Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
  
 
  
རྟེན་འབྲེལ་བྱིན་རླབས་ཀྱི་བརྒྱུད་ལུགས།
 
  
  
  
 
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousརྟེན་འབྲེལ་བྱིན་རླབས་ཀྱི་བརྒྱུད་ལུགས།next

རྟེན་འབྲེལ་བྱིན་རླབས་ཀྱི་བརྒྱུད་ལུགས།


GLG001_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ན་འབྲེལ་བྱིན་རླབས་ཀྱི་བརྒྱུད་པ་ནི། རྗེ་བཙུན་གྲགས་པ་ཡན་གསུང་ངག་ལྟར་ལ། དེ་ནས་དཀར་ཤཱཀྱ་གྲགས། རྗེ་ཀུན་བཟང་དཔལ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། བླ་མ་དམ་པ་མན་བརྡ་དོན་གསལ་བའི་རྫོང་ལུགས་ཀྱི་བརྒྱུད་པ་བཞིན་ནམ། ཡང་ན་དབང་བཞི་ངོ་སྤྲོད་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་སོར་བཞག་གོ །རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་རྣམ་པར་འཇོམས་པ། རྣལ་འབྱོར་དབང་ཕྱུག་བིཪྺ་པ། བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། སྐྱོ་སྟོན་དྲི་མེད། ཞང་དཀོན་ཅོག་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། གན་པ་རིན་ཅེན་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྗེ་ཀུན་དགའ་


GLG001_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ། སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན། གཉིས་ཀ་ལ་རྗེ་མཁྱེན་རབ་ཆོས་རྗེ། དེ་ནས་སྤྱན་སྔ་ངག་དབང་ཆོས་གྲགས། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། གསན་ཡིག་ན་མི་འདུག་ཀྱང་བྱིན་རླབས་སྦྱར་བྱང་གི་བརྗོད་དོན་ལྟར་ན་ཆད་འདྲ་སྙམ་བྲིས་སོ། །རྗེ་བྱམས་པ་ཀུན་དགའ་ཆོས་གྲགས། བཅོ་བརྒྱད་པ་མཁྱེན་རབ་བསྟན་འཛིན་བཟང་པོ། དེ་དབོན་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། མང་ཐོས་འཕྲིན་ལས་རྣམ་རྒྱལ། རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་རྗེ་བཙུན་གྲགས་པ་ནས། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་མི་འདུག་པ་བརྟག །གན་པ་རིན་རྒྱན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མན་འདྲ། ཡང་ན་སྐྱོ་སྟོན་དྲི་མེད་ནས། སྐྱོ་སྟོན་དར་མ་རིན་ཅེན། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་དྷརྨ་ཡེ་ཤེས་ཞེས་འདུག་པ་བརྟག །བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་པ་རྡོ་རྗེ་འཆང་མན་འདྲ། བརྡ་ཚིག་བརྒྱུད་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། བླ་མ་དམ་པ་ཡན་གསུང་ངག་བཀའ་བབས་ཐོག་མ་གཉིས་ལྟར་ལ། དེ་ནས་རི་ཁྲོད་པ་བློ་བརྟན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་མན་ཀྱང་གསུང་ངག་བཀའ་བབས་ཐོག་མ་གཉིས་དང་འདྲ། ཡང་ན་རྗེ་བཙུན་ཀུན་སྤངས་ཆེན་པོ་ནས། རྗེ་སྒོ་རུམ་པ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། སྒྲུབ་པ་ལུང་སྦྱིན་གྱི་བརྒྱུད་པ་ནི་གསུམ་ངག་གི་བརྒྱུད་པ་དང་པོ་གཉིས་ལྟར་རམ། ཡང་ན་ཀུན་སྤངས་ཆེན་པོ་ནས། མཁས་གྲུབ་ཀུན་དགའ་ལེགས་པ། རྗེ་མཁྱེན་བརྩེ་མན་འདྲ་། ཡང་


GLG001_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ན་ས་པཎ་ནས། ཚོགས་ཉན་གཉིས། བྲག་ཕུག་པ། བླ་མ་དམ་པ། བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་ཉན་ཆེན་པ་ནས། དཀར་པོ་བྲག་པ། དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་རྗེ་བཀའ་འགྱུར་བ་ནས། མཁན་ཆེན་ཞ་ལུ་པ་ཆེན་པོ། དེས་བདག་ལའོ།།ཡང་ན་ངོར་ཆེན་དང་མུས་ཆེན་གཉིས་ཀ་ལ་རྒྱལ་ཚབ་ཀུན་དགའ་དབང་ཕྱུག །དེ་ནས་རྗེ་དཀོན་ཅོག་འཕེལ། ས་ལོ། རྗེ་དཀོན་ཅོག་ལྷུན་གྲུབ། སྤྱན་སྔ་དཀོན་ཅོག་རྒྱ་མཚོ། རྗེ་སངས་རྒྱས་རྒྱལ་མཚན། བདག་ཆེན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ཀུན་དགའ་དབང་ཕྱུག་ནས། ཀུན་མཁྱེན་གོ་བོ། རྗེ་སངས་རྒྱས་རིན་ཅེན། ས་ལོ་མན་འདྲ། ཡང་ན་བླ་མ་དམ་པ་ལ། གཟུངས་པ་དང་དཔལ་ཚུལ་བ་གཉིས་ཀས་གསན། གཉིས་ཀ་ནས་བཟང་པོ་རྒྱལ་མཚན། རྒྱལ་མཚན་དཀོན་ཅོག །རྩང་བྱམས་པ་རྡོ་རྗེ་རྒྱལ་མཚན། དཀོན་ཅོག་དཔལ། འཇམ་དབྱངས་ཤེས་རབ་ལེགས་པ། པཎ་ཆེན་བཟང་པོ་བཀྲ་ཤིས། བླ་ཆེན་ཆོས་དཔལ། བྱམས་པ་ཡོན་ཏན་ལྷུན་གྲུབ། གླིང་སྟོད་ལྷ་དབང་འཕྲིན་ལས། ཉི་མ་གླིང་པ། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །ཡང་ན་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་ནས། དཀོན་ཅོག་དཔལ། ཆོས་དཔལ་འབྱོར། རྒྱ་སྟོན་བྱང་དབང་། ཤཱཀྱ་ཀུན་དགའ། ཡེ་ཤེས་དབང་པོ། རྣམ་རྒྱལ་རྒྱལ་མཚན། ཉི་མ་གླིང་པ་མན་འདྲ། ཡང་ན་ཤཱཀྱ་ཀུན་དགའ་ནས། དཔལ་འབྱོར་གླིང་པ། ཉི་མ་གླིང་པ་མན་འདྲ། གསང་བཅུའི་བྱིན་རླབས་ཀྱི་བརྒྱུད་པ་ནི། ཞང་དཀོན་ཅོག་དཔལ་ཡན་གསུང་ངག་བཀའ་བབས་དང་པོ་གཉིས་ལྟར་ལ། དེ་ནས་དགའ་ལྡན་པ་ཀུན་
བསོད། གྲུབ་ཆེན་བསོད་ནམས་དཔལ། དྲུང་ཆོས་རྗེ་པ། རི་ཁྲོད་པ་བློ་བརྟན་མན་གསུང་ངག་གི་བརྒྱུད་པ་ཐོག་མ་གཉིས་ལྟར་རོ། །ཡང་ན་རྗེ་བཙུན་ཀུན་སྤངས་ཆེན་པོ་ནས། སྒོ་རུམ་པ། མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་ཁྱབ་བདག་བཀའ་འགྱུར་བ་ནས། མཁན་ཆེན་ཞ་ལུ་པ། དེ་བདག་ལའོ། །ཡང་ན་ངོར་ཆེན་དང་མུས་ཆེན་གཉིས་ལ་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གིས་གསན་པའི་བརྒྱུད་པ་སྒྲུབ་པ་ལུང་སྦྱིན་ན་ཡོད་པ་བཞིན་ནོ། །ལམ་འབྲས་ཀྱི་ཆོས་སྐྱོང་མགོན་རྐྱང་གི་རྗེས་གནང་གི་བརྒྱུད་པ་ཐུན་མོང་མ་ཡིན་པ་གསུང་ངག་བཀའ་བབས་དང་པོ་གཉིས་ལྟར་དང་། ཐུན་མོང་བ་ཀུན་སྤངས་ཆེན་པོ་ནས། སྒོ་རུམ་པ། མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ནམ་མཁའ་དཔལ་བཟང་། སྒོ་རུམ་པ་སངས་རྒྱས་རྒྱལ་མཚན། སྒོ་རུམ་པ་ཀུན་དགའ་ལེགས་པ་མན་འདྲ། རྟགས་ཡོད་པའི་ལུང་རྣམས་ལས་རའི་རྟགས་ཅན་གྱི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །མཆོད་དཔོན་དྲུང་པ་དཀོན་ཅོག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རྩ་བའི་བླ་མ་བཀའ་འགྱུར་བ་ཆེན་པོ། དེས་བདག་ལའོ། །


previousརྟེན་འབྲེལ་བྱིན་རླབས་ཀྱི་བརྒྱུད་ལུགས།next