Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གི་ལུང་བརྒྱུད་སོགས།
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
  
 
  
 
  
  
  
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousདེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གི་ལུང་བརྒྱུད་སོགས།next

དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གི་ལུང་བརྒྱུད་སོགས།


GLG001_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ས་པཎ་གྱིས་མཛད་པའི་སྒྲུབ་ཐབས་དང་ངོར་ཆེན་གྱིས་མཛད་པའི་རྗེས་གནང་གི་ཡི་གེའི་སྟེང་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་དང་། ཡིག་ཆ་གཉིས་ཀྱི་ལུང་ཐོབ་པ་ལས་རྗེས་གནང་གི་བརྒྱུད་པ་ནི། མགོན་པོ་འཇམ་དཔལ་དབྱངས། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། སྲས་ཨ་ཀ་ར་སྐྱེ་མེད་གྲུབ་པ། རྡོ་རྗེ་གདན་པའི་གསན་ཡིག་ཏུ་ཨ་ཀཱ་ར་སིདྡྷི་ཞེས་སྣང་། བྲག་ཁ་བ་གྲགས་པ་སེང་གེ །དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ཆོས་རྗེ་ཀུན་དགའ་བཟང་པོ། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། བདག་ཆེན་ངག་གི་དབང་ཕྱུག །ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བཀའ་དྲིན་མཉམ་མེད་རིགས་བརྒྱའི་བདག་པོ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ས་པཎ་ནས། ཆོས་རྒྱལ་འཕགས་པ། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ་མན་འདྲ། ཡང་ན་ས་པཎ་ནས། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། སྔགས་འཆང་གཟུངས་ཀྱི་དཔལ་བ། རྗེ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་གློ་བོ་མཁན་ཆེན་ནས། ས་ལོ་འཇམ་དཔལ་རྡོ་


GLG001_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། རྡོ་རྗེ་འཆང་སྒོ་རུམ་པ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་འཇམ་དབྱངས་མཁྱེན་བརྩེ་ནས། མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་རབ་མན་འདྲ། ཡང་ན་སངས་རྒྱས་ཕྱག་ན་རྡོ་རྗེ། ཛེ་ཏྭ་རི་མན་གོང་བཞིན་ནོ། །ཡིག་ཆ་གཉིས་ཀྱི་ལུང་བརྒྱུད་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ནས། མཆོད་དཔོན་དཀོན་ཅོག་པ། རྡོ་རྗེ་འཆང་དབང་རབ་མན་གོང་དང་འདྲ། གང་བློ་མའི་རྒྱ་གཞུང་ལ་བརྟེན་ནས་འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་རྗེས་སུ་གནང་བ་བྱ་རྒྱུད་རང་སྐད་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་དང་། རྩ་བ་རྒྱ་གཞུང་གང་བློ་མ། དེ་ལ་བརྟེན་པའི་རྗེས་གནང་གི་ཡི་གེ་ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པ་རྣམས་ཐོབ་པ་ལས་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་འཇམ་དབྱངས། པཎ་ཆེན་དྷིར་པཱ་ལ། ངོར་ཆེན་ཐར་རྩེ་ཤར་པ་མཁན་ངག་ཆོས་པ་བཞིའི་གསན་ཡིག་ན་པཎ་ཆེན་འབུམ་འཕྲག་གསུམ་པ་ཟེར་བ་སྣང་བ་མཚན་གྱི་རྣམ་གྲངས་ཡིན་མིན་བརྟག །རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ཁྱུང་རིན་ཅེན་གྲགས། རྒྱ་དམར་བ་བྱང་ཆུབ་གྲགས། ཆ་པ་ཆོས་ཀྱི་སེང་གེ །གཙང་ནག་པ་ཐུགས་རྗེ་སེང་གེ །དན་འབག་པ་དར་མ་སེང་གེ །གཉལ་ཞིག་འཇམ་དཔལ་རྡོ་རྗེ། གཟང་རིང་ནམ་མཁའ་དཔལ། ངོར་ཆེན་ཐར་རྩེ་ཤར་པ་ངག་ཆོས་བཞིའི་གསན་ཡིག་ན་དར་མ་ཚུལ་ཁྲིམས་ཟེར་བ་འདུག་པ་དཔྱད། བྲག་སྟེང་པ་བསོད་ནམས་རྒྱལ་བ། གསན་ཡིག་གཞན་བཞི་པོར་འདིའི་གོང་དུ་གྲ་ཐང་བ་ཟེར་བ་ཞིག་འདུག་པ་བྲག་སྟེང་པ་དང་ནོར་བའི་ཡིག་སྐྱོན་གྱིས་ཟུར་དུ་བྱས་པ་ཡིན་ནམ་བརྟག །ཡང་རྩེ་བ་རིན་ཅེན་སེང་གེ །


GLG001_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་བུ་སྟོན། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ། རྗེ་བཀྲ་ཤིས་རིན་ཅེན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལེགས་འབྱུང་། ས་ལོ་ཐམས་ཅད་མཁྱེན་པ། རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་ཆེན་པོ་འཇམ་མགོན་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་གི་བརྒྱུད་པ་ནི། སྒོ་རུམ་པ་ནས། ཚར་ཆེན་རྗེ་མཁྱེན་བརྩེ། རྡོ་རྗེ་འཆང་དབང་རབ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་བཞེད་སྲོལ་གྱི་འཇམ་དཀར་ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་བཞིའི་ནང་ཚན་གྱི་ཡ་གྱལ་གཅིག་ཏུ་བརྩི་བའི་རྗེས་གནང་། ཁྲོ་ཕུ་ལོ་ཙཱ་བས་མཛད་པའི་ཡིག་ཆ་ལྟར་དང་ལུང་ལ། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་སྒྲུབ་ཐབས་ཟབ་པ་ལས་ཀྱང་ཆེས་ཟབ་པ་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་དང་ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱིས་བསྒྱུར་པ། འཇམ་དབྱངས་ཀྱི་སྒྲུབ་ཐབས་བསྐྱེད་རིམ་དང་མཐུན་པར་བསྟོད་པ་པཎྜི་ཏ་ཆེན་པོ་མ་ཏིས་མཛད་པ་གཉན་ལོས་བསྒྱུར་བ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་མཛད་པའི་ལོ་རྒྱུས། པཎ་ཆེན་ཤཱཀྱ་ཤྲཱིའི་ཕྱག་ལེན་ལྟར་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱིས་བསྡེབས་པའི་རྗེས་གནང་གི་ཡི་གེ །རྒྱ་སྟོན་པས་མཛད་པའི་སྒྲུབ་སྐོར་ལ། རྩ་བའི་


GLG001_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ། ཉེས་བྱས་འཇོམས་པ། ཡོན་ཏན་སྒྲུབ་པ། རྩོད་པ་བྱ་ཐབས། མ་ཤ་ལ་བརྟེན་པའི་ལས་སྦྱོར། མཁས་པ་ཆེན་པོ་བསོད་སྙོམས་པ་རིན་ཅེན་རྒྱལ་མཚན་གྱིས་མཛད་པའི་རྩ་བའི་སྒྲུབ་ཐབས། ཤེས་རབ་བསྒྲུབ་པ། རལ་གྲིའི་དངོས་གྲུབ། མིག་སྨན། རྒད་ནད་ལས་གྲོལ་བ། ཚེའི་རིག་པ་འཛིན་པ། འཆད་རྩོད་རྩོམ་གསུམ་གྱི་དངོས་གྲུབ་སྒྲུབ་པའི་ཡི་གེ །འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་སྟག་ཚང་ལོ་ཙཱ་བའི་གསུང་བཞིན་ཨཱ་ནནྡ་ར་སྨིས་མཛད་པ་རྣམས་ལེགས་པར་ཐོབ་པ་ལས་བསོད་སྙོམས་པ་རིན་ཅེན་རྒྱལ་མཚན་གྱིས་མཛད་པ་མ་གཏོགས་པའི་རྗེས་གནང་དང་ལུང་ཡོངས་རྫོགས་གྱི་བརྒྱུད་པ་ནི། རྗེ་བཙུན་འཇམ་པའི་དབྱངས། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། པཎྜི་ཏ་སྒེག་པའི་རྡོ་རྗེ་མ་ཏི། སློབ་དཔོན་ནོར་བུ་གླིང་པ་ཆུང་བ། བུ་སྟོན་དང་ས་ལུགས་ཀྱི་གསན་ཡིག་ཕལ་ཆེར་ན་འདི་གཉིས་མི་ཡོང་འདུག་པ་ཉེ་བརྒྱུད་ཡིན་ནམ་སྙམ། པཎྜི་ཏ་འབྱུང་གནས་སྦས་པ། པཎ་ཆེན་ཤཱཀྱ་ཤྲཱི། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་གྲགས་པ་གཞོན་ནུ། མཁན་ཆེན་བསོད་ནམས་གྲགས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ལོ་ཆེན་སྐྱབས་མཆོག་དཔལ། སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར། བཅོམ་ལྡན་གྲགས་འཕེལ་བ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཅེན། གནས་བརྟན་འོད་འགྲོ་བ། འཇམ་དབྱངས་སྐུ་སྐྱེ་ཤེས་རབ་རིན་ཅེན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་


GLG001_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་བ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །བརྒྱུད་པ་འདི་ཞལ་གཟིགས་བརྒྱུད་པ་ངོ་མཚར་ཅན་ནོ། །ཡང་ན་སྟག་ཚང་པའི་གསུང་རྒྱུན་ཨཱ་ནནྡས་མཛད་པ་མ་གཏོགས་པའི་རྗེས་གནང་ལུང་དང་བཅས་པའི་བརྒྱུད་ལུགས་གཅིག་ནི། ཁ་ཆེ་པཎ་ཆེན་ཡན་གོང་ལྟར་ལ། དེ་ནས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། མཁན་པོ་དབང་ཕྱུག་གྲགས། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དངས་མ་བ། རིན་པོ་ཆེ་ཤེས་རབ་གྲགས། ལུང་པ་དཀོན་ཅོག་རྡོ་རྗེ། མཁན་ཆེན་སེང་གེ་དཔལ། ཆོས་རྗེ་དགེ་བ་རྒྱལ་མཚན། བྱང་སེམས་འཕགས་པ་བློ་འཕེལ། སྤྱན་སྔ་ཚུལ་ཁྲིམས་དང་། ལོ་པ་སྤྱན་སྔ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། གུར་རྫོང་ཆོས་འབྱོར་དཔལ་བཟང་། རིག་འཛིན་ཆེན་པོ་གཞོན་ནུ་དོན་གྲུབ། དྲིན་ཅན་བླ་མ་འཇམ་དབྱངས་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་མཁན་ཆེན་བདེ་བ་དཔལ་ནས། རྗེ་སངས་རྒྱས་གཞོན་ནུ། མཁན་ཆེན་བསོད་ནམས་ཤེས་རབ། མཁན་ཆེན་ཤེས་རབ་མགོན་པོ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། ཆོས་རྗེ་རྣམ་རྒྱལ་བཀྲ་ཤིས། སྤྱན་སྔ་བསོད་ནམས་ལྷ་དབང་མན་འགྲེ། ཡང་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། ངོར་ཆེན་ནས། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལེགས་འབྱུང་ས་ལོ་འཇམ་དཔལ་རྡོ་རྗེ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན་མན་འདྲ། ཡང་ན་


GLG001_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན་ནས། རིན་པོ་ཆེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། ཟུར་ཆེན་གཞོན་ནུ་དོན་གྲུབ་མན་འདྲ། ཡང་ན་ཚར་ཆེན་ནས། རིན་པོ་ཆེ་བོད་མཁར་བ་མན་འདྲ། ཡང་ན་ངོར་ཆེན་ནས། ཀུན་མཁྱེན་སངས་རྒྱས་འཕེལ། ཆོས་རྗེ་སངས་རྒྱས་ལྷུན་གྲུབ། མཁན་ཆེན་རནྟ་ཤཱི་ལ། རྗེ་བཙུན་སྒོ་རུམ་པ་ཆེན་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་གུ་གེ་པཎ་ཆེན་ནས། གློ་བོ་མཁན་ཆེན་ལེགས་འབྱུང་། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། རྗེ་དཀོན་ཅོག་དཔལ་ལྡན། ཤར་ཆེན་ཀུན་དགའ་བཀྲ་ཤིས། དེ་དབོན་ཤེས་རབ་འབྱུང་གནས། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཡང་ན་རྒྱ་སྟོན་ཀུན་དགའ་བརྩོན་གྲུས་ནས། མཁན་ཆེན་བརྩོན་འགྲུས་བྱང་ཆུབ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། འཇམ་དབྱངས་གྲགས་པ་ཕྱོགས་ལས་རྣམ་རྒྱལ། འཇམ་དབྱངས་ཚེ་དབང་ཀུན་མཁྱེན། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཡང་ན་མཁན་ཆེན་བསོད་ནམས་གྲགས་པ་ནས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ། གྲུབ་ཆེན་དཔལ་བཟང་པ། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། མཚམས་འདིར་བླ་མ་གཉིས་ཙམ་ཞིག་མ་རྙེད། དེ་


GLG001_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐུ་ཞང་བཀྲ་ཤིས་རྒྱལ་མཚན། ལྷ་བོ་བླ་མ་རིན་ཅེན་རྒྱ་མཚོ། རྡོ་རྗེ་འཆང་ཞ་ལུ་པ་ཆེན་པོ། །དེས་བདག་ལའོ། །ཡང་ན་འཇམ་དབྱངས། རྡོ་རྗེ་གདན་པ་ཆུང་བ། པ་རི་ལོ་ཙཱ་བ། བུ་སྟོན་དང་ས་ལུགས་ཀྱི་གསན་ཡིག་ཕལ་ཆེར་ན་བརྒྱུད་པ་འདི་མི་གསལ་ཡང་རྡོ་རྗེ་གདན་པའི་གསན་ཡིག་དང་མཐུན། བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། བྲག་ཁ་བ་གྲགས་པ་སེང་གེ །བླ་མ་མང་མཁར་བ། བླ་མ་བྱང་སེང་བ། ཆོས་རྗེ་ཀུན་དགའ་བཀྲ་ཤིས། གནས་རྙིང་འཇམ་དབྱངས་རིན་ཅེན་རྒྱལ་མཚན། གནས་རྙིང་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། སེ་ར་རྗེ་བཙུན་པ། ཕ་བོང་ཁ་པ་བདེ་ལེགས་ཉི་མ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་ཁ་ཆེ་པཎ་ཆེན་ནས། པཎྜི་ཏ་དཱ་ན་ཤཱི་ལ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ །མཁན་ཆེན་བདེ་བ་དཔལ་མན་འདྲ། ཨཱ་ནནྡས་མཛད་པ་མ་གཏོགས་པའི་ལུང་བརྒྱུད་ལུགས་གཅིག་ནི། ངོར་ཆེན་ཡན་འདྲ་བ་ལ། དེ་ནས་རྒྱལ་ཚབ་ཀུན་དབང་། ཡོངས་འཛིན་དཀོན་ཅོག་འཕེལ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། སྤྱན་སྔ་དཀོན་ཅོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་ཆེན་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག །རྩ་བའི་བླ་མ་མཁན་ཆེན་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་གཉན་ལོ་ལུགས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། པཎྜི་ཏ་ཆེན་པོ་མ་ཏི་ནས། གཉན་


GLG001_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་དར་མ་རྒྱལ་མཚན། སྒང་སྟོན་གྲུབ་པ། ཇོ་སྲས་རྒྱལ་མཚན། འབྲེ་སྒུར་དརྨ། འཇམ་དབྱངས་གསར་མ། བྱང་ཆུབ་འོད། མཁན་ཆེན་གྲགས་པ་ཚུལ་ཁྲིམས། ལོ་ཆེན་སྐྱབས་མཆོག་དཔལ་བཟང་མན་སྔར་བཞིན་ནོ། །པཎྜི་ཏ་གསེར་གདུགས་ཅན་གྱི་བཞེད་སྲོལ་རྗེ་བཙུན་འཇམ་དབྱངས་དཀར་པོ་ཤེས་རབ་འཁོར་ལོའི་རྗེས་གནང་གོང་མའི་ཕྱག་ལེན་བཞིན་དང་། ཁྲོ་ཕུ་ལོ་ཙཱ་བས་མཛད་པའི་སྒྲུབ་ཐབས་གསལ་བྱེད་མེ་ལོང་གི་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་པའི་དབྱངས། པཎྜི་གསེར་གདུགས་ཅན། མཚན་ཟླ་བའི་འབྱུང་གནས་སྦས་པ། རཱ་ཧུ་ལ་ཤྲཱི། བི་མ་ལ་ཤྲཱི། གོང་དཀར་བའི་གསན་ཡིག་ན་བི་ན་ཡ་ཤྲཱི་ཟེར། བིཀྵ་ཏ་དེ་ཝ། གོང་དཀར་བའི་གསན་ཡིག་ན་བི་ཁྱ་ཏ་ཟེར་བ་སྣང་། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ། ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ། ཆོས་རྗེ་བསོད་ནམས་དབང་ཕྱུག །ཁྲོ་ཕུ་རིན་ཅེན་དབང་ཕྱུག །མཁན་ཆེན་ཆོས་རྒྱལ་དཔལ་བཟང་། ཀུན་སྤངས་ཆོས་གྲགས་དཔལ་བཟང་། ཁྲོ་ཕུ་རིན་ཅེན་འབུམ། གཉག་དབོན་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ་བ། མཁན་ཆེན་རིན་ཅེན་བཟང་པོ། མཁན་ཆེན་ཆོས་གྲུབ་སེང་གེ །ལོ་ཆེན་རཏྣ་བྷ་དྲ། ལོ་ཆེན་འགྱུར་མེད་བདེ་ཆེན། ཆོས་གཏེར་དཀོན་ཅོག་ལེགས་པ། ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཁྱབ་བདག་ཞ་ལུ་བ་ཆེན་པོ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ངོར་མཁན་ཆེན་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་རྒྱ་གར་མཁས་གྲུབ་དམ་པ་སངས་རྒྱས་ལུགས་ཀྱི་འཇམ་


GLG001_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སྨྲ་བའི་སེང་གེ་ཡུམ་དབྱངས་ཅན་མ་སྔོན་མོ་བྱ་རྒྱུད་ཀྱི་ལུགས་ལྟར་མདུན་དུ་བསྐྱེད་པའི་ལྷ་གཉིས་ཀྱི་རྗེས་སུ་གནང་བ་ནོས་ནས། རྒྱབ་རྟེན་ལུང་ལ། འཕགས་པ་འཇམ་དཔལ་དམར་པོའི་གསུང་གི་སྒྲུབ་ཐབས་མཁས་པ་ཀཱ་མ་ཤྲཱི་ལས་མཛད་པ། འཇམ་དཔལ་དམར་པོའི་སྒྲུབ་པའི་རིམ་པ་དམ་པ་རྒྱ་གར་གྱིས་མཛད་པ། འཇམ་དཔལ་གྱི་བསྟོད་པ་ཆོས་དབྱིངས་རྣམ་དག་མ། དབྱངས་ཅན་མའི་བསྟོད་པ་དུས་གསུམ་བདེ་གཤེགས་མ། ཤེས་རབ་འཕེལ་བའི་གདམས་པ་འཇམ་དཔལ་དམར་པོ་གསུང་གི་རྫོགས་རིམ། འཇམ་དཔལ་གྱི་ཞལ་མཐོང་བའི་ཐབས། རིལ་སྒྲུབ་ཀྱི་ཚོགས་བཅད་བློ་འཕེལ་སྒྲོན་མེ། རྫས་དང་འཁོར་ལོ་ལ་བརྟེན་ནས་ཤེས་རབ་འཕེལ་བ། རྒྱལ་པོ་དབང་དུ་བསྡུ་བ་བློན་པོ་སོགས་ལའང་དེ་དང་འདྲ་བ། མུ་དྲ་དབང་དུ་བྱ་བ་མཛེས་མ་རྒྱན་འཁོར། གཞན་གྱི་ངག་རྐུ་བ། ཕ་རོལ་གྱི་ཤེས་རབ་འཕྲོག་པ། མངོན་པར་ཤེས་པ་སྒྲུབ་པ། རྐང་མགྱོགས། མིག་རྣོ་བ། སྨན་གྱི་ཐུན་ཚད། རལ་གྲིའི་རྒྱུ། འཁོར་ལོ། རིལ་བུའི་དབྱིབས་དང་ཁ་དོག་གཟའ་སྐར་དང་བཅས་བསྟན་པ། རིལ་བུའི་གདན་གྱི་འཁོར་ལོའི་བསྐྱེད་ཆོག །རྗེས་སུ་གནང་བའི་ཆོ་ག་ཐུན་མོང་མ་ཡིན་པ་རྫོགས་བྱང་གི་མཐའ་ཅན། སྒྲུབ་ཐབས་དང་རྗེས་གནང་གི་མཎྜལ་བསྟན་པ། སྒྲུབ་པའི་ཚད་དང་བླང་དོར་བསྟན་པ། སཱ་ཙྪ་དཀར་ནག་གི་སྦྱོར་བ་ལ་བརྟེན་ནས་གནོད་བྱེད་གནོན་ཞིང་བར་གཅོད་བསྲུང་བ། དབང་སྡུད་འཁོར་ལོ་འདྲི་ཚུལ་གྱི་གསལ་བྱེད་དང་བཅས་པ། འདི་ཡན་ཕལ་ཆེར་ཡིག་རྙིང་དམ་པའི་གསུང་། གདམས་པའི་བྱུང་ཚུལ་ཁྱབ་བདག་སྨན་ལུང་པ་མ་ཏིའི་མཚན་ཅན་གྱི་ཟིན་བྲིས།


GLG001_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ། གཏོར་མ། སྦྱིན་སྲེག །སྤོགས་ཆོག །རྫས་ཀྱི་བྱ་བ་དང་བཅས་པ་འཇམ་དབྱངས་སྨྲ་སེང་སྒྲུབ་པའི་མན་ངག་ཟབ་པ་ལས་ཀྱང་ཆེས་ཟབ་པ་རིགས་འཛིན་ཀརྨ་གུ་རུས་ཀོང་པོ་རྩེ་ལྷ་སྒང་དུ་མཛད་པ། དེའི་གསུང་རྒྱུན་གྱི་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་གེགས་སེལ་གནད་ཀྱི་མན་ངག །སྒབ་འདྲེ་དཀྱིལ་འཁོར་ཉལ་འོག་སྒོ་ཐེམ་ཞབས་སུ་གནོན་ཐབས། དཔེ་རིས་ལས། རིལ་བུའི་གདན་དང་ཁེབས་ཀྱི་འཁོར་ལོ། ཡུམ་གྱི་འཁོར་ལོ། མཛེས་མ་རྒྱན་འཁོར། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ཉིན་བྱེད་མི་ཤེས་སྨག་རུམ་སེལ་བ། དེས་མཛད་པའི་རྗེས་གནང་གི་ཆོ་ག་བཀླགས་པས་དོན་གྲུབ། དེས་མཛད་པའི་རིལ་སྒྲུབ་ཀྱི་གདམས་པ་རྒྱ་གཞུང་གི་གསལ་བྱེད་ཉིན་བྱེད་སྣང་བ་དང་བཅས་པ་རྣམས་ལེགས་པར་ཐོབ་པ་ལས་རིལ་སྒྲུབ་བློ་འཕེལ་སྒྲོན་མེ་དང་། སྒྲུབ་ཁང་པས་མཛད་པའི་ཡིག་ཆ་གསུམ་མ་གཏོགས་རྗེས་གནང་དང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། དྲང་སྲོང་ཉི་མའི་ཤིང་རྟ། བྲམ་ཟེ་རིག་བྱེད་གཞོན་ནུ། དབྱངས་ཆེན་བཟང་པོ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་འདུག་ཀྱང་ལོ་རྒྱུས་སུ་དམ་པས་རིག་བྱེད་གཞོན་ནུ་ལ་གསན་པར་བཤད་པས་དཔྱད། རྒྱ་གར་དམ་པ་སངས་རྒྱས། དར་པན་ཨཱ་ཙཪྻ། མཆིམས་ནམ་མཁའ་གྲགས། དབུས་པ་གཞོན་ནུ་བྱང་ཆུབ། ཉང་སྟོད་པ་ཚུལ་ཁྲིམས་གཟུངས། མཁས་བཙུན་དོན་གྲུབ་རིན་ཅེན། དེ་ཝ་རཱ་ཛ། སློབ་དཔོན་གཉན། མཁན་པོ་ཚུལ་ཁྲིམས་དགའ། བླ་མ་བཀྲ་ཤིས་དཔལ། བླ་བྲང་པ་བཟང་པོ་དཔལ། ཆོས་རྗེ་ཉི་མ་རྒྱལ་མཚན། རོང་སྟོན་


GLG001_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་རྒྱལ་མཚན། པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། སེམས་དཔའ་ཆེན་པོ་བསོད་ནམས་ལྷ་དབང་། མཐུ་སྟོབས་དབང་ཕྱུག་ཀུན་དགའ་བཀྲ་ཤིས། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། ཀརྨ་འཕྲིན་ལས་ཆེ་བའང་ཟེར། གྱེར་གྱི་སྔགས་འཆང་བསོད་ནམས་དགེ་ལེགས། རིག་འཛིན་ཆེན་པོ་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་སྒྲོན་མེ། རིག་འཛིན་ཆེན་པོ་ཀརྨ་གུ་རུ། ཆོས་བརྒྱད་རང་གྲོལ་ནམ་མཁའ་ཆོས་དབང་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེ། རྩ་བའི་བླ་མ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། ཕ་དམ་པ་ནས། ཁ་ཆེ་གུཧྱ་པ། གླན་སྒོམ་ཡབ་སྲས། གོང་དཀར་བའི་གསན་ཡིག་ན་འདིའི་སྔོན་དུ་ལོ་བཙུན་ཆུང་ཟེར་བ་ཞིག་འདུག་པ་ཆད་དམ་དཔྱད། བླ་མ་འོད་ཟེར་ཤཱཀྱ། ཤར་པ་ཤེར་འབྱུང་བའི་གསན་ཡིག་ན་ཤཱཀ་འོད་ཟེར་བ་བདུག་པ་ཕལ་ཆེར་དང་མ་མཐུན་པས་ནོར་བ་འདྲ། སློབ་དཔོན་འོད་ཟེར་མགོན་པོ། སློབ་དཔོན་ཤཱཀྱ་གཞོན་ནུ། སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ་མན་འདྲ། ཡང་ན་སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ་ནས། མཁན་པོ་བཟོད་པ་དཔལ། མཁན་པོ་བསོད་ནམས་འོད་ཟེར། མཁན་པོ་ཤེས་རབ་མགོན་པོ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལེགས་འབྱུང་། རྗེ་ལྷ་མཆོག་སེང་གེ །ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་མཁས་མཆོག་དཔལ་ལྡན་དོན་གྲུབ། གནས་གསར་རྡོ་རྗེ་འཆང་


GLG001_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ཡང་ན་བླ་མ་འོད་ཟེར་ཤཱཀྱ་ནས། ལོ་ཙཱ་བ་མཆོག་ལྡན། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན་མན་འདྲ། ཡང་ན་ཕ་དམ་པ་ནས། དམ་པ་སོ། ལྐུགས་རིང་། ལྡེ་སྟོན་དགེ་བ། གློ་ཆེན་སངས་རྒྱས། གར་ཐིག་པ་བསོད་རྒྱལ། བླ་མ་མགོན་པོ་འབུམ། ས་བཟང་འཕགས་པ་མན་འདྲ། ཡང་ཉེ་བརྒྱུད་ནི། འཇམ་དབྱངས། ཕ་དམ་པ་མན་འདྲ། རིལ་སྒྲུབ་བློ་འཕེལ་སྒྲོན་མེ་དང་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་ཡིག་ཆ་ལེ་ཚན་གསུམ་གྱི་ལུང་ནི། མཁས་གྲུབ་དཔལ་ལྡན་དོན་གྲུབ། བྲང་ཏི་ནམ་མཁའ་སངས་རྒྱས། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ཀྱི་རྒྱུད་ལ་བརྟེན་ནས་འཁོར་ལོས་ཐོག་བསྲུང་བའི་ལག་ལེན་ཀུན་མཁྱེན་བུས་མཛད་པའི་བརྒྱུད་པ་ནི། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་ལོ་ཙཱ་བ། རྗེ་ནམ་མཁའི་མཚན་ཅན། བླ་མ་དོན་གྲུབ་ལེགས་པ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་རྗེ། བྱང་གླིང་རིན་ཅེན་རྒྱལ་པོ། བླ་མ་དོན་གྲུབ་རྒྱལ་མཚན། རྗེ་བཀྲ་ཤིས་རྒྱལ་མཚན། བླ་མ་ཀུན་དགའ་བཀྲ་ཤིས། རྗེ་དཀོན་ཅོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཐུགས་སྲས་ལོ་ཙཱ་བ་རིན་ཅེན་རྣམ་རྒྱལ་གྱིས་མཛད་པའི་དཀྱིལ་ཆོག་བདེ་དགའ་རྒྱ་མཚོའི་སྟེང་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་དུ་གཏོགས་པ་བཅོམ་ལྡན་འདས་མ་བསྲུང་བ་ལྷ་ལྔ་བཅུ་རྩ་གཅིག་གི་རས་


GLG001_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཀྱི་དཀྱིལ་འཁོར་དུ་དབང་ལེགས་པར་ནོས་པའི་བརྒྱུད་པ་ནི། གཙོ་མོ་ལྔ། ཕྱོགས་སྐྱོང་བཅུ། གཟའ་དགུ །རྒྱུ་སྐར་ཉེར་བརྒྱད། རྒྱལ་ཆེན་བཞི་དང་བཅས་ལྷ་ལྔ་བཅུ་རྩ་དྲུག་བྱུང་བསགཙོ་མོ་ལྔ་པོ་གཅིག་ཏུ་འབྲང་ན་མ་གཏོག་མ་འགྲིག་པས་དཔྱད། རྫོགས་པའི་སངས་རྒྱས། དཔལ་ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཤིས་དཔལ། གོང་དཀར་བའི་གསན་ཡིག་ན་ཀུན་བསོད་འདུག་པས་བརྟག །ཀུན་མཁྱེན་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ། ལྕེ་ཆོས་རྒྱལ་ནམ་མཁའ་མཆོག་གྲུབ། ཞ་ལུ་དཀའ་བཞི་པ་ཆེན་པོ། སྐུ་ཞང་མཁྱེན་རབ་ཆོས་རྗེ་རིན་ཅེན་མཆོག་གྲུབ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་འཇམ་དཔལ་ངག་དབང་ཆོས་གྲགས། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བ་རི་ལོ་ཙཱ་བ་ནས། གཉན་སྟོན་གྲགས་པ། གཉན་རིན་ཅེན་གྲགས། ལྷ་སའི་གནས་བརྟན་དཀོན་ཅོག །མཁན་ངག་ཆོས་པའི་གསན་ཡིག་ན་དཀོན་རྒྱལ་ཟེར་བ་འདུག་པས་བརྟག །དེའི་སྲས་རྔོག་སྟོན་ཁའུ་རྒྱལ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །རོང་པ་ཤེས་རབ་སེང་གེ །འཕགས་འོད་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་བུ་སྟོན་མན་འདྲ། ཡང་ན་བུ་སྟོན་རིན་པོ་ཆེ་ནས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཨ་མོ་གྷ། འཇམ་དབྱངས་བསོད་ནམས་
རིན་ཅེན། ཆོས་ལུང་མཁན་ཆེན་དོན་ཡོད་རྒྱལ་མཚན། མཁན་ཆེན་ཀུན་དགའ་བློ་གྲོས་རྒྱལ་མཚན། ཆོས་རྗེ་བཤེས་གཉེན་བཀྲ་ཤིས། གྲུབ་མཆོག་ངག་དབང་རྣམ་རྒྱལ། ཀུན་མཁྱེན་མཁྱེན་བརྩེ་མན་འདྲ། ཡང་ན་མཁྱེན་རབ་ཆོས་རྗེ་ནས། མཁན་ཆེན་དཀོན་ཅོག་ཚུལ་ཁྲིམས། གུང་པ་མགོན་པོ་རྒྱལ་མཚན། དགེ་སློང་ངག་དབང་རྣམ་རྒྱལ་མན་འདྲ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་མངོན་རྟོགས་དང་ལུང་གསུམ་གྱི་ཆིངས་ཕྱག་ལེན་ལྟར་འོད་ཟེར་ཅན་མ་གཙོ་རྐྱང་གི་རྗེས་སུ་གནང་བ་དང་། དེས་མཛད་པའི་འོད་ཟེར་ཅན་མའི་སྒྲུབ་ཐབས་དགྲ་བོ་འདུལ་བའི་ལས་ཚོགས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། རྗེ་བཙུན་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། ཚོགས་སྒོམ་པ། ཉན་ཆེན་པ། བླ་མ་བསོད་ནམས་སྐྱབས། རྗེ་གཟུངས་ཀྱི་དཔལ་བ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་པ། ངོར་ཆེན་ཀུན་དགའ་བཟང་པོ། རྗེ་དཔལ་ལྡན་རྡོ་རྗེ། རྗེ་དཀོན་ཅོག་ཚུལ་ཁྲིམས། རྗེ་བཙུན་སྒོ་རུམ་པ། ཀུན་མཁྱེན་མཁྱེན་བརྩེ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །


previousདེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གི་ལུང་བརྒྱུད་སོགས།next