Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
collapse section
  
  
  
 
  
  
  
ལམ་སྒྲོན་སོགས་ཀྱི་ལུང་བརྒྱུད།
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousལམ་སྒྲོན་སོགས་ཀྱི་ལུང་བརྒྱུད།next

ལམ་སྒྲོན་སོགས་ཀྱི་ལུང་བརྒྱུད།


GLG001_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྒྲོན་གྱི་བརྒྱུད་པ་ནི། ཇོ་བོ་རྗེ་ནས། མཚོ་སྣ་པ་ཤེས་རབ་བཟང་པོ་ཡན་གོང་ལྟར་ལ། དེ་ནས་སློབ་དཔོན་དགའ་བ་བཟང་པོ། མཁན་ཆེན་ཆོས་སྐྱོང་བཟང་པོ། ཐམས་ཅད་མཁྱེན་པ་བཙོང་ཁ་པ་མན་འདྲ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཛད་པའི་བྱང་ཆུབ་ལམ་རིམ་གྱི་འཁྲིད་ཡིག་བདུད་རྩི་གསེར་གྱི་ཡང་ཞུན་གྱི་ལུང་གི་བརྒྱུད་པའང་བཤད་མ་ཐག་པ་ལྟར་རོ། །བྱང་ཆུབ་ལམ་རིམ་ཆེན་མོའི་དཀའ་བའི་གནད་མཐའ་དག་ཞིབ་མོར་འགྲོལ་བའི་རྒྱས་བཤད་དང་རྟོགས་སླ་བ་ལྟར་སྣང་བ་ལ་ཚིག་གི་ལོ་མས་དོན་བསྒྲིབས་ནས་དཔྱད་དཀའ་བ་རྣམས་སྙིང་པོར་བསྒྲིལ་ནས་དོན་འབྲུ་མཛད་པའི་བཤད་ལུང་ཡོངས་སུ་རྫོགས་པ་ལན་གཉིས་ཀྱི་བར་ནན་ཏན་དུ་ནོས་པའི་བརྒྱུད་པ་ནི། རྒྱལ་བ་བཙོང་ཁ་པ་ཆེན་པོ་ཡན་བཤད་མ་ཐག་པ་ལྟར་ལ། དེ་ནས་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཅེན། བླ་ཆེན་ཉན་པོ་ཤཱཀྱ་རྒྱལ་མཚན། སེ་ར་མཁས་བཙུན་དོན་ཡོད་དཔལ་ལྡན། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཁྲི་རིན་པོ་ཆེ་དགེ་འདུན་རྒྱལ་མཚན། གསུང་རབ་རྒྱ་མཚོའི་དེད་དཔོན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ། འཇམ་དབྱངས་སྨྲ་བའི་ཉི་མ་དཀོན་ཅོག་ཆོས་འཕེལ། དེས་བདག་ལ་བཀའ་དྲིན་དུ་སྩལ་ཏོ། །ལམ་རིམ་ཆུང་བའི་ལྷག་མཐོང་གི་དཀའ་གནད་ཀྱི་ཞིབ་བཤད་ནོས་པའི་བརྒྱུད་པའང་བརྗོད་མ་ཐག་པ་བཞིན་ནོ། །བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་གོང་མ་རྣམས་ཀྱི་གསུང་སྒྲོས་སེམས་འདུལ་བའི་རིམ་པ་གཙོ་བོར་མཛད་པ་འགའ་ཞིག་ཕྱོགས་གཅིག་
ཏུ་ལྕེར་སྒོམ་གྱིས་བསྡོམས་པ་ད་ལྟ་བཀའ་གདམས་ཐོར་བུར་གྲགས་པའི་ལུང་ནོས་པའི་བརྒྱུད་པ་ནི། གྲུབ་ཐོབ་ལྕེར་སྒོམ་པ། འཇམ་སྟོན་རྣལ་འབྱོར་ཞིག་པོ་བརྩོན་འགྲུས་སེང་གེ །མཁས་པ་བརྩོན་འགྲུས་ཤེས་རབ། འབྲོམ་སྟོན། འདི་འབྲོམ་རྒྱལ་བའི་འབྱུང་གནས་དང་མི་གཅིག །ལྷ་རིན་པ། འདུལ་བ་རྡོ་རྗེ། འཇད་པ་ཇོ་སྲས། མཁས་བཙུན་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་པ། བླ་མ་དཀོན་ཅོག་རྡོ་རྗེ། བླ་མ་བྱང་ཆུབ་པ། བླ་མ་ཤཱཀ་འོད་པ། ཆོས་རྗེ་བློ་གྲོས་བཟང་པོ། ཆོས་རྗེ་བཀའ་འགྱུར་པ། ལོ་པ་སྤྱན་སྔ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། །རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་དཔལ་འབྱོར་འཕྲིན་ལས་རབ་རྒྱས། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སྤྱན་སྔ་ངག་དབང་ཆོས་གྲགས་ནས། མུས་ཆེན་ནམ་མཁའ་དབང་ཕྱུག །ཆོས་རྗེ་ཀུན་དགའ་ལེགས་གྲུབ། རྗེ་བྱམས་པ་ཕུན་ཚོགས། རབ་འབྱམས་པ་དཔལ་འབྱོར་ཤེས་རབ། མཁས་གྲུབ་དཔལ་ལྡན་དོན་གྲུབ། མཁན་ཆེན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་བ་ཆེན་པོ། དེས་བདག་ལའོ། །


previousལམ་སྒྲོན་སོགས་ཀྱི་ལུང་བརྒྱུད།next