྱ་སྟེ། འོག་མ་རྣམས་ལ་ཡང་ཕྱིར་གྱི་སྒྲ་རྣམས་ལས་སུ་གདོན་པར་བྱའོ། །གཞན་ཡང་དཀར་པོ་དགེ་བའི་ལས་ལ་མོས་པ་དང་བྲལ་ཞིང་སྡིག་ཏོ་ལ་མི་འཛིམ་པ་ལས་དང་། རྨོངས་པ་ཉིད་ཡིན་ཡང་འདི་དག་པས་བདག་ཆོས་མཁས་སོ་སྙམ་པའི་ལོག་པའི་ང་རྒྱལ་བ་བརྟེན་ནས་དེ་མི་སྤོང་བར་གནས་པ་ལས་དང་། སྔོན་དགེ་བའི་བཤེས་གཉེན་ལ་མ་གུས་པ་ལ་སོགས་པ་ཚེ་འདིར་དམ་པའི་ཆོས་ཀྱིས་འཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་དེའི་བྱེད་པ་རྒྱུ་མཐུན་དང་ལྡན་པའི་བདག་ཉིད་ཅན་ཡིན་པ་ལས་དང་། དྲང་བའི་དོན་ལ་དེ་ཁོ་ན་ཉིད་ངེས་པའི་དོན་ཅན་དུ་འཛིན་པའི་རྨོངས་པ་ལས་དང་། ཟས་གོས་སོགས་རྙེད་པ་ལ་བརྐམ་པ་ལས་དང་། རང་གི་ལྟ་བ་དང་དམ་པའི་ཆོས་འབའ་ཞིག་མི་མཐུན་པར་མཐོང་བའི་དབང་ལས་དང་། དམ་པའི་ཆོས་སུན་འབྱིན་བའི་སྐྱེ་བོ་དག་བླ་མའམ་གྲོགས་སུ་བསྟེན་པ་ལས་དང་། དམ་པའི་ཆོས་འཛིན་པའི་མཁས་པ་ལ་དགྲ་ལྟར་མཐོང་ནས་རྒྱང་

(༡༣༨༤)རིང་དུ་བསྲིངས་པ་ལས་དང་། དཀོན་མཆོག་གསུམ་ལ་མོས་པའི་ཤུགས་དམན་པ་རྣམས་ལས་སོ། །དེ་ལྟར་འདི་དག་ནི་སྐྱེས་བུ་གཅིག་ལ་ཐམས་ཅད་ཚང་ངོ་ཞེས་བྱ་བ་མ་ཡིན་གྱི། །འདི་དག་ལས་ཅི་རིགས་པར་ཆོས་སོང་བའི་རྒྱུ་ཡིན་ཏེ། སུ་ཞིག་ཆོས་ཡོང་ཡང་མི་ཤེས་པ་དང་ཐེ་ཚོམ་ནི་རྒྱུར་ངེས་ལ། ཡོང་བའི་ཚད་ཀྱང་མདོ་སྡེའི་རྒྱན་ལས་ཆོས་དེ་ལ་ཁོང་གྲོ་བ་ལ་བཤད་ལ། འདི་ཉིད་དུའང་སྡང་བ་ཞེས་གསུངས་པས་ཁོང་ཁྲོ་བ་ཉིད་དོ། །ཇི་ལྟར་ཆོས་ཟབ་མོ་ལ་མོས་པ་ལས་ཉམས་ནས་དེ་ལ་ཁྲོ་བ་དེ་རྣམ་པར་སྨིན་པ་རྩུབ་པས་འཇིགས་སུ་རུང་བ་དེ་ལྟར་ཏེ་དེ་ཙམ་དུ་བླང་དོར་ལ་མཁས་པ་རྣམས་ཀྱིས་ནི་མེ་དཔུང་ཆེན་པོ་ལ་དང་། མི་བཟད་ཅིང་དྲག་པའི་དུག་དང་ལྡན་པའི་སྦྲུལ་གདུག་པ་དང་། སྲོག་གཅོད་པའི་གཤེད་མ་དང་ནི་ནམ་མཁའ་ནས་ཐོག་ལྷུང་བ་ལའང་ཤིན་དུ་འཇིགས་པར་བྱ་མི་དགོས་ཏེ། མེ་དང་སྦྲུལ་དང་དགྲ་དང་རྡོ་རྗེའི་མེ་ཐོག་དག་གིས་ནི་ཚེ་འདིའི་ཕྲོག་དང་བྲལ་བ་ཙམ་བྱེད་ཀྱི། གཞི་དེ་ལས་དམྱལ་བ་བརྒྱད་པ་མནར་མེད་པ་རྣམས་ཀྱི་འགྲོ་བ་ཤིན་དུ་འཇིགས་སུ་རུང་བ་དེར་འགྲོ་བར་མི་འགྱུར་བས་སོ། །མནར་མེད་ཅེས་བྱ་བ་ནི་དེ་ལས་ལྷག་པའི་མནར་བ་གཞན་མེད་པས་དེ་སྐད་ཅེས་བྱ་ལ། སྐད་ཅིག་ཙམ་ཡང་ངལ་སོར་མེད་པས་ནི་བསྟིར་མེད་ཅེས་ཀྱང་བརྗོད་དོ། །གཞན་ཡང་མཚམས་མེད་པ་ལྔ་ལས་ཀྱང་ཆོས་ཡོང་བ་འདི་ཤིན་དུ་ལྤི་བ་ཡིན་ཏེ། སྐྱེས་བུ་གང་ཞིག་སྡིག་པའི་གྲོགས་ལ་ཡང་དང་ཡང་དུ་བསྟེན་པས་སངས་རྒྱས་གསོད་པར་སེམས་

(༡༣༨༥)པའི་ངན་སེམས་དང་ལྡན་པར་གྱུར་པས་སྐུ་ལས་ཁྲག་ཕྱུང་བ་དང་། རང་གི་ཕའམ་རང་གི་མའམ་ཟག་པ་ཟད་པའི་དགྲ་བཅོམ་པ་གསོད་པར་བྱེད་པ་སྟེ། བྱ་བ་མ་ཡིན་པ་གསད་པའི་ལས་བཞི་དང་། མཆོག་གི་ཚོགས་ཀྱི་སྒོ་འདུན་སངས་རྒྱས་ལས་ཕྱོགས་གཞན་དུ་འབྱེད་པར་བྱེད་པའི་མི་མ་སྐྱེས་དགྲ་ལྟ་བུ་ཡིན་ཡང་ཆོས་ཉིད་སྟོང་པ་ཉིད་ངེས་པར་ཏེ་ཡང་དག་པར་བསམས་ཤིང་བསྒོམས་པས་མྱུར་བར་ཚེ་འདི་ཉིད་ལ་དེ་ལས་ཐར་ནས་བདེན་པ་མཐོང་བ་ཡང་ཡོད་མོད་ཀྱི། སྐྱེས་བུ་གང་ཞིག་དམ་པའི་ཆོས་ལ་ཡིད་སྡང་བ་དེ་ལ་ཚེ་དེ་ཉིད་ལ་ཐར་པའི་ལམ་སྐྱེ་བ་ལྟ་ག་ལ་ཡོད་དེ་མེད་དོ། །དེ་བས་ན་སྟོན་པ་ཉིད་ཀྱིས་ཀྱང་བསྔགས་ཤིང་བཀུར་སྟིར་མཛད་པའི་དམ་པའི་ཆོས་ལ་བླ་མར་བྱ་བ་ཡིན་གྱི་སྨད་པར་མི་བྱ་ལ། ཆོས་གང་དག་བདག་ཉིད་ཀྱི་བློས་མི་དཔོགས་པ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་གྲང་གི་བདག་གི་ས་ནི་ཤེས་པ་མ་ཡིན་ནོ་སྙམས་སུ་བྱས་ཏེ་མི་སྨད་པར་འདུག་པར་བྱའོ། །ད་ནི་བཤད་པའི་དགེ་བ་བསྔོ་སྟེ། དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་ཕྲིན་ལས་ཏེ། །དོན་རྣམས་རྣམ་བདུན་ཚུལ་བཞིན་བཤད་པ་ལ་བདག་གི་ས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་འདི་མཐའ་ཡས་པ་འོད་མངའ་སྒྲངས་དྲོད་ཚེ་དཔག་མེད་མཐོང་ཞིང་། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག་ །ཅེས་བྱ་བས་སོ། དེ་ལ་བསྔོ་བར་བྱ་བ་ནི་གང་བཤད་པ་དང་། ཇི་ལྟར་བཤད་བ་རྣམ་པ་

(༡༣༨༦)གཉིས་ཀྱིས་སྟོན་ཏེ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། རྣམ་པར་བྱང་བས་བསྡུས་དཔའི་ཡོན་ཏན་མཐའ་ཡས་པའི་ཁམས་དང་། དྲི་མ་མེད་པའི་བྱང་ཆུབ་དང་དེའི་ཡོན་ཏན་དྲུག་བཅུ་རྩ་བ་བཞི་དང་། ཆད་པ་མེད་པའི་ཕྲིན་ལས་ཏེ་བརྗོད་པར་བྱ་བའི་དོན་ཀུན་གྱི་གནས་སམ་རྟེན་དུ་གྱུར་པའི་གཞུང་གི་ཚོགས་འདར་བཤད་ལ། དེ་ཡང་སྟོན་པའི་ལུང་གི་ཚུལ་ཇི་ལྟ་བ་བཞིན་དང་། རིགས་པའི་ཚུལ་ཇི་ལྟ་བ་བཞིན་དུ་བཤད་པ་ལས་བྱུང་བའི་དགེ་བཞོ། །བསྔོ་བ་པོ་ནི་བྱམས་པའི་མགོན་པོ་བདག་གསོ་བདག་དང་དྲག་གི་ཞན་རྣམས་ཀྱིས་ཀྱང་འདི་བཤད་པ་དང་ཉན་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་དགེ་བ་གང་ཞིག་ཐོབ་པར་གྱུར་པ་དེ་ཡིས་སྡིག་པ་མཐའ་དག་དང་བྲལ་ནས་འཆི་བའི་དུས་ཉེ་བར་གནས་པ་ན་ཡང་འགྲོ་བ་འདི་དག་གིས་མཐའ་ཡས་པའི་འོད་ཟེར་མངའ་ཚེ་དཔག་ཏུ་མེད་པ་ཞེས་གྲགས་པའི་དྲང་སྲོང་་ཆེན་པོ་དེ་འཁོར་དང་བཅས་པ་མངོན་སུམ་དུ་མཐོང་ཞིང་། དེ་དག་གི་སྣང་བས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ཏེ་དེའི་ཞལ་མངོན་སུམ་དུ་མཐོང་ཞིང་། དེའི་གསུང་ཐོས་པ་ལས་ཆོས་ལ་ཆོས་ཀྱི་མིག་རྒྱུལ་མེད་ཅིང་དྲི་མ་མེད་པ་ས་དང་པོའི་ཡེ་ཤེས་ཀྱིས་བསྡུས་པ་སྐྱེས་ཏེ་དེ་ཉིད་ཀྱི་དྲུག་དུ་ས་ལ་བརྟེན་པའི་ཚངས་པར་སྤྱོད་པ་བཅུ་སྤྱད་པས་བྱང་ཆུབ་གསུམ་གྱི་མཆོག་བླ་ན་མེད་པ་ཐོབ་པར་ཤོག་ཤིག་ ཡོངས་སུ་བསྔོ་བ་འདི་ནི་གཞན་དག་ལ་བསླབ་པའི་ཆེད་དུ་ཡིན་གྱི་རྗེ་བཙུན་ཉིད་ཀྱིས་ནི་ནམ་དུ་ཡང་དྲང་སྲོང་ཚེ་དཔག་ཏུ་མེད་

(༡༣༨༧)པ་ཐོགས་པ་མེད་པར་གཟིགས་སོ། །ད་ནི་དེ་དག་ཉིད་ཀྱིས་བཤད་པ་ཅུང་ཟད་བརྗོད་དེ། ཚིགས་སུ་བཅད་པ་བཅུ་པོ་འདི་དག་གི་བསྡུས་པའི་དོན་ཡང་ཚིགས་སུ་བཅད་པ་གསུམ་གྱིས་རིག་པར་བྱ་སྟེ། གང་ལས་རྒྱུ་མཚན་གང་ཕྱིར་ནི། །ཇི་ལྟ་བུར་ནི་གང་བཤད་དང་། །རྒྱུ་མཐུན་པ་ནི་གང་ཡིན་ཏེ། །ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །གཉིས་ཀྱིས་བདག་ཉིད་དག་པ་ཡི། །ཐབས་དང་གཅིག་གིས་ཉམས་པའི་རྒྱུ། །དེ་ནས་ཚིགས་སུ་བཅད་པ་ནི། །གཉིས་ཀྱིས་འབྲས་བུ་བསྟན་པ་ཡིན། །འཁོར་གྱི་དཀྱིལ་འཁོར་བཟོད་པ་དང་། །བྱང་ཆུབ་ཐོབ་པ་ཆོས་བརྗོད་པའི། །མདོར་ན་འབྲས་བུ་རྣམ་གཉིས་ནི། །ཐ་མ་ཡིས་ནི་བསྟན་པ་ཡིན། ཞེས་བྱ་བ་སྟེ། རྟེན་གང་ལས་བཤད་པ་དང་། རྒྱུ་མཚན་གང་གི་ཕྱིར་བཤད་པའི་ཚོགས་བཅད་པ་གཅིག་དང་། རིགས་པ་དང་ལུང་གི་རྒྱུ་མཐུན་པ་གང་ཡིན་པ་ནི་ཚིགས་སུ་བཅད་པ་གཉིས་ཏེ་དོན་བཞི་པོ་དེ་དག་ནི་ཚིགས་སུ་བཅད་པ་བཞིས་ཅི་རིགས་པར་བསྟན་ཏོ། །གང་ཕྱིར་རྒྱལ་ལས་ཆོས་མཁས་འགའ་ཡང་ཞེས་བྱ་བ་ནས་བརྩམས་ཏེ་ཚིགས་སུ་བཅད་པ་གཉིས་ཀྱིས་བདག་ཉིད་ཆོས་ལ་བརྟེན་པའི་ཉེས་པས་དག་ཅིང་སྲུང་བའི་ཐབས་བསྟན་ཏོ། །བློ་ཡན་ཕྱིར་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་ཆོས་།།།བདག་ཉིད་ཉམས་པར་འགྱུར་བ་དེའི་ཆོས་ཡོང་བའི་རྒྱུ་།།རབས་ཀྱི་ལས་ཀྱི་དིབ་པ་དང་། ཚ་འདར་ཉོན་མོངས་མང་བ་དང་། སྡིག་པའི་གྲོགས་

(༡༣༨༨)པོ་དང་ཕྲད་པ་དང་། སྐྱེས་བུ་མང་བ་ལས་བྱོལ་བསྣམས་།།ཏོ། །དེ་ནས་ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཆོས་ཡོང་བའི་འབྲས་བུ་མནར་མེད་པར་འཇུག་པར་འགྱུར་བ་དང་། ཡེ་ཤེས་རྣམ་པར་དག་པ་མི་ཐོབ་པ་དག་བསྟན་པ་ཡིན་ནོ། །དགེ་བ་བསྔོས་མའི་འབྲས་བུ་ཚེ་དཔག་ཏུ་མེད་པའི་འཁོར་གྱི་དཀྱིལ་འཁོར་དུ་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཐོབ་པ་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་འབྲས་བུ་སྟེ། མདོར་ན་འབྲས་བུ་རྣམ་པ་གཉིས་ནི་ཆོས་དེ་དག་རྗོད་པར་བྱེད་པའི་དཀོན་མཆོག་རྣམ་པར་བྱང་ཁམས་ཤེས་བྱ་བ་ལ་སོགས་པ་བཤད་པར་བྱ་བ་ཐ་མའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་སྡེ་སྣོད་གང་ཅི་ཡང་རླང་བ་དེ་དག་ཐམས་ཅད་ནི་ཉན་ཐོས་ཀྱི་སྡེ་སྣོད་དང་ཐེག་པ་ཆེན་པོའི་སྡེ་སྣོད་དེ་རྣམ་པ་གཉིས་སུ་གནས་པ་ལས་བསྟན་བཅོས་འདི་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་པའི་བསྟན་བཅོས་ཏེ་བརྗོད་པར་བྱ་བ་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུད་གཉིས་ལས་ཕྱི་མ་བླ་མ་སྟེ་ཕྱི་མར་གྱུར་པ་འབྲས་བུ་དཀོན་མཆོག་གསུམ་དང་དེའི་རྒྱུ་རིགས་བཞི་པོ་ངོ་བོ་དང་རྒྱུ་དང་འབྲས་བུ་ལ་སོགས་པའི་སྒོ་ནས་རྣམ་པར་འབྱེད་པའི་སྐབས་རྣམས་ལས་ཕན་ཡོན་གྱི་སྐབས་སམ་ལེའུ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ། །དེ་དག་གིས་ནི། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་

(༡༣༨༩)ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་གྱི་བསྡུས་པའི་བཤད་པ་རྫོགས་སོ། །ད་ནི་སློབ་དཔོན་ཐོགས་མེད་ཀྱིས་འགྲེལ་པ་མཛད་པའི་དགེ་བའི་རྩ་བ་བསྔོ་སྟེ། ཐེག་མཆོག་དམ་ཆོས་རིན་ཆེན་བཤད་འདི་ལས། །བསམ་ཡས་བསོད་ནམས་བདག་གིས་གང་ཐོབ་པ། །དེས་ནི་འགྲོ་ཀུན་ཐེག་མཆོག་དམ་པའི་ཆོས། །རིན་ཆེན་དྲི་མ་མེད་པའི་སྣོད་གྱུར་ཅིག་ །ཅེས་བྱ་བས་སོ། །ཐེག་པ་མཆོག་གི་དམ་པའི་ཆོས་འདོད་པ་ཐམས་ཅད་སྦྱིན་པས་རིན་པོ་ཆེ་དང་འདྲ་བ་དག་ལ་རྣམ་པར་བཤད་པའི་བྱི་དོར་བགྱིས་པ་འདི་ལས་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་བསོད་ནམས་སློབ་དཔོན་ཐོགས་མེད་བདག་གིས་གང་ཞིག་ཐོབ་པར་འགྱུར་པ་དེས་ནི་འགྲོ་བ་མ་ལུས་པ་ཀུན་ཐེག་པ་མཆོག་གི་དམ་པའི་ཆོས་རིན་པོ་ཆེ་དྲི་མ་མེད་པའི་སྣོད་དུ་གྱུར་ནས་ནམ་མཁའི་ཇི་སྲིད་ཀྱི་བར་དུ་དེ་ལ་ལོངས་སྤྱོད་པར་གྱུར་ཅིག་གོ་ །འདིར་།།།ནི་ས་བཅུ་པ་ལ་གནས་པའི་འཕགས་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་ཕྱི་མ་ལ་མངོན་པར་རྫོགས་པར་སངས་རྒྱ་བའི་མཛད་པ་སྟོན་པ་སྟེ། སློབ་པའི་མཆོག་ཏུ་གྱུར་པའི་ལྟ་བུ་བསྟན་ཡང་ངེས་པའི་དོན་དུ་ན་སངས་རྒྱས་ནས་ཇི་ཙམ་ལོན་པའི་བསྐལ་པའི་གྲངས་སངས་རྒྱས་ཀྱི་ཞིང་གི་རྒྱུལ་ལས་འདས་པ་ཉིད་དོ་

(༡༣༩༠)དེས་མཛད་འདྲི་བསྟན་བཅོས་ཀྱི་།།།པ་སྟེ། སློབ་དཔོན་འདི་ནི་ལོ་བཅུ་གཉིས་ཀྱི་བར་དུ་བྱམས་པའི་རིག་སྔགས་རྒྱུན་མི་འཆད་པར་བཟློས་པ་ལས། ལོ་བཅུ་གཉིས་རྫོགས་པ་ན་རྗེ་བཙུན་གྱིས་ཞལ་བསྟན་ཞིང་དགའ་ལྡན་གྱི་གནས་སུ་་ཁྲིད་དེ་བཅོམ་ལྡན་འདས་ཀྱི་མདོ་སྡེ་རྣམས་དང་། མངོན་པར་རྟོགས་པའི་རྒྱན་ལ་སོགས་པའི་བསྟན་བཅོས་རྣམས་གནང་ཞིང་། སླར་ཛམ་བུའི་གླིང་དུ་བྱོན་ནས་བསྟན་བཅོས་ཤིན་དུ་མང་བར་མཛད་ཅིང་། བྱེ་བྲག་ཏུ་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་དུ་དར་བར་བྱས་པ་ཡིན་ནོ་ཞེས་གྲག་སྟེ། དོན་དེ་ནི་འཇམ་དཔལ་རྩ་བའི་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །གཞུང་བྱེད་དང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་སྒྲུབ་པ་ནི། །ས་ལའི་ཕོ་ན་མོ་ཞེས་བརྗོད། །དེ་ཡི་སགས་ཀྱི་མཐུ་ཡིས་ནི། བློ་ནི་བཟང་པོ་སྐྱེ་བར་འགྱུར། བསྟན་པ་ཡུན་རིང་གནས་བྱའི། །མདོ་ཡིད་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱད་དང་ལྔ་བཅུར་འཚོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་སོ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། ཞེས་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ་ཛམ་བུའི་གླིང་འདིར་ཐེག་པ་ཆེན་པོའི་བསྟན་པའི་

(༡༣༩༡)བདག་པོ་ཉིད་དུ་གྱུར་པའོ། །སློབ་དཔོན་འདི་ས་གསུམ་པ་ལ་གནས་པ་ཡིན་ནོ་ཞེས་སློབ་དཔོན་ཤཱ་ནི་ད་བས་དབུ་མའི་རྒྱན་ཞེས་བྱ་བར་བཤད་དོ། །མངོན་པར་རྟོགས་པའི་རྒྱན་ལ་སོགས་པའི་བསྟན་བཅོས་འདི་དག་ཀྱང་སློབ་དཔོན་ཐོགས་མེད་ཀྱི་དོན་དུ་མཛད་དོ་ཞེས་སློབ་དཔོན་སེང་གེ་བཟང་པོ་འཆད་ལ། བཀའ་བསྡུ་བའི་དུས་ཀྱི་ཚེ་ཉིད་ན་མཛད་པ་ཡིན་ནོ་ཞེས་སློབ་དཔོན་ཨ་བྷ་ཡ་གསུང་ངོ། །བསྟན་བཅོས་འདི་བོད་དུ་བསྒྱུར་བ་ཡང་དང་པོ་ནི་ཡེར་པའི་གནས་བརྟན་ཆེན་པོ་བྱང་ཆུ་འབྱུང་གནས་ཀྱིས། བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་།།། དུས་ཕྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྟོག་བློ་ལྡན་ཤེས་།།ཀྱིས་ཁ་ཆེའི་ཡུལ་དུ་གཤེགས་ཏེ་ཐུགས་སྦྱོང་བ་མཛད་པའི་ཚེ་དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་གདུང་རབས་ཤིན་དུ་མང་པོར་།།བརྒྱུད་མར་བྱོན་པ་བྲམ་ཟེ་རིན་ཆེན་རྡོ་རྗེ་ཞེས་བྱ་བ་ཕྱི་དང་ནང་གི་གྲུབ་པའི་མཐའ་མཐའ་དག་ལ་མཁས་ཤིང་གྲུབ་པ་ཆེན་པོ་ཡང་བརྙེས་པར་གྲགས་པ་དེའི་སྲས་ནི་བྲམ་ཟེ་སུ་ག་ཏ་ཞེ་ད་པའི་།།། དེའི་སྲས་ཆེ་བ་ནི་པཎིྡ་ཏ་སཛྫ་ན་སྡེ་སྐྱེ་བོ་ལྟ་པ་ཞེས་བྱའོ། །དེ་ལྟར་ན་མཁས་པར་ན་ཆེན་དོ་རེའི་།།སྟེ་དེ་དང་ དེ་ཉིད་ཀྱི་སློབ་མར་གྱུར་པ་ཤཱཀྱའི་།།།

(༡༣༩༢)ཀྱིས་གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ། །།།ནི་ །།།མཛད་དོ། །འདི་ལ་ལོ་རྩཱ་བ་ཆེན་པོ་ཉིད་དང་། དེའི་སློབ་མ་ཞང་དང་གྲོ་ལུང་པ། ཞང་གི་སློབ་མ་ཉན་བྲན་པ་ཆོས་ཀྱི་ཡེ་ཤེས་ཞེས་བྱ་བ་དང་། ཕྱི་ནས་སློབ་དཔོན་།།དང་། དེའི་སློབ་།།། པ་ལ་སོགས་པ་མང་པོ་དག་གིས་ཀྱང་འཆི་ཀ་མཛད་ལ། དུས་ཕྱིས་བློ་གྲོས་མཚུངས་མེད་ལ་སོགས་པའི་མཁའ་པ་གཞན་དང་གཞན་གྱིས་ཀྱང་མཛད་པའི་།།།དེ་དག་དང་།།།པ་ཆེན་པོས་ཌཱི་ཀ་དང་བཤད་པ་མཛད་ལ། དེའི་སློབ་མ་མང་པོས་ཀྱང་བཤད་པ་མང་དུ་བགྱིས་པ་བོད་ཀྱི་ཡུལ་འདིར་ཤིན་དུ་དར་བར་གྱུར་ཏོ། །།།ལོ་ཙཱ་བ་ཆེན་པོའི་རྗེས་སུ་འབྲང་བའི་བཤད་པ་ཡང་མང་པོ་མཐོང་༔ རྗེ་སྒམ་པོ་།།།རང་གི་ཕྱག་རྒྱ་ཆེན་པོའི་གདམས་པ་འདིའི་གཞུང་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི་ཡིན་ནོ་ཞེས་གསུངས་པའི་དོན་ཆོས་རྗེ་།།། །།། སཛྫ་ནའི་དངོས་ཀྱི་སློབ་མ་བཙན་ཁ་བོ་ཆེ་ལས་བྱུང་བའི་བཤད་པ་རྣམས་ཀྱང་ཕྱག་རྒྱ་ཆེན་པོ་ཉིད་དང་མཐུན་པར་སྣང་བས་དེ་དག་ལ་བརྟེན་ནས་བདག་ཉིད་ཀྱི་བློའི་ནུས་པ་གཞན་ལ་སྣང་བར་བྱས་པ་ཡིན་ནོ།

(༡༣༩༣)སྐྱེས་བུ་འགའ་ཞིག་མཐའ་ཡས་ནའང་རང་གི་ཁ་ཡི་ནང་དུ་ཆུད་པར་འདོད་པ་དང་། །ཤིན་དུ་རིང་བ་མིན་པའི་ལགས་པས་མཐའ་ཡས་སངས་རྒྱས་ཞིང་རྣམས་ཉུལ་བར་འདོད་འདྲ་བར། །ཀུན་ནས་རྨོངས་ཤིང་ཉམ་ཆུང་བློ་ཡི་།།།དོན་གྱི་མདོ་སྡེ་དག་དང་བསྟན་བཅོས་ལ། །ཚེམ་ཚོམ་མེད་ཅིང་མང་དུ་སྨྲས་པ་འདི་ནི་དད་པ་ཁོ་ནས་ཡིན་གྱི་གཞན་མ་ཡིན། །དེ་ལྟར་སངས་རྒྱས་ཀུན་གྱི་ཡུལ། །བཤད་བ་འདི་ལས་ཡེ་ཤེས་ཀྱི། །སྣང་བ་རྒྱ་ཆེན་སྐྱེས་གྱུར་ནས། །དེ་ཡིས་བྱང་ཆུབ་མཆོག་ཐོབ་ཤོག་ །ལུས་དང་ངག་དག་མ་བསྡམས་ཤིང་། །སེམས་ཀྱང་རྣམ་པར་གཡེངས་གྱུར་ཏེ། །གླང་པོ་མྱོས་བཞིན་ཅི་དགར་ནི། །འཇུག་བྱེད་འདུ་པས་བཟློག་གྱུར་ཅིག་ །མཁས་པ་རྣམས་ནི་མཐོང་བ་དང་། །ཐོས་དང་གཏམ་དུ་བགྱིས་པ་དང་། །དྲན་པར་གྱུར་པའི་ཚེ་ན་ཡང་། །དེ་དག་ཀུན་ལ་གུས་བྱེད་ཤོག་ །ཕན་དང་བདེ་བ་མ་ལུས་པའི། །འབྱུང་།།།རིན་པོ་ཆེན། །།གྱུར་འདིའང་ཡར་ངོ་ཡི། །ཟླ་བ་བཞི་དང་དུ་འཕེལ་བར་ཤོག་ །མིག་གིས་སེམས་ཅན་མཐོང་ན་།།།སངས་རྒྱས་ཉིད་སྙམ་སྟེ། །ཆག་།།ཁྲོ་བ་སྤངས་པ་ཡི། །།།ཆེན་པོ་ཐོབ་པར་ཤོག་ །བདག་ནི་དུད་འགྲོར་གྱུར་ར་ཡང་། །ཐུབ་པའི་གསུང་རབ་རིན་པོ་ཆེའི། །གླེགས་བམ་མཐོང་མ་དགའ་བ་དང་། །ཀུ་བོ་བྱེད་ཅིང་རྒྱལ་བའི་གསུངས་མ་བྲལ་ན་

(༡༣༩༤)ཡི་དགས་ཉིད་དུ་གྱུར་ཀྱང་སླར། །གཞན་དག་ལ་ཡང་ཕན་བྱེད་པས། །དེ་ཡི་གྲོང་ཁྱེར་སྟོངས་པར་ཤོག་།།དམྱལ་བ་ཉིད་དུ་གྱུར་ན་ཡང་། །སྲེག་པའི་མེ་ཆེན་ལ། འོད་གསལ་ཡེ་ཤེས་སྣང་བར་ནི། །མཐོང་ནས་སྒོམ་པས་དགའ་གྱུར་ཅིག་ །ཉན་ཐོས་དང་ནི་རྣག་རྒྱལ་གྱི། །ཐེག་པའི་གཏམ་རྣམས་ཐོས་པ་ནའང་། །འདི་ལྷའི་ཐབས་ལ་མཁས་མཁན་ཞེ། རྒྱལ་བ་རྣམས་ལ་གུས་བྱེད་ཤོག་ །དེ་ལྷ་དེ་ལྟར་འཇིག་རྟེན་འདི་ནི་གཞན་གྱི་ཚིག་ལ་བརྟེན་པ་དང་། །འཇིག་རྟེན་ཡ་རབས་སྐྱེ་བོ་དག་ནི་ལྷག་པར་རྒྱུད་པ་ཐོབ་པ་དང་། །དམ་ཆོས་སྤྱོད་པའང་རྙེད་དང་གྲགས་པའི་དབང་སྔོ་ཟབ་མོ་ལ་མི་གུས། །གང་དེ་དག་ཀྱང་དི་རིང་ཉིད་ནས་དང་དང་བརྩོན་པའི་ཤུགས་ཐོབ་ཤོག་ །ཕན་ཚུན་འཛུམ་པའི་བཞིན་ལྡན་རྒྱལ་བའི་གསུང་རབ་བོ་ན་གཏམ་དུ་བྱེད་པ་དང་། །དད་ལུན་རྣམས་དང་མཁས་པ་རྣམས་ཀྱིས་འབད་པས་བསྒྲུབས་པའི་གླེགས་བམ་མི་ཉམས་ཤིང་། །རང་རང་སློབ་དཔོན་དག་ལ་གུས་པའི་སེམས་ཀྱི་བསྙེན་བཀུར་བྱེད་པ་ལ་བརྩོན་པས། །འཆད་དང་ཉན་པའི་ཚུལ་འདི་འཇིག་རྟེན་འདི་ན་མི་རྣམས་གོང་དུ་འཕེལ་བར་ཤོག་ །རྗེ་བཙུན་མི་ཕམ་ཉིད་ཀྱི་མཐུ། །ཁོ་ནས་བདག་ན་ལེགས་དྲངས་ཏེ།


no previousno next