Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
collapse section
  
  
  
  
 
  
དཔེ་ཆོས་རིན་ཅེན་སྤུངས་པ་སོགས་ཀྱི་བརྒྱུད་པ།
  
  
  
  
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
  
 
  
 
  
  
  
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousདཔེ་ཆོས་རིན་ཅེན་སྤུངས་པ་སོགས་ཀྱི་བརྒྱུད་པ།next

དཔེ་ཆོས་རིན་ཅེན་སྤུངས་པ་སོགས་ཀྱི་བརྒྱུད་པ།


GLG001_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཏོ་བ་ཆེན་པོའི་དཔེ་ཆོས་རིན་ཅེན་སྤུངས་པ་དང་དེའི་འགྲེལ་བ་བཙུན་པ་ཤེས་རབ་རྡོ་རྗེས་མཛད་པའི་ལུང་གི་བརྒྱུད་པ་ནི། པོ་ཏོ་བ། དགེ་བཤེས་གྲ་པ་བ། འདི་གཉིས་གཅིག་མི་གཅིག་བརྟག །དགེ་བཤེས་བྲག་དཀར་བ། ལྕེ་སྒོམ་འདུལ་བ་རྡོ་རྗེ། ཤེས་རབ་རྡོ་རྗེའང་ཟེར། རྗེ་སྨོན་ལམ་མགོན་པོ། བླ་མ་རིན་ཅེན་ཡེ་ཤེས། རྒྱལ་བའི་སྲས་པོ་ཐོགས་མེད་པ། རྒྱ་མ་བ་ཡོན་ཏན་འོད། ཧོར་དཀའ་བཞི་པ་སེང་གེ་རྒྱལ་མཚན། རྗེ་དཔལ་ལྡན་བཟང་པོ། བྱང་སེམས་སྦྱིན་པ་བ། བླ་མ་ནམ་མཁའི་མཚན་ཅན། རྭ་སྟོན་ཡོན་ཏན་དཔལ་བཟང་། མཁན་ཆེན་བསོད་ནམས་ལྷུན་གྲུབ། ངོར་ཆེན་ལྷ་མཆོག་སེང་གེ །ཤར་ཁང་པ་ཤེས་རབ་རྒྱལ་


GLG001_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། པཎ་ཆེན་ཐར་རྩེ་པ། སྒྲུབ་ཁང་བ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། སེམས་དཔའ་ཆེན་པོ་ཞ་ལུ་པ། དེ་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྒྱལ་སྲས་ཐོགས་མེད་པ་ནས། དཔལ་ལྡན་ཡེ་ཤེས། ཧོར་དཀའ་བཞི་པ་མན་འདྲ། །དཔེ་ཆོས་ལ་ཉེ་བར་མཁོ་བའི་གཏམ་རྒྱུད་རིན་ཅེན་འཕྲེང་མཛེས་རྗེ་དཔལ་ཡེས་མཛད་པ་དང་། ལྕེ་སྒོམ་ཤེས་རབ་རྡོ་རྗེས་མཛད་པའི་མན་ངག་རིན་ཅེན་སྤུངས་པ་ལེའུ་བཅུ་གསུམ་མ་གཉིས་ཀྱི་ལུང་བརྒྱུད་ནི། དཔལ་ལྡན་ཡེ་ཤེས་བཞུགས་པའི་དཔེ་ཆོས་ཀྱི་བརྒྱུད་པ་དང་གཅིག་གོ །གཏམ་རྒྱུད་རིན་ཅེན་འཕྲེང་མཛེས་ཀྱི་བརྒྱུད་ལུགས་གཅིག་ནི། རྒྱ་མ་བ་ཡོན་ཏན་འོད་ནས། འཕགས་པ་བློ་འཕེལ། ཚུལ་ཁྲིམས་དང་། བསོད་ནམས་ལྷ་དབང་། ངག་དབང་ཆོས་གྲགས། བྲག་དགོན་སྤྱན་སྔ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཇི་སྐད་དུ། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཅེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། ཞེས་ཤིང་རྟ་ཆེན་པོ་རྣམ་པ་གཉིས་ཀྱི་བཞེད་གཞུང་དཔལ་མར་མེ་མཛད་ནས་ཆུ་བོ་གཅིག་ཏུ་འདྲེས་པ་བྱང་ཆུབ་ལམ་གྱི་སྒྲོན་མའི་དགོངས་པ་བཀའ་གདམས་རིན་པོ་ཆེ་བསྟན་རིམ་རྣམས་སུ་བཀྲལ་བ་


GLG001_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ཕྱག་རྡོར་བ་དང་། མཁན་ཆེན་ཆོས་སྐྱོང་བཟང་པོ་གཉིས་ལ་ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས་ལེགས་པར་གསན་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་བསྟན་བཅོས་ཆེ་ཆུང་གཉིས་མཛད་པ་ཉམས་འཁྲིད་དུ་ནོས་པ་ལ་རྒྱ་ཆེན་སྤྱོད་པའི་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་གཉིས་ལས། དང་པོ་ནི། སངས་རྒྱས་ཟས་གཙང་སྲས་པོ། རྒྱལ་བ་མི་ཕམ་པ། ཤིང་རྟ་ཆེན་པོ་ཐོགས་མེད། མཁས་མཆོག་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། སློབ་དཔོན་མཆོག་གི་སྡེ། རྒྱལ་སྲས་དུལ་བའི་སྡེ། མཁན་པོ་ཞི་བ་འཚོ། རྣམ་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། པཎྜི་ཏ་ཆེན་པོ་མར་མེ་མཛད། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། འཛེང་དགོན་པ་བ་དབང་ཕྱུག་རྒྱལ་མཚན། སྣེའུ་ཟུར་པ་ཡེ་ཤེས་འབར། ཐག་མ་པ་ཀ་བ་དར་སེང་། ཤུད་བུན་ནམ་མཁའ་སེང་གེ །སློབ་དཔོན་ནམ་མཁའ་རྒྱལ་པོ། རྒྱལ་སྲས་སེང་གེ་བཟང་པོ། སློབ་དཔོན་རྒྱལ་སྲས་བཟང་པོ། གསང་བདག་ནམ་མཁའ་རྒྱལ་མཚན། རྒྱལ་བ་གཉིས་པ་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ། མཁས་གྲུབ་ཤེས་རབ་སེང་གེ །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། ངེས་པར་ཟུང་འཇུག་བརྙེས་པའི་མཁས་གྲུབ་ནོར་བཟང་རྒྱ་མཚོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ཁྲི་རིན་པོ་ཆེ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་། ལྷའི་བཙུན་པ་མཁས་གྲུབ་བསོད་ནམས་དཔལ་བཟང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་པ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་


GLG001_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་པ་དཔལ་འབྱོར་ལྷུན་གྲུབ། བཀའ་དྲིན་མཉམ་མེད་ཀུན་མཁྱེན་དཔལ་འབྱོར་འཕྲིན་ལས་རབ་རྒྱས། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་རྒྱལ་བ་འབྲོམ་ནས། སྤྱན་སྔ་ཚུལ་ཁྲིམས་འབར། བྱ་ཡུལ་བ་གཞོན་ནུ་འོད། སྒྱེར་སྒོམ་པ་གཞོན་ནུ་གྲགས། སངས་རྒྱས་དབོན་སྟོན་གཞོན་ནུ་འབྱུང་གནས། ཤུད་བུ་བ་ནམ་མཁའ་རྒྱལ་པོ་མན་གོང་བཞིན་ནོ། །ཡང་ན་འབྲོམ་ཆོས་ཀྱི་རྒྱལ་པོ། པོ་ཏོ་བ་རིན་ཅེན་གསལ། ཤ་ར་བ་ཡོན་ཏན་གྲགས། འཆད་ཀ་བ་ཡེ་ཤེས་རྡོ་རྗེ། སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན། ལྷ་ལུང་གི་དབང་ཕྱུག་བྱང་ཆུབ་རིན་ཅེན། འགྲོ་མགོན་དབང་ཕྱུག་འོད། ཟངས་ཆེན་པ་དར་མ་བསོད་ནམས། མཚོ་སྣ་བ་ཤེས་རབ་བཟང་པོ། མོན་གྲབ་པ་ཚུལ་ཁྲིམས་བཀྲ་ཤིས། གཉལ་མཁན་ཆེན་ཆོས་སྐྱོང་བཟང་པོ། རྗེ་བཙུན་བཙོང་ཁ་པ་མན་གོང་བཞིན་ནོ། །ཟབ་མོ་ལྟ་བརྒྱུད་ནི། ཐུབ་དབང་ཉི་མའི་གཉེན། མགོན་པོ་འཇམ་དཔལ་དབྱངས། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཁུ་བྱུག་གཉིས་པ། ཇོ་བོ་ཆེན་པོ་ཨ་ཏི་ཤ །འབྲོམ་ཆོས་ཀྱི་རྒྱལ་པོ། དགོན་པ་བ་མན་རྒྱ་ཆེན་སྤྱོད་བརྒྱུད་བཞིན་ནོ། །ཡང་ན་འབྲོམ་ནས། སྤྱན་སྔ་ཚུལ་ཁྲིམས་འབར་མན་འདྲ། ཡང་ན་འབྲོམ་ནས། པོ་ཏོ་བ་མན་འདྲ། དེང་སང་རང་ཕྱོགས་ཀྱི་བརྒྱུད་འཛིན་ཕལ་ཆེར་ལམ་རིམ་གསོལ་འདེབས་སུ་ཚིག་ཉུང་བ་གཙོར་བཏོན་གྱི་སྦུགས་འདྲེན་མཛད་པ་མ་དགོངས་པར་རྒྱ་ཆེན་སྤྱོད་པ་དགོན་པ་བ་དང་། ཟབ་མོ་ལྟ་བ་པོ་ཏོ་བ་ནས་བརྒྱུད་པ་ལྟ་བུ་མཛད་པ་ནི་ཞིབ་མོར་མ་དཔྱད་པའི་རྩིང་ཆོས་ཁོ་ནར་སྣང་སྟེ་དེ་ལྟར་
ན་བརྒྱུད་པ་གཉིས་ཀ་ལ་ལམ་གྱི་རིམ་པ་ཕྱོགས་རེ་བ་ལས་ལུས་ཡོངས་སུ་མ་རྫོགས་པའི་སྐྱོན་འདུག་པ་དགོངས་འཚལ་ལོ། །


previousདཔེ་ཆོས་རིན་ཅེན་སྤུངས་པ་སོགས་ཀྱི་བརྒྱུད་པ།next