Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
expand section
  
  
  
  
  
  
  
  
  
སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ལེགས་པར་ནོས་པའི་ལུང་བརྒྱུད་སོགས།
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousསྒྲོལ་མ་ཉེར་གཅིག་གི་རྗེས་གནང་ལེགས་པར་ནོས་པའི་ལུང་བརྒྱུད་སོགས། next

སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ལེགས་པར་ནོས་པའི་ལུང་བརྒྱུད་སོགས།


GLG001_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་འབྱོར་པའི་དུས་ཕྱག་འཚལ་ཉེར་གཅིག་གི་ཞལ་འདོན་དང་བཅས་རྡོ་རྗེ་གདན་དུ་སྐོར་བ་མཛད་པའི་ཚེ་རྗེ་བཙུན་སྒྲོལ་མ་དངོས་སུ་ཞལ་མཇལ་ཏེ་བོད་དུ་བཞུད་ཅིག་པར་ལུང་བསྟན། འདི་ལ་ཡི་དམ་བྱས་ན་བར་ཆད་མི་འབྱུང་ཞེས་ཤོ་ལོ་ཀ་རེ་དང་ལས་ཚོགས་རེ་སྦྱར་ནས་གནང་པའི་སྒྲོལ་མ་ཉེར་གཅིག་ལ་ཐོག་མར་ཐམས་ཅད་ཀྱི་གཞི་སེང་ལྡེང་ནགས་ཀྱི་སྒྲོལ་མ། ༡ དགྲ་བགེགས་ལོག་འདྲེན་གྱི་འཚེ་བ་ཞི་བར་བྱེད་པ་མྱུར་ཞིང་དཔའ་བའི་སྒྲོལ་མ། ༢ ནད་གདོན་བགེགས་སྡིག་པ་མི་མཐུན་པའི་ཕྱོགས་ཞི་བར་བྱེད་པ་སྟོན་ཀའི་ཟླ་ལྟར་དཀར་བའི་སྒྲོལ་མ། ༣ ཚེ་དང་ལོངས་སྤྱོད་འཕེལ་བར་བྱེད་པ་གསེར་མདོག་ཅན་གྱི་སྒྲོལ་མ། ༤ ཚེ་ལོ་བཅུ་ཡང་བརྒྱར་འཕེལ་བར་བྱེད་པ་ཚེ་འཕེལ་སྒྲོལ་མ་སེར་མོ། ༥ བུད་མེད་སོགས་དམིགས་བྱ་དབང་དུ་བྱ་བ་ཧཱུྃ་སྒྲ་སྒྲོག་པའི་སྒྲོལ་མ། ༦ དབང་ཕྱུག་ལྷ་དང་ས་བདག་སོགས་དབང་ཆེན་ཐམས་ཅད་བྲན་དུ་བྱས་ནས་འབྱུང་པོ་འདུལ་བ་འཇིག་རྟེན་གསུམ་རྒྱལ་སྒྲོལ་མ། ༧ རིག་སྔགས་ཀྱི་གནོད་པ་དང་རྦོད་ཟོར་ཟློག་པར་བྱེད་པ་གཞན་གྱི་འཁྲུལ་འཁོར་འཇོམས་པའི་སྒྲོལ་མ། ༨ བདུད་དང་དགྲ་བགེགས་སྒྲོལ་བར་བྱེད་པ་བདུད་དགྲ་རྣམ་པར་འཇོམས་པའི་སྒྲོལ་མ། ༩


GLG001_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཕྱིའི་གནོད་པ་དང་འཇིགས་པ་ཐམས་ཅད་སྲུང་བ་ཕྱག་རྒྱ་དཀོན་ཅོག་གསུམ་མཚོན་སྒྲོལ་མ། ༡༠ བདུད་དང་མུ་སྟེགས་ལོག་ལྟ་ཅན་རྣམས་དབང་དུ་བསྡུས་ནས་བར་གཅོད་འདུལ་བར་བྱེད་པ་འཇིག་རྟེན་དབང་མཛད་སྒྲོལ་མ། ༡༡ མཁོ་དགུའི་འབྱོར་པ་ཐམས་ཅད་སྤེལ་ཏེ་ཕོངས་པ་ལས་རྣམ་པར་སྐྱོབ་པ་འགུགས་ཤིང་ཕོངས་པ་སེལ་བའི་སྒྲོལ་མ། ༡༢ བཀྲ་ཤིས་ཤིང་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་བཀྲ་ཤིས་ཐམས་ཅད་འབྱིན་པའི་སྒྲོལ་མ། ༡༣ བར་གཅོད་དགྲ་བགེགས་རྣམས་འཇོམས་ཤིང་བསྲུང་བ་དང་རེངས་པར་བྱེད་པ་མེ་ལྟར་འབར་བའི་སྒྲོལ་མ། ༡༤ བགེགས་ལ་རྣམ་པར་བསྣུན་པས་བར་གཅོད་སེལ་བར་བྱེད་པ་སྒྲོལ་མ་ཁྲོ་གཉེར་ཅན་མ། ༡༥ སྡིག་སྒྲིབ་བག་ཆགས་མི་གཙང་བ་རྣམས་ཞི་བར་བྱེད་པ་སྒྲོལ་མ་ཞི་བ་ཆེན་མོ། ༡༦ གཞན་གྱི་རིག་སྔགས་ཀྱི་ནུས་པ་འཇོམས་ཤིང་རང་གི་ཤེས་རབ་འཕེལ་བར་བྱེད་པ་རིག་པ་ཧཱུྃ་ལས་སྒྲོལ་མ། ༡༧ གཞན་གྱི་རིག་སྔགས་ཐམས་ཅད་གནོན་ཅིང་དགྲ་དང་ཆོམ་རྐུན་ཞི་བར་བྱེད་པ་འཇིག་རྟེན་གསུམ་གཡོའི་སྒྲོལ་མ། ༡༨ ཀླུའི་དུག་དང་གནོད་པ་ཐམས་ཅད་ལས་གྲོལ་བར་བྱེད་པ་དུག་རྣམས་རབ་ཏུ་ཞི་བྱེད་སྒྲོལ་མ། ༡༩ འཐབ་རྩོད་དང་བཙོན་དུ་ཆུད་པ་དང་རྨི་ལམ་ངན་པ་སོགས་དུཿཁ་ལས་ཐར་བར་བྱེད་པ་སྡུག་བསྔལ་ཐམས་ཅད་སེལ་བའི་སྒྲོལ་མ། ༢༠ རིམས་ནད་དང་ཡམས་ཐམས་ཅད་ཞི་བར་བྱེད་པ་རིམས་ནད་སེལ་བའི་སྒྲོལ་མ། ༢༡ ཞི་རྒྱས་དབང་དྲག་གི་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་པ་འཕྲིན་ལས་ཡོངས་རྫོགས་སྒྲོལ་མ་རྣམས་ཀྱི་རྗེས་གནང་ལེགས་པར་ནོས་པའི་བརྒྱུད་པ་ནི། རྗེ་བཙུན་མ་


GLG001_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ། ཇོ་བོ་ཆེན་པོ་ཨ་ཏི་ཤ །འབྲོམ་སྟོན་རྒྱལ་བའི་འབྱུང་གནས། རྒྱལ་སྲས་པོ་ཏོ་བ། བཤེས་གཉེན་ཤ་ར་བ། གཏུམ་སྟོན་དབང་ཕྱུག་གྲགས། བང་སྟོན་ཤཱཀྱ་གཞོན་ནུ། ཟླ་གྲགས་གསར་མ་བ། ཆོས་རྗེ་ཤེས་རབ་དཔལ། རོང་སྟོན་བློ་བཟང་གྲགས་པ། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། སློབ་དཔོན་སྐལ་བཟང་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དྲིན་ཅན་བླ་མ་འཇམ་དབྱངས་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཤ་ར་བ་ནས། བྱ་འཆད་ཀ་བ་ཡེ་ཤེས་རྡོ་རྗེ། སྐྱེར་སྒང་པ། སངས་རྒྱས་དགོན་པ་བ། མཆིམས་ནམ་མཁའ་གྲགས། ཟེའུ་སྐུ་མཆེད། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མན་གོང་བཞིན་ནོ། །ཡང་ན་འབྲོམ་སྟོན་ནས། སྤྱན་སྔ་ཚུལ་ཁྲིམས་འབར། བྱ་ཡུལ་བ་གཞོན་ནུ་འོད། འཆད་ཀ་བ་མན་གོང་ལྟར་རོ། །ཉེ་བརྒྱུད་ནི་རྗེ་བཙུན་སྒྲོལ་མ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མན་འདྲའོ། །དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྗེ་བཙུན་སྒྲོལ་མའི་བསྟོད་སྒྲུབ་མཎྜལ་བཞི་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ཇོ་བོ་རྗེ། དགོན་པ་བ། ཞང་ཀ་མ་བ། ལུམ་པ། ཆུ་མིག་པ་ཆེན་པོ། སངས་རྒྱས་སྒོམ་པ། སློབ་དཔོན་དཀོན་ཅོག་གྲགས། མཁན་པོ་བདེ་བ་དཔལ། མཁན་པོ་དཀའ་བཞི་པ། མཁན་ཆེན་བསོད་ནམས་གྲགས་པ། དཔལ་ལྡན་བླ་མ་


GLG001_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ། བར་འདིར་བླ་མ་གསུམ་ཙམ་ཞིག་མ་རྙེད། དེ་ནས་བླ་མ་ཆོས་ཉིད་ཕོ་བྲང་པ། བླ་མ་བསོད་ནམས་རྒྱལ་པོ། མཁས་བཙུན་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། ཁྱབ་བདག་ཞ་ལུ་བ་ཆེན་པོ། དེས་བདག་ལའོ། །ཇོ་བོ་ཆེན་པོས་འབྲོམ་སྟོན་པ་ལ་གཙིགས་ཅན་དུ་བྱས་ནས་གནང་བའི་སྒྲོལ་མའི་མདོས་བྱིན་རླབས་ཤིན་ཏུ་ཆེ་བའི་ཡིག་ཆའི་ལུང་ཕྱག་ལེན་དང་བཅས་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། སློབ་དཔོན་མཐར་བྱེད། ཇོ་བོ་ཆེན་པོ་ཨ་ཏི་ཤ །རྒྱལ་བ་འབྲོམ། སྤྱན་སྔ་ཚུལ་ཁྲིམས་འབར། དགེ་བཤེས་བྱ་ཡུལ་བ་སོགས་ནས་རིམ་པར་བརྒྱུད་དེ། རྩེ་ཆེན་པ་གྲུབ་ཆེན་ཀུན་དགའ་བློ་གྲོས། སློབ་དཔོན་འབྲོམ། བྲག་དཀར་སེམས་པ་ཆེན་པོ་བསོད་ནམས་རིན་ཅེན། བྲག་དཀར་བ་བསོད་ནམས་རྒྱལ་མཚན། བླ་མ་བསོད་ནམས་དཔལ་འབྱོར། གནུབས་སྒོམ་སྦས་པའི་རྣལ་འབྱོར་སྨོན་ལམ་རྒྱལ་མཚན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྗེ་བཙུན་བོད་མཁར་བ་མེ་ཏྲི་དོན་གྲུབ་རྒྱལ་མཚན། གུར་རྫོང་པ་ཆོས་འབྱོར་དཔལ་བཟང་། ཟུར་རིག་འཛིན་ཆེན་པོ་གཞོན་ནུ་དོན་གྲུབ། དྲིན་ཅན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་བྱ་མང་པོ་ཀླུ་པ་བརྩོན་འགྲུས་གྲགས་པ་ལ་རྗེ་བཙུན་མ་སྒྲོལ་མས་དངོས་སུ་གནང་བའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་འཆིང་བར་བྱེད་པའི་གདམས་པ་ཟབ་ཁྱད་ཅན་གྱི་ལོ་རྒྱུས། གདམས་པ་དངོས། རྫས་ཀྱི་ཞལ་གདམས། ལག་ལེན་ཞལ་གདམས། གསང་བའི་ཞལ་གདམས། ཞལ་ཤེས་ཕྱག་ལེན་དམར་འཁྲིད་བཅས་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། བྱ་མང་


GLG001_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྩོན་འགྲུས་གྲགས་པ་ནས་རིམ་པར་བརྒྱུད་དེ། རིགས་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ། མཉམ་མེད་རབ་འབྱམས་ཆོས་རྗེ། ས་སྐྱོང་ཡུག་ནོར་བུ་དབང་རྒྱལ། ཆོས་རྗེ་དམ་པ་བསྟན་འཛིན་འགྱུར་མེད། ཡུག་རབ་བརྟན་དབང་པོ། གུང་རུ་དབྱངས་དཔོན་པོ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྒྲོལ་མའི་སྒོ་ནས་བཙོན་ལས་ཐོན་པའི་མན་ངག་ཉི་མ་སྦས་པའི་གཞུང་ལ་བརྟེན་ནས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་ལུང་བརྒྱུད་ནི། བུ་སྟོན་ཐམས་ཅད་མཁྱེན་པ་ནས་རིམ་པར། མཁྱེན་རབ་རྗེ། དབོན་རྒྱལ་བ། འབྲོག་ཁང་པ། བྱང་གླིང་རྗེ། རྗེ་ཀུན་བཀྲས་པ། རིན་པོ་ཆེ་དཀོན་ཅོག་རྒྱལ་མཚན། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །འཇིགས་ཆེན་བཅུ་དྲུག་ལས་སྐྱོབ་པའི་ཆེད་དུ་སྒྲོལ་མ་ལ་གསོལ་བ་འདེབས་པ་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་ལུང་བརྒྱུད་ནི། མཛད་པ་པོ། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པ་དང་རྗེས་གནང་གི་ཡི་གེ་ཀུན་མཁྱེན་མཁྱེན་བརྩེས་མཛད་པའི་སྟེང་ནས་རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་སྤྱན་བདུན་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ་དཀར་མོ། པཎ་གྲུབ་ངག་གི་དབང་ཕྱུག་གྲགས་པ། བླ་མ་རྡོ་རྗེ་གདན་པ། རྗེ་བཙུན་བ་རི་ལོ་ཙཱ་བ། གྲུབ་ཆེན་སླེ་ནག་པ། དགེ་བའི་བཤེས་གཉེན་སྒྲེ་པ། མཉམ་མེད་སྒམ་


GLG001_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པོ་པ། དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ། སྒོམ་ཆུང་ཤེས་རབ་བྱང་ཆུབ། དྭགས་པོ་འདུལ་འཛིན་པ། རྗེ་འབྲི་ཁུང་གླིང་པ། རྗེ་དམ་ཆོས་གླིང་པ། བླ་མ་ཆོས་ཀྱི་ཚུལ་ཁྲིམས། མཉམ་མེད་ལྷ་ལུང་པ། ཐོག་གནས་པ་ཆེན་པོ། ལོ་པ་སྤྱན་སྔའི་གསན་ཡིག་ཏུ་ཡོན་གནས་པ་ཟེར་བ་སྣང་། བླ་མ་ཆོས་ཀྱི་དབང་ཕྱུག །འདྲེན་མཆོག་བྱང་ཆུབ་བཟང་པོ། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ། ལོ་པ་སྤྱན་སྔ་བསོད་ནམས་ལྷ་དབང་། སྤང་གཤོངས་ཧ་རི་ཁ་པ་དཔལ་ལྡན་རྒྱལ་མཚན། དྭགས་པོ་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། པཎ་ཆེན་བཀྲས་རྣམ་པའི་སྐུ་ཚ་འབྲས་ཡུལ་གྱི་དགེ་བཤེས་ཡིན་ཞིང་གཉུག་ལ་ལེགས་བཤད་གླིང་གི་བླ་མར་བསྐོས་ནས་ཀརྨ་འཕྲིན་ལས་སུ་གྲགས། རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལ་སྩལ་ཏོ། །ཡང་ན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེ་བདག་ལའོ། །ཡང་ན་མཁྱེན་བརྩེའི་ཞབས་ལ། མཁན་ཆེན་བསླབ་གསུམ་པ། དགོན་གསར་པ་བསོད་ནམས་མཆོག་འཕེལ། འཇམ་དབྱངས་བྱང་གླིང་རྗེ་གསུམ་གྱིས་གསན། ཡབ་སྲས་བཞི་ཀ་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་གསན་ནོ། །ཡང་ན་ཚར་ཆེན་ནས། བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། མཁན་ཆེན་ཐར་པ་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ། དེས་བདག་


GLG001_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །ཡང་ཡིག་ཆ་དེ་གའི་སྟེང་ནས་ཐུན་མོང་བའི་རྗེས་གནང་ཐོབ་པའང་བཤད་མ་ཐག་པ་བཞིན་ནོ། །ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པའི་སྟེང་ནས་ཉམས་ཁྲིད་ཟབ་མོ་སྨིན་རྒྱས་དང་དེ་ཉིད་ཀྱི་ཡིག་ཆའི་ལུང་དང་བཅས་ནོས་པའི་བརྒྱུད་པ་ནི། མཁན་ཆེན་བསླབ་གསུམ་རྒྱལ་མཚན་ནས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། འཇམ་མགོན་བསོད་ནམས་མཆོག་ལྡན། རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །འཇམ་དབྱངས་མཁྱེན་བརྩེས་མཛད་པའི་རྗེས་གནང་གི་ཡི་གེ །དེས་མཛད་པའི་སྦྱིན་སྲེག་གི་ཆོག་ཁྲིགས་ངག་འདོན་བཀླགས། ༼ཀ༽ཆོག་ཏུ་བཀོད་པ་ཚེ་དང་བསོད་ནམས་ཀྱི་ཉི་མ་བདུན་འབར། དེས་མཛད་པའི་ཚེ་ཁྲིད་སྐྱབས་༼ཀ༽ཡུལ་ཞིང་ཁམས་མ། རྗེ་དབང་རབ་ཀྱིས་མཛད་པའི་སྒྲུབ་ཐབས་བདུད་རྩིའི་དཔལ་སྟེར། བླ་མ༼ཀི༽བརྒྱུད་པའི་ལོ་རྒྱུས་ཤ་དུམ་འཐོར་གྱི་སོང་ཡང་འགལ་བ་མེད་གསུང་པའི་མཐའ་ཅན། པཎྜི་ཏ་ངག་དབང་གྲགས་པས་མཛད་པའི་སྒྲོལ་དཀར་༼ཀ༽གྱི་སྒོ་ནས་འཆི་བ་བླུ་བའི་རྟོགས་པ་བསྡུས་པ། དེས་མཛད་པའི་སྒྲུབ་༼ཀི༽ཐབས་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ལོ་ཙཱ་བ་བ་རིས་བསྒྱུར་བ། ཡང་སྒྲུབ་ཐབས། བུམ་ཆོག །གཏོར་ཆོག །སྒོམ་པའི་༼ཀི༽བསྲུང་འཁོར་རྣམས་ཆོས་ཚན་གཅིག་ཏུ་བྱས་པ། བྲིས་པའི་བསྲུང་༼ཀི༽འཁོར་གྱི་གདམས་ངག་ཡོན་ཏན་དཔག་ཏུ་མེད་པ། བར་ཆད་ཞི་བྱེད་ལྟས་༼ཀི༽ངན་གཡང་དུ་ལེན་པ། སློབ་དཔོན་པདྨ་ནག་པོས་མཛད་པའི་བྱད་༼ཀི༽འགྲོལ་བ་རིའི་འགྱུར། ཀླུ་སྒྲུབ་ཀྱིས་མཛད་པའི་༼ཀི༽གནས་དང་ཆོམ་རྐུན་བསྲུང་


GLG001_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཅེ་སྤྱང་སྔོན་༼ཀི༽མོའི་ལམ་བསྲུང་ལས་རྟགས་མེད་པ་རྣམས་ཀྱི་ལུང་བརྒྱུད་ནི། མཁྱེན་བརྩེའི་ཞབས། བསླབ་གསུམ་རྗེ། ཁྱབ་བདག་དབང་རབ། རྡོ་རྗེ་འཆང་ཞ་ལུ་པ། དེས་བདག་ལའོ། །ཀའི་རྟགས་ཡོད་པའི་ལུང་ནི། འཇམ་དབྱངས་མཁྱེན་བརྩེ། མཆོད་དཔོན་དྲུང་པ་དཀོན་ཅོག །རྗེ་དབང་རབ་མན་འདྲ། ཀིའི་རྟགས་ཡོད་པའི་བརྒྱུད་པ་ནི། རྗེ་དབང་རབ་ནས། མཁས་གྲུབ་དཔལ་ལྡན་དོན་གྲུབ། མཁན་དཔལ་མཆོག་རྒྱལ་མཚན། རྡོ་རྗེ་འཆང་ཞ་ལུ་པ། དེས་བདག་ལའོ། །ལྟས་ངན་གཡང་ལེན་ལུགས་གཅིག་ལ། དབང་རབ་ནས། བཀའ་འགྱུར་བ་ཆེན་པོ། ཞ་ལུ་པ། དེས་བདག་གོ །སྒྲོལ་མའི་མན་ངག་ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ། གྲགས་པ། ས་པཎ། འཕགས་པ། ཤར་པ་ཡེ་འབྱུང་། ཤར་པ་ཀུན་དགའ་སེང་གེ །སེང་གེ་རྒྱལ་མཚན། གར་ཐིག་པ་བསོད་རྒྱལ། ཤེས་རབ་རྡོ་རྗེ། གྲགས་པ་རྡོ་རྗེ། གྲགས་པ་དོན་གྲུབ། གྲུབ་ཆེན་རི་ཁྲོད་པ་ཤར་དྭགས་པོའི་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། ཡོངས་འཛིན་བདེ་ལེགས་བཟང་པོ། ཆག་ལོ་རིན་ཅེན་ཆོས་རྒྱལ། འཇམ་དབྱངས་ཤེས་རབ་རྒྱལ་མཚན། རྗེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྔགས་འཆངས་སངས་རྒྱས་རིན་ཅེན། བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་བསྟན་འཛིན་བཟང་པོ། མཁས་གྲུབ་བྱམས་པ་ངག་དབང་ལྷུན་གྲུབ། མཁས་དབང་འཕྲིན་ལས་རྣམ་རྒྱལ། ཁྱབ་བདག་ཞ་ལུ་བ། དེས་བདག་ཟ་ཧོར་བནྡེ་ལའོ། །


previousསྒྲོལ་མ་ཉེར་གཅིག་གི་རྗེས་གནང་ལེགས་པར་ནོས་པའི་ལུང་བརྒྱུད་སོགས། next