Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
collapse section
  
  
  
བྱམས་ཆོས་སྡེ་ལྔ་སོགས་ཀྱི་ལུང་བརྒྱུད།
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousབྱམས་ཆོས་སྡེ་ལྔ་སོགས་ཀྱི་ལུང་བརྒྱུད།next

བྱམས་ཆོས་སྡེ་ལྔ་སོགས་ཀྱི་ལུང་བརྒྱུད།


GLG001_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པའི་ཆོས་སྡེ་ལྔའི་བཀླགས་ལུང་ལེགས་པར་ནོས་པའི་ཐོག་མར་མངོན་རྟོགས་རྒྱན་ནི། ཊཱིཀྐ་རྫོགས་པར་སོང་བས་བཤད་མ་ཐག་པའི་བརྒྱུད་པ་ལྟར་རམ། ཡང་ན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཅེན་གྲུབ་ཡན་གོང་ལྟར་ལ། དེ་ནས་ཉ་དབོན་ཀུན་དགའ་དཔལ། རེ་མདའ་བ་གཞོན་ནུ་བློ་གྲོས། རྒྱལ་བ་བཙོང་ཁ་པ་ཆེན་པོ། རྒྱལ་ཚབ་ཐམས་ཅད་མཁྱེན་པ། གུང་རུ་རིན་ཅེན་བྱང་ཆུབ། ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ། སློབ་དཔོན་ནེ་ཙོ་བ་ཆོས་


GLG001_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྒྱལ་མཚན། དྲུང་ཆེན་ཉི་མ་གྲགས་པ། དྲུང་ཆེན་ཆོས་ཀྱི་བཤེས་གཉེན། ར་ཚག་པ་བློ་བཟང་ཨེ་ཝཾ། རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཀུན་མཁྱེན་དཔལ་འབྱོར་འཕྲིན་ལས་རབ་རྒྱས། རྗེ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྒྱལ་ཁང་རྩེ་བ་ནས། རྗེ་འཕྲིན་ལས་ལྷུན་གྲུབ། བླ་མ་ཞང་ཡང་ཟེར། རྗེ་ཕ་བོང་ཁ་བ་མན་འདྲ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དང་དབུས་མཐའ་རྣམ་འབྱེད་གཉིས་ཀྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྒྱལ་བ་བྱམས་པ། འཕགས་པ་ཐོགས་མེད། མཁས་པ་དབྱིག་གཉེན། ཁ་ཆེའི་པཎ་ཆེན་བློ་གྲོས་བརྟན་པ། པཎ་ཆེན་རིག་པའི་ཁུ་བྱུག །སློབ་དཔོན་མཆེ་བའི་སྡེ། བྷ་དྲ་པཱ་ད། མར་མེ་མཛད། གངྒཱ་དྷ་ར། པུ་ཎྱ་ཤྲཱི། ཁ་ཆེ་དགོན་པ་བ། བྲམ་ཟེ་སངྒྷ་པ། ཁ་ཆེ་ཛྙཱ་ན་ཤྲཱི། རྔོག་ལོ་ཆེན་པོ། བ་རེག་ལོ་ཙཱ་བ་རྒྱལ་མཚན། བ་རེག་སྟོན་སྐྱབས། སྐྱེས་བུ་ཡོན་ཏན་དགའ། བླ་མ་བཀྲ་ཤིས་རྡོ་རྗེ། བླ་མ་འདུལ་བ་འཛིན་པ། ཉང་རོ་ཀུན་དགའ་རྡོ་རྗེ། འཇམ་དབྱངས་དར་མ་འོད་ཟེར། ཁྲོ་ཕུ་ཚད་མའི་སྐྱེས་བུ། བུ་སྟོན་ཐམས་ཅད་མཁྱེན་པ་མན་མངོན་རྟོགས་རྒྱན་གྱི་ལུང་རྐྱང་གི་བརྒྱུད་པ་ལྟར་རོ། །ཡང་མདོ་སྡེ་རྒྱན་གྱི་ལུང་བརྒྱུད་ལུགས་གཅིག་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་གྲོས་བརྟན་པ། གང་བ་སྤེལ། གངྒཱ་དྷ་ར། ངོར་ཆེན་གྱི་གསན་ཡིག་ན་འདི་གཉིས་ཀ་མི་འདུག་པ་དཔྱད། གངྒཱ་ཛ་ན་རཏྣ། ཁ་ཆེ་རིན་ཅེན་རྡོ་རྗེ། ཁ་ཆེ་ས་ཛྫ་ན། པ་ར་ཧེ་ཏ། ཙན་ཁ་པོ་ཆེ་ཡིན་མིན་བརྟག །བློ་གྲོས་གྲགས། མར་པ་ཇོ་ཕན། མཆིམས་དོན་གྲུབ། མཆིམས་བརྩོན་སེང་། མཆིམས་


GLG001_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གྲགས། སྐྱི་སྟོན་ཤཱཀྱ་འབུམ། སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་ཤེར་རྒྱན། མ་ཏི་པཎ་ཆེན། ས་བཟང་གཞོན་བློ། ངོར་ཆེན། དཔལ་ལྡན་རྡོ་རྗེ། རཏྣ་ཤཱི་ལ། ཐར་ལམ་གསལ་སྒྲོན། འདི་བླ་མའི་མཚན་མི་འདྲ་བ་བརྟག །རིན་ཅེན་འབྱུང་གནས། ངག་དབང་གྲགས་པ་དཔལ་བཟང་། ངག་དབང་ཆོས་གྲགས། རིན་པོ་ཆེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྒོམ་སྡེ་ནམ་མཁའ་རྒྱལ་མཚན། དྲུང་ཆེན་བྱང་མ་ཁང་གསར་བ། རྡོ་རྗེ་འཆང་ཕ་བོང་ཁ་པ་མན་འདྲ། ཆོས་ཉིད་རྣམ་འབྱེད་དང་རྒྱུད་བླ་མ་གཉིས་ཀྱི་བརྒྱུད་པ་བྱམས་ཆོས་གཞན་གསུམ་དང་མཐུན་པར་མཛད་པ་ངོར་པ་རྡོ་རྗེ་འཆང་དང་ཆོས་རྗེ་དཔའ་བོ་སོགས་རང་གཞན་གྱི་བླ་མ་མང་པོའི་གསན་ཡིག་ཏུ་སྣང་ཡང་ཧ་ཅང་མ་དཔྱད་པའི་རྩིང་སྐྱོན་དུ་སེམས་ཏེ། རྒྱུ་མཚན་ཐོགས་མེད་ཀྱི་དགའ་ལྡན་ནས་བྱམས་ཆོས་སྤྱན་དྲངས་པ་དུས་རིང་ཞིག་ནས་ཆོས་ཉིད་རྣམ་འབྱེད་དང་རྒྱུད་བླ་མའི་དཔེ་ཙམ་ཡང་ནུབ་པས་བརྒྱད་སྟོང་འགྲེལ་ཆེན་དུ་དེ་ཉིད་ནས་ལུང་འདྲེན་སོགས་མེད་པས་ཀྱང་སློབ་དཔོན་སེང་གེ་བཟང་པོའི་དུས་ནུབ་ཟིན་པ་རྗེས་སུ་དཔག་པའི་ཚད་མས་ཀྱང་གཞལ་ནུས་ལ། རྗེ་མཻ་ཏྲི་པ་ཆེན་པོས་མཆོད་རྟེན་ཞིག་གི་སེར་ཁ་ནས་འོད་ཡང་ཡང་འཕྲོ་བ་གཟིགས་པས། དེ་ལ་ཞིག་གསོ་དང་བཅས་ཅི་འདུག་བཙལ་བས་ཏཱ་ལའི་འདབ་མར་བྲིས་པའི་བསྟན་བཅོས་གཉིས་ཀྱི་དཔེ་རྙེད་ཀྱང་རྒྱུན་མ་རྙེད་པར་བརྟེན་རྗེ་བཙུན་བྱམས་པ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་སྤྲིན་གྱི་གསེབ་ནས་ཞལ་དངོས་སུ་བསྟན་ནས་གནང་བའི་ལུང་རྒྱུན་འཕེལ་བ་ཡིན་པས། དེ་གཉིས་ཀྱི་རྒྱུད་པ་ནི། ཐུབ་པའི་དབང་པོ། །མ་ཕམ་མགོན་པོ། །མངའ་བདག་མཻ་ཏྲི་བ་


GLG001_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ། པཎྜི་ཏ་དགའ་བའི་གྲགས་པ། པཎྜི་ཏ་སཛྫ་ན། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ཁྱུང་རིན་ཅེན་གྲགས། རྒྱ་དམར་བ་བྱང་ཆུབ་གྲགས། གྲོ་ལུང་བ་བློ་གྲོས་འབྱུང་གནས། ཆ་པ་ཆོས་ཀྱི་སེང་གེ །འདུལ་དཀར་བ། གཙང་པ་འབྲེ་སྒུར། སྡོང་ཁྲོད་འདུལ་འཛིན། སློབ་དཔོན་དར་མ་འོད་ཟེར། ལྷོ་པ་གྲུ་པ་སེང་གེ །སློབ་དཔོན་རིག་ཐིགས་པ། ཐམས་ཅད་མཁྱེན་པ་བུ་སྟོན་མན་མངོན་རྟོགས་རྒྱན་གྱི་ལུང་རྐྱང་ལྟར་རོ། །དེའང་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་པཎྜི་ཏ་སཛྫ་ན་ལ་རྔོག་ལོ་ཆེན་པོས་གསན་པའི་ཚེ་དཔེ་ཤོག་རེ་ལའང་འདི་མེ་ལ་སྦྱངས་ན་རྒྱལ་བ་བྱམས་པ་གཤེགས་པ་དང་མཉམ་ཟེར་ནས་གཡར་བར་དཀའ་ཚེགས་ཤིན་ཏུ་ཆེ་བའི་ངང་ནས་བསྒྱུར་ཞུས་མཛད་པ་ཡིན་ནོ། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་ཡིག་ཆའི་སྟེང་ནས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེད་པར་བྱེད་པའི་ཐབས་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འཇམ་དབྱངས། འཕགས་པ་ཀླུ་སྒྲུབ། ཨཱཪྻ་དེ་ཝ། ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། པཎྜི་ཏ་པུཎྱ་ཤྲཱི། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། ས་པཎྜི་ཏ་འཕགས་པ་རིན་པོ་ཆེ། ཨེ་པ་འཇམ་དབྱངས་འཁོན་སྟོན། བྱང་སེམས་རིན་ཅེན་མགོན། འཇིག་རྟེན་དབང་ཕྱུག་བཟང་པོ་དཔལ། ཆོས་རྗེ་ཚུལ་ཁྲིམས་དཔལ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག །རི་པ་དཔལ་ལྡན་གྲགས། མཁན་ཆེན་གྲགས་པ་རྒྱ་མཚོ། མཁན་ཆེན་


GLG001_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཅེན་གྲགས་པ། མཁན་སངས་རྒྱས་བཀྲ་ཤིས། མཁན་ཆེན་དབང་ཕྱུག་དཔལ་བཟང་། པཎ་ཆེན་ངག་དབང་ཆོས་གྲགས། ལོ་པ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དཔལ་ལྡན་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ་ངག་དབང་བསོད་ནམས་དབང་ཕྱུག །བཀའ་དྲིན་མཉམ་མེད་མཁན་ཆེན་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། ཡང་ན་འཕགས་པ་རིན་པོ་ཆེ་ནས། སྒྲོན་མོན་ཅན་པ་རིན་ཅེན་དཔལ་བཟང་། བྱང་སེམས་རིན་ཅེན་མགོན་པོ་མན་འདྲ། ཡང་ན་ས་པཎ་ནས། བོ་དོང་བརྩོན་འགྲུས་རྡོ་རྗེ། ཁྲོ་ཕུ་བསོད་ནམས་སེང་གེ །ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། རྒྱལ་སྲས་ཐོགས་མེད་པ་མན་འདྲ། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་འཇུག་པ་སེམས་བསྐྱེད་ཅེས་སྣང་། བཅོམ་ལྡན་འདས། རྗེ་བཙུན་མ་ཕམ་པ། འཕགས་པ་ཐོགས་མེད། དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། དཔལ་མར་མེ་མཛད། རྒྱལ་བ་འབྲོམ། སྤྱན་སྔ་པ། བྱ་ཡུལ་བ། རྒྱལ་སྲས་ཆར་ཆེན་པ། མུས་སྨན་པའང་ཟེར། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ། མཆིམས་སྟོན། མཁན་སེང་གེ་སྐྱབས། མཁས་བཙུན་བསོད་ནམས་ཡེ་ཤེས། བྱང་སེམས་བསོད་ནམས་གྲགས་པ། ཐོགས་མེད་བཟང་པོ་དཔལ། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་རཏྣ་ཤཱི་ལ། རྡོ་རྗེ་འཆང་སྒོ་
རུམ་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །འཁོར་ལོའི་མགོན་པོ་དབང་ཕྱུག་རབ་བརྟན། འཇམ་དཔལ་དབྱངས་ངག་དབང་ཆོས་གྲགས། ས་ཆེན་ཀུན་དགའ་བསོད་ནམས། དེ་སྲས་ངག་དབང་བསོད་ནམས་དབང་ཕྱུག །མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་རྒྱལ་སྲས་ཐོགས་མེད་པ་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན། བོ་དོང་པཎ་ཆེན་དབྱངས་ཅན་དགའ་བ། མཁན་ཆེན་བསོད་རྒྱལ། པཎ་ཆེན་ཤཱཀ་མཆོག །པཎ་ཆེན་དོན་ཡོད་པ། རྗེ་ཀུན་དགའ་གྲོལ་མཆོག །མཁན་ཆེན་ཀརྨ་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་གོང་བཞིན་ནོ། །


previousབྱམས་ཆོས་སྡེ་ལྔ་སོགས་ཀྱི་ལུང་བརྒྱུད།next