Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
collapse section
  
  
དབུ་མ་འཇུག་པ་རྩ་འགྲེལ་དང་བཅས་པའི་ལུང་བརྒྱུད།
  
 
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousདབུ་མ་འཇུག་པ་རྩ་འགྲེལ་དང་བཅས་པའི་ལུང་བརྒྱུད།next

དབུ་མ་འཇུག་པ་རྩ་འགྲེལ་དང་བཅས་པའི་ལུང་བརྒྱུད།


GLG001_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ལེགས་མ་ལས། མདོ་སྔགས་གཞུང་ལ་ངལ་བ་མང་བྱས་ཀྱང་། །ཟབ་དོན་ཉམས་སུ་ལེན་དང་སྨྲ་བ་ལ། །གང་ཡང་མ་བསླབ་ཅི་ཡང་མི་ཤེས་པའི། །ལྟ་བའི་ཚུལ་ལ་རིང་དུ་མ་སོང་བར། །མཐོང་ནས་


GLG001_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་ཀླུ་སྒྲུབ་གཞུང་ལུགས་ཀྱི། །ཟབ་མོ་འབྱེད་པའི་ཕྲ་བའི་རིག་ལམ་ནས། །ཡང་དག་ལྟ་བ་འདྲེན་པའི་གནད་ཀུན་ལ། ལེགས་པར་སྦྱངས་ནས་ཐེ་ཚོམ་མཆོད་པར་བྱས། །ཞེས་པ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཐལ་འགྱུར་བའི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཟབ་མོ་དབུ་མའི་ལྟ་བ་འདི་ཉིད་མ་རྟོགས་པར་འཁོར་བ་ལས་རྣམ་པར་གྲོལ་བའི་ཞི་བ་ནམ་ཡང་རྙེད་པའི་སྐབས་མེད་པ་ལ་དགོངས་ནས་མཉམ་མེད་རེ་མདའ་བ་དང་ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོ་སོགས་དམ་པ་དུ་མས་ཕྱོགས་འདི་ལ་རྩལ་དུ་བཏོན་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པ་ཡིན་པས། འཕགས་པ་ཡབ་སྲས་གཉིས་ཀྱི་བཞེད་པ་འཁྲུལ་མེད་དུ་སྟོན་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་རང་འགྲེལ་དང་བཅས་པའི་ཊཱིཀྐ་རྗེ་བཙུན་བཙོང་ཁ་པ་ཆེན་པོས་མཛད་པའི་རྣམ་བཤད་དགོངས་པ་རབ་གསལ། པཎ་ཆེན་བསོད་ནམས་གྲགས་པ། ཆོས་རྗེ་རྗེ་བཙུན་པ། ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་རྣམས་ཀྱི་ཡིག་ཆའི་སྟེང་ནས་ཐལ་འཕྲེང་སྤྱི་དོན། ཊཱིཀྐ་རྣམས་ལེགས་པར་ནོས་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཨཱཪྻ་དེ་ཝ། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ཟླ་བ་གྲགས་པ། སློབ་དཔོན་འཇམ་དཔལ་གྲགས་པ། པཎ་ཆེན་དེ་ཝ་ཙནྡྲ། བྲམ་ཟེ་རིན་ཅེན་རྡོ་རྗེ། སློབ་དཔོན་བ་ར་ཧ་ཏ། པཎ་ཆེན་ཧ་སུ་མ་ཏི། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས། རྨ་བྱ་བྱང་ཡེ། རྨ་བྱ་བྱང་བརྩོན། མཚུར་གཞོན་ནུ་སེང་གེ །རྨ་བྱ་ཤཱཀྱ་སེང་གེ །ཞང་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི། དེ་གཉིས་ཀ་ལ་ལོ་ཙཱ་བ་


GLG001_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྡན་ལེགས་པའི་བློ་གྲོས། དེ་ནས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། སློབ་དཔོན་བྱང་སེང་པ། རེ་མདའ་བ་ཆེན་པོ་གཞོན་ནུ་བློ་གྲོས། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ། ཀུན་མཁྱེན་དར་མ་རིན་ཅེན། སློབ་དཔོན་རིན་ཅེན་བསམ་གྲུབ། འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། མུས་སད་པ་བློ་གྲོས་རིན་ཅེན་སེང་གེ །ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ། རྗེ་དོན་ཡོད་དཔལ་ལྡན། དྭགས་ཉག་རིག་པའི་རལ་གྲི། རྗེ་དགེ་ལེགས་བཤེས་གཉེན། ཞལ་སྔ་ནས་དགེ་འདུན་བསམ་གྲུབ། སྒྲོམ་མདའ་མཁན་ཆེན་བློ་བཟང་ཆོས་འཕེལ། འཇམ་དབྱངས་དཀོན་ཅོག་ཆོས་འཕེལ། དེས་བདག་ལ་སྩལ་ཏོ། །ཡང་ན་པ་ཚབ་ལོ་ཙཱ་བ་ནས། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས། འབྲོམ་དབང་ཕྱུག་གྲགས། བླ་མ་པྲ་ཛྙ་བཛྲ་སློབ་དཔོན་སྟོན་ཚུལ་བ། བླ་མ་བདེ་བའི་ལྷ། ཇོ་བཙུན་པ། དབུ་ར་བ། པྲ་ཛྙཱ་ཤྲཱི། དྷརྨ་ཤེས་རབ། བག་སྟོན་ཤེས་རབ་རིན་ཅེན། རྗེ་པུ་ཎྱ་སིདྡྷ། བག་སྟོན་བསམ་བཟང་། བག་སྟོན་གཞོན་ནུ་བསམ་གཏན། བྱང་ཆུབ་སེང་གེ རེ་མདའ་བ་མན་འདྲ། ཡང་ན་མཆིམས་ནམ་མཁའ་གྲགས་ནས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། སློབ་དཔོན་དགེ་འབར་བ། དབུ་ཚད་པ་འོད་ཟེར་གྲུབ། མཁས་པ་མི་གཡོ་བཟང་པོ། རིན་པོ་ཆེ་ཀུན་རྒྱལ་བ། རྒྱལ་བ་བཙོང་ཁ་པ་ཆེན་པོ་མན་གོང་བཞིན་ནོ། །ཡང་ན་ལོ་ཙཱ་བ་མཆོག་ལྡན་ནས། བླ་མ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་སྟོན། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ། གཡག་སངས་རྒྱས་འཕེལ། རོང་སྟོན་རྗེ། མཁྱེན་རབ་དབང་ཕྱུག །གྲ་ཆུང་པ། ཤངས་སྟོན་པ། འཇམ་དབྱངས་མཆོག་ལྷ་བ། ལེགས་བཟང་པ། ཆོས་གྲགས་པ། དཔལ་འབྱོར་རྒྱ་མཚོ་
སྟག་ལུང་བྲག་པ་རྗེ་དཀོན་ཅོག་ཆོས་འཕེལ། དེས་བདག་ལའོ། །ཡང་ན་བག་སྟོན་གཞོན་ནུ་བསམ་གཏན་ནས། དམར་སྟོན་གཞོན་རྒྱན། རོང་སྟོན་མན་གོང་དང་འདྲ། ཡང་ན་གཙང་སྟོན་དགེ་ལེགས་པ་ནས། རྗེ་སྐལ་བཟང་པ། ཞལ་སྔ་ནས་སངས་རྒྱས་བློ་གྲོས། རྗེ་ནམ་མཁའ་རྒྱ་མཚོ། རྗེ་དཀོན་ཅོག་ཆོས་འཕེལ། དེས་བདག་ལའོ། །ཡང་ན་ཞལ་སྔ་ནས་དགེ་འདུན་བསམ་གྲུབ་ནས། མཁན་ཆེན་བློ་བཟང་རྒྱ་མཚོ། ཞལ་སྔ་ནས་བྱམས་པ་བརྟན་པ། རྗེ་དཀོན་ཅོག་ཆོས་འཕེལ། དེས་བདག་ལའོ། །ཡང་ན་གཉལ་སྟོན་དཔལ་ལྷུན་ནས། སེར་དོན་ཡོད་པ། སེ་ར་རྗེ་བཙུན་པ། ཞལ་སྔ་ནས་སྒོམ་སྡེ། རྗེ་ནམ་མཁའ་རྒྱ་མཚོ་མན་འདྲ། ཉེ་བརྒྱུད་ནི། རྒྱལ་བ་བཙོང་ཁ་པ་ཆེན་པོས་སྐྱིད་ཤོད་དགའ་བ་གདོང་དུ་མགོན་པོ་འཇམ་དཔལ་དབྱངས་དང་མཇལ། བླ་མ་དབུ་མ་པས་ལོ་ཙཱ་མཛད་ནས་ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐོར་ཡོངས་སུ་རྫོགས་པར་གསན་པས། འཇམ་དཔལ་དབྱངས། བླ་མ་དབུ་མ་པ། ཀུན་མཁྱེན་བཙོང་ཁ་པ། རྒྱལ་ཚབ་རྗེ་མན་སྔར་བཞིན་ནོ། །ཡང་ན་ཟླ་བ་གྲགས་པ་ནས། ཀུ་སཱ་ལི་ཆེ་ཆུང་། ཁ་ཆེ་གཞོན་ནུ་འབུམ། ཧ་སུ་མ་ཏི་མན་འདྲ།


previousདབུ་མ་འཇུག་པ་རྩ་འགྲེལ་དང་བཅས་པའི་ལུང་བརྒྱུད།next