Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
འབྲས་བུ་སྔགས་ཀྱི་ཐེག་པའི་སྐོར།
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
  
 
  
 
  
  
  
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousའབྲས་བུ་སྔགས་ཀྱི་ཐེག་པའི་སྐོར།next

འབྲས་བུ་སྔགས་ཀྱི་ཐེག་པའི་སྐོར།


GLG001_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། འབྲས་བུ་སྔགས་ཀྱི་ཐེག་པ་ལ། གསང་སྔགས་ཕྱི་འགྱུར། སྔ་འགྱུར་གཉིས། དང་པོ་ལ་ཟུར་བཀའ། སྤྱི་བཀའ། ཞར་བྱུང་བླ་མའི་གསུང་འབུམ་སོགས་མདོ་སྔགས་ཐ་སྙད་སོ་སོར་དབྱེ་དཀའ་བའི་སྐོར་དང་གསུམ། དང་པོ་ལ། བྱ་བ། སྤྱོད་པ་རྣལ་འབྱོར། རྣལ་འབྱོར་བླ་མེད་དང་བཞི། དང་པོ་བྱ་རྒྱུད་ནི། མདུན་ལེགས་མ་ལས། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་ཚུལ། །མི་ཤེས་དེ་ཡིས་རྣལ་འབྱོར་བླ་མེད་རྒྱུད། །རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང་། །དམ་བཅའ་ཙམ་དུ་ཟད་པར་ལེགས་མཐོང་ནས། །གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང་། །དཔུང་བཟང་གིས་ཞུས་བསམ་གཏན་ཕྱི་མ་སོགས། །བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི །རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས། །ཞེས་གསུངས་པ་ལྟར་བྱ་བའི་རྒྱུད་ལ་མཐའ་ཀླས་པའི་ནང་ནས་ཉུང་ཟད་ཙམ་ནོས་པའི་རིམ་པ་ལ། རྡོ་རྗེ་འཆང་ཕ་བོང་ཁ་པས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་ཕན་བདེའི་འབྱུང་གནས་ཀྱི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོར་གཏོགས་པའི་སྨན་གྱི་བླ་མ་ལྷ་བཞི་བཅུ་རྩ་བདུན་གྱི་དབང་ལེགས་པར་ནོས་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། མགོན་པོ་འཇམ་དབྱངས། མཁན་ཆེན་ཐམས་ཅད་མཁྱེན་པ་བོ་དྷི་ས་ཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། སད་ན་ལེགས་མཇིང་ཡོན། མངའ་བདག་ཁྲི་རལ། ལྷ་ལུང་དཔལ་གྱི་རྡོ་རྗེ། མངའ་བདག་འོད་སྲུངས། མངའ་བདག་དཔལ་འཁོར་བཙན། ཁྲི་སྐྱི་ལྡེ་ཉི་མ་མགོན། མངའ་བདག་བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད། མངའ་བདག་ལྷ་ལྡེ།


GLG001_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག་འོད་ལྡེ། མངའ་བདག་རྩེ་ལྡེ། མངའ་རིས་དགྲ་བཅོམ། བློ་ལྡན་ཤེས་རབ་གྲགས། བརྩེ་ལྡན་དར་མ་རྒྱལ་མཚན། དཔལ་ལྡན་གྲོ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། དགྲ་བཅོམ་གཞོན་ནུའི་མཚན་ཅན། རྗེ་འདུལ་མཛད་པ། བླ་མ་འཇམ་དབྱངས་ཆེན་པོ། དཔང་སྟོན་རྒྱལ་མཚན་དཔལ། འདུལ་ནག་པ་དཔལ་ལྡན་བཟང་པོ། འཇམ་དབྱངས་དགེ་འདུན་འཕེལ། རྒྱུད་ཆེན་བཀྲ་ཤིས་འཕགས། རྒྱུད་ཆེན་བརྩོན་འགྲུས་འཕགས། སྲས་ཁང་སྔགས་རམ་པ་བཟང་པོ་རྣམ་རྒྱལ། རྡོ་རྗེ་འཆང་འཁོན་རིགས་གྲུབ་པའི་དཔའ་བོ་དཔལ་འབྱོར་ལྷུན་གྲུབ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་བརྒྱད་མཐོ་བརྩེགས་སུ་བཞུགས་པའི་རྗེས་གནང་ལེགས་པར་ནོས་པའི་བརྒྱུད་པ་ནི། མངའ་རིས་དགྲ་བཅོམ་ཡན་གོང་ལྟར་ལ། སྒྲུབ་ཁང་བའི་གསན་ཡིག་ན་འདི་ཚབ་སྣར་བྱང་ཆུབ་ཚུལ་ཁྲིམས་ཟེར་བ་ཞིག་འདུག་པ་མཚན་གྱི་རྣམ་གྲངས་ཡིན་ནམ་མི་གཅིག་པ་ཡན་བརྟག །དེ་ནས་དགེ་བཤེས་ཞུ་ལྡན་པ་ཤེས་རབ་གྲགས། ར་ས་མཁས་པ་ཙནྡྲའི་གསན་ཡིག་ན་ཆུ་ལྷད་པ་ཟེར་བའང་སྣང་། ཆུ་ལས་པ་དར་མ་རྒྱལ་མཚན། སྒྲུབ་ཁང་པའི་གསན་ཡིག་ན་ཟར་བ་དར་མ་རྒྱལ་མཚན་ཟེར་བའང་འདུག་པ་དཔྱད། དཔལ་ལྡན་གྲོ་མོ་ཆེ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། གཉག་སྙིང་པོ་རྒྱལ་མཚན། སྤྲོ་ལུང་པ་ཀུན་སྨོན། སྤང་སྒང་པ་གྲགས་པ་དཔལ། མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་རྒྱལ་མཚན།


GLG001_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་རིན་ཅེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར། ཆོས་ལུང་ཤར་གླིང་པ་འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔལ་འབར། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་མཁན་ཆེན་ཞི་བ་འཚོ་ནས། བོ་དྷི་ས་ཏྭ་ཆུང་བ། རྒྱལ་པོ་དགེ་བའི་དཔལ། ཇོ་བོ་རྗེ། ལྷ་བཙུན་བྱང་ཆུབ་འོད། ཏེ་སེ་བ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། ཀོང་པོ་ལོ་ཙཱ་བ། ངག་ཆོས་པའི་གསན་ཡིག་ན་དབང་པོ་ལོ་ཙཱ་བ་ཟེར་བ་འདུག་པ་བརྟག །དགྲ་བཅོམ་རྒྱལ་མཚན། གྱ་བ་དབང་མཛེས། གྱ་བ་དཔལ་མཛེས། ཡོན་ཏན་དབང་ཕྱུག །ཤངས་པ་འདུལ་འཛིན། འདི་གོང་དུ་བླ་མ་ཇོ་སྟོན་ཟེར་བ་ཞིག་མཁན་ངག་ཆོས་པའི་གསན་ཡིག་ན་འདུག་པ་ལྷག་ཆད་གང་ཡིན་བརྟག །མཁན་ཆེན་བསོད་ནམས་གྲགས་པ་མན་འདྲ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ཀྱི་ཡི་གེ་དང་གོང་མའི་ཕྱག་ལེན་ལྟར་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་གཙོ་འཁོར་ལྔ་པའི་རྗེས་གནང་དང་། དེའི་སྒྲུབ་སྐོར་ཀླུ་སྒྲུབ་ཀྱིས་མཛད་པ་ལ་སྒྲུབ་ཐབས་དབུལ་བ་དང་བྲལ་བ། སད་སེར་དང་ལྕེ་འབབ་པའི་འཇིགས་པ་ཞི་བ། ཕོངས་པའི་སྡུག་བསྔལ་དང་བྲལ་བ། ཀླུའི་གནོད་པ་དང་བྲལ་བ། སྐྱེས་པ་བུད་མེད་ཐམས་ཅད་འཕེལ་བ། ཆར་དབབ་གཅོད། སའི་གཏེར་འབྱིན་པ་རྣམས། བཅོམ་ལྡན་རལ་གྲིས་མཛད་པའི་སྒྲུབ་ཐབས། རོང་སྟོན་


GLG001_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་རྒྱལ་མཚན་གྱིས་མཛད་པའི་བསྟོད་པ་ཐབས་མཁས་ཐུགས་རྗེ་མ་དང་བཅས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཀླུ་དབང་གི་རྒྱལ་པོ། འཕགས་པ་ཀླུ་སྒྲུབ། ཇོ་བོ་ཨ་ཏི་ཤ །འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། བཤེས་གཉེན་པོ་ཏོ་བ། དགེ་བཤེས་ཤ་ར་བ། གཏུམ་སྟོན་བློ་གྲོས་གྲགས། ཞང་སྟོན་རྡོ་རྗེ་འོད་ཟེར། གྲོ་སྟོན་ཤེས་རབ་གྲགས། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རིག་པའི་རལ་གྲི །དཔལ་སྡིངས་པ། ཤར་པའི་གསན་ཡིག་ན་དཀྱུས་ལྟར་བྱུང་ལ་སྔགས་འཆང་དཀོན་ལེགས་པའི་གསན་ཡིག་ན་འདི་གཉིས་གོ་ལྡོག་ཏུ་སྣང་བ་བརྟག །འདུལ་འཛིན་གྲགས་པ་དཔལ། མངའ་རིས་བྱང་ཆུབ་བླ་མ། ཤར་པའི་གསན་ཡིག་ན་འདི་བཞིན་འདུག་ཅིང་ལོ་པ་སྤྱན་སྔའི་གསན་ཡིག་ན་འདི་གཉིས་སྦྲེལ་འདུག་པ་དཔྱད། རྒྱ་གར་རྒྱལ་མཚན། བླ་མ་སེང་གེ་རྒྱལ་མཚན། རོང་སྟོན་ཤེས་བྱ་ཀུན་རིག །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་བཟང་པོ་བཀྲ་ཤིས། རྗེ་སྟོབས་ལྡན་པ། པཎ་ཆེན་ན་བཟའ་པ། གནས་པ་པཎ་ཆེན། རྗེ་ནམ་མཁའ་རྒྱལ་མཚན། སློབ་དཔོན་བུདྡྷ་བ། རྡོ་རྗེ་འཆང་ཕ་བོང་ཁ་པ། བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། རོང་སྟོན་ནས། པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དཀར་བ་བསོད་ནམས་རྒྱལ་མཚན། ཆོས་རྗེ་ཀུན་དགའ་རྒྱལ་མཚན། སྔགས་འཆང་དཀོན་ཅོག་ལེགས་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ།
དེས་བདག་ལའོ། །


previousའབྲས་བུ་སྔགས་ཀྱི་ཐེག་པའི་སྐོར།next