Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
expand section
  
  
  
  
  
  
  
  
  
 
  
གོང་དཀར་ལུགས་ཀྱི་སྒྲོལ་དཀར་གྱི་ཚེ་འཁྲིད་རྒྱུན་ཁྱེར་ཉམས་ཁྲིད་སོགས་ཀྱི་ལུང་བརྒྱུད།
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousགོང་དཀར་ལུགས་ཀྱི་སྒྲོལ་དཀར་གྱི་ཚེ་འཁྲིད་རྒྱུན་ཁྱེར་ཉམས་ཁྲིད་སོགས་ཀྱི་ལུང་བརྒྱུད།next

གོང་དཀར་ལུགས་ཀྱི་སྒྲོལ་དཀར་གྱི་ཚེ་འཁྲིད་རྒྱུན་ཁྱེར་ཉམས་ཁྲིད་སོགས་ཀྱི་ལུང་བརྒྱུད།


GLG001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དཀར་ལུགས་ཀྱི་སྒྲོལ་དཀར་གྱི་ཚེ་འཁྲིད་རྒྱུན་ཁྱེར་ཉམས་ཁྲིད་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོན་མ། སློབ་དཔོན་ངག་དབང་གྲགས་པ། གསེར་གླིང་པ་ཆོས་ཀྱི་གྲགས་པ། དཔལ་ལྡན་མར་མེ་མཛད། རྒྱལ་བ་འབྲོམ། སྤྱན་སྔ་བ། དགེ་བཤེས་སླེ་ནག་པ། དགེ་བཤེས་སྒྲེ་པ། སྒམ་པོ་པ་བསོད་ནམས་རིན་ཅེན། དབུ་སེ་དུས་མཁྱེན། ཁམས་པ་དབང་རྡོར། དབང་ཕྱུག་སེང་གེ །ཁམས་པ་བྱ་བྲལ་བ། བླ་མ་ཤེས་རབ་


GLG001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ། སྤྱན་སྔ་ཆོས་ཀྱི་རྒྱལ་པོ། དེ་གཉིས་ལ་རི་ཁྲོད་གཞོན་ནུ་རྒྱལ་མཚན་དང་རས་ཆེན་གཞོན་ནུ་དཔལ་ལྡན་གཉིས་ཀྱིས་གསན། གཉིས་ཀ་ནས་རྗེ་གྲགས་པ་རྒྱལ་མཚན། རྗེ་རྣམ་རྒྱལ་མགོན་པོ། མཁས་གྲུབ་རྣམ་རྒྱལ་རིན་ཅེན། བླ་མ་ཤཱཀྱ་ཀུན་དགའ། རྗེ་དབང་ཕྱུག་རྒྱལ་མཚན། མཁས་གྲུབ་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ། རིགས་ཀུན་ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །འཕན་ཡུལ་ལན་པའི་སྤྱིལ་བུར་དཔལ་མར་མེ་མཛད་ལ་དྲན་ཁ་དཔལ་ཡོན་གྱིས་མཐོ་འཚམས་པའི་ཚེ་པདྨའི་རིགས་ཀྱི་ཁྲོ་བོར་གཏོགས་པ་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒོ་ནས་བཏུལ་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བར་གྲགས་པའི་རྗེས་སུ་གནང་བ་གཞན་མའི་རྒྱས་བཀབ་མ་ཡིན་པའི་གོང་མའི་ཡིག་རྙིང་སྟེང་ནས་ཕྱག་ལེན་འཁྲུལ་མེད་དུ་ནོས་པའི་བརྒྱུད་པ་ནི། དཔལ་རྟ་མགྲིན། ཡུམ་གསང་བ་ཡེ་ཤེས་ཌཱ་ཀི་མ། སློབ་དཔོན་སངས་རྒྱས་ཞི་བ། སློབ་དཔོན་སངས་རྒྱས་གསང་བ། ཀུ་སཱ་ལི་ཆེ་ཆུང་གཉིས། ཇོ་བོ་ཆེན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། ཡོལ་གྲུབ་ཐོབ་ཆོས་དབང་། མཐའ་བཞི་གྲུབ་ཐོབ། རིན་ཅེན་སྨོན་ལམ་པ། རིན་པོ་ཆེ་ལམ་པ། བླ་མ་ཡེ་ཤེས་འོད། སློབ་དཔོན་ལེགས་པ་ཤེས་རབ། བླ་མ་བྱང་ཆུབ་རིན་ཅེན། སློབ་དཔོན་བྱང་ཆུབ། གཞོན་ནུ་འོད། མཁན་ཆེན་བྱམས་པ་རིན་ཅེན། མཁས་བཙུན་བྱང་སེང་བ། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཆོས་རྗེ་རྣམ་རྒྱལ་བཀྲ་ཤིས། སྤྱན་སྔ་བ་བསོད་ནམས་ལྷ་དབང་། རྗེ་བཙུན་ངག་དབང་ཆོས་གྲགས། བླ་མ་དཔལ་ལྡན་ཆོས་འབྱོར། ལོ་


GLG001_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། བདག་ཆེན་ངག་དབང་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེ་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་དང་པོའི་སངས་རྒྱས། དགེ་སློང་མ་དཔལ་མོ། དགེ་སློང་མ་དཔལ་གྱི་བཟང་མོ། སློབ་དཔོན་ཡེ་ཤེས་བཟང་པོ། ཇོ་བོ་ཆེན་པོ་མན་འདྲ། །བྱང་སེམས་ཟླ་བ་རྒྱལ་མཚན་གྱི་ཞལ་གཟིགས་མའི་དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་ཟླ་རྒྱལ་ལུགས་སུ་གྲགས་པའི་ཡིག་རྙིང་དང་ཕྱག་ལེན་ལ་བརྟེན་ནས་རྗེས་གནང་དང་། ལུང་ལ། སྒྲུབ་ཐབས། ནད་པ་གསོ་བ། སྟེང་གདོན་གཟིར་བ། ལུས་བསྲུང་བ། སེར་བ་བསྲུང་བ། ཕྱིར་བཟློག་པ་རྗེས་གནང་གི་ཡི་གེ་དང་བཅས་པ་ལེགས་པར་ཐོབ་པ་ལས་རྗེས་གནང་གི་བརྒྱུད་པ་ནི། དཔལ་རྟ་མགྲིན། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་འོད་ཆེན། ཞང་དབུ་དཀར་བ། ཞང་ལོ་ཙཱ་བ། ཞང་བྱང་ཆུབ་རིན་ཅེན། དཔལ་རྒྱལ་བ་གྲུབ། འཛིམས་པ་རྒྱལ་མཚན་དཔལ། སྤང་སྒང་པ་གྲགས་པ་དཔལ། སྒྲུབ་པ་པོ་བླ་མ་རིན་ཅེན་བརྩོན་འགྲུས་ཆེན་པོ། མཁས་བཙུན་བྱང་ཆུབ་སེང་གེ །ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་པ་རྡོ་རྗེ་འཆང་། ཁོ་ཕྱར་མཁན་ཆེན་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་གོ་བོ་རབ་འབྱམས་པ། མཁན་ཆེན་རཏྣ་ཤཱི་ལ། རྗེ་བཙུན་སྒོ་རུམ་པ་ཆེན་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་དྲིན་མཉམ་མེད་འཇམ་དབྱངས་ཆོས་དབྱིངས་རང་


GLG001_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཞང་བྱང་ཆུབ་རིན་ཅེན་ནས། ལྕེ་སྟོན་སངས་རྒྱས་དཔལ། བྲག་སྟོན་ཚུལ་ཁྲིམས་རྒྱལ་མཚན། བྱང་སེམས་ཤེས་རབ་རྒྱལ་མཚན། ཆོས་རྗེ་དགེ་ལེགས་དཔལ་བཟང་། བ་སོ་ཆོས་ཀྱི་རྒྱལ་མཚན། བླ་མ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་ཤེས་རབ་དར་རྒྱས། རྗེ་ཆོས་གྲགས་བཟང་པོ། བྲག་དགོན་སྤྱན་སྔ་བ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། རྗེ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ལུང་གི་བརྒྱུད་པ་ནི། མགོན་པོ་བསོད་ནམས་མཆོག་ལྡན་ཡན་རྗེས་གནང་ལྟར་ལས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ངོར་ཆེན་ཡན་གོང་ལྟར་ལ། དེ་ནས་རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་ཅོག་འཕེལ། འཇམ་དབྱངས་དཀོན་ཅོག་ལྷུན་གྲུབ། མུས་ཆེན་དཀོན་ཅོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཐར་རྩེ་པ་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཡི་གེའི་སྟེང་ནས་དཔལ་ཇོ་བོ་དཱི་པཾ་ཀཱ་རས་ཡོལ་ཆོས་དབང་ལ་གནང་བའི་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་གཤོག་པ་ཅན་ཇོ་ལུགས་སུ་གྲགས་པའི་རྗེས་གནང་ནོས་པའི་བརྒྱུད་པ་ནི། སྤྱན་རས་གཟིགས། ཇོ་བོ་ཆེན་པོ་ཨ་ཏི་ཤ །ཡོལ་གྲུབ་ཐོབ་ཆོས་དབང་། མཐའ་བཞི་གྲུབ་ཐོབ། རིན་ཅེན་སྨོན་ལམ། རིན་ཅེན་ལམ་པ། ལྷ་ཡེ་ཤེས་འོད། སློབ་དཔོན་ལེགས་པ་ཤེས་རབ། བྱང་ཆུབ་རིན་ཅེན། བྱང་ཆུབ་གཞོན་ནུ། མཁན་བྱམས་པ་རིན་ཅེན།


GLG001_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་བཙུན་བྱང་སེང་བ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ལེགས་འབྱུང་། རྗེ་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ་ཐར་རྩེ་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྗེ་ལྷ་མཆོག་སེང་གེ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་པ་མན་འདྲ། ཐར་རྩེ་པས་མཛད་པའི་ཡི་གེའི་ལུང་ནི། ཐར་རྩེ་ཁུ་དབོན། མཁན་དཔལ་མཆོག་རྒྱལ་མཚན། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །པདྨའི་རིགས་ཀྱི་ཁྲོ་མོ་རི་ཁྲོད་ལོ་མ་གྱོན་པའི་རྗེས་གནང་ལུང་གསུམ་གྱི་ཆིངས་ལྡན་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པཎ་ཆེན། ཤར་བ་ཤེས་རབ་འབྱུང་གནས། ཤར་པ་རྡོ་རྗེ་འོད་ཟེར། རིན་ཅེན་ཡེ་ཤེས། གློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་བསམ་གཏན་ལྷུན་གྲུབ། ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ། འབྲི་གུང་ལོ་ཙཱ་བ་མ་ཎི་ཀ་ཤྲི ཛྙཱ་ན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱ་འགྱུར་པ་བསོད་ནམས་སེང་གེ །རྡོ་རྗེ་
འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་ཅོག་འཕེལ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། ཨེ་ཝཾ་པ་དཀོན་ཅོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཡང་ན་ངོར་ཆེན་ནས་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ལེགས་འབྱུང་། འཇམ་དབྱངས་ས་ལོ། རྗེ་དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་ངོར་ཆེན་ནས། མུས་ཆེན་སེམས་དཔའ་ཆེན་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་ཅོག་འཕེལ་མན་འདྲ། ཡང་ན་ཡོངས་འཛིན་དཀོན་ཅོག་འཕེལ་ནས། ངོར་ཆེན་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཤར་པ་ཤེར་འབྱུང་མན་འདྲ། ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་ནམ་མཁའ་དཔལ་བཟང་མན་འདྲ། །


previousགོང་དཀར་ལུགས་ཀྱི་སྒྲོལ་དཀར་གྱི་ཚེ་འཁྲིད་རྒྱུན་ཁྱེར་ཉམས་ཁྲིད་སོགས་ཀྱི་ལུང་བརྒྱུད།next