Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
expand section
  
  
  
  
  
  
  
  
  
 
  
  
ངག་དབང་ལྷ་མོ་དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་ལུང་བརྒྱུད་སོགས།
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousངག་དབང་ལྷ་མོ་དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་ལུང་བརྒྱུད་སོགས།next

ངག་དབང་ལྷ་མོ་དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་ལུང་བརྒྱུད་སོགས།


GLG001_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིགས་མ་ལྔ་དང་ལྡན་པའི་འགྲོ་བ་རྣམས་ཕྱི་རོལ་པའི་ལྷའི་གཟུགས་དང་རྟགས་དང་མཚན་མས་འདུལ་བར་དགོངས་ནས་ལྷ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་ཕྱུག་སོགས་ཕྱི་རོལ་པའི་ལྷ་རྣམས་སྐུའི་ཆ་ཤས་ནས་ཕྱུང་བའི་སྐབས་དབྱངས་ཅན་མ་མཆེ་བ་ལས་ཕྱུང་བར་བཤད་ཅིང་ངེས་པའི་དོན་དུ་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་


GLG001_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ་ཡིན་ལ། དེ་ཡང་རིགས་མང་དུ་ཡོད་པའི་ནང་ནས་ཤེས་རབ་བསྐྱེད་པའི་ལྷག་པའི་ལྷ་པདྨའི་རིགས་ཀྱི་ཕོ་ཉ་མོ་ངག་དབང་ལྷ་མོ་དབྱངས་ཅན་མ་དཀར་མོའི་རྗེས་སུ་གནང་བ་སློབ་དཔོན་དཔེ་མེད་རྒྱ་མཚོ་ཆེན་པོ་དང་སུམ་པ་ལོ་ཙཱ་བའི་བཞེད་སྲོལ་དམ་པའི་ཕྱག་ལེན་འཁྲུལ་མེད་བཞིན་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ། བྲམ་ཟེ་ཕུར་བུ། བྲམ་ཟེ་ཙཎྜ་ཀ །ཐར་རྩེ་བ་དང་ཤར་པའི་གསན་ཡིག་ན་གཏུམ་པོ་བདེ་ཆེན་ཞེས་འདི་གཉིས་གཅིག་ཏུ་མཛད་འདུག་ཀྱང་ངོར་ཆེན་དང་མཁྱེན་བརྩེའི་གསན་ཡི་ན་སོ་སོར་སྣང་ངོ་། །བྲམ་ཟེ་བདེ་ཆེན། བྲམ་ཟེ་མཆོད་སྡོང་། ཐར་རྩེ་བ་དང་ཤར་བའི་གསན་ཡིག་ན་འདི་གཉིས་གཅིག་ཏུ་འདུག་ཀྱང་ངོར་ཆེན་དང་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་སྣང་ངོ་། །སློབ་དཔོན་སེང་གེ །ཉེ་བའི་སེང་གེ །ངོར་ཆེན་གྱི་གསན་ཡིག་ན་འདི་བཞིན་བྱུང་ཞིང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཨུ་བ་སིངྷ་ཞེས་རྒྱ་སྐད་སོར་བཞག་བྲིས་འདུག་ཐར་རྩེ་དང་ཤར་པ་སོགས་གསན་ཡིག་མང་པོར་ཉི་མ་སེང་གེ་ཟེར་བ་འདུག་པ་ཡིག་སྐྱོན་ཤོར་རམ་སྙམ། དཔེ་མེད་འཚོ་ཆེན་པོ། ངོར་ཆེན་གྱི་གསན་ཡིག་འདི་བཞིན་བྱུང་ཞིང་མཁྱེན་བརྩེའི་གསན་ཡིག་ན་དཔེ་མེད་རྒྱ་མཚོ་ཆེན་པོ་ཞེས་སྣང་བ་དོན་གཅིག་པ་འདྲ། ཐར་རྩེ་པ་དང་ཤར་པའི་གསན་ཡིག་ན་དཔེ་མེད་རྒྱ་མཚོ་ཆེན་པོ་སོ་སོར་ཕྲལ་འདུག་པ་ཡིག་ནོར་བྱུང་ངམ་སྙམ། སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེ། ཀུན་དགའ་བླ་མ། སྤྱི་བོ་ལྷ་ཐར་རྩེ་པ་དང་ཤར་པའི་གསན་ཡིག་ན་བྱང་ཆུབ་བདེ་ཟེར་བ་འདུག་ཀྱང་འཇམ་དབྱངས་མཁྱེན་བརྩེའི་གསན་ཐོར་འདི་བཞིན་སྣང་བ་ལོ་རྒྱུས་སོགས་དང་མཐུན་པ། བྱང་ཆུབ་འོད། དམ་པ་ཤེས་རབ། གྲུ་རྡོ་རྗེ་སེང་གེ །བུ་སྟོན་སེང་གེ་འོད། ལྷ་གཞོན་ནུ་འབུམ། ལོ་ཙཱ་བ་རིན་ཅེན་རྣམ་རྒྱལ། བླ་མ་


GLG001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི་རྡོ་རྗེ། ཀརྨ་པ་དང་མི་གཅིག །མཁས་པ་ཙནྡྲ་ཤྲཱི། སྐུ་ཞང་མཁྱེན་རབ་ཆོས་རྗེ། ཐམས་ཅད་མཁྱེན་པ་ལོ་ཆེན་ཆོས་སྐྱོང་བཟང་པོ། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། དྲིན་ཅན་བླ་མ་རྡོ་རྗེ་འཆང་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལ་བཀའ་དྲིན་དུ་སྩལ་ཏོ། །རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ས་མནྟ་ཤྲཱིས་ཐུགས་སྲས་ལོ་ཙཱ་བ་ལ་གནང་བའི་རྒྱ་གར་པཎ་ཆེན་གྱི་ཕྱག་ལེན་འཁྲུལ་པ་མེད་པའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། ངག་དབང་དབྱངས་ཅན་མ། དེས་རྗེས་སུ་བཟུང་བའི་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་ཛྙཱ་ན་བྷ་དྲ་མུ་ནཱིནྡྲ། པཎྜི་ཏ་ཆེན་པོ་ས་མན་ཏ་ཤྲཱི། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ། བླ་མ་རོལ་པའི་རྡོ་རྗེ་མན་གོང་དང་འདྲ། །ཐུགས་སྲས་ལོ་ཙཱ་བས་པཎྜི་ཏའི་གསུང་བཞིན་བཀོད་པའི་རྗེས་གནང་གི་ཡིག་ཆའི་ལུང་ནི། ཐུགས་སྲས་ལོ་ཙཱ་བ། ལྕེ་ནམ་མཁའ་ཆོས་ཀྱི་རྒྱལ་པོ། གསང་མཚན་རོལ་བའི་རྡོ་རྗེ། མཁས་པ་ཙནྡྲ་ཤྲཱི། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཅེན་རྒྱལ་པོ། ཆོས་རྗེ་དོན་གྲུབ་རྒྱལ་མཚན། བྱང་གླིང་འཇམ་དཔལ་དབྱངས་བཀྲ་ཤིས་རྒྱལ་མཚན། རྗེ་ཀུན་དགའ་བཀྲ་ཤིས། རྗེ་དཀོན་ཅོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་བ། དེས་བདག་ལའོ། །


previousངག་དབང་ལྷ་མོ་དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་ལུང་བརྒྱུད་སོགས།next