Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
 
 
  
 
  
  
 
  
  
  
  
  
  
དཔལ་ཕྱག་ན་རྡོ་རྗེ་ལྷ་བཅུ་བདུན་གྱི་དབང་ལེགས་པར་ནོས་པའི་ལུང་བརྒྱུད།
  
  
 
  
  
  
  
  
 
  
 
  
 
 
  
 
  
 
  
 
  
  
  
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousདཔལ་ཕྱག་ན་རྡོ་རྗེ་ལྷ་བཅུ་བདུན་གྱི་དབང་ལེགས་པར་ནོས་པའི་ལུང་བརྒྱུད།next

དཔལ་ཕྱག་ན་རྡོ་རྗེ་ལྷ་བཅུ་བདུན་གྱི་དབང་ལེགས་པར་ནོས་པའི་ལུང་བརྒྱུད།


GLG001_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཞ་ལུ་པ་ཤར་ཆེན་ཡེ་ཤེས་རྒྱ་མཚོས་མཛད་པའི་དཀྱིལ་ཆོག་གསང་བ་ནོར་བུའི་གཏེར་མཛོད་ཀྱི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་སློབ་དཔོན་འགྲོ་བཟང་སྙིང་པོའི་ལུགས་ཀྱི་དཔལ་ཕྱག་ན་རྡོ་རྗེ་


GLG001_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཅུ་བདུན་གྱི་དབང་ལེགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ལྡན་ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཅེན་རྡོ་རྗེ། བྲམ་ཟེ་སཛྫ་ན། ཇོ་བོ་ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན། པུར་བསོད་ནམས་རིན་ཅེན། གྲ་དོལ་གྱི་མཚམས་ནས་བཅུར་ཟེར་བ་ཞིག་འདུག་པ་དེ་ནས་ཡིན་པ་ཆོག་ཁྲིགས་དངོས་གྲུབ་འདོད་འཇོར་གསལ། འབྱེད་ཕུ་བ་པདྨ་བཀྲ་ཤིས། ལྷ་རྗེ་སྟག་པ་ཇོ་བཟང་། གནུབས་ལོ་ཙཱ་བ་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག །ཁྲོ་ཕུ་རིན་ཅེན་བསོད་ནམས་སེང་གེ །ཡང་རྩེ་བ་རིན་ཅེན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེ། ཐུགས་སྲས་སེམས་དཔའ་ཆེན་པོ། ཆོས་རྒྱལ་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཅེན་དཔལ་གྲུབ། སྐུ་ཞང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བཀའ་དྲིན་མཉམ་མེད་ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་མཁྱེན་རབ་རྗེ། དེ་ལ་ལྕགས་སྒོས་ལུང་བ་བཀྲ་ཤིས་དཔལ་ཚར་ཆེན་གྱི་ལམ་ཡིག་ཀུ་སུ་ལུ་རིགས་བླ་མ་ལམ་དུ་མཇལ་གསུངས་པ་དེ་ཡིན། འབྱོར་དང་འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན་གཉིས་ཀྱིས་གསན། གཉིས་ཀ་ནས་འཇམ་དབྱངས་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ཁ་ཆེ་རིན་ཆེན་རྡོ་རྗེ་ནས། ཁ་ཆེའི་དགོན་པ་བ། ཟངས་དཀར་ལོ་ཙཱ་བ། ཞུ་དོན་ས་སྐྱ་པ། རྗེ་བཙུན་གྲགས་པ་སེང་གེ་རྒྱ་


GLG001_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་སྒྲུབ་པ་པོ། རྒྱ་སྟོན་གྲུབ་མཆོག །བླ་མ་རྗེ་དཔལ། ཁྲོ་བུ་བ་སེམས་དཔའ་ཆེན་པོ་མན་འདྲ། ཡང་ན་ཁྲོ་བུ་བ་ནས། བླ་མ་དཔལ་ལྡན་པ། ཀུན་མཁྱེན་བུ་མན་འདྲ། ཡང་ན་གྲུབ་མཆོག་པ་ནས། དཔལ་སང་པ། སྤྲུལ་སྐུ་རྒྱལ་ཚ། ལོ་ཙཱ་བ་མཆོག་ལྡན་སེང་གེ་མན་གོང་ལྟར་རོ། །ཡང་ན་རྡོ་རྗེ་དཔལ་ནས། གཞོན་ནུ་སེང་གེ །བྲག་སྟོན་བསོད་ནམས་རྒྱལ་མཚན། དེ་སྲས་ཀུན་མཁྱེན་བུ་སྟོན་མན་འདྲ། སྤྱིར་ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུ་ལ་རབ་ཏུ་གྲགས། ཞེས་གསུངས་ཀྱང་དམིགས་ཀྱིས་བསལ་བ་བྱ་རྒྱུད་ཀྱི་ཆོ་ག་ཆུང་བ་རྒྱ་གར་ནས་བསྒྱུར་བ་འགའ་དང་འདི་ཉིད་ཀྱི་དཀྱིལ་ཆོག་བཞིར་སློབ་མའི་དབང་ལྔ་ཕྱིར་མི་ལྡོག་པའི་དབང་དང་བཅས་པ་མཛད་མོད་རྣལ་འབྱོར་རྒྱུད་དུ་འཁྲུལ་བར་མི་བྱའོ། །པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་རྣམ་སྲས་རྗེས་གནང་གི་ཡི་གེའི་སྟེང་ནས་གོང་གནོན་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་དང་། ལུང་ལ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་རྒྱ་གར་གྱི་མཁན་པོ་ཏེ་ཛ་དེ་ཝ་དང་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་བསྒྱུར་བ། ཐུན་འཚམས་སུ་གཏོར་མ་བཏང་ནས་ཐོག་མ་དང་མཐའ་མར་མཆོད་པར་བྱ་བ་རྫོགས་བྱང་གི་མཐའ་ཅན། སྲེག་པའི་སྒོ་ནས་ཚར་གཅོད་པ་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་མཁན་པོ་ཏེ་ཛ་དེ་ཝ་དང་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། འཁྲུལ་འཁོར་བཅིང་བ་ཞེས་པ་རྫས་དང་སྔགས་དང་སྨན་གྱི་འཁྲུལ་འཁོར་རྫོགས་སོའི་མཐའ་ཅན། ཆུ་བོའི་གཞུང་ལ་གཏོང་བ་བསྐྲད་པའི་འཁྲུལ་འཁོར། བགེགས་


GLG001_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྣུན་པའི་འཁྲུལ་འཁོར། བུམ་པ་ལ་བརྟེན་ནས་ཁྲོ་བོའི་རྒྱལ་པོའི་ཁྲུས་ཀྱི་ཆོ་ག་རྣམས། སྒྲུབ་ཐབས་དང་སྦྱིན་སྲེག་མ་གཏོགས་པར་འགྱུར་བྱང་མི་འདུག་རུང་ཐམས་ཅད་འགྲོ་བཟང་སྙིང་པོས་མཛད་པ་ཡིན་ལ། རྗེ་མཁྱེན་བརྩེའི་གསན་ཡིག་ན་སྒྲུབ་ཐབས་ཀྱི་སྤྱི་དོན། སྒྲུབ་ཐབས། བུམ་ཆོག །འཁྲུལ་འཁོར། གཏོར་ཆོག །སྦྱིན་སྲེག་རྣམས་ཀྱི་ཊཱིཀྐ་འདུག་ཀྱང་དཔེ་མ་འབྱོར་བས་ལུང་མ་ཐོབ། རྗེས་གནང་གི་བརྒྱུད་པ་ནི། སྐུ་ཞང་མཁྱེན་རབ་ཆོས་རྗེ་ཡན་བཤད་མ་ཐག་པ་ལྟར་ལ། དེ་ལ་རྗེ་བཙུན་རྡོ་རིང་པ་ཆེན་པོ་དང་སྒོས་ལུང་པ་བཀྲ་ཤིས་དཔལ་འབྱོར་གཉིས་ཀྱིས་གསན། གཉིས་ཀ་ལ་ཚར་ཆེན་རྡོ་རྗེ་འཆང་། དེ་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། ཡང་ན་མཁྱེན་རབ་རྗེ་ནས། དེ་དབོན་སྐུ་ཞང་རིན་ཅེན་བསོད་ནམས་མཆོག་གྲུབ་དཔལ་བཟང་། བྱང་གླིང་འཇམ་དཔལ་རིན་ཅེན་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་། དེ་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དེ་ནས་ཞ་ལུ་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ། ཡབ་སྲས་གཉིས་ཀ་ལ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། དེ་ལ་རྩ་བའི་བླ་མ་འཇམ་དབྱངས་ཆོས་དབྱིངས་རང་གྲོལ་གྱིས་གསན། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། དྷུ་ཏཱི་པ། ཇོ་བོ་རྗེ། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ །རོང་བ་འགར་དགེ །འཛད་གྱང་ཕུ་བ། མལ་ལོ་ཙཱ་བ། རྗེ་བཙུན་བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎྜི་ཏ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག །རོང་པ་ཤེས་རབ་སེང་གེ །བླ་མ་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། བྲམ་ནམ་མཁའ་


GLG001_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱན་མཚན། འཇམ་དབྱངས་ནམ་མཁའ་བརྟན་པ། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་སངས་རྒྱས། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། རྗེ་ས་ཆེན་མན་འདྲ། ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ནས། རྗེ་བཙུན་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། གནས་ལྔ་རིག་པའི་པཎ་ཆེན་ངག་དབང་ཆོས་གྲགས། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དབྱངས་བསོད་ནམས་དབང་ཕྱུག་རྡོ་རྗེ་འཆང་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །རྗེ་སྒོ་རུམ་པས་མཛད་པའི་མངོན་རྟོགས་དང་བརྒྱུད་པའི་ཕྱག་ལེན་ལ་བརྟེན་ནས་ཕྱག་ན་རྡོ་རྗེ་ཨུ་ཙཪྻའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་རྡོ་རྗེ་འཛིན་པ། སློབ་དཔོན་པདྨ་བཛྲ། སློབ་དཔོན་འཕགས་པ་ཀླུ་སྒྲུབ། མཁས་པ་ཙནྡྲ་གོ་མི། རྒྱལ་པོ་དྷརྨ་པ་ལ། བླ་མ་ཟངས་གླིང་པ། ཁམས་པ་ཨ་སིང་། ཇོ་སྲས་གཉལ་པ་རིན་ཅེན་འོད། བླ་མ་བྱ་ནག་ཡིན་པ་འདྲ། བླ་ཆེན་དཀོན་ཅོག་རྒྱ་མཚོ། ཇོ་སྲས་མེ་འབར། བླ་མ་དོན་ཞགས་པ། རྗེ་མཁྱེན་བརྩེས་སྒོ་རུམ་པར་གསན་པའི་ཐོར་སྟོན་གྲགས་ཞོར་བ་ཞེས་འདུག་པ་འདི་དང་གཅིག་མི་གཅིག་བརྟག །བླ་མ་ལྷ་རྗེ། བྱམས་པ་ཆེ་བ། མཁན་པོ་རིན་ཅེན་རྡོ་རྗེ། ཟུར་ཕུག་པ་རིན་ཅེན་དཔལ་བཟང་། རི་ཁྲོད་པ་གཞོན་ནུ་རྒྱལ་མཚན། རས་ཆེན་གཞོན་ནུ་


GLG001_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན། གྲུབ་ཆེན་སངས་རྒྱས་རིན་ཅེན། དེ་ལ་སྒོ་རུམ་པ་སངས་རྒྱས་རྒྱལ་མཚན། རྗེ་ཀུན་དགའ་རྒྱ་མཚོ། ཟུར་ཁང་པ་དཔལ་ལྡན་རིན་ཅེན་གསུམ་གྱིས་ཞུས། གསུམ་ག་ནས་རྗེ་བཙུན་སྒོ་རུམ་པ་ཆེན་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཀུན་མཁྱེན་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་དྲིན་མཉམ་མེད་ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བླ་མ་ལྷ་རྗེ་ནས། སློབ་དཔོན་ཆོས་གྲགས། ཨེ་བ་འཇམ་དབྱངས་འཁོན་སྟོན། ལོ་ཙཱ་བ་མཆོག་ལྡན། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་ཇོ་ནང་པ། བྱ་སྡེར་བ་བྱང་ཆུབ་སེང་གེ །ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཆོས་རྗེ་བསོད་ནམས་དབང་ཕྱུག །རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་མཁྱེན་བརྩེ་མན་འདྲ། ཡང་ན་རྗེ་བཙུན་རྡོ་རིང་པ་ཆེན་པོ་ནས། རྗེ་བཙུན་སྒོ་རུམ་པ། ཚར་ཆེན་མན་འདྲ། ཡང་ན་ཁམས་པ་ཨ་སེང་ནས། ཞང་སྟོན་དཀོན་ཅོག །རུ་སྨོན་མཁར་བ། སྐྱི་སྟོན་རུ་ཞང་། རྗེ་དཀོན་ཅོག་བློ་གྲོས། རྗེ་ཆོས་གྲགས་པ་མན་འདྲ། ཡང་ན་ལོ་ཙཱ་བ་མཆོག་ལྡན་ནས། བླ་མ་རྒྱལ་བོད། སློབ་དཔོན་སྨྲ་བའི་སེང་གེ །བྱ་སྡེར་བ་བྱང་ཆུབ་སེང་གེ་མན་འདྲ། ཡང་ན་ངོར་ཆེན་ནས། གུ་གེ་པཎ་ཆེན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། སྤྲུལ་པའི་སྐུ་མཆོག་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ། གཅུང་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་བླ་མ་དཀོན་ཅོག་རྒྱ་མཚོ་ནས། བླ་མ་ཆོས་ལྡན་རྒྱ་མཚོ། བླ་མ་ཤེས་རབ་རྒྱལ་མཚན། བླ་མ་
གཞོན་ནུ་བཀྲ་ཤིས། ཆོས་རྗེ་གཟི་བརྗིད་པ། བླ་མ་ཤཱཀྱ་ཤྲཱི། བླ་མ་དཀའ་བཞི་པ། བླ་མ་རས་པ་ཆེན་པོ། བེ་བུག་པ་བདེ་ལེགས་རྒྱལ་མཚན། གློ་བོ་ཛར་པ་རིགས་འཛིན་ཆོས་རྒྱལ་བསོད་ནམས། གོས་སྔོན་ཞལ་གཟིགས་སྔགས་འཆང་ཆོས་སྐྱོང་བསོད་ནམས། རྡོ་རྗེ་འཛིན་པའི་རྣལ་འབྱོར་པ་མཁྱེན་བརྩེའི་དབང་ཕྱུག་མན་གོང་བཞིན་ནོ། །ཡང་ན་ངོར་ཆེན་དཀོན་ཅོག་རྒྱལ་མཚན། ཡོངས་འཛིན་དཀོན་ཅོག་འཕེལ། རྗེ་སངས་རྒྱས་རིན་ཅེན། རྗེ་དཀོན་ཅོག་ལྷུན་གྲུབ། རྗེ་དཀོན་ཅོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། དེ་དབོན་ཤེས་རབ་འབྱུང་གནས། ཁྱབ་བདག་བཀའ་འགྱུར་བ་མན་འདྲ། ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། དཀོན་ཅོག་རྒྱ་མཚོ། ཤར་ཆེན་མན་འདྲ། རྡོ་རྗེ་འཆང་སྒོ་རུམ་པས་མཛད་པའི་ཨུ་ཙཪྻའི་སྒྲུབ་ཐབས་ཀྱི་ལུང་ནི། རྗེ་སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེ། རྗེ་དབང་རབ། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །


previousདཔལ་ཕྱག་ན་རྡོ་རྗེ་ལྷ་བཅུ་བདུན་གྱི་དབང་ལེགས་པར་ནོས་པའི་ལུང་བརྒྱུད།next