Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
རྣལ་འབྱོར་རྒྱུད་ཀྱི་ལུང་བརྒྱུད།
  
 
  
 
  
 
 
  
 
  
 
  
 
  
  
  
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousརྣལ་འབྱོར་རྒྱུད་ཀྱི་ལུང་བརྒྱུད།next

རྣལ་འབྱོར་རྒྱུད་ཀྱི་ལུང་བརྒྱུད།


GLG001_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྣལ་འབྱོར་རྒྱུད་ནི། མདུན་ལེགས་མ་ལས། རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི། །གཙོ་བོ་དཔལ་ལྡན་དེ་ཉིད་འདུས་པའི་རྒྱུད། །བཤད་རྒྱུད་རྡོ་རྗེ་རྩེ་མོ་ལ་སོགས་ལ། །སྦྱངས་པས་རྣལ་འབྱོར་རྒྱུད་གྱི་དགའ་སྟོན་མྱོང་། །ཞེས་པ་ལྟར་རྣལ་འབྱོར་རྒྱུད་ལ་ཐབས་གཙོ་བོར་སྟོན་པ་དང་ཤེས་རབ་གཙོ་བོར་སྟོན་པ་གཉིས་ལས་དུམ་བུ་དང་པོ་རྡོར་དབྱིངས་དང་གཉིས་པ་ཁམས་གསུམ་རྣམ་རྒྱལ། དེ་ལས་འཕྲོས་པའི་རིམ་པ་སོགས་རྣམ་གྲངས་མང་ནའང་ཡུལ་དུས་ཀྱི་བསྐལ་བས་ཆུ་ཐིགས་ཙམ་ནོས་པ་ལ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་མཛད་པའི་དཀྱིལ་ཆོག་རིན་ཅེན་བསམ་འཕེལ་ལ་བྱང་གླིང་པ་རིན་ཅེན་རྒྱལ་པོའི་ལྷན་ཐབས་དང་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེའི་དབང་ཆོག་སྦྱར་བའི་སྟེང་ནས་དུམ་བུ་དང་པོ་འདོད་ཆགས་ཅན་གཙོ་བོར་འདུལ་བ་རྩ་རྒྱུད་རྡོ་རྗེ་དབྱིངས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དཀྱིལ་ཆོག་ལུགས་ཀྱི་དབང་ལེགས་པར་ནོས་པའི་ཡོ་ག་སྨད་ལུགས་ཀྱི་བརྒྱུད་པ་ནི། བརྒྱུད་ཚུལ་འདི་ལ་འཇམ་དབྱངས་མཁྱེན་བརྩེ་དང་སྒྲུབ་ཁང་པའི་གསན་ཡིག་ན་རྒྱ་གར་དབུས་ནས་བརྒྱུད་པའི་ལུགས་ཞེས་ངོས་འཛིན་མཛད། ཁྱབ་བདག་རྣམ་སྣང་ཆེན་པོ། འཁོར་


GLG001_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་སྒྱུར་བ་རྡོ་རྗེ་སེམས་དཔའ། དཔལ་ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ། པཎ་སེར། དཔའ་བོ་རྟ་པ་ལ། པཎ་སེར། ཛྙཱ་ན་བཛྲ། པཎ་སེར། པྲཛྙ་སིདྡྷི། པཎ་སེར། དེ་བཞི་ལ་སློབ་དཔོན་ཀུན་དཀའ་སྙིང་པོས་གསན། པཎ་སེར། དེ་ནས་པྲཛྙཱ་ཝ་ལི་ཏ། པཎ་སེར། རབ་འབྱོར་བསྐྱངས། པཎ་སེར། ཤྲཱདྡྷ་ཀ་ར་ཝརྨ། པཎ་སེར། སངས་རྒྱས། པཎ་སེར། ཞི་བ། རྗེ་མཁྱེན་བརྩེའི་གསན་ཡིག་ན་འདི་མི་འདུག །ལོ་ཆེན་རིན་ཅེན་བཟང་པོ། ཕྱར་ཕུ་བ།ལོ་ཆུང་ལེགས་པའི་ཤེས་རབ། བོད་བཙུན། དེ་གཉིས་ལ་རྒྱང་རོ་སྤེལ་དམར་གྱི་རྐྱང་པོ་ཆོས་བློ། སྔགས་དཀར་ལྕང་ལོ་ཅན། ལོ་ཆུང་དང་རྐྱང་པོ་གཉིས། ཀ་ལ་སུམ་སྟོན་ཡེ་ཤེས་འབར་དང་ལྕེ་སྟོན་འདིར་རྩ་བའི་བླ་མ་ཞ་ལུ་མཁན་རིན་པོ་ཆེའི་གསན་ཡིག་སོར་གནས་བྲིས་པ་ཡིན་རྡོ་རྗེ་གདན་པ་སྒྲུབ་ཁང་པ་མཁྱེན་བརྩེ་གསུམ་གྱི་གསན་ཡི་ན་བླ་མ་འདི་རྣམས་རིམ་པར་བརྒྱུད་པ་ལྟ་བུ་ཞིག་འདུག །ཆོས་གྲགས་གཉིས་ཀྱི་གསན། ལྕེ་ཞར་བའང་ཟེར་སྔགས་དཀར་ཅོ་བྲེ་ཅན། དེ་གཉིས་ཀ་ལ་སྟག་ཚལ་གདོང་སྔོན་གྱི་སྤུ་སྟོན་འབར་ཐོག །སྔགས་དཀར་ཅོ་བྲིག་ཅན། དེ་ནས་རོང་ལྷ་སྟེང་གི །གཙང་པ་ཡང་དག་རྡོ་རྗེ། སྔགས་དཀར་ལྕང་ལོ་ཅན། གཙང་སྟོན་སྨྲ་བའི་སེང་གེ །ལྕེ་སྟོན་མདོ་སྡེ་སེང་གེ །སྔགས་དཀར་ལྕང་ལོ་ཅན། མག་དགེ་སྡིངས་པ་ཀུན་མཁྱེན་ཆོས་སྐུ་འོད་ཟེར། ལྕེ་བློ་ལྡན་སེང་གེ །ལྕེ་མདོ་སེང་གེ་སྲས་དཀོན་ཅོག་སེང་གེའི་སྲས་སྔགས་དཀར་ལྕང་ལོ་ཅན། དེ་གཉིས་ཀ་ལ་འཕགས་འོད་ཡོན་ཏན་རྒྱ་མཚོ། དེ་ནས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཅེན་གྲུབ། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ། ལྕེ་བཙུན་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཅེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་མཆོག་གྲུབ་དཔལ་བཟང་


GLG001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་རིག་འཛིན་རྒྱལ་པོ། བྱང་གླིང་པ་རིན་ཅེན་རྒྱལ་པོ། །དེ་གསུམ་ག་ལ་སྐུ་ཞང་བསོད་ནམས་མཆོག་གྲུབ། དེ་ནས་བྱང་གླིང་པ་རིན་ཅེན་བཀྲ་ཤིས་རྒྱལ་མཚན། ཆོས་རྗེ་རིན་ཅེན་རྒྱ་མཚོ། ཁྱབ་བདག་ཞ་ལུ་པ་ཆེན་པོ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བྱང་གླིང་རྗེ་ནས། རྗེ་བསོད་ནམས་དཔལ་འབྱོར། རྗེ་རིན་ཅེན་རྒྱ་མཚོ་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། ཆོས་རྗེ་བཀྲ་ཤིས་དཔལ་འབྱོར། བྱང་གླིང་རྗེ་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས་རྗེ་དོན་གྲུབ་རྒྱལ་མཚན། བྱང་གླིང་རྗེ་མན་འདྲ། ཡང་ན་བྱང་གླིང་རིན་ཅེན་རྒྱལ་པོ་ནས། ཆོས་རྗེ་བཀྲ་ཤིས་དཔལ་འབྱོར། བྱང་གླིང་རྗེ་མན་འདྲ། ཡང་ན་ཐུགས་སྲས་ལོ་ཙཱ་བ་ནས། འཇམ་དབྱངས་གྲགས་པ་རྒྱལ་མཚན། སློབ་དཔོན་ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། བླ་མ་ཡོན་ཏན་རྒྱ་མཚོ། རྗེ་ཨོ་རྒྱན་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་པོ། ཉི་མ་གླིང་པ་མཁས་གྲུབ་ཚུལ་ཁྲིམས་བཀྲ་ཤིས། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད། བརྒྱུད་པ་འདི་ལ་ཀུན་མཁྱེན་བུ། རྗེ་བཙུན་བཙོང་ཁ་པ། རྗེ་མཁྱེན་བརྩེ་གསུམ་གྱི་གསན་ཡིག་ན་ཟངས་དཀར་ལུགས་ཀྱི་བརྒྱུད་པར་ངོས་འཛིན་མཛད་འདུག་ཅིང་སྒྲུབ་ཁང་པའི་གསན་ཡིག་སྨད་ལུགས་སུ་བཞེད་དོ། །ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེ་བ། བར་པ། ཆུང་བ། སློབ་དཔོན་ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཛྙཱ་ན་བཛྲ། ཨཽ་ཌི་ཡཱ་ནའི་སྨྲ་བའི་གཙུག་གི་ནོར་བུ་ཀུན་དགའ་སྙིང་པོ། རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་འདི་ཟུར་དུ་སྣང་། རབ་དབྱིངས་བཤེས་གཉེན། རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་འདི་ལ་ཤྲཱདྡྷ་ཀ་ར། པདྨ་ཀ་ར། དྷརྨ་ཀ་ར་གསུམ་གྱིས་གསན་


GLG001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བར་པ་ལ་ལོ་ཆེན་གྱིས་གསན་ཞེས་སྣང་། པདྨ་ཀ་ར་ཝརྨ། ལོ་ཆེན་རིན་ཅེན་བཟང་པོ། ལོ་ཆུང་ལེགས་ཤེ །ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། ཕྱར་བུ་བ། ཀློག་སྐྱ་སེང་གེ་རྒྱལ་བ། དེ་ལ་སྤྱང་ཚང་སྟོན་པ་རྩེ་མོ་དང་ཇོ་ཤེ་གཉིས་ཀྱིས་གསན། དེ་གཉིས་ནས་གཙང་ཡང་དག་རྡོ་རྗེ། སྔགས་དཀར་ལྕང་ལོ་ཅན། གཙང་སྨྲ་སེང་མན་གོང་ལྟར་རོ། །ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་བུ། རྗེ་བཙུན་བཙོང་ཁ་པ། སྒྲུབ་ཁང་པ་གསུམ་གྱི་གསན་ཡིག་ནའང་ཁ་ཆེའི་བརྒྱུད་པར་མཛད་འདུག །པྲ་ཛྙ་ཝ་ལི་ཏ་ནས། པྲཛྙ་བོདྷི། མུཀྟི་ཀོ་ཥ། ཤྲཱདྡྷ་ཀ་ར། ལོ་ཆེན་རིན་བཟང་། རྐྱང་པོ་ཆོས་བློ། སུམ་སྟོན་ཡེ་འབར། ལྕེ་ཞར་བ། སྤུ་སྟོན་མན་གོང་དང་འདྲ། དབུས་འགྱུར་འཆང་བའི་ལུགས་ཀྱི་བརྒྱུད་པ་ནི། འདི་གོང་དཀར་བའི་གསན་ཡིག་ན་སྨད་ལུགས་དང་རྗེ་མཁྱེན་བརྩེའི་གསན་ཡིག་ན་ཁ་ཆེའི་ལུགས་ཀྱི་བརྒྱུད་པར་བཞེད་ཅིང་རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ཏུའང་དབུས་བརྒྱུད་དུ་བཞེད་དོ། །མུཀྟི་ཀོ་ཥ་ཡན་གོང་ལྟར་ལ། དེ་ནས་སངས་རྒྱས་ཞི་བ། ལོ་ཆེན། ལོ་ཆུང་། གཉིས་ཀ་ལ་རྐྱང་པོ་ཆོས་བློ་མན་གོང་བཞིན་ནོ། །ཡོ་ག་སྟོད་ལུགས་ཀྱི་བརྒྱུད་པ་ནི། གོང་དཀར་བའི་གསན་ཡིག་ནའང་སྟོད་ལུགས་སུ་བགྲངས་འདུག་ཅིང་རྗེ་མཁྱེན་བརྩེའི་གསན་ཡིག་ན་སྨད་ལུགས་ཟེར་བ་འདུག་པ་ཕྱག་བྲིས་ནོར་རམ་སྙམ་པ་དཔྱད། ཐར་རྩེ་པའི་གསན་ཡིག་ན་རྡོར་དབྱིངས་རྩ་ལུགས་ཀྱི་བརྒྱུད་པར་ངོས་བཟུང་། རབ་འབྱོར་བསྐྱངས་ཡན་གོང་ལྟར་ལ། དེ་ནས་ཁ་ཆེ་དྷརྨ་པཱ་ལ། ལོ་ཆེན་རིན་ཅེན་བཟང་པོ། གུང་ཤིང་པ་བརྩོན་འགྲུས་རྒྱལ་མཚན། ལོ་ཆེན་གྱི་བླ་ཆེན་ཆེ་བ་བཞིའི་ཡ་གྱལ་གཅིག་ཡིན་ཞིང་བོད་བཙུན་ཆས། གཉལ་པ་ཉི་མ་ཤེས་རབ། སྔགས་པ་གོས་དཀར་ལྕང་ལོ་ཅན། སྣུར་ཉི་མ་འོད་ཟེར། རྩ་སྐྱ་


GLG001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་དཀོན་ཅོག་གྲགས། སྔགས་པ་གོས་དཀར་ལྕང་ལོ་ཅན། རྩ་སྐྱ་ཤཱཀྱ་འབུམ། འདིས་ཡབ་ཆོས་གྲགས་པ་ཆོས་ལུང་ཐོབ་པ་ཙམ་བྱས་ནས་གླན་ལ་གཏུགས་སྔགས་པ་གོས་དཀར་ཅོ་བྲེག་ཅན། དབུས་པ་སངས་རྒྱས་འབུམ། བོད་བཙུན། བླ་མ་ཆོས་སྐུ་འོད་ཟེར། བོད་བཙུན། ཆོས་རྗེ་འཕགས་འོད་མན་གོང་དང་འདྲ། ཡང་ན་སྣུར་ཉི་མ་འོད་ཟེར་ནས། འདི་ཐར་རྩེ་པའི་གསན་ཡིག་རྡོར་དབྱིངས་འབྲེལ་ལུགས་ཀྱི་བརྒྱུད་པར་ངོས་བཟུང་འདུག །སྣུར་རྡོ་རྗེ་སེང་གེ །སྔགས་དཀར་ལྕང་ལོ་ཅན། གླན་ཆོས་འབྱུང་རྩ་སྐྱ་སྟོན་པ་ཤཱཀ་འབུམ། སྔགས་དཀར་ལྕང་ལོ་ཅན། རྩ་སྐྱ་ཁྲི་བརྟན། །སྣུར་ཡེ་ཤེས་རྒྱལ་མཚན། བོད་བཙུན། སྣུར་ཆོས་འཕགས་རྒྱལ་མཚན། འཕགས་འོད་ཡོན་ཏན་རྒྱ་མཚོ་མན་གོང་བཞིན་ནོ། །ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་ལག་ལེན་རིན་ཅེན་བསམ་འཕེལ། དེ་མཛད་པའི་ཡོ་གའི་མཆོད་འཕྲེང་བླ་མེད་མཆོད་སྤྲིན། དེས་མཛད་པའི་རབ་གནས་བཀྲ་ཤིས་རྒྱས་བྱིན་རྣམས་ཀྱི་ལུང་བརྒྱུད་ནི། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཅེན་གྲུབ། ཐུགས་སྲས་ལོ་ཙཱ་བ། ལྕེ་སྟོན་ནམ་མཁའི་མཚན་ཅན། མཁས་མཆོག་ཙནྡྲ་ཤྲཱི། ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཅེན་རྒྱལ་པོ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། བླ་མ་ཀུན་དགའ་བཀྲ་ཤིས། བྱང་གླིང་པ་རིན་ཅེན་རྒྱ་མཚོ། ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །རབ་གནས་བཀྲ་ཤིས་རྒྱས་བྱེད་ཀྱི་ལྷན་ཐབས་རྡོ་རྗེ་འཆང་རིན་
ཅེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་རབ་གནས་ཕུན་ཚོགས་དཔལ་འབར། དེས་མཛད་པའི་རབ་གནས་རྒྱས་པའི་ཡོན་བདག་བསྒོ་བའི་བཤད་པ། དེས་མཛད་པའི་རྡུལ་ཚོན་སྤྱན་དྲང་བའི་ཆོ་ག་རྡོ་རྗེ་དབྱིངས་ལ་སྦྱར་བ་དཔལ་འབྱོར་དབྱར་མཚོ་ལྟར་འཕེལ་རྣམས་ཀྱི་ལུང་ཡང་རྩོམ་པ་པོ་ཉིད་ལ་ལེགས་པར་ནོས་སོ། །


previousརྣལ་འབྱོར་རྒྱུད་ཀྱི་ལུང་བརྒྱུད།next