Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
  
 
སློབ་བཤད་གསེར་ཆོས་ཀྱི་སྐོར་གྱི་ལུང་བརྒྱུད།
  
 
  
  
  
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousསློབ་བཤད་གསེར་ཆོས་ཀྱི་སྐོར་གྱི་ལུང་བརྒྱུད།next

སློབ་བཤད་གསེར་ཆོས་ཀྱི་སྐོར་གྱི་ལུང་བརྒྱུད།


GLG001_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སློབ་བཤད་གསེར་ཆོས་སྐོར་ལ། དུས་གསུམ་གྱི་བདེ་བར་གཤེགས་པ་བྱོན་དང་འབྱོན་འགྱུར་འབྱོན་བཞིན་པ་མཐའ་དག་གི་ལམ་པོ་ཆེ་མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་བཅུད་ཕྱུང་བ་འཕགས་ཡུལ་པཎ་གྲུབ་དབང་པོ་དཔལ་ལྡན་ཆོས་སྐྱོང་ངམ་གྲུབ་པའི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ་ཆེན་པོ་རྗེ་བཙུན་རྡོ་རྗེ་བདག་མེད་མས་དངོས་སུ་གནང་བའི་ལམ་འབྲས་བུ་དང་བཅས་པ། འབྲས་བུ་ལམ་དང་བཅས་པ། གཅིག་ཤེས་པས་མང་པོ་ཤེས་པ། སྐྱོན་ཡོན་ཏན་དུ་བླང་བ། བར་གཅོད་དངོས་གྲུབ་ཏུ་བླང་བ། ལྟས་ངན་གཡང་དུ་འགུགས་པ། ཏིང་ངེ་འཛིན་ངོ་ཤེས་པས་བསམ་གཏན་གྱི་གེགས་སེལ་བ། བར་གཅོད་ངོ་ཤེས་པས་བདུད་ཀྱི་གེགས་སེལ་བ། སྡེ་སྣོད་གསུམ་གྱི་དེ་ཉིད་ཤེས་པ་གསེར་འགྱུར་གྱི་རྩི་ལྟ་བུ། མཆོག་ཐུན་གྱི་དངོས་གྲུབ་ཀུན་གྱི་འདོད་པའི་འཇོ་བ་ཡིད་བཞིན་གྱི་ནོར་བུ་གསུང་ངག་རིན་པོ་ཆེ་ཞེས་གྲུབ་པའི་དབང་ཕྱུག་མཐའ་དག་ཟུང་འཇུག་ཏུ་གཤེགས་པའི་ཐེམ་སྐས་ཆེན་པོ་འདི་ཉིད། ལོ་ཙཱ་བ་རྣམས་ཀྱི་ནང་ནས་ཉི་ཟླ་ལྟར་གྲགས་པ་འབྲོག་མི་ཤཱཀྱ་ཡེ་ཤེས་


GLG001_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་རྒྱན་ཏུ་གྱུར་པའི་པཎྜི་ཏ་གྷ་ཡ་དྷ་ར་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཏེ་ཞུས་ཤིང་གཏན་ལ་ཕབ། དེ་ལ་སློབ་མ་ནམ་མཁའི་སྐར་ཚོགས་ལྟ་བུའི་ནང་ནས་གཙོ་བོར་གྱུར་པ་གཞུང་རྫོགས་པ། གདམས་ངག་རྫོགས་པ། གྲུབ་པ་ཐོབ་པའི་སློབ་མ་གསུམ་དུ་བྱུང་བར་གྲགས་པའི་གདམས་པ་རྫོགས་པའི་སློབ་མའི་ནང་ནས་རབ་ཏུ་ཐོབ་པ་སེ་མཁར་ཆུང་པ། དེའི་སློབ་མ་ཞང་སྟོན་ཆོས་འབར་ནས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་བ་ཡབ་སྲས་ལ་བཀའ་བབས། དེའི་སྲོལ་འཛིན་ངོར་རྫོང་གོང་དཀར་བ་སོགས་ཚོགས་བཤད་འཛིན་པའི་མཁས་གྲུབ་ས་ཆེན་པོའི་རྡུལ་ལྟར་གྲངས་སུ་མི་ཆོད་པའི་ནང་ནས། ཡོངས་འདུའི་ལྗོན་པ་ལྟ་བུར་མཆོག་ཏུ་གྱུར་པ་ཁའུ་བྲག་རྫོང་པའམ་ཚར་ལུགས་སུ་གྲགས་པ་ཟབ་པ་ལས་ཀྱང་ཆོས་ཟབ་པའི་གསང་ཆེན་སློབ་བཤད་ཀྱི་སྨིན་གྲོལ་ཟབ་མོ་ལེགས་པར་ནོས་པ་ལ། དེ་ཡང་སམྦྷུ་ཊ་ལས། བསྟན་བཅོས་ཚད་མ་སློབ་དཔོན་དང་། །ལུང་གི་རྗེས་འབྲང་དེ་ཉིད་རིག །གསང་སྟོན་དེ་ཉིད་དངོས་པོ་ཡང་། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །བླ་མ་རབ་ཀྱི་ཞལ་ལས་བླངས། ཞེས་དང་། ཚད་མ་སྙན་བརྒྱུད་བཞི་ཡིས་སྤྲོས་པ་བཅད། ཅེས་པ་ལྟར་ལུགས་སྲོལ་འདི་ལ་ཚད་མ་བཞི་དང་། སྙན་བརྒྱུད་བཞི་ཞེས་གསུངས་པའི་དང་པོ་རྗེ་བཙུན་ཆེན་པོས། ཆོས་ཀུན་ཚད་མ་བཞི་ཡིས་གཏན་ལ་དབབ། ཅེས་གསུངས་པ་ལྟར། བླ་མ་ཚད་མ། ཉམས་མྱོང་ཚད་མ། བསྟན་བཅོས་ཚད་མ། ལུང་ཚད་མ་བཞིའི་སྒོ་ནས་གཏན་ལ་འབེབས་པར་མཛད་པ་ལས། དང་པོ་བླ་མ་ཚད་མ་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་བླ་མ་


GLG001_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་ཆོ་༼ཟུར༽ག་དངོས་གྲུབ་རིན་ཅེན་གཏེར་མཛོད། རྗེ་བཙུན་རིན་པོ་ཆེས་མཛད་པའི་བརྒྱུད་འདེབས་༼ཉི༽བླ་མ་རྡོར་འཛིན་མ། འཕགས་པ་རིན་པོ་ཆེས་མཛད་པའི་ཕྱག་མཆོད་༼ཉི༽སངས་རྒྱས་ཀུན་ངོ་མ། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་༼ཉི༽པའི་བརྒྱུད་འདེབས་དུས་གསུམ་བདེ་གཤེགས་མ། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་བརྒྱུད་འདེབས་རྣམ་དག་དཀྱིལ་འཁོར་མ། ཚར་ཆེན་གྱིས་མཛད་པའི་བརྒྱུད་༼ཟུར༽འདེབས་དངོས་གྲུབ་ཆར་འབེབས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་སློབ་བཤད་བརྒྱུད་འདེབས་བྱིན་རླབས་ཀྱི་ཕོ་༼ཀླུ༽ཉ། བླ་མ་ས་སྐྱ་པ་ཆེན་པོའི་རྣམ་ཐར་གླེགས་བམ་ནང་གི་རྒྱ་བོད་ཀྱི་བླ་མའི་ལོ་རྒྱུས་ཀྱང་ཆོས་སྡེ་འདིའི་དབུར་དོན་གྱིས་ཐོབ་བོ། །སྟག་སྡེ་རི་ཕུགས་པ་དགེ་སློང་རྡོ་རྗེ་འཛིན་པ་བྱང་ཆུབ་ཤེས་རབ་ཀྱིས་གསོལ་བ་བཏབ་པ་ལྟར་རྗེ་བཙུན་ཆེན་པོས་མཛད་པ། སློབ་དཔོན་རིན་པོ་ཆེའི་རྣམ་ཐར་གསོལ་༼ཞ༽འདེབས་འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཁྱོད་ཉིད་དམ་པ་རྣམས་ཀྱི་རིགས་འཁྲུངས་ནས། ཞེས་དང་། མཇུག་ཏུ། ཡང་དག་རྟོགས་པའི་བློ་གྲོས་སྐྱེད་དུ་གསོལ་ཞེས་ཡོད་པ། དེའི་འཕྲོས་ལས་ཡང་སྨྲས་པ། ཚངས་པར་སྤྱོད་པའི་དགེ་བསྙེན་ཚུལ་འཛིན་པ་ཞེས་སོགས་ཀྱི་མཇུག་ན། བདེ་བ་ཅན་དུ་གཤེགས་ལ་གུས་ཕྱག་འཚལ། ཞེས་ཡོད་པ་རྗེ་བཙུན་ཆེན་པོས་མཛད་པ་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་དག་པར་གཏུགས་པའི་མཐའ་ཅན། རྗེ་བཙུན་ཆེན་པོའི་རྣམ་༼ཞ༽ཐར་ཐུན་མོང་དུ་གྲགས་པ་ས་སྐྱ་པཎྜི་ཏས་མཛད་པ། རྗེ་བཙུན་ཆེན་པོའི་རྣམ་ཐར་མནལ་ལམ་མ་མཇུག་ན་སློབ་དཔོན་རིན་པོ་ཆེ་དང་མཇལ་ནས་ལན་མང་དུ་ཆོས་ཞུས་པ་རྨིས་གསུངས་རྗེ་བཙུན་པའི་མནལ་ལམ་བྲིས་པའོ། །


GLG001_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྣ་རོ་བནྡེ་གཤིན་རྗེ་གྲགས་ཀྱིས་མཛད་པ། རྗེ་བཙུན་ས་སྐྱ་པཎྜི་ཏའི་རྣམ་ཐར་བདེ་བ་ནས་བདེ་བར་གཤེགས་པའི་དུས་སུ་ལུང་བསྟན་པའི་རྟོགས་བརྗོད་ཆ་འགའ་ཞིག་བརྗོད་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པ།ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་རྣམ་ཐར་རིན་པོ་ཆེའི་འཕྲེང་བ་རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ། གཉགས་སྙིང་པོ་རྒྱལ་མཚན་གྱིས་མཛད་པའི་ཚོགས་སྒོམ་རིན་པོ་ཆེའི་རྣམ་ཐར་མེ་མོ་ལུག་གི་དཔྱིད་ཟླ་ཐ་ཆུང་ཡར་ངོའི་ཚེས་དགུའི་སྔ་དྲོ་གཟའ་ཟླ་བ་དང་སྐར་མ་རྟ་པ་རྒྱུ་བའི་དུས་སུ་སྐུ་གཤེགས་ཚུལ་བསྟན་ཏོ་ཞེས་པའི་མཐའ་ཅན། ཉན་ཆེན་བསོད་ནམས་བསྟན་པའི་རྣམ་ཐར་དཀར་པོ་བྲག་པ་རཏྣ་སིདྡྷས་བཀོད་པ། དཀར་པོ་གྲགས་པ་རིན་ཅེན་སེང་གེའི་རྣམ་ཐར་༼ཞ༽སྒྲོ་སྐུར་གྱི་སྐྱོན་གྱིས་དབེན་པ་དབུས་གཙང་ཁམས་གསུམ་གྱི་དད་ལྡན་སློབ་མས་བསྐུལ་བར་བརྟེན་རང་ཉིད་ཀྱིས་མཛད་པ། ཞང་དཀོན་ཅོག་དཔལ་པའི་རྣམ་ཐར་དགེ་སློང་དཔལ་ལྡན་གྱིས་དབེན་གནས་ཚ་མོ་རོང་བྱང་ཆུབ་previous hit ཆོས་རྫོང་དུ་མཛད་པ། རྒྱལ་བ་བྲག་ཕུག next hit་པའི་རྣམ་ཐར་དཔལ་ལྡན་བློ་གྲོས་བརྟན་པས་ལྕགས་མོ་ཡོས་ཀྱི་ལོ་སྟོན་ཟླ་ཐ་ཆུང་སྨྲིན་དྲུག་ཟླ་བའི་ཚེས་གཅིག་ལ་སྦྱར་བ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ་དགེ་སློང་དཔལ་ལྡན་ཚུལ་ཁྲིམས་ཀྱི་རང་གིས་ཅུང་ཟད་ཐོས་པ་བྲིས་པ། རི་ཁྲོད་པ་བློ་གྲོས་བརྟན་པའི་རྣམ་ཐར་དགེ་སློང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་དད་ཅིང་གུས་པའི་སློབ་མའི་ངོར་ཚ་མོ་རོང་གི་བྱང་ཆུབ་ཆོས་རྫོང་དུ་མཛད་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ཀྱི་རྣམ་ཐར་གྲུབ་ཆེན་


GLG001_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷ་ཤྲཱིས་མཛད་པའི་ནང་ནས་མདོར་བསྡུས་ཏེ་མུས་ཆེན་སེམས་དཔའ་ཆེན་པོས་གསུང་ངག་བླ་མ་བརྒྱུད་པའི་ཁ་སྐོང་དུ་མཛད་པ། གྲུབ་ཆེན་བུདྡྷ་ཤྲཱིའི་རྣམ་ཐར་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་དཔལ་ལྡན་ས་སྐྱའི་ཆོས་གྲྭར་མཛད་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དགུང་ལོ་དོན་བཞི་ཡན་གྱི་རྣམ་ཐར་སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན་གྱིས་མཛད་པའི་སླར་ཡང་དེ་ཉིད་ཀྱིས་མཛད་པའི་མྱ་ངན་ལས་འདས་པའི་བར་གྱི་ཁ་སྐོང་དང་བཅས་པ། མུས་ཆེན་སེམས་དཔའ་ཆེན་པོའི་དགུང་ལོ་གྱ་གཉིས་ཡན་གྱི་རྣམ་ཐར་༼རྩེ༽མཚུངས་མེད་གུང་རུ་ཤེས་རབ་བཟང་པོས་མཛད་པ། བདག་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ་༼ཟུར༽ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ། དེས་མཛད་པའི་རྗེ་བཙུན་རྡོ་རིང་པ་ཆེན་པོའི་རྣམ་ཐར་༼ཟུར༽ངོ་མཚར་དད་པའི་སྤུ་ལོང་གཡོ་བ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་རྗེ་བཙུན་སྒོ་རུམ་པའི་རྣམ་ཐར་༼ཟུར༽ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་དགུང་ལོ་སོ་བརྒྱད་པའི་དུས་དབུས་སུ། ༼ཟུར༽ཕེབས་པའི་རྟོགས་བརྗོད་རང་ཉིད་ཀྱིས་མཛད་པའི་ལམ་གླུ་དཔྱིད་ཀྱི་རྒྱལ་མོའི་དགའ་སྟོན། འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར་༼ཟུར༽རང་ཉིད་ཀྱིས་མཛད་པའི་ངོ་མཚར་སྙེ་མ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པའི་མཁན་༼ཞ༽ཆེན་བསླབ་གསུམ་རྒྱལ་མཚན་གྱི་རྣམ་ཐར། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་༼ཉི༽༼འ༽པའི་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་རྒྱུན་འཇམ་དབྱངས་མཁྱེན་བརྩེས་ཟིན་བྲིས་སུ་བཏབ་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་


GLG001_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་གདམས་པའི་བྱུང་ཚུལ་གསང་ཆེན་བསྟན་པ་རྒྱས་བྱེད་ཅེས་བྱ་བ་༼ཟུར༽ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ། ཚར་ཆེན་གྱི་གསུང་རྒྱུན་འཇམ་དབྱངས་མཁྱེན་བརྩེས་ཟིན་བྲིས་སུ་བཏབ་པའི་ཁོག་འབུབས་ལས་བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་ཚུལ་སོགས་ཀྱི་ཟིན་བྲིས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་སྤྱི་དོན་ཁོག་འབུབས་༼ཀླུ༽ཀྱི་ལེགས་བཤད་གནས་ཀྱི་བེ་བུམ་ཟབ་མོ། །ཚར་ཆེན་གྱིས་མཛད་པའི་འབྲོག་མི་ལོ་ཙཱ་བའི་བསྟོད་པ་༼ཟུར༽སྙན་བརྒྱུད་པད་མཚོ་བཞད་པ། སློབ་དཔོན་རིན་པོ་ཆེས་མཛད་པའི་རྗེ་བཙུན་ས་སྐྱ་པ་༼ཞ༽ཆེན་པོའི་བསྟོད་པ་ཚངས་དབང་མ། ཚར་ཆེན་གྱིས་མཛད་པའི་བདག་ཆེན་རྡོ་རྗེ་འཆང་གི་བསྟོད་པ་༼ཟུར༽རབ་དཀར་བློ་གྲོས་མ། དེས་མཛད་པའི་རྗེ་བཙུན་རྡོ་རིང་པའི་བསྟོད་པ་༼ཟུར༽མཐའ་ཡས་མ། དེས་མཛད་པའི་བདག་བསྟོད་བློ་གསལ་མང་ཐོས་མ། དེའི་བསྟོད་པ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་མཛད་༼དབང༽པའི་བཀྲ་ཤིས་མཚན་བཟང་མ། ཚར་ཆེན་གྱིས་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་བསྟོད་པ་༼དབང༽རབ་ཡངས་མ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་འཁྲུངས་རབས་གསོལ་འདེབས་དུས་གསུམ་རྒྱལ་བ་མ་རང་ཉིད་ཀྱི་མཛད་པ། རྗེ་བཙུན་ས་པཎ་གྱིས་མཛད་པའི་མཎྜལ་ཞིང་ཁམས་རྣམ་དག་མ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་བླ་མ་ལྔ་བཅུ་པའི་འགྲེལ་པ་༼ཟུར༽དངོས་གྲུབ་སྒོ་འབྱེད། དེས་མཛད་པའི་གསུང་ངག་བརྒྱུད་པའི་༼ཟུར༽བཀྲ་ཤིས་རྡོ་རྗེ་འཆང་དབང་མ་རྣམས། གཉིས་པ་ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་ཐབས་གླེགས་བམ་དུ་བཞུགས་པའི་འཁྲིད་


GLG001_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞུང་ཤིང་ཆེན་མོ་བཞི་ལས། གཞུང་ཇི་ལྟར་བ་བཞིན་བཀྲི་བའི་ཉམས་འཁྲིད་ཀྱི་དགོངས་པ་རྡོ་རྗེ་འཆང་ཚར་བ་ཆེན་པོའི་གསུང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱིས་ཟིན་བྲིས་སུ་མཛད་པའི་འཁྲིད་ཡིག་གསང་ཆེན་བསྟན་པ་རྒྱས་བྱེད་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་ལ་གཞི་བྱས། བླ་མ་དམ་པའི་སྦས་དོན་གསལ་བ་དང་། ཚར་ཆེན་གྱི་གསུང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་རེག་ཟིག་ཏུ་མཛད་པའི་སྣང་གསུམ་གསལ་བྱེད་ཟླ་བ་བདུད་རྩིའི་ཐིགས་འཕྲེང་དང་། སྔགས་ལམ་གྱི་འཁྲིད་ཡིག་ཉི་གཞོན་གསར་པའི་ཐིགས་འཕྲེང་སྐལ་བཟང་ཨུཏྤལ་གཞོན་ནུའི་ཁ་འབྱེད་ནས་རྒྱས་བཤད་ཁ་བསྐངས་ཏེ་ཉམས་འཁྲིད་ཟླ་བ་ཕྱེད་བཞིའི་བར་ནོས་པ་ལ། སྙན་བརྒྱུད་བཞིའི་སྒྲོ་འདོགས་གཅོད་པའི་སྐབས་དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་པའི་སརྒ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམ་པ་སྟེ་བཞི་ལྡན་འདི་ཚོགས་སློབ་གཉིས་ཀ་ལ་དགོས་ཤིང་། སློབ་བཤད་པར་ཐུན་མོང་མ་ཡིན་པའི་འཆད་ཚུལ་ཡང་ཡོད་ལ། དེ་ཡང་རྒྱུ་ལམ་འབྲས་གསུམ་གྱི་དབང་གི་ཆུ་བོ་མ་ནུབ་པ། ཉམས་སུ་བླངས་པ་མྱོང་བ་བྱིན་གྱིས་བརླབས་པ་གྲུབ་པའི་མཐའ་སྟེ་བརྒྱུད་པ་མ་ཉམས་པ། སརྒ་ཞེས་པ་གོ་རིམ་མ་འཆོལ་པ། བསམ་པ་ཚིམ་པ་རྟོགས་པ་རྒྱུད་ལ་སྐྱེས་པས་བླ་མ་ལྷ་དང་གདམས་ངག་ལ་གཞན་རྐྱེན་གྱིས་མི་འཕྲོག་པའི་མོས་གུས་ཏེ་ཚར་ཆེན་གྱིས་རྗེ་བཙུན་རྡོ་རིང་པ་ལ་གསུང་ངག་རིན་པོ་ཆེ་ཐོབ་ནས་བླ་མ་གཞན་དང་གདམས་ངག་གཞན་ལ་སངས་རྒྱས་རེ་བསམ་པ་མེད་གསུངས་པ་བསམ་གྱིས་མི་ཁྱབ་པའི་གནད་ཡིན་ཞིང་། དེ་ཡང་སྙན་བརྒྱུད་གསུམ་པའི་གོ་རིམ་མ་


GLG001_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འཆོལ་བ་དཔོན་སློབ་ཀྱི་འགྲེལ་བ་མ་བརྟགས་པར་དབང་མི་བསྐུར། དེ་མ་བསྐུར་བར་གདམས་པ་མི་འཆད། དེ་མ་བཤད་པར་གཞུང་མི་འཆད། དེ་མ་བཤད་པར་སྒྲུབ་པའི་ལུང་མི་སྦྱིན། དེ་མ་བྱིན་པར་གསང་བཅུའི་རྒྱས་མི་གདམས་པ་སོགས་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་མེད་པའི་ཕྱག་ལེན་རྣམ་པར་དག་པ་ཡིན་ལ། སྤྱིར་འཁྲིད་ཚུལ་ནི། བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་ནས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་དཔྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེའི་རྡོ་རྗེ་བརྩམས། །ཞེས་བརྒྱུད་ཀྱི་དགོངས་པ་དང་། དེ་དང་ཆ་འདྲ་བ། ལྗོན་ཤིང་ལས། ཐུན་མོང་གི་གདམས་པས་བཀྲལ་བ། ཐུན་མོང་མ་ཡིན་པ་གཞུང་ཆུང་རྡོ་རྗེའི་ཚིག་རྐང་ནས་གསུང་པ་སོགས་མཐའ་དག་ལ་ལམ་ཐུན་མོང་བའི་རྒྱུད་སྦྱངས་སྔོན་དུ་སོང་ནས་སྔགས་ལམ་ལ་འཇུག་དགོས་པ་ཡིན་ཞིང་། དེ་ཡང་གང་ཟག་རབ་འབྲིང་ཐ་གསུམ་གྱི་རབ་རྣམས་དབང་བཞི་ཚད་ལྡན་ཐོབ་ནས་དེ་བསྐུར་བའི་བླ་མ་སྐུ་བཞི་ཡེ་ཤེས་ལྔ་ལྡན་དུ་ཐག་ཆོད་ནས་གསོལ་བ་འདེབས་པ་ནི་ལམ་ཟབ་མོ་ཁོ་ནས་གྲོལ་བ། འབྲིང་པོ་སོམ་ཉི་ཅུང་ཟད་ཡོད་པ་དམ་ཚིག་བསྲུངས་པས་གྲོལ་བ། ཐ་མ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླངས་པས་གྲོལ་བ་ལས། དེང་སང་ཕྱི་མ་ཉིད་གཙོ་ཆེ་བའི་ཕྱག་ལེན་དུ་མཛད་ཀྱི། དྭགས་བརྒྱུད་པ་སོགས་ཕག་མོའི་བྱིན་རླབས་ཙམ་གྱིས་དབང་གི་གོ་བཅད། དལ་འབྱོར་རྙེད་དཀའ་ཚུལ་ཙམ་ཡང་མ་ཐོས་པར་ཕྱག་ཆེན་དུ་མིང་བཏགས་པའི་ཚད་ལྟ་ཧད་པོ་དང་ཆོས་དྲུག་གི་


GLG001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རླུང་སོགས་ལ་བཙན་ཐབས་སུ་འཁྲིད་དེ། ཆོས་སྒོར་ཞུགས་མ་ཐག་པ་ནས་གྲུབ་པའི་དབང་ཕྱུག་ཏུ་རློམ་པའི་ལུགས་དང་འདི་ཡི་མི་འདྲ་བས་ཚར་ཆེན་གྱིས། གདམས་ངག་མཁའ་འགྲོ་ཡི་སྙན་བརྒྱུད། གསུང་ངག་ཡིད་བཞིན་གྱི་ནོར་བུ། ཉམས་ལེན་ཕྱོགས་རེ་ཙམ་མ་ཡིན། བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན། ཞེས་ལམ་ཐུན་མོང་བའི་རྒྱུད་སྦྱངས་ནས་དབང་བཞི་པའི་བར་གྱི་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་ཆ་ཚང་བ་དགོས་པས་ཐོག་མར་ཐེག་ཆེན་ཐུན་མོང་པའི་ལམ་སེམས་ཅན་ལ་ཉོན་མོངས་པ་ལ་མ་དག་པའི་སྣང་བ། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དག་པའི་སྣང་བ་སྟེ་ལམ་སྣང་བ་གསུམ་གྱི་འཁྲིད། དེ་རྗེས་མཎྜལ་ཚོམ་བུ་ལྔ་མ་ལ་བརྟེན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བརྒྱུད་པ་ཁྱབ་པར་གཉིས་ལྡན་གྱི་ཕྱག་ལེན་ལྟར་ནོས། སློབ་དཔོན་ཙནྡྲ་གོ་མིའི་སྡོམ་པ་ཉི་ཤུ་པའི་ལུང་། སེམས་བསྐྱེད་ཀྱི་ཆོ་ག་རྗེ་བཙུན་གོང་མ་རྣམས་ཀྱི་གསུང་རབ་ཀྱི་དོན་སྙིང་པོར་བསྡུས་པ་ངོར་ཆེན་དཀོན་ཅོག་ལྷུན་གྲུབ་༼ཐ༽༼བྷོ༽ཀྱིས་མཛད་པའི་ཡིག་ཆའི་ལུང་། སློབ་མ་རྗེས་འཛིན་སོང་ནས་སློབ་དཔོན་བསྙེན་པ་ཁ་གསོ་བ་དང་དེའི་བར་བསག་སྦྱང་གི་འཁྲིད་ནོས་པ་ལྟར་ཉམས་ལེན་ཐུན་བཞིར་བཅད་དེ་ནན་ཏན་དུ་བསྟར། ཚར་ཆེན་གྱིས། རྒྱལ་ཡུམ་བདག་མེད་མཁའ་འགྲོ་ལ། །པཎ་གྲུབ་དབང་པོ་བི་རུ་པས། །ནོས་པ་ནས་བཟུང་ད་ལྟའི་བར། །རྩ་བའི་བླ་མ་ཡན་ཆད་དུ། །དབང་བཞིའི་ཆུ་བོ་མ་ནུབ་པའི། །བླ་མའི་གསུང་ངག་བདུད་རྩིའི་རྒྱུན། །ཚད་མ་བཞི་ལྡན་དབང་བཞིའི་ལམ། རྡོ་


GLG001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཐེག་པའི་སྙིང་པོ་ཡིན། །ཞེས་པ་ལྟར་བླ་མེད་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་སྨིན་གྲོལ་གཉིས་ཀྱི་ཐོག་མར་ཀྱེ་རྡོ་རྗེ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་མུས་ཆེན་གྱིས་མཛད་པའི་མངོན་དཀྱིལ་དང་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ལྷན་ཐབས་ཟུང་དུ་འཇུག་པར་ཞལ་ཤེས་ཕྱག་ལེན་གྱིས་བརྒྱན་ཏེ་དབང་གི་མངོན་པར་རྟོགས་པ་བརྒྱད་ཚང་བའི་སྒོ་ནས་རྒྱུ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ་བཤད་པས་མཐའ་དཔྱད་དེ་སྦྱང་གཞི་སྦྱོང་བྱེད་ལེགས་པར་ངོ་འཕྲོད་པ་སྨིན་རྒྱས་སུ་ནོས། ཨཥྚའི་བཟླས་༼༽ལུང་། རྗེ་བཙུན་ཡུམ་བཀའ་རྡོ་རྗེ་བདག་མེད་ལྷ་མོ་བཅོ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་མངོན་དཀྱིལ་གྱི་ཡི་གེའི་སྟེང་ནས་རྒྱུ་དུས་ཀྱི་དབང་ཕྱིན་ཅི་མ་ལོག་པ་ཐོབ། དེ་ལྟར་ནོས་པའི་དམ་ཚིག་དང་སྡོམ་པ་རྣམས་མི་ཉམས་པར་བསྲུང་བ་གསལ་བར་སྟོན་པའི་རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་རྒྱ་ཆེར་བཤད་པའི་འགྲེལ་༼ཉི༽པ་འཁྲུལ་པ་སྤོང་ལས་དང་པོ་པ་དང་ཐུན་མོང་གི་ཆོས་བདུན་གྱི་ནང་ཚན། བ་ཞེས་བྱ་བ་རྗེ་བཙུན་ཆེན་པོ་གྲགས་པས་མཛད་པ། རྩ་བ་ཡན་ལག་གི་ལྟུང་བའི་རྣམ་བཤད་འཁྲུལ་སྤོང་རབ་གསལ་བདག་ཆེན་རྡོ་རྗེ་འཆངགིས་མཛད་པ། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་དམ་ཚིག་གི་ཚོགས་རྣམ་༼ངག༽པར་བཤད་པའི་ཟིན་བྲིས་བག་ཡོད་གཏམ་གྱི་བདུད་རྩི། བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་རྒྱུན་གྱི་བཟའ་བའི་དམ་ཚིག་བདུད་རྩི་རིལ་བུའི་སྒྲུབ་པ་རྗེ་བཙུན་ཆེན་པོའི་ཡི་གེའི་གསལ་བྱེད། ཁྱད་པར་གྱི་བཟའ་བའི་དམ་ཚིག་གི་ཚོགས་འཁོར་༼ཉི༽འབྲིང་པོ་ལས་དང་པོ་བ་དང་ཐུན་མོང་གི་ཆོས་བདུན་གྱི་ནང་ཚན། རྗེ་བཙུན་


GLG001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་མཛད་པ། ས་པཎ་གྱིས་མདོ་སྨད་ལིང་ཆུ་ཙེར་ཁབ་ཀྱི་གཙུག་ལག་ཁང་དུ་མཛད་༼བྲང༽པའི་ཚོགས་འཁོར་གྱི་ཆོ་ག་རྒྱས་པ་རྩོད་སྤོང་མ། རྒྱལ་སྲས་ཇིང་ཀིང་གི་གསུང་གིས་བསྐུལ་བ་ལ་བརྟེན་ནས་འཕགས་༼ཨེ༽པ་རིན་པོ་ཆེས་མཛད་པའི་ཚོགས་འཁོར་བདུད་རྩིའི་བུམ་པ། ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་མཛད་པའི་ཚོགས་མཆོད་ཆོག་ཁྲིགས་མ། དཀར་ཤཱཀྱ་གྲགས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་རྗེ་བཙུན་གྱིས་མཛད་༼ཤཱི༽པའི་ལམ་གྱི་ཡན་ལག་དཔལ་ཧེ་རུ་ཀའི་ཆོས་དྲུག་གི་ཡི་གེ །སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་༼པུ༽པའི་ཆོས་ལ་འཇུག་པའི་སྒོ་ཞེས་ཉན་པའི་ཀུན་སྤྱོད་སོགས་སྟོན་པ། མངོན་རྟོགས་རྒྱས་པ་ཡན་ལག་བཞི་པ་༼ཉི༽སློབ་དཔོན་རིན་པོ་ཆེ་རྩེ་མོས་མཛད་པ། ལས་དང་པོ་ཐུན་མོང་གི་ཆོས་མདུན་གྱི་ནང་ཚན། རྗེ་བཙུན་ཆེན་པོས་མཛད་པའི་མངོན་རྟོགས་འབྲིང་པོ་ཡན་ལག་དྲུག་༼ཨ༽པ་ཚིག་སྣ་རིང་ཐུང་གཉིས་ཡོད་པའི་ཐུང་བ། དེས་མཛད་པའི་རྗེ་བཙུན་རྡོ་རྗེ་བདག་མེད་མའི་རིམ་པ་གཉིས་༼ཉི༽འཁོར་དང་བཅས་པའི་མངོན་རྟོགས་ལས་དང་པོ་པ་དང་ཐུན་མོང་གི་ཆོས་བདུན་གྱི་ནང་ཚན་རྗེ་བཙུན་རྩེ་མོས་མཛད་པའི་དབང་གི་ཆུ་བོ་ཆེན་༼ཨ༽པོ་མ་ནུབ་པའི་ཕྱག་ལེན། དེས་མཛད་པའི་ཞི་བ་འབའ་ཞིག་གི་སྦྱིན་སྲེག་གི་ཆོ་ག་༼ཉི༽ཞིབ་ཏུ་བསྟན་ཅིང་རྣམ་གཞག་མདོར་བསྡུས་པ། ལས་དང་པོ་པ་དང་ཐུན་མོང་གི་ཆོས་བདུན་གྱི་ནང་ཚན། དེའི་འཕྲོས་ལས་ལས་བཞི་གའི་སྦྱིན་སྲེག་གི་ཆོ་ག་༼ཉི༽མདོར་བསྟན་ཞིང་རྣམ་གཞག་རྒྱས་པར་བསྟན་པ་རྗེ་བཙུན་ཆེན་པོ་གྲགས་པས་མཛད་པ། དེས་དགེ་སློང་ཀུན་དགའ་ཚུལ་ཁྲིམས་ཀྱི་ངོར་༼ཅོག༽མཛད་པའི་དུས་མཐའ་མའི་ཆོ་ག་གཞན་ཕན་བདུད་རྩི། སློབ་དཔོན་རིན་པོ་ཆེས་མཛད་པའི་


GLG001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་༼ཀུ༽བཟང་པོ་དྲུག་པ། འཇམ་དབྱངས་མཁྱེན་བརྩེས་སྒོ་རུམ་པར་གསན་པའི་གསན་ཡིག་ན་ཚོགས་འཁོར་གྱི་ཚབ་ཏུ་འདི་ལས་དང་པོ་པ་དང་ཐུན་མོང་གི་ཆོས་བདུན་གྱི་གྲས་སུ་འདུག་པ་དཀར་ཆག་དང་མ་མཐུན་ནའང་། དེས་མཛད་པའི་ཁོག་འབུབས་སུ་དཀར་ཆག་དང་མཐུན་པར་འདུག་པ་ཐེ་ཚོམ་མི་བྱའོ། །རྗེ་བཙུན་ཆེན་པོ་གྲགས་པས་མཛད་༼ཤྲཱི༽པའི་རབ་གནས་དོན་གསལ་རྣམས། དབང་གི་ཡེ་ཤེས་ལ་ལོག་པར་རྟོག་པ་དག་ཅིང་འོག་ནས་འབྱུང་བའི་ལམ་ཐམས་ཅད་སྐྱོན་མེད་པར་སྒྲུབ་པའི་སླད་དུ་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་འཁྲིད་ས་གཞུང་སྤེལ་བའི་བཤད་ཡམ་ཙམ་མིན་པར་འཁོར་འདས་དབྱེར་མེད་རྩ་འགྲེལ་ལ་བརྟེན་ནས་སེམས་འཚོལ་སོགས་རིག་ཐོག་ཏུ་བརྡར་ཤ་དཔྱད། ལུས་ཐབས་རྒྱུད་ལ་དབང་བཞི་དང་འབྲེལ་བའི་ལམ་གྱི་ཐོག་མར་བུམ་དབང་དང་འབྲེལ་བ་ཕྱི་སྐྱེད་པའི་རིམ་པ་སློབ་དཔོན་མཚོ་སྐྱེས་ཀྱི་བཞེས་པའི་ཟབ་པའི་ཚུལ་དགུའི་སེམས་འཛིན་གྱིས་ཁ་བསྐངས་ཏེ་གསལ་སྣང་མ་མཐོང་བར་བསྒོམ་པའི་མོས་བློར་བྱས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་༼ཉི༽པའི་མངོན་རྟོགས་ཡན་ལག་དྲུག་པ། མུས་ཆེན་སེམས་དཔའ་ཆེན་པོས་མཛད་པའི་མངོན་རྟོགས་ཡན་ལག་དྲུག་པ་བྱ་བྲལ་མར་གྲགས་པ། དེས་མཛད་པའི་དབང་ཆུ་གསལ་བའི་མེ་ལོང་། ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ལྷན་ཐབས་ནོར་བུའི་འཕྲེང་བ། རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་ཀྱེ་རྡོར་སྒྲུབ་ཐབས་༼ལྕེ༽ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར། ཀུན་མཁྱེན་རྡོ་རྗེ་གདན་པས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་ལེགས་༼སུ༽པར་བཤད་པ་ལས་དང་པོ་པ་ལ་ཕན་


GLG001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒྲུབ་པ་ཉིན་མོར་བྱེད་པའི་སྣང་བ། ཚར་ཆེན་གྱིས་མཛད་པའི་བསྐྱེད་རིམ་ཀྱི་རྣམ་༼ཟུར༽བཤད་ལེགས་པར་བཤད་པའི་ཉི་མའི་འོད་ཟེར། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་བསྙེན་ཆེན་༼ར༽གྱི་ཡི་གེ་དཔྱིད་ཀྱི་དགའ་སྟོན། དེས་མཛད་པའི་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་རྣམས་ཀྱིས་རང་གཞན་གྱི་དོན་གང་སྒྲུབ་ཀྱང་ཕྱིན་ཅི་མ་ལོག་པར་ཤེས་པའི་རྡོ་རྗེ་སློབ་དཔོན་དུ་བསྒྲུབས་ནས། ཕྱི་རོལ་ཏུ་ཞེན་པའི་གདོན་གྱི་གཉེན་པོར་ནང་རྡོ་རྗེ་སློབ་དཔོན་གྱི་དོན་དམ་ལུས་ཀྱི་དཀྱིལ་འཁོར་དུ་རྐྱང་འདུར་བ་དཀོན་ཅོག་དཔལ་དང་མཁན་ཆེན་བསོད་བློ་སོགས་ཀྱིས་བསྐུལ་ནས་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཡི་གེའི་སྟེང་ནས་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ། བླ་མ་དམ་པའི་ལུས་དཀྱིལ་དབང་ཆོག་ཞབས་ན་ཐོ་ཙམ་ཡོད་པའི་སྟེང་ནས་ལུས་དཀྱིལ་ལམ་༼༽དུས་ཀྱི་ལམ་འབྲིང་པོ་དང་བསྡུས་པའི་དབང་། ཡི་གེ་བརྒྱ་པའི་བཟླས་༼༽ལུང་བཅས་པ་སྩལ་ནས། ནང་བསྐྱེད་པའི་རིམ་པ་བསྒོམ་བྱའི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་དཔྱད་དེ་དཔྱད་དོན་ཉམས་སུ་ལེན་པ་བསྐྱེད་རིམ་སེམས་འཛིན་གྱི་ཉམས་འཁྲིད་ལམ་དུས་ཀྱི་ཉམས་ལེན་གྱི་ཡི་གེ་མུས་ཆེན་འཁོར་ལོ་སྡོམ་པས་མཛད་པ། ལམ་དུས་ཀྱི་དབང་གི་ཆོ་ག་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ལུང་རྣམས། གསང་དབང་གི་ལམ་བདག་བྱིན་གྱིས་བརླབ་པའི་འཁྲིད་ཀྱི་ཐོག་མར་ནང་གི་བདག་མེད་མ་གཏུམ་མོ་དྲོད་བསྐྱེད་པའི་སླད་དུ་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་ཐོབ་ནས། བདག་བྱིན་གྱིས་བརླབ་པ་ཁམས་འདུས་པ་དང་པོ་རླུང་གཏུམ་མོ་དྲོད་རྟགས་ཀྱི་འཁྲིད་ཅེས་པ་


GLG001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོའི་དམིགས་རྐང་བཅོ་བརྒྱད་ཀྱི་རིམ་པ། ཕོ་ཉའི་ལམ་མམ་ཤེས་རབ་ཡེ་ཤེས་ཀྱི་ལམ་ཞེས་བྱ་བ་ཁམས་འདུས་པ་བར་མ་དཀྱིལ་འཁོར་འཁོར་ལོ་འདོད་པའི་ལྕགས་ཀྱུ་དགའ་བཞི་ལུངས་འབྱུང་ལུགས་ལྡོག་ཏུ་ཉམས་སུ་བླང་བའི་འཁྲིད། ཁམས་འདུས་པ་མཐའ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་འཁྲིད་དམ་དབང་བཞི་པའི་ལམ་རྦ་རླབས་གསུམ་གྱི་འཁྲིད་དང་བཅས་པའི་དབང་བཞི་རེ་རེ་ལའང་། ལམ། ལྟ་བ། གྲུབ་མཐའ། འདའ་ཁ་མ། བར་དོ། རྨི་ལམ། སྒྱུ་ལུས་དང་བཅས་པའི་དབང་པོ་རབ་འབྲིང་ཐ་མའི་ལམ་ཆ་ཚང་བ་རེ་རེ་འཁྲིད་རིམ་དུ་ཚང་བར་སྩལ། རྣལ་འབྱོར་བིཪྺ་བས་རྗེ་བཙུན་བརྩེ་བ་ཆེན་པོ་པ་ལ་དངོས་སུ་གནང་བའི་མན་ངག་ས་སྐྱའི་ལྕགས་རིའི་ཁོངས་ལས་མི་འདའ་བ་བཞིའི་ནང་ཚན་ལམ་ཟབ་ཕྱི་ནང་གསང་གསུམ་ལས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཕྱི་མའི་ ༼༽འཁྲིད་ཀྱི་བྱིན་རླབས། དེའི་ཡི་གེ་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ། ལམ་ཟབ་ནང་མའི་འཁྲིད་༼༽ཀྱི་བྱིན་རླབས། དེའི་ཡི་གེ་ཁྲི་ཆེན་ཀུན་དགའ་བསོད་ནམས་ཀྱིས་༼ཁྲི༽མཛད་པའི་དོན་གཉིས་མཐར་ཕྱིན། བླ་མ་རིན་ཅེན་འབྱུང་ལྡན་གྱི་བྱིན་རླབས། དེའི་ཡི་གེ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ། རྣལ་འབྱོར་དབང་ཕྱུག་གིས་བརྩེ་ཆེན་ཞབས་ལ་དངོས་སུ་གནང་བའི་ཕྱིའི་བར་གཅོད་བསྲུང་བ་རྣལ་འབྱོར་དབང་ཕྱུག་གི་བསྲུང་༼༽བ་ཐུན་མོང་བའི་བྱིན་རླབས། དེའི་ཡིག་རྙིང་། རྣལ་འབྱོར་དབང་ཕྱུག་གི་བསྲུང་༼༽བ་ནང་མའི་བྱིན་རླབས། དེ་དང་འབྲེལ་བའི་བིར་བསྲུང་༼༽གི་བསྲུང་༼ཉི༽བའི་དམིགས་རིམ། སྔོན་ཆད་ཞལ་ཤེས་ཁོ་ནར་བཞུགས་པའི་བིར་བསྲུང་༼༽གི་ཆ་ལག་ཟབ་མོའི་དམིགས་འཁྲིད། བླ་མ་དོན་


GLG001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱི་བླ་མའི་རྣལ་འབྱོར་བྱེ་བྲག་པ་མཚར་གསུམ་ཁུག་༼༽པའི་བྱིན་རླབས། དེའི་ཡི་གེ་༼ཞ༽རྗེ་བཙུན་ཆེན་པོ་གྲགས་པས་མཛད་པ། པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་ཡི་གེ་ལྟར་བརྡ་དོན་༼༽གསལ་བའི་བྱིན་རླབས། ལམ་སྦས་༼༽བཤད་ཀྱི་བྱིན་རླབས་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པའི་ཟིན་བྲིས་ལྟར་དབང་བཞི་༼༽ངོ་སྤྲོད་ཀྱི་བྱིན་རླབས། མན་ངག་གཅེས་བསྡུས་ཀྱི་རྟེན་འབྲེལ་༼༽གྱི་བྱིན་རླབས། ལུམ་པ་བ་བྱམས་པ་ཀུན་དགའ་ཆོས་གྲགས་ཀྱི་ཡི་གེ་ལྟར་རྣམ་འཇོམས་༼༽བིར་ལུགས་ཀྱི་བྱིན་རླབས། མན་ངག་རྣམས་ཡོངས་སུ་རྫོགས་པའི་མཐར་བརྡ་ཚིག་༼༽རྒྱུད་ཀྱི་བྱིན་རླབས། གསུང་ངག་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་ཚུལ་སྟོན་པ་ལམ་བསྡུས་ཏེ་སྒྲུབ་པའི་ལུང་སྦྱིན་པ། ལམ་ཡོངས་སུ་རྫོགས་པའི་མཐར་གསང་བ་༼༽བཅུས་རྒྱས་གདབ་པ། བསྟན་པ་གཏད་ཅིང་བཀའ་བསྒོ་བའི་ཚུལ་དུ་ལམ་འབྲས་པའི་མགོན་རྐྱང་གི་རྗེས་གནང་དང་བཞི་འཇམ་དབྱངས་མཁྱེན་བརྩེའི་རེག་ཟིག་ལ་བརྟེན་པ་དང་བཅས་པ་རྣམས། གཉིས་པ་དེ་རྣམས་ཀྱི་རྒྱབ་བརྟེན་དུ་བསྟན་བཅོས་ཚད་མ་དང་འབྲེལ་པའི་ལུང་ཐོབ་པ་ལ། ཐོག་མར་གསུང་ངག་གླེགས་བམ་དུ་གྲགས་པར། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གླེགས་བམ་གྱི་དཀར་ཆག་རྗེ་བཙུན་འདི་གླེགས་བམ་གྱི་དབུར་བཞུགས་ཀྱང་ཆོས་སྣ་དྲུག་ཅུར་མི་གཏོགས་སོ། །ཆེན་པོས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་མཛད་པ། གསུང་ངག་རིན་པོ་ཆེ་རྩ་བ་རྡོ་རྗེའི་ཚིག་རྐང་འདི་རྗེ་བཙུན་ཆེན་པོའི་གླེགས་བམ་དཀར་ཆག་ན་མི་གསལ་བར་བརྟེན་རྗེས་འབྲང་མང་པོ་ཞིག་གླེགས་བམ་གྱི་གྲངས་སུ་མི་འདྲེན་པའི་ལོག་རྟོག་གི་འཁྲུལ་གཏམ་སྨྲའོ། །གཞུང་ཆུང་ཡིད་བཞིན་ནོར་བུ་རིན་པོ་ཆེ། དགེ་བའི་བཤེས་གཉེན་གཉག་བཞི་རབ་པ་


GLG001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་རྒྱལ་མཚན་གྱིས་ཞུས་པའི་ངོར་དཔལ་ལྡན་ས་སྐྱ་པ་ཆེན་པོས་མཛད་པའི་རྣམ་འགྲེལ་གཉག་མ། རྣམ་འགྲེལ་བཅུ་གཅིག་ཙམ་ཡོད་པའི་ནང་ནས་འདི་གཞུང་ཉུང་ལ་དོན་རྒྱས་པའི་ཁྱད་དུ་འཕགས་ཞེས་དཀར་ཆག་ཏུ་སྣང་ངོ་། །དཀར་ཆག་ལས་མི་གསལ་བ་གསལ་བར་བྱེད་པ་ལ་ཞལ་ལས་ཤེས་སོ་ཞེས་སྨོས་པ་དགུ་ལས་མེད་ཀྱང་གསལ་བར་བྱེད་པའི་ཡི་གེ་ཉི་ཤུ་རྩ་གཉིས་ཡོད་དེ་ཞེས་གསལ་བྱེད་ཀྱི་ཡི་གེ་ཉི་ཤུ་རྩ་གཉིས་དོན་བསྡུས་མ་དང་བཅས་པ་ལས་ཀུན་གཞིའི་ཡི་གེ་དོན་བསྡུས་པ། གདན་སོགས་ཀྱི་ཡི་གེ །ལུས་ཀྱི་དཀྱིལ་འཁོར་གྱི་ཡིག་ཆུང་། བུམ་དབང་གི་འདའ་ཁ་མའི་སྐབས་སུ་འཆི་ལྟས་འཕྲུལ་འཁོར་འཆི་བླུ་དང་བཅས་པ་སྣང་བ་བསྒྱུར་བའི་འདའ་ཁ་མ་སྟེ་བུམ་དབང་གི་ཡིག་ཆུང་ཆོས་སྡེ་གཅིག་ཏུ་འདྲེན་པ། གསང་དབང་གི་ཐིག་ལེའི་རྣལ་འབྱོར། ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་ཉིད། བཞི་བའི་འདའ་ཁ་མ་བུམ་དབང་དང་ཐུན་མོང་དུ་ཡི་གེས་སྒོ་དགག་པ་དང་བཅས་པའི་ཡིག་ཆུང་འདི་ནི་བུམ་དབང་དང་ཐུན་མོང་ཡིན་ནོའི་མཐའ་ཅན། བར་དོ་བཞིའི་ཡིག་ཆུང་། ལམ་དུས་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ་གྱི་ཡིག་ཆུང་། ཚད་མ་བཞིའི་ཡིག་ཆུང་། གདམས་ངག་དྲུག་གི་ཡིག་ཆུང་། རྟེན་འབྲེལ་ལྔར་བསྟན་པའི་ལམ་གྱི་ཡིག་ཆུང་། སྒྲིབ་སེལ་དང་གནས་སྦྱོང་འབྱམས་གཅོད་ཀྱི་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ཀླུ་སྒྲུབ་པའི་ཁོག་འབུབས་སུ་འདི་སཱཙྪའི་འཇུག་ཏུ་འདུག །གི་ཡིག་ཆུང་། གདོན་གྱི་གྲིབ་ཁྲུས་ཀྱིས་སེལ་བའི་ཡིག་ཆུང་། གྲིབ་མ་སཱཙྪས་སེལ་བའི་ཡིག་ཆུང་། ཐིག་ལེ་འཛག་པ་བསྲུང་བའི་ཡིག་ཆུང་། ཡི་གེ་བརྒྱ་པ་གདོན་ཐབས་ཀྱི་ཡིག་ཆུང་སྟེ་འཁོར་འདས་ཐུན་མོང་གི་སྐབས་དགོས་པ་བཅུ་བདུན། རླུང་གི་སྦྱོར་བ་བདུན། བྷ་གའི་ཡི་གེ་བཅུ་བཞི་སྟེ་


GLG001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཆམ་པ་ལ་གཉིས། གསང་དབང་གི་སྐབས་སུ་འཁོར་བཞིའི་རྒྱ། བཞི་པའི་དབང་ཕྱུག་གི་དོན་བརྒྱད། མཐར་ཕྱིན་པའི་ས་བཅུ་གསུམ་ཕྱེད་འོག་མའི་མངོན་རྟོགས་ཏེ་འདས་ལམ་གྱི་སྐབས་སུ་གསུམ་གྱི་གསལ་བྱེད་ཉི་ཤུ་རྩ་གཉིས་སོ། །བྱང་ཆུབ་སེམས་དཔའ་ཨ་སེང་གིས་ཞུས་པའི་ངོར་ས་སྐྱ་པ་ཆེན་པོས་གནང་བའི་འགྲེལ་པ་ཐམས་ཅད་ཀྱི་དོན་བསྡུས་ཀྱི་ཚིགས་བཅད་རྣམ་འགྲེལ་ཨ་སེང་མར་གྲགས་པ་སྟེ་ཉི་ཤུ་རྩ་གསུམ་གླེགས་བམ་འདི་ཉིད་ཚད་མ་བཞི་དང་སྦྱར་ན་འདི་ཡན་གྱི་ཆོས་ཚན་ཉི་ཤུ་རྩ་ལྔ་པོ་བསྟན་བཅོས་ཚད་མ། ནི་བསྟན་བཅོས་འདི་ཉིད་ཀྱི་སྟེང་དུ་བཤད་པར་བྱ་བ་ཡིན་ནོ། །དེ་དག་ལས་འཕྲོས་པའི་གུད་དུ་གསུང་པའི་ཆོས་སྐོར་ལ། ཀུན་གཞི་རྒྱུ་རྒྱུད་ལས་འཕྲོས་ནས་སྙིང་པོའི་དོན་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་རྩ་བ་ཚིག་ལེའུར་བྱས་པ་རིན་པོ་ཆེའི་སྣང་བ་ཤློ་ཀ་ཉི་ཤུ་བ་འགྲེལ་པ་དང་བཅས་པ། ཐབས་རྒྱུད་གདན་སོགས་ལས་འཕྲོས་པ་དང་དབང་བཞིའི་ཆོ་ག་མཐའ་དག་མདོར་བསྡུས་པའི་མན་ངག་གི་ཡི་གེའམ་རྒྱུ་དུས་སུ་དབང་གི་ཆུ་བོ་མ་ནུབ་པའི་མན་ངག་གི་གནད། གདན་སོགས་ལས་འཕྲོས་པ་མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ནས་བསྐུར་བའི་མན་ངག །ལམ་སོགས་ཉི་ཤུ་ནས་འཕྲོས་ནས་ཕྱི་ཐམས་ཅད་མཁྱེན་པ་མཁྱེན་རྩེ་དང་རྗེ་ཀླུ་སྒྲུབ་པའི་ཁོག་འབུབས་སུ་གོང་དུ་སྨོས་ཟིན་པའི་ལས་དང་པོ་བ་དང་ཐུན་མོང་དུ་དགོས་པའི་ཆོས་སྣ་བདུན་པོ་འདིར་བགྲངས་འདུག་ཅིང་། དཀར་ཆག་ན་འཕྲིན་ལས་སོ་གཉིས་ཀྱི་མཇུག་ན་འདུག་པ་དངོས་གཞི་དཀར་ཆག་གཙོ་ཆེ་ནའང་བསྐྱེད་རིམ་མདོར་བསྡུས་སོགས་དང་སྡེ་ཚན་བསྟུན་ན་ཁོག་འབུབས་འབར་བར་མངོན་ཞིང་བདག་ཆེན་རྡོ་རྗེ་འཆང་


GLG001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཞེས་པའང་དེ་ཁ་ཡིན་ནམ་སྙམ་མོ། །བསྐྱེད་པའི་རིམ་པ་མདོར་བསྡུས་པའི་གནད་ཅེས་པ་རྒྱས་འབྲིང་མི་འདྲ་བའི་ཁྱད་པར་བསྟན་པའི་འཇུག་ཏུ་བསྡུས་པ་ལ་བསོད་ནམས་ཚོགས་གསོག་སོགས་པ་གསལ་བར་བསྟན་པ། དམ་ཚིག་ལས་འཕྲོས་པ་བདུད་རྩི་རིལ་བུ་སྒྲུབ་ཚུལ། གསང་སྔགས་སྙན་བརྒྱུད་སོགས་མ་ཆད་པ་ལས་འཕྲོས་ནས་རྡོ་རྗེ་བདག་མེད་མའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི་ཐོ་ཡིག་བརྩེ་ཆེན་སྙིང་པོའི་ཞབས་ཀྱིས་མཛད་པ། དཀར་ཆག་ཏུ་བྱིན་རླབས་ཀྱི་རྒྱུད་པ་མ་ཉམས་པ་ནི་ལོགས་སུ་རྟོགས་པར་བྱའོ་གསུང་པ་འདི་ཡིན་ལ་ཕྲ་མོའི་ཆོས་སྡེ་ཡང་གཏོགས་སོ། །བསྲུང་བ་སུམ་ཅུ་དང་མན་ངག་གི་གནད་བདུན་ཅུ་ལས་འཕྲོས་ནས་གེགས་སེལ་གྱི་ཡི་གེ་བཞི་བྱུང་བ་ལས་ཐོག་མར་བསམ་གཏན་འདོར་བའི་འཕྲང་བདུན་གྱི་གེགས་སེལ་ཐབས་ཀླུ་སྒྲུབ་པའི་ཁོག་འབུགས་ན་འདི་གཉིས་གོ་ལྡོག་འདུག་ནའང་དཀར་ཆག་དང་འཇམ་དབྱངས་མཁྱེན་བརྩེའི་ཁོག་འབུབས་ན་འདི་ལྟར་བྱུང་ངོ་། །བྱུང་རྒྱལ་དུ་མི་གཏང་བའི་གནད་བཞི། ལུས་འཁྲུགས་རླུང་དང་སྤྱོད་ལམ་གྱིས་སེལ་བ། རྣལ་འབྱོར་གྱི་འཕྲིན་ལས་སུམ་ཅུ་རྩ་གཉིས་ཏེ་དགུ་པོ་འདི་གླེགས་བམ་དུ་དངོས་སུ་བཞུགས་ཤིང་། ལས་དང་པོ་བ་དང་ཐུན་མོང་དུ་དགོས་པའི་ཆོས་བདུན་པོ་དེང་སང་གླེགས་བམ་འདིར་མི་བཞུགས་པས་གོང་དུ་སྨོས་ཟིན་ནའང་དོན་དུ་དེ་དག་ཐམས་ཅད་རྩ་བ་རྡོ་རྗེའི་ཚིག་རྐང་ལས་འཕྲོས་པའི་སྐོར་ཡིན། དཀར་ཆག་ཏུ་གླེགས་བམ་འདི་ན་གནས་ཀྱང་འགལ་བ་མེད་ལ་ལས་དང་པོ་བ་དང་ཐུན་མོང་དུ་དགོས་པའི་ཕྱིར་ལོགས་སུ་འདུག་ཀྱང་ཉེས་པ་མེད་དོ་ཞེས་སོ། །ལམ་རྒྱས་འབྲིང་བསྡུས་གསུམ་གྱི་རྒྱས་པ་གོང་དུ་བཤད་མ་ཐག་པ་ལྟར་དང་། འབྲིང་པོ་རྩ་བ་མེད་པའི་ལམ་འབྲས་འབྲིང་དུ་བསྡུས་ནས་གང་ཟག་གཅིག་གིས་ལམ་འབྲས་བུ་དང་བཅས་མ་ཚང་བ་མེད་པར་སྟོན་པ། རང་གི་གཞུང་ཅུང་ཟད་ཡོད་པ་སྒྲུབ་པའི་ལུང་སྦྱིན་པའམ་འབོགས་པ་ལམ་བསྡུས་པ། དེ་ལྟར་ལམ་རྒྱས་འབྲིང་བསྡུས་གསུམ་མཐའ་དག་


GLG001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པས་ཉམས་སུ་བླང་བའི་ཕྱིར་གཞུང་ཤིང་ཆེན་པོ་བཞི་ལས་ཐོག་མར་གཞུང་ཇི་ལྟ་བར་བཀྲི་བའི་འཁྲིད་ཡིག་ཇོ་ལྕགས་མར་གྲགས་པ་ལྷོ་བྲག་པ་དཀར་སྟོན་ཇོ་སྲས་ལྕགས་ཀྱི་རྡོ་རྗེས་ལན་མང་དུ་གསོལ་བ་བཏབ་པ་ལ་བརྟེན་ནས་མཛད་པ། དཀར་ཆག་དང་རིན་པོ་ཆེ་ཀླུ་བསྒྲུབ་པའི་ཁོག་འབུབས་སུ་འདི་ལྟར་འདུག་ཅིང་རྗེ་མཁྱེན་རྩེའི་ཁོག་འབུབས་ན་གཞུང་ཤིང་དང་རྟོགས་པ་བསྐྱེད་པ་བསྡོམས་པའི་ཆོས་ཚན་དགུ་པོ་གེགས་སེལ་གྱི་འགོར་འདུག་པ་ཚད་མ་བཞི་དང་སྦྱོར་བའི་དབང་དུ་བྱས་ན་དོན་ལ་གནས་སོ། །མན་ངག་གི་གནད་དྲུག་གིས་བཀྲི་བའི་འཁྲིད་ཡིག་ཁྱད་པར་ཅན། བརྩོན་འགྲུས་ཅན་མན་ངག་གི་གནད་བཅུ་གཅིག་གིས་བཀྲི་བའི་འཁྲིད་ཡིག །གང་ཟག་དབང་པོ་རབ་འབྲིང་གསུམ་བཀྲི་བའི་འཁྲིད་ཡིག་དང་བཞི། དེ་ལྟར་ཉམས་སུ་བླངས་པ་ལས་བྱུང་བའི་རྟོགས་པ་བོགས་དབྱུང་བའི་ཕྱིར་རྟོགས་པ་བསྐྱེད་པའི་ཆོས་ལྔ་ལ་ཐོག་མར་ལམ་འཇུག་ལྡོག་མགྱོགས་བྱེད་ཕོ་ཉའི་ལམ་ཕྱག་རྒྱ་འཇུག་ལྡོག །ཤེས་པས་ཕན་འདོགས་པའི་མན་ངག་བདུན། འཁོར་འདས་ཀྱི་ལམ་ཐུན་མོང་དུ་བསྲེ་བ་དང་། འགྲོས་བཞི་བཅས་པའི་ཡི་གེ །ཕྱི་ནང་གི་མཛད་པ་བཅུ་གཉིས། རྟོག་པ་གསལ་བའི་ཕྱིར་དཀར་ཆག་ཀླུ་སྒྲུབ་པའི་ཁོག་འབུབས་ཀྱི་དངོས་བསྟན་ལས་བདག་ཆེན་རྡོ་རྗེ་འཆང་གི་ཕྱག་དཔེའི་དཔེ་རིས་རྣམས་ཅུང་ཟད་མང་བར་སྣང་ངོ་། །འཆི་ལྟས་བརྟག་པ་རྒྱས་པའི་དཔེ་ཆུང་། མ་ངེས་པའི་འཆི་ལྟས་ཀྱི་དཔེ་ཆུང་། དེ་གཉིས་དང་འདྲ་མིན་རེ། རྩའི་དཔེ་རིས་རྒྱས་འབྲིང་བསྡུས་གསུམ། གསུམ་ངག་དཀྱུས་དང་སྲས་དོན་མའི་ལུགས་ཀྱི་བྷ་གའི་ཡི་གེ་བཅུ་བཞིའི་དཔེ་ཆུང་སོ་སོ། ཡང་བྷ་གའི་དཔེ་ཆུང་ལུགས་གཅིག་ཉམས་སྐྱེ་ཚུལ་དང་བཅས་པ། རྣལ་འབྱོར་གྱི་འཕྲིན་ལས་སུམ་ཅུ་རྩ་གཉིས་དཔེ་རིས། གེགས་སེལ་གཞན་གྱི་དཔེ་ཆུང་གཉིས། ལམ་སྦས་


GLG001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱི་རིགས་དྲུག་སྐྱེ་བ་བརྟག་པའི་དཔེ་ཆུང་རྣམས་རྣམ་གྲངས་གཅིག་ཏུ་འདྲེན་ནོ། །གང་ཟག་དབང་པོ་རབ་བླ་མས་གྲོལ་བས་ལམ་གཞན་ལ་ལྟོས་མི་དགོས་པ་དེའི་ཆ་རྐྱེན་ལམ་ཟབ་འབྲིང་གསུམ་ལས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བླ་མ་ཆེན་པོའི་དབུ་བསྙུང་མ། འདི་ཡན་ལ་རྟོག་པ་གསལ་བའི་སྐོར་མ་གཏོགས་དངོས་བསྟན་གྱི་ཡི་གེ་རྣམས་ཀྱི་སྟེང་དབང་ཆུ། སྒྲུབ་ཐབས་ཡན་ལག་ཞེ་དྲུག །བདག་མེད་མའི་སྒྲུབ་ཐབས། སྦྱིན་སྲེག་རྣམས་བསྣན་པའི་ཆོས་སྣ་སུམ་ཅུ་པོ་ཉམས་མྱོང་ཚད་མ་ཡིན་ནོ། །ཚད་མ་བཞི་པ་བཀའ་ཡང་དག་པའི་ལུང་ཚད་མ་དང་སྦྱོར་བར་ལུང་ཚད་མ་གསུང་ངག་རིན་པོ་ཆེ་འདི་ཉིད་དང་མདོར་བསྡུས་ཏེ་སྦྱོར་བ་ལམ་ཕྱི་མ་གཉིས་ཀྱང་དེ་བཞིན་དུ་ཤེས་པར་བྱའོའི་མཐའ་ཅན། གསུང་ངག་རིན་པོ་ཆེ་ལུང་མཐའ་དག་དང་མདོར་བསྡུས་ཏེ་སྦྱར་བ་གསུང་ངག་ཚད་མ་ལུང་དང་སྦྱར་བའི་གདམས་ངག་གོའི་མཐའ་ཅན། རྗེ་བཙུན་བརྩེ་བ་ཆེན་པོས་མཛད་པའི་གསུང་ངག་རིན་པོ་ཆེ་ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་དཀར་ཆག་ཏུ་ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་ནི་ལོགས་སུ་ཤེས་པར་བྱའོ་གསུང་བ་འདི་ཡིན་པས། དཔེ་ལ་ལར་དམར་གྱིས་མཛད་ཚུལ་འདུག་པའི་མཆན་བུ་ལྟ་བུ་དམར་གྱིས་མཛད་པ་ཡོད་སྲིད་པ་ལ་འཁྲུལ་ལམ་སྙམ་མོ། །ཕྲ་མོའི་ཆོས་སྡེར་ཡང་སྣང་ངོ་། །གླེང་གཞི་དང་གླེང་བསླང་བ་དང་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བ་དང་སྦྱར་བ་གསུམ་གྱི་སྒོ་ནས་བསྟན་པ་ལུང་སྦྱོར་གསུམ་པོ་འདི་ལུང་ཚད་མ། མཚོན་གྱིས་བསྲུང་ལ་མཁའ་འགྲོས་བཟོད་པར་གསོལ་གྱི་མཐའ་ཅན། བླ་མ་ཚད་མ་སྦྱར་བའི་སྐབས་ཀྱི་བླ་མ་བརྒྱུད་པ་རྒྱ་གར་བའི་ལོ་རྒྱུས་ཞེས་པ་རྣལ་འབྱོར་དབང་ཕྱུག་གི་རྣམ་ཐར། འདི་གཉིས་བླ་མ་ཚད་མའོ། །བླ་མ་བརྒྱུད་པ་བོད་ཀྱི་ལོ་རྒྱུས་ཞེས་པ་འབྲོག་མི་ལོ་ཆེན་ནས་ས་སྐྱ་པ་ཆེན་པོའི་བར་གྱི་རྟོགས་བརྗོད་མདོར་


GLG001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས། འདི་ཡན་གྱིས་ལམ་འབྲས་གླེགས་བམ་ཆོས་སྣ་དྲུག་ཅུ་ཞེས་པ་ཚང་བ་ཡིན་ལ། རྗེས་འབྲང་ལ་ལ་དག་རྡོ་རྗེའི་ཚིག་རྐང་དང་རྟོག་གསལ་དོར་ནས་ཡི་གེ་མེད་པའི་ལུང་སྦྱོར་རྒྱས་པ་དང་ཕྲ་མོའི་དཀར་ཆག་གཉིས་འདྲེན་པ་དང་། ངོར་ལུགས་པ་འགའ་ཞིག་རྡོ་རྗེའི་ཚིག་རྐང་གི་ཚབ་ཏུ་མན་ངག་ཕྲ་མོ་གཞན་རྣམས་གཅིག་ཏུ་འདྲེན་པར་དཀར་ཆག་ཏུ་མན་ངག་ཕྲ་མོ་གཞན་གྱི་དཀར་ཆག་ནི་བྲི་བར་མ་ནུས་ཞེས་པ་དང་དངོས་སུ་འགལ། རྫོང་པའི་བཞེད་པར་རྡོ་རྗེའི་ཚིག་རྐང་གི་ཚབ་ཏུ་གཡག་དྲུག་ཅུའི་གྲངས་སུ་རྫིའུ་བརྩི་བ་ལྟར་དཀར་ཆག་འདྲེན་པ་འདུག་ནའང་རང་རེ་ཁའུ་བྲག་རྫོང་པའི་བརྒྱུད་འཛིན་གསང་ཆེན་སློབ་བཤད་པ་རྣམས་ཀྱི་ལུགས་ལ་མི་བཞེད་ཅིང་། དེང་སང་ཡོངས་གྲགས་ལ་གླེགས་བམ་དུ་ངེས་པར་བཞུགས་དགོས་པ་བཞི་བཅུ་ཞེ་དགུ་དཀར་ཆག་ལ་སྔ་སྩོམ་ཕྱི་རྩོམ་གྱི་ཁྱད་ནས་ལ་ལར་འཁོར་འདས་དབྱེར་མེད་རྩ་འགྲེལ་མེད་འདུག་པ་དེའི་དབང་གིས་ཞེ་དགུར་ངོས་བཟུང་ངམ་སྙམ། ཞེས་གྲགས་ནའང་དཀར་ཆག་གི་ཚིག་གིས་ཟིན་པ་ལྔ་བཅུ་ང་གཅིག །ལོགས་སུ་བཞུགས་པ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་དང་ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་གཉིས། གླེགས་བམ་འདིར་བཞུགས་ཀྱང་རུང་ཞིང་མ་བཞུགས་ཀྱང་རུང་བའི་ཡིག་སྣ་བདུན་དང་བཅས་པས་ཆོས་སྡེ་དྲུག་ཅུ་ཐམ་པ། ཡང་ཆོས་སྡེ་དྲུག་ཅུར་དངོས་སུ་མི་གཏོགས་པར་གླེགས་བམ་དུ་བཞུགས་པ། བདེ་བར་གཤེགས་པའི་བཀའ་༼ཞ༽ཡང་དག་པ་ལུང་གི་ཚད་མ་ལུང་འདི་ཉིད་དང་སྦྱར་ན་མཐར་ཐུག་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་བཀའི་དབང་དུ་བྱས་ཏེ་གླེང་གཞིའི་མདོ་དང་གླེང་བསླང་གི་མདོ་རྒྱུད་དོན་རྒྱས་པ་དང་སྦྱར་བ་སློབ་དཔོན་རིན་པོ་ཆེས་མཛད་པ་ཕྲ་མོའི་ཆོས་སྡེར་ཡང་ཐེ། མཇུག་ན་འདི་ནི་


GLG001_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་སྤུན་གཉིས་དང་བཀའ་ལུང་པ་དང་རྨོག་སྟོན་དང་བཞིས་ཞུས་པ་ལགས་ཞེས་སོགས་ཡོད་པ། རྣམ་འགྲེལ་གཉག་མའི་མཇུག་ཏུ་རྗེ་བཙུན་ས་སྐྱ་པའི་ཕྱག་དཔེ་ལ་གཏུགས་ཏེ་དག་པར་བྱས་སོ་ཞེས་བྲིས་པའི་དཀར་ཤཱཀྱ་གྲགས་ཀྱི་ཕྱག་དཔེ་ལ་དཔེ་ཕྱི་བྱས་པས་ཤིན་ཏུ་ཡིད་ཆེས་པའི་གནས་སུ་རིག་པར་བྱའོ། །འཁོན་བྱ་བྲལ་བ་མ་ཏིའི་མིང་ཅན་གྱི་ཡི་དམ་དུ་བྱ་བའི་ཆོས་་ཞེས་པ་འཇུག་ཏུ་བྲིས་པའི་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཕྱག་དཔེ་དངོས་རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་རྡོ་རྗེ་འཆང་། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་ཁུ་དབོན་གསུམ་དང་བཅས་པའི་ཕྱག་དཔེའི་སྟེང་ནས་མཆན་རྙིང་པར་མ་ཟད་བདག་ཆེན་རྡོ་རྗེ་འཆང་གི་གསུམ་མཆན་ཕྱག་བྲིས་མ་དང་བཅས་ལེགས་པར་ནོས། དེ་ཡང་རྗེས་འབྲང་གི་མཁས་པ་མང་དག་འདའ་ཁ་མ་ཡན་ལས་རྨི་ལམ་མན་གྱི་འཁྲིད་ལམ་འབྲས་གླེགས་བམ་ཚོར་གསལ་བར་མེད་པས་གསུང་ངག་སློབ་བཤད་ཅེས་བྱ་བ་རྗེ་བཙུན་གོང་མའི་དུས་མེད་སྙམ་པའི་ལོག་རྟོག་གི་མུན་པ་གཏིབས་པ་མང་ནའང་གླེགས་བམ་དཀར་ཆག་ཏུ་ཡི་གེ་མེད་པའི་སྙན་བརྒྱུད་ཀྱི་མན་ངག་མང་ཏུ་ཐོས་མོད། ཡི་གེ་ལ་ཐུན་མོང་དང་གང་ཟག་སོ་སོ་ལ་གནང་ནས་དེ་དག་ཀྱང་ཐུན་མོང་དུ་གནང་བར་གསལ་བ་འདི་དག་ལ་རྗེ་བླ་མས་གཞན་སུ་ལ་ཡང་མ་གནང་བའི་ཡི་གེ་ཁོ་བོ་ཅག་ཁོ་ན་ལ་བྱེ་བྲག་ཏུ་སྦས་ནས་སྣང་བ་ཡོད་ན་དཀོན་ཅོག་གསུམ་དཔང་ངོ་། །ཞེས་གསུངས་པས་གླེགས་བམ་དུ་མ་གྲགས་པའི་ཡི་གེ་མེད་པའི་སྙན་བརྒྱུད་ཡོད་པ་དངོས་སུ་བསྟན་ཞིང་། རྗེ་བཙུན་ས་པཎ་གྱིས། འོན་ཀྱང་རྟེན་འབྲེལ་ཟབ་མོའི་གནད། །ད་དུང་ཀུན་གྱིས་ཤེས་པ་


GLG001_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །གླེགས་བམ་ཙམ་ལ་བརྟེན་པ་ཡི། །ལམ་འབྲས་པས་ཀྱང་འདི་མི་ཤེས། ཞེས་གླེགས་བམ་ལ་མ་བརྟེན་པའི་སྙན་ནས་སྙན་ཞལ་ནས་ཞལ་དུ་བརྒྱུད་པའི་སློབ་བཤད་ཟབ་མོ་ཡོད་པར་གསུངས་ཤིང་། བླ་མ་ས་སྐྱ་པ་ཆེན་པོའི་དུས་ནས་སློབ་མ་བྱིངས་ལ་མི་སྟོན་པའི་མན་ངག་ཟབ་མོ་ཟུར་པ་ཞིག་ཡོད་བ་ཕྱོགས་ཙམ་རིག་ནས་སྐུར་བ་བཏབ་པར་བརྟེན་རྗེ་བཙུན་ཆེན་པོས། འགྲོ་ལ་བུ་གཅིག་ལྟར་བརྩེ་ཡང་། །བྱེ་བྲག་བུ་ལ་བརྩེ་བ་ཡིས། ཡི་གེ་སྦས་པ་སྣང་ངོ་ཞེས། །བླ་མ་མཆོག་ལ་བསྐུར་མི་བྱ། ཞེས་གསུང་པ་སོགས་ཀྱིས་ལོག་རྟོག་གི་མདུད་པ་ཐམས་ཅད་རང་གྲོལ་དུ་འགྲོའོ། །ཚུལ་དེ་དག་ལ་དགོངས་ནས། ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱིས། ཡབ་གཅིག་སྙན་བརྒྱུད་བདུད་རྩིའི་ཟིལ་དངར་ཅན། །ཐུགས་རྗེའི་གེ་སར་བཞད་ལྡན་ཞབས་པདྨོར། །གུས་བཏུད་བུང་བ་བདག་ཀྱང་སློབ་བཤད་ཀྱི། །སྦྲང་རྩི་གསར་པའི་བདེ་བས་ཅི་ཡང་མྱོས། །ཞེས་དང་། རྣམ་ཐར་ལས། འཁྲུལ་མེད་ཆོས་ཀྱི་སྙིང་པོ་འདི་ཐོས་ཚེ། །རབ་འབྱམས་ཤེས་བྱའི་རང་ཞལ་ཚུར་སྟོན་བྱུང་། །ཡོངས་རྫོགས་བསྟན་པའི་ཉམས་ལེན་བརྒྱུད་ལ་ཁེལ། །ཟབ་ཟབ་ཕལ་ཆེར་མིང་རྐྱང་ཙམ་དུ་སོང་། །ཞེས་དང་། མཁས་པའི་དབང་པོ་ཀླུ་སྒྲུབ་པས། ཚོགས་པར་བཤད་པའི་དྲང་དོན་ཟ་ཟིའི་གཏམ། །རྣམ་པར་སྤངས་ནས་སློབ་བུ་མཆོག་དག་ལ། །གཅེས་པར་གདམས་པ་ངེས་དོན་སྙིང་པོའི་བཅུད། །ཟབ་མོ་སློབ་བཤད་འཁྱོངས་པར་བྱིན་གྱིས་རློབས། །ཞེས་གསུང་པ་རང་བཞིན་བརྗོད་ཀྱི་སྙན་ངག་ཁོ་ནར་ཡིད་ཆེས་པའོ། །རྒྱུད་གསུམ་མཛེས་རྒྱན་དུ། དམ་པའི་དྲིན་ལས་ཆོས་འདིའི་ཟབ་པའི་གནད། །མང་པོའི་དོན་ལ་ཁོ་བོ་བློ་གསལ་ཡང་། །ཐུན་མོང་ངག་ཏུ་བརྗོད་


GLG001_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རུང་འགའ་ཞིག་ཙམ། །འཆད་པར་འགྱུར་གྱིས་མཁའ་འགྲོས་སྐབས་ཕྱེ་ཞིག །ཅེས་ཚོགས་བཤད་པ་ཕལ་ཆེར་གྱིས་མགྲིན་པ་བཏེག་ནས་འཆད་པའི་འཁྲིད་ཡིག་འདི་ཉིད་ཐུན་མོང་ཙམ་དུ་བསྟན་པས་ཀྱང་དེ་ལས་ཟབ་པ་ཞིག་མེད་ཅེས་སྨྲ་བའི་ལྕེ་འཆད་པར་སྣང་ངོ་། །རྗེ་ས་སྐྱ་པ་ཆེན་པོས་གསུང་ངག་འདི་ལ་ཞུ་བ་པོ་སོ་སོའི་དོན་དུ་མཛད་པའི་རྣམ་འགྲེལ་བཅུ་གཅིག་ཙམ་ཡོད་པའི་ནང་ནས་ཤིན་ཏུ་ཟབ་ཅིང་རྒྱས་པ་རིགས་ཀྱི་སྲས་སློབ་དཔོན་རིན་པོ་ཆེ་སྐུ་མཆེད་གཉིས་ཀྱི་དོན་དུ་མཛད་པའི་རྣམ་འགྲེལ་སྲས་དོན་མར་༼ས༽གྲགས་པ་རྡོ་རྗེའི་ཚིག་རྐང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་བཤད་པ་ཞལ་ནས་ཞལ་དུ་བརྒྱུད་པའི་གདམས་ངག་རྫོགས་བྱང་གི་མཐའ་ཅན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་གླེགས་བམ་པོད་ནག་ཏུ་གྲགས་༼ཉི༽པའི་སྐོར་ལ། བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ། ཕྱི་དཀྱིལ་གྱི་མངོན་རྟོགས་ཡན་ལག་དྲུག་པ། ལམ་དུས་ཀྱི་སྨིན་བྱེད་མཆོག་གི་དབང་བསྐུར་བའི་ཚུལ་ཟབ་པ་ལས་ཀྱང་ཆེས་ཟབ་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ལམ་དུས་དབང་གི་ཉམས་ལེན་དགེ་བཤེས་ཀུན་དགའ་རྒྱལ་མཚན་གྱི་ངོར་མཛད་པ། བླ་མ་ལ་བརྟེན་ནས་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་རྣལ་འབྱོར་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་དང་བླ་མ་སྲས་པའི་དོན་དུ་མཛད་པ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཡན་ལག་མདོ་སྟོད་པ་ཆོས་རྒྱལ་འོད་ཟེར་གྱི་ངོར་མཛད་པ། ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་འཁྲིད་ཡིག་སྦས་དོན་གསལ་བ། གནད་དྲུག་གིས་བཀྲི་བའི་འཁྲིད་ཀྱི་གསལ་བྱེད་གནད་ཀྱི་ལྡེ་མིག །གནད་བཅུ་གཅིག་གིས་དཀྲི་བའི་འཁྲིད་ཀྱི་གསལ་བྱེད་གནད་ཀྱི་སྒོ་འབྱེད།


GLG001_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་རབ་འབྲིང་ཐ་གསུམ་བཀྲི་བའི་འཁྲིད་ཀྱི་གསལ་བྱེད་ཉུང་དུ་རྣམ་གསལ། ལམ་འབྲས་འབྲིང་དུ་བསྡུས་ནས་སྣང་བ་གསུམ་དུ་གང་ཟག་གཅིག་ལ་དགོས་པ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རྗོད་བྱེད་ཀྱི་སྒྲ་ལ་མ་ལྟོས་པར་བརྗོད་བྱའི་དོན་གཙོ་བོའི་དབང་དུ་བྱས་ནས་མ་ཚང་བ་མེད་པར་བསྟན་པའི་སྙན་བརྒྱུད། ལམ་འབྲས་བུ་དང་བཅས་པའི་གདམས་ངག་རྣམ་པར་བཤད་པ་མན་ངག་གི་མཛོད་རྣམས། ལམ་འབྲས་སྐོར་ལྷག་མ་དང་བཅས་པའི་ཐོ་ཡིག་མན་ངག་ཕྲ་མོར་གྲགས་༼ཉི༽པའི་སྐོར་ལ། རྫོང་ཆུང་པ་རྩང་རུས་ཀྱི་མིང་། བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་དཀར་ཆག །དེ་ལས་བྱུང་བའི་གདམས་སྐོར་ལ། ས་ཆེན་གྱིས་མཛད་པ། སློབ་དཔོན་རིན་པོ་ཆེས་མཛད་པ། རྗེ་བཙུན་རིན་པོ་ཆེས་མཛད་པ། ས་པཎ་གྱིས་མཛད་པ། འཕགས་པས་མཛད་པ། རྗེས་འབྲང་གི་ཡི་གེ་དང་དྲུག །དང་པོ་ལ། བྱིན་རླབས། གེགས་སེལ། སྤྱི་འགྲོའི་ཡི་གེ་དང་གསུམ། དང་པོ་ལ། ལམ་དུས་ཀྱི་དབང་ཆོག་གམ་ལུས་ཀྱི་དཀྱིལ་འཁོར་གྱི་བྱིན་རླབས་མདོར་བསྡུས་ཀྱི་ཆོ་ག་བླ་མ་ས་སྐྱ་པ་ཆེན་པོས་མཛད་པ་དབང་ཚིག་ཙམ་གྱིས་ཐོབ་པའི་གདམས་ངག་ས་མ་བ་ཏ་མའི་མཐའ་ཅན། དེས་མཛད་པའི་བདག་མེད་མའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བསྐུར་བའི་ཕྱག་ལེན་ཐོ་ཡིག །འདི་གླེགས་བམ་དུའང་གཏོགས། པོད་དམར་ན་གྲགས་པས་མཛད་ཟེར། དེས་མཛད་པའི་བིར་བསྲུང་པོད་དམར་ན་འཕགས་པས་མཛད་པར་བཞེད། འདིའི་ལུང་ལེན་པར་འདོད་པ་ལ་བིཪྺ་པའི་བྱིན་རླབས་ས་སྐྱ་པ་ལ་གནང་སྟེ་རིམ་པར་བརྒྱུད་པའི་མཐའ་ཅན། དེས་མཛད་པའི་ཨཥྚལ་བརྟེན་ནས་དཔལ་ཀྱེ་རྡོ་རྗེའི་བཟླས་པའི་ལུང་སྦྱིན་པ་ནུས་པ་དང་ལྡན་པ་འགྱུར་གསུང་བའི་མཐའ་ཅན་རྣམས། པོད་


GLG001_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གྱིས་དེ་འདི་དང་ཚིག་མི་མཐུན། གཉིས་པ་གེགས་སེལ་ལ། གེགས་སེལ་ཉམས་ཆེན་མོ་ཞེས་པོད་དམར་ནའང་ཡོད། པ་དབུ་ན་བིཪྺ་ནཱ་ཐ་ཡ་དང་རི་ཀླུང་ལ་སོགས་སུ་ཅུང་ཟད་བཅགས་པས་སྤྱིར་གཅེས་པ་ཡིན་གསུང་པའི་མཐའ་ཅན། འདི་ལ་ཡི་གེ་འདྲ་མིན་འགའ་རེ་ཡོད་པར་གྲགས་ནའང་དེང་སང་གླེགས་བམ་དུ་གཅིག་པུ་འདི་ལས་མི་བཞུགས་ཤིང་ཡི་གེ་ཚན་པ་བརྒྱད་ཀྱི་བསྒྲིགས་རིམ་ཙམ་ལས་ཚིག་དོན་ལ་ཁྱད་མེད་ཚུལ་དཀར་ཆག་ཏུ་གསལ། གེགས་སེལ་ཉམས་ལེན་ཆུང་བ་བླ་མ་ཆེན་པོའི་གདམས་པ་དམར་འཁྲིད་ཐུགས་ཀྱི་ཉིང་ཁུ་ཡི་གེའི་རིས་སུ་བཀོད་པ་པོའི་མཐའ་ཅན་པོད་དམར་ནའང་ཡོད། ལྷོ་བྲག་དཀར་སྟོན་ལ་གནང་བའི་གེགས་སེལ་བར་གཅོད་རྣམ་གསུམ་སེལ་བ། པོད་དམར་ནའང་ཡོད། དཔལ་ས་སྐྱ་པ་ཆེན་པོའི་གེགས་སེལ་བཀའ་རྒྱ་མ། པོད་དམར་ནའང་ཡོད། འདིའི་མཆོད་བརྗོད་དུ། འཇམ་དཔལ་དབྱངས་ཀྱི་ཞབས་རྡུལ་གུས་ལེན་པ། ཆོས་ཀྱི་རྒྱལ་པོ་ཞེས་བྱ་དམར་གྱིས་ཞུས། ཞེས་པའི་ཚིག་རིགས་ལ་འཁྲུལ་ནས་དམར་གྱིས་མཛད་པར་བཞེད་པ་བྱུང་ནའང་དེ་ཞུས་དག་མཛད་ནས་ཚིག་རིགས་དེ་རྣམས་བསྣན་པ་མ་གཏོགས་འཇུག་གི་མཆན་བུར་ཛང་ཛ་ནེ། གཙང་བཞེར། རྡོ་རྗེ་རྒྱལ་མཚན་ལ་སོགས་པ་ཁམས་པ་ལྔ་སྟེ་བདུན་ལ་གནང་བཀའ་རྒྱས་ཀྱང་བཏབ་བོ། །ཛང་གིས་བླ་ཆེན་ལ་ཞུས་ནས་རྗེ་པ་སྐུ་མཆེད་གཉིས་སྦྲན་པས། རྗེ་པའི་ཞལ་ནས། ཛང་འདི་ངེད་ལ་དྲིན་ཆེ་གསུངས་སོ། །ཞེས་པའི་ཚིག་གི་ནུས་པས་ཀྱང་བརྩེ་བ་ཆེན་པོའི་གསུང་ཡིན་པར་ངེས་ནུས་སོ། །གེགས་སེལ་གཅེས་བསྡུས་ཞེས་པ་རྟེན་འབྲེལ་ཟབ་མོའི་གནད་གཞན་གྱིས་ངེས་པར་བསྲུང་ངོའི་མཐའ་ཅན། དཀར་ཆག་ཏུ་ཡི་གེ་ཚན་པ་ཉི་


GLG001_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་གཉིས་ཡོད་གསུངས་ཀྱང་ཀ་ཐོར་ཡ་ཡན་གྱི་ཉེར་བཞི་འདུག་པ་དཔྱད། གེགས་སེལ་གསང་བདུན་མ་ཞེས་པ་སྒམ་ལ་འཕྲ་གེགས་བྱུང་ན་ཞལ་གདམས་གདབ་ཅེས་པའི་མཐའ་ཅན། པོད་དམར་ནའང་ཡོད། གེགས་སེལ་ཧ་དམིགས་མ་རགས་པ་ཙམ་ལགས་ཀྱི་མཐའ་ཅན། ལུང་སྦྱོར་ཉི་ཤུ་པ་རྣམས། གསུམ་པ་སྤྱི་འགྲོའི་ཡི་གེ་ལ། དབང་བཞི་ངོ་སྤྲོད་ཀྱི་ཚིགས་བཅད་མ་རྩ་འགྲེལ། པོད་དམར་ནའང་ཡོད། ལམ་བསྡུས་པ་ངོ་བོ་ཉིད་གསུམ་ཞེས་པ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མདོར་བསྡུས་ཏེ་བསྟན་པ། གསང་བཅུ་སྤྱོད་པའི་རྣལ་འབྱོར་མཐར་བསྐྱལ་བའི་སྤྱོད་པ་རྫོགས་བྱང་གི་མཐའ་ཅན། གསུང་ངག་རིན་པོ་ཆེ་ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་རྣམས། འདི་གླེགས་བམ་དུའང་གཏོགས། འདི་ཚོར་སྦྱར་བྱང་མེད་པ་འགའ་ཞིག་འདུག་ཅིང་དཀར་ཆག་ཏུ་འགའ་ཞིག་དངོས་ཀྱི་སློབ་མས་གསུང་ལས་ཟིན་པའི་བྲིས་པའང་འདྲའོ་ཞེས་བྱུང་བས་ཀྱང་ཤེས་སོ། །གཉིས་པ་སློབ་དཔོན་རིན་པོ་ཆེས་མཛད་པ་ནི། ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་མཆན་བུ་མ་མཇུག་ཏུ། འདི་གླེགས་བམ་གྱི་ཆོས་སྡེར་མི་གཏོགས་ཀྱང་བདག་ཆེན་རྡོ་རྗེ་འཆང་དང་ལོ་པ་སྤྱན་སྔ་སོགས་ཀྱི་ཕྱག་དཔེ་ཁུངས་ཐུབ་ཚོར་གླེགས་བམ་གྱི་མཇུག་ཏུ་བྲིས་འདུག །འདི་ནི་བདག་ཅག་སྤུན་གཉིས་དང་བཀའ་ལུང་པ་དང་རྨོག་སྟོན་པ་བཞིས་ཞུས་ཚུལ་ཡོད་པ། གསུམ་པ་རྗེ་བཙུན་རིན་པོ་ཆེ་མཛད་པ་ལ། གསོལ་འདེབས། ཞལ་གདམས། རྣམ་ཐར་དང་གསུམ། དང་པོ་ལ། ལམ་འབྲས་བརྒྱུད་པའི་གསོལ་འདེབས་ཆེ་བ་བླ་མ་རྡོར་འཛིན་མ། པོད་དམར་ནའང་ཡོད། ཆུང་བ་རྡོ་རྗེ་འཆང་གཙོ་མ། གཉིས་པ་ཞལ་གདམས་ལ། བྲ་སྟོན་བློ་གྲོས་ལ་གདམས་པ། མཇུག་ན་ཤློ་ཀ་གཅིག་ཐོལ་དུ་ཡོད་པ་ཞིག་པོད་དམར་ནའང་ཡོད། དགའ་སྟོན་རྡོ་རྗེ་གྲགས་པར་སྤྲིངས་པ། པོད་དམར་ནའང་ཡོད།


GLG001_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྣམ་ཐར་ལ། བླ་མ་ཆེན་པོའི་ངོ་མཚར་བའི་གཏམ་མང་དུ་ཡོད་པའི་ནང་ནས་དང་པོ་གུང་ཐང་དུ་བཞུགས་པ་དང་གཉིས་པ་བཟང་རྒྱུད་འབྲོག་གསེབ་ཏུ་བྱོན་ཚུལ་སྐོར། བཞི་པ་ས་པཎ་གྱིས་མཛད་པ་ལ། འཁྲིད། བཤད་པ། ལམ་ཟབ། བིར་བསྲུང་དང་བཞི། དང་པོ་ལ། ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་དཀར་ཆག །འདི་གསུང་ཡིན་མིན་ལ་རྩོད་པ་བྱུང་ནའང་བཀའ་སྒྲུབ་བསྟན་པའི་སྐབས་བསྒྲུབས་ཟིན་ཞེས་པ་དཀར་ཆག་ཏུ་འདུག་གོ །ལམ་སྦས་༼ཎ༽པོད་དམར་ནའང་ཡོད། བཤད། འདི་ལ་འདྲ་མིན་འགའ་ཞིག་བྱུང་བར་བརྟེན། ཇི་སྐད་དུ། བདག་ནི་གསང་སྔགས་ཟབ་མོའི་དོན། ཡི་གེར་བྱེད་ལ་ཅུང་ཟད་སྐྲག །འོན་ཀྱང་གཞན་གྱིས་སྦྱར་བ་ལ། །བླ་མའི་གསུང་དང་འགལ་བར་མཐོང་། །དེས་ན་གསུང་དང་མཐུན་པར་བཀོད། །ཅེས་ཆེད་དུ་གཉེར་ནས་མཛད་པ་ཡིན་ནོ། །དེའི་ཡན་ལག་རྣལ་འབྱོར་དབང་ཕྱུག་གི་ཞལ་གྱི་གདམས་པ་ཐུན་མོང་གི་དངོས་གྲུབ་ཆེན་པོ་བཅུ་ཞེས་པ། ཚེ་སྒྲུབ། རྡོ་རྗེ་ཆུ་འཐུང་། ཐིག་ལེ་འཛག་མེད། ལྟེ་བསྒྱུར། རླུང་གི་བཅུད་ལེན། འཆི་བླུ། དབང་བསྡུད། གདོན་འགྲོལ། ནོར་སྒྲུབ། སྐྱེ་བ་བརྟག་པ་དང་། ཕྲ་མོ་བརྒྱད་ཅེས་པ་གཟའ་བསྲུང་། བགེགས་བསྲུང་། རྐྱལ་པ་ཁ་གཅུ། མིག་གི་རབ་རིབ། ལྕེ་དིག །སྙིང་རླུང་རྣམས་སེལ་བ། དྲོད་སྐྱེ་བ། རྟེན་འབྲེལ་བརྟག་པའི་གདམས་པ་རྩ་འགྲེལ། པོད་དམར་ནའང་ཡོད། རྗེ་བཙུན་ཆེན་པོ་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་དུས་བརྩེ་བ་ཆེན་པོས་གནང་བའི་བརྡ་དོན་གསལ་བའི་རྩ་འགྲེལ་རྡོ་རྗེ་འཛིན་ཐོབ་ཤོག་གི་མཐའ་ཅན། པོད་དམར་ནའང་ཡོད། དེའི་ཡན་ལག་འཁྲིད་ཀྱི་ལུང་སྦྱོར་རྒྱས་བསྡུས་རྣམས་ལ་བལྟ་བར་བྱའོའི་མཐའ་


GLG001_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ལམ་བསྡུས་ཏེ་སྒྲུབ་པའི་ལུང་སྦྱིན་པའི་ཡི་གེ་རྣམས། པོད་དམར་ནའང་ཡོད། གཉིས་པ་བཤད་པ་ལ། རྩ་སྔགས་ཀྱི་རྣམ་པར་བཤད་པ་སྙིང་པོའི་དོན་གསལ། པོད་དམར་ནའང་ཡོད། ཕྱག་རྒྱ་ཆེན་པོའི་རབ་ཏུ་དབྱེ་བ། པོད་དམར་ན་མཇུག་ཏུ་སྐྱེ་བ་སྐྱེ་བ་མེད་པ་སོགས་ཀྱི་ཤློ་ཀ་གཅིག་ཐོལ་དུ་ཡོད་པ་ཞིག་སྣང་། རྡོ་རྗེའི་ཚིག་རྐང་ལས་རྟེན་འབྲེལ་ལྔས་ལམ་ཡོངས་སུ་རྫོགས་པར་གསུངས་པའི་དགོངས་པ་ཕྱོགས་ཙམ་བསྟན་པ། པོད་དམར་ནའང་ཡོད། རླུང་ལྟས་རྟེན་འབྲེལ་བརྟག་པ། ས་བདུན་པ་ཡན་ཆད་འཁོར་བཞིའི་རྒྱ་ཞེས་པའི་དགོངས་པ་སྟོན་པ། པོད་དམར་ནའང་ཡོད། འགོར་བླ་མའི་ཞལ་ནས་ཞེས་པ་དང་དབུ་མ་ལ་དབང་ཕྱུག་གི་མིང་བཏགས་པ་ནི་དབུ་མའི་ཡོན་ཏན་བརྒྱད་དོའི་མཐའ་ཅན་རྣམས། དཀར་ཆག་ན་ས་པཎ་ཟིན་བྲིས་ཟེར། གསུམ་པ་ལམ་ཟབ་ནི། བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་ལིང་ཆུ་རྩེ་ཁབ་མ། པོད་དམར་ནའང་ཡོད། བླ་མའི་རྣལ་འབྱོར་གུ་ཤྲཱི་ཇོ་འབུམ་ལ་འསྲིངས་པ་ནད་འདོན་མར་གྲགས་པ། བཞི་བ་བིར་བསྲུང་ལ། བིར་བསྲུང་ཐུན་མོང་མ་ཡིན་པ་ཆུ་ལ་བརྟེན་པའི་རྒྱུན་བསྲུང་དང་མི་བསྐྱོད་པ་ལ་བརྟེན་ནས་ནམ་དགོས་སུ་བསྲུང་བ། སྔགས་བྱང་ཞུ་དག་མ། རྡོ་རྗེ་བསྲུང་བའི་ཕྱག་རྒྱ། ཙཀྲའི་བསྲུང་བ། ཐབས་ཤེས་ཀྱི་བསྲུང་བ་སྟེ་བསྲུང་བ་གསུམ། རིལ་བུ་བཅུད་ལེན་སྒྲུབ་པ་རྣམས། ལྔ་པ་འཕགས་པས་མཛད་པ་ལ། ཕྱག་མཆོད། འཁྲིད། ལུས་དཀྱིལ། ལམ་ཟབ། ཐོར་བུ་དང་ལྔ། དང་པོ་ནི། ཆུ་མོ་གླང་གི་ལོའི་ནག་པ་ཟླ་བ་ལ་མཛད་པའི་ལས་འབྲས་བརྒྱུད་པའི་ཕྱག་མཆོད་སངས་རྒྱས་ཀུན་ངོ་མ། གཉིས་པ་འཁྲིད་ལ། དག་པ་རྣམ་གསུམ་གྱི་སྒོ་ནས་རྣལ་འབྱོར་པས་ཉམས་སུ་བླང་བའི་འཁྲིད་ཡིག །རྒྱལ་པོ་ལ་ཕུལ་བའི་དབང་གསུམ་པའི་ལམ་རྒྱས་བསྡུས་


GLG001_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སོ། །གསུམ་པ་ལུས་ཀྱི་དཀྱིལ་ལ། ཀྱེ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བླ་མ་ཉིས་ཐོག་པར་གནང་བ། དཔལ་ཀྱེ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་སྒོམ་པའི་ཐབས་ལྕགས་ཕོ་རྟའི་ལོ་གསར་ཤར་བའི་ཚེ་མཛད་ནས་ཇིན་གྱིམ་ལ་ཕུལ་བ། ལམ་དུས་ཀྱིས་དབང་རྒྱས་པར་ལེན་པའི་ལག་ལེན་དཔོན་མོ་གོ་གོ་ཅན་གྱི་དོན་དུ་ཤིང་ཕོ་ཁྱི་ལོར་མཛད་པ། བཞི་པ་ལམ་ཟབ་ལ། བླ་མའི་རྣལ་འབྱོར་གྱི་མན་ངག་ལའུ་ཤུམ། བླ་མའི་རྣལ་འབྱོར་ཤོད་དགོན་སྤྱན་སྔ་མ་མེ་ཕོ་བྱི་བའི་ལོ་ལ་མཛད་པ་རྣམས། ལྔ་པ་ཐོར་བུ་ལ། བིར་བསྲུང་ཐུན་མོང་བར་གྲགས་པ་ཞར་བྱུང་ཆུ་བསྲུང་། པོད་དམར་ནའང་ཡོད། རྡོ་རྗེ་རྩེ་གསུམ། ཕྱག་རྒྱ། སྔགས་རྒྱ། དམིགས་པ། ལམ་བསྲུང་། ཉལ་བསྲུང་དང་བཅས་བསྟན་པ། བདུད་རྩི་རིལ་བུའི་སྒྲུབ་པ་བདུད་རྩི་འབྱུང་བ། པོད་དམར་ནའང་ཡོད། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག །ཚོགས་སྦྱོར་མངོན་རྟོགས་རྣམས། པོད་དམར་ནའང་ཡོད། དྲུག་པ་གསལ་བྱེད་རྗེས་༼མཻ༽འབྲང་གི་ཡི་གེ་ལ། ས་ཆེན་གྱི་ཡི་གེའི་གསལ་བྱེད། ས་པཎ་གྱི་ཡི་གེའི་གསལ་བྱེད། འཕགས་པའི་ཡི་གེའི་གསལ་བྱེད། གཉག་མ་ཆ་ལག་དང་བཅས་པའི་ཡི་གེའི་གསལ་བྱེད་དང་བཞི། དང་པོ་ལ། ལུས་དཀྱིལ་དབང་ཆོག་གི་གསལ་བྱེད་དཔལ་ལྡན་བློ་གྲོས་བརྟན་པས་ལྕགས་ཡོས་ས་ག་ཟླ་བའི་ཚེས་བཅུ་ལ་མཛད་པའི་ལུས་དཀྱིལ་ཆོ་ག་གསལ་བའི་སྒྲོན་མེ། ཉམས་ཆེན་མོ་སོགས་ཀྱི་གསལ་བྱེད་འགོར་གེགས་སེལ་དཀར་སྟོན་མ་ཞེས་ཡོད་པའི་བརྡ་འགྲོལ་ཆེན་མོ་ཀ་ནས་བའི་བར་ཏེ་མན་ངག་བཅོ་ལྔ་ཡོད་པ། ས་རྒྱ་རྐང་པས་ཆོས་ཀྱིས་སྲིན་བུའི་ཞལ་དགག་པ་སོགས་བརྡ་འགྲོལ་ཆུང་བ་གཅིག་ནས་བརྒྱད་ཀྱི་བར་གྱི་མན་


GLG001_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ངག །དཀར་སྟོན་མའི་གསལ་བྱེད་ནང་འབྱུང་བ་ཕྱི་རོལ་གདོན་གསང་བ་ཏིང་འཛིན་སེམས་ཀྱི་བར་ཆད་རྣམ་གསུམ་གསལ་བསྒྲུབ་ཐབས་ལྟར་རོས་མ་པ་ཐ་མི་ཐིའི་མཐའ་ཅན། བཀའ་རྒྱ་མའི་གསལ་བྱེད་ན་བཟའ་པའི་དབྱུག །བཅོས་ཚེགས་ཆུང་ལ་དོན་ཆེ་བ་གསལ་བྱེད་སྒྲོན་མེ། དབང་བཞི་ངོ་སྤྲོད་ཀྱི་གསལ་བྱེད་ངོ་སྤྲོད་བྱིན་རླབས་ཀྱི་ལག་ལེན་བར་སྟོན་རྡོ་རྗེ་རྒྱལ་མཚན་གྱི་མཛད་པ་རྣམས། གཉིས་པ་ས་པཎ་གྱི་ཡི་གེའི་གསལ་བྱེད་ལ། འཁྲིད་ཀྱི་དམིགས་པའི་ཐུན་གྱི་དཀར་ཆག་གི་གསལ་བྱེད་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་ཟིན་བྲིས། ཆོས་རྗེ་གཟུངས་པས་བླ་མ་ཀླུ་པ་ལ་གནང་བའི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་སིདྷ་དྷྭ་ཛའི་དྲི་ལན། ལམ་སྦས་བཤད་ཀྱི་གསལ་བྱེད་འགོར་འདི་ལ་རྫའི་འཁོར་ལོ་སོར་བཞི་པ་ཞེས་ཡོད་པའི་སྦས་བཤད་ལག་ལེན་ཟིན་བྲིས་འཁྲུལ་འཁོར་བདུན་པོ་སྟོན་གྱིན་གདའ་འོའི་མཐའ་ཅན། ཕྲ་གྲུབ་ཀྱི་གསལ་བྱེད་འགོར་དཔལ་ལྡན་མཐུ་སྟོབས་དབང་ཕྱུག་དང་ཞེས་ཡོད་པའི་གྲུབ་ཆེན་དང་ཕྲ་མོའི་ཞལ་ཤེས་ཟིན་བྲིས་ཆེ་བ་ཀུན་ལ་སྟོན་པར་མི་བྱའོའི་མཐའ་ཅན། པོད་དམར་ནའང་ཡོད། འགོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཞེས་ཡོད་པའི་ཕྲ་གྲུབ་ཀྱི་ཞལ་ཤེས་ཆུང་བ་སྙིང་གར་བཅེར་བ་འོའི་མཐའ་ཅན། ཆེ་བ་འདི་ལ་བརྡ་དོན་གསལ་བའི་བྱེད་ལྷོ་པ་རིན་ཆེན་དཔལ་གྱི་ཟིན་བྲིས་རྣམས། དཀར་ཆག་ཏུ་འདི་བུདྡྷཤྲཱི་བྱས་པའི་སྦྱར་བྱང་བྲིས་པ་སྣང་མོད་ཡི་གེ་རྙིང་པ་ཡིན་པས་ཕྱིས་སུ་བྱས་པ་མ་ཡིན་ནོ་གསུངས་པ་འཐད་པ་འདྲ་སྟེ་འགོར་ལྷོ་པས་ནན་ཏན་གྱིས་བཟུང་རབ་ཏུ་བྲིས་ཞེས་པས་ཀྱང་ཤེས་ནུས་སོ། །པོད་དམར་ནའང་ཡོད། གསུམ་པ་འཕགས་པའི་ཡི་གེའི་གསལ་བྱེད་ནི། འགོར་རྡོ་རྗེའི་ཚིག་རྐང་ནས་བསྲུང་བའི་འཁོར་


GLG001_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཞེས་ཡོད་པའི་བིར་བསྲུང་གི་གསལ་བྱེད་བསྲུང་བ་གསུམ་དང་སྦྱར་བ་སྭ་དྷེཾ་སྭཱ་ཧཱའི་མཐའ་ཅན། དཀར་ཆག་ན་འདི་ངེས་པ་མི་འདུག་ཀྱང་འཕགས་པའི་དེར་སྦྱར་བདེ་ཚུལ་འདུག་པས་གཅིག་གི་ངེས་བཟུང་དཀའ་བ་འདྲའོ། །པོད་དམར་ནའང་བཞུགས། བཞི་པ་གཉག་མ་ཆ་ལག་དང་བཅས་པའི་གསལ་བྱེད་ཡི་གེ་ལ་གཉག་མ་གསལ་བྱེད་ཀྱི་ཡི་གེ །འཕྲོས་དོན་གསལ་བྱེད་ཀྱི་ཡི་གེ །ལམ་འབྲིང་པོ་གསལ་བྱེད་ཀྱི་ཡི་གེ །གཞུང་ཤིང་གསལ་བྱེད་ཀྱི་ཡི་གེ་དང་བཞི། དང་པོ་ལ། འགོར་རྒྱུད་དང་མན་ངག་ལ་སོགས་པ་ཉན་པའི་དུས་སུ་ཞེས་ཡོད་པའི་གཞུང་བཤད་༼བར༽གསལ་བྱེད་བར་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་རང་གི་བློ་ནུས་དང་སྦྱར་བའི་ཟིན་བྲིས། འགོར་ལུས་ཟུངས་སྐྱེད་པའི་སྐབས་སུ་བཅུད་ལེན་ནི་ཞེས་ཡོད་པའི་བདུད་རྩི་ལ་བརྟེན་པའི་གསལ་བྱེད་བཅུད་ལེན་ཞལ་ཤེས་ཏིང་ངེ་འཛིན་ཤུགས་ཆུང་དུ་འགྲོ་བས་འཛགས་པར་བཏགས་ཏེའོའི་མཐའ་ཅན། གཉིས་པ་འཕྲོས་དོན་གསལ་བྱེད་ཀྱི་ཡི་གེ་ལ། འཁོར་འདས་དབྱེར་མེད་ཀྱི་ཟིན་བྲིས་བར་བསྡིངས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ། འདིར་ཁ་ཕྲལ་བ་མ་གཏོགས་ལམ་སྐོར་གྱི་ཟིན་བྲིས་རྣམས་འདིའི་འགོར་བྲིས་ནས་མཛད་བྱང་གཅིག་གིས་ཐུས་པ་ཐོག་མའི་རྩོམ་གཞིར་ཡོད་འདུག །རླུང་བཅུ་སོགས་ཀྱི་གེགས་སེལ་ལ་ནང་གསེས་ཀྱི་སྲོག་འཛིན་ནས་རྩ་དང་བ་སྤུའི་ཚོགས་ཐམས་ཅད་ལ་རྒྱུ་བའི་བར་གྱི་རླུང་བཅུའི་གེགས་སེལ་སྡོམ་དང་བཅས་པ། གཟུགས་བརྙན་བསྒོམ་པའི་སྦྱོར་བ་ནས་ཨེར་པོ་ཆེའི་བར་གྱི་གེགས་སེལ། ལུས་མཐའ་དག་ན་བ་ནས་གསང་རླུང་སེམས་ལ་རེངས་པའི་བར་གྱི་གེགས་སེལ། ཁྱབ་བྱེད་རེངས་པ་ནས་ཤེས་རབ་ཀྱི་ཨར་སྣོད་བཅུད་ཡུལ་གྱི་སྟོང་པ་མཐོང་ཡུལ་འགགས་པའི་བར་གྱི་གེགས་སེལ། ཐུར་སེལ་ནས་ཤིན་ཏུ་


GLG001_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བའི་བར་རླུང་བཅུའི་གེགས་པོད་དམར་ན་གཤམ་དུ་རླུང་ཟས་སྨན་གྱིས་བསལ་བ་དང་གྲིབ་གཏོར་བ་སྣ་ཁྲག་གཅོད་པ་ཞུའི་འཁྲུལ་འཁོར་རྣམས་བཏགས་པ་ཞིག་འདུག །སེལ་ཞར་བྱུང་ཟས་དང་ཏིང་ངེ་འཛིན་གྱིས་བཅོས་པ་དང་ཐིག་ལེ་འཆོར་བ་བསྲུང་བའི་ཞལ་ཤེས་དང་བཅས་པ་རླུང་བཅུའི་འཕྲིན་ལས་སོ་གཉིས་ཀྱི་ཞལ་ཤེས་ཞེས་པ་ལམ་འབྲས་འཁྲུལ་འཁོར་གྱི་ཞལ་ཤེས་བདུན་པར་གྲགས་པ་རྣམས། གསུམ་པ་ལམ་འབྲིང་པོ་གསལ་བྱེད་ཀྱི་ཡི་གེ་ལ། འགོར་ལམ་འབྲས་བུ་དང་བཅས་པའི་ཆོས་ཐམས་ཅད་བསྡུས་ན་ལྔ་སྟེ་ཞེས་ཡོད་པའི་ལམ་འབྲིང་པོའི་ཟིན་བྲིས་ཆེ་བ་རྗེའི་གསུང་ཇི་ལྟ་བ་བཞིན་བྲིས་པ་རྫོགས་བྱང་གི་མཐའ་ཅན། འགོར་རྗེ་ཡི་གསུང་ངག་རིན་ཆེན་འདི་ཞེས་ཡོད་པའི་ལམ་འབྲིང་པོའི་ཟིན་བྲིས་ཆུང་བ་བླ་མའི་གསུང་ཇི་ལྟ་བ་བཞིན་བྲིས་པ་རྫོགས་སོའི་མཐའ་ཅན། བཞི་པ་གཞུང་ཤིང་གསལ་བྱེད་ཀྱི་ཡི་གེ་ལ། གཞུང་ཇི་ལྟ་བ་བཞིན་བཀྲི་བའི་གཞུང་ཤིང་གསལ་བྱེད་གཉག་སྙིང་པོ་རྒྱལ་མཚན་གྱིས་བླ་མ་རིན་པོ་ཆེའི་གསུང་བཞིན་དབེན་གླན་མཁན་དུ་བྲིས་པ། གཉག་གིས་མཛད་ཅེས་པའི་གསལ་ཁ་མི་འདུག་ཀྱང་དཀར་ཆག་ཏུ་དེས་མཛད་པར་ངོས་བཟུང་ཞིང་ཉན་ཆེན་པའི་གསུང་མིན་པའི་རྒྱུ་མཚན་དང་བཅས་སྣང་ངོ་། །གསུང་ངག་ལམ་འབྲས་བུ་དང་བཅས་པའི་གཞུང་འཁྲིད་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པ་བླ་མ་ཉན་པོའི་གསུང་དང་བཅས་པ་རྣམས། དཀར་ཆག་ས་གཅད་ཀྱིས་མ་ཟིན་ཡང་ཞར་བྱུང་དུ་གསལ་བ་ལ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་དབང་ཕྱུག་འོད་ཟེར་གྱི་དོན་དུ་གཙང་ཁ་དགོན་པར་༼ཞ༽མཛད་པའི་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་པ། པོད་དམར་ནའང་ཡོད། ཨཥྚ་ལ་བརྟེན་ནས་གཞན་གྱི་བྱད་བཟློག་པ་གར་ཐོད་ཐོད་དུ་མི་བྱ་གསུང་པའི་མཐའ་


GLG001_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། གོ་ཆ་ལྔའི་བསྲུང་བ་ས་སྐྱའི་ལྕགས་རི་མི་འདའ་བའི་ཟབ་ཆོས། རྟེན་འབྲེལ་ལ་མངའ་བརྙེས་པ་རྣལ་འབྱོར་དབང་༼དཀར༽ཕྱུག་བིཪྺ་བའི་མན་ངག་རྟེན་འབྲེལ་གྱི་བསྲུང་བའི་བྱིན་རླབས། རྨི་ལམ་དང་ནད་དང་དགྲ་ཞི་བ་བཙལ་ལོ་ཞེས་སྣང་ཡང་དེང་སང་དཔེ་རྒྱུན་དང་ཆོས་རྒྱུན་གཉིས་ཀ་མེད་འདྲ། ལམ་སྐོར་ལྷག་མ་བརྒྱད་ཀྱི་ཆོས་ཚན་ཁ་ཤས་བགྲངས་འདུག་པ་ནི་ཕལ་ཆེར་གླེགས་བམ་དུ་བཞུགས་པ་ཤས་ཆེ། དེ་ཐམས་ཅད་ལ་ཉེ་བར་མཁོ་བའི་གནད་དྲུག་ཅེས་པ་བསྐྱེད་རིམ། པོད་དམར་ན་ལམ་འབྲས་ཀྱི་ཆོས་སྡེར་བགྲངས་འདུག །རླུང་། མཁའ་འགྲོའི་བྱིན་རླབས། ཕྱག་རྒྱ་མ། ཕྱག་རྒྱ་ཆེན་པོ། རྟེན་འབྲེལ་ཏེ་དྲུག་སྟོན་པ། ལམ་སྐོར་བྱུང་ཚུལ་ཞེས་པའི་ཡིག་ཆུང་ལམ་དགུ་པོ་བླ་མ་བཞི་ལ་གསན་གསུང་ངོའི་མཐའ་ཅན། བསམ་གྱིས་མི་ཁྱབ་པའི་ལོ་རྒྱུས་བླ་མ་ས་སྐྱ་པ་ཆེན་པོའི་གསུང་སྒྲོས་ཇི་ལྟར་བ་བཞིན་རང་གི་སློབ་མའི་ངོར་དཀར་སྟོན་ཆོས་འོད་ཀྱིས་དབྲི་བསྣན་མེད་པར་བྲིས་པ། བསམ་གྱིས་མི་ཁྱབ་པའི་བྱིན་རླབས་བླ་ཆེན་འབྲོག་མི་ལ་རང་གིས་ཐོབ་པ་ལྟར་བརྗེད་བྱང་དུ་བྲིས་པ་འདི་ནི་ཡབ་ཡུམ་དབང་རྫོགས་ཐོབ་པར་གདམས་ཏེ་བྱིན་པ། འདི་འབྲོག་མིའི་དངོས་སློབ་གཅིག་གི་ཡིན་ཚུལ་དཀར་ཆག་ན་འདུག །བར་སྟོན་གྱི་ལམ་སྐོར་ཟིན་བྲིས་ལ། མཆོད་རྟེན་དྲུང་ཐོབ། བསམ་མི་ཁྱབ། པདྨ་བཛྲ་གྱི་ལམ། ལྷན་ཅིག་སྐྱེས་གྲུབ། གཏུམ་མོ་ལམ་རྫོགས་རྣམས་ཀྱི་ཟིན་བྲིས་ཆོས་ཚན་གཅིག་ཏུ་བསྡེབས་པ། ཐོག་མར་རྩོམ་པའི་དུས་འདི་རྣམས་འཁོར་འདས་དབྱེར་མེད་ཀྱི་འགོར་བྲིས་ཡོད་འདུག །གཉག་སྙིང་པོ་རྒྱལ་མཚན་གྱིས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཉམས་སུ་ལེན་པའི་འཁྲིད། མཛད་བྱང་ན་ཧྲིད་དྷྭ་ཛ་ཞེས་རྒྱ་སྐད་དུ་བྲིས་འདུག །འགོར་བསམ་གྱིས་མི་ཁྱབ་པའི་གདམས་


GLG001_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ངག་འདི་ལ་ཞེས་ཡོད་པའི་ཟིན་བྲིས་ཆེན་མོ་ལྟ་བ་བསམ་གྱིས་མི་ཁྱབ་པ་ལྔས་རྒྱུ་དུས་སུ་གཏན་ལ་ཕབ་སྟེ་ལམ་དུས་སུ་ལུས་ངག་ཡིད་གསུམ་སྦྱངས་ནས་འབྲས་བུ་ལུང་བསྟན་པའི་ཕྱག་རྒྱས་འཚམས་སྦྱར་བས་གནས་འགྱུར་གྱི་སྐུ་གསུམ་ཡན་ལག་བདུན་ལྡན་འགྲུབ་པར་བྱེད་པ་འོའི་མཐའ་ཅན། སྒོ་དྲུག་ཆོས་འབྲེལ་ཞེས་པ་རྗེ་འབྲོག་མིས་བླ་མ་ཤནྟི་པ་ལ་སློབ་གཉེར་ཚར་ནས་མཁས་པ་གཞན་ལྔ་ལའང་གཞུང་དང་མན་ངག་རེ་གསན་པའི་ཤེས་རབ་འབྱུང་གནས་སྦས་པའི་ཕྱི་རོལ་གྱི་གདོན་བསྲུང་བ། ཛྙཱ་ན་ཤྲཱིའི་འབྱུང་འཁྲུགས་སེལ་བ། རིན་ཆེན་རྡོ་རྗེའི་ཏིང་འཛིན་སེམས་ཀྱི་བར་ཆད་བསྲུང་བ་དང་གསུམ་༼ཛྙཱ༽ཆོས་སྡེ་གཅིག་ཏུ་བྱས་པའི་ཡི་གེ །པོད་དམར་ནའང་ཡོད། ན་རོ་པའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ་གྱི་གསལ་༼ནཱ༽བྱེད་རྗེ་བཙུན་གྲགས་པས་མཛད་པ་ཞར་བྱུང་བཞི་པ་མན་ཆད་རླུང་དང་བསྟུན་ཚུལ། པོད་དམར་ནའང་ཡོད། ངག་གི་དབང་ཕྱུག་གྲགས་པའི་གཉུག་མ་དྲན་གསལ་ལམ་དབང་༼ཝཱ༽བཞིའི་ལམ་ཞེས་བྱ་བ། པོད་དམར་ན་འདིའི་མཇུག་ཏུ་བརྟག་གཉིས་ཀྱི་ལུང་སོགས་འགའ་ཞིག་དྲངས་པའི་མཐར་ཞང་འཕགས་པ་ལྷས་བསྐུལ་ནས་རྗེ་བཙུན་གྱིས་མཛད་ཚུལ་འདུག །དེས་མཛད་པའི་དབང་བཞིའི་ཆ་༼ཝཱ༽ལག་ཟབ་དོན་དང་བཅས་པ། པོད་དམར་ན་གཉུག་མ་དྲན་གསལ་དངོས་འདི་ལ་ངོས་བཟུང་འདུག །རྗེ་འབྲོག་མི་བོད་དུ་འབྱོན་ཁར་ཤནྟི་པས་གནང་བའི་མདོ་༼ཤ༽རྒྱུད་བསྲེ་བའི་ཉམས་ལེན་དང་བཅས་པ་རྣམས། ཕྲ་མོ་ནའང་ཡོད། གླེགས་བམ་ཕྲ་མོར་མི་གཏོགས་པའི་རྫོང་ལུགས་ཀྱི་ཡིག་ཆའི་སྐོར་ལ། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ལམ་དུས་ཀྱི་དབང་༼ཀུ༽རྒྱས་འབྲིང་བསྡུས་པ་ལེན་པའི་ལག་ལེན་བདུད་རྩིའི་སྙིང་པོ། རྗེ་བཙུན་གོང་


GLG001_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ཀྱི་རྡོ་རྗེའི་ཆོས་སྐོར་གྱི་དཀར་ཆག་གི་ཡི་གེ་མུ་སྲས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛེས་བྱེད་ཀྱི་ལོ་སྨིན་དྲུག་ཟླ་བར་དཔལ་ལྡན་ས་སྐྱར་མཛད་པ། དེས་མེ་ཕོ་སྤྲེའུའི་ལོ་ཁྲུམས་ཀྱི་ཟླ་བའི་ཚེས་ལྔ་ལ་དཔལ་ལྡན་ས་སྐྱར་མཛད་པའི་གེགས་སེལ་བཞིའི་ཡི་གེའི་གསལ་བྱེད། རིག་པ་འཛིན་པ་བྱམས་པ་ནམ་མཁའ་རྒྱལ་མཚན་གྱིས་མེ་འབྲུག་དཔྱིད་ཟླ་འབྲིང་པོའི་ཚེས་བཅུ་གཅིག་ལ་ལོ་ཕུར་མཛད་པའི་རྩ་བ་རྡོ་རྗེའི་ཚིག་རྐང་གི་ས་གཅད་ཞིབ་ཏུ་སྦྱར་བ་རྣམས།པོ་ཏི་དམར་ཆུང་ངུ་གྲགས་པའི་ལམ་འབྲས་༼སྒྲུབ༽ཀྱི་ཡི་གེའི་སྐོར་ལ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་དཀར་ཆག་རིན་པོ་ཆེའི་འཕྲེང་བ། བླ་མ་ཚད་མའི་སྐབས་སུ། རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བླ་མ་རྡོར་འཛིན་མ། ཕྲ་མོ་ནའང་ཡོད། དེའི་ཁ་སྐོང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་གངས་ཁྲོད་མ། དེའི་ཞར་བྱུང་ཁ་སྐོང་དུ་ངོར་ཆེན་གྱིས་མཛད་པའི་ཤར་ཆེན་དང་བུདྡྷ་ཤྲཱིའི་གསོལ་འདེབས། ས་ཆེན་ཡབ་སྲས་དང་བིཪྺ་བ་མཇལ་བའི་ལོ་རྒྱུས་སྒ་ཐེང་ལ་བསྐུར་བ། ཉམས་མྱོང་ཚད་མའི་སྐབས་སུ། བྲ་སྟོན་བློ་གྲོས་ཀྱིས་ཞུས་པའི་གཞུང་ཇི་ལྟ་བ་བཞིན་ཏུ་བཀྲི་བའི་འཁྲིད་ཡིག་ཚིགས་བཅད་མ་རྗེ་བཙུན་གྲགས་པས་མཛད་པ། ཕྲ་མོར་མཇུག་ན་ཤོ་ལོ་ཀ་གཅིག་མེད་པ་ཞིག་འདུག །བརྩེ་བ་ཆེན་པོས་མཛད་པའི་སངས་རྒྱས་སྤྱན་མའི་རྣལ་འབྱོར་དབང་དུས་སུ་རྨི་ལམ་ངན་པ་བཟློག་པ་དང་ཐུན་མོང་འཆི་བ་ཐུབ་པ་ཡོང་ངོའི་མཐའ་ཅན། དེས་མཛད་པའི་ཨཥྚའི་བཟླས་ལུང་བླ་མའི་ཕྱག་ལེན་མཛད་པ་བཞིན་བྲིས་པ་འོའི་མཐའ་ཅན། ཕྲ་མོའི་དེ་འདི་དང་མི་གཅིག་པ་འདུག །ས་པཎ་གྱིས་


GLG001_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་རྩ་བའི་སྔགས་ཀྱི་རྣམ་པར་བཤད་ཕྲ་མོ་ནའང་ཡོད། པ་སྙིང་པོ་དོན་གསལ། བདུད་རྩི་རིལ་བུ་སྒྲུབ་པའི་ཕྱག་ལེན་བདུད་རྩི་འབྱུང་བ་ཞེས་པ་འཕགས་པས་མཛད་པ། ཕྲ་མོ་ནའང་ཡོད། དབང་གི་རབ་དབྱེ་རྗེ་བཙུན་གྲགས་པའི་གསུང་བཞིན་ཞང་བཙུན་གྱིས་བྲིས་པ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་བྱི་ལོ་ནག་ཟླའི་ཚེས་བཅུ་ལ། སྒ་སྟོན་རྡོ་རྗེ་གྲགས་ལ་སྤྲིངས་ཡིག །ཕྲ་མོར་ཡང་ཡོད། སྐྱུ་རའི་དབོན་པོ་དཔོན་གཡོག་གིས་གསོལ་བ་བཏབ་པ་ལ་བརྟེན་ནས་ས་པཎ་གྱིས་བསམ་ཡས་སུ་མཛད་པའི་ཕྱི་ནང་གསང་གསུམ་གྱི་མཎྜལ། དེའི་ཁ་སྐོང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་མཛད་པའི་པགས་པ་གསེར་གྱི་ས་གཞི་པ། འགོར་དང་པོ་ལག་བཀྲུ་ལྟ་བུ་སྟེ་ཞེས་ཡོད་པའི་ལུས་སྦྱོང་ཉི་ཤུའི་གསལ་བྱེད་མདུད་འགྲོལ་ཟིན་བྲིས་ནོར་བཟང་པས་མཛད་པ། ལུས་གནད་ལ་དབབ་པའི་གདམས་པ་ཚིགས་བཅད་མ་ས་པཎ་གྱི་ཞབས་ལ་སྤྱི་བོས་རབ་ཏུ་བཏུད་པའི་དཔལ་ལྡན་ཕུག་པ་དམར་གྱིས་ཟིན་བྲིས་ཀུན་དང་ཐུན་མོང་མ་ཡིན་པ། བདག་མེད་མའི་བྱིན་རླབས་བརྒྱུད་པ་མ་ཉམས་པ་ལག་ལེན་གྱི་ཐོ་ཡིག་རྗེ་བཙུན་གྲགས་པས་མཛད་པ། ཕྲ་མོར་འདུག་པ་ས་ཆེན་གྱིས་མཛད་པར་བཞེད། འགོར་ཤངས་སྒོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་ཡོད་པའི་འཁོར་ལོ་བཞི་བརྒྱ་པ་ས་ཆེན་གྱིས་མཛད་པ་ཐུགས་ཀྱི་ཉིང་ཁུ་ལགས་སོའི་མཐའ་ཅན། དཔལ་ཡང་དག་སྦྱོར་བའི་རྒྱུད་ལས་བྱུང་བའི་རང་བྱིན་གྱིས་བརླབ་པའི་དམིགས་པ་ཉི་ཤུ་༼སཾ༽རྩ་དགུ་པ་ཞར་བྱུང་རླུང་གི་རྣལ་འབྱོར་གཙོ་བོར་བཞེད་པ་བླ་མའི་ཞལ་ཤེས་ཞེས་པའི་གེགས་སེལ་དང་བཅས་པ། རྗེ་ས་སྐྱ་པ་ཆེན་པོས་ལྷོ་བྲག་དཀར་སྟོན་ལ་གནང་བའི་ཕྱི་ནང་གསང་བའི་བར་གཅོད་


GLG001_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སེལ། ཕྲ་མོ་ནའང་ཡོད་ཅིང་གཤམ་ན་སྣ་ཁྲག་གཅོད་པའི་གདམས་པ་དེ་ཡང་བྲིས་འདུག །འགོར་རྩ་དག་པར་བྱ་བ་ནི་ཞེས་ཡོད་པའི་བླ་མ་ས་ཆེན་གྱི་ཉམས་ཆུང་བ་བར་པ་དང་མཐའ་མ་ལ་སོགས་པ་འོའི་མཐའ་ཅན། ཕྲ་མོར་ཡང་ཡོད། འགོར་སྤྱིར་སྲོག་འཛིན་པ་སྙིང་གར་རེངས་པའི་ཚུལ་བཞི་ཞེས་ཡོད་པའི་བླ་མ་ས་ཆེན་ཀྱི་ཉམས་ཆེན་མོ། ཕྲ་མོར་ཀུན་གཞི་བྱིན་རླབས་དང་མེ་མཉམ་གྱི་རླུང་རེངས་ཚུལ་སོགས་ཀྱང་ཆོས་ཚན་གཅིག་ཏུ་བཞེད། མཐར་དྲི་ཆེན་རྡོ་ལྟ་བུ་སྐམ་པོ་འབྱུང་གསུང་ངོའི་མཐའ་ཅན། ཁྱད་པར་གྱི་རླུང་རེངས་པ་ལྔ་འཆོས་པ་སོགས་ཀྱི་ཐབས་བླ་མའི་ཞལ་ལ་ལྟོས་པ་ཁྲག་དེ་ཉིད་བསྐོལ་ཏེ་སྤོད་ཀྱིས་སྦྲན་ནས་གཏང་ངོའི་མཐའ་ཅན། ཕྲ་མོར་ཐིག་ལེ་བསྲུང་བ་ཡན་ལས་མི་འདུག །ལྷོ་པ་དཀར་སྟོན་གྱིས་ཞུས་པའི་གཞན་ལ་མེད་པའི་གེགས་སེལ་གསང་བདུན་མ། ཕྲ་མོར་ཡང་ཡོད། འགོར་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ས་བོན་ཞེས་ཡོད་པའི་གེགས་སེལ་གླིང་བཞི་མ་རི་བོང་གི་རིལ་མ་འདྲ་བ་ཆུ་དང་བཅས་ནས་སྟན་ཐོག་ཏུ་བྱུང་བས་སེལ་ལོའི་མཐའ་ཅན། ཕྲ་མོ་ན་ཉམས་ཆེན་མོ་དང་སྦྲེལ་ནས་འདུག་ཅིང་སྒོམ་ཆེན་རྡོ་རྗེ་འབར་ལུས་མ་བདེ་བ་མན་མི་འདུག །འབྱུང་བ་ལུས་འཁྲུགས་སོགས་སེལ་བའི་ཐབས་གེགས་སེལ་གཅེས་གནད་དུ་གྲགས་པ་འདི་དག་ཐམས་ཅད་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མ་ལས་ཤེས་པར་བྱའོའི་མཐའ་ཅན། དམར་ཆོས་ཀྱི་རྒྱལ་པོས་ཞུས་པའི་གེགས་སེལ་བཀའ་རྒྱ་མ། ཕྲ་མོར་ཡང་ཡོད། འདི་ཁམས་པ་ལྔ་དང་རྗེ་བཙུན་སྐུ་མཆེད་གཉིས་ལ་གནང་ཞིང་ཛང་གིས་རྗེ་བཙུན་སྐུ་མཆེད་སྦྲན་པས་ཛང་འདི་ངེད་ལ་ཤིན་ཏུ་དྲིན་ཆེན་གསུང་བ་མཇུག་ན་སྣང་། འགོར་གཞན་དབང་རྟེན་འབྲེལ་ཞེས་བྱས་ཏིང་ངེ་འཛིན་གྱི་གེགས་


GLG001_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་སྟོན་ཞེས་ཡོད་པའི་གེགས་སེལ་བཞིའི་ཞལ་ཤེས་འདི་ལ་གོམས་ནས་མཚན་སུམ་ཅུ་སོ་གཉིས་ཐོབ་གསུང་ངོའི་མཐའ་ཅན། འགོར་ཛ་ལནྡྷར་ཞེས་ཡོད་པའི་འཕྲིན་ལས་༼པ༽སོ་གཉིས་ཀྱི་སྡོམ་ཚིག་ཞལ་ཤེས་བུདྡྷ་ཤྲཱིས་མཛད་པ། དེའི་ཞལ་ཤེས་འགོར་ལག་གཉིས་བསྣོལ་བ་ཞེས་ཡོད་པ་རེ་མོས་རྡེག་གི་མཐའ་ཅན། ས་སྐྱ་པ་ཆེན་པོས་མཛད་པའི་དབང་བཞི་ངོ་སྤྲོད། ཕྲ་མོ་ནའང་ཡོད། དེའི་འགྲེལ་པ། འགོར་རྗེ་བཙུན་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་ཡོད་པའི་བརྡ་དོན་གསལ་བའི་རྩ་བ་ས་པཎ་གྱིས་མཛད་པ། ཕྲ་མོར་ཡང་ཡོད། དེའི་རང་འགྲེལ་རྩོམ་པ་དམ་བཅར། རྡོ་རྗེའི་ཚིག་འབྱེད་བརྡ་དོན་གསལ་བ་འདི། དབུས་གཙང་མཚམས་སུ་བླ་མ་རྗེ་ལ་གནང་ཞེས་ཡོད་པ། དེའི་གསལ་བྱེད་ལྷོ་པས་གསུང་བཞིན་ཟིན་བྲིས་སུ་མཛད་པ། ཕྲ་མོ་ནའང་ཡོད། བསྟན་བཅོས་ཚད་མའི་སྐབས་སུ་བསྐྱེད་རིམ། རླུང་། བྱིན་རླབས། ཕྱག་རྒྱ་མ། ཕྱག་རྒྱ་ཆེན་པོ། རྟེན་འབྲེལ་ཏེ་གནད་དུ་ཆེ་བ་དྲུག་གི་གདམས་པ་ས་ཆེན་གྱིས་མཛད་པ། འདི་ཕྲ་མོར་ལམ་སྐོར་ཁྲོད་དུ་བགྲངས་འདུག །ས་པཎ་གྱིས་མཛད་པའི་རྟེན་འབྲེལ་ལྔས་ལམ་ཡོངས་སུ་རྫོགས་པ། འདི་ཕྲ་མོ་ནའང་བཞུགས་གླེགས་བམ་ཙམ་ལ་མ་བརྟེན་པའི་ལམ་འབྲས་སློབ་བཤད་ཀྱི་ཁུངས་གསལ་པོ་ཡོད། འགོར་གཡས་པའི་ཁུ་ཚུར་བརྒྱངས་བྱས་ཏེ་ཡོ་པའི་དམར་གྱིས་མཛད་པའི་ལམ་བསྡུས་འདོད་པའི་ལྕགས་ཀྱུ་ལམ་འབྲིང་པོ་བྱ་བ་ཡིན་གསུང་བའི་མཐའ་ཅན། ཕྱག་རྒྱ་ཆེན་པོའི་དབྱེ་བ་དཔལ་ལྡན་ས་སྐྱ་པཎྜི་ཏའི་མནལ་ལམ་བསམ་ཡས་སུ་བྱུང་བ། མཇུག་གི་ཤོ་ལོ་ཀ་གཅིག་མ་ཚང་བ་ཞིག་ཕྲ་མོ་ནའང་ཡོད། དེས་མཛད་པའི་འཁོར་ལོ་བཞིའི་རྒྱ། འདི་གཉིས་ཕྲ་མོར་ཡང་ཡོད། བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པའི་ཚོགས་


GLG001_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གཉིས་ཀྱི་མངོན་རྟོགས། ལམ་བསྡུས་པའི་བཤད་པ་མདོ་ཙམ་དུ་བསྟན་པ་བླ་མ་རིན་པོ་ཆེའི་གསུང་ལ་བརྟེན་ནས་ས་ཆེན་གྱིས་མཛད་པ། ལམ་བསྡུས་ཏེ་སྒྲུབ་པའི་ལུང་སྦྱིན་པ་ས་པཎ་གྱིས་མཛད་པ། ཕྲ་མོར་ཡང་ཡོད། རྗེ་ས་ཆེན་གྱིས་མཛད་པའི་གསང་བཅུའི་རྒྱས་གདབ་ཉམ་ངའི་འཕྲང་ལ་ཡིད་བཞིན་ནོར་བུ་ལྟར་གསང་བཅུད་ལྡན་པའི་སྤྱོད་པ་མཐའ་རུ་བསྐྱལ་གྱི་མཐའ་ཅན། ལམ་ཟབ་བླ་མའི་འཁྲིད་ཡིག་ས་པཎ་གྱིས་དཔལ་ལིང་ཆུ་རྩེའི་ཁབ་གྱི་གཙུག་ལག་ཁང་དུ་སྦྱར་བ། ཕྲ་མོ་ནའང་ཡོད། བླ་མ་རིན་ཆེན་འབྱུང་གནས་ཀྱི་རྣལ་འབྱོར་ས་སྐྱ་པཎ་ཆེན་གྱི་གསུང་བཞིན་ཆོས་རྒྱལ་དམར་གྱིས་ཡི་གེར་བཀོད་པ། ལམ་སྦས་བཤད་ཀྱི་ཡི་གེ་༼ཎ༽ས་སྐྱ་པཎྜི་ཏས་མདོ་སྨད་དུ་སྦྱར་བ། ཕྲ་མོ་ནའང་ཡོད། འགོར་ལམ་སྦས་ཏེ་འཁྲིད་ན་ཞེས་ཡོད་པའི་ཕོ་བྲང་ལྔ་ལ་བརྟེན་པའི་སྦས་བཤད་འབྲས་བུ་རིམ་པར་རྒྱས་པ་གཞུང་དུ་གསལ་ལོའི་མཐའ་ཅན། འགོར་མཁལ་འདེགས་རིགས་གསུམ་སྤྱི་ཚུགས་དང་ཞེས་ཡོད་པའི་ལམ་སྦས་བཤད་ཀྱི་འཁྲུལ་འཁོར་རྩ་བ་རྗེ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། དེའི་རང་འགྲེལ་ཆོས་རྫོང་དུ་ཡི་གེར་བཀོད་པ། འགོར་རྡོ་རྗེ་རྩེ་ཡི་སྦྱོར་བ་དང་ཞེས་ཡོད་པའི་སྒྲུབ་ཆེན་བཅུ་དང་ཕྲ་མོ་བརྒྱད་ཀྱི་རྩ་བ། འདི་གཉིས་ཕྲ་མོ་ནའང་ཡོད། དེའི་འགྲེལ་པ་འགོར་དཔལ་ལྡན་རྣལ་འབྱོར་དབང་ཕྱུག་བིཪྺ་པའི་ཞལ་གྱི་གདམས་པ་ཞེས་ཡོད་པ་ས་སྐྱ་པཎྜི་ཏའི་ཐུན་མོང་མ་ཡིན་པའི་གདམས་པ། དེའི་གསལ་བྱེད་སྙོམས་ལས་པ་བུདྡྷ་ཤྲཱིས་བརྗེད་བྱང་དུ་བྲིས་པ། ཕྲ་མོར་ལ་ལར་བུདྡྷ་ཤྲཱིས་མཛད་ཟེར་བ་མི་འཐད་ཚུལ་དང་བཅས་སྣང་ངོ་། །འགོར་རྡོ་རྗེའི་ཚིག་རྐང་ལས་བསྲུང་བའི་འཁོར་ལོ་ཞེས་ཡོད་པའི་བིར་བསྲུང་


GLG001_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་དྷེཾ་སྭཱ་ཧཱའི་མཐའ་ཅན། ཕྲ་མོར་འཕགས་པའི་ཡི་གེའི་གསལ་བྱེད་དུ་བགྲངས་འདུག་གོ །འགོར་དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཅེས་ཡོད་པའི་བིར་བསྲུང་སྤྱན་སྔར་དཔེ་འདི་གཏུགས་སོའི་མཐའ་ཅན། འགོར་ར་ག་ཏ་ཛ་ཕཊ་ཅེས་ཡོད་པའི་བིར་བསྲུང་མི་ཚུགས་སོའི་མཐའ་ཅན། འཕགས་པས་ཤིན་ཏུ་ཞིབ་པར་བཀོད་པའི་བིར་བསྲུང་དང་འདི་ཕྲ་མོར་ཡང་ཡོད། བྱིན་རླབས་བྱ་ཚུལ། ཕྲ་མོར་བྱིན་རླབས་འདི་ས་ཆེན་གྱིས་མཛད་པར་བཞེད། འགོར་རྣལ་འབྱོར་དབང་ཕྱུག་བིཪྺ་པ་ནས་བྱིན་རླབས་ཀྱིས་བརྒྱུད་པ་མ་ཆད་པ་ཞེས་ཡོད་པའི་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་བྱ་ཚུལ་བར་མ་ཆད་པ་འོའི་མཐའ་ཅན། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལ་ས་པཎ་གྱིས་མཆན་མཛད་པ། དེའི་གསལ་བྱེད་ས་པཎ་གྱིས་མཛད་པའི་རྣམ་པར་བཤད་པ་བདུད་རྩི་སྤེལ་བ། རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུད་དོན་ཉམས་སུ་བླང་བའི་ཆོ་ག་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པ། རྗེ་བཙུན་ཆེན་པོས་དབང་ཕྱུག་འོད་ཟེར་གྱི་ངོར་གཙང་ཁ་དགོན་པར་མཛད་པའི་མཚར་གསུམ་ཁུག་པའི་མན་ངག །ཕྲ་མོར་དཀར་ཆག་གིས་མ་ཟིན་པའི་ཁྲོད་དུ་ཡོད། འགོར་སྤྱིར་ཡི་གེ་བརྒྱ་པ་ཕྱིར་བཟློག་ཏུ་འགྲོ་བ་དང་ཞེས་ཡོད་པའི་ཡིག་བརྒྱའི་མན་ངག་ས་ཆེན་གྱིས་མཛད་པ་འགྲོ་བའི་གཙོ་ལ་བདག་སྐྱབས་མཆི་ཞེས་བརྗོད་དོའི་མཐའ་ཅན། འབྲོག་མིས་པཎྜི་ཏ་དྲུག་ལ་ཆོས་གསན་པའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ་ལ་ཤེས་རབ་འབྱུང་གནས་སྦས་པས་གདོན། ཛྙཱ་ན་ཤྲཱིས་ལུས་འཁྲུངས། རིན་ཆེན་རྡོ་རྗེས་སེམས་ཀྱི་བར་ཆད་བསྲུང་བ་གསུམ་༼ཛྙཱ༽ཆོས་ཚན་གཅིག་ཏུ་བྱས་པ། ཕྲ་མོར་ཡང་ཡོད། ནཱ་རོ་བའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་༼ནཱ༽སེལ་གྱི་གསལ་བྱེད་རྗེ་བཙུན་


GLG001_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཛད་པ་ཞར་བྱུང་བཞི་པ་མན་ཆད་རླུང་དང་བསྟུན་ཚུལ། ཕྲ་མོར་ཡང་ཡོད། ངག་དབང་གྲགས་པའི་གཉུག་༼ཝཱ༽མ་དྲན་གསལ། ཕྲ་མོར་ཡང་ཡོད། དེའི་དབང་བཞི་སྟན་ཐོག་གཅིག་ཏུ་བླང་༼ཝཱ༽བ་ཞང་འཕགས་པ་ལྷས་ཡང་ཡང་བསྐུལ་ནས་རྗེ་བཙུན་ཆེན་པོས་མཛད་པ། ཕྲ་མོར་བླ་མ་བརྒྱུད་པ་ཡན་ལས་དེ་མན་གྱི་ཞང་འཕགས་པ་ལྷས་བསྐུལ་ཚུལ་སོགས་མི་འདུག །གཞུང་རྣམས་ལེགས་པར་ཚར་ནས་ཤནྟི་པས་གནང་བའི་མདོ་༼ཤ༽རྒྱུད་བསྲེ་བ་སྙིང་པོའི་དོན་རང་གྲོལ་དུ་གྲགས་པ། ཕྲ་མོར་ཡང་ཡོད། རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་ལམ་འབྲས་བུ་དང་བཅས་པ་བཤད་ཐབས་ཀྱི་གདམས་ངག་གསང་བའི་སྒོ་འབྱེད། དེས་མཛད་པའི་རྒྱུད་གསུམ་ལམ་གྱི་རིམ་པའི་བསྡུས་དོན། དེས་མཛད་པའི་ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར། དེས་མཛད་པའི་རྒྱུ་དུས་ཀྱི་དབང་གི་རྟོགས་པ་བསྐྱེད་པའི་རིམ་པ། བིར་བསྲུང་གི་མན་ངག་བར་ཆད་ཀུན་སེལ། དེས་མཛད་པའི་བིཪྺ་བའི་སྐུའི་རྣམ་འགྱུར་དྲུག་གི་དབྱེ་བ། དེས་མཛད་པའི་བིར་བསྲུང་གི་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ་ཚིགས་བཅད་མ། དེས་མཛད་པའི་ཐུན་མོང་མ་ཡིན་པའི་བིར་བསྲུང་ཉམས་སུ་བླང་ཚུལ། དཀར་ཆག་ཏུ་མི་གསལ་བ་དེས་མཛད་པའི་བིར་བསྲུང་གསར་མ་བསྲུང་༼བི༽བཟློག་གི་གདམས་པ་ཁྱད་པར་ཅན་རྣམས། གསུང་ངག་སློབ་བཤད་འཛིན་པ་རྣམས་ཀྱི་གླེགས་བམ་དང་ཡིག་སྣ་ཐོར་བུའི་སྐོར་ལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས་གསང་ཆེན་བསྟན་


GLG001_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱས་བྱེད་ཅེས་བྱ་བ་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བའི་སྐོར་ལ། ཁོག་འབུབ་རྣམ་བཤད་ལས་བྱུང་བའི་བྱུང་ཚུལ་ལོ་རྒྱུས། ཁོག་འབུབ་ལས་ཆོས་ལ་བཤད་སྒྲུབ་བྱ་ཚུལ་སོགས་བསྟན་པ། སྣང་གསུམ་བསྟན་པའི་ལམ་གྱི་ཟིན་བྲིས། རྒྱུད་གསུམ་བསྟན་པའི་ལམ་གྱི་ཟིན་བྲིས། བསྐྱེད་རིམ་བསྟན་པའི་ལམ་གྱི་ཟིན་བྲིས་བར་དོ་ཡན་གྱི་འཁྲིད་རྣམས། ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་གསུང་ངག་རིན་པོ་ཆེའི་ཟིན་བྲིས་ཡིད་བཞིན་༼ཀླུ༽ནོར་བུའི་སྐོར། སློབ་བཤད་ལམ་རིམ་གསོལ་འདེབས་བྱིན་རླབས་ཀྱི་ཕོ་ཉ། སྤྱི་དོན་ཁོག་འབུབ་ཀྱི་ལེགས་བཤད། སྣང་གསུམ་གསལ་བྱེད་ཟླ་བའི་ཐིགས་འཕྲེང་། སྔགས་ལམ་གྱི་འཁྲིད་ཡིག་ཉི་གཞོན་གསར་པའི་ཐིགས་འཕྲེང་སྐལ་བཟང་ཨུཏྤལ་གཞོན་ནུའི་ཁ་འབྱེད་ལ་ནང་གསེས་ཀྱི་ལྟ་བ་འཁོར་འདས་དབྱེར་མེད། ཕྱི་བསྐྱེད་རིམ་གྱི་འཁྲིད། ནང་བསྐྱེད་རིམ་ཉམས་མྱོང་ལྟ་བ་ཕྱག་ཆེན་ངོ་སྤྲོད་ཀྱི་བོགས་འབྱིན་སྤྱོད་པ་དང་བཅས་པ། བུམ་དབང་གི་འདའ་ཁ་མ། བར་དོ། རྨི་ལམ། སྒྱུ་ལུས་ཀྱི་འཁྲིད། ལམ་གཏུམ་མོ་ཙཎྜ་ལི་ཁམས་འདུས་པ་དང་པོའི་འཁྲིད། ཐིག་ལེ་བདེ་སྟོང་གི་ཉམས་མཐའ་རུ་ཕྱིན་བྱེད་ཁམས་འདུས་པ་བར་མའི་འཁྲིད། སྐྱོན་གཉུག་མ་ཡེ་ཤེས་ལ་བརྟེན་ནས་ཁམས་འདུས་པ་མཐའ་མ་འཁྲིད་ཀྱི་ལུང་དང་བཅས་པ། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་གསུང་ངག་གི་ཡི་གེའི་སྐོར་༼ངག༽ལ། སློབ་མ་རྗེས་འཛིན་གྱི་ཕྱག་ལེན་ཉམས་སུ་བླང་བདེ་བ། ཨཥྚའི་བཟླས་ལུང་བྱེད་ཚུལ་ལུགས་གཉིས། བརྒྱུད་པ་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ཀྱི་ཆོ་ག་དམ་པའི་


GLG001_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་སྲོལ་སེམས་ཉིད་ངལ་བསོའི་བདུད་རྩི། མཚར་གསུམ་ཁུག་པའི་བྱིན་རླབས་བྱ་ཚུལ་གསང་ཆེན་ཆོས་ཀྱི་རྔ་ཆེན། ལམ་དབང་གི་མཐའ་དཔྱོད་ཟུར་འདེབས་ཀྱི་གནད། རྡོ་རྗེ་བདག་མེད་མའི་བྱིན་རླབས་བྱ་ཚུལ་ལེགས་བྱས་གཏམ་གྱི་བདུད་རྩི། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་བྱ་ཚུལ་མཁས་ལ་ཉེ་བར་མཁོ་བ། བླ་མ་རིན་འབྱུང་གི་ཉམས་ལེན་བྱིན་རླབས་དང་བཅས་པའི་ཡི་གེ་འདོད་དགུའི་དཔལ་འབྱོར་མ་ལུས་པ་འབྱུང་བའི་གནས་ལེགས་བྱས་ཀྱི་རྔ་བོ་ཆེ། ལམ་ཟབ་ནང་གི་རྣལ་འབྱོར་གྱི་བྱིན་རླབས་བྱ་ཚུལ་མཁས་ལ་ཉེར་མཁོ། བིར་བསྲུང་ཐུན་མོང་གི་བྱིན་རླབས་རྗེ་རྡོ་རྗེ་འཆང་གིས་མཛད་པ་ལ་ཟུར་འདེབས་ཅུང་ཟད་དང་བཅས་པ། བིར་བསྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ་ཟུར་འདེབས་དང་བཅས་པ། བརྡ་དོན་གསལ་བའི་བྱིན་རླབས་བྱ་ཚུལ་ལ་གཉིས་ལས་གསུམ་བྱུང་གི་གོ་དོན་དང་བཅས་པ། ལམ་སྦས་བཤད་ཀྱི་བྱིན་རླབས་བྱ་ཚུལ་བཀླགས་ཆོག་ཏུ་བཀོད་པ། བརྡ་ཆིག་བརྒྱུད་ཀྱི་བྱིན་རླབས་བྱ་ཚུལ་ལག་ལེན་གོ་བདེ་བ་བཀླགས་ཆོག་ཏུ་བཀོད་པ། སྒྲུབ་པ་ལུང་སྦྱིན་དང་གསང་བཅུ་རྒྱས་གདབ་ཀྱི་ཕྱག་ལེན་གོ་བདེ་བཀླགས་ཆོག་ཏུ་བཀོད་པ་མཐའ་དཔྱོད་དང་བཅས་པ། རྣམ་འཇོམས་བིར་ལུགས་ལྷ་བདུན་ཅུ་རྩ་ལྔའི་སྒྲུབ་ཐབས་ནུབ་པ་རིགས་འཛིན་གྲགས་ཀྱིས་མཛད་པའི་དབུའི་ཕྱོགས་ནས་ཕྱུང་བ་རྣམས་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ། དེས་མཛད་པའི་གྷ་ཡ་དྷ་ར་ནས་བརྒྱུད་པའི་གུར་མགོན་གྱི་རྗེས་གནང་བྱ་ཚུལ། མཁྱེན་རབ་རྗེས་མཛད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་


GLG001_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་༼སྟོད༽དོན་འབྲས་བུ་ལ་དོན་མ་ལུས་པ་མངོན་དུ་གྱུར་པ་ནི་ངོ་བོ་ཉིད་སྐུ་ཐོབ་པའོའི་མཐའ་ཅན། མཛད་བྱང་མེད། ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་གཞུང་ཇི་ལྟར་བ་བཞིན་དུ་བཀྲི་བའི་ལམ་གྱི་སྔོན་༼བྷོ༽འགྲོའི་འཁྲིད་ཡིག་སྣང་གསུམ་མཛེས་པར་བྱེད་པའི་རྒྱན། དེས་མཛད་པའི་ལམ་གྱི་དངོས་གཞིའི་འཁྲིད་༼བྷོ༽ཡིག་རྒྱུད་གསུམ་མཛེས་པར་བྱེད་པའི་རྒྱན། དེས་མཛད་པའི་དཔལ་ཀྱི་རྡོ་རྗེའི་དབང་གི་ཚིག་དོན་རྣམས་༼བྷོ༽ལེགས་པར་བཤད་པ་ལུང་དང་མན་ངག་གི་གཏེར་མཛོད། དེས་མཛད་པའི་དབང་གི་མཚམས་༼བྷོ༽སྦྱོར་སྙིང་པོ་བསྡུས་པ། ཀུན་མཁྱེན་རྡོ་རྗེ་གདན་པས་མཛད་པའི་སྦྱིན་སྲེག་༼བྷོ༽གི་ཆོ་ག་མེ་ཤེལ་འཕྲེང་བ། རྗེ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་ཀྱེ་རྡོ་རྗེའི་ལས་༼ཝ༽བཞིའི་སྦྱིན་སྲེག་གི་རྣམ་བཤད་ཡེ་ཤེས་མེ་དཔུང་། ས་སྐྱ་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་ཕྱོགས་གཅིག་ཏུ་༼པ༽༼ཨཱ༽སྒྲིགས་པའི་ལམ་སྦས་བཤད་ཀྱི་ཉམས་ལེན། འདི་ལ་བླ་མ་གོང་མ་རྣམས་ཀྱི་ཡིག་ཆ་མི་ནུབ་པའི་ཕྱིར་ས་གཅད་ཀྱི་ཁོངས་ནས་ཐོན་པ་མཛད་པ་ལ། ངོར་པ་རྡོ་རྗེ་འཆང་གིས་སློབ་མ་དཔལ་གྱི་རྒྱལ་མཚན་གྱི་ཡི་གེ །ངོར་ཆེན་གྱི་སློབ་མ་ཀུན་དགའ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཡི་གེ །བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཡི་གེ །ངོར་པ་ལྷ་མཆོག་སེང་གེའི་སློབ་མ་རྗེ་ཀུན་དགའ་ལྷུན་གྲུབ་ཀྱིས་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་གོང་མའི་གསུང་གི་བདུད་རྩི་མན་ངག་གི་རྒྱ་མཚོ། ས་སྐྱ་ཁྲི་ཆེན་གྱིས་མཛད་༼ཨཱ༽པའི་བྱིན་རླབས་ཀྱི་སྐོར་ལ། བརྡ་དོན་གསལ་བའི་བྱིན་རླབས། བརྡ་ཆིག་བརྒྱུད་ཀྱི་བྱིན་རླབས། མགོ་རྐྱང་གི་རྗེས་གནང་


GLG001_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལུང་སྦྱིན་གྱིས་བྱིན་རླབས་རྣམས་ཀྱི་ཡི་གེ་ཕྱོགས་གཅིག་ཏུ་བཀོད་པ་དོན་གཉིས་ལྷུན་གྲུབ་རྣམས་ཐོབ་པ་ལས་རྟགས་མེད་པའི་དབང་བྱིན་རླབས་འཁྲིད་དང་ལུང་བཅས་པའི་བརྒྱུད་པ་ནི། སམྱཀྶཾབུདྡྷབཛྲདྷརཿ ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། བྷཊྚརཱཀབཛྲནཻརཏྨ། རྗེ་བཙུན་རྡོ་རྗེ་བདག་མེད་མ། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིཪྺ་པ། ཨཱཙཪྻཡོགེཤྭརཤྲཱིམདྦིཪྺ། དམར་སེར་ཞེས་པ་མེ་སྦྲུལ་ལ་སོ་མ་པུ་རིར་བལྟམས་ནས་རྣམ་བྱུང་ས་འབྲུག་ལ་གྲུབ་པ་བརྙེས། ས་དྲུག་གི་དབང་ཕྱུག་གྲུབ་ཆེན་ཤར་ཕྱོགས་ནག་པོ་བ། ཥཥྦཱུ་མཱི་ཤྭརམཧཱསཱདྡྷཔུརྦདིཀྐཧྞཿ རྒྱ་གར་ཤར་ཕྱོགས་སུ་སྐུ་འཁྲུངས། ཡུལ་དབུས་སུ་བལྟམས། རཱཛྙཿཀཱུལཌཱམརུཿ རྒྱལ་རིགས་ཌཱ་མ་རུ་པ། ཝ་ར་ཎཱ་སིར་འཁྲུངས་བྷཊྚ་རཱ་ཀཨཝདྷཱུཏིཿ རྗེ་བཙུན་གཉིས་སྤངས་པ། མཁས་པ་ཆེན་པོ་སྤྲིན་འཛིན། མ་ཧཱ་པཎྜིཏགྷཡདྷརཿ བྷཾ་ག་ལར་འཁྲུངས། འཇིག་རྟེན་གྱི་མིག་ཆེན་པོ་འབྲོག་མི་ཤཱཀྱ་ཡེ་ཤེས་མཧཱ་ལོ་ཀཙཀྵུ། འབྲོག་མི་ཤཱཀྱཛྙཱནཿ མང་མཁར་དུ་འཁྲུངས། མདོག་སྨ་ཆེ་འགྲུམ་དུ་འཁྲུངས་གུརུསེཀུཊྱལྤསརྦྦ པཱཤྱཿ བླ་མ་སེ་མཁར་ཆུང་བ་ཀུན་རིག །བླ་མ་ཞང་དགོན་པ་ཕ་ཆོས་འབར་གུརུཀཀཱརཎྱཀདྷརྨྨཛྭལཿ སག་ཐང་སྡིངས་སུ་འཁྲུངས། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། བྷཊྚརཱཀམཧཱབྷཱུམིཔཎྜུརཱནནྡགརྦྷཿ ཨངྒིར་ཞེས་པ་ཆུ་སྤྲེལ་ལ་གྲུམ་སྟོད་ཁའུར་འཁྲུངས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། ཨཱཙཪྻརཏྣཔུཎྱགྲཿ རྔ་ཆེན་ཞེས་པ་ཆུ་ཁྱི་ལ་གཟིམས་སྤྱིལ་དཀར་པོར་འཁྲུངས། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། བྷཊྚརཱཀརཏྣཀཱིཪྟིངྷྭཛཿ རབ་བྱུང་ཞེས་པ་མེ་ཡོས་ལ་སྒོ་རུམ་མགོན་ཁང་མདོར་འཁྲུངས། ས་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། མཧཱ་པཎྜིཏབྷཱུམྱཱནནྡདྷཱཛཤྲཱིབྷདྲཿ དགེ་བྱེད་ཅེས་པ་ཆུ་སྟག་ལ་སྒོ་རུམ་ཚོགས་ཁང་ཕུར་འཁྲུངས། འགྲོ་


GLG001_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན། ཛགནཱཐདྷརྨྨརཱཛརཏྣཱཪྻམཏིདྷྭཛཿ མྱོས་བྱེད་ཅེས་པ་ཤིང་ལུག་ལ་སྟག་སྡེ་རླུང་ཁུང་དུ་འཁྲུངས། བླ་མ་ཞང་དཀོན་ཅོག་དཔལ་གུརུཀཀརཏྣཤྲཱི། ཀུན་ལྡན་ལྕགས་བྱི་ལ་ར་ས་མཚལ་ཁུང་དུ་འཁྲུངས། གྲུབ་ཆེན་བྲག་ཕུག་པ་བསོད་ནམས་དཔལ། མཧཱསཱདྷ ཤིལཀཽཊྱཀཔུཎྱཤྲཱི། དབང་ཕྱུག་མེ་མོ་གླང་ལ་ར་ས་མཚལ་ཁུང་དུ་འཁྲུངས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། སརྦཛྙཱཔུཎྱདྷཱཛཤྲཱིབྷདྲཿ ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་ལ་ཞ་ལུ་ཁང་གསར་དུ་འཁྲུངས། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། དྷརྨྨསྭཱམིཤྲཱིམཏིཤཱིལཿ དཔལ་གདོང་ཞེས་པ་ཆུ་བྱའི་ལོ་འབྲས་ཁུང་སྒང་སྐྱར་འཁྲུངས། གྲུབ་ཆེན་སངས་རྒྱས་དཔལ། མཧཱསདྡྷབུདྡྷ་ཤྲཱི། མྱོས་ལྡན་ཞེས་པ་ས་ཡོས་ལ་མདོག་གི་ཕུར་འཁྲུངས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཧཱངོརབཛྲ དྷནནྡབྷདྲཿ རྔ་ཆེན་ཞེས་པ་ཆུ་ཕོ་ཁྱི་ལ་ས་སྐྱའི་བྱི་ཁྲུང་སྒོར་འཁྲུངས། སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན། མཧཱསཏྭརཏྣ དྷྭཛཿ རྣམ་བྱུང་ཞེས་པ་ས་འབྲུག་ལ་མུད་སྟོད་གླིང་སྐྱར་འཁྲུངས། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། མཧཱཔཏིབཛྲདྷརམཏིདྷྭཛཤྲཱིབྷདྲཿ མིག་དམར་ཞེས་པ་ཤིང་བྱི་ལ་ཤབ་ལྕམ་མོ་གཡང་གྲོང་དུ་འཁྲུངས། རྗེ་བཙུན་རྡོ་རིང་པ་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། བྷཊྚརཱཀམཧཱཤེལདཱིརྒྷསམནྟབྷདྲདྷརྨ སུརྱདྷིམཏྤྲཛྙཱནནྡདྷྭཤྲཱིབྷདྲཿ དཀར་པོ་ཞེས་པ་ས་སྦྲུལ་ལ་སྣར་ཐང་རྡོ་རིང་དུ་འཁྲུངས། རྔ་ཆེན་ཞེས་པ་ཆུ་ཕོ་ཁྱི་ལ་ལ་སྟོད་སྨུ་ག །ཤོངས་སུ་འཁྲུངས། མཧཱཚརདྷརྨྨརཛཱདྷཱིཀཱཤསམུདྲཀཱིརྟིདྷྭཛཤྲཱིབྷདྲཿ ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། མཉྫུ


GLG001_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གོཥཛྙཱདཡེཤྭརཤཱསནདྷྭཛཤྲཱིབྷདྲཿ ཉི་སྒྲོལ་བྱེད་ཅེས་པ་ཤིང་སྤྲེལ་ལ་བོ་དོང་དུ་འཁྲུངས། མཁན་ཆེན་བསླབ་གསུམ་རྒྱལ་མཚན། མཧོཔདྷྱཱཡཏྲིཤེཥྱདྷྭཛཿ མི་ཟད་པ་ཞེས་པ་མེ་ཁྱི་ལ་རམ་སྡིངས་མ་དང་ཉེ་བའི་གནས་ལོག་རི་ཁྲོད་ཀྱི་མདུན་ངོས་སུ་འཁྲུངས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། བཛྲདྷརེཤྭརཔྲྀདྲདྷཤཱསནདྷཱཛཤྲཱིབྷདྲཿ དུས་ཀྱི་ཕོ་ཉ་ཞེས་པ་ས་རྟ་ལ་ཉུག་བཀྲ་ཤིས་རྒྱལ་ཁང་དུ་འཁྲུངས། རིགས་ཀུན་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། སརྦཀཱུལཔྲབྷུནཱཐཔུཎྱོཏྟམབཏཤཱསནདྷཱཛཤྲཱིབྷདྲཿ མཛེས་བྱེད་ཅེས་པ་ཆུ་ཡོས་ལ་ནུབ་ཁུ་ལུང་དུ་འཁྲུངས། དེས་བདག་གསང་ཆེན་སློབ་བཤད་འཛིན་པ་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཏེནཱདྨདྨཧཱགུཧྱཤིཥྱབྷཱཥདྷཱརཀསཧོརགོམོསྨརེཡཙྪཿ ཡང་བརྒྱུད་པ་གཉིས་པ་ཡབ་ཆོས་རྗེ་ནས་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ལུགས་གཅིག་ནི། ཨཔིདྭིཏཱིཡཏནྡྲེཀཔིཏྲྀདྷརྨསྭཱམིཏྭཏནྟྲསྱནུབྷཥྱཻཀཱགམེ། ཉི་སྒྲོལ་བྱེད་ཅེས་པ་ཤིང་སྤྲེལ་ལ་ཞ་ལུ་ཁང་གསར་དུ་འཁྲུངས། སདྒུརུ་ཏྭརཏྣཔཱུཏཀཪྻསྱནཔྟིཀམཧཱགུརྭཱནནྡདྷྭཛཿ བླ་མ་དམ་པ་ནས་རིན་ཅེན་སྒང་སྒོས་ཀྱི་དབོན་པོ་བླ་ཆེན་ཀུན་དགའ་རྒྱལ་མཚན། ཡབ་ཆོས་རྗེ་འཇམ་པའི་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། པིཏྲིདྷརྨཱསྭཱ མིམཉྫུགྷོཥགགནདྷཛཤྲཱིབྷདྲཿ དབང་ཕྱུག་ཅེས་པ་མེ་གླང་ལ་འཁྲུངས། རྡོ་རྗེ་འཆང་བློ་གྲོས་མཚན་མན་འདྲ། བཛྲདྷརམཏིདྷྭ ཛེཏྟརེབཾ། བརྒྱུད་པ་གསུམ་པ་ནི། ཆོས་རྗེ་བླ་མ་དམ་པ་ནས། ཉ་དབོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མན་གོང་ལྟར་རོ། །དེ་ཡང་བདག་ཆེན་རྡོ་རྗེ་འཆང་ལ་གསུང་ངག་གི་བརྒྱུད་པ་


GLG001_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཀའ་བབས་ཀླུ་སྒྲུབ་རྗེས། རྣལ་འབྱོར་དབང་ཕྱུག་འཇམ་མགོན་ས་སྐྱ་པའི། །བརྒྱུད་པ་གསུམ་ལྡན་སྙན་བརྒྱུད་སྦས་པའི་གཏེར། །སྙིང་པོའི་བཅུད་བསྡུས་ཟབ་མོ་སློབ་བཤད་ཀྱི། །བཀའ་དྲིན་དྲན་ནས་བློ་གསལ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་སྙིང་དབུས་པདྨར་བྱོན། །ཞེས་བརྒྱུད་པ་གསུམ་གྱི་མན་ངག་གི་སྙིང་པོ་བསྡུས་པ་ཟབ་མོ་སློབ་བཤད་དུ་སྒྲ་ཡངས་པའི་དབང་དུ་བྱས་ན་བསྟན་ལ། ཞིབ་ཏུ་དཔྱད་ན་སློབ་བཤད་ཐུན་མོང་མ་ཡིན་པའི་བརྒྱུད་པ་གོང་མ་གཉིས་ཡིན་ཞིང་། དེའི་རྒྱུ་མཚན་ཡང་། ངོར་ཆེན་རྡོ་རྗེ་འཆང་གིས་སེམས་དཔའ་ཆེན་པོ་གཅིག་པུ་ལ་སློབ་བཤད་ཆིག་བརྒྱུད་དུ་གནང་། སེམས་དཔའ་ཆེན་པོས་ཚོགས་བཤད་གསུང་བའི་དུས་གནད་འགག་ཆེ་ས་འགར་སླེབས་ཚེ་ཞལ་མདངས་དམར་པོར་འགྱུར་ཞིང་ཕྱག་སེ་གོལ་མཛད་ནས་དེ་ཙམ་དུ་མ་སོང་ན་ཞེས་གསུང་བའི་དུས་སུ་སློབ་བཤད་ཀྱི་གནད་འགག་རྣམས་ཡོད་ཚོད་དུ་འདུག་ཅེས་ཞ་ལུ་པ་སངས་རྒྱས་དཔལ་བཟང་སོགས་གསུང་ལ། ངོར་ཆེན་ཡབ་སྲས་གཉིས་ལ་མི་བཞུགས་པའི་ཟབ་གནད་འགའ་ཞིག་དང་བཅས་པའི་སློབ་བཤད་ཤིན་ཏུ་རྒྱས་པ་ནི་བླ་མ་དམ་པ་ནས་རིན་ཅེན་སྒང་སྒོས་ཀྱི་ཞལ་ངོ་འབའ་ཞིག་ལ་བརྒྱུད་པའི་ཁྱད་པར་ཅན་ནོ། །ཐུན་མོང་བ་ཚོགས་བཤད་ཙམ་གྱིས་བརྒྱུད་པ་ནི་བརྒྱུད་པ་བར་མའི་བླ་ཆེན་ཀུན་རྒྱལ་བ་ནས། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ། ཡབ་འཇམ་དབྱངས་ཆེན་པོ་མན་གོང་ལྟར་དུ་བརྒྱུད་པ་དང་། བརྒྱུད་པ་གསུམ་པ་ལུགས་འདི་ལ་གྲགས་ཆེ་ཞིང་། གཞན་ཡང་བརྒྱུད་པའི་རྣམ་གྲངས་ཆོས་རྗེ་བླ་མ་ནས། རི་ཁྲོད་པ་བློ་


GLG001_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་བརྟན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་མན་གོང་བཞིན་ནོ། །ཡང་ན་བྲག་ཕུག་པ་ནས། རི་ཁྲོད་པ་བློ་གྲོས་བརྟན་པ། དཔལ་ཚུལ་པ་མན་འདྲ། ཡང་ཚོགས་བཤད་བརྒྱུད་པ་ལུགས་གཅིག་ནི། བདག་ཆེན་རྡོ་རྗེ་འཆང་ནས། རྗེ་བཙུན་སྒོ་རུམ་པ་ཆེན་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་ས་པཎ་ནས། ཚོགས་སྒོམ་པ། ཉན་ཆེན་པ། དཀར་པོ་བྲག་པ། རི་ཁྲོད་པ། ཆོས་རྗེ་དཔལ་ཚུལ་བ་མན་འདྲ། ཡང་ན་ཞང་སྟོན་པ་ནས། དགའ་ལྡན་པ། བླ་མ་དཔལ་ལྡན་སེང་གེ །བླ་མ་དམ་པ་མན་འདྲ། ཡང་ན་ཉན་ཆེན་པ་ནས། འཇམ་སྐྱ་བ། བླ་མ་དཔལ་སེང་པ་མན་གོང་ལྟར། ཡང་ན་ངོར་ཆེན་རྡོ་རྗེ་འཆང་ལ། འཁོར་ལོ་སྡོམ་པ་དཀོན་ཅོག་རྒྱལ་མཚན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །མཁས་གྲུབ་དཔལ་ལྡན་རྡོ་རྗེ་བཞིས་གསན། བཞི་ག་ལ་བྱ་འགྱུར་བ་རྣལ་འབྱོར་དབང་ཕྱུག་བསོད་ནམས་སེང་གེ །དེ་ནས་སྒོ་རུམ་པ་མན་གོང་ལྟར། ཡང་ན་བྱ་འགྱུར་བས་གསན་པའི་བླ་མ་བཞིའི་སྟེང་དུ་ཀུན་མཁྱེན་གོ་བོ་སྟེ་ལྔ་ལ། ཡོངས་འཛིན་དཀོན་ཅོག་འཕེལ། རིམ་བཞིན་ས་ལོ། སྒོ་རུམ་པ་མན་འདྲ། ཡང་ན་དཀོན་ཅོག་འཕེལ་ནས། རྗེ་སངས་རྒྱས་རིན་ཆེན། དེ་གཉིས་ལ་ས་ལོ་མན་འདྲ། ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དབང་། མཁན་ཆེན་བསོད་ནམས་ལྷུན་གྲུབ། འཇམ་དབྱངས་ཀུན་དགའ་བསོད་ནམས། རྗེ་སྒོ་རུམ་པ་མན་འདྲ། ཡང་ན་ཀུན་མཁྱེན་བསོད་ནམས་སེང་གེ་ནས། པཎ་ཆེན་དབང་ཕྱུག་གྲུབ་པ། བདག་ཆེན་འཇམ་དབྱངས་ངག་གི་དབང་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་ངོར་ཆེན་


GLG001_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མུས་ཆེན། རྒྱལ་ཚབ་ཀུན་དབང་། ཀུན་མཁྱེན་གོ་བོ་གསུམ་གས་གསན། གསུམ་ག་ལ་ཡོངས་འཛིན་དཀོན་ཅོག་འཕེལ། ས་ལོ་ཐམས་ཅད་མཁྱེན་པ། བདག་ཆེན་ངག་གི་དབང་པོ་མན་གོང་ལྟར། ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དབང་། གློ་བོ་མཁན་ཆེན་ལེགས་འབྱུང་ས་ལོ། བདག་ཆེན་ངག་གི་དབང་པོ་མན་འདྲ། ཡང་ན་ངག་གི་དབང་པོས་གློ་བོ་མཁན་ཆེན་རང་ལ་རྫོགས་པར་གསན་ནོ། །ཡང་ཉེ་བརྒྱུད་ནི། བརྩེ་བ་ཆེན་པོ་མངའ་རིས་གུང་ཐང་དུ་བཞུགས་སྐབས་དུག་བྱུང་བའི་རོ་མ་གཡས་རུའི་གྲོང་ཆུ་དགོན་པར་བཞུགས་དུས་ལངས་པའི་སྐྱོན་གྱིས་ཆོས་རྣམས་མཉེལ་བས་འཇམ་དབྱངས་ཕུག་ཏུ་སྐུ་མཚམས་བསྡམས་ཏེ་གསོལ་བ་བཏབ་པས། ཞང་དགོན་པ་བ་མནལ་ལམ་དང་དངོས་དུ་བྱོན་ནས་གདམས་པ་རྣམས་གསུངས། དེ་རྗེས་རྣལ་འབྱོར་གྱི་དབང་ཕྱུག་ཆོས་འཁོར་ཀྱི་ཕྱག་རྒྱ་ཅན་ས་སྐྱའི་འབམ་གྲོག་མོན་གྲོགས་གི་བར་སྐྱིལ་དཀྲུང་གཅིག་གིས་ཁེབས་པ་གཙོ་འཁོར་ལྔ་པ་ཞིག་ཞལ་གཟིགས་ནས་གསུངས་པས་རྣལ་འབྱོར་དབང་ཕྱུག་ནས་རྗེ་བཙུན་བརྩེ་བ་ཆེན་པོ་མན་གོང་བཞིན་ནོ། །དེ་རྣམས་ནི་གསུང་ངག་གི་བརྒྱུད་པའི་རྣམ་གྲངས་ཡིན་ལ། རྒྱུད་དབང་གི་བརྒྱུད་པའི་རྣམ་གྲངས་ལ། ཡང་ན་དཀར་པོ་བྲག་པ་རིན་ཅེན་སེང་གེ་ནས། ཆོས་རྗེ་གུང་ཐང་པ་སེང་གེ་དཔལ་ལྡན། རྗེ་འོད་མཛེས་བཟང་པོ། ཆོས་རྗེ་པཎྜི་ཏ་ཆེན་པོ། རྩེད་དང་དགེ་འཕེལ་བ་བསོད་ནམས་བློ་གྲོས། རྗེ་རྡོ་རིང་པ་མན་འདྲ། ཡང་ན་བྲག་ཕུག་པ་ནས། ལམ་འབྲས་པ་ཡེ་ཤེས་དཔལ། ས་སྐྱ་པ་རིན་ཆེན་དཔལ། ཆོས་རྗེ་པཎྜི་ཏ་མན་འདྲ། ཡང་ན་བླ་མ་དམ་པ་ནས། འདི་བརྒྱུད་པ་འགངས་ཆེ་བ་གཅིག་ཏུ་འདུག །ཡར་ཀླུངས་པ་སེང་གེ་རྒྱལ་


GLG001_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག །རྩེད་དང་པ་བསོད་ནམས་བློ་གྲོས་མན་འདྲ། ཡང་ན་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་དང་། གྲུབ་ཆེན་བུདྡྷ་ཤྲཱིས་གསན། དེ་གཉིས་ལ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། དེ་ནས་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡབ་སྲས་བཞུགས་པའི་བར་གོང་བཞིན་ནོ། །ཡང་ན་རྗེ་བཙུན་ཀུན་སྤངས་ཆེན་པོ་ནས། རྗེ་སྒོ་རུམ་པ་ཀུན་དགའ་ལེགས་པ། ཚར་ཆེན་མན་འདྲ། ཡང་ན་རྗེ་བཙུན་གྲགས་པ་ནས། གཅུང་དཔལ་ཆེན་འོད་པོ། ས་པཎ། ཟངས་ཚ་བསོད་ནམས་རྒྱལ་མཚན། འཕགས་པ། འདི་གཉིས་ཀྱི་བར་ན་བླ་མ་ཞིག་དགོས་ངེས་སུ་འདུག་པ་དམ་པ་ཀུན་དགའ་གྲགས་ཡིན་མིན་དཔྱད། བདག་ཉིད་ཆེན་པོ་བཟང་པོ་དཔལ། བླ་མ་དམ་པ་མན་འདྲ། ཡང་ན་བླ་མ་དམ་པ་ནས། བླ་ཆེན་ཀུན་དགའ་རྒྱལ་མཚན། ངོར་ཆེན་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། ཚོགས་སྒོམ་པ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། དཀར་པོ་བྲག་པ་རིན་ཆེན་སེང་གེ །ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་གྲུབ་ཆེན་བུདྡྷ་ཤྲཱི། རྗེ་རྡོ་རྗེ་འཆང་། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱ་འགྱུར་བ་བསོད་ནམས་སེང་གེ །ཞ་ལུ་མཁན་ཆེན་དཀོན་ཅོག་ཚུལ་ཁྲིམས། དེ་གཉིས་ལ་རྗེ་བཙུན་སྒོ་རུམ་པ། ཚར་ཆེན་རྡོ་རྗེ་འཆང་། གཉིས་ཀ་ལ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་གསན་པ་མན་འདྲ། ཡང་ན་ཉན་ཆེན་པ་ནས། བྲག་ཕུག་པ་བསོད་ནམས་དཔལ་མན་འདྲ། ཡང་ན་འཕགས་པ་ནས། པཎྜི་ཏ་རྡོ་རྗེ་ཤེས་རབ། བླ་མ་འཕགས་རྒྱལ་བ། བླ་མ་རིན་ཅེན་དཔལ་བཟང་། འགྲོ་མགོན་བསོད་ནམས་


GLG001_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་མན་འདྲ། ཡང་ན་ཞང་དཀོན་ཅོག་དཔལ་ནས། དགའ་ལྡན་པ་ཀུན་དགའ་བསོད་ནམས། རྒྱལ་བ་བྲག་ཕུག་པ་མན་འདྲ། ཡང་ན་ཉན་ཆེན་པ་ནས། བང་མོ་ཞུ་པ་གཞོན་ནུ་དཔལ། བླ་མ་དམ་པ་མན་འདྲ། ཡང་ན་བྲག་ཕུག་པ་ནས། རི་ཁྲོད་པ་བློ་བརྟན་བླ་མ་དཔལ་ཚུལ་མན་འདྲ། ཡང་ན་རྗེ་ས་པཎ་ནས། ཚོགས་སྒོམ་རིན་པོ་ཆེ། གཉག་སྙིང་པོ་རྒྱལ་མཚན། བར་སྟོན་རྡོ་རྗེ་རྒྱལ་མཚན། མཁན་ཆེན་རྡོ་རྗེ་ཚུལ་ཁྲིམས། བླ་མ་དཀོན་ཅོག་རྒྱལ་མཚན། བུ་སྟོན་དབང་ཕྱུག་དར། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། སྒོ་རུམ་པ་རིན་ཅེན་བཟང་པོ། སྒོ་རུམ་པ་སངས་རྒྱས་རྒྱལ་མཚན། སྒོ་རུམ་པ་ཀུན་དགའ་ལེགས་པ་མན་གོང་ལྟར། ཡང་ན་བྲག་ཕུག་པ་བསོད་ནམས་དཔལ་ནས། བྲག་ཕུག་པ་དཀོན་ཅོག་རྒྱལ་མཚན། བུ་སྟོན་དབང་ཕྱུག་དར་མན་འདྲ། ཡང་ན་དཀར་པོ་བྲག་པ་ནས། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི་མན་འདྲ། ཡང་ན་དཔལ་ལྡན་བླ་མ་དམ་པ་ནས། སྔགས་འཆང་གཟུངས་ཀྱིས་དཔལ་བ། ཆོས་རྗེ་བཟང་པོ་རྒྱལ་མཚན། མཚུངས་མེད་རྒྱལ་མཚན་དཀོན་ཅོག །རྫོང་ཆུང་པ་བྱམས་པ་རྡོ་རྗེ་རྒྱལ་མཚན། བདག་ཆེན་རྒྱ་དཀར་ཤེས་རབ་རྒྱལ་མཚན། བདག་ཆེན་ངག་གི་དབང་པོ་མན་སྔར་བཞིན་ནོ། །ཡང་ན་སྒོ་རུམ་པ་ཆེན་པོ་ནས། མངའ་རིས་བླ་ཆེན་ནམ་མཁའ་གཟི་བརྗིད། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་སྒོ་རུམ་པ་ནས། དེ་དབོན་ངག་དབང་བསྟན་པའི་རྡོ་རྗེ། རྗེ་མཁྱེན་བརྩེ་མན་འདྲ། ཡང་ན་རྗེ་བཙུན་རྡོ་རིང་པ་ནས། རྗེ་གྲོལ་མཆོག །འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ངོར་ཆེན་ནས། པཎ་ཆེན་ཤཱཀྱ་མཆོག་ལྡན། སྤྱང་ལུང་པ་གཞོན་ནུ་ཆོས་གྲུབ། རྗེ་གྲོལ་མཆོག་མན་འདྲ། ཡང་ན་ས་བཟང་


GLG001_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏི་ནས། ཐེག་ཆེན་ཆོས་རྒྱལ་སྤྱང་ལུང་གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀྱ་མཆོག་ལྡན་མན་འདྲ། ཡང་ན་མུས་ཆེན་འཁོར་ལོ་སྡོམ་པ་ནས། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། སྤྱང་ལུང་པ་གཞོན་ནུ་ཆོས་གྲུབ། རྗེ་གྲོལ་མཆོག་མན་གོང་ལྟར། ཡང་ན་མུས་ཆེན་ལ་བདག་ཆེན་རྡོ་རྗེ་འཆང་། རྗེ་ཤེས་རབ་རྒྱ་མཚོ། རྭ་སྟོན་ཡོན་ཏན་དཔལ་བཟང་། རྒྱལ་ཚབ་ཀུན་དབང་བཞི། བཞི་ག་ལ་འཇམ་དབྱངས་བསོད་ནམས་ལྷུན་གྲུབ། གྲོལ་མཆོག་མན་འདྲ། ཡང་ན་འཇམ་དབྱངས་བསོད་ལྷུན་ལ། རྗེ་ཀུན་དགའ་མཆོག་གྲུབ། གྲོལ་མཆོག་མན་འདྲ། ཡང་ན་ངོར་ཆེན་ལ། གུ་གེ་པཎྜི་ཏ། རྗེ་རི་ཏི་སྐྱོག་པ། རྗེ་དཔལ་ལྡན་པ། རྗེ་ནམ་དཔལ་པ། རྗེ་ཡོན་ཏན་ཆོས་རྒྱལ། རྗེ་ལེགས་པའི་ཤེས་རབ་དྲུག་གིས་གསན། དྲུག་ག་ལ་གློ་བོ་མཁན་པོས་གསན་པ་མན་འདྲ། ཡང་ན་ངོར་ཆེན་ནས། དཔལ་ལྡན་རྡོ་རྗེ། ཀུན་དགའ་མཆོག་གྲུབ་མན་འདྲ། ཡང་ན་མུས་ཆེན་ལ། གོ་རམ་པ། དཀོན་ཅོག་འཕེལ། སངས་རིན་པ་གསུམ་གྱིས་གསན། དེ་གསུམ་ལ་ལྷ་མཆོག་སེང་གེ །གྲོལ་མཆོག་མན་འདྲ། ཡང་ན་མུས་ཆེན་ནས། ཞ་ལུ་པ་སངས་རྒྱས་དཔལ་བཟང་། ཆོས་རྗེ་བྱམས་པ་ཆོས་ལེགས། འཕགས་ཆེན་དཔལ་ལྡན་བཀྲ་ཤིས། རྗེ་གྲོལ་མཆོག་མན་འདྲ། ཡང་ན་ངོར་ཆེན་ནས། ཀུན་མཁྱེན་སངས་རྒྱས་འཕེལ། དེ་ལ་རིན་པོ་ཆེ་ནོར་བུ་ཕུན་ཚོགས་དང་མཁས་གྲུབ་བཤེས་གཉེན་བཀྲ་ཤིས་ཀྱིས་གསན། གཉིས་ཀ་ལ་རྫོང་དཀར་བ་ཤེས་རབ་རྒྱལ་མཚན། དེ་ནས་འཇམ་དབྱངས་མཁྱེན་བརྩེ་མན་སྔར་བཞིན་ནོ། །ཡང་ན་མུས་ཆེན་ནས། གྲུབ་ཆེན་དཀོན་ཅོག་བློ་གྲོས། འཇམ་དབྱངས་སངས་རྒྱས་རིན་ཅེན། ཆོས་རྗེ་བཤེས་


GLG001_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་བཀྲ་ཤིས་མན་འདྲ། ཡང་ན་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ནས། རིན་པོ་ཆེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། སྤོས་ཁང་ཚོགས་པ་མཁན་ཆེན་ཐར་པ་རྒྱལ་མཚན། ཞ་ལུ་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་ཚར་ཆེན་ནས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་རིན་པོ་ཆེ་ངག་དབང་ཆོས་གྲགས། འཇམ་དབྱངས་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་གྲོལ་མཆོག་ནས། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ་མན་འདྲ། ཡང་ན་མུས་ཆེན་སེམས་དཔའ་ཆེན་པོ་ནས། ཡོངས་འཛིན་དཀོན་ཅོག་འཕེལ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང་། ཐར་རྩེ་ནམ་མཁའ་སངས་རྒྱས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ཡང་ན་དཀོན་ཅོག་འཕེལ་ནས། རྗེ་སངས་རྒྱས་རིན་ཅེན། རྒྱལ་བ་ལྷ་མཆོག་སེང་གེ །དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། རྗེ་སངས་རྒྱས་སེང་གེ །བྲང་ཏི་པ་མན་གོང་བཞིན་ནོ། །ཡང་ན་སངས་རྒྱས་སེང་གེ་ནས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་ངོར་ཆེན་དང་སེམས་དཔའ་ཆེན་པོ་གཉིས་ལ། ཤེས་རབ་རྒྱ་མཚོ། ཀུན་དགའ་དབང་ཕྱུག །དཔལ་ལྡན་རྡོ་རྗེ། ཀུན་མཁྱེན་བསོད་ནམས་སེང་གེ་བཞིས་གསན། མུས་ཆེན་མན་གྱི་བླ་མ་ལྔ་ག་ལ་རཏྣ་ཝདྡྷས་གསན་པ་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་ལ། ཀུན་མཁྱེན་གོ་བོ། གྲུབ་ཆེན་དཀོན་ཅོག་བློ་གྲོས། རྗེ་དཀོན་ཅོག་འཕེལ་གསུམ་གས་གསན། གསུམ་ག་ལ་རྗེ་སངས་རྒྱས་རིན་ཆེན་གྱིས་གསན། དཀོན་


GLG001_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་ལྷུན་གྲུབ་མན་གོང་ལྟར་རོ། །ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། རྗེ་དཀོན་ཅོག་རྒྱ་མཚོ། མཁན་ངག་དབང་ཆོས་གྲགས་མན་འདྲ། ཡང་ན་དཀོན་ཅོག་རྒྱ་མཚོ་ནས། འཕྱོང་རྒྱས་འཕགས་སྡེ་མཁན་ཆེན་དབང་ཕྱུག་དཔལ་བཟང་། ངག་ཆོས་པ་མན་འདྲ། ཡང་ན་དཀོན་ཅོག་རྒྱ་མཚོ་ནས། མུས་ཆེན་སངས་རྒྱས་རྒྱལ་མཚན། ཁྲི་ཆེན་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་ཉན་ཆེན་པ་ནས། ཀུན་མཁྱེན་གངས་པ་གྲགས་པ་དཔལ། སྤང་ཁང་པ་ཡང་ཟེར། །མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྗེ་ཉི་ལྡེ་བ་གུ་ཤྲཱི་ནམ་མཁའ་བཟང་པོ། དཔལ་ལྡན་རྡོ་རྗེ་མན་གོང་ལྟར། ཡང་ན་ས་པཎ་ནས། གྲུབ་ཐོབ་ཡོན་ཏན་དཔལ། ལ་རུ་བ་བསོད་ནམས་སེང་གེ །ཀུན་མཁྱེན་གངས་པ་མན་གོང་བཞིན། ཡང་ན་བླ་མ་དཔལ་ལྡན་ཚུལ་ཁྲིམས་ནས། དེ་དབོན་ནམ་མཁའ་དཔལ་བཟང་། གུ་ཤྲཱི་ནམ་མཁའ་བཟང་པོ་མན་འདྲ། ཡང་ན་གློ་བོ་མཁན་པོ་བསོད་ནམས་ལྷུན་གྲུབ་ནས། རྗེ་དཀོན་ཅོག་ལྷུན་གྲུབ་མན་སྔར་ལྟར། ཡང་ན་འཇམ་དབྱངས་སངས་རྒྱས་རིན་ཅེན་ནས། རྗེ་དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་རྒྱལ་ཚབ་ཀུན་དབང་ནས། ཡོངས་འཛིན་དཀོན་ཅོག་འཕེལ། རྗེ་སངས་རྒྱས་རིན་ཅེན། ས་ལོ་ཀུན་དགའ་བསོད་ནམས། རྗེ་དཀོན་ཅོག་ལྷུན་གྲུབ་མན་གོང་བཞིན་ནོ། །ཡང་ན་རྗེ་དཀོན་ཅོག་འཕེལ། ས་ལོ་མན་འདྲ། ཡང་ན་གློ་བོ་མཁན་ཆེན་ལེགས་འབྱུང་ནས། ས་ལོ་མན་གོང་ལྟར། ཡང་ན་མཁས་གྲུབ་དཔལ་ལྡན་རྡོ་རྗེ་ནས། མི་ཉག་པཎ་ཆེན་གྲགས་པ་རྡོ་རྗེ། ས་ལོ་མན་འདྲ། ཡང་ན་ངོར་ཆེན་ནས། མཁས་པ་གཞོན་ནུ་སེང་གེ །དེ་གཉིས་ལ་ལྷ་འབྲི་སྟོན་པ་ཤེས་རབ་རྡོ་རྗེ། མི་ཉག་པཎ་


GLG001_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མན་གོང་བཞིན། ཡང་ན་ངོར་ཆེན་དང་མུས་ཆེན་གཉིས་ལ། སྤྱན་སྔ་ཀུན་དགའ་རྡོ་རྗེ་དང་། མཁས་གྲུབ་གུང་རུ་ཤེར་བཟང་གིས་གསན། གཉིས་ཀ་ལ་མི་ཉག་པཎ་ཆེན་གྱིས་གསན་ནོ། །ཡང་ན་གུ་ཤྲཱི་ནམ་མཁའ་བཟང་པོ་ནས། རྗེ་ངག་དབང་གྲགས་པ། བདག་ཆེན་རྒྱ་དཀར་བ་ཤེས་རབ་རྒྱལ་མཚན། ས་ལོ་མན་འདྲ། ཡང་ན་འཇམ་དབྱངས་དཀོན་ཅོག་བཟང་པོ་ནས། བདག་ཆེན་རྒྱ་དཀར་བ་མན་སྔར་བཞིན། ཡང་ན་སངས་རྒྱས་སེང་གེ་དང་། བྲང་ཏི་པ་ནམ་མཁའ་དཔལ་བཟང་གཉིས་ལ། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དེ་དབོན་རྗེ་བཙུན་ཤེས་རབ་འབྱུང་གནས། རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་དང་རྡོ་རྗེ་འཆང་ཞ་ལུ་མཁན་ཆེན་གཉིས་གས་གསན། གཉིས་ཀས་བདག་ལའོ། །ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། དེ་དབོན་དཀོན་ཅོག་དཔལ་ལྡན། ཤར་ཆེན་པ་མན་འདྲ། ཡང་ན་སངས་རྒྱས་སེང་གེ་ནས། དཀོན་ཅོག་དཔལ་ལྡན། ཤར་ཆེན་པ་མན་གོང་ལྟར། ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཤར་བ་ཀུན་བཀྲས་པ་མན་འདྲ། ཡང་ན་ཐར་རྩེ་པ་ནས། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཤར་པ་ཤེས་རབ་འབྱུང་གནས་མན་འདྲ། ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། དཀོན་ཅོག་དཔལ་ལྡན། རྩེ་གདོང་ཁྲི་ཆེན་མན་འདྲ། ཡང་ན་བདག་ཆེན་ངག་གི་དབང་ཕྱུག་ནས། མཁན་བྱམས་པ་རབ་བརྟན། རྩེ་གདོང་ཁྲི་ཆེན་མན་འདྲ། ཡང་ན་ཤར་པ་ཀུན་དགའ་བཀྲ་ཤིས་ནས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ན་འཇམ་མགོན་བསོད་ནམས་མཆོག་ལྡན་ནས། ཞ་ལུ་མཁན་ཆེན་རིན་ཅེན་བསོད་


GLG001_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་མཆོག་གྲུབ། དེས་བདག་ལའོ། །གོང་དཀར་བ་ལུགས་ནི། འཕགས་པ་རིན་པོ་ཆེ་ནས། འདི་ནས་བླ་མ་དམ་པའི་བར་གྱི་བརྒྱུད་པ་རྣམས་ངོར་པ་དང་མཐུན་པ་དོན་གྱིས་ཐོབ་ཀྱང་འདིར་རྡོ་རྗེ་གདན་པའི་གསན་ཡིག་སོར་གནས་བཞིན་བྲིས་པ་ཡིན། པཎྜི་ཏ་རྡོ་རྗེ་ཤེས་རབ། བླ་མ་འཕགས་པ་རྒྱལ་མཚན། བླ་མ་རིན་ཅེན་དཔལ་བཟང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ། མཁས་གྲུབ་རྣམ་རྒྱལ་རིན་ཅེན། ཡོངས་འཛིན་ཤཱཀྱ་ཀུན་དགའ། བླ་མ་དམ་ཆོས་གླིང་པ་ཡེ་ཤེས་དབང་པོ། བླ་མ་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ཡང་ན་བླ་མ་ཚུལ་ཁྲིམས་བཀྲ་ཤིས་ནས། ཞ་ལུ་མཁན་ཆེན་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེ་བདག་ལའོ། །ཡང་ན་རྡོ་རྗེ་གདན་པ་ནས། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ་མན་འདྲ། ཡང་ན་རྡོ་རྗེ་གདན་པ་ལ། འབྲི་གུང་མཁན་ཆེན། མཁས་གྲུབ་རིག་པའི་གློག་འཕྲེང་། ཆོས་རྗེ་ལྕང་ལོ་ཅན་པ་གསུམ་གས་གསན། གསུམ་ག་ལ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གྱིས་གསན་པ་མན་གོང་ལྟར། ཡང་ན་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་ལ། པཎ་ཆེན་བདེ་བའི་རྡོ་རྗེ་དང་འཕགས་མཆོག་ཨོ་རྒྱན་རྒྱལ་པོས་གསན་དེ་གཉིས་ལ་མཚུངས་མེད་ལྷ་དབང་འཕྲིན་ལས། ཉི་མ་གླིང་པ་མན་འདྲ། ཡང་ན་ཤཱཀྱ་ཀུན་དགའ་ནས། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། ཉི་མ་གླིང་པ་མན་གོང་ལྟར། ཡང་ན་ཀུན་བཟང་རྩེ་པ་དང་། ཉི་མ་གླིང་པ་གཉིས་ལ། ཀུན་བཟང་རྩེ་པ་པཎ་ཆེན་


GLG001_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཚུལ་ཁྲིམས། དེ་ལ་ཁྱབ་བདག་ཞ་ལུ་མཁན་ཆེན། དེས་བདག་ལའོ། །ཡང་ན་བླ་མ་ཡེ་ཤེས་དབང་པོ་ནས། བྱམས་པ་ཤཱཀྱ་རྡོ་རྗེ། མཚུངས་མེད་དགེ་བའི་དབང་པོ། ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་འཕགས་པ་ནས། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། དྲུང་ཆོས་རྗེ་པ། ས་བཟང་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། གཟད་པ་རིན་རྒྱན། བྲག་ཐོག་པ་མན་སྔར་བཞིན་ནོ། །ཡང་ན་ཉན་ཆེན་པ་ནས། ཆོས་རྗེ་སྤང་ཁང་པ། མཁན་ཆེན་ལྷ་དབང་པ། བླ་མ་དཔལ་ལྡན་བསོད་ནམས། གཟད་པ་རིན་རྒྱན་པ། བྲག་ཐོག་པ་མན་འདྲ། ཡང་ན་བྲག་ཕུག་པ་ནས། ཆོས་རྗེ་ཡེ་ཤེས་དཔལ། ཆོས་རྗེ་བློ་གྲོས་བཟང་པོ། མཚུངས་མེད་ཆོས་རྗེ་སེང་གེ་དཔལ་བཟང་། བྲག་ཐོག་པ་མན་འདྲ། ཨཥྚའི་བཟླས་ལུང་གི་བརྒྱུད་པ་ངོར་ལུགས་ནི། ཆོས་རྗེ་རྡོ་རྗེ་འཆང་ཡན་ལམ་འབྲས་ལྟར་ལ། དེ་ནས་མུས་ཆེན་སེམས་དཔའ་ཆེན་པོ། མུས་ཆེན་སངས་རྒྱས་རིན་ཅེན། ཡོངས་འཛིན་དཀོན་ཅོག་འཕེལ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། དེ་དབོན་དཀོན་ཅོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །རྫོང་ལུགས་ནི། བླ་མ་དམ་པ་ཡན་གསུང་ངག་ལྟར་ལ། དེ་ནས་སྔགས་འཆང་གཟུངས་ཀྱི་དཔལ་བ། མཁས་གྲུབ་བཟང་པོ་རྒྱལ་མཚན། རྗེ་རྒྱལ་མཚན་དཀོན་ཅོག །མུས་སྲད་པ་རྡོ་རྗེ་རྒྱལ་མཚན། རྗེ་དཀོན་ཅོག་དཔལ། བླ་མ་བྱམས་པ་ཆོས་དཔལ་འབྱོར། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རྗེ་ཤཱཀྱ་ཀུན་དགའ། པཎ་ཆེན་བདེ་བའི་རྡོ་རྗེ། བླ་མ་ལྷ་དབང་འཕྲིན་ལས། རྡོ་རྗེ་འཛིན་པ་ཚུལ་ཁྲིམས་བཀྲ་ཤིས་


GLG001_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་མགོན་པོའི་མཚན་ཅན། དེས་བདག་ལའོ། །གོང་དཀར་བའི་ལུགས་ནི། འཕགས་པ་ཡན་ལམ་འབྲས་ལྟར་ལ། དེ་ནས་ཞང་དཀོན་ཅོག་དཔལ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ །མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། མཁས་གྲུབ་རིག་པའི་གློག་འཕྲེང་། ཡངས་པ་ཅན་པ་བྱང་ཆུབ་དབང་རྒྱལ་མན་འདྲ། རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་བཅོ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་གསུང་ངག་སློབ་བཤད་ཀྱི་བརྒྱུད་པ་ལུགས་གསུམ་དང་འདྲ་ཞིང་། ཡང་ན་རྗེ་བཙུན་ས་སྐྱ་པ་ཆེན་པོ་ནས། ནེ་ཙེ་སྦལ་སྟོན་ཆོས་ཀྱི་འབྱུང་གནས། བླ་མ་ཤེས་རབ་གྲགས། གནམ་པ་རྭ་ཆོས་ཀྱི་ཤེས་རབ། མངོན་པ་བ་དབང་ཕྱུག་བརྩོན་འགྲུས། དེ་ལ་འཕགས་པ་རིན་པོ་ཆེ་དང་པཎྜི་ཏ་རྡོ་རྗེ་ཤེས་རབ་ཀྱིས་གསན། དེ་གཉིས་ལ་ཞང་དཀོན་ཅོག་དཔལ། དེ་ནས་བྲག་ཕུག་པ་བསོད་ནམས་དཔལ། དེ་ལ་བླ་མ་དམ་པ་དང་རི་ཁྲོད་པ་བློ་བརྟན་གྱིས་གསན། གཉིས་ཀ་ལ་དཔལ་ལྡན་ཚུལ་ཁྲིམས། དེ་ལ་ཤར་ཆེན་ཡེ་ཤེས་རྒྱལ་མཚན་དང་གྲུབ་ཆེན་བུདྡྷ་ཤྲཱིས་གསན། དེ་གཉིས་ལ་ངོར་ཆེན་གྱིས་གསན་པ་མན་གསུང་ངག་སློབ་བཤད་དང་འདྲ། ཡང་ན་བདག་ཆེན་རྡོ་རྗེ་འཆང་ནས། རྗེ་བཙུན་སྒོ་རུམ་པ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་མན་སྔར་ལྟར། ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱ་འགྱུར་བ་བསོད་ནམས་སེང་གེ །རྗེ་སྒོ་རུམ་པ་མན་འདྲ། ཡང་ན་བདག་ཆེན་རྡོ་རྗེ་འཆང་ནས། རྗེ་དཀོན་ཅོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ་མན་གོང་བཞིན་ནོ། །ཡང་


GLG001_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ན་འཇམ་དབྱངས་མཁྱེན་བརྩེས་གྲོལ་མཆོག་ལ་གསན་པའི་བརྒྱུད་པ་རྒྱུད་དབང་སྐབས་བགྲངས་པ་དང་གཅིག །ཡང་ན་ངོར་ཆེན་ནས། འཁོར་ལོ་སྡོམ་པ་དཀོན་ཅོག་རྒྱལ་མཚན། ཡབ་སྲས་གཉིས་ཀ་ལ་རྒྱལ་ཚབ་ཀུན་དབང་དང་ཀུན་མཁྱེན་བསོད་ནམས་སེང་གེས་གསན། དེ་གཉིས་ལ་འདྲེན་མཆོག་དཀོན་ཅོག་འཕེལ། རྗེ་ལྷ་མཆོག་སེང་གེ །གཉིས་ཀ་ལ་དཀོན་ཅོག་ལྷུན་གྲུབ། རིམ་བཞིན་སངས་རྒྱས་སེང་གེ །དེ་ལ་ཐར་རྩེ་ནམ་མཁའ་དཔལ་བཟང་དང་། མུས་པ་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། གཉིས་ཀ་ལ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ཡང་ན་ལྷ་མཆོག་སེང་གེ་ནས། རྗེ་སངས་རྒྱས་སེང་གེ །ཐར་རྩེ་པ་ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་འདྲེན་མཆོག་ནས། རྗེ་སངས་རྒྱས་རིན་ཅེན་གཉིས་ཀ་ལ་ས་ལོ་ཐམས་ཅད་མཁྱེན་པ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ་མན་གོང་ལྟར། ཡང་ན་འཕགས་པ་ནས། སྒང་སྟོན་ཤེས་རབ་འབུམ། དཀར་པོ་བྲག་པ། བླ་མ་དཔལ་ལྡན་པ། གྲུབ་ཆེན་བུདྡྷ་ཤྲཱི་མན་སྔར་བཞིན་ནོ། །ཡི་གེ་བརྒྱ་པའི་བཟླས་ལུང་གི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ནས། ཞང་སྟོན་རྗེ། ན་བཟའ་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྫོང་ཆུང་པ་གཟུངས་ཀྱི་དཔལ་བ། རྗེ་བཟང་པོ་རྒྱལ་མཚན། རྗེ་རྒྱལ་མཚན་དཀོན་ཅོག །རྫོང་ཆུང་པ་རྡོ་རྗེ་རྒྱལ་མཚན། རྗེ་དཀོན་ཅོག་དཔལ། འཇམ་དབྱངས་ཆོས་དཔལ་འབྱོར། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། མཁས་པ་བདེ་བའི་རྡོ་རྗེ། མཚུངས་མེད་ལྷ་དབང་འཕྲིན་ལས། མཁས་གྲུབ་ཚུལ་ཁྲིམས་བཀྲ་ཤིས། ཁྱབ་བདག་ཞ་ལུ་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ།


GLG001_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བདག་ལའོ། །རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་དུ་ལམ་དུས་ཀྱི་དབང་ཐོབ་པའི་བརྒྱུད་པ་ཐུན་མོང་མ་ཡིན་པ་ཁའུ་བྲག་རྫོང་པའི་བཀའ་བབས་ལུགས་གསུམ་གྱི་རྒྱུད་དབང་གི་བརྒྱུད་པ་ལྟར་དང་། ཐུན་མོང་བ་བདག་ཆེན་ངག་གི་དབང་ཕྱུག །རྗེ་གྲོལ་མཆོག །ཐར་རྩེ་པ། ཤར་པས་དཀོན་ཅོག་དཔལ་ལྡན་པར་ཞུས་པ་རྣམས་བཞུགས་པའི་རྒྱུད་དབང་གི་བརྒྱུད་པ་བཞིན་ཡིན་ལ། རྗེ་བཙུན་སྒོ་རུམ་པ་ནས་བརྒྱུད་པ་ནི། ཞང་དཀོན་ཅོག་དཔལ་ནས། དགའ་ལྡན་པ་ཀུན་བསོད། བླ་ཆེན་ཀུན་དགའ་བློ་གྲོས། དྲུང་ཆོས་རྗེ་པ། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། བདག་ཆེན་རིན་པོ་ཆེ། སྒོ་རུམ་པ། མཁྱེན་བརྩེའི་ཞབས་མན་གསུང་ངག་ལྟར་རོ། །ཡང་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་ལ་ཞ་ལུ་མཁན་ཆེན་གྱིས་གསན། དེ་ལ་བདག་གིས་ནོས་སོ། །ཡང་ན་མུས་ཆེན་ནས། ཀུན་མཁྱེན་བསོད་ནམས་སེང་གེ །པཎ་ཆེན་དབང་ཕྱུག་གྲུབ་པ། འཇམ་དབྱངས་ངག་གི་དབང་ཕྱུག །བདག་ཆེན་ཀུན་དགའ་བསམ་གྲུབ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། གོང་དཀར་བའི་ལུགས་ནི། འཕགས་པ་ཡན་རྒྱུད་དབང་ལྟར་ལ། དེ་ན་ཞང་དཀོན་ཅོག་དཔལ། ན་བཟའ་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་མན་ཡང་རྒྱུད་དབང་ལྟར་རོ། །ཡང་ན་ཞང་དཀོན་ཅོག་དཔལ་ནས། སློབ་དཔོན་ཀུན་དགའ་དཔལ། ལོ་མཆོག་པ། བླ་མ་དཔལ་ལྡན་སེང་གེ །དྲུང་ཆོས་རྗེ་པ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་རྒྱུད་དབང་དང་འདྲ། ཡང་ན་བླ་མ་དཔལ་ལྡན་སེང་གེ་ནས། མཁན་


GLG001_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཤེས་རབ་རྡོ་རྗེ་མན་འགྲེ། ཡང་ན་རྒྱལ་བ་བྲག་ཕུག་པ་ནས། མཁན་ཆེན་ཤེས་རབ་རྡོ་རྗེ་མན་འདྲ། ལམ་དུས་ཀྱི་དབང་འབྲིང་བསྡུས་ཀྱི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ནས། ཞང་སྟོན་ཁུ་དབོན། བླ་མ་དམ་པ། སྔགས་འཆང་གཟུངས་པ། དགེ་ལེགས་དཔལ་བཟང་། རྗེ་ཨཱ་ནནྡ་པ། བྱམས་པ་ཆོས་ཀྱི་རིན་ཅེན། དབོན་བརྩོན་འགྲུས་རྒྱ་མཚོ། རྗེ་སངས་རྒྱས་མགོན་པོ། བླ་མ་ནམ་མཁའ་རྒྱལ་མཚན། རྗེ་སངས་རྒྱས་འོད་ཟེར། མཁན་ཆེན་ནམ་མཁའ་དབང་ཕྱུག །དེ་གཉིས་ཀ་ལ་བརྩོན་འགྲུས་འོད་ཟེར། དེ་ནས་རྗེ་སངས་རྒྱས་བཀྲ་ཤིས། མཁས་གྲུབ་བྱམས་པ་ངག་དབང་དཔལ་བཟང་། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་འཕགས་པ་ནས། ལ་རུ་བ་བསོད་ནམས་སེངྒེ། ཉན་ཆེན་པ། གཉིས་ཀ་ལ་གངས་ཁྲོད་པ། དེ་ནས་མ་ཏི་པཎ་ཆེན། ཐེག་ཆེན་རིན་པོ་ཆེ། རྫོང་ཁ་བ་ཀུན་དགའ་རྒྱལ་མཚན། རྗེ་དཔལ་ལྡན་ཆོས་སྐྱོང་། བྱམས་པ་ཆོས་ཀྱི་རིན་ཅེན་མན་འདྲ། ཡང་ན་གཟུངས་པ་ནས། བཟང་པོ་རྒྱལ་མཚན། སེམས་དཔའ་ཆེན་པོ་རྒྱལ་མཚན་དཀོན་ཅོག །བྱམས་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཅེན། རྗེ་ནམ་མཁའ་རྒྱལ་མཚན་མན་འདྲ། ཡང་ན་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་ནས། བྱམས་པ་དཀོན་ཅོག་དཔལ་བཟང་། སྒྱེ་ཆུ་བ་མཁས་གྲུབ་ཤེས་རབ་ལེགས། སྒྱེ་ཆུ་བ་པཎ་ཆེན་བཟང་བཀྲས། བྱམས་པ་ཡོན་ཏན་ལྷུན་གྲུབ། མཁན་བྱམས་པ་བཟང་པོ། དགེ་སྟེང་པ་དགའ་ལྡན་གྲུབ་ཆེན་ཀུན་དགའ་དཔལ་བཟང་། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་


GLG001_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། ཁའུ་བྲག་རྫོང་པའི་བརྒྱུད་སྲོལ་ལུགས་གསུམ་གྱི་བརྒྱུད་པ་དང་པོ་གཉིས་ཁོ་ན་དང་། ཐུན་མོང་བའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ནས། རྗེ་དཀོན་ཅོག་དཔལ། དགའ་ལྡན་པ་ཀུན་བསོད། བླ་ཆེན་ཀུན་བློ། བླ་མ་དམ་པ། ཆོས་རྗེ་དཔལ་ཚུལ་བ། རྗེ་བུདྡྷ་ཤྲཱི། ངོར་ཆེན། རྗེ་དཀོན་ཅོག་རྒྱལ་མཚན། རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཕྱི་མའི་བྱིན་རླབས་ཀྱི་བརྒྱུད་པ་ཐུན་མོང་མ་ཡིན་པ་ནི། རྡོ་རྗེ་འཆང་། བདག་མེད་མ། རྣལ་འབྱོར་དབང་ཕྱུག་བིཪྺ་པ། རྗེ་བཙུན་བརྩེ་བ་ཆེན་པོ་མན་ཁའུ་བྲག་རྫོང་པའི་བརྒྱུད་པ་ལུགས་གསུམ་གྱིས་དང་པོ་གཉིས་སོར་གནས་དང་། ཡང་ན་ས་པཎ་ནས། ཚོགས་སྒོམ་པ་ཀུན་དགའ་དཔལ། ཉན་ཆེན་པ་བསོད་ནམས་བརྟན་པ། previous hit རྒྱལ་བ་བྲག་ཕུག་པ་མན་གསུང་ངག་སློབ་བཤད་སོར་གནས། ཐུན་མོང་བའི་བརྒྱུད་པ་ཆོས next hit་རྗེ་བླ་མ་དམ་པ་ནས། རི་ཁྲོད་པ་བློ་བརྟན། མཁས་གྲུབ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་། ཀུན་སྤངས་ཆེན་པོ། རྗེ་སྒོ་རུམ་པ། མཁྱེན་བརྩེའི་ཞབས་མན་སྔར་ལྟར། ཡང་ན་ངོར་ཆེན་ནས། དཔལ་ལྡན་རྡོ་རྗེ། བྱ་འགྱུར་བ་པུཎྱ་སིདྡྷ། སྒོ་རུམ་པ་མན་འདྲ། ཡང་ན་དཔལ་ལྡན་རྡོ་རྗེ་ནས། མཁན་ཆེན་དཀོན་ཅོག་ཚུལ་ཁྲིམས་སྒོ་རུམ་པ་མན་འདྲ། ཡང་ན་བྲག་ཕུག་པ་ནས། བྲག་previous hit ཕུག་པ་དཀོན་ཅོག་རྒྱལ་མཚན། བུ་སྟོན་དབང་ཕྱུག་དར། ཐེག་ཆེན་ཆོས next hit་ཀྱི་རྒྱལ་པོ། གླང་ཐང་པ་ཀུན་དགའ་རྒྱལ་


GLG001_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། གྲ་ཐང་པ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ། རྗེ་སྒོ་རུམ་པ་མན་འདྲ། ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དབང་། རྗེ་བསོད་ནམས་ལྷུན་གྲུབ། བདག་ཆེན་འཇམ་དབྱངས་ངག་གི་དབང་པོ། རྗེ་མཁྱེན་བརྩེ་མན་འདྲ། ཡང་ན་མུས་ཆེན་སེམས་དཔའ་ཆེན་པོ་ནས། གོ་རམ་པ་བསོད་ནམས་སེང་གེ །པཎ་ཆེན་དབང་ཕྱུག་གྲུབ་པ། བདག་ཆེན་ངག་གི་དབང་པོ་མན་འདྲ། ཡང་ན་ཀུན་མཁྱེན་མཁྱེན་བརྩེས་རྗེ་གྲོལ་མཆོག་ལ་གསན་པ་རྒྱུད་དབང་སྐབས་བགྲངས་པ་དང་གཅིག །རྗེ་ས་པཎ་གྱིས་མཛད་པའི་ལིང་ཆུ་ཙེ་གབ་ཐར་ཆགས་སུ་སྟོན་པའི་བྱིན་རླབས་དང་འཁྲིད་ཉིས་ཆོད་ཀྱི་བརྒྱུད་པ་རྫོང་ལུགས་ནི། འཕགས་པ་ཡན་སྤྱི་ལྟར་ལ། དེ་ནས་ཞང་སྟོན་པ། བྲག་ཕུག་པ། ཡང་ན་འཕགས་པ་ནས། ཚོགས་ཉན་གཉིས། བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། སྔགས་འཆང་གཟུངས་ཀྱི་དཔལ་བ། ཐུགས་སྲས་བཟང་པོ་རྒྱལ་མཚན། མཚུངས་མེད་རྒྱལ་མཚན་དཀོན་ཅོག །མུས་སྲད་པ་རྩང་རུས་མིང་། བྱམས་པ་རྡོ་རྗེ་རྒྱལ་མཚན། རྗེ་དཀོན་ཅོག་དཔལ། འཇམ་དབྱངས་ཆོས་དཔལ་འབྱོར། རྗེ་བྱང་ཆུབ་དབང་རྒྱལ། པཎ་ཆེན་བདེ་བའི་རྡོ་རྗེ། རྗེ་ལྷ་དབང་འཕྲིན་ལས། རྗེ་ཚུལ་ཁྲིམས་བཀྲ་ཤིས། ཞ་ལུ་མཁན་ཆེན་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་འཇམ་དབྱངས་ཆོས་དཔལ་འབྱོར་ནས། བྱང་ཆུབ་དབང་རྒྱལ། ཤཱཀྱ་ཀུན་དགའ། དབང་ཕྱུག་རྒྱལ་མཚན། པཎ་ཆེན་བསོད་ནམས་མཆོག་ལྡན། ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་བླ་མ་དམ་པ་ནས། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཡང་ན་བྲག་ཕུག་པ་ནས། རི་ཁྲོད་པ་བློ་བརྟན། བླ་མ་དཔལ་ཚུལ་བ།


GLG001_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཉན་ཆེན་པ། དཀར་པོ་བྲག་པ། བླ་མ་དཔལ་ཚུལ་བ། ཐུགས་སྲས་བཟང་པོ་རྒྱལ་མཚན་མན་སྔར་ལྟར། གོང་དཀར་བ་ལུགས་ནི། བླ་མ་དམ་པ་ནས། གངས་ཁྲོད་པ། དེ་ལ་ས་བཟང་མ་ཏི་དང་ས་སྐྱ་བུ་སྟོན་དབང་ཕྱུག་དར་གྱིས་ཞུས། དེ་གསུམ་ལ་ཐེག་ཆེན་རིན་པོ་ཆེ། བྲག་ཐོག་པ། ཀུན་མཁྱེན་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ་མན་གོང་བཞིན་ནོ། །བླ་མ་རིན་འབྱུང་གི་བྱིན་རླབས་ཀྱི་བརྒྱུད་པ་ཐུན་མོང་མ་ཡིན་པ་ཁའུ་པའི་བཀའ་བབ་གསུམ་ལྡན་གྱི་བརྒྱུད་པ་དང་པོ་ལྟར་དང་། ཐུན་མོང་བ་བདག་ཆེན་རྡོ་རྗེ་འཆང་ནས། ཆོས་རྗེ་སངས་རྒྱས་དཔལ། རྗེ་བཙུན་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེ་མན་སྔར་ལྟར་རོ། ལམ་ཟབ་ནང་མའི་འཁྲིད་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། ས་པཎ་ཡན་ཉེ་བརྒྱུད་ལྟར་ལ། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། དེ་ལ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་རི་ཁྲོད་པ་བློ་བརྟན་གཉིས་ཀྱིས་གསན་གཉིས་ཀ་ལ་དཔལ་ཚུལ་བ། བུདྡྷ་ཤྲཱི། རྗེ་རྡོ་རྗེ་འཆང་། མུས་ཆེན་སེམས་དཔའ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་། རྡོ་རིང་རིན་པོ་ཆེ། ཚར་པ་རྡོ་རྗེ་འཆང་། ཐབས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོ། པཎ་ཆེན་ངག་དབང་ཆོས་གྲགས། ས་ཆེན་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག །དྲིན་ཅན་བླ་མ་ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཡང་ན་ངོར་ཆེན་དང་མུས་ཆེན་གཉིས་ལ། འཇམ་དབྱངས་ཤེར་རྒྱམ། ཀུན་དགའ་དབང་ཕྱུག །དཔལ་ལྡན་རྡོ་རྗེ། བསོད་ནམས་སེང་གེ་བཞིས་གསན། བཞི་ག་ལ་དཀོན་ཅོག་འཕེལ། དེ་ནས་ས་ལོ། དཀོན་ཅོག་


GLG001_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ། དེ་ལ་དཀོན་ཅོག་རྒྱ་མཚོ་དང་དཀོན་ཅོག་དཔལ་ལྡན་གཉིས་ཀྱིས་གསན། གཉིས་ཀ་ལ་བདག་ཆེན་བསོད་ནམས་དབང་པོ། དེ་ནས་ཁྲི་ཆེན་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་སྤྱན་སྔ་དཀོན་ཅོག་རྒྱ་མཚོ་ལ། མུས་པ་སངས་རྒྱས་རྒྱལ་མཚན་ཁྲི་ཆེན་ཀུན་བསོད་མན་འདྲ། བིར་བསྲུང་ཕྱི་མའི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྣལ་འབྱོར་དབང་ཕྱུག་བིཪྺ་པ། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ས་པཎ། ཚོགས་སྒོམ་རིན་པོ་ཆེ། ཉན་ཆེན་བསོད་ནམས་བརྟན་པ། previous hit རྒྱལ་བ་བྲག་ཕུག་པ། ཆོས next hit་རྗེ་བླ་མ་དམ་པ། རི་ཁྲོད་པ་བློ་གྲོས་བརྟན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ཆོས་རྗེ་རྡོ་རྗེ་འཆང་མན་གསུང་ངག་སློབ་བཤད་ཇི་ལྟ་བའོ། །ཡང་ཐུན་མོང་བའི་བརྒྱུད་པ་ནི། རྗེ་བཙུན་རྡོ་རིང་པ་ནས། རྗེ་སྒོ་རུམ་པ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ངོར་ཆེན་ནས། རྗེ་དཔལ་ལྡན་རྡོ་རྗེ། དེ་ལ་བྱ་འགྱུར་བ་བསོད་ནམས་སེང་གེ་དང་། ཆོས་རྗེ་དཀོན་ཅོག་ཚུལ་ཁྲིམས་ཀྱིས་གསན། གཉིས་ཀ་ལ་རྗེ་སྒོ་རུམ་བ་མན་འདྲ། གོང་དཀར་ལུགས་ཀྱི་བིར་བསྲུང་ཕྱི་མའི་བརྒྱུད་པ་ནི་རྡོ་རྗེ་གདན་པ་བཞུགས་པའི་ལམ་དབང་དང་གཅིག་གོ །རྣལ་འབྱོར་དབང་ཕྱུག་གི་བསྲུང་བ་ནང་མའི་བྱིན་རླབས་རྒྱས་པར་ཐོབ་པའི་བརྒྱུད་པ་རྫོང་ལུགས་ནི། དཔལ་ལྡན་བླ་མ་དམ་པ་ཡན་གསུང་ངག་ལྟར་ལ། རྫོང་ཆུང་པ་གཟུངས་ཀྱི་དཔལ་བ། རྗེ་བཟང་པོ་རྒྱལ་མཚན། རྗེ་རྒྱལ་མཚན་དཀོན་ཅོག །བྱམས་པ་རྡོ་རྗེ་རྒྱལ་མཚན། རྗེ་དཀོན་ཅོག་དཔལ་བ། འཇམ་དབྱངས་ཆོས་དཔལ་འབྱོར། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། བླ་མ་ཤཱཀྱ་ཀུན་དགའ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་


GLG001_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་བྱང་ཆུབ་དབང་རྒྱལ་ནས། བདེ་བའི་རྡོ་རྗེ། ལྷ་དབང་འཕྲིན་ལས། ཉི་མ་གླིང་པ་མན་འདྲ། ཡང་ན་ཉི་མ་གླིང་པ་ནས། ཞ་ལུ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་ཉན་ཆེན་པ་ནས་དཀར་པོ་བྲག་པ་རིན་ཅེན་སེང་གེ །བླ་མ་དཔལ་ལྡན་ཚུལ་ཁྲིམས། བཟང་པོ་རྒྱལ་མཚན་མན་འདྲ། ཡང་ན་བྲག་ཕུག་པ། རི་ཁྲོད་པ་བློ་བརྟན། དཔལ་ཚུལ་བ་མན་འདྲ། ཡང་ན་བླ་མ་དམ་པ། དཔལ་ཚུལ་བ་མན་འདྲའོ། །རྣལ་འབྱོར་དབང་ཕྱུག་གི་བསྲུང་བའི་རིམ་པ། ཆུ་གཙང་གི་བསྲུང་བ། རྡོ་རྗེ་གསུམ་གྱི་བསྲུང་བ། ཕྱག་རྒྱའི་བསྲུང་བ། སྔགས་རྒྱའི་བསྲུང་བ། མཐེབ་སྲིན་སྦྱར་བའི་བསྲུང་བ། ཕྱོགས་མཚམས་ཀྱི་བསྲུང་བ། ཐབས་ཤེས་ཀྱི་བསྲུང་བ། དྲི་ཆུའི་བསྲུང་བ་ནས། ལམ་བསྲུང་། ཕུག་པ་དགུ་བསྲུང་ཐོག་བསྲུང་རྣམས་ཐོབ་པའི་བརྒྱུད་པ་ནི་ཞ་ལུ་མཁན་ཆེན་བཞུགས་པའི་བཤད་མ་ཐག་པའི་བརྒྱུད་པ་ལྟར་རོ། །སྔོན་ཆད་ཡི་གེར་མ་འཁོད་པའི་བིར་བསྲུང་གི་ཆ་ལག་ཤིན་ཏུ་ཟབ་པའི་བརྒྱུད་པ་ནི། འཕགས་པ་ནས། དཀོན་ཅོག་དཔལ། བསོད་ནམས་དཔལ། དྲུང་ཆོས་རྗེ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ། བྲག་ཐོག་པ། རྡོ་རྗེ་གདན་པ། རྒྱ་སྟོན་པ། ཡངས་ཅན་ཤཱཀྱ་ཀུན་དགའ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། རྗེ་ཚུལ་ཁྲིམས་བཀྲ་ཤིས། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་དབང་ཕྱུག་རྒྱལ་མཚན་


GLG001_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བླ་མ་པཎ་ཆེན་པ། རྩ་བའི་བླ་མའོ། །བླ་མ་དོན་གྲུབ་ལ་བརྟེན་པའི་མཚར་གསུམ་ཁུག་པའི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིཪྺ་པ། ཀརྞ་པ། ཌཱ་མ་རུ་པ། གཉིས་སྤངས་ཞབས། གྷ་ཡ་དྷ་ར། འབྲོག་མི་ལོ་ཆེན། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱེ་ཆུ་བ་དགྲ་ལྷ་འབར། བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། དབང་ཕྱུག་འོད་ཟེར། མཁན་པོ་རོང་པ། ལུང་ཕུ་བ་ནམ་མཁའ་བསོད་ནམས། བཀྲས་ལུང་པ། མཁས་གྲུབ་གཞོན་ནུ་དོན་འགྲུབ། ཞང་སྟོན་བྱང་ཆུབ་ཡེ་ཤེས། ཆོས་རྗེ་བླ་མ་དམ་པ། རྗེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ཆོས་རྗེ་རྡོ་རྗེ་འཆང་། མུས་ཆེན་སེམས་དཔའ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་། རྡོ་རིང་རིན་པོ་ཆེ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་ཞབས། མཁན་ཆེན་བསླབ་གསུམ་པ། ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་ཅོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ། མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་རྗེ་བཙུན་གྲགས་པ་ནས། ཆོས་རྗེ་ས་པཎ། ལུང་ཕུ་བ་ནམ་མཁའ་བསོད་ནམས་མན་འདྲ། ཡང་ན་ས་པཎ་ནས། ཚོགས་སྒོམ་པ། ཉན་ཆེན་པ། ཞང་དཀོན་ཅོག་དཔལ། བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བློ་གྲོས་བརྟན་པ་མན་འདྲ།བརྡ་དོན་གསལ་བའི་བྱིན་རླབས་ངོར་ལུགས་ཀྱི་བརྒྱུད་པ་ནི། ས་པཎ་ཡན་ཉེ་བརྒྱུད་ལྟར་ལ། དེ་ནས་ལུང་ཕུ་བ་ནམ་མཁའ་བསོད་ནམས། བཀྲས་


GLG001_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་པ། མཁས་བཙུན་གཞོན་ནུ་གྲུབ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། དེ་ལ་བླ་མ་དམ་པ་དང་། བློ་གྲོས་བརྟན་པ་གཉིས་ཀས་གསན། གཉིས་ཀ་ལ་དཔལ་ལྡན་ཚུལ་ཁྲིམས། དེ་ནས་བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། གཉིས་ཀ་ལ་རྒྱལ་ཚབ་ཀུན་དབང་། དེ་ནས་དཀོན་ཅོག་འཕེལ། ས་ལོ། དཀོན་ཅོག་ལྷུན་གྲུབ། དཀོན་ཅོག་རྒྱ་མཚོ། སངས་རྒྱས་རྒྱལ་མཚན། ཁྲི་ཆེན་ཀུན་དགའ་བསོད་ནམས། འཇམ་མགོན་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཡང་ན་རྒྱལ་ཚབ་ཀུན་དབང་ནས། གོ་རམ་པ། རྗེ་སངས་རིན། ས་ལོ་མན་འདྲ། ཡང་ན་ས་པཎ་ནས། འཕགས་པ། ཞང་བྲག་ཕུག་པ་མན་འདྲ། ཡང་རྫོང་ལུགས་བརྒྱུད་པ་ནི། བླ་མ་དམ་པ་ནས། སྔགས་འཆང་གཟུངས་པ། དགེ་ལེགས་དཔལ་བཟང་། ཨཱ་ནནྡ་པ། བྱམས་པ་ཆོས་རིན། བརྩོན་འགྲུས་རྒྱ་མཚོ། སངས་རྒྱས་མགོན་པོ། ནམ་མཁའ་རྒྱལ་མཚན། སངས་རྒྱས་འོད་ཟེར། ནམ་མཁའ་དབང་ཕྱུག །གཉིས་ཀ་ལ་བརྩོན་འགྲུས་འོད་ཟེར། སངས་རྒྱས་བཀྲ་ཤིས། བྱམས་པ་ངག་དབང་དཔལ་བཟང་། ཞ་ལུ་པ། དེས་བདག་ལའོ། །ཡང་ན་གཟུངས་པ་ནས། བཟང་པོ་རྒྱལ་མཚན། དཀོན་ཅོག་རྒྱལ་མཚན། གབ་ཆག་པ། ཤེས་རབ་རྒྱལ་མཚན། ནམ་མཁའ་རྒྱལ་མཚན་མན་འདྲ། ཡང་ན་འཕགས་པ་ནས། ལ་རུ་བ། ཉན་ཆེན་པ། གཉིས་ཀ་ལ་གངས་ཁྲོད་པ། དེ་ནས་མ་ཏི་པཎ་ཆེན། ཐེག་ཆེན་པ། འཇམ་དབྱངས་གྲགས་པ། དཔལ་ལྡན་ཆོས་སྐྱོང་། བྱམས་པ་ཆོས་རིན་མན་འདྲ། ལམ་སྦས་བཤད་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། ས་པཎ་ཡན་ཉེ་བརྒྱུད་ལྟར་ལ། དེ་ནས་ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། བླ་མ་དམ་པ། རི་ཁྲོད་པ་བློ་བརྟན། གཉིས་ཀ་ལ་དཔལ་
ཚུལ་བ། བུདྡྷ་ཤྲཱི། ངོར་ཆེན། རྒྱལ་ཚབ་པ། དཀོན་ཅོག་འཕེལ། ས་ལོ། དཀོན་ཅོག་ལྷུན་གྲུབ། དཀོན་ཅོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན་མན་བརྡ་དོན་གསལ་བའི་ངོར་ལུགས་བཞིན་ནོ། །རྫོང་ལུགས་ཀྱི་བརྒྱུད་ལུགས་ནི་བརྡ་དོན་གསལ་བའི་རྫོང་ལུགས་བླ་བརྒྱུད་ལྟར་རོ། །དབང་བཞི་ངོ་སྤྲོད་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། འཕགས་པ་ཡན་གསུང་ངག་ལྟར་ལ། དེ་ནས་ཞང་སྟོན་ཁུ་དཔོན། བླ་མ་དམ་པ། ཆོས་རྗེ་གཟུངས་པ། བཟང་པོ་རྒྱལ་མཚན། སེམས་དཔའ་རྒྱལ་མཚན་དཀོན་ཅོག །རྩང་བྱམས་པ་རྡོ་རྗེ་རྒྱལ་མཚན། སྒྱེ་ཆུ་བ་བྱམས་པ་དཀོན་ཅོག་དཔལ་བཟང་། སྒྱེ་ཆུ་བ་ཤེས་རབ་ལེགས་པ། སྒྱེ་ཆུ་བ་བཟང་པོ་བཀྲ་ཤིས། སྒྱེ་ཆུ་བ་བྱམས་པ་ཡོན་ཏན་ལྷུན་གྲུབ། སྒྱེ་ཆུ་བ་མཁན་བྱམས་པ་བཟང་པོ། གོང་དཀར་དགེ་སྟེང་པ་ཀུན་དགའ་དཔལ་བཟང་། རྗེ་ཉི་མ་གླིང་པ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །


previousསློབ་བཤད་གསེར་ཆོས་ཀྱི་སྐོར་གྱི་ལུང་བརྒྱུད།next