Nitartha Digital Library
Tibetan
 
previousབློ་སྦྱོང་ཞེན་པ་བཞི་བྲལ་སོགས་དཔལ་ས་སྐྱའི་ཆོས་སྐོར་གྱི་ལུང་བརྒྱུད།next

བློ་སྦྱོང་ཞེན་པ་བཞི་བྲལ་སོགས་དཔལ་ས་སྐྱའི་ཆོས་སྐོར་གྱི་ལུང་བརྒྱུད།


GLG001_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ས་སྐྱ་པ་ཆེན་པོས་ཟླ་བ་དྲུག་
གི་བར་དུ་འཇམ་དཔལ་དབྱངས་ཀྱི་སྒྲུབ་པ་མཛད་པའི་ཚེ་འཇམ་དབྱངས་གཙོ་འཁོར་གསུམ་པ་ཞལ་གཟིགས་པའི་གཙོ་བོས་དངོས་སུ་གསུངས་པའི་བློ་སྦྱོང་ཞེན་པ་བཞི་བྲལ། དེའི་འགྲེལ་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ། ས་སྐྱ་པཎྜི་ཏས་མཛད་པའི་འགྲེལ་པ། འགོར་རྗེ་བཙུན་ཆེན་པོ་ས་སྐྱ་པའི་ཞལ་ནས་ཞེས་ཡོད་པའི་ཞེན་པ་བཞི་བྲལ་གྱི་གདམས་པ་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པ། ཞེན་པ་བཞི་བྲལ་གྱི་དམིགས་འཁྲིད་བྱང་ཆུབ་སེམས་དཔའ་ར་ལོད་རྡོ་རྗེས་བསྐུལ་བ་ལ་བརྟེན་ནས་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ། འཁྲིད་ཡིག་བླ་མ་ཀུན་དགའ་ལེགས་པའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་དགེ་སློང་ཀུན་དགའ་ལེགས་པའི་རིན་ཅེན་གྱིས་ཟིན་བྲིས་སུ་བཀོད་དེ་ཆོས་རྗེ་རྡོ་རྗེ་འཆང་ལ་གཟིགས་སུ་ཕུལ་ནས་དག་པར་བྱས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་དབྱངས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་ཅོག་དཔལ། རྒྱལ་བ་བྲག་ ཕུག་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། ཆོས next hit་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ །འཇམ་དབྱངས་སངས་རྒྱས་རིན་ཅེན། པཎ་ཆེན་ནམ་མཁའ་དབང་ཕྱུག །རྗེ་བཀྲ་ཤིས་བརྟན་པ། སྤྱན་སྔ་དཀོན་ཅོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱ་མཚོ། མུས་པ་གྲུབ་པའི་དབང་པོ། ཁྲི་ཆེན་ཀུན་དགའ་བསོད་ནམས། འཇམ་
དབྱངས་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་ཞ་ལུ་མཁན་ཆེན། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཀུན་མཁྱེན་གོ་བོ་ནས། པཎ་ཆེན་ཀོང་སྟོན། རྗེ་བཀྲ་ཤིས་བརྟན་པ་མན་འདྲ། ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །རྗེ་དཀོན་ཅོག་འཕེལ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། མུས་པ་དཀོན་ཅོག་རྒྱ་མཚོ་མན་འདྲ། །ཡང་ན་ངོར་ཆེན་ནས། དཔལ་ལྡན་རྡོ་རྗེ། ཀུན་དགའ་མཆོག་ལྡན། དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་ངོར་ཆེན་ནས། གུ་གེ་པཎ་ཆེན། རྭ་སྟོན་ཡོན་ཏན་དཔལ་བཟང་། གློ་བོ་མཁན་ཆེན། དཀོན་ཅོག་ལྷུན་གྲུབ་མན་འདྲ། ས་ཆེན་ལ་གནང་བའི་རྩ་ཚིག་གི་བརྒྱུད་ལུགས་གཅིག་ནི། བླ་མ་དམ་པ་ནས། མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྒྱལ། ལུང་རིག་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ་བཟང་། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ་ནས་རིམ་པར་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །


previousབློ་སྦྱོང་ཞེན་པ་བཞི་བྲལ་སོགས་དཔལ་ས་སྐྱའི་ཆོས་སྐོར་གྱི་ལུང་བརྒྱུད།next