Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
expand section
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
བྱ་རྒྱུད་རིགས་གསུམ་སྤྱིའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པའི་ལུང་བརྒྱུད་སོགས།
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousབྱ་རྒྱུད་རིགས་གསུམ་སྤྱིའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པའི་ལུང་བརྒྱུད་སོགས།next

བྱ་རྒྱུད་རིགས་གསུམ་སྤྱིའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པའི་ལུང་བརྒྱུད་སོགས།


GLG001_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་རིས་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པའི་དཀྱིལ་ཆོག་འཕྲིན་ལས་ལྷུན་གྲུབ་ཀྱི་སྟེང་ནས་བྱ་རྒྱུད་རིགས་གསུམ་སྤྱིའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ལེགས་པར་ནོས་པའི་བརྒྱུད་པ་ནི། བཛྲ་དྷ་ར། བཛྲ་པཱ་ཎི། མ་ཧཱ་ཨིནྡྲ་བྷཱུ་ཏི། མདྷྱམ། མྲིཏྻུ། ནཱ་ག་རྫུ་ན། ནཱ་ག་བོ་དྷི། ཁ་ཆེ་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། རྗེ་བཙུན་


GLG001_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། དེ་གཉིས་ཀ་ལ་ངོ་པ་དཀར་སྟོན་ཤཱཀྱ་གྲགས་ཀྱིས་གསན། དེ་ནས་བནྡེ་ལུང་པ་ཀུན་བཟང་དཔལ། གུང་པ་དར་མ་ཡེ་ཤེས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ། བླ་མ་ངག་དབང་། གཉག་སྟོན་བྱང་ཆུབ་སེང་གེ །ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དབང་། ཡོངས་འཛིན་དཀོན་ཅོག་འཕེལ། རྗེ་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །བྲང་ཏི་པ་ནམ་མཁའ་དཔལ་བཟང་། ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་རིགས་གསུམ་སྤྱིའི་དབང་གི་ཐོ་ཆུང་གི་བརྒྱུད་པ་ནི། རྗེ་དཔལ་ལྡན་དོན་གྲུབ། ཐར་རྩེ་ནམ་མཁའ་སངས་རྒྱས། དྲིན་ཅན་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པའི་རིགས་གསུམ་མགོན་པོའི་མཆོད་རྟེན་བཞེངས་ཐབས་ཀྱི་ཡིག་ཆའི་ལུང་བརྒྱུད་ནི། ཐུབ་པའི་དབང་པོ། རིགས་གསུམ་མགོན་པོ། སློབ་དཔོན་ཙནྡྲ་གོ་མི་ནས་རིམ་པར་བརྒྱུད་དེ་སྔགས་འཆང་དཔལ་ལྡན་བཀྲ་ཤིས། སེ་སྟོན་ལེགས་གྲུབ་ཚེ་རིང་། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་རྗེས་གནང་གི་ཡི་གེ་གོ་བདེ་བཀླགས་ཆོག་གི་སྟེང་ནས་སྟོན་པ་ཐུབ་པའི་དབང་པོ་གཙོ་འཁོར་གསུམ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་གཙོ་


GLG001_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུམ། རྗེ་བཙུན་མི་གཡོ་མགོན་པོ། རྗེ་བཙུན་སྒྲོལ་མ་ལྗང་གུ་གཙོ་འཁོར་གསུམ་དང་བཅས་ཏེ་བཀའ་གདམས་ལྷ་བཞིར་གྲགས་པའི་རྗེས་གནང་དང་། ས་སྐྱ་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་བཀའ་གདམས་ལྷ་བཞིའི་འཁྲིད་ཡིག་བཀའ་གདམས་བསྟན་པའི་སྒྲོན་མེ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལྷ་བཞིའི་མངོན་རྟོགས་རྗེས་གནང་གི་ཡི་གེ་གོ་བདེ་བཀླགས་ཆོག་དང་བཅས་པའི་ལུང་ནོས་པའི་བརྒྱུད་པ་ནི། ཇོ་བོ་ཆེན་པོ་ཨ་ཏི་ཤ །ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། བྱ་འདུལ་འཛིན་པ། མཁན་པོ་ཆོས་ཀྱི་བྱང་ཆུབ། མཁན་པོ་ཟུལ་ཕུ་བ། སློབ་དཔོན་དཀོན་ཅོག་སེང་གེ །དེ་གཉིས་ཀ་ལ་མཁས་བཙུན་ཚུལ་ཁྲིམས་རིན་ཅེན། དེ་ནས་བླ་མ་དར་མ་བཟང་པོ། ཆོས་རྗེ་གཞོན་ནུ་རྒྱལ་མཚན། བླ་མ་རྒྱལ་མཚན་དོན་གྲུབ། ཆོས་རྗེ་གཙང་པ་རིན་ཅེན་རྒྱལ་མཚན། བྱ་བཏང་བོ་དྷི་སཏྭ། འཇམ་དབྱངས་རིན་ཅེན་གྲགས་པ། སྤྱན་སྔ་བསོད་ནམས་ལྷའི་དབང་པོ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལྕགས་ཐང་རབ་འབྱམས་པ་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དབྱངས་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །བཀའ་གདམས་ལྷ་བཞིའི་ནང་གི་ཐུབ་པའི་དབང་པོའི་ལྷ་ཁྲིད་ནོས་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། སྤྱན་རས་གཟིགས། བྱམས་པ་མགོན་པོ། ཐོགས་


GLG001_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མེད། དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཁན་པོ་རྣམ་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། དཔལ་ལྡན་ཨ་ཏི་ཤ །འབྲོམ་སྟོན་རྒྱལ་བའི་འབྱུང་གནས། པོ་ཏོ་བ་རིན་ཅེན་གསལ། གླང་རི་ཐང་པ་རྡོ་རྗེ་སེང་གེ །རྒྱ་སྟོན་ལྕགས་རི་བ། དྭགས་པོ་ལྷ་རྗེ། རྣལ་འབྱོར་པ་ཆོས་ཀྱི་འབྱུང་གནས། གྱེར་སྒོམ་ཆེན་པོ། རྒྱ་སྒོམ་རི་པ། བོ་དོང་རིན་པོ་ཆེ་བརྩོན་འགྲུས་རྡོ་རྗེ། ཉན་ཆེན་བསོད་ནམས་བརྟན་པ། རིན་པོ་ཆེ་ཤེས་རབ་འབུམ། འཇིག་རྟེན་དབང་ཕྱུག་ཐོགས་མེད་བཟང་པོ་དཔལ། མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་གྲགས་པ་བཤེས་གཉེན། འཇམ་དབྱངས་རིན་ཅེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། པཎ་ཆེན་ནམ་མཁའ་དབང་ཕྱུག །མུས་ཆེན་སངས་རྒྱས་རྒྱལ་མཚན། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག །ཁྱབ་བདག་མཁན་ཆེན་ཞ་ལུ་པ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་བསྩལ་ཏོ། །ཐུབ་པའི་རྗེས་གནང་དང་ལྷ་འཁྲིད་ཀྱི་བརྒྱུད་པ་ལུགས་གཅིག་ནི། ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན་ཡན་བཤད་མ་ཐག་པ་ལྟར་ལ། དེ་ནས་མུས་ཆེན་ནམ་མཁའ་དབང་ཕྱུག །ཆོས་རྗེ་ཀུན་དགའ་ལེགས་གྲུབ། རྗེ་བྱམས་པ་ཕུན་ཚོགས། རབ་འབྱམས་པ་དཔལ་འབྱོར་ཤེས་རབ། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་


GLG001_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་ལྷ་འཁྲིད་དམར་འཁྲིད་སྐྱེར་སྒང་ལུགས་སུ་གྲགས་པ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་སྣང་བ་མཐའ་ཡས། འཕགས་པ་ཐུགས་རྗེ་ཆེན་པོ། རཱ་ཧུ་ལ་གུཔྟ་བཛྲ། ཇོ་བོ་ཆེན་པོ་ལྷ་གཅིག །ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། བ་ཡུ་བ་ཤེས་རབ་ཚུལ་ཁྲིམས། དེ་ལ་མངའ་རིས་པ་ཤེས་རབ་རྒྱལ་མཚན་དང་ལྕེ་སྒོམ་ཤེས་རབ་རྡོ་རྗེ་གཉིས་ཀྱིས་གསན། དེ་གཉིས་ལ་གྲུབ་ཐོབ་སྐྱེར་སྒང་པ། དེ་ནས་སངས་རྒྱས་གཉེན་སྟོན། སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་previous hit བྱམས་དཔལ། གསེར་གླིང next hit་བྱམས་པ་སྨོན་ལམ་དབང་ཕྱུག །གྲུབ་ཆེན་བསོད་ནམས་རྒྱལ་མཚན། རིན་པོ་ཆེ་ཤེས་རབ་བཟང་པོ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ་མན་ཐུབ་པའི་ལྷ་འཁྲིད་བཞིན་ནོ། །ཡང་རྗེས་གནང་དང་འཁྲིད་ཀྱི་བརྒྱུད་པ་ལུགས་གཅིག་ལ་གཤམ་ནས་འབྱུང་བའི་སྒྲོལ་མའི་འཁྲིད་བརྒྱུད་ཇི་ལྟ་བ་མཛད་སྲོལ་ཡང་ཡོད་དོ། །རྗེ་བཙུན་མ་སྒྲོལ་མའི་ལྷ་འཁྲིད་བཀའ་གདམས་རྗེས་དྲན་ལྔའི་འཁྲིད་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ཇོ་བོ་ཆེན་པོ་ཨ་ཏི་ཤ །འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། རྔོག་ལེགས་པའི་ཤེས་རབ། མངའ་རིས་པ་ཤེས་རབ་རྒྱལ་མཚན། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། ཀ་མ་བ་རིན་ཅེན་རྒྱལ་མཚན། ཞང་སྟོན་དར་མ་རྒྱལ་མཚན། འབྲོམ་བྱང་ཆུབ་བཟང་པོ། སྟབས་ཀ་བ་ནམ་མཁའ་རིན་ཅེན། འབྲོམ་གཞོན་ནུ་བློ་གྲོས། ལྷོ་པ་ཟུག །བླ་མ་བྲབ་ཕུ་བ། མཁན་ཆེན་


GLG001_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལུང་པ་དབོན་པོ་བསོད་ནམས་འོད། བླ་མ་བསོད་ནམས་བཟང་པོ། བླ་མ་དཔལ་ལྡན་པ། ཆོས་རྗེ་གཙང་བ་བློ་བཟང་གྲགས་པ། ཆོས་རྗེ་བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རིན་པོ་ཆེ་བསོད་ནམས་ལྷ་དབང་། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། པཎ་ཆེན་ནམ་མཁའ་དབང་ཕྱུག་མན་འདྲ། ཡང་ན་འབྲོམ་གཞོན་ནུ་བློ་གྲོས་ནས། སྣར་ཐང་མཁན་ཆེན་ཉི་མ་རྒྱལ་མཚན། གླིང་ཁ་བ་རིན་ཅེན་བྱང་ཆུབ། རིགས་ཀྱི་བདག་པོའི་དཔལ། སྒང་ལུང་པ་བྱང་ཆུབ་དཔལ། བསོད་ནམས་འོད་ཟེར། སངས་རྒྱས་བཟང་པོ། སྒྲུབ་ཁང་པའི་གསན་ཡིག་ན་སངས་རྒྱས་རྒྱ་མཚོ་ཟེར་བ་འདུག་པ་བརྟག །བསོད་ནམས་བཟང་པོ། བླ་མ་དཔལ་ལྡན་པ། སྟག་ཚང་ནམ་མཁའ་འོད་ཟེར། གནས་བརྟན་ཡེ་ཤེས་ཚུལ་ཁྲིམས། མཁན་ཆེན་རཏྣ་ཨ་ཀ་ར། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་མན་འདྲ། རྗེ་བཙུན་མི་གཡོ་བ་སྔོན་པོའི་ལྷ་འཁྲིད་མི་གཡོ་ཆོས་དྲུག་ཏུ་གྲགས་པའི་ཤིན་ཏུ་ཟབ་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྒྱལ་པོ་ཨིནྡྲ་བྷུ་ཏི། ཀླུའི་རྣལ་འབྱོར་མ། བི་སུ་ཀལྤ། བྲམ་ཟེ་ས་ར་ཧ། འཕགས་པ་ཀླུ་སྒྲུབ། ཙནྡྲ་ཀཱིརྟི། བིཪྻ་མི་ཏྲ། རོལ་པའི་རྡོ་རྗེ། སྒེག་པའི་ཞབས། ཤཱནྟི་པ། ཇོ་བོ་ཆེན་པོ་ཨ་ཏི་ཤ །སྒོམ་པ་བ་དབང་ཕྱུག་འབར། སྣེའུ་ཟུར་པ། གྱེར་སྒོམ་ཆེན་པོ། སངས་རྒྱས་དབོན་སྟོན། རྟོགས་ལྡན་བཟང་མོ་བ། ལྷ་འཕྲང་པོ་བ། སློབ་དཔོན་ལྕགས་རི་བ། སངས་རྒྱས་གཞོན་ནུ་འོད། རྒྱ་མ་བཀྲ་ཤིས་རྒྱལ་མཚན། མཁན་ཆེན་སངས་རྒྱས་རིན་ཅེན། མཁན་ཆེན་གྲགས་པ་ཚུལ་ཁྲིམས། མཁན་ཆེན་རྒྱལ་བ་བཟང་པོ། བྱ་བྲལ་བ་
བསོད་ནམས་རིན་ཅེན། བླ་མ་ཆོས་གྲགས་བཟང་པོ། འཇམ་དབྱངས་རིན་ཅེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། ཏིའུ་ར་པ་རིན་ཅེན་ཆོས་ཀྱི་རྒྱལ་པོ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ་མན་གོང་བཞིན་ནོ། །ཡང་ན་རྟོགས་ལྡན་བཟང་མོ་བ་ནས། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་གྲགས་པ་གཞོན་ནུ། རིན་པོ་ཆེ་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་ཚུལ་ཁྲིམས་མན་འདྲ།


previousབྱ་རྒྱུད་རིགས་གསུམ་སྤྱིའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པའི་ལུང་བརྒྱུད་སོགས།next