Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
expand section
  
  
  
  
  
  
ཛེ་ཏ་རིའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་དབང་སོགས་ཀྱི་ལུང་བརྒྱུད།
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousཛེ་ཏ་རིའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་དབང་སོགས་ཀྱི་ལུང་བརྒྱུད།next

ཛེ་ཏ་རིའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་དབང་སོགས་ཀྱི་ལུང་བརྒྱུད།


GLG001_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་གྲུབ་པའི་ལམ་བཟང་གི་སྟེང་ནས་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་ལུགས་ཀྱི་པདྨའི་རིགས་ཀྱི་གཙོ་བོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་། དེའི་སྒྲུབ་ཐབས་དབང་ཆོག་བསྟོད་པ་ཛེ་ཏཱ་རིས་མཛད་པ། རྗེ་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་མངོན་དཀྱིལ་གྱི་ལུང་དང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། སློབ་དཔོན་སྙིང་པོའི་ཞབས། གྲུབ་ཆེན་ཛེ་ཏཱ་


GLG001_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རི། སློབ་དཔོན་བྱང་ཆུབ་བཟང་པོ། སློབ་དཔོན་ཏིང་འཛིན་བཟང་པོ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། བརྩེ་ཆེན་སྙིང་པོའི་ཞབས། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། པཎ་ཆེན་ཀུན་དགའ་རྒྱལ་མཚན། ཤར་པ་རྡོ་རྗེ་འོད་ཟེར། བླ་མ་བཀྲ་ཤིས་འོད། ཨེ་པ་འཁོན་སྟོན་ཐུགས་རྗེ་རིན་ཅེན། འཇམ་དབྱངས་ཆེན་པོ་རིན་ཅེན་རྒྱལ་མཚན། བྱང་སེམས་རྒྱལ་བ་ཡེ་ཤེས། སྤང་ཁང་པ་གྲགས་པ་དཔལ། ཤར་པའི་གསན་ཡིག་ན་དོན་རི་གྲགས་པ་དཔལ་ཞེས་འདུག །སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། རྒྱལ་བ་བྲག་ཕུག་པ། དེ་ལ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་བྲག་ཕུག་པ་ཆུང་བ་བློ་གྲོས་བརྟན་པ་གཉིས་ཀྱིས་གསན། གཉིས་ཀ་ནས་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ཁྱབ་བདག་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་ཅོག་འཕེལ། རྗེ་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་གནས་གསར་པ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལ་བསྩལ་ཏོ། །ཡང་ན་ངོར་ཆེན་ནས། མུས་ཆེན་སེམས་དཔའ་ཆེན་པོ། རྒྱལ་ཚ་བ་ཀུན་དགའ་དབང་ཕྱུག །དཀོན་ཅོག་འཕེལ་མན་འདྲ། ཡང་ན་ངོར་ཆེན་ནས། གུ་གེ་པཎ་ཆེན། འཇམ་དབྱངས་ནམ་མཁའ་བརྟན་པ། སངས་རྒྱས་སེང་གེ་མན་འདྲ། ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་དཀོན་ཅོག་འཕེལ་མན་འདྲ། ཡང་ན་ཡོངས་འཛིན་དཀོན་


GLG001_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་འཕེལ་ནས། འཇམ་དབྱངས་ས་ལོ། རྗེ་ཀུན་དགའ་དཔལ་ལྡན། ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་མུས་ཆེན་ནས། གྲུབ་ཆེན་དཀོན་ཅོག་བློ་གྲོས། རྗེ་སངས་རྒྱས་རིན་ཅེན། ས་ལོ་མན་གོང་བཞིན་ནོ། །ཡང་ན་ལྷ་མཆོག་སེང་གེ་ནས། རྐྱང་ངུར་རབ་འབྱམས་པ་དགེ་ལེགས་བཤེས་གཉེན། རྗེ་ཤེས་རབ་རྒྱལ་མཚན་མན་འདྲ། ཡང་ན་བ་རི་ལོ་ཙཱ་བ་ནས། མཆིམས་བརྩོན་འགྲུས་སེང་གེ །རྒྱ་ཞང་ཕུག་པ། དབུས་པ་སངས་རྒྱས་འབུམ། གཞོན་ནུ་འབུམ། འདི་གོང་དཀར་བའི་གསན་ཡིག་ན་འདུག་ཀྱང་གཞན་ཚོར་མི་སྣང་བ་ཆད་འདྲ། བླ་མ་ཆ་གན་པ། གྲགས་པ་དཔལ་མན་འདྲ། ཡང་ན་རྒྱ་ཞང་ཕུག་པ་ནས། འཇང་པ་རིན་ཅེན་ཡེ་ཤེས། རྗེ་བཙུན་བཙོང་ཁ་པ་དང་གོང་དཀར་བའི་གསན་ཡིག་ན་ཤེར་རིན་ཟེར་བ་འདུག །ཨེ་པ་འཁོན་སྟོན་མན་འདྲ། ཡང་ན་གྲགས་པ་དཔལ་ནས། ཆོས་འཕགས་རྒྱལ་མཚན། བླ་མ་རིན་ཅེན་སེང་གེ །བུ་སྟོན་ཐམས་ཅད་མཁྱེན་པ། ལོ་ཙཱ་བ་བྱང་ཆུབ་རྩེ་མོ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་མན་གོང་བཞིན་ནོ། །ཡང་ན་གཞོན་ནུ་འབུམ་ནས། གསལ་ལ་བ། གྲགས་ཆེན་པ། འཕགས་འོད། ཀུན་མཁྱེན་བུ་སྟོན་མན་འདྲ། ཡང་ན་མཆིམས་བརྩོན་འགྲུས་སེང་གེ་ནས། སྤུག་ཐམས་ཅད་མཁྱེན་པ། བདེ་བའི་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་སྟོན་མན་འདྲ། ཡང་ན་བླ་མ་དཔལ་ལྡན་སེང་གེ་ནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མན་འདྲ། ཐུགས་སྲས་སེམས་དཔའ་ཆེན་པོས་མཛད་པའི་དཀྱིལ་ཆོག་ཚེ་དཔལ་ཡེ་ཤེས་བསམ་གྲུབ་ཀྱི་སྟེང་ནས་


GLG001_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འཆི་མེད་རྔ་སྒྲ་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་འཆི་བླུ་དང་བཅས་པ་ཞ་ལུ་པའི་ཕྱག་ལེན་ལྟར་ལེགས་པར་ནོས་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། སློབ་དཔོན་སྙིང་པོའི་ཞབས། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། བོ་དྷི་བྷ་དྲ། ས་མ་ཏི་བྷ་དྲ། རྡོ་རྗེ་གདན་པ། བ་རི་ལོ་ཆེན། མཆིམས་བརྩོན་འགྲུས་སེང་གེ །རྒྱ་ཞང་ཕུག་པ། འཇད་པ་ཤེས་རབ་རིན་ཅེན། ཨེ་པ་འཁོན་སྟོན། ཤར་པ་འཇམ་དབྱངས་པ། བཞི་ཐོག་པ་རིན་ཅེན་རྒྱལ་མཚན། བྱང་སེམས་རྒྱལ་བ་ཡེ་ཤེས། བླ་མ་གྲགས་པ་དཔལ། སྣུར་ཆོས་འཕགས་རྒྱལ་མཚན། ཡང་རྩེ་བ་རིན་ཅེན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ། ཡབ་སྲས་གཉིས་ཀ་ལ་སྐུ་ཞང་ནམ་མཁའི་མཚན་ཅན། དེ་ནས་ཆོས་རྗེ་རིན་ཅེན་དཔལ་གྲུབ། ཐར་རྩེ་སྒྲུབ་ཁང་ཤར་པ་གསུམ་གྱི་གསན་ཡིག་ན་འདི་མི་འདུག་ཀྱང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་བརྒྱུད་ལུགས་གཉིས་ཀར་འདུག་པ་ཆད་འདྲ། སྐུ་ཞང་མཁྱེན་རབ་ཆོས་རྗེ། སྐུ་ཞང་བསོད་ནམས་མཆོག་གྲུབ། འཇམ་དབྱངས་བཀྲ་ཤིས་རྒྱལ་མཚན། བླ་མ་རིན་ཅེན་རྒྱ་མཚོ། ཞ་ལུ་མཁན་ཆེན་རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྗེ་རིན་ཅེན་རྒྱ་མཚོ་ནས། བླ་མ་བཀྲ་ཤིས་རྒྱལ་མཚན། ཁྱབ་བདག་ཞ་ལུ་བ། དེས་བདག་ལའོ། །ཡང་ན་མཁྱེན་རབ་རྗེ། དེ་ལ་འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན་དང་སྒོག་ལུང་པ་བཀྲ་ཤིས་དཔལ་འབྱོར་གཉིས་ཀྱི་གསན། གཉིས་ཀ་ལ་བྱང་གླིང་བཀྲ་ཤིས་རྒྱལ་མཚན་གྱི་གསན་པ་མན་འདྲ། འཆི་བླུ་མ་སྦྱར་བའི་དབང་རྐྱང་གི་བརྒྱུད་ལུགས་གཅིག་


GLG001_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། འཇམ་མགོན་བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ། ཁྱབ་བདག་ཞ་ལུ་བ། དེས་བདག་ལའོ། །ཡང་ན་སྐུ་ཞང་ནམ་མཁའི་མཚན་ཅན་ནས། མཁས་པ་ཙནྡྲ་ཤྲཱི། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། དཀའ་བཞི་པ་རིན་ཅེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་གྲུབ་པའི་དབང་པོ་ཚུལ་ཁྲིམས་བཟང་མོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་ཐུགས་སྲས་ནས། འཇམ་དབྱངས་གྲགས་པ་རྒྱལ་མཚན། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་མན་འདྲ། ཡང་ན་བ་རི་ལོ་ཙཱ་བ་ནས། བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎ་འཕགས་པ་རིན་པོ་ཆེ། ལོ་ཙཱ་བ་མཆོག་ལྡན། ལོ་ཆེན་བྱང་ཆུབ་རྩེ་མོ། མཁན་པོ་བཀྲ་ཤིས་རིན་ཅེན། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། མཁས་གྲུབ་རྣམ་རྒྱལ་རིན་ཅེན། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། ཀུན་བཟང་རྩེ་པ་པཎ་ཆེན་བསོད་ནམས་མཆོག་ལྡན། ཁྱབ་བདག་ཞ་ལུ་བ། དེས་བདག་ལའོ། །ཡང་ན་དབང་ཕྱུག་རྒྱལ་མཚན་ནས། མཁས་གྲུབ་ཚུལ་ཁྲིམས་བཀྲ་ཤིས། རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ། ཁྱབ་བདག་ཞ་ལུ་བ། དེས་བདག་ལའོ། །འཆི་མེད་རྔ་སྒྲའི་མངོན་དཀྱིལ་ཛེ་ཏཱ་རིའི་རྒྱ་གཞུང་གི་བརྒྱུད་པ་ནི། བྱང་གླིང་རྗེ་ནས། བྲང་ཏི་ཁུ་དབོན། མཁན་ཆེན་ཞ་ལུ་བ། དེས་བདག་ལའོ། །ཛེ་ཏཱ་རིས་མཛད་པའི་བསྟོད་པའི་བརྒྱུད་པ་ནི། བརྒྱུད་པ་གོང་


GLG001_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་སླར་འཚོལ། ས་སྐྱ་ཁྲི་ཆེན་ཡབ་སྲས། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །དཀྱིལ་ཆོག་ཚེ་དཔལ་ཡེ་ཤེས་བསམ་གྲུབ་ཀྱི་ལུང་ནོས་པའི་བརྒྱུད་པ་ནི། ཐུགས་སྲས་སེམས་དཔའ་ཆེན་པོ། སྐུ་ཞང་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཅེན་དཔལ་གྲུབ། མཁྱེན་རབ་རིན་ཅེན་མཆོག་གྲུབ། དབོན་རྒྱལ་བ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་རྗེ་བཀྲ་ཤིས་རྒྱལ་མཚན། དྲུང་པ་ཀུན་དགའ་བཀྲ་ཤིས། བླ་མ་དཀོན་ཅོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །གཟུངས་ལས་གསུངས་པའི་ཚེ་དཔག་མེད་དཀར་པོ་གྲུབ་ཆེན་མི་ཏྲ་ཛོ་གིའི་བཞེད་སྲོལ་ལྟར་ཆག་ལོ་གསུམ་པས་མཛད་པའི་ལས་དང་པོ་པའི་བྱ་བ་ལས་བྱུང་བའི་ཡི་གེའི་སྟེང་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། འཕགས་པ་སྤྱན་རས་གཟིགས། གྲུབ་ཆེན་མི་ཏྲ་ཛོ་གི །བུདྡྷ་ཤྲཱི། ཆག་ལོ་ཙཱ་བ་དར་མ་དགྲ་བཅོམ། གྲུམ་སྟོན་དར་མ་ཤེས་རབ། སྒྲག་ཕུག་པ་ཤེས་རབ་དཔལ། གྲུབ་ཐོབ་ལེགས་ལྡན་འོད། ཆོས་རྗེ་དཔལ་ཆེན་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡེ་ཤེས་དཔལ་བཟང་པོ། རྒྱལ་སྲས་བློ་བཟང་དཔལ་འབྱོར། ཆག་ལོ་གསུམ་པ་རིན་ཅེན་ཆོས་རྒྱལ། ས་ལོ་འཇམ་དཔལ་རྡོ་རྗེ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །གྲུབ་བརྙེས་དབང་ཕྱུག་རབ་བརྟན། རིགས་བརྒྱའི་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། །བྱ་བའི་རྒྱུད་ཀྱི་བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པའི་གཟུངས་སྔགས་ཡིག་འབྲུ་ལྔ་བཅུ་རྩ་བདུན་པ་བྱང་སྒྲ་མི་སྙན་པའི་ཚེའི་རང་གཟུགས་སུ་གྲགས་པ་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་


GLG001_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོས་བསླབ་པ་ཀུན་ལས་བཏུས་པའི་ལུས་བསྲུང་བའི་སྔགས་སུ་བཤད་པ་ཉིད། དྲུག་ཅུ་རྩ་བདུན་ཡིན་ནམ་བརྟག །དེའི་རྒྱ་དཔེ་ལས་དངོས་སུ་ཕྱུང་སྟེ་དག་པར་མཛད་ཅིང་། ལོ་རྒྱུས་ཡོངས་གྲགས་སུ་ལྷའི་དགེ་བསྙེན་ཞིག་གིས་སྒྲ་མི་སྙན་ནས་དངོས་སུ་བླངས་ཏེ་དགྲ་བཅོམ་པ་བློ་གྲོས་དཔལ་ལ་གཏད་པའི་སྒྲ་མི་སྙན་པའི་ཚེ་གཟུངས་ལ་ཡིག་ཆ་མི་མཐུན་པ་སྣ་ཚོགས་འདུག་པ་ལས་ཚེ་དཔག་མེད་ལྷུང་བཟེད་བསྣམས་པའི་མངོན་རྟོགས་དང་འབྲེལ་བའི་ཚེ་དབང་ལ་བསྡུས་པ་པཎ་ཆེན་ནགས་རིན་ནས་བརྒྱུད་པ་དང་རྒྱས་པ་ཨོ་རྒྱན་ཆེན་པོས་འབྲི་ཁུང་དབུས་སྨྱོན་ལ་རྨི་ལམ་དུ་སྩལ་པ་གཉིས་ལས། ཕྱི་མ་ནི་རྙིང་མའི་སྡེབས་སུ་ཡོད་ལ། བསྡུས་པའི་དབང་དང་སྒྲུབ་ཐབས་ཟབ་མོའི་ཡང་སྙིང་གི་ལུང་ནོས་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། དགྲ་བཅོམ་པ་བློ་གྲོས་འཕེལ། པཎ་ཆེན་ནག་རིན། འབྲུག་པ་རྒྱལ་དབང་རྗེ། བླ་མ་སངས་རྒྱས་དཔལ་བ། མི་འགྱུར་ཀུན་དགའ་དཔལ་བཟང་། འབྲི་ཁུང་པ་ཆོས་རྒྱལ་རིན་ཅེན་ཕུན་ཚོགས། དེ་སྲས་ཆོས་རྒྱལ་ཕུན་ཚོགས། དེ་སྲས་ཆོས་ཀྱི་གྲགས་པ། རིག་འཛིན་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་བློ་གྲོས་མཆོག་གི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །པཎ་ཆེན་ནགས་རིན་ལ་ཚེ་དབང་ཤིན་ཏུ་ཟབ་པ་ཞིག་ཡོད་ཅེས་ཁྲིམས་ཁང་ལོ་ཙཱ་བ་སོགས་ཀྱི་རྣམ་ཐར་དུ་སྣང་བ་འདི་ཉིད་ཡིན་པར་མངོན་ལ། འདིའི་སྐུ་སྒྲ་མི་སྙན་པའི་ཚེ་དཔག་མེད་ཅེས་ཁ་བྱང་བཏབ་ཅིང་། ངོར་ཆེན་དཀོན་ཅོག་ལྷུན་གྲུབ་དང་ཤར་པ་ཀུན་དགའ་བཀྲ་ཤིས་ཡོད་པའི་བྲིས་ཐང་མཐོང་བས་ངོར་ཕྱོགས་ལའང་རྒྱུན་ཞིག་བྱུང་བ་འདྲ། སྒྲ་མི་
སྙན་པའི་ཚེ་སྒྲུབ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྒོམ་བཟླས་དང་བཅས་ཡོད་པའི་སྒོམ་ལུང་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། ལྷའི་དགེ་བསྙེན། དགྲ་བཅོམ་པ་བློ་གྲོས་དཔལ། ལོ་སྟོང་བཞུགས། བལ་པོ་ཧ་དུ་ཙནྡྲ། ལོ་ལྔ་བརྒྱ་བཞུགས། སློབ་དཔོན་དར་མ་གྲགས། ལོ་ཉིས་བརྒྱ་ཐུབ། མངའ་རིས་པ་དཔལ་ཆེན་རྒྱལ་བ་གྲུབ། ལོ་བརྒྱད་ཅུར་སླེབས་ནས་ཀྱང་ལུས་སྟོབས་ཆུང་དུ་མ་སོང་ཟེར། སློབ་དཔོན་ཡེ་ཤེས་རྒྱལ་པོ། ལོ་སུམ་བརྒྱ་ཐུབ་ཉིས་བརྒྱ་ལོན་ནས་ལྷ་ས་ལན་གསུམ་བསྐོར། སློབ་དཔོན་ཤེས་རབ་གྲགས། བསོད་ནམས་མགོན་པོ། ཀུན་མཁྱེན་བུ་སྟོན། ཐུགས་སྲས་སེམས་དཔའ་ཆེན་པོ། བར་འདིར་བླ་མ་འགའ་ཞིག་མ་རྙེད། དེ་ནས་དགེ་སྟེང་པ་ཀུན་དགའ་དཔལ་བཟང་། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །


previousཛེ་ཏ་རིའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་དབང་སོགས་ཀྱི་ལུང་བརྒྱུད།next