Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
collapse section
རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང་ཐོབ་པའི་ལུང་བརྒྱུད།
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
  
 
  
 
  
  
  
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousརྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང་ཐོབ་པའི་ལུང་བརྒྱུད།next

རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང་ཐོབ་པའི་ལུང་བརྒྱུད།


GLG001_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་བསྟོད་མཆོད་རྗེས་གནང་གི་ཆོ་ག་དང་བཅས་པ་བདུད་རྩིའི་ཆུ་རྒྱུན་གྱི་སྟེང་ནས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛེ་ཏཱ་རི། པཎ་ཀར། རྡོ་རྗེ་གདན་པ་མྱ་ངན་མེད། ཆེ་ཆུང་གཉིས། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་ཅོག་དཔལ། previous hit རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་བརྟན་པ། ཆོས next hit་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། མཚུངས་མེད་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་ཅོག་འཕེལ། རྒྱལ་བ་ལྷ་མཆོག་སེང་གེ །འཇམ་དབྱངས་དཀོན་ཅོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། རྗེ་བཙུན་བྲང་ཏི་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ལྷ་མཆོག་སེང་གེ་ནས། སངས་རྒྱས་སེང་གེ །ཐར་རྩེ་པ་མན་འདྲ། ཡང་ན་ངོར་ཆེན་ནས། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་གོ་བོ། རྗེ་སངས་རྒྱས་རིན་ཅེན། དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་སངས་རྒྱས་རིན་ཅེན་


GLG001_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ས་ལོ། དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་མུས་ཆེན་ནས། གྲུབ་ཆེན་དཀོན་ཅོག་བློ་གྲོས། རྗེ་སངས་རྒྱས་རིན་ཅེན། ས་ལོ་མན་འདྲ། ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་སངས་རྒྱས་རིན་ཅེན་མན་འདྲ། ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། རྗེ་སངས་རྒྱས་སེང་གེ །ཐར་རྩེ་པ་མན་འདྲ། ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། ཐར་རྩེ་པ་མན་འདྲ། ཡང་ན་ཆོས་རྗེ་ས་པཎ་ནས། ཤར་པ་ཤེས་རབ་འབྱུང་གནས། ཤར་པ་རྡོ་རྗེ་འོད་ཟེར། རིན་ཅེན་ཡེ་ཤེས། གློ་ཆེན་སངས་རྒྱས་སྲས། བྲག་སྟོན་གཞོན་ནུ་ཚུལ་ཁྲིམས། བསམ་གཏན་ལྷུན་གྲུབ། གློ་བོ་ལོ་ཙཱ་བ་ཤྲཱི་མཱཾ་བོ་དྷི། འབྲི་ཁུང་ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ། ངོར་པ་རྡོ་རྗེ་འཆང་མན་འདྲ། ཡང་ན་ས་པཎ་ནས། ཤར་པ་རྡོ་རྗེ་འོད་ཟེར། བླ་མ་བཀྲ་ཤིས་འོད། འཁོན་སྟོན་ཐུགས་རྗེ་རིན་ཅེན། འཇམ་དབྱངས་རིན་ཅེན་རྒྱལ་མཚན། བྱང་སེམས་རྒྱལ་བ་ཡེ་ཤེས། སྤང་ཁང་པ་གྲགས་པ་དཔལ། སྤྲོ་ལུང་པ་ཀུན་སྨོན། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་རྡོ་རྗེ་གདན་པ་ཆེ་ཆུང་གཉིས་ནས། ཇོ་བོ་ཨ་ཏི་ཤ །བ་རི་ལོ་ཙཱ་བ། གོང་མ་ལྔ། སྣུར་ཡེ་ཤེས་རྒྱལ་མཚན། སྣུར་ཆོས་འཕགས། གར་ཐིག་པ་སེང་གེ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཐེལ་གྲགས་པ་རྡོ་རྗེ། དྲུང་བྱང་ཆུབ་རྡོ་རྗེ། འཇམ་དབྱངས་རིན་ཅེན། མཁན་ཆེན་ཟླ་བ་བློ་གྲོས། མཁན་ཆེན་ཉི་མ་བ། མཁན་ཆེན་ཀུན་བློ་བ། པཎ་ཆེན་ངོ་མཚར་རྒྱ་མཚོ། མར་སྟོན་ཚུལ་ཁྲིམས་རིན་ཅེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་


GLG001_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་བ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །རིང་བརྒྱུད་ནི། སངས་རྒྱས་ཤཱཀྱ་ཐུབ་པ། འདི་གསན་ཡིག་གཞན་ན་མི་འདུག་རུང་རྡོ་རྗེ་གདན་པའི་གསན་ཡིག་ན་སྣང་ངོ་། །བྱམས་པ། ཐོགས་མེད། དབྱིག་གཉེན། སྐལ་ལྡན་གྲགས་པ། ཤཱི་ལ་ཀཱ་ར་མ་ཏི། པཎྜི་ཏ་བེ་རོ་ཙ་ན་རཀྵི་ཏ། བ་རི་ལོ་ཙཱ་བ་མན་འདྲ། དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་བདུད་རྩིའི་ཆུ་རྒྱུན་གྱི་ལུང་བརྒྱུད་ནི། རྗེ་དཀོན་ཅོག་ལྷུན་གྲུབ། དབོན་དཀོན་ཅོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། མཁན་ཆེན་ཤེས་རབ་འབྱུང་གནས། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། བྲང་ཏི་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། རྗེ་ཞ་ལུ་པ། དེས་བདག་ལའོ། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་རྣམ་པར་རྒྱལ་མའི་བསྟོད་པ་འདོད་དགུའི་ཆར་འབེབས་ཀྱི་ལུང་བརྒྱུད་ནི། ཀུན་མཁྱེན་བུ་སྟོན། སྒྲ་ཚད་པ་རིན་རྣམ། ལྕེ་ནམ་མཁའི་མཚན་ཅན། བླ་མ་དོན་གྲུབ་ལེགས་པ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་རྗེ། དཔོན་པོ་རྒྱལ་པོ། རྗེ་དོན་གྲུབ་རྒྱལ་པོ། རྗེ་དོན་གྲུབ་རྒྱལ་མཚན། བྱང་གླིང་བཀྲ་ཤིས་རྒྱལ་མཚན། རྗེ་ཀུན་དགའ་བཀྲ་ཤིས། རིན་པོ་ཆེ་དཀོན་ཅོག་རྒྱལ་མཚན། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །ངོར་ཆེན་གྱིས་མཛད་པའི་བསྟོད་པ་འཆི་མེད་དཔལ་སྦྱིན་གྱི་ལུང་གི་བརྒྱུད་པ་ནི།
རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་ཅོག་འཕེལ། རྗེ་ལྷ་མཆོག་སེང་གེ །མཚུངས་མེད་སངས་རྒྱས་སེང་གེ །བྲང་ཏི་ནམ་མཁའ་དཔལ་བཟང་། མུས་ཆེན་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དབོན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །


previousརྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང་ཐོབ་པའི་ལུང་བརྒྱུད།next