Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་ལྷ་དགུ་པ་རྭ་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ནོས་པའི་ལུང་བརྒྱུད་སོགས།
  
 
 
  
 
  
 
  
 
  
  
  
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousདཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་ལྷ་དགུ་པ་རྭ་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ནོས་པའི་ལུང་བརྒྱུད་སོགས།next

དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་ལྷ་དགུ་པ་རྭ་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ནོས་པའི་ལུང་བརྒྱུད་སོགས།


GLG001_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་རབ་གསལ་ཟླ་བའི་སྟེང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་ལྷ་དགུ་པ་རྭ་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ནོས་པའི་བརྒྱུད་པ་ནི། དཔལ་རྡོ་རྗེ་འཇིགས་བྱེད། རྡོ་རྗེ་རོ་ལངས་མ། གྲུབ་ཆེན་ལ་ལཱི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ། བལ་པོ་བྷ་རོ་ཕྱག་རུམ་ཡང་ཟེར། རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང་། ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། previous hit ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་ཅོག་དཔལ། རྒྱལ་བ་བྲག་ཕུག next hit་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་བྱང་ཆུབ་དཔལ་བཟང་། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་པ་ནམ་མཁའ་དཔལ་བཟང་། ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། གནས་གསར་བ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གློ་བོ་མཁན་ཆེན་ནས། ས་ལོ་འཇམ་དཔལ་རྡོ་རྗེ། གཉན་ཆེན་གྲགས་པ་བློ་གྲོས། ཆོས་རྗེ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་རྭ་འབུམ་སེང་ཡན་གོང་ལྟར་ལ། དེ་ནས་རོང་


GLG001_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྭ་ལོ། དེ་སྲས་ཤེས་རབ་སེང་གེ །བླ་མ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་སྟོན། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲ། ཡང་ན་རོང་པ་ཤེས་རབ་སེང་གེ་ནས། རོང་པ་རྡོ་རྗེ་རྒྱལ་མཚན། ཀུན་མཁྱེན་བུ་སྟོན་མན་གོང་ལྟར་རོ། །ཡང་ན་རྭ་འབུམ་སེང་ནས། རྭ་པའི་ཞལ་ངོ་བཞི་པོ་ནི་སྔགས་པ་གོས་དཀར་ལྕང་ལོ་ཅན། རྭ་དྷརྨ་སེང་གེ །རྭ་དཀོན་ཅོག་སེང་གེ །རྭ་ཆེན་ཤེས་རབ་རྒྱལ་མཚན། ཞང་དཀོན་ཅོག་དཔལ་མན་འདྲ། ཡང་ན་རོང་པ་ཤེས་རབ་སེང་གེ་ནས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ། རྭ་ལོ་གཉིས་པ་དགེ་བ་རྒྱལ་མཚན། གྲ་ཐང་པ་ཤེས་རབ་ཟླ་བ། སྔགས་འཆང་རིན་ཅེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཅེན། རྗེ་ལྷ་མཆོག་སེང་གེ་མན་སྔར་བཞིན་ནོ། །མཐུ་སྟོབས་ཀྱི་དབང་ཕྱུག་རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་མཛད་པའི་མངོན་རྟོགས་ཡིད་བཞིན་གཏེར་མཛོད་དང་དབང་གི་ཆུ་བོ་གཉིས་ལ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་སྒྲུབ་དཀྱིལ་གསལ་བྱེད་ལྷན་ཐབས་ཉི་གཞོན་གསར་བའི་དགའ་སྟོན་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ངག་འདོན་བྲེང་ཆགས་ནག་པོ་འགྲོ་ཤེས་རྣམས་ཀྱིས་རྣམ་པར་བརྒྱན་པའི་སྟེང་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པ་ལྷ་བཅུ་གསུམ་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་འཇམ་དཔལ་ཁྲོས་པའི་ཞལ་ལུང་


GLG001_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་ཟུངས་ཁྲག་མཁའ་འགྲོའི་ཁ་རླངས་ཅན་གྱི་སྟེང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྫོགས་པའི་རིམ་པ་རྭ་འཁྲིད་མཁའ་འགྲོའི་སྙན་བརྒྱུད་ཀྱི་ཉམས་འཁྲིད་ཟབ་མོ་སྨིན་རྒྱས། གྲུབ་པའི་དབང་ཕྱུག་ལ་ལཱི་ཏ་བཛྲ་གྱིས་མཛད་པའི་འཁྲིད་དོན་གསལ་བྱེད་རྒྱལ་ཁམས་ལོ་ཙཱ་བ་མ་ཎི་ཀ་ཤྲཱིཛྙཱ་ནས་མཛད་པའི་ཡི་གེའི་སྟེང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བཞིའི་ཉམས་འཁྲིད་ཟབ་མོ། །འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ཟིན་བྲིས་ལ་བརྟེན་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཞལ་གཅིག་ཕྱག་གཉིས་པའི་རྗེས་གནང་། ཕྱག་མཚན་མདའ་གཞུ་ལ་བརྟེན་པའི་བི་ཥ་གསད་པའི་ལས་ཚོགས་དུག་དབང་རྨ་བྱ་རྒྱས་པ། འཇམ་དབྱངས་མཁྱེན་བརྩེའི་ཐོ་ཡིག་ལ་བརྟེན་ནས་ལས་གཤིན་དཔའ་བོ་གཅིག་པའི་རྗེས་གནང་། ཐར་གླིང་པ་ཨཱཪྻ་དེ་ཝས་མཛད་པའི་ཡི་གེ་དང་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཐོང་བརྒྱུད་ལྟར་ཕྱོགས་གཅིག་ཏུ་མཛད་པའི་ལས་གཤིན་གསུམ་གྱི་རྗེས་གནང་གི་ཡི་གེ་ལ་བརྟེན་ནས་འཆི་བདག་གཤིན་རྗེའི་དབང་ཕྱུག་ལྷ་བཅུ་གསུམ་གི་རྗེས་སུ་གནང་བ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཡི་གེ་ལ་བརྟེན་ནས་ལས་ཀྱི་གཤིན་རྗེ་དམར་པོ་བསེ་བྱ་བཞི་བསྐོར་གྱི་རྗེས་གནང་། གཏོར་ཆོག་རྗེས་གནང་དང་བཅས་པའི་ཡི་གེའི་སྟེང་ནས་གཤིན་རྗེ་དམར་པོ་ཁྲག་མདོག་ཡབ་ཡུམ་གྱི་རྗེས་གནང་རྣམས་ནོས་ནས། རྒྱབ་རྟེན་ལུང་ལ། རྭ་ཆེན་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་དཀར་ཆག་ན་གསལ་བའི་ཆོས་སྐོར། དེར་མ་འཁོད་པའི་རྒྱ་བོད་ཀྱི་ཡིག་སྣའི་སྐོར། བོད་ཀྱི་མཁས་པ་འབྲི་ཁུང་དཔལ་འཛིན་


GLG001_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཛད་པའི་སྐོར་དང་གསུམ། དང་པོ་ལ། རྭ་ལུགས་ཀྱི་གཤིན་རྗེ་གཤེད་ནག་པོ་སྐོར་གསུམ་དུ་གྲགས་པའི་དཀར་ཆག་རྭ་ཆེན་གྱིས་མཛད་པའི་ཚིགས་བཅད་དང་དེའི་རྒྱས་བཤད་རྭ་དབོན་ཤེས་རབ་རྒྱལ་མཚན་གྱིས་མཛད་པ། དེར་གསལ་བའི་ཡིག་སྣ་ལ། རྒྱུད་འབུམ་པ་ལས་ལ་ལཱི་ཏ་བཛྲ་གྱིས་ཕྱུང་བའི་དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོའམ་རྩ་༼རྭ༽༼ཀུན༽བའི་རྒྱུད་རྟོག་པ་བདུན་པ་རྒྱ་གར་གྱི་མཁན་པོ་མ་ཧཱ་ཀཱ་རུ་ནི་ཀ་དང་བོད་ཀྱི་ལོ་ཙཱ་བ་རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ་འདིའི་འགྱུར་ཡེ་རང་པ་ཐུགས་རྗེ་ཆེན་པོ་དང་འོག་ནས་འབྱུང་བའི་ཨ་མོ་གྷས་མཛད་པའི་དཀྱིལ་ཆོག་འགྱུར་དུ་བྷ་རོའི་མཚན་སྨོས་པས་ཀྱང་འདི་གཉིས་ཐ་དད་པར་ཚད་མས་གྲུབ་བོ། །སློབ་དཔོན་ཆེན་པོ་ཨ་མོ་གྷ་བཛྲ་གྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་མའི་དཀྱིལ་འཁོར་༼རྭ༽༼ཀུན༽གྱི་ཆོ་ག་དངོས་གྲུབ་བརྙེས་པའི་བླ་མ་བྷ་རོ་དང་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་པ། རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་གི་ཆོ་ག་མཛད་པ་པོ་དང་སྒྱུར་བྱེད་གོང་འདྲ། དེས་མཛད་པའི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་མའི་སྒྲུབ་ཐབས་ལས་སུ་བྱ་བའི་ཆོ་ག་སེམས་དཔའ་འདི་རྭས་འགྱུར་བཅོས་མཛད་པའི་གསལ་ཁ་མ་བྱུང་ཡང་རྭ་ཆེན་གྱི་གསུང་ལ་ཁ་ཅིག་གསར་འགྱུར་ཁ་ཅིག་བཅོས་ཞེས་པ་ལྟར་ན་འགྱུར་བཅོས་མཛད་པར་མངོན། བསྡུས་པ་རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཛྙཱ་ན་དང་བོད་ཀྱི་ལོ་ཙཱ་བ་རོང་སྒོམ་ཆོས་བཟང་རོང་ཟོམ་ཆོས་བཟང་ཡིན་མིན་བརྟག །གིས་བསྒྱུར་ཅིང་འགོས་ལྷས་བཙས་དབང་ཕྱུག་རྒྱ་མཚོས་ཞུས་ཏེ་གཏན་ལ་ཕབ་པ། སློབ་དཔོན་རཏྣ་ཨ་ཀར་ཤཱནྟི་པས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་༼རྭ༽༼ཀུན༽ཚོགས་ཀྱི་འཁོར་ལོ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་


GLG001_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵི་ཏ་བྷ་རོ་ཕྱག་རྡུམ། དང་ལོ་ཙཱ་བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། རྒྱུད་འབུམ་པ་ནས་ཕྱུང་བའི་ལས་མཁན་ཏེའུ་ལོ་པའི་རྟོག་པ་དང་ཏེའུ་ལོ་པའི་ཆོ་གའམ་རྟོག་པ་ཞིབ་མོ་དཱི་པཾ་ཀ་ར་དང་རྭ་ལོ་རྡོ་རྗེ་གྲགས་ཀྱིས་བསྒྱུར་པ། སློབ་དཔོན་ཤྲཱི་བྷ་དྲས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་དཀར་ཆག་ན་རྟོག་པ་ཞེས་པ་ལས་མི་གསལ་པ་གཅིག་ཏུ་བསྡོམས་པ་འདྲའོ། །མདོར་བསྡུས་པ་འགྱུར་བྱང་མི་གསལ་ཡང་རྭའི་འགྱུར་ཡིན་ནམ་སྙམ། འདིའི་རྗེས་སུ་བྷ་རོས་མཛད་པའི་སྒྲུབ་ཐབས་གསུམ་ཞེས་པ་དཔེ་མ་འབྱོར་པས་མ་ཐོབ། རྭ་ཆེན་རྡོ་རྗེ་གྲགས་ཀྱིས་མཛད་པའི་རྟོག་བདུན་གྱི་༼རྭ༽༼རྡོ་རྗེ༽༼ཀུན༽ནག་འགྲེལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཚིག་དོན་རྣམ་པར་བཤད་པ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་དབང་ཕྱུག་ཆེན་པོ་འདུལ་བའི་ཆེད་དུ་འཇིགས་བྱེད་སྤྲུལ་ཚུལ་གསུངས་པར་མཁས་གྲུབ་རྗེ་མ་དག་ཅེས་གསུངས་པ་ནི། རྭ་ཆེན་གྱིས། རྒྱུད་ཀྱི་རྒྱལ་པོ་རྟོག་བདུན་ལ། །ནག་འགྲེལ་མུན་པའི་མདའ་འཕེན་ཙམ། །ཞེས་པའི་འགྲེལ་པ་འདིར་གསལ་བར་གསུངས་པ་མ་གཟིགས་པ་འདྲ་ཞིང་། གལ་ཏེ་གཟིགས་ན་མངོན་པའི་ང་རྒྱལ་གྱིས་བརྒལ་བར་སེམས་སོ། །དེས་མཛད་པའི་དཀར་༼རྭ༽༼རྡོ་རྗེ༽༼ཀུན༽འགྲེལ་རྟོག་པ་བདུན་པའི་མན་ངག་གི་གནད་དུ་གྲགས་པ་དཔེ་ལ་ལར་དཀའ་གནད་ཀྱི་འགྲེལ་པའི་བརྡ་དག་བྲིས་ཡོད་འདུག་ཀྱང་དཀར་འགྲེལ་ཕྱོགས་མཐོང་འབེམ་ལ་གཏད། བཅུད་ཀྱི་ཐིགས་པས་ཕོག་པར་བསྣུན་ཞེས་པས་ཤེས་སོ། །དེས་མཛད་པའི་རྟོག་བདུན་༼རྭ༽༼རྡོ་རྗེ༽༼ཀུན༽གནད་ཀྱི་གདམས་ངག་བཅུད་ཀྱི་ཐིགས་པ། དེའི་གསུང་ཧ་ལའི་ཤོག་དྲིལ་༼རྭ༽༼ནུབ༽༼ཀུན༽དང་པོའི་རྩ་བ་གཅིག་ལས་མང་ན་ཁྱོད་སྙིང་ཁོས་ཀྱི་མཐའ་ཅན། གཉིས་པའི་


GLG001_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ༼རྭ༽༼ནུབ༽༼ཀུན༽ཁོང་པའི་ནང་ནས་སྙིང་དྲོངས་ཤིག་གི་མཐའ་ཅན། སུམ་པའི་རྩ་བ་༼རྭ༽༼ནུབ༽༼ཀུན༽རྫོགས་སོའི་མཐའ་ཅན། དེས་མཛད་པའི་རྟོག་པ་དང་པོ་བསྙེན་པའི་ཆོ་ག་དང་རྟོག་པ་གནས་པ་སྒྲུབ་པའི་ཆོ་ག་གཉིས་ལ་བརྟེན་པའི་བསྙེན་སྒྲུབ་དགྲ་སྲོག་དབང་སྡུད་དམ་བསྙེན་སྒྲུབ་ལས་གཤིན་སྦྲེལ་བ། དེས་མཛད་པའི་ལྷ་བཅུ་གསུམ་མའི་མངོན་༼རྭ༽༼ཀུན༽༼མཁན༽པར་རྟོགས་པ་ཡིད་བཞིན་གཏེར་མཛོད། དེས་རྒྱལ་བ་བཀྲ་ཤིས་ཀྱི་ངོར་མཛད་པའི་གཙོ་རྐྱང་༼རྭ༽༼ཀུན༽ཞལ་དགུ་ཕྱག་སོ་བཞི་མའི་མངོན་རྟོགས་དྲི་མེད་སྣང་བ། དེས་མཛད་པའི་ཞལ་གསུམ་ཕྱག་དྲུག་༼རྭ ༽༼ཀུན༽པའི་མངོན་རྟོགས་ཁམས་གསུམ་ཟ་བྱེད་དེས་སྟོན་པ་ཨ་གྲོའི་དོན་དུ་མཛད་པའི་ཞལ་གཅིག་ཕྱག་བཞི་༼རྭ༽༼ཀུན༽པའི་མངོན་རྟོགས་དྲི་མེད་ཆུ་རྒྱུན། དེས་མཛད་པའི་ཞལ་གཅིག་ཕྱག་གཉིས༼རྭ༽༼ཀུན༽པའི་མངོན་རྟོགས་རིན་ཅེན་དོན་བསྡུས། དེས་རྭ་ཆོས་རབ་ཀྱི་དོན་དུ་༼རྭ༽༼ཀུན༽མཛད་པའི་ཞི་བའི་སྦྱིན་སྲེག་མི་མཐུན་ཀུན་སེལ། རྒྱས་པའི་སྦྱིན་སྲེག་༼རྭ༽༼ཀུན༽འདོད་པ་ཀུན་འཕེལ། དབང་གི་སྦྱིན་སྲེག་༼རྭ༽༼ཀུན༽གནད་ཀྱི་ལྕགས་ཀྱུ། དེས་སྔགས་འཆང་ཁྲོ་རྒྱལ་དང་བློ་ལྡན་གཉིས་ཀྱི་དོན་དུ་མཛད་༼རྭ༽༼ཀུན༽པའི་དྲག་པོའི་སྦྱིན་སྲེག་དགྲ་བགེགས་ཀུན་འདུལ་ཞལ་གཅིག་ཕྱག་གཉིས་པའི་དུག་དབང་ལོ་རྒྱུས་དང་༼ཤེར༽བཅས་པ་དབང་བསྐུར་ཞལ་གདམས་སོའི་མཐའ་ཅན། དབང་དང་ཟས་ཚད་ཕན་༼ཤེར༽ཡོན་གསུམ་བསྟན་པ། བསྟན་པ་འཛིན་སྐྱོང་སྤེལ་ཞིང་ནད་གསོ་བ་༼ཤེས༽ལ་གཙུག་ཏོར་འཁོར་ལོ་སྒྱུར་བ། རྡོ་རྗེ་འཇིགས་བྱེད་དམར་


GLG001_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མངོན་རྟོགས་སྔོན་པོར་བསྒྱུར་ཡོད་དོའི་མཐའ་ཅན། གུ་ལང་༼རྭ༽༼ལེགས༽གི་མགོ་ཅན་ལ་བརྟེན་ནས་བཟླས་པ། སྔགས་ཀྱི་གནས་པ། དུག་བརྟག་པ། བསྲུང་བྱ། གསོ་ཐབས་རྣམས་བསྟན་པ༼རྭ༽༼ལེགས༽བྷི་ཤ་བཞི་སྐོར། བཤལ་༼རྭ༽༼ལེགས༽བྱ་བ། སྔགས་ཀྱིས་བྷི་ཤ་ཕྱོགས་མེད་༼རྭ༽༼ལེགས༽ཐུབ་པ་ཁ་རི་སུ། རྫས་དགུས་༼རྭ༽༼ལེགས༽བྷི་ཤ་ཕྱོགས་མེད་ཐུབ་པ། སེར་པོ་༼རྭ༽༼ལེགས༽གསུམ་སྦྱོར། རྣ་བ་མིག་སོགས་ལུས་ཀྱི་ཆ་གང་ལ་བབས་པ༼རྭ ༽༼ལེགས༽སྔགས་རྫས་གཏར་ཁ་སྨན་ལ་བརྟེན་ནས་འཆོས་པ། ཕྱག་མཚན་མདའ་གཞུ་ལ་བརྟེན་ནས་བྷི་ཤ་གསད་པའི་ལས་བསྟན་པ་༼རྭ༽༼ལེགས༽ལྕགས་རྩེ་ཟླུམ་པོ་འཇིབ་པ་གནད་ཡིན་གསུང་ངོའི་མཐའ་ཅན། དུག་ཁྱེར་ཡོད་པའི་མི་དང་ནད་པའི་བརྟགས་༼རྭ༽༼ལེགས༽ཐབས་ནག་པོར་སོང་ན་བྷི་ཤ་ཡིན་གྱི་མཐའ་ཅན། འཇིགས་བྱེད་གླང་མགོ་གྱི་བྷི་ཤ་༼རྭ༽༼ལེགས༽གསོ་སྲུང་བཛྲ་རཀྵ་ཀཱིརྟིས་ཨཱ་ཙཪྻ་ལ་ཞུས་པ་བཛྲ་བྷཻ་རའི་རཀྵའི་མཐའ་ཅན། སྔགས་ཐམས་ཨུ་པ༼རྭ༽༼ལེགས༽ཏདྱ་ཐཱ། བྱ་ར་བསྲུང་བྱ། ཁྱབ་འཇུག་ཀཏྐོ་ཏྲའི་འཇུག་པ་ལ ༼རྭ༽༼ལེགས༽བརྟེན་ནས་བརྟག་ཐབས། ཐོ་རེངས་ཀྱི་དྲི་ཆུར་༼རྭ༽༼ལེགས༽བརྟག་ཅིང་སྲུང་བ། དུག་༼རྭ༽༼ལེགས༽འབྲེང་། སྔགས༼རྭ༽༼ལེགས༽བཤལ། ཁྱི་སྨྱོན་གྱིས་རྨུགས་༼རྭ༽༼ལེགས༽པར་དུག་ཡོད་མེད་བལྟ་བ། བེ་བུམ་ཁ་པའི་ནང་གི་༼རྭ༽༼ལེགས༽ཤོག་དྲིལ་གྱི་གདམས་པ་ཤིན་ཏུ་གཅེས་པའི་སྐོར་དཔེ་ལ་དམ་པར་མཛོད་ཀྱི་མཐའ་ཅན། དམར་པོ་མདའ་གཞུ་འགེང་བ་ལ་བརྟེན་པའི་དབང་སྡུས་སྐལ་མེད་རྣམས་ལ་སྦ་བ་ཤིས་ཀྱི་མཐའ་ཅན། རྡོ་རྗེ་འཇིགས་བྱེད་དམར་པོ་ཕྱག་གཉིས་པ་སྒོམ་ཐབས།


GLG001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ། བཙུན་མོ། བློན་འབངས། གྲོང་ཁྱེར་སྡེ་བརྒྱད་སོགས་དབང་དུ་བྱ་བ། ནག་པོ་མདའ་གཞུ་འགེང་བའི་དུག་སྔགས་འདི་ལས་ལྷག་པ་ཡོད་རི་སྐན་གྱི་མཐའ་ཅན། རྭ་ཆེན་གྱི་༼མཁན༽མཛད་པའི་དབང་གི་ཆུ་བོ་རྣམས། གཉིས་པ་དཀར་ཆག་ན་མ་འཁོད་པའི་རྒྱ་བོད་ཀྱི་ཡིག་སྣའི་སྐོར་ལ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་གསུམ་པ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་བོད་ཀྱི་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། འདི་ལ་དངོས་གྲུབ་ཀྱི་རྟོག་པ་དང་འགྱུར་གཅིག་པ་ཞིག་དང་ཨཌཱ་ཡ་ཤྲཱི་དང་རོང་ཟོམ་གྱི་འགྱུར་ཡང་སྣང་། རྒྱུད་ཀྱི་རྒྱལ་པོའི་ལས་དངོས་གྲུབ་ཀྱི་རྟོག་པ་ཞེས་པ་རྟོག་པ་བཞི་པར་གྲགས་པ་ཨ་མོ་གྷ་དང་མར་དོའི་འགྱུར། གཏམ་རྒྱུད་ཀྱི་རྟོག་པ་དང་ལས་མཁན་ཏེའུ་ལོ་ལ་ཆུ་བྱིའི་རྟོག་པ་གཉིས་བྷ་རོས་རྒྱུད་འབུམ་པ་ལ་གཏུགས་ཏེ་རྒྱ་དཔེ་ལས་ཕྱིས་སྒྱུར་བ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་དགེ་བའི་བཤེས་གཉེན་ཡོན་ཏན་དཔལ་བཟང་གི་ངོར་མཛད་༼ཤར༽པའི་རྒྱ་བལ་གྱི་པཎྜི་ཏ་ལྔའི་རྣམ་པར་ཐར་པ། དེས་མཛད་པའི་ལ་ལཱི་ཏ་བཛྲ་གྱིས་༼ཤར༽ནག་པོ་སྐོར་གསུམ་གྱི་རྒྱུད་ཨོ་རྒྱན་ནས་གདན་དྲངས་ཚུལ། རྒྱུད་དང་བླ་མ་བརྒྱུད་པ་བྱོན་ཚུལ་གྱི་ལོ་རྒྱུས་དོན་གསུམ་པ་རྒྱ་སྟོན་གྱི་སློབ་༼ཤར༽མ་ཞིག་གིས་མཛད་པ། རྫོང་ལུགས་ཟབ་དོན་བདུད་རྩིའི་བཅུད་༼ནུབ༽ཀྱི་བརྒྱུད་པའི་གསོལ་འདེབས་སྐུ་བཞིའི་ངོ་བོ། སྔགས་འཆང་གཟུངས་ཀྱི་དཔལ་བས་མཛད་པའི་སྒྲུབ་ཐབས་༼ནུབ༽རབ་ཏུ་གསལ་བ་ཡིད་བཞིན་གྱི་ནོར་བུ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ངོར་མཛད་པའི་བརྒྱུད་འདེབས་དངོས་གྲུབ་རིན་པོ་ཆེའི་སྙེ་མ། དེས་མཛད་པའི་དཔའ་བོ་


GLG001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་སྒྲུབ་ཐབས་༼མཁན༽བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ། དེས་མཛད་པའི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱིས་བསྐྱེད་རིམ་དང་རྫོགས་རིམ་རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ལམ་རིམ་དང་སྦྱར་བའི་སྨོན་ལམ་གྱི་རབ་བྱེད་ལམ་ཟབ་སྒྲུབ་པའི་དགའ་སྟོན། དེས་མཛད་པའི་འཇིགས་བྱེད་བཅུ་གསུམ་མའི་ཤིས་བརྗོད་འཆི་མེད་སྤྲིན་གྱི་རྔ་དབྱངས། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་༼ས༽པའི་བསྐྱེད་རིམ་གྱི་རྣམ་བཤད་བདུད་རྩིའི་བུམ་བཟང་། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་ཤིང་ཀུན་ཏུ་མཛད་པའི་༼ལྡོང༽དཔལ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའི་ཆོ་ག །ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་བཅུ་གསུམ་མའི།༼མཁན༽༼༽སྒྲུབ་དཀྱིལ་གསལ་བྱེད་ལྷན་ཐབས་ཉི་གཞོན་གསར་པའི་དགའ་སྟོན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་༼མཁན༽མཛད་པའི་ངག་འདོན་བྲེང་ཆགས་ནག་པོ་འགྲོ་ཤེས། མཐུ་སྟོབས་དབང་ཕྱུག་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་མཛད་པའི་༼པུ༽རྭ་ལུགས་ལྷ་བཅུ་གསུམ་གྱི་དབང་གི་ཆུ་བོ་མ་ནུབ་པར་བསྐུར་བའི་མཚམས་སྦྱོར་གྱི་ཡི་གེ་མཐོང་བ་དོན་ལྡན། རྡོ་རྗེ་འཇིགས་བྱེད་ཀྱི་བཟླས་ལུང་བསྙེན་༼རྭ༽༼རྡོ་རྗེ༽པའི་མན་ངག་བླ་མ་སྙ་ནམ་པའི་གསུང་ལྷག་ཆད་མེད་པར་རྭ་ཆོས་རབ་ཀྱིས་གཞོན་ནུ་འོད་ཀྱི་ངོར་མཛད་པ། བཛྲ་བྷཻ་ར་ཝ་ཨེ་ཀ་མུ་ཁ་བྷཱུ་ཛ་དྭི་པའི་རྗེས་༼སྒོ༽གནང་གི་ཟིན་བྲིས་རྡོ་རྗེ་འཆང་སྒོ་རུམ་པའི་གསུང་བཞིན་འཇམ་དབྱངས་མཁྱེན་བརྩེས་མཛད་པ། ངོར་ཤར་ཁང་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་འཇིགས་བྱེད་དམར་པོ་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་༼ཨཱ༽ཐབས་


GLG001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུག་དབང་བསྐུར་ཚུལ་གྱི་མན་ངག་བདུད་རྩིའི་ཆུ་རྒྱུན། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རྭ་ལུགས་ཀྱི་དབང་གི་ཆོ་ག་ལས་༼ས༽བརྩམས་པའི་དྲི་བ་རྟོག་དཔྱོད་སྤྲིན་གྱི་རྔ་གསང་གི་རང་ལན་དཔྱིད་ཀྱི་རྒྱལ་མོའི་དགའ་སྟོན་ལེགས་བཤད་ཁུ་བྱུག་གི་སྒྲ་དབྱངས་གསར་པ། དེས་མཛད་པའི་དབང་གི་ཆོ་གའི་དཀའ་གནད་ལས་༼ས༽བརྩམས་ཏེ་དྲིས་པའི་རང་ལན་སྙིང་པོ་མཛུབ་ཚུགས། རྟོག་པ་བདུན་གྱི་གནད་བསྟན་པ་རྭ་དྷརྨ་༼རྒྱ༽༼ཤར༽སེང་གེས་མཛད་པའི་མན་ངག་གནད་བདུན་མ། རྡོ་རྗེ་འབུམ་དང་རྡོ་རྗེ་སེང་གེ་སོགས་ཀྱི་ངོར་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་༼རྒྱ༽༼རིགས༽མཛད་པའི་རྟོག་བདུན་གྱི་རྣམ་བཤད་རྡོ་རྗེའི་ཚིག་གི་མདུད་འགྲོལ། དེས་མཛད་པའི་རྟོག་གསུམ་ཀྱི་ཌཱིཀྐ་༼ཤར༽དྲི་མེད་སྣང་བ། རྭ་དྷརྨ་སེང་གེས་མཛད་པའི་ཏེའུ་ལོ་༼ཤར༽པའི་རྟོག་པའི་གསལ་བྱེད། རྫོགས་པའི་རིམ་པ་རྒྱ་ཆེ་བ་ཟབ་པ་གཉིས་སུ་མེད་པ་དང་བཅས་པར་སེམས་འཛིན་པའི་མན་ངག་རྭ་ཆེན་གྱི་གསུང་སྒྲོས། དེའི་གསུང་སྒྲོས་མཚན་མ་གྱེན་བསྒྲེང་གི་མན་ངག །དེའི་གསུང་སྒྲོས་རྭ་ལ་སེམས་འཛིན་པའི་མན་ངག །རྗེ་བཙུན་རྡོ་རྗེ་བཻ་ཏ་ལིས་ལ་ལཱི་ཏ་བཛྲ་ལ་དངོས་སུ་གནང་༼རྒྱ༽བའི་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་རྩ་བ་རྡོ་རྗེའི་ཚིག་རྐང་། དེའི་གསལ་བྱེད་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་༼རྒྱ༽པའི་ཁྲིད་ཡིག་འཇམ་དཔལ་ཁྲོས་པའི་ཞལ་ལུང་སྙིང་གི་ཟུངས་ཁྲག་མཁའ་འགྲོའི་ཁ་རླངས་ཅན། གྲུབ་པའི་དབང་ཕྱུག་ལ་ལཱི་ཏ་བཛྲ་གྱིས་མཛད་པའི་འཁྲིད་དོན་༼མ༽གསལ་བྱེད་རྒྱལ་ཁམས་ལོ་ཙཱ་བ་མ་ཎི་ཀ་


GLG001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱིས་མཛད་པ། ཕྱག་མཚན་སོ་གཉིས་ཀྱི་ལས་ཚོགས་ཞེས་པ་གྲི་གུག་གི་དགྲ་གསད་པ། ཤཀྟིས་འཕུང་བར་བྱེད་པ། གཏུན་ཤིང་གིས་རིམ་དབབ་ཅིང་འདྲེ་བརྡུང་བ། ཆུ་གྲིས་གྲིར་འགུམ་པ། རྡོ་རྗེ་རྩེ་གཅིག་པས་གདོན་བསྲུང་བ། དགྲ་སྟས་དགྲ་བོ་ཚར་གཅོད་པ། མདུང་གིས་ཆོ་འཕྲུལ་གཏོང་བ། མདའ་གཞུས་སྒྲུབ་ཐབས་ཕྱོགས་གཅིག་ཏུ་བསྡུས་པ་གོང་དུ་སོང་ཟིན། ལྕགས་ཀྱུས་མཚན་མ་འགུགས་པ། དབྱུག་ཏོས་ནོར་སྒྲུབ་པ། ཁ་ཊྭཱཾ་གས་ཉམས་ཆགས་སེལ་བ། འཁོར་ལོས་བགེགས་སྲུང་བ། རྡོ་རྗེས་ཀླུ་སྲུང་བ། ཐོ་བས་བར་ཆད་བསྲུང་བ། རལ་གྲིས་དམག་དཔུང་ཟློག་པ། ཅང་ཏེའུས་ཌཱ་ཀི་ལས་ལ་འགྱེད་པ། ཐོད་པས་ནོར་སྒྲུབ་པ། མགོ་བོས་འགལ་བ་ཆམ་ལ་འབེབས་པ། ཕུབ་ཀྱིས་ཕྱིར་ཟློག་པ། རྐང་པས་རླུང་གི་དཀྱིལ་འཁོར་གྱིས་སྐྲོད་པ། ཞགས་པས་ལྷ་དང་མིའི་བུ་མོ་འགུགས་པ། རྭའི་མདའ་གཞུས་བི་ཥ་གསད་པ། རྒྱུ་ཞགས་ཀྱིས་རིམས་ནད་ཟློག་པ། དྲིལ་བུས་ཉམས་ཆགས་བསྐང་བ། ལག་པས་འཕྲིན་ལས་བསྒྲུབ་པ། རོ་རས་ཀྱི་འཁོར་ལོས་ལས་ཀུན་བསྒྲུབ་པ། གསལ་ཤིང་གི་རོས་རོ་ལངས་བསྒྲུབ་པ། མེ་ཐབ་ཀྱིས་སྦྱིན་སྲེག་གི་ཆོ་ག་བསྒྲུབ་པ། ཐོད་ཚལ་གྱིས་དགྲ་བོ་གནད་ལ་དབབ་པ། སྡིགས་མཛུབ་ཀྱིས་འགལ་བ་ཆམ་ལ་དབབ་པ། འཕན་རྩེ་གསུམ་པས་འགྲོ་བ་དབང་དུ་སྡུད་པ། འཕྱར་དར་གྱིས་ཕྱོགས་སྐྱོང་བསྡུ་བ་རྣམས། ཤར་དུ་འཁྲུལ་འཁོར། ལྷོར་སྦྱིན་སྲེག །ནུབ་ཏུ་ཚོགས་འཁོར། བྱང་དུ་གཏོར་མ་ལ་བརྟེན་ནས་༼ཤར༽དགྲ་བོ་སྒྲོལ་བའི་མན་ངག །བསྙེན་པ་སྔགས་སུ་བསྒྲུབ་པ་ལས་སྦྱོར་གཅིག་ཏུ་བསྟན་པ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་མཛད་༼ཤར༽པའི་


GLG001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ཆེན་པོའི་མན་ངག་མངོན་པར་རྟོགས་པའི་རིམ་པ་ལག་ལེན་དུ་བྲིས་པ། བསོད་སྙོམས་པ་བུདྡྷ་ཤྲཱིས་མཛད་པའི་གཤིན་རྗེ་ནག་པོའི་འཁོར་ལོའི་གསལ་བྱེད་རྒྱ་གར་གྱི་མཁན་པོ་ཇོ་བོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལ་རྭ་ཆེན་གྱིས་འགྱུར་བཅོས་མཛད་པ། འགོར་རྣལ་འབྱོར་པ་མཚན་མ་ཅུང་ཟད་སྐྱེས་པས་ཞེས་ཡོད་པའི་རྭ་ལོས་མཛད་པའི་ཁ་སྦྱོར་དབྱེ་བ་བཞིའི་ཡི་གེ་སྙ་ནམ་པ་ཆེན་པོའི་ཐུགས་དམ་ཐུན་མོང་མ་ཡིན་པའོའི་མཐའ་ཅན། མགོར་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་ལིང་ཚེ་བཅུ་དྲུག་པ་ཞེས་ཡོད་པའི་འཁོར་ལོའི་གསལ་བྱེད་རྭ་ཆེན་གྱི་གསུང་སྒྲོས་བླ་མ་སྙ་ནམ་པ་ཆེན་པོའི་ཐུགས་དམ་ཐུན་མོང་མ་ཡིན་པའི་གདམས་པའོའི་མཐའ་ཅན། རྩ་སྔགས། སྙིང་པོ། ཉེ་སྙིང་། རྩ་སྔགས་དང་སྙིང་པོ་སྤེལ་བ། རྩ་སྔགས་དང་ཉེ་སྙིང་སྤེལ་བ། སྙིང་པོ་དང་ཉེ་སྙིང་སྤེལ་བ། སྔགས་གསུམ་ག་སྤེལ་བ་སྟེ་འཁྲུལ་འཁོར་བདུན་གྱི་ཡི་གེ་གཟུགས་བརྙན་སྤེལ་ཚིག་ཤོག་དྲིལ་མན་ངག་དང་བཅས་པ་འི་མཐའ་ཅན། འགོར་ཡན་ལག་བཅུ་གཉིས་དཔེ་ཆུང་འདི་ཞེས་ཡོད་པའི་འཁྲུལ་འཁོར་བཅུ་གཉིས་ཀྱི་སྤེལ་ཚིག་ལྟེ་བ་ཚུལ་སོགས་ཀྱི་ཡིག་ཆུང་ཞེས་པའི་ཚུལ་གྱིས་དྲི་བའོའི་མཐའ་ཅན། མགོར་ཞི་བ་བརྒྱད་ལ་དབུས་སུ་ཀྵེ་ཞེས་ཡོད་པའི་འཇིགས་པ་བརྒྱད་སྐྱོབ་དང་སེམས་མྱོས་པར་བྱེད་པ་ཆུ་རྦ་ཀློང་གི་འཁྲུལ་འཁོར་གྱི་བར་འཁོར་ལོའི་ཁ་བསྒྱུར་བསྟན་པ། རྭ་པའི་མན་ངག་འདི་ལ་མཁས་གྲུབ་རྗེས་ཟུར་ཟ་མཛད་པ་ནི་ཤིང་གི་རྩེ་མོར་བསྡད་ནས་རྩ་བ་སྟེའུས་བསྣུན་པ་ལྟ་བུའོ། །མགོར་ཐོག་མར་ཉེ་སྙིང་གི་འཁྲུལ་


GLG001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་ཞེས་ཡོད་པའི་རྟོག་བདུན་ནས་གསུངས་པའི་འཁྲུལ་འཁོར་རྩ་བའི་དཔེ་ཆུང་བྲི་ཡིག་ལོགས་སུ་ཤེས་པར་བྱའོའི་མཐའ་ཅན། མགོར་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བྱེད་པར་འདོད་པ་ཞེས་ཡོད་པའི་ཉི་མ་བཞི་པའི་གདམས་པ་སྙ་ནམ་རྭ་ལོའི་གསུང་སྒྲོས་ལོ་ཙཱ་བ་ཕྱི་མས་ཡི་གེར་བཏབ་པ། རྭ་ཆོས་རབ། དེས་མཛད་པའི་འཁྲུལ་འཁོར་གྱི་མན་ངག་ནི་ཞེས་མགོར་ཡོད་པའི་ཡིག་ཆུང་དེས་ངེས་པར་འགྲུབ་བོའི་མཐའ་ཅན། དེས་མཛད་པའི་འགོར་ཡང་དབུས་ན་སོར་བརྒྱད་ཅེས་ཡོད་པའི་འཁོར་ལོའི་ཡིག་ཆུང་བཤང་ལམ་ནས་སྙིང་གི་དཀྱིལ་ལོའི་མཐའ་ཅན། དེས་མཛད་པའི་གཏོར་མའི་ཕྱག་ལེན་དེ་ལ་གཤེགས་སུ་གསོལ་ལོའི་མཐའ་ཅན། གསད་པ་ལས་བཅུའི་གསལ་བྱེད་སྙ་ནམ་རྭའི་གདམས་པ་བསྟན་པ་བསྲུང་བ་མ་གཏོགས་གཞན་སུ་ལའང་བསྟན་པར་མི་བྱ་བ་ལས་མཐར་ཐུག་རྭ་འབུམ་སེང་གེས་མཛད་པ། དེས་མཛད་པའི་མགོར་སྐུ་གསུམ་དབྱེར་མེད་བླ་མ་ཐུགས་རྗེ་ཅན་ཞེས་ཡོད་པའི་གཤིན་རྗེ་ཉི་མ་བཞི་པའི་མན་ངག་བླ་མ་ཆེན་པོ་རྭ་ཡེ་ཤེས་སེང་གེའི་གསུང་ལ་བརྟེན་པ། མགོར་འཇིགས་བྱེད་ཀྱི་འཁྲུལ་འཁོར་བྱེད་ཐབས་ཆོས་རྗེ་རིན་པོ་ཆེའི་ཞལ་ནས་ཞེས་ཡོད་པའི་ཞི་རྒྱས་དབང་གི་འཁྲུལ་འཁོར་གྱི་ལག་ལེན་གྲངས་སུ་བརྩི་ཡི་ཟླར་མི་བགྲང་གསུང་བའི་མཐའ་ཅན། རྒྱ་སྟོན་གྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱིས་གསད་པ་མཚོན་ཆ་ལྟ་བུའི་༼རྭ༽༼རྒྱ༽༼རུམ༽མན་ངག་ཤོག་དྲིལ་དང་པོའི་གསལ་བྱེད། དེས་མཛད་པའི་ཤོག་དྲིལ་གཉིས་༼རྭ༽༼རྒྱ༽༼རུམ༽པའི་གསལ་བྱེད། དེས་མཛད་པའི་ཤོག་དྲིལ་༼རྭ༽༼རྒྱ༽༼རུམ༽གསུམ་པའི་གསལ་བྱེད། དེས་མཛད་པའི་རྭ་ཆེན་གྱི་གསད་པའི་མཚོན་ཆ་སྙིང་ལ་གབ་པའི་བསྲུང་བཟློག་གསང་༼རྒྱ༽གསུམ་གྱི་ལས་ཚོགས་མན་ངག་སྙིང་པོའི་དོན་


GLG001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བཅོས་བསླད་མི་བྱའོའི་མཐའ་ཅན། ཆོས་ཀྱི་རྒྱལ་པོ་འཕགས་པས་རྒྱལ་བུ་བྱང་ཆུབ་སེམས་དཔའ་གོ་པེ་ལའི་ཆེད་དུ་བསྐུལ་བ་ལ་བརྟེན་ནས་༼ལྡོང༽༼རིགས༽ལྡོང་ཤེས་རབ་དཔལ་གྱིས་མཛད་པའི་ཞི་རྒྱས་དབང་དྲག་གི་འཁྲུལ་འཁོར་ལས་ཚོགས་དྲག་པོའི་སྔགས་གཏེར། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་འཁྲུལ་འཁོར་གྱི་ལག་༼བུ༽ལེ་གསལ་བར་བྱེད་པ་གནད་ཀྱི་མན་ངག །འཁྲུལ་འཁོར་ལྟེབ་པའི་ཞལ་ཤེས་ཡིག་ཆུང་གསང་བའི་གནད་ཡིག་ཀུན་༼གུབ༽ལ་མེད་པའི་ཁྱད་ཆོས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་རྒྱུན་འདི་ནི་གཤིན་རྗེ་མཁན་པོ་ཕལ་ཆེར་ལ་མིང་ཙམ་ཡང་མ་གྲགས་པའི་ཟབ་གནད་ཅན་ཡིན་པས་མཇུག་ཏུ། ཨེ་མ་རྭ་ལོའི་ཐུགས་བཅུད་མཁའ་འགྲོའི་གཏམ། །སྙན་བརྒྱུད་ཟབ་མོའི་ཡང་སྙིང་པདྨོའི་གཉེན། །སྣོད་མིན་ཀུན་དའི་འཕྲེང་བ་ཟུམ་བྱེད་པ། །སྐལ་བཟང་བློ་མཚོར་རོལ་ཅིག་ས་མཱ་ཡ་ཤེས་སོ། །ཐུགས་སྲས་ལོ་ཙཱ་བས་མཛད་པའི་ཞི་བའི་༼བུ༽སྦྱིན་སྲེག་གི་ཆོ་ག་ཉོན་མོངས་སྲེག་བྱེད། རྭ་ཆེན་ལོ་ཙཱ་བའི་བཞེད་པ་ཐུན་མོང་མ་ཡིན་པ་དབྱུ་གུ་དྲུག་ཅུ་རྩ་བཞི་ལྕགས་མཁར་ཟུར་དགུ་པ་ཆོ་ག་༼གཟུངས༽དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་རཏྣ་ལ་ཀྵཱིའི་ངོར་མཛད་པ་བདུད་སྡེ་འཇོམས་པ་ཞེས་བྱ་བ། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་འཇིགས་བྱེད་༼ཁ༽དྲུག་ཅུ་པའི་གཏོར་ཆོག་དགྲ་བོའོ་སྲོག་འཕྲོག །རྫོང་ཆུང་པ་ཨཱནནྡ་མ་ཏིས་རྒྱ་སྟོན་གྱི་ཡི་གེ་ལ་བརྟེན་ནས་མཛད་པའི་རྭ་པའི་མན་ངག་༼ཤར༽ཐུན་མོང་མ་ཡིན་པ་ལྕགས་མཁར་ཟུར་དགུ་པའི་འཇིགས་བྱེད་དྲུག་ཅུ་པ། རྡོ་རྗེ་འཆང་ཕ་བོང་ཁ་པའི་ཕྱག་ལེན་དང་མི་གཅིག་པར་སྣང་། བཟླས་པའི་


GLG001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་གཏོར་མ་དྲུག་ཅུ་རྩ་བཞིའི་ཕྱག་ལེན་༼ཤར༽རྒྱ་སྟོན་དང་འཛམ་གླིང་མཁས་པའི་ཁྱད་བཅོས། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་༼དབང༽གཏོར་མ་དྲུག་ཅུ་རྩ་བཞི་ཞལ་བསྒྱུར་བའི་མན་ངག །ཡི་གེ་བཞི་པ་ལ་བརྟེན་པའི་བསྲུང་བའི་མན་ངག་འགོར་རང་ཉིད་འཇིགས་བྱེད་དམར་པོ་ཤིན་ཏུ་ཁྲོས་པ་ཞེས་ཡོད་པ་གསོལ་བ་གདབ་བོའི་མཐའ་ཅན། ཡི་གེ་བཞི་པ་ལ་བརྟེན་ནས་འགོང་པོ་གདུག་པ་ཅན་གནོད་ན་གསད་པ་རྟ་ཤིའི་ཁ་བཞིན་སྡོམས་ཀྱི་མཐའ་ཅན། མགོར་རང་ཉིད་སྐད་ཅིག་དྲན་རྫོགས་ལ་འཇམ་དཔལ་ཁྲོས་པ་ཞེས་ཡོད་པའི་བསྲུང་བཟློག་གསད་པ་གསུམ་གྱི་མན་ངག་ཟབ་མོ་འི་མཐའ་ཅན། འགོར་བསྲུང་བའི་འཁོར་ལོ་ནི་ལྟེ་བར་ཧཱུྃ་ཞེས་ཡོད་པ། མགོར་མུ་ཁྱུད་རྡོ་རྗེ་ཕྱེད་པ་ནང་དུ་འཁོར་ལོ་རྩིབས་བརྒྱད་ཅེས་ཡོད་པའི་ཟློག་འཁོར། མགོར་ཡང་ལྟེ་བར་ཧཱུྃ་གཤམ་ནས་གཡོན་སྐོར་དུ་ཞེས་ཡོད་པའི་སྲུང་འཁོར་བྲི་ཡིག་མགོར་རང་ཉིད་འཕགས་པ་འཇམ་དཔལ་དུ་སྒོམ་ཞེས་ཡོད་པའི་ཡི་གེ་བཞི་པའི་སྲུང་ཟློག་གསད་གསུམ་གྱི་མན་ངག །འགོར་ཨོཾ་སྭ་སྟི་སེམས་བསྐྱེད་པ་ནི་བདག་དང་སེམས་ཅན་ཐམས་ཅད་མི་དང་མི་མ་ཡིན་ཞེས་ཡོད་པའི་ཡི་གེ་བཞི་པའི་བསྲུང་༼རྭ༽༼ནུབ༽བཟློག་རྦད་པ་ཞལ་གདམས་དང་བཅས་པ་ཁྱད་པར་དུ་འཕགས་པ་པོའི་མཐའ་ཅན། ཡི་གེ་བཞི་པའི་བསྲུང་བཟློག་གསད་མནན་བསམ་གཏན་ཉལ་༼ནུབ༽ཆོག་གི་གདམས་པ་ཐེག་མཆོག་ཟླ་བའི་དབང་པོས་མཛད་པ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བལ་བོ་ཐུགས་རྗེ་ཆེན་པོ་ལ་གསེར་སྲང་ལྔ་བརྒྱ་ཕུལ་༼རྭ༽༼ནུབ༽༼རུམ༽བར་ཞལ་གྱིས་བཞེས་ནས་གནང་བའི་དྲག་པོ་བཞིའི་གསང་བཟློག་ཡི་གེར་


GLG001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲི་བའི་བཀའ་རྒྱ་ཅན། མགོར་བདག་ཉིད་འཕགས་པ་འཇམ་དཔལ་ཞེས་ཡོད་པའི་ཡི་གེ་༼ནུབ༽བཞི་པའི་མན་ངག་ཉི་མ་དང་སྤྲད་དོའི་མཐའ་ཅན། མགོར་རང་ཉིད་སྐད་ཅིག་དྲན་རྫོགས་ལ་ཞེས་ཡོད་པའི་ཡི་གེ་བཞི་པའི་༼རྭ༽༼ནུབ༽བསྲུང་བཟློག་གསང་གསུམ་གྱི་མན་ངག་ཟབ་མོའི་མཐའ་ཅན། བྷ་ཡ་ས་ལ་བརྟེན་པའི་བྱད་བཟློག་ཐམས་ཅད་ཀྱིས་ཚུགས་པར་མི་འགྱུར་རོའི་མཐའ་ཅན། བཙན་པོའི་མཁར་དུ་གཞུག་པ། རྣོ་གསུམ་མཚོན་ལ་ངར་བཏགས་པ། གདོས་དང་ཤ་བ་འཐབ་པ། སྒྱོགས་རྡོ་བར་སྣང་ལ་གཅག་པ་སྟེ་རྭ་རྒན་༼ཤར༽ལོ་ཙཱའི་ཁྱད་ཆོས་ཨུཥྞཱི་ཥའི་བསྲུང་བཟློག་མནན་གསང་རྒྱ་སྟོན་གྱིས་བགྲིགས་པ། དེས་མཛད་པའི་ཨུཥྞཱི་ཥའི་༼ཤར༽གདམས་པ་དོན་ལྔ་པ། དེས་མཛད་པའི་མན་ངག་ཐུགས་ཀྱི་ཉིང་ཁུ་༼ཤར༽ཞེས་པར་ནང་གསེས་བསམ་གཏན་སྒྲའི་བཟླས་པ། འཕྲིན་ལས་རྣམ་བཞིའི་བཟླས་པ། ཏིང་འཛིན་གནད་ཀྱི་མན་ངག །གདུག་བྱེད་ཕུར་པས་ངག་བཅིང་བ། རྨི་ལམ་ངན་པ་བཟློག་པ། མཐུ་བྱད་གསད་པ་ངག་མནན་དང་བཅས་པ་རྭ་ལོའི་མན་ངག །བྱད་མ་ཕྱེ་མར་འཐག་པ་༼ཤར༽རྭའི་མན་ངག །ཐོད་པ། ཁུར་པ། འཁོར་ལོ། རང་གཤེད་ལ་བརྟེན་ནས་གསད་པའི་དུས་མན་ངག །ཉམས་སུ་ལེན་པའི་༼ཤར༽རིམ་པ་ཞེས་པ་སྒོམ་པ། སྔགས། ཡུངས་ཀར་ཁྲག །ཕུར་བུས་གསད་པ་གཟའ་རྒྱུ་བ་དང་བསྟུན་ནོའི་མཐའ་ཅན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་དངོས་སློབ་བོད་ལོག་དང་སྟར་མ་བྱེ་བཟང་གཉིས་ཁ་མཐུན་དུ་བྱུང་བའི་མན་ངག་༼ཤར༽དཔལ་ལྡན་གྲགས་པས་ཚིགས་བཅད་དུ་བསྡེབས་པའི་དོན་གསལ་བར་བསྟན་པ། རྫས་ལ་བརྟེན་པའི་


GLG001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་༼ཤར༽རུལ། ཏིང་ངེ་འཛིན་ལ་༼ཤར༽བརྟེན་པའི་གཏད་རུལ། ངག་༼ཤར༽འགྲོལ། མགོར་དཔལ་རྡོ་རྗེ་འཇིགས་བྱེད་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་༼མ༽ཡོད་པའི་ཨུཥྞཱི་ཥའི་བསྲུང་བཟློག་མན་ངག་ལག་ལེན་དམར་ཁྲིད་ཕྱོགས་མེད་ལོ་ཙཱ་བས་གསལ་བར་བཀོད་པ། དེས་མཛད་པའི་འགོར་དཔལ་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ་འདིར་བདག་གཞན་ཐམས་ཅད་ཀྱི་ལུས་༼མ༽སྲུང་བར་བྱེད་པ་ཞེས་ཡོད་པའི་བསྲུང་འཁོར་གྱི་བྲི་ཡིག །དེས་མཛད་པའི་འགོར་གཉིས་པ་བཟློག་པའི་འཁོར་ལོ་ནི་སྔ་མ་ལྟ་བུ་ལ་༼མ༽མིང་སྤེལ་གྱི་མཐར་ཞེས་ཡོ་པའི་བཟློག་འཁོར་བྲི་ཡིག །དེས་མཛད་པའི་འགོར་ཎྲྀཿ དཔལ་ལྡན་ཁྲོ་བོ་ཆེན་པོ་ལ་ཕྱག་འཚལ་ལོ་མིང་དང་རྣམ་ཤེས་སྦ་བ་ལ་ཞེས་ཡོད་༼མ༽པའི་ཨུཥྞཱི་ཥའི་བསྲུང་འཁོར་རྨི་ལམ་ངན་པ་ཟློག་པ་བྱད་མ་མཁན་གྱི་བསོད་ནམས་ཉམས་ཐབས་བྱས་པས་མི་ཚུགས་པ་དང་བཅས་པ། དེས་མཛད་པའི་ཟློག་པའི་རྣལ་འབྱོར་ཁྱད་༼མ༽པར་ཅན་རྔོན་པ་ཉི་མ་ལྡེ་ཞིང་གདོས་དང་ཤ་བ་འཐབ་པ་ལྟ་བུའི་མན་ངག །དེས་མཛད་པའི་ཨུཥྞཱི་ཥའི་སྒོ་༼མ༽ནས་དམ་ཉམས་གསོད་པའི་མཚོན་ཆ། དེས་བྲག་དཀར་ཆོས་སྡིངས་སུ་བཀོད་པའི་བསྲུང་བཟློག་༼མ༽གཉིས་ཀྱི་མན་ངག་སྔགས་པ་ནང་འགྲས་དང་གསད་པ་གཞན་དུ་གསལ་བའི་མཐའ་ཅན། དེས་མཛད་པའི་ཨུཥྞཱི་ཥའི་བསྐུལ༼མ༽རྣམ་དག་ཞི་བ་མ། དེས་མཛད་པའི་བསྟོད་པ༼མ༽ཐུགས་རྗེའི་དབང་ཁྲོས་མ། ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ལ་ལཱི་ཏ་བཛྲ་གྱིས་མཛད་པ་བལ་བོ་ཐུགས་རྗེ་ཆེན་པོ་དང་རྭ་ལོ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། རོ་རས་དང་ཐོད་པ་ལ་བརྟེན་ནས་ལས་གཤིན་སྒྲུབ་ཅིང་བསྙེན་སྒྲུབ་གསང་བའི་མན་ངག་ལོ་ཙཱ་བ་


GLG001_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མས་ཡི་གེར་བཏབ་པ། ལས་ཀྱི་གཤིན་རྗེ་སྲིད་པའི་འཁོར་ལོའི་མན་ངག་རྭ་ཆེན་གྱིས་ལྕགས་སྒོམ་རས་པ་ལ་གནང་བ་སྲིད་པའི་འཁོར་ལོ་རྫོགས་བྱང་གིས་མཐའ་ཅན། དགེ་འདུན་གཙུག་ལག་ཁང་བསྲུང་བའི་གཤིན་རྗེ་སྲིད་པའི་འཁོར་ལོ་བཀའ་རྒྱ་དམ་པོ་ཡོད་དོ་འི་མཐའ་ཅན། ལས་ཀྱི་གཤིན་རྗེ་གནམ་ལྕགས་ཨུར་ཆུང་གི་གདམས་པ་ཞེས་པ་བསྲུང་བཟློག་གསད་པའི་སྔགས་ཟློག་པ་ཡིན་ན་སྔགས་བཟླ་ཞིང་གསད་པ་ལྷམ་མཐུ་མ་དང་བཅས་པ་སུས་ཀྱང་མི་ཤིགས་པའི་མན་ངག་ལགས་སོའི་མཐའ་ཅན། ལས་ཀྱི་གཤིན་རྗེའི་ཡིག་ཆུང་དྲག་སྔགས་ཧུར་ཐུམ་སྲོག་ལེན་དམར་པོ་སྙ་ནམ་པའི་མན་ངག་ཡིག་ཆུང་ཟབ་མོ་རྫོགས་བྱང་གི་མཐའ་ཅན། དཀོན་ཅོག་གི་བསྟན་དགྲ་ཡ་མ་རྣམས་ཀྱིས་འདུལ་བར་ཁས་བླངས་ཚུལ། འཆི་བདག་ལས་ཀྱི་གཤིན་རྗེ་གནད་ལ་ཕབ་ནས་དགྲ་བགེགས་སྒྲོལ་བའི་ཡི་གེ་དྲག་སྔགས་ཀྱི་རྒྱན་དུ་དགོས་པའི་ཡིག་ཆུང་འི་མཐའ་ཅན། འཆི་བདག་སྒྲུབ་༼རྒྱ༽ཐབས་བཤེས་གཉེན་ཚུལ་ཁྲིམས་བླ་མ་བསྐུལ་བའི་ངོར་རྒྱ་སྟོན་གྱིས་མཛད་པ། ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་མཆོད་པའི་ཆོ་ག་༼རྩྃ༽༼བིཀྵཱུ༽ཁྲོམ་ཡོན་ནམ་མཁའ་ལྷུན་བཟང་གིས་མཛད་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་ལས་དང་པོ་པའི་རིགས་འཛིན་རྣམས་ལ་ཕན་པའི་ཆེད་དུ་མཛད་པའི་༼མཁན༽ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ལ་མཆོད་གཏོར་འབུལ་བའི་ཆོ་ག །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་དམ་ཅན་གཤིན་རྗེའི་རྒྱལ་པོའི་མངོན་རྟོགས་སྤྱན་འདྲེན་༼དབང༽གཏོར་འབུལ་བསྟོད་པ་དང་བཅས་པའི་ཆོག་སྒྲིགས། དེས་མདོ་ཁམས་


GLG001_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྦྱིན་པ་དཔལ་བཟང་གི་ངོར་མཛད་པའི་འཆི་བདག་༼མཁན༽གཤིན་རྗེའི་དབང་ཕྱུག་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་བསྐང་བ་མི་བཟད་འཇམ་དཔལ་མ། མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱིས་མཛད་༼དབང༽པའི་ལས་གཤིན་གྱི་བསྐང་རྫས་བྱིན་རླབས། དེའི་རྗེས་གནང་གི་ཡི་གེ་རྭ་ཤེས་རབ་རྒྱལ་མཚན་གྱིས་བཀོད་པ། ལས་གཤིན་བཅུ་གསུམ་མའི་རྗེས་གནང་གི་ཡི་གེ་ཐར་གླིང་༼བིཀྵཱུ༽ཨཱཪྻ་དེ་ཝས་བཀོད་པ། ལས་གཤིན་དཔའ་བོ་གཅིག་པའི་རྗེས་གནང་གི་ཐོ་༼དབང༽ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱིས་མཛད་པ། གཤིན་རྗེ་དམར་ནག་གསུམ་གྱི་རྗེས་གནང་གི་༼ས༽ཆོ་གའི་ལག་ལེན་ཤིན་ཏུ་གསལ་བ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། གཤིན་རྗེ་དམར་པོ་མ་རུ་ཙེ་བཞི་སྐོར་དུ་༼ཛྙ༽གྲགས་པ་སྙིང་ལ་བརྟེན་པའི་ཕྱི་སྒྲུབ། སྤྱང་ཐོད་ལ་བརྟེན་པའི་ནང་སྒྲུབ། ནལ་གྲིའི་ཐོད་པར་བརྟེན་པའི་གསང་སྒྲུབ། ར་སྤྱང་གི་ཐོད་པར་བརྟེན་པའི་གསང་ཆེན་ཆིག་དྲིལ། གཏོར་ཆོག་བསྟོད་པ་དང་བཅས་པ་རྡོ་རྗེ་དཔལ་བའི་དོན་དུ་རྒྱ་སྟོན་གྱི་མཛད་པ། ལས་ཀྱི་གཤིན་རྗེ་ཁྲག་མདོག་ཡབ་ཡུམ་གྱི་བསྙེན་སྒྲུབ་༼དཔལ༽ལས་གསུམ་གྱི་མན་ངག་རྭ་དབོན་ཤེས་རབ་རྒྱལ་མཚན་གྱིས་མཛད་པ་དགེ་བས་བསྟན་པ་བསྲུང་བར་ཤོག་གི་མཐའ་ཅན། དེའི་གཏོར་ཆོག་རྗེས་གནང་དང་བཅས་༼དཔལ༽པའི་ཆོ་ག་རྣམས། གསུམ་པ་བོད་ཀྱི་མཁས་པ་འབྲི་གུང་དཔལ་འཛིན་གྱིས་མཛད་པའི་སྐོར་ལ། ཀུན་དགའ་དབང་ཕྱུག་གིས་བསྐུལ་བའི་ངོར་མཛད་པའི་རྟོག་པ་གསུམ་པའི་རྒྱས་འགྲེལ་རིན་པོ་ཆེའི་སྙེ་མ། རྟོག་པ་གསུམ་པའི་ཚིག་གིས་མཚམས་བཅད་ཅིང་དོན་གྱི་གོ་རིམ་བསྡུ་བ། དཔལ་རྟོག་པ་གསུམ་པའི་


GLG001_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་གྱི་ཆོ་ག་ཁམས་གསུམ་གྱི་འཁོར་ལོས་སྒྱུར་བ་ཁྲག་སྐྱུགས་ཀྱི་ལོ་ཆོས་དཀར་ནམ་མཁའི་རྫོང་དུ་མཛད་པ། དེ་ལས་དྲག་ཤུལ་སྤྱོད་པའི་ཆོ་ག་ཞིབ་མོ་གུད་དུ་བསྟན་པ་ཟད་པའི་ལོ་ནག་པ་ཟླ་བའི་དཀར་ཚེས་བཞི་ལ་མཛད་པ། རྟོག་པ་གསུམ་པའི་མན་ངག་གི་ཞལ་ཤེས་ལྔ་པ་ཞེས་པ་སྙན་བརྒྱུད་ཡི་གེ་མེད་པའི་ཟིན་བྲིས་མདངས་དཀར་སྙིང་རྗེའི་རྫོང་དུ་མཛད་པ། རྟོག་པ་གསུམ་པའི་འཁྲུལ་འཁོར་རྫོང་རི་རྩེ་དགུའི་མགུལ་དུ་མཛད་པ། ཐར་པའི་རྒྱལ་སྲིད་ལ་གནས་པའི་དགེ་སྦྱོང་ཆེན་པོའི་བཀས་བསྐུལ་བ་ལ་བརྟེན་ནས་འཁྲུལ་འཁོར་གྱི་ལུང་སྦྱོར་རིན་ཅེན་འོད་ཀྱི་སྒྲོན་མ། དཔལ་རྟོག་པ་བདུན་པའི་འཁྲུལ་འཁོར་གྱི་ཆོ་ག་འཁོར་ལོ་རིན་པོ་ཆེའི་བང་བཛོད་ཆོས་དཀར་ནམ་མཁའི་རྫོང་དུ་མཛད་པ། དེ་ལ་མཁོ་བའི་ཟིན་བྲིས་འགོར་རྟོག་བདུན་གྱི་རྒྱས་འགྲེལ་སློབ་དཔོན་མི་བསྐྱོད་པས་མཛད་ཅེས་ཡོད་པ་རང་བཟོ་མེད་པར་འགྱུར་རོའི་མཐའ་ཅན། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ལག་ཏུ་བླང་བའི་རིམ་པ་སྙིང་གཏམ་གླེན་པའི་ཚིག་ཏུ་བཙུན་པ་ཀུན་དགའ་དབང་ཕྱུག་ལ་གདམས་པ། རྟགས་ཀྱི་ཡི་གེ་ཞིབ་མོ་ཁྲག་སྐྱུག་གི་ལོ་ལྷུན་གྱིས་གྲུབ་པའི་རྫོང་དུ་མཛད་པ། རྩ་བའི་སྔགས་ཀྱི་བཟླས་པའི་ཚུལ་ངེས་པ་སེང་གེའི་ང་རོ་མེ་བྱི་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། དྲག་པོའི་ལས་ཀྱི་བཟླས་པ་རྡོ་རྗེ་འབར་བའི་མཚོན་ཆ་མེ་བྱི་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། འདི་སྔགས་བསྡེབས་ཡིན་འདུག་པ་གསར་མ་ཕྱོགས་ལ་གྲགས་ཆུང་བས་དཔལ་འཛིན་རྩ་བ་གསང་སྔགས་རྙིང་མ་བར་སོང་གཤིས་སྔ་འགྱུར་བཀའ་གཏེར་གྱི་མན་ངག་


GLG001_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ནས་རྐུ་ཐབས་ཀྱི་ཚུལ་དུ་བྲིས་པར་མངོན་ནོ། །མདོ་ཁམས་ཏྲེ་ཤོད་པ་རྟོགས་ལྡན་བསོད་ནམས་དཔལ་གྱིས་བསྐུལ་བ་ལ་བརྟེན་ནས་ཐང་སྐྱའི་གཙུག་ལག་ཁང་དུ་མཛད་པའི་ལས་ཐམས་ཅད་པའི་སྦྱིན་སྲེག་དངོས་གྲུབ་ཀྱི་གཟི་བརྗིད་རབ་སྣང་། ཞི་རྒྱས་ཀྱི་སྦྱིན་སྲེག་ཉེས་པའི་ཚང་ཚིང་མ་ལུས་པ་སྲེག་པར་ནུས་པ་བསོད་ནམས་ཀྱི་ཉི་མ་བདུན་འབར་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། རྒྱུད་རྟོག་པ་བདུན་པའི་འཁྲུལ་འཁོར་གྱི་སྐབས་སུ་ཁྱིམ་དུ་བཞག་ན་ཞི་བར་འགྱུར་རོ་ཞེས་པའི་མན་ངག་ཞི་བའི་དངོས་གྲུབ་སྒྲུབ་པའི་ཆོ་ག་བདུད་རྩིའི་རྒྱ་མཚོ། དེའི་ཡན་ལག་འཇིགས་པ་ཞི་བའི་བསྲུང་འཁོར། མཚོན་བསྲུང་བ། ཚེ་སྒྲུབ་དང་བཅས་པ། གཙང་རོང་དམུ་ལྷ་ཤམྦྷར་གྱི་གཙུག་ལག་ཁང་དུ་མཛད་པ། ཡང་གནས་དེ་ཉིད་དུ་མཛད་པའི་རྒྱས་པའི་ལས་སྒྲུབ་པའི་ཆོ་ག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་ཡན་ལག་དང་བཅས་པ། དབང་དུ་བྱ་བའི་ཆོ་ག་དོན་ཡོད་པའི་ཞགས་པ་རྣམ་པར་གཡོ་བ། དེའི་ཡན་ལག་འགུགས་པའི་ཆོ་ག་ལྕགས་ཀྱུ་འབར་བ། བསྐྱེད་རྫོགས་ཀྱི་རིམ་པ་གང་རུང་གི་ལམ་གྱི་གྲོགས་སུ་རིག་པའི་སྐྱེས་བུ་འགུགས་པ་ཞུ་བའི་བསམ་གཏན་རིག་མ་མི་བསྲུན་པ་འདུལ་ཐབས་བུ་མོ་རེངས་པའི་སྦྱོར་བ་རྣམས་མེ་བྱི་ཤམྦྷར་དཔལ་གྱི་ཡང་དགོན་དུ་མཛད་པ། དབང་དང་འགུགས་པའི་ཆོ་ག་འཇིག་རྟེན་གསུམ་རྣམ་པར་གནོན་པ་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། དྲག་པོའི་ཆོ་ག་གཤིན་རྗེའི་གཟུགས་ལ་བརྟེན་ནས་དགྲ་སྡེ་འཕུང་བར་བྱ་བའི་མན་ངག་འཇིག་རྟེན་གསུམ་གྱི་བཤད་པ་ཆེན་པོ་རྣམ་པར་རོལ་བ་སྐལ་ལྡན་སྦྱིན་པ་རིན་ཅེན་གྱི་ཆེད་དུ་མཛད་པ། འཇིག་རྟེན་


GLG001_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བཤན་པ་ཆེན་པོ་རྣམ་པར་རོལ་པ་མ་གྲུབ་ན་སྤོགས་པའི་ཆོ་ག་འཇིག་རྟེན་གསུམ་ཟ་བ་མེ་ཕོ་བྱི་བའི་ལོར་མཛད་པ། གསད་པའི་འཕྲིན་ལས་གའུ་བསྲེ་བའི་མན་ངག་གསུམ་རྣམ་པར་འཇོམས་པའི་འཁྲུལ་འཁོར་མེ་ཁྱི་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། ཡང་གནས་དེ་ཉིད་དུ་མཛད་པའི་སྡིག་པ་སྦྱང་བའི་ཆོ་ག་སྦྱིན་སྲེག་དང་འཁྲུལ་འཁོར་སྦྲགས་པ་འཇིག་རྟེན་གསུམ་འཕུང་བར་བྱེད་པ། མཛའ་བ་དབྱེ་བར་བྱེད་པ་ཤམྦྷར་དུ་མཛད་པ། ཡང་གནས་དེ་ཉིད་དུ་མཛད་པའི་སྡང་བ་ཡུལ་ནས་དབྱུང་བ་བསྐྲད་པའི་འཁྲུལ་འཁོར་གནས་དེ་ཉིད་དུ་མཛད་པའི་གཡམ་པ་ལ་བརྟེན་ནས་རེངས་པའི་ཆོ་ག་འཇིག་རྟེན་གསུམ་རྣམ་པར་གཡོ་བ། གནས་དེ་ཉིད་དུ་མཛད་པའི་ཏེའུ་ལོ་པའི་པགས་པ་ལ་བརྟེན་ནས་རེངས་པའི་ཆོ་ག་འཇིག་རྟེན་གསུམ་རྣམ་པར་འཆིང་བ། གནས་དེ་ཉིད་དུ་མཛད་པའི་ཡན་ལག་མཚོན་གྱིས་འབུགས་པའི་མན་ངག་འཇིག་རྟེན་གསུམ་ཕམ་པར་བྱེད་པ། སྲིན་པོས་འཛིན་པའི་ཆོ་ག་ལས་ཀྱི་སྲིན་པོ་ཞེས་བྱ་བ་མཚུར་ཕུར་མཛད་པ། ཡང་དེ་ཉིད་དུ་མཛད་པའི་རིམས་ནད་གཏོང་བའི་མན་ངག་རིམས་ནད་ཆེན་པོ་འཁྲུག་པ། ཡང་གནས་དེ་ཉིད་དུ་མཛད་པའི་སྨྱོ་བར་བྱེད་པའི་ཆོ་ག་དྲག་པོའི་བཞད་གད་ཆེན་པོ། དྲག་ཤུལ་སྤྱོད་པའི་གཏོར་མ་དྲུག་ཅུ་རྩ་བཞིའི་ཆོ་ག་སྡིག་ཅན་སྒྲོལ་བའི་མཚོན་ཆ་ངར་མ་མདངས་དཀར་སྙིང་རྗེ་རྫོང་དུ་མཛད་པ། ལུགས་སྲོལ་འདི་ལ་ལྕགས་མཁར་མི་རྩིག་པའི་ཕྱོགས་སུ་མཛད་ནས། ལྕགས་མཁར་ཟུར་དགུ་པ་དང་ཟུར་བཅུ་དྲུག་པ་སོགས་སྤྲོ་ན་བྱར་རུང་གི་འོན་ཀྱང་རྙིང་མ་བ་ལྟར་བློས་བཏགས་ནས་བྱས་པ་ཡིན་པས་རྒྱུད་རྒྱ་གཞུང་


GLG001_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁུངས་ནི་མེད་ལ་ཞེས་ཟུར་ཟ་བ་ནི་སྤྱིར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བློས་བཏགས་ནས་བྱས་པ་ཁོ་ན་ཡིན་པས་གཞུང་ལུགས་དང་འགལ་ཞིང་རྒྱུད་རྒྱ་གཞུང་གི་ཁུངས་མེད་བཞིན་དུ་གསར་མ་བ་རྣམས་སྤྲོ་ན་བྱར་རུང་བའི་དམ་བཅར་སོང་བས་ཕ་མ་ཐོབ་པའི་གཞུ་ཅིག་འདིར་ཤོར་བར་གདའོ། །མ་འགྲུབ་ན་གནད་ལ་དབབ་པའི་ཆོ་ག་ས་གསུམ་ངེས་པར་འཇོམས་པ་མེ་བྱི་མཚུར་ཕུར་མཛད་པ། ཡང་དེ་ཉིད་དུ་མཛད་པའི་གསད་པའི་སྦྱིན་སྲེག་གི་ཆོ་ག་དུས་ཀྱི་མེ་ལྕེ་འབར་བ་ཆེན་པོའི་འཕྲེང་བ། རྩ་སྔགས་ཀྱི་འཁྲུལ་འཁོར་བྲི་བའི་ཟིན་བྲིས་བྲིས་པས་ཆོག་གོའི་མཐའ་ཅན། རྟོག་བདུན་འཁྲུལ་འཁོར་མཆོག་གི་མན་ངག་རྫོང་རི་རྩེ་དགུའི་མགུལ་དུ་བརྗེད་བྱང་དུ་མཛད་པ། ལས་ཀྱི་གཤིན་རྗེ་ཡབ་ཡུམ་སྦྲགས་ཏེ་སྒྲུབ་པའི་མན་ངག་དུག་ཧ་ལ་ཧ་ལ་ཆེན་པོ་ཞེས་པ་ལྷུན་གྱིས་གྲུབ་པའི་རྫོང་དུ་སྦྱར་བ་རྣམས། འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་ཆོ་ག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་པ་དག་གཏོར་མའི་ཆོ་གའི་ལག་ལེན་བསོད་ནམས་ཀྱི་འོད་ཟེར་རྣམ་པར་སྤེལ་བའི་ཉི་མ་ཞེས་བྱ་བ་གཉིས་ཀྱི་ལུང་རྒྱུན་དེང་སང་མི་འདུག །གཏོར་མའི་ཆོ་ག་འདི་ལ་ཞི་རྒྱས་དབང་དྲག་གི་དྲུག་ཅུ་པའི་ཁྱད་པར་སོགས་ལེགས་བཤད་ངོ་མཚར་བ་སྣང་། འདི་ཉིད་གཤེད་སྐོར་ལ་ཤིན་ཏུ་མཁས་པས་རྒྱ་གར་གྱི་སློབ་དཔོན་དཔལ་འཛིན་དང་འདྲ་ཞེས་གླེང་བར་བརྟེན་མཚན་དེ་ལྟར་ཐོགས། རིན་ཅེན་སྙེ་མའི་མཇུག་ཏུ། ཐམས་ཅད་མཁྱེན་པ་ཞང་སྟོན་བསོད་ནམས་གྲགས། །མཉམ་མེད་དེ་ཡི་གསུང་ལ་བརྟེན་པའི་མཐུས། །རྒྱ་ཆེན་རྒྱུད་དང་རྒྱ་གར་མཁས་པའི་ལུགས། །བླ་མའི་མན་ངག་ཇི་བཞིན་འདིར་བཤད་


GLG001_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གངས་རིའི་ཁྲོད་འདིར་དཔལ་འཛིན་བཟང་པོ་ལ། ཞེས་གསུངས་པ་རང་བཞིན་བརྗོད་པའི་རྒྱན་ཁོ་ནར་མངོན་ཞིང་རྡོ་རྗེ་འཇིགས་མཛད་ཀྱི་སྒོ་ནས་ལས་བཞི་སྒྲུབ་པར་འདོད་ན་འདི་ཉིད་ལས་ལྷག་པའི་ལེགས་བཤད་བོད་ན་ཡོད་པར་མ་མཐོང་གསང་སྔགས་རྙིང་མ་བ་རྣམས་སྔགས་ཀློག་སུན་འབྱིན་གྱི་རྩོད་པ་འཁོན་དུ་བཟུང་ནས་ཡལ་བར་འདོར་བའི་མཆེད་པོར་པཎ་ཆེན་གསེར་མདོག་ཅན་པས་སྡོམ་གསུམ་ལ་དྲི་བ་མཛད་པ་དང་། ཆོས་རྗེ་ཐམས་ཅད་མཁྱེན་པས་རབ་གནས་དང་བདེ་མཆོག་ནག་པོའི་སྐོར་ལ་ཞུས་དག་པར་ས་ལུགས་རྣམས་རྗེ་བཙུན་གོང་མ་ལ་འཁྲུལ་པ་མེད་ཅེས་ལོག་པར་རྟོག །སྟག་ཚང་ལོ་ཙཱ་བས་རྣམ་བཤད་དགོངས་པ་རབ་གསལ་སོགས་ལ་རྩོད་པ་མཛད་པར་རང་ཕྱོགས་དགེ་ལུགས་རྣམས་ཆོས་རྗེ་ཤེར་རིན་པའི་ལེགས་བཤད་རྣམས་འདོར། སྡོམ་གསུམ་དང་ལྷག་བསམ་རབ་དཀར་སོགས་མཚང་དུ་ཕོག་པའི་དྭགས་བརྒྱུད་པ་རྣམས་རྗེ་བཙུན་ས་པཎ་དང་རྒྱལ་བ་བཙོང་ཁ་པར་མ་གུས་པའི་རྣམ་འགྱུར་སྟོན་པས་མཚོན་ཏེ་ཨ་ཕའི་གསོལ་ཞལ་མ་གཙང་དོགས་པའི་སྦུབས་འཐུམ་གྱི་ར་བར་ཐུགས་བློ་ཙབ་ཙུབ་ཏུ་གྱུར་པ་ཞིག་ཏུ་ཐུགས་བདེན་ནའང་། ཤེས་བྱའི་མཐའ་ལ་ཚད་གཟུང་མེད་པས་ཐུགས་སེམས་རང་མལ་དུ་ཕབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇོག་པ་ཞུ། དེ་ལྟར་གོང་དུ་སྨོས་པའི་སྨིན་གྲོལ་རྣམས་ལེགས་པར་ཐོབ་པ་ལས་དབང་བརྒྱུད་དང་པོ་ཁའུ་བའི་ལུགས་དང་། ས་བཅད་དང་པོ་དང་གཉིས་པའི་རྭའི་རྟགས་ཡོད་པ་དང་རྟགས་གང་ཡང་མེད་པའི་ལུང་རྣམས་དང་བཅས་པའི་བརྒྱུད་པ་ནི། འཇམ་དབྱངས་ཁྲོས་པ་དྲག་


GLG001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྡོ་རྗེ་འཇིགས་བྱེད་ཆེན་པོ། རྗེ་བཙུན་རྡོ་རྗེ་རོ་ལངས་མ། གྲུབ་ཆེན་ལ་ལཱི་ཏ་བཛྲ། རྡོ་རྗེ་གདན་པ་ཨ་མོ་གྷ་བཛྲ། པཎ་གྲུབ་ཡེ་ཤེས་འབྱུང་གནས་སྦས་པ། གྲུབ་ཆེན་པདྨ་བཛྲ། བླ་མ་བལ་བོ་བྷ་རོ་ཕྱག་རྡུམ། དཱི་པཾ་ཀ་ར་རཀྵི་ཏ་དང་གཅིག་ཀྱང་རྫོང་ལུགས་ཀྱི་གསན་ཡིག་ན་དཱི་བཾ་ཀཱ་ར་དང་བྷ་རོ་ཐུགས་རྗེ་ཆེན་པོ་ཞེས་སོ་སོར་བགྲངས་ཤིང་། བྷ་རོ་དང་ཐུགས་རྗེ་ཆེན་པོ་གཅིག་པ་སོགས་ཡིག་ནོར་བྱུང་བར་མངོན། རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང་། རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། ཁམས་པ་རྒྭ་ལོའི་སྐྱེ་བར་གྲགས་པས་དེ་ལྟར་ཐོགས། དེ་སྲས་རོང་པ་ཤེས་རབ་སེང་གེ །བྲག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ་བཟང་། རྭ་ལོ་གཉིས་པ་དག་པ་རྒྱལ་མཚན། གྲ་ཐང་བ་ཤེས་རབ་ཟླ་བའི་དབང་པོ། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །དགོན་གསར་བ་མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རྒྱུད་ལྔ་ནི་མཁན་ཆེན་བསླབ་གསུམ་པའང་གསན། དུས་དགྲའི་དབང་པོ་འཇམ་མགོན་བསོད་ནམས་མཆོག་ལྡན། རྩ་བའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བསྩལ་ཏོ། །ཡང་དབང་ཁེ་རྐྱང་གི་བརྒྱུད་ལུགས་རྣམ་གྲངས་ནི་ཚར་ཆེན། མཁྱེན་བརྩེའི་ཞབས། ཡབ་སྲས་དེ་གཉིས་ལ་རྗེ་དབང་རབ་ཀྱིས་གསན་པ་མན་འདྲ། ཡང་ན་རྗེ་མཁྱེན་བརྩེ་ལ། མཁན་བསླབ་གསུམ་པ། རྗེ་བསོད་ནམས་ཚུལ་ཁྲིམས་གཉིས་ཀྱིས་གསན། གཉིས་ཀ་ནས་རྗེ་དབང་རབ་མན་འདྲ། །དབང་བརྒྱུད་གཉིས་པ་ངོར་ལུགས་ནི། རོང་


GLG001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤེར་སེང་ནས། འཕགས་འོད་ཏན་རྒྱ་མཚོ། སྤང་ཁང་པ་གྲགས་པ་དཔལ་བཟང་། ཀུན་མཁྱེན་གངས་ཁྲོད་པ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་བརྟན་པ། རྗེ་བཙུན་སྒོ་རུམ་པ་ཆེན་པོ། ཚར་ཆེན་མན་འདྲ། །ཡང་ཀུན་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། རྭ་འབུམ་སེང་ཡན་གོང་ལྟར་ལ། དེ་ནས་རྭ་དཀོན་ཅོག་སེང་གེ །རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། སྲས་ཤེས་རབ་སེང་གེ །ཀུན་མཁྱེན་འཕགས་འོད། གྲུབ་ཆེན་ཀུན་དགའ་བློ་གྲོས། རྗེ་དགེ་བ་རྒྱལ་མཚན། ཆོས་རྗེ་རིན་ཅེན་རྣམ་རྒྱལ། འཇམ་དབྱངས་སངས་རྒྱས་རིན་ཅེན། རྗེ་བཙུན་སྒོ་རུམ་པ་ཆེན་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་གོང་ལྟར་རོ། །དབང་བརྒྱུད་གསུམ་པ་གོང་དཀར་ལུགས་དང་ལྡོང་གི་རྟགས་ཡོད་པའི་ལུང་བརྒྱུད་ནི། རྭ་འབུམ་སེང་ནས། ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཤར་གླིང་པ་རྒྱལ་མཚན་བཟང་པོ། སྒོ་རུམ་པ་དཀོན་ཅོག་རྒྱལ་མཚན། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་འཇིགས་མེད་དཔའ་བོ། བླ་མ་བསོད་ནམས་མཆོག་ལྡན། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་མན་སྔར་བཞིན་ནོ། །ཡང་ན་ཆོས་རྒྱལ་འཕགས་པ་ནས། གན་པ་ཆོས་རྒྱལ། གན་པ་ཆོས་


GLG001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རིན། གན་པ་རིན་རྒྱན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་མན་འདྲ། །ཡང་དབང་གི་བརྒྱུད་ཚུལ་མི་འདྲ་བ་གཅིག་དང་། ས་གཅད་དང་པོ་ཡོངས་རྫོགས་དང་རིགས་ཀྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། རོང་པ་ཤེས་རབ་སེང་གེ་ནས། མཉམ་མེད་གྲགས་པ་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་དགེ་ལེགས་བཟང་པོ། བླ་ཆེན་ཆོས་དཔལ་བཟང་པོ། རྩ་བརྒྱད་སྟོན་བཀྲ་ཤིས་བཟང་པོ། བྱ་བཏང་བསམ་གྲུབ་རྒྱལ་མཚན། སྔགས་འཆང་རྡོ་རྗེ་རྒྱལ་མཚན། རྗེ་ནམ་མཁའ་དཔལ་བཟང་། མང་ཐོས་དཔལ་ལྡན་ཆོས་སྐྱོང་། མཆོག་གི་སྤྲུལ་སྐུ་རིགས་འཛིན་ལེགས་ལྡན་རྡོ་རྗེ། ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲ། ཡང་དབང་བརྒྱུད་ལུགས་གཅིག་ནི་བླ་ཆེན་པ་ནས། རྗེ་སེང་གེ་དབང་ཕྱུག །རྗེ་འོད་ཟེར་སེང་གེ །དཔལ་ལྡན་ཆོས་སྐྱོང་མན་འདྲ། ཡང་ན་བླ་ཆེན་པ་ནས། གྲགས་པ་རྒྱལ་མཚན། རྗེ་ནོར་བུ་ཕུན་སུམ་ཚོགས། ཆོས་རྗེ་དགེ་བ་རྒྱལ་མཚན། དྲུང་བཙུན་རིན་ཅེན་རྣམ་རྒྱལ། རྗེ་ནོར་བུ་ཕུན་ཚོགས། དཔལ་ལྡན་ཆོས་སྐྱོང་མན་འདྲ། །ལུང་བརྒྱུད་ལུགས་གཅིག་ནི། རྗེ་དགེ་ལེགས་བཟང་པོ་ནས། རྫོང་པ་ཨཱ་ནནྡ་མ་ཏི། བླ་མ་ཤཱཀྱ་དཔལ། འཁོན་སྟོན་བྱམས་པ་དཔལ། རྗེ་དཔལ་ལྡན་ཆོས་སྐྱོང་མན་གོང་བཞིན་ནོ། །ཡང་དབང་གི་བརྒྱུད་ཚུལ་མི་འདྲ་བ་གཅིག་ནི། རྭ་འབུམ་སེང་ནས་རྭ་དྷརྨ་སེང་གེ །རྭ་དཀོན་ཅོག་སེང་གེ །རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། ཁམས་པ་ཡོན་ཏན་འབུམ། བླ་མ་བརྩོན་འགྲུས་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར། གྲུབ་


GLG001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཟང་པོ་རྒྱལ་མཚན། མཐུ་སྟོབས་དབང་ཕྱུག་འབོམ་པ་འཇིགས་བྱེད་པ་ཡེ་ཤེས་རྒྱལ་མཚན། རྭ་ཆེན་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ནས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ་བཟང་། དམར་སྟོན་རྒྱལ་མཚན་འོད་ཟེར་མན་གོང་ལྟར་རོ། །ཡང་ན་རོང་པ་ཤེར་སེང་ནས། མངའ་རིས་པ་སངས་རྒྱས་ཡེ་ཤེས། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། དམར་སྟོན་རྒྱལ་མཚན་འོད་ཟེར་མན་འདྲ། ཡང་ན་གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་ནས། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ངོར་ཆེན་ལྷ་མཆོག་སེང་གེ །རྭ་ཆེན་བསོད་ནམས་རྒྱལ་མཚན་མན་འདྲ། ཡང་དབང་གི་བརྒྱུད་ལུགས་གཅིག་ནི། ཁམས་སྟོན་ཡོན་ཏན་འབུམ་ནས། མཆོད་རྟེན་དཀར་པོ་སངས་རྒྱས་སྐྱབས། ལྷ་རིན་པོ་ཆེ་བསོད་ནམས་རིན་ཆེན། ཁྲོམ་ཡོན་ནམ་མཁའ་ལྷུན་བཟང་། ཆོས་རྗེ་རིན་ཅེན་རྣམ་རྒྱལ། ཆོས་རྗེ་ནོར་བུ་ཕུན་ཚོགས། ཆོས་རྗེ་དཔལ་ལྡན་བཀྲ་ཤིས། ཆོས་ལུང་ཤར་གླིང་པ་འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔལ་འབར། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། །རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཉམས་ཁྲིད་དང་རྒྱའི་རྟགས་ཡོད་པའི་ལུང་གི་བརྒྱུད་པ་ནི། རྭ་འབུམ་སེང་ཡན་དབང་བརྒྱུད་ལྟར་ལ། དེ་ནས་རྭ་དྷརྨ་སེང་གེ །རྭ་དཀོན་ཅོག་སེང་གེ །རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ་བརྩོན་འགྲུས་བྱང་ཆུབ། ཉན་པོ་བ་སློབ་དཔོན་ཀུན་དགའ་རྒྱ་མཚོ། དབུར་


GLG001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཡོན་ཏན་ཆོས་རིན། ཡེར་པ་བ་བརྩོན་འགྲུས་རྒྱ་མཚོ། མལ་དྲོ་བ་གྲུབ་ཆེན་ཆོས་སྐྱོང་རྒྱལ་མཚན། མདོ་ཁམས་པ་བླ་ཆེན་ཡོན་ཏན་རྒྱ་མཚོ། རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །བོ་དོང་མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིགས་ཀུན་ཁྱབ་བདག་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན། དུས་དགྲའི་དབང་པོ་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །རྣལ་འབྱོར་བཞིའི་ཉམས་ཁྲིད་ཐོབ་པའི་བརྒྱུད་པ་ནི། རྭ་འབུམ་སེང་ཡན་དབང་བརྒྱུད་ལྟར་ལ། དེ་ནས་རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཉང་སྟོད་ཨཱཪྻ་དེ་ཝ། གྲུབ་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་དགེ་བ་རྒྱལ་མཚན། ཆོས་རྗེ་རིན་ཅེན་རྣམ་རྒྱལ། རྗེ་བཙུན་སངས་རྒྱས་རིན་ཅེན། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ །ཐར་རྩེ་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་བསྩལ་ཏོ། །ཡང་ན་ཉམས་ཁྲིད་དེ་ཉིད་དང་མའི་རྟགས་ཡོད་པའི་ལུང་བརྒྱུད་ནི། སློབ་དཔོན་ཡེ་ཤེས་འབྱུང་གནས་སྦས་པ་ནས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། པཎྜི་ཏ་བྷཱུ་མི་ཤྲཱི། པཎ་ཆེན་བི་མཱ་ལ་ཤྲཱི། པཎྜི་ཏ་བིདྱ་ཨཱ་ཀ་ར། པཎྜི་ཏ་ས་དྱཱ་ཤྲཱི། གློ་བོ་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ། རྒྱལ་ཁམས་ལོ་ཙཱ་བ་མ་ཎི་ག་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་


GLG001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་བརྟན་པ། འགོས་སྟོན་རྡོ་རྗེ་སེང་གེ །རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །མཐུ་སྟོབས་དབང་ཕྱུག་དགོན་གསར་པ་བསོད་ནམས་ཆོས་འཕེལ། སྔགས་འཆང་དཀོན་ཅོག་ལེགས་པ། ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་མན་འདྲ། རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཞལ་གཅིག་ཕྱག་གཉིས་པའི་རྗེས་གནང་སྒོའི་རྟགས་ཡོད་པའི་ལུང་དང་བཅས་པའི་བརྒྱུད་པ་ནི། རྗེ་བཙུན་སྒོ་རུམ་པ་ཆེན་པོ་ཡན་དབང་བརྒྱུད་གཉིས་པ་ངོར་ལུགས་ལྟར་ལ། དེ་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བྱམས་པ་རབ་བརྟན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཉེ་བརྒྱུད་ནི། རྡོ་རྗེ་འཇིགས་བྱེད། རྗེ་སྒོ་རུམ་མན་འདྲ་ཞིང་། རྗེ་དབང་ཕྱུག་རབ་བརྟན་ཡན་ལ་བླ་མ་བཞི་ཡོད་པ་ཨོཾ་ཨཱཿཧཱུྃ་ཧོ་ཡིན་གསུང་ངོ་། །སྒྲུབ་ཐབས་བརྒྱ་རྒྱམ་སོགས་ན་གཤིན་རྗེ་དང་ཧེ་རུ་ཀ་གཙོ་རྐྱང་གི་རྗེས་གནང་བཤད་པ་དང་མཚུངས་པའི་འཇིགས་བྱེད་དཔའ་གཅིག་ཕྱག་གཉིས་པའི་རྗེས་གནང་རྭ་པའི་རྒྱུན་ལ་ཡོད་པ་ཡང་བསྐྱར་ཞལ་གཟིགས་ཀྱི་ཚུལ་དུ་བྱུང་བ་དང་བཅས་པའི་ཉེ་བརྒྱུད་རིང་བརྒྱུད་ཚང་བ་ཡིན་གྱི་གསང་འདུས་དུས་འཁོར་བདེ་དགྱེས་གཤེད་སྐོར་གྱིས་མཚོན་པའི་རྒྱུད་སྡེ་ཆེན་པོ་ཚོར་དབང་གོ་རྗེས་གནང་གིས་གཅོད་པ་སྟོང་འཁོར་བ་སོགས་ཁམས་ཕྱོགས་སུ་བྱུང་ཟེར་བ་སྡེ་པ་སྣང་རྩེ་བའི་དམ་རྫས་ལ་རིན་སྤུངས་ཞབས་དྲུང་ངག་དབང་འཇིགས་གྲགས་ཀྱིས། བག་ཕྱེ་བཙག་གིས་གྲིལ་བའི་རིལ་བུ་དང་། །ཨ་རུ་
གསེར་མདོག་བརྡུངས་པའི་ཕྱེ་མ་གཉིས། །ས་ཕྱོགས་འདི་ན་བྲིན་སྒོ་མི་འདུག་པས། །མོན་དང་ཀོང་པོའི་ཡུལ་ལ་གཤེགས་པ་ཞུ། །ཞེས་གསུངས་པ་དང་མཐུན་པར་དཔྱོད་ལྡན་རྣམས་ལ་མི་བྲིན་ཡང་དབང་རྟུལ་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱི་མགོ་བོ་མགལ་མེ་ལྟར་བསྐོར་བར་མངོན། །


previousདཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་ལྷ་དགུ་པ་རྭ་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ནོས་པའི་ལུང་བརྒྱུད་སོགས།next