Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
ཀྱེ་རྡོར་སྐོར་གྱི་དབང་བཞི་རྫོགས་པར་ནོས་པའི་ལུང་བརྒྱུད།
  
 
  
 
  
  
  
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousཀྱེ་རྡོར་སྐོར་གྱི་དབང་བཞི་རྫོགས་པར་ནོས་པའི་ལུང་བརྒྱུད།next

ཀྱེ་རྡོར་སྐོར་གྱི་དབང་བཞི་རྫོགས་པར་ནོས་པའི་ལུང་བརྒྱུད།


GLG001_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་ཀྱེ་རྡོར་བཀའ་བབས་བཞི་བཞུགས་པ་
ལས་རྣལ་འབྱོར་དབང་ཕྱུག་བིཪྺ་པ་དང་ཡེ་ཤེས་ཀྱི་མཁའ་འགྲོ་གཉིས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་གྲུབ་ཆེན་ཌོམྦྷི་ཧེ་རུ་ཀས་ལེགས་པར་བཀྲལ་བའི་ཀྱེ་རྡོར་ཌོམྦྷི་ལུགས་སུ་གྲགས་པ་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཐེག་ཆེན་རིན་པོ་ཆེས་མཛད་པའི་མངོན་རྟོགས་ཡན་ལག་དྲུག་པ་ལས་དང་པོ་པ་འཇུག་བདེ་དང་དཀྱིལ་ཆོག་ཀྱེ་རྡོར་རྣམ་པར་རོལ་པ་ལ་བརྟེན་ནས་དབང་བཞི་རྫོགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིཪྺ་པ། ཌོམྦྷི་ཧེ་རུ་ཀ །ཨ་ན་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི་ཛྙ་ན། འདི་གོང་དཀར་བའི་གསན་ཡིག་ན་མི་འདུག་ཀྱང་ཐར་རྩེ་བའི་གསན་ཡིག་ན་སྣང་བས་ཆད་དམ་སྙམ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ལོ་ཆེན། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱེ་ཆུ་བ་དགྲ་ལྷ་འབར། ས་ཆེན། རྩེ་མོ། རྐེ་བཙུན་པ། ས་པཎ། འཕགས་པ་རིན་པོ་ཆེ། ཞང་མདོ་སྡེ་དཔལ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ །མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། མཁས་གྲུབ་རིན་ཅེན་རྣམ་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། ཀུན་སྤངས་རིན་ཅེན་དབང་སྒྲོལ། བླ་མ་ཡེ་ཤེས་དབང་པོ། གྲ་ཐང་མཁན་ཆེན་བསོད་ནམས་རྒྱལ་པོ། མཁས་གྲུབ་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། མཚུངས་མེད་དགེ་བའི་དབང་པོ། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལ་སྩལ་ཏོ། །སློབ་དཔོན་ཨ་ནཾ་གའི་རྗེས་སུ་འབྲངས་པ་ཨོ་རྒྱན་གྱི་སློབ་དཔོན་དཔལ་པདྨ་བཛྲ་གྱིས་ལེགས་པར་བཀྲལ་བའི་ཀྱེ་རྡོར་མཚོ་སྐྱེས་ལུགས་ནས་གླིང་མ་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཐེག་


GLG001_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རིན་པོ་ཆེས་མཛད་པའི་མངོན་རྟོགས་ཟུང་འཇུག་རྣམ་རོལ་དང་རྗེ་བཙུན་རྩེ་མོས་མཛད་པའི་དཀྱིལ་འཁོར་གྱི་ལས་རིམ་བླ་མའི་ཕྱག་བཞེས་ལྟར་བཀོད་པ་ལ་དབང་གོང་མ་མན་ངག་ལུགས་ནས་ཁ་བསྐངས་ཏེ་དབང་བཞི་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བི་ལཱ་ས་བཛྲ། ཡན་ལག་མེད་པའི་རྡོ་རྗེ། སློབ་དཔོན་མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨཱི་ཀ་ར། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། གྷ་ཡ་དྷ་ར། བླ་ཆེན་འབྲོག་མི། སེ་སྟོན་ཀུན་རིག །ཞང་སྟོན་ཆོས་འབར། རྗེ་བཙུན་ས་ཆེན། རྟ་སྟགས་པོ་པ། དེ་དབོན་ཆོས་ཀྱི་ཤེས་རབ་དང་ལ་ཁ་བ་རྒྱལ་མཚན་གྲགས་པ། དཔལ་ཆུ་བོ་རི་པ། ཐར་རྩེ་པའི་གསན་ཡིག་ན་སྣང་བས་གོང་དཀར་པའི་གསན་ཡིག་ན་མི་འདུག་པ་ཆད་དམ་སྙམ། ཞང་དཀོན་ཅོག་དཔལ། བླ་མ་ཀུན་བསོད་པ། བླ་མ་དཔལ་ལྡན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མཁས་གྲུབ་རིན་ཅེན་རྣམ་རྒྱལ། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་མཁྱེན་རབ་རྣམ་རྒྱལ། བླ་མ་ཡེ་ཤེས་དབང་པོ། བླ་མ་ཤཱཀྱ་བསམ་གྲུབ། རྡོ་རྗེ་འཛིན་པ་དགེ་བའི་དབང་པོ། བཀའ་དྲིན་མཉམ་མེད་ཞ་ལུ་མཁན་ཆེན། དེས་བདག་ཟ་ཧོར་བནྡེ་ལའོ། །སློབ་དཔོན་ནག་པོ་དམ་ཚིག་རྡོ་རྗེ་ལེགས་པར་བཀྲལ་བའི་སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེ་ལྷ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གྱིས་རྡོ་རྗེ་གདན་པ་ཆེན་པོས་མཛད་པའི་སྟོད་ཆ་དང་གསུང་མཆན་ལ་བརྟེན་ནས་བསྒྲིགས་པའི་མངོན་རྟོགས་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་དང་། དབང་གི་ཆོ་ག་ལ་བརྟེན་ནས་དབང་བཞི་རྫོགས་པར་


GLG001_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། ནག་པོ་དམ་ཚིག་རྡོ་རྗེ། བྲམ་ཟེ་ནག་པོ་པ། ཐར་རྩེ་བའི་གསན་ཡིག་ན་ནག་པོ་ཞི་བ་བཟང་པོ་ཟེར་བ་སྣང་། འགོས་ཁུག་པ་ལྷས་བཙས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱེ་ཆུ་བ་དགྲ་ལྷ་འབར། བརྩེ་བ་ཆེན་པོ། སློབ་དཔོན་ཆེན་པོ། རྗེ་བཙུན་རིན་པོ་ཆེ། དཀར་ཤཱཀྱ་གྲགས། བདེ་ལུང་པ་ཀུན་བཟང་དཔལ། དཀར་གྱི་དབོན་པོ་ཡིན། བླ་མ་དར་མ་ཡེ་ཤེས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་འཇིགས་མེད་དཔའ་བོ། མཁས་གྲུབ་རིན་ཅེན་རྣམ་རྒྱལ། བླ་མ་ཨོ་རྒྱན་རྒྱལ་པོ། གྲ་ཐང་མཁན་ཆེན་བསོད་ནམས་རྒྱལ་པོ། རྡོ་རྗེ་འཛིན་པ་དགེ་བའི་དབང་པོ། བཀའ་དྲིན་མཉམ་མེད་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་འགོས་ལོ་ཙཱ་བ་ནས། རྒྱལ་ཚ་རྟ་ཕུག་པ། དེའི་གདན་ས་པ་ཉི་མ་རྒྱལ་མཚན། ཨེ་པ་འཁོན་སྟོན། འཇམ་དབྱངས་བཞི་ཐོག་པ། བླ་མ་ཀུན་དགའ་སེང་གེ །བླ་མ་སེང་གེ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ་མན་འདྲ། །དཔལ་ཀྱེ་རྡོ་རྗེ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ས་ར་ཧ། ཀླུ་སྒྲུབ། ཌཱ་ཀི་མ་སྐལ་བ་བཟང་མོ། ལཱ་ཝ་པ། དེ་བཞི་ལ་ཏཻ་ལོ་པས་ནོས། ནཱ་རོ་པ། མངའ་བདག་མར་པ་ཆོས་ཀྱི་བློ་གྲོས། རྔོག་སྟོན་ཆེན་པོ་ཆོས་སྐུ་རྡོ་རྗེ། རྔོག་མདོ་སྡེ། རྔོག་ཀུན་དགའ་རྡོ་རྗེ། རྔོག་དགེ་སློང་གཟི་བརྗིད་གྲགས་པ། རྔོག་རིན་ཅེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་མཚན། རྔོག་དོན་གྲུབ་དཔལ་བཟང་། རྔོག་བྱང་ཆུབ་དཔལ་བ། རྔོག་རིན་ཅེན་དཔལ་བཟང་། རྔོག་


GLG001_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་དཔལ་གྲུབ། རྔོག་བྱང་ཆུབ་གྲགས་པ། རྔོག་བློ་གྲོས་དཔལ་བཟང་། རྔོག་དཔལ་འབྱོར་དོན་གྲུབ། རྔོག་འཇམ་དབྱངས་འོད་ཟེར། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །བདག་མེད་ལྷ་མོ་བཅོ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རྔོག་ལུགས་ཀྱི་དབང་ཐོབ་པའི་བརྒྱུད་པའང་ཡབ་བཀའ་དང་གཅིག་གོ །ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་དང་དཀྱིལ་ཆོག་བདེ་ཆེན་རྒྱ་མཚོ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་དཀྱིལ་གྱི་གསལ་བྱེད་རབ་གསལ་སྣང་བ་རྣམས་ལ་བརྟེན་ནས་དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་ཐུན་མོང་མ་ཡིན་པ་གུར་རིགས་བསྡུས་པ་མཁའ་འགྲོ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་མན་ངག་ལུགས་དང་འགྲེལ་པ་ལུགས་གཉིས་ལས་འགྲེལ་པ་ལུགས་ཀྱི་དབང་བཞི་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། གྲུབ་ཆེན་བིཪྺ་པ། སློབ་དཔོན་ཌོམྦྷི་ཧེ་རུ་ཀ །ཨ་ལ་ལ་བཛྲ། བཱ་ན་པི་པ། གརྦྷ་རི་པ། བསོད་སྙོམས་པ་ཛ་ཡ་ཤྲཱི་ཛྙཱ་ན། སློབ་དཔོན་མི་ཐུབ་ཟླ་བ། གྲུབ་ཆེན་པྲཛྙ་ཨིནྡྲ་རུ་ཙེ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་འདི་གཉིས་ཀྱི་ཚབ་ཏུ་འཁོན་དཀོན་ཅོག་རྒྱལ་པོ་སྣང་ཞིང་ཕྱི་མ་འདི་མཁྱེན་བརྩེ་དང་ཐར་རྩེའི་གསན་ཡིག་ན་དཀྱུས་ལྟར་འདུག་པ་དགྲ་ལྷ་འབར་མིན་ནམ་དཔྱད། འཁོན་སྒྱེ་ཆུ་བ་ཤཱཀྱ་འབར། རྗེ་བཙུན་ས་སྐྱ་པ་ཆེན་པོ། ནེ་ཙེ་སྦས་སྟོན། རྟ་སྟག་སོ་བ་རིན་ཅེན་དོན་གྲུབ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། ཐར་རྩེ་བའི་གསན་ཡིག་ཏུ་མི་འདུག་ཀྱང་མཁྱེན་བརྩེའི་དེར་སྣང་བས་


GLG001_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་དམ་སྙམ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཆོས་རྗེ་སངས་རྒྱས་དཔལ་གྲུབ། མངའ་རིས་པ་ནམ་མཁའ་བརྟན་པ། འཇམ་དབྱངས་དཀོན་ཅོག་ལྷུན་གྲུབ། ངོར་ཤར་ཁང་པ་ཤེས་རབ་རྒྱལ་མཚན། དེ་ལ་ཨེ་ཝཾ་ཐར་རྩེ་པ་ནམ་མཁའ་དཔལ་བཟང་དང་མུས་པ་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། གཉིས་ཀ་ལ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་ནས་རྩ་བའི་བླ་མ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ངོར་ཆེན་ནས། ཁྭ་ཆར་པ། ཀུན་མཁྱེན་སེང་གེའི་མཚན་ཅན། ཡོངས་འཛིན་དཀོན་ཅོག་འཕེལ། ངོར་ཆེན་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་པ་ནམ་མཁའ་དཔལ་བཟང་མན་འདྲ། ཀྱེ་རྡོ་རྗེ་རིགས་བསྡུས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ལྷ་བཞི་བཅུ་རྩ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཐོབ་པའི་བརྒྱུད་པ་ནི། རྔོག་མདོ་སྡེ་ཡན་ཀྱེ་རྡོར་ལྷ་དགུ་ལྟར་ལ། དེ་ནས་རམ་རྡོ་རྗེ་གྲགས། བཀའ་ལུང་གཉན་སྒོམ། མངའ་རིས་པ་བྱང་ཆུབ་ཚུལ་ཁྲིམས། རྒྱ་པོ་བ་ལུང་པ། བླ་མ་རྒྱལ་པོ་དགའ། རྔོག་སེང་གེ་གྲགས། རྔོག་ཆོས་ཀྱི་རྒྱལ་མཚན་མན་ལྷ་དགུ་བཞིན་ནོ། །བདེ་དགྱེས་གཉིས་ཀྱི་བཤད་རྒྱུད་ཐུན་མོང་བ་སམྦུ་ཊི་ནས་གསུངས་པའི་རྡོར་དབྱིངས་ལྷ་སུམ་ཅུ་རྩ་བདུན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་སྙེ་མ་དང་དཀྱིལ་ཆོག་ཚོགས་གཉིས་སྙེ་མ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་


GLG001_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་སྙེ་མ། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཟིན་བྲིས་པད་མ་ཁ་འབྱེད་རྣམས་ལ་བརྟེན་ནས་དབང་བཞི་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་། ཌོམྦྷི་ཧེ་རུ་ཀ །ཨ་ལ་ངོ་མཚར་རྡོ་རྗེ། ལ་བཛྲ་དཔལ་ལྡན་ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། རྒྱལ་བ་དཔལ། མཁྱེན་བརྩེ་དང་ཐར་རྩེ་པའི་གསན་ཡིག་ན་མི་འདུག་ཀྱང་ཤར་བའི་དེར་སྣང་བ་ཆད་དམ་སྙམ། སློབ་དཔོན་མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ། བླ་ཆེན་འབྲོག་མི། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱེ་ཆུ་བ་དགྲ་ལྷ་འབར། རྗེ་བཙུན་ས་ཆེན། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། ཚོགས་སྒོམ་པ། གཉགས་སྙིང་པོ་རྒྱལ་མཚན། ཞང་བཀྲ་ཤིས་དཔལ། སྤང་ཁང་པ་གྲགས་པ་དཔལ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཀུན་མཁྱེན་བསོད་ནམས་སེང་གེ །མུས་ཆེན་སངས་རྒྱས་རིན་ཅེན། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། ཐར་རྩེ་པ་ནམ་མཁའ་དཔལ་བཟང་། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་བ་ཤེས་རབ་འབྱུང་གནས། སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན། རྡོ་རྗེ་འཆང་མཁན་ཆེན་ཞ་ལུ་བ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སངས་རྒྱས་རིན་ཅེན་ནས། ས་ལོ་འཇམ་དཔལ་རྡོ་རྗེ། དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་སངས་རྒྱས་རིན་ཅེན་ནས། ཆོས་རྗེ་དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང་མན་འདྲ། ས་མཱུ་ཊི་ནས་གསུངས་པའི་འདའ་ཁ་མའི་ཉམས་ལེན་རྒྱལ་བ་བཙོང་ཁ་པ་ཆེན་པོས་ལེགས་པར་


GLG001_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲལ་བའི་འཕོ་འཁྲིད་གསེར་གྱི་སྒོ་འབྱེད་ཀྱི་ཉམས་འཁྲིད་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་བཙོང་ཁ་པ་ཆེན་པོ་ནས་རིམ་པར་བརྒྱུད་དེ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ།།ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་སམྦུ་ཊིའི་རྒྱུད་ལ་བརྟེན་ནས་མཛད་པའི་ཐོག་བསྲུང་གི་ལུང་བརྒྱུད་ནི། ཐམས་ཅད་མཁྱེན་པ་རིན་ཅེན་གྲུབ། ཐུགས་སྲས་སེམས་དཔའ་ཆེན་པོ། རྗེ་དངོས་གྲུབ་དཔལ། མཁས་པ་ཟླ་བ་དཔལ་རིན། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཅེན་རྒྱལ་པོ། རྗེ་དོན་གྲུབ་རྒྱལ་མཚན། བྱང་གླིང་བཀྲ་ཤིས་རྒྱལ་མཚན། རྗེ་ཀུན་དགའ་བཀྲ་ཤིས། མཚུངས་མེད་དཀོན་ཅོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་མཁན་ཆེན། དེས་བདག་ལའོ། །འཇམ་དབྱངས་དཀོན་ཅོག་ལྷུན་གྲུབ་ཀྱི་ཡི་གེའི་སྟེང་ནས་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ནས་ལེགས་པར་གསུངས་པའི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་སུ་གནང་བ་ཐོབ་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཌཱ་ཀི་མ་དྲི་མེད་གཟི་བརྗིད། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། མཆིམས་སྟོན་ཆོས་ཀྱི་སེང་གེ །འཇམ་གསར་ཤེས་རབ་འོད་ཟེར། རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་ཤེས་རབ་སེང་གེ །བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་།


GLG001_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཡོངས་འཛིན་དཀོན་ཅོག་འཕེལ། བདག་ཆེན་ངག་གི་དབང་ཕྱུག །ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །གློ་བོ་མཁན་ཆེན་ལེགས་འབྱུང་། ས་ལོ་ཐམས་ཅད་མཁྱེན་པ། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་རྒྱལ་ཚབ་ཀུན་དབང་ནས། ཡོངས་འཛིན་དཀོན་ཅོག་འཕེལ། རྒྱལ་བ་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །དེ་ལ་ཐར་རྩེ་པ་ནམ་མཁའ་དཔལ་བཟང་དང་མུས་པ་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། གཉིས་ཀ་ལ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་ནས་ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་རྗེས་གནང་དང་། མངོན་རྟོགས་རྗེས་གནང་གི་ཡི་གེ་རྗེ་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང་ནོས་པའི་བརྒྱུད་པ་ནི། རྗེ་ལྷ་མཆོག་སེང་གེ་ནས། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། ཐར་རྩེ་པ་མན་འདྲ། ཡང་ན་ངོར་ཆེན་ནས། རྗེ་ཤེས་རབ་རྒྱ་མཚོ། ཡོངས་འཛིན་དཀོན་ཅོག་འཕེལ་མན་འདྲ། ཡང་ན་དཀོན་ཅོག་འཕེལ་ནས། མངའ་རིས་པ་ནམ་མཁའ་བརྟན་པ། རྗེ་དཀོན་ཅོག་ལྷུན་གྲུབ་མན་འདྲ། རྗེས་གནང་གི་བརྒྱུད་པ། ཡང་ན་རྫོགས་པའི་སངས་རྒྱས། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་བྷ་ཡཱ་ཀ་ར། ཤུ་བྷཱ་ཀ་ར་གུཔྟ། པཱུ་ཛ་ཏི་གུཔྟ། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། ཀཱིརྟི་པཎྜི་ཏ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། དགུང་ལོ་བརྒྱ་དང་བདུན་བཞུགས། རྒྱལ་མཚན་རིན་ཅེན། གར་ཐིག་པ་


GLG001_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་རྒྱལ། དཀའ་བཅུ་པ་གཞོན་ནུ་སེང་གེ །བླ་མ་མགོན་པོ་འབུམ། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། སྒྲུབ་ཁང་པས་མཛད་པའི་བརྒྱུད་འདེབས་རྒྱལ་བ་ཀུན་དངོས་མའི་ལུང་ནི། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཐར་རྩེ་ནམ་མཁའ་སངས་རྒྱས། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །རབ་འབྱམས་པ་རིན་ཅེན་དཔལ་བཟང་གིས་མཛད་པའི་ཡི་གེའི་སྟེང་ནས་སོའི་སྔགས་འཆང་སྙེ་མདོ་ཤཱཀྱ་དཔལ་ལ་གསང་བའི་བདག་པོས་དངོས་སུ་གནང་བའི་གུར་ནས་གསུངས་པ་དང་འབྲེལ་བ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་མེའི་དབང་དང་བཅས་པའི་ཉེ་བརྒྱུད་ནི། ཕྱག་ན་རྡོ་རྗེ། སོའི་སྔགས་འཆང་ཤཱཀྱ་དཔལ། བླ་ཆེན་ཆོས་དཔལ་བ། ཆོས་རྗེ་རིན་ཅེན་དཔལ་བཟང་། བླ་མ་ལྷ་དབང་བློ་གྲོས། རྗེ་ཆོས་གྲགས་པ། ཞ་ལུ་མཁན་ཆེན་བསོད་ནམས་དབང་པོ། བླ་མ་དམ་པ་ཤཱཀྱ་སེང་གེ །རྩ་བའི་བླ་མ་ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཡང་ན་རྗེ་རིན་ཅེན་དཔལ་བཟང་ནས། མཁས་གྲུབ་ཀུན་དགའ་དཔལ་འབྱོར། རྗེ་ཆོས་གྲགས་པ་མན་འདྲ།འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ཡི་གེ་ལྟར་རྡོ་རྗེ་གུར་ནས་གསུངས་པའི་ལས་རྒྱས་པའི་ལྷ་སོ་སོར་འབྲང་མའི་རྗེས་གནང་དང་། དེའི་སྒྲུབ་ཐབས་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པ། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་རྗེས་གནང་གི་ཡི་གེའི་ལུང་དང་བཅས་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིཪྺ་པ། ཌོམྦྷི་པ། ཨ་ལ་ལ་བཛྲ། བཱ་ན་བི། གརྦྷ་རི་པ། སནྡ་པ། དུརྒ་ཙནྡྲ། བཱི་ར་བཛྲ། འབྲོག་མི་ལོ་ཙཱ་བ། སེ་སྟོན་ཀུན་རིག །འཁོན་དཀོན་ཅོག་རྒྱལ་པོ། བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་


GLG001_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་རིན་པོ་ཆེ། ས་པཎ། འཕགས་པ་རིན་པོ་ཆེ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་དཔལ་ལྡན་སེང་གེ །ཆོས་རྗེ་བླ་མ་དམ་པ། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། བདག་ཆེན་བློ་གྲོས་དབང་ཕྱུག་རྒྱལ་མཚན། དགེ་སློང་ཆོས་སྐྱོང་གྲགས་པ། ཆོས་རྗེ་རྡོ་རྗེ་རྒྱལ་མཚན། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བཀའ་དྲིན་མཉམ་མེད་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྗེ་བཙུན་གྲགས་པ་ནས། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། ཆོས་རྗེ་བསོད་ནམས་སྐྱབས། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་འབྲོག་མི་ནས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱེ་ཆུ་བ། རྗེ་བཙུན་གོང་མ་ལྔ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །རོང་པ་ཤེས་རབ་སེང་གེ །བླ་མ་མགོན་པོ་འབུམ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་ཐུབ་པའི་དབང་པོ། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། པཎ་ཆེན་མྱ་ངན་མེད་པའི་དཔལ། པཎྜི་ཏ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ་མན་འདྲ། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་འཇིགས་བྱེད་མུན་པ་ཚལ་གྱི་དུར་ཁྲོད་དུ་བྲམ་ཟེ་མཆོག་སྲེད་ལ་མགོན་པོའི་རྒྱུད་མན་ངག་རྣམས་གསན་ཞིང་ཁྱད་པར་རྡོ་རྗེ་གུར་ནས་བཤད་པའི་མགོན་པོ་འདི་ཉིད་ཀྱི་རྗེས་གནང་གསན་པའི་ཚེ་ནམ་སྲོད་ཀྱི་ཆར་སྤྲིན་ནག་


GLG001_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བའི་མདོག་ཅན་གྱི་དབུས་ན་ཞབས་པུས་མན་ཆད་ནུབ་པའི་སྐུའི་སྣང་བ་གསལ་བར་བསྟན་པས་གུར་མགོན་སྤྲིན་གསེབ་མར་གྲགས་པའི་རྗེས་གནང་བསྟན་འཛིན་ཉི་ཟླ་བཟང་གིས་མཛད་པའི་དགྲ་བགེགས་ཚར་གཅོད་ཀྱི་ཡི་གེ་བཞིན་ནོས་པའི་བརྒྱུད་པ་ནི། སློབ་དཔོན་བྲམ་ཟེ་མཆོག་སྲེད། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྗེ་བཙུན་གྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། རྗེ་ངག་དབང་ཉི་མ་བཟང་པོ། སྤྲུལ་སྐུ་བསོད་ནམས་དབང་ཕྱུག །གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། །དབྱུག་གུ་སྤུན་གསུམ་རྒྱུད་སྡེ་ཕྱོགས་གང་དུ་གཏོགས་གསལ་བར་མ་བྱུང་ཡང་། གོང་གནོན་འབྱུང་འདུལ་གྱིས་མཛད་པ་སོགས་དང་བཅས་དེའི་སྡེབས་སུ་འབྲེལ་མཚུངས་པར་མངོན་ལ། འདི་ཉིད་ཀྱི་ཆོས་སྐོར་མགོན་པོ་ཀླུ་སྒྲུབ་དང་བླ་མ་རྡོ་རྗེ་གདན་པ་སོགས་ལས་ཉེ་བར་བརྒྱུད་དེ་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་ནོར་གྱི་ལྷ་མོ་ཐུགས་གཙིགས་ཅན་གྱི་ཆོས་སྐོར་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཤ་ཟའི་གནོད་སྦྱིན་མོ་མཁའ་འགྲོ་ཀུན་ནས་འཁྱིལ་བའི་རྟོགས་པ་ལས་ཕྱུང་བའི་སྒྲུབ་༼༽ཐབས་བླ་མ་རྡོ་རྗེ་གདན་པ་དང་བ་རི་ལོ་ཙཱ་བས་བརྒྱུར་བ། རྡོ་རྗེ་གདན་པས་མཛད་པའི་གནོད་སྦྱིན་མོ་ཀུན་ནས་འཁྱིལ་བའི་དོན་༼༽འདུས་འགྲེལ་པ་བ་རི་ལོ་ཙཱ་བས་བསྒྱུར་བ་ལ་སླར་པ་ཚབ་ལོ་ཙཱ་བས་འགྱུར་བཅོས་མཛད་པ། དེའི་སྙིང་པོ་ས་ཆེན་གྱིས་མཛད་པ་བླ་མ་བ་རི་བ་རྒྱ་གར་དུ་བཞུགས་དུས་ཤིན་ཏུ་བཀྲེན་པར་རྡོ་རྗེ་གདན་པས་གནང་ནས་ཟས་གོས་ནོར་གསུམ་ཚེགས་མེད་དུ་འོང་གསུངས་པའི་ལོ་རྒྱུས་དང་བཅས་པའི་མན་ངག །ལོ་


GLG001_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཙཱ་བ་བོད་དུ་འབྱོན་དུས་རྡོ་རྗེ་གདན་པས་སྐྱེལ་ཐུང་མཛད་ནས་གནང་བའི་ཐུགས་དམ་མཁའ་འགྲོ་མའི་དངོས་གྲུབ་ལག་བཅངས། སྤུན་གསུམ་གྱི་མངོན་རྟོགས་གསལ་བྱེད་བཙལ་སླ་བ་ཡིན་ནོའི་མཐའ་ཅན། རྟེན་བཅའ་བ་དང་གཏོར་མ་གཏང་ཐབས་ཕུན་སུམ་ཚོགས་པར་བྱེད་དོའི་མཐའ་ཅན། ཆང་བུ་བསྔོ་ལུགས་དང་ཚིགས་བཅད་མཁའ་འགྲོ་ཆེན་མོ་མ། ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་དགེ་ཚུལ་བྱམས་པ་བཟང་པོའི་དོན་དུ་མཛད་པའི་སྒྲུབ་ཐབས་བསམ་དོན་ཀུན་འགྲུབ། ཤཱཀྱའི་དགེ་སློང་རཏྣའི་མཐའ་ཅན་གྱིས་བསྐུལ་བའི་ཙཀྲ་ལ་བརྟེན་ནས་དབང་བསྡུས་ཟབ་མོའི་ལག་ལེན་གསལ་བར་བཀོད་པ་བསམ་འཕེལ་ནོར་བུ་རྣམས་ཐོབ་པ་ལས་གཡུང་དྲུང་གི་རྟགས་ཀྱི་བརྒྱུད་པ་ནི། ཐུབ་དབང་། འཇམ་དབྱངས་སློབ་དཔོན་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ། གྲགས་པ། ས་པཎ། འཕགས་པ། ཚོགས་སྒོམ་པ། ཉན་ཆེན་པ། བྲག་previous hit ཕུག་པ། བླ་མ་བློ་བཟང་པ། སེང་གེ་དཔལ། བླ་མ་བསོད་ནམས་རྒྱལ། ཆག་ལོ་རིན་ཅེན་ཆོས next hit་རྒྱལ། བར་འདི་ནས་བླ་མ་གཉིས་ཙམ་མ་རྙེད། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རིན་པོ་ཆེ་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །ཆོས་སྐོར་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆག་ལོ་རིན་ཅེན་ཆོས་རྒྱལ་ནས། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། འཇམ་དབྱངས་དཀོན་ཅོག་རྒྱ་མཚོ། སྤུན་གསུམ་བྲན་འཁོལ་མུས་ཆེན་སངས་རྒྱས་རྒྱལ་མཚན། ས་ཆེན་


GLG001_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་ཞ་ལུ་པ། དེས་བདག་ལའོ། །ཡང་ན་ས་ལོ་ནས། པཎ་ཆེན་ནམ་མཁའ་དབང་ཕྱུག །རྗེ་ཆོས་དབང་པ། རྗེ་སངས་རྒྱས་རྒྱལ་མཚན་མན་འདྲ། ཡང་ན་ས་པཎ་ནས། བླ་མ་ཁང་སྟོན་པ། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཇོ་ནང་ཀུན་མཁྱེན། བླ་མ་བྱང་སེང་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་སེམས་དཔའ་ཆེན་པོ། བསོད་ནམས་སེང་གེ །དེ་སྲས་བྱ་བཏང་རྗེ། རྗེ་ནམ་མཁའ་སངས་རྒྱས། རྗེ་ཆོས་དབང་པ་མན་འདྲ། །མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དམར་མོའི་རྗེས་གནང་གི་བརྒྱུད་པ་ནི། སེང་གདོང་མ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ར་ས་ཆོས་གྲགས། བླ་མ་དོན་ཡོད་རྡོ་རྗེ། པཎ་ཆེན་ནགས་ཀྱི་རིན་ཅེན། ལོ་ཙཱ་བ་མཛྙུ་ཤྲཱི། རྗེ་བསམ་གྲུབ་རྒྱལ་མཚན་མཁས་བཙུན་ཨཱ་ནནྡ་དྷྭ་ཛ། རྗེ་ནོར་བུ་ཕུན་ཚོགས། རྗེ་ལྷ་དབང་བློ་གྲོས། ངོར་པ་སངས་རྒྱས་སེང་གེ །ཐར་རྩེ་ནམ་མཁའ་དཔལ་བཟང་། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ས་ཆེན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་ཞ་ལུ་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །སྒྲུབ་ཐབས་རྗེས་གནང་ཐར་རྩེ་པས་མཛད་པའི་ལུང་བརྒྱུད་ནི། རྩོམ་པ་པོ། ཤར་ཆེན་ཀུན་དགའ་བཀྲ་ཤིས། ཐར་རྩེ་ནམ་མཁའ་སངས་རྒྱས། སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན། ཞ་ལུ་བ་ཆེན་པོ། དེས་བདག་ལའོ། །རྗེས་གནང་གི་ཡི་གེ་ཡིད་བཞིན་ནོར་བུ་རིན་པོ་ཆེའི་སྟེང་ནས་མེ་ལོང་དགོན་པ་བ་བོ་དོང་པཎ་ཆེན་པདྨ་གར་དབང་ལ་ཡེ་ཤེས་ཀྱི་མཁའ་འགྲོ་སིདྷ་མུ་ཁས་དངོས་སུ་གནང་བའི་ཕྱི་སྒྲུབ་སེང་གདོང་ལྷ་དགུའི་རྗེས་


GLG001_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ནོས་ནས། ལུང་ལ་པདྨ་གར་དབང་གིས་མཛད་པའི་ཕྱི་སྒྲུབ་ལྷ་དགུའི་མངོན་རྟོགས། རྒྱུན་ཁྱེར་གཙོ་རྐྱང་གི་ཉམས་ལེན་བྱ་ཚུལ། གཙོ་རྐྱང་གི་རྗེས་གནང་ཡིད་བཞིན་ནོར་བུ་རྣམས་ལེགས་པར་ཐོབ་པའི་རིང་བརྒྱུད་ནི། རྡོ་རྗེ་འཆང་། ཌཱ་ཀི་སིདྡྷ་མུ་ཁ། བ་རི་ལོ་ཙཱ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། འཕགས་པ། ཉེ་གནས་རོང་པོ་རྡོ་རྗེ། རོང་པོ་སངས་རྒྱས་ཡེ་ཤེས། རོང་པོ་བླ་མ་རིན་པོ་ཆེ། གཡག་སྡེ་པཎ་ཆེན། རྗེ་བཙུན་མ་ཙི་མུ་བཾ། གནས་རྙིང་པ་མཁས་མཆོག་རིན་ཅེན་བསམ་གཏན་དཔལ་བཟང་། རྟོགས་ལྡན་ནམ་མཁའ་སངས་རྒྱས། ཐུགས་སྲས་རས་ཆེན་ཀུན་དགའ་དར་པོ། ཐུགས་སྲས་ཀུན་དགའ་བཟང་པོ། པཎ་ཆེན་བྱམས་པ་ཆོས་ཀྱི་ཉི་མ། པཎ་ཆེན་པདྨ་གར་དབང་། དཀའ་བཞི་ཚུལ་ཁྲིམས་འགྱུར་མེད། རས་ཆེན་ཀུན་དགའ་ལྷ་དབང་། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །སྔ་འགྱུར་ལྟར་ན་ཀུན་བཟང་ཡབ་ཡུམ། སེང་གེའི་གདོང་ཅན། ཨོ་རྒྱན་ཆེན་པོ། མཁར་ཆེན་བཟའ་འཚོ་རྒྱལ། རྟོགས་ལྡན་ནམ་མཁའ་སངས་རྒྱས་མན་འདྲ། །སངས་རྒྱས་མགོན་པོ་ཟེར་བའང་སྣང་། ཉེ་བརྒྱུད་ནི། སེང་གེའི་གདོང་ཅན། པདྨ་གར་དབང་མན་གོང་བཞིན་ནོ། །ལྷ་དགུ་སོ་སོའི་རྗེས་གནང་ཐོབ་པའི་བརྒྱུད་པའང་གོང་དང་འདྲ།བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་མངོན་རྟོགས་མི་བརྗེད་པའི་དྲན་བྱེད་དང་རྔོག་གཞུང་བ་རིན་ཅེན་དཔལ་བཟང་གིས་མཛད་པའི་མངོན་དཀྱིལ་བཅས་པར་བརྟེན་ནས་རྒྱུད་གསར་གྱི་ཆར་པ་སོགས་ནས་བསྟན་པའི་རྣམ་སྣང་གི་རིགས་དཔལ་རྣལ་འབྱོར་ནམ་མཁའ་འམ་རྡོ་རྗེ་གདན་


GLG001_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡབ་བཀའ་ལྷ་དགུ་བཅུ་རྩ་བདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ནོས་པའི་བརྒྱུད་པ་ནི། དཔལ་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། བུ་སྟོན་རྔོག་པ་བཀའ་འགྱུར་བ་གསུམ་གྱི་གསན་ཡིག་ན་མི་འདུག་ཀྱང་རྗེ་བཙུན་བཙོང་ཁ་པ་དང་ངོར་ཆེན་གྱི་དེར་སྣང་ངོ་། །དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཨཱཪྻ་དེ་ཝ། ཏཻ་ལོ་པ། ནཱ་རོ་པ། དགེ་བའི་གོ་ཆ། འདི་མན་གྱི་རྒྱ་གར་བ་བཞི་པོ་བུ་སྟོན་རྗེ་བཙོང་ཁ་པ་ངོར་ཆེན་གསུམ་གྱི་གསན་ཡིག་ན་མི་གསལ་ཡང་རྔོག་པའི་རྒྱུན་བཞིན་རྩ་བའི་བླ་མའི་གསན་ཡིག་ན་སྣང་ངོ་། །བདེ་བའི་གོ་ཆ། རྣམ་རྒྱལ་དབང་པོའི་སྡེ། ཐང་ཆུང་པ། རྗེ་མར་པ་ལོ་ཙཱ། རྔོག་ཆོས་སྐུ་རྡོ་རྗེ། རྔོག་མདོ་སྡེ། རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས། རྔོག་རིན་ཅེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་པོ། རྔོག་དོན་གྲུབ་དཔལ་བཟང་། རྔོག་བྱང་ཆུབ་དཔལ། རྔོག་རིན་ཅེན་དཔལ་བཟང་པོ། རྔོག་བྱང་ཆུབ་དཔལ་གྲུབ། རྔོག་བྱང་ཆུབ་གྲགས། རྔོག་བློ་གྲོས་དཔལ་བཟང་། རྔོག་དཔལ་འབྱོར་དོན་གྲུབ། རྔོག་སྟོན་ཆེན་པོ་འཇམ་དབྱངས་འོད་ཟེར། རྩ་བའི་བླ་མ་གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་ཨཱཪྻ་དེ་ཝ་ནས། ཨ་སུ་རའི་བྲག་ཕུག་ན་གནས་པའི་རྣལ་འབྱོར་མ་མི་རུས་ཀྱི་འཕྲེང་བ་ཅན། བལ་པོ་རྣམ་པར་རྒྱལ་བ་དབང་པོའི་སྡེ། བལ་པོ་སྤྱི་ཐེར་བ་ཡང་ཟེར་བཙུན་པ་ཡིན། མར་པ་ལོ་ཙཱ་བ་མན་འདྲ།རྗེ་རས་པ་བཛྲ་ཀཱིརྟི་ནས་བརྒྱུད་པའི་པདྨ་གར་དབང་གི་རིགས་སུ་གཏོགས་པ་རྟ་མགྲིན་དམར་པོ་པད་དབྱུག་ཅན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། དཔལ་རྟ་མགྲིན། ཨོ་རྒྱན་རིན་པོ་ཆེ། མཁྱེན་བརྩེས་ཚར་ཆེན་
ལ་གསན་པ་ཚོར་མི་གསལ་ཡང་སྒོ་རུམ་པར་གསན་པ་དེར་སྣང་ངོ་། །མ་གཅིག་གྲུབ་པའི་རྒྱལ་མོ། གྲུབ་ཆེན་ཏི་ཕུ་པ། རྗེ་རས་ཆུང་པ། དབང་ཕྱུག་མི་ལ་རས་པ། སྒམ་པོ་ཟླ་འོད་གཞོན་ནུ། དཔལ་ཕག་མོ་གྲུ་པ། འབྲི་གུང་སྐྱུ་ར་རིན་ཅེན་དཔལ། སྤྱན་སྔ་གྲགས་པ་འབྱུང་གནས། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ། ཐུགས་སྲས་སྤྱན་སྔ་རིགས་ལྡན། ཟུར་previous hit ཕུག་པ་རིན་ཅེན་བཟང་པོ། འབའ་ར་བ་རྒྱལ་མཚན་དཔལ་བཟང་། ཆོས next hit་རྗེ་རིན་ཅེན་འཕེལ། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། གྲུབ་མཆོག་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། མཁན་ཆེན་གཞོན་ནུ་བློ་གྲོས། ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ། ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་འབའ་ར་བ་ནས། རྗེ་སངས་རྒྱས་སེང་གེ །འཇམ་དབྱངས་ཆོས་ཀྱི་རྒྱལ་པོ། སྤྲུལ་སྐུ་རྡོ་རྗེ་རྒྱལ་པོ། ཕ་རྒོད་བསོད་ནམས་བཟང་པོ། རྡོ་རིང་པ་ཆེན་པོ་མན་འདྲ།


previousཀྱེ་རྡོར་སྐོར་གྱི་དབང་བཞི་རྫོགས་པར་ནོས་པའི་ལུང་བརྒྱུད།next