Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
expand section
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
ཀུན་རིག་རྩ་བའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཆོས་རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས་དབང་ལེགས་པར་ནོས་པའི་སྟོད་ལུགས་ཀྱི་ལུང་བརྒྱུད།
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousཀུན་རིག་རྩ་བའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཆོས་རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས་དབང་ལེགས་པར་ནོས་པའི་སྟོད་ལུགས་ཀྱི་ལུང་བརྒྱུད།next

ཀུན་རིག་རྩ་བའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཆོས་རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས་དབང་ལེགས་པར་ནོས་པའི་སྟོད་ལུགས་ཀྱི་ལུང་བརྒྱུད།


GLG001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་ཅན་གཙོ་བོར་འདུལ་བ་དཔལ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྡིག་པ་བྲལ་བའི་སྐབས་ལས་འཕྲོས་པས་འཕྲོས་པའི་རྒྱུད་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ལས་གསུངས་པའི་ཀུན་རིག་རྩ་བའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཆོས་རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས་དབང་ལེགས་པར་ནོས་པའི་སྟོད་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། སློབ་དཔོན་ཀུན་དགའ་སྙིང་པོ། པྲཛྙ་ཝ་ལི་ཏ། པྲཛྙ་བོ་དྷི། མུཀྟི་ཀོ་ཥ། དྷརྨ་པཱ་ལ། ཇོ་བོ་ཨ་ཏི་ཤ །དོ་པ་སྒོམ་ཆེན། སྐྱི་ནོར་ཛྙ་ན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་འོད། དེ་སྲས་སྣུར་རྡོ་རྗེ་སེང་གེ །སྣུར་བྱང་ཆུབ་འོད། སྣུར་ཉི་མ་རྒྱལ་མཚན། རིན་ཅེན་ཤེས་རབ། བླ་མ་ཡང་རྩེ་བ་རིན་ཅེན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཅེན་གྲུབ། ཐུགས་སྲས་སེམས་དཔའ་ཆེན་པོ། འདུལ་འཛིན་གྲགས་པ་རྒྱལ་མཚན། འབྲོང་རྩེ་ལྷ་རས་རྗེ། གྲུབ་ཆེན་ངག་དབང་བློ་གྲོས། མར་སྟོན་ཚུལ་ཁྲིམས་རིན་ཅེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་


GLG001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་བསོད་ནམས་རྒྱ་མཚོ། ཤར་པ་ནམ་མཁའ་རྒྱལ་མཚན། ཆོས་རྗེ་རིན་ཅེན་བཤེས་གཉེན། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སྣུར་ཉི་འོད་ནས་གཤེན་རྡོར་སེང་། གླན་ཆོས་འབྱུང་། གཏུམ་སྟོན་ཤཱཀ་འབུམ། བླ་མ་མཛིམས་པ་རིན་ཅེན་ཤེས་རབ། ཡང་རྩེ་བ་རིན་ཅེན་སེང་གེ་མན་འདྲ། ཡང་ན་པྲ་ཛྙ་ཝ་ལི་ཏ་ནས། གོ་མི་དགེ་བསྙེན། ཤཱཀྱ་ཛྙཱ་ན། ཇོ་བོ་རྗེ་མན་འདྲ། ཡང་ན་པྲཛྙ་ཝ་ལི་ཏ་ནས། དྷརྨ་པཱ་ལ། རབ་འབྱོར་བསྐྱངས། ཇོ་བོ་རྗེ་མན་གོང་ལྟར་རོ། །ཡང་ན་སྣུར་ཉི་འོད་ནས། རྩ་སྐྱ་སྟོན་གྲགས། སློབ་དཔོན་སྟོན་འབུམ། དབུས་པ་སངས་རྒྱས་འབུམ། དགེ་སྡིངས་པ་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ་མན་འདྲ། ཡང་ན་སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ་མན་གོང་དང་འདྲ། ཡང་ན་རྣམ་པར་སྣང་མཛད། ཛེ་ཏཱ་རི་པ། ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ནཱ་ཡ་ཀ་པ། མཻ་ཏྲི་པ། རྡོ་རྗེ་གདན་པ། ནི་སྐ་ལམ་ཀ །དེ་ཝེནྡྲ། ཆག་ལོ་ཆོས་རྗེ་དཔལ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ །ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་མན་འདྲ། ཡང་ན་རྡོ་རྗེ་སེམས་དཔའ། ཨ་ནུ་ས་མ་རཀྵི་ཏ། རིན་ཅེན་འབྱུང་གནས་ཞི་བ། བྷསྐ་ར་དེ་ཝ། རྡོ་རྗེ་གདན་པ་མན་འདྲ། ཡང་ན་རྡོ་རྗེ་གདན་པ་ནས། བི་ཁྱཱ་ཏ་དེ་ཝ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བི་བྷཱུ་ཏི་ཙནྡྲ། གཡག་སྡེ་ལོ་ཙཱ་བ་མན་འདྲ། ཡང་ན་རྩ་སྐྱ་སྟོན་གྲགས་


GLG001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྩ་སྐྱ་ཤཱཀ་འབུམ། འཛིམས་པ་རིན་ཅེན་ཤེས་རབ། ལོ་ཙཱ་བ་མཆོག་ལྡན་མན་འདྲ། སྨད་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་ཀུན་དགའ་སྙིང་པོ་ཡན་གོང་ལྟར་ལ། དེ་ནས་དེ་བཞིན་གཤེགས་པའི་རྡོ་རྗེ། ཤྲཱདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཅེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སུམ་སྟོན་ཡེ་འབར། གཉལ་སྟོན་ཚུལ་འབར། ཐོད་པ་དབེན་རྩ་གྲགས། ཐོད་པ་འོད་ཟེར། རི་ལུང་ཕུག་པ་ཆོས་མགོན། བླ་མ་བློ་ལྡན་སེང་གེ །བླ་མ་འཕགས་འོད། ཀུན་མཁྱེན་བུ་སྟོན་མན་སྔར་བཞིན་ནོ། །ཆོས་རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཀུན་རིག་ཊཱིཀ་ཆེན་གྱི་ལུང་ནོས་པའི་བརྒྱུད་པ་ནི། ཆོས་རྗེ་འདུལ་བ་འཛིན་པ། བར་འདིར་བླ་མ་འགའ་ཞིག་གི་གསན་ཡིག་བདེ་གཟར་དུས་འཐོར་བའི་ཁྲོད་དུ་སོང་ནས་མ་རྙེད། རིམ་བཞིན་རྗེ་ནམ་མཁའ་རྒྱལ་མཚན། ཆོས་རྗེ་རིན་ཅེན་བཤེས་གཉེན་ཁྱབ་བདག་དཔལ་འབྱོར་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །དཔལ་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀུན་རིག །ཕྱག་ན་རྡོ་རྗེ།རབ་གསལ་ཟླ། སྒྲ་གཅན་འཛིན། གྲུབ་ཆེན་ཀུན་སྙིང་། པྲ་ཛྙ་ཝ་ལི་ཏ། པྲ་ཛྙ་བོདྷི། མུཀྟི་ཀོ་ཥ། དྷརྨ་པཱ་ལ། ཇོ་བོ་རྗེ། དོ་པ་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི་ཤེ། སྣུར་ཉི་མ། སྣུར་བཛྲ་སིདྷ། སྣུར་བྱང་ཆུབ་འོད། སྣུར་ཉི་མ་རྒྱལ་མཚན། སྣུར་ཡེ་ཤེས་རྒྱལ་མཚན། སྣུར་ཆོས་འཕགས་རྒྱལ་མཚན། འཕགས་འོད་ཡོན་ཏན་རྒྱ་


GLG001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་སེམས་དཔའ་ཆེན་པོ། ཆོས་རྒྱལ་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཅེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། དགེ་སློང་ཆོས་ལེགས་པ། གནས་བརྟན་བསྟན་པ་བཟང་པོ། འཇམ་དབྱངས་བྱང་གླིང་རྗེ། ལྷ་བོ་དབུ་མཛད་རིན་ཅེན་རྒྱ་མཚོ། རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཐུགས་སྲས་ནས། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཤར་ཆེན་ཡེ་ཤེས་རྒྱ་མཚོ། གོང་དཀར་རྡོ་རྗེ་གདན་པ། འདི་ནས་བླ་མ་གཅིག་གཉིས་ཚོལ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། རྩ་བའི་བླ་མ་ཞ་ལུ་པ། དེས་བདག་ལའོ། །བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། དཔལ་ལྡན་བླ་མ་དམ་པས་བསྐུལ་ནས་ཐམས་ཅད་མཁྱེན་པ་བུས་ཕྱག་རྡོར་འཆི་བདག་འཇོམས་པའི་གཙོ་བོ་འཕོ་བར་མཛད་པ་ཁུངས་ཤིན་ཏུ་ཆེ། བྱ་རྒྱུད་ཡིན་ཁུལ་གྱི་ལྷ་བཅུ་གསུམ་མ་འདྲ་འོང་འདུག་པ་ནི་རྒྱ་ནག་མདོ་རྩོམ་པ་དང་བོད་རྒྱུད་རྩོམ་པ་དང་འདྲའོ། །ཐུབ་པའི་དབང་པོ། ཀུན་དགའ་བོ། ཀླུ་སྒྲུབ། ཨཱརྱ་དེ་ཝ། ཨ་བ་དྷཱུ་ཏི་པ། ཨ་བྷྱ་ཀ་ར་གུཔྟ། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། རྒྱ་ཡེ་སྒོམ། གྲུབ་ཐོབ་ཧཱུྃ་འབར། ཞང་དགེ་སློང་། དགེ་སློང་དཀོན་ཅོག་ཡེ་ཤེས། བླ་མ་འཁུན་སྟོན། རོང་པ་དཀོན་ཅོག་འབར། མཁན་པོ་དབང་ཕྱུག་རིན་ཅེན། ཁམས་པ་ས་ཕུག་པ། དབུས་པ་སངས་རྒྱས་འབུམ། ཀུན་མཁྱེན་ཆོས་འོད། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་སེམས་དཔའ་ཆེན་པོ། ཆོས་རྒྱལ་ནམ་


GLG001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་མཚན་ཅན། ཆོས་རྗེ་རིན་ཅེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཆུ་མིག་ཁ་པ་དཀོན་ཅོག་དཔལ་བཟང་། འབྲོག་སྒང་པ་དོན་གྲུབ་རྒྱལ་མཚན། འཇམ་དབྱངས་བྱང་གླིང་ཆོས་རྗེ། དེ་ལ་རྗེ་སངས་རྒྱས་ཚེ་དཔལ་དང་བླ་མ་བསོད་ནམས་དཔལ་འབྱོར་གཉིས་ཀྱིས་ཞུས། གཉིས་ཀ་ལ་རྗེ་རིན་ཅེན་རྒྱ་མཚོ། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་དགེ་སློང་དཀོན་ཡེ་ནས། མཁན་པོ་འབྲོམ། གཡའ་ལུང་དགོན་གསར་པ་རིན་བླ། འོད་ཆུང་བ་གཞོན་ནུ་འོད། གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད་མན་འདྲ། ཡང་ན་ཁ་ཆེ་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། རྗེ་བཙུན་ས་ཆེན། རྗེ་བཙུན་རིན་པོ་ཆེ། ནུབ་པ་རིག་འཛིན་གྲགས། བོ་དོང་ར་ལུང་པ། ཤབ་ལུང་ཕུ་བ་ནམ་མཁའ་བསོད་ནམས། ནུབ་གོག་པ། དགེ་བཤེས་དར་གཞོན། མདོ་སྟོད་པ་སྟོན་པ་དོན་ཡོད། སློབ་དཔོན་རིན་རྒྱན། བླ་མ་གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད་མན་གོང་བཞིན་ནོ། །ཡང་ན་སངས་རྒྱས། ཛེ་ཏཱ་རི། གསེར་གླིང་པ། ཇོ་བོ་རྗེ། ལོ་ཆེན་རིན་བཟང་། རྐྱང་པོ་ཆོས་བློ། རྐྱང་པོ་ཞང་ཁྲི། གཉལ་པ་སྒོག་སྟོན། འཁུར་སྟོན་གཞོན། རོང་པ་དཀོན་ཅོག་འབར། མཁན་པོ་དབང་རིན། ས་ཕུག་པ་ཤཱཀྱ་རྡོ་རྗེ། སངས་རྒྱས་འབུམ། ལོ་མཆོག་པ། འོད་ཆུང་པ། གཞོན་འོད། གྲགས་ཆེན་པ་མན་འདྲའོ། །ཀུན་མཁྱེན་བུས་མཛད་པའི་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་གྲུབ་པའི་བརྒྱུད་པ་ནི། ཀུན་མཁྱེན་བུ་སྟོན། རྗེ་དཔལ་མཆོག་པ། མཁས་པ་ཟླ་བ་དཔལ་རིན། འཁྲུལ་ཞིག་
རིན་པོ་ཆེ། མཁྱེན་རབ་རྗེ། རྗེ་རིན་ཅེན་རྒྱལ་པོ། རྗེ་དོན་གྲུབ་རྒྱལ་མཚན། འཇམ་དབྱངས་བྱང་གླིང་རྗེ། བླ་མ་ཀུན་དགའ་བཀྲ་ཤིས། རྗེ་དཀོན་ཅོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་དེས་མཛད་པའི་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་གྱི་ཆོ་ག་ལས་སྒྲིབ་རྣམ་སྦྱོང་དང་། རོའི་སྦྱིན་སྲེག་གི་ཆོ་གས་སྡིག་པ་སྦྱོང་བ་གཉིས་ཀྱི་བརྒྱུད་པ་ནི། བུ་སྟོན་རྗེ། ཐུགས་སྲས་རིན་པོ་ཆེ། སྐུ་ཞང་ནམ་མཁའི་མཚན་ཅན། ཟླ་བ་དཔལ་རིན་མན་གོང་བཞིན་ནོ། །རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་ཆོ་ག་བྱེད་པའི་སྐབས་སུ་གཏོར་མ་ཆ་གསུམ་མདོར་བསྡུས་ཏེ་གཏོང་ཚུལ་ངོར་ཆེན་གྱིས་སློབ་དཔོན་དད་བྱེད་གོ་ཆའི་གཞུང་དང་མཐུན་པར་མཛད་པའི་ལུང་བརྒྱུད་ནི། ངོར་ཆེན། སེམས་དཔའ་ཆེན་པོ། མཁྱེན་རབ་རིན་པོ་ཆེ། རྗེ་ཤཱཀྱ་དོན་གྲུབ། དབོན་ཀུན་དགའ་ལེགས་གྲུབ། བླ་མ་ཀུན་དགའ་ཆོས་གྲགས། བཅོ་བརྒྱད་པ་བསྟན་འཛིན་བཟང་པོ། དབོན་བསྟན་འཛིན་ལྷུན་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ལས་ཀྱང་ཐོས་པ་ཡིན་རུང་བརྒྱུད་པ་ཞུ་བ་མ་བྱུང་།


previousཀུན་རིག་རྩ་བའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཆོས་རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས་དབང་ལེགས་པར་ནོས་པའི་སྟོད་ལུགས་ཀྱི་ལུང་བརྒྱུད།next