Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
expand section
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
ས་སྐྱ་པའི་གདམས་པ་དམར་པོ་སྐོར་གསུམ་དུ་གྲགས་པའི་སྒྲུབ་ཐབས་གསན་པའི་ལུང་བརྒྱུད་སོགས།
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousས་སྐྱ་པའི་གདམས་པ་དམར་པོ་སྐོར་གསུམ་དུ་གྲགས་པའི་སྒྲུབ་ཐབས་གསན་པའི་ལུང་བརྒྱུད་སོགས།next

ས་སྐྱ་པའི་གདམས་པ་དམར་པོ་སྐོར་གསུམ་དུ་གྲགས་པའི་སྒྲུབ་ཐབས་གསན་པའི་ལུང་བརྒྱུད་སོགས།


GLG001_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆག་ལས། བསྟན་པའི་བདག་པོ་ས་སྐྱ་པའི། །གསང་ལས་ཡང་གསང་གསེར་གྱི་ཆོས། །དམར་པོ་སྐོར་གསུམ་ཞེས་གྲགས་པ། ཞེས་པ་ལྟར་དཔལ་ལྡན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་ཁྱད་པར་གྱི་གདམས་པ་ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འགྲུབ་པ་དམར་པོ་སྐོར་གསུམ་དུ་གྲགས་པ་ལ། རྗེས་འབྲང་གི་མཁས་པ་


GLG001_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་མང་ནའང་ལ་ལ། ཚོགས་བདག །འདོད་རྒྱལ། ཛཾ་དམར་སྲོག་སྒྲུབ་གསུམ་ཡིན་པར་བཞེད། འགའ་ཞིག་བརྒྱུད་པ་གསུམ་ལས་འོངས་པའི་ཚོགས་བདག་ལ་ངོས་འཛིན། ཁ་གཅིག་གཉན་ལོའི་དམར་ཆུང་སྐོར་གསུམ་བཞེད་པར་སྣང་། འཁྲུལ་པའི་དྲི་མ་ཙམ་གྱིས་ཀྱང་མ་སྤངས་པ་ནི་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་བཞེད་པ་ཁའུ་བྲག་རྫོང་པའི་ལུགས་སྲོལ་ལྟར་རྗེ་བཙུན་སྒྲོལ་མ་དམར་མོ་ཀུ་རུ་ཀུལླེ། ཚོགས་བདག་བགེགས་ཀྱི་རྒྱལ་པོ་དམར་ཆེན། ཁྲོ་བོ་ཀག་འཆོལ་འདོད་པའི་རྒྱལ་པོ་གསུམ་ལས་དང་པོ་ཀུ་རུ་ཀུལླེ་འམ་རྗེ་བཙུན་རིག་བྱེད་མའི་ཆོས་སྐོར་རྣམས་ཀྱེ་རྡོར་རྩ་བཤད་ཀྱི་རྒྱུད་དང་ཀུ་རུ་ཀུལླེའི་རྟོག་པ་ལས་བྱུང་ཞིང་། དེ་ལ་ཡང་སྒྲུབ་ཐབས་བརྒྱ་རྒྱམ་སོགས་སུ་གྲགས་པའི་ཐུན་མོང་པ་ཡོད་པ་བཏང་སྙོམས་སུ་བཞག་སྟེ། འདིར་ཐུན་མོང་མ་ཡིན་པ་ཟུར་བཀའ་དཔའ་བོ་རྡོ་རྗེ་དང་གྷ་ཡ་དྷ་རའི་མན་ངག་འབྲོག་མི་ལས་བརྒྱུད་པ། ལྷན་སྐྱེས་རོལ་པ་དང་ཌོམྦྷི་པའི་མན་ངག་བ་རི་ནས་བརྒྱུད་པ། གཉན་གྱི་གདམས་པ་སོགས་བཀའ་བབས་མང་དུ་བཞུགས་པའི་རིམ་པ་རྣམས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་དཀར་ཆག་ལྟར་ནོས་པ་ལ། ཚོམ་བུ་ལ་བརྟེན་ནས་ཀུ་རུ་ཀུ་ལླེ་ཕྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཐུན་མོང་བ། དགའ་ལྡན་པ་ཀུན་བསོད་ཀྱི་ཡི་གེ་དང་ཟུར་འདེབས་དཔལ་ལྡན་བླ་མ་གཟུངས་ཀྱི་དཔལ་བས་མཛད་པ་དང་བརྒྱུད་པའི་ཕྱག་ལེན་འཁྲུལ་མེད་ལ་བརྟེན་ནས་ནང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་། སྭ་འཇིགས་མེད་གྲགས་པའི་ཡི་གེ་དང་དམ་པའི་ཕྱག་བཞེས་ལ་བརྟེན་ནས་ཀུ་རུ་ཀུལླེ་ལྷ་ལྔའི་སིན་དྷུ་རའི་དཀྱིལ་འཁོར་དུ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་རྣམས་ལེགས་པར་ནོས་ནས། རྒྱབ་རྟེན་


GLG001_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ལ། ཐོག་མར་དཔལ་ལྡན་ས་སྐྱ་པའི་ཁྱད་པར་གྱི་གསེར་ཆོས་དམར་པོ་སྐོར་གསུམ་ཞེས་གྲགས་པའི་ཆོས་སྐོར་གྱི་དཀར་ཆག་དབང་སྡུད་པདྨ་རཱ་གའི་ཟ་མ་ཏོག་གི་ཁ་འབྱེད་གནད་ཀྱི་ལྡེ་མིག་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། དེ་ལས་བྱུང་པའི་ཀུ་རུ་ཀུལླེའི་ཆོས་སྐོར་ལ། བླ་ཆེན་དང་བ་རི་ཐུན་མོང་ནས་བརྒྱུད་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བ། ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པ། བཀྲས་རྣམ་པའི་ཡི་གེ །དཀར་ཆག་ཏུ་མ་བཞུགས་པའི་སྐོར་དང་ལྔ། དང་པོ་བརྒྱུད་པའི་ལོ་རྒྱུས་རྗེས་གནང་བཅས་པ་༼སྒོ༽༼གློ༽དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པ་བཙུན་པ་ཨཱ་ནནྡས་བྲིས་པ་རྗེས་བྱང་ངོའི་མཐའ་ཅན། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་སྒྲུབ་ཐབས་འདིའི་ལོ་རྒྱུས་ནི་ཞེས་འགོར་ཡོད་པའི་ལོ་འདི་ན་མཧཱ་རཱ་ཛ་ཟེར་བ་ལས་ལྷན་སྐྱེས་རོལ་པའི་གསལ་ཁ་མི་འདུག །རྒྱུས་སྒྲུབ་ཐབས་འདི་མཧཱ་རཱ་ཛས་མཛད་དོ་ས་ཧ་ཛ་པའི་ལས་སོའི་མཐའ་ཅན། ཐུན་མོང་མ་ཡིན་པའི་བྱིན་རླབས་དབང་བཞིའི་ཟུར་འདེབས་གཟུངས་ཀྱི་དཔལ་བའི་གསུང་ལས་བུདྡྷ་ཤྲཱིས་ཟིན་བྲིས་སུ་བཀོད་པ། ཀུ་རུ་ཀུལླེའི་སྒྲུབ་ཐབས་ལས་སྦྱོར་རྩ་རྒྱུད་བརྟགས་གཉིས་ཀྱི་བརྟག་པ་དང་པོའི་ལེའུ་བཅུ་གཅིག་པ་ལས་ཕྱུང་བ། སྔགས་བཏུ་བ་བརྟག་གཉིས་སྔགས་ཀྱི་ལེའུ་ལས་ཕྱུང་བ། དཔལ་ཀྱེ་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས་བདག་བྱིན་གྱིས་རླབས་པའི་ཀུ་རུ་ཀུལླེའི་སྒྲུབ་༼སྒོ༽༼གློ༽ཐབས་ཀྱི་རྒྱ་གཞུང་རྒྱལ་པོ་ལྷན་སྐྱེས་རོལ་པས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བས་བསྒྱུར་བ། སློབ་དཔོན་ཆེན་པོ་ལྷན་སྐྱེས་སྒེག་པས་མཛད་པའི་སྒྲུབ་ཐབས་༼གློ༽དཱ་ན་ཤཱི་ལའི་རང་འགྱུར། མང་དུ་ཐོས་པའི་སློབ་དཔོན་ཀུ་མཱ་ར་བོ་དྷིས་མཛད་པའི་སྒྲུབ་ཐབས། རིགས་ལྡན་མའམ་ཀུ་རུ་ཀུལླའི་སྒྲུབ་


GLG001_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་༼སྒོ༽༼གློ༽མ་ཏཾ་གིས་མཛད་པ། ཀྱེ་རྡོ་རྗེ་ལས་བྱུང་བའི་མན་༼སྒོ༽༼གློ༽ངག་ཆེན་པོ་ལྔ་སློབ་དཔོན་ཞི་བ་འཚོས་མཛད་པ་དཱ་ན་ཤཱི་ལའི་རང་འགྱུར། ཤཱཀྱ་འཚོས་མཛད་པའི་མན་ངག་རྣམ་པ་ལྔ་དཱ་ན་ཤཱི་ལའི་རང་འགྱུར། བསྙེན་སྒྲུབ་ལས་གསུམ་གྱི་གདམས༼སྒོ༽༼གློ༽པ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པ། སྒྲུབ་ཐབས་༼སྒོ༽ཀྱི་རིམ་པ་འཕགས་པ་རིན་པོ་ཆེས་མཛད་པ། དཀར་ཆག་ན་མི་གསལ་ཡང་འཇམ་དབྱངས་མཁྱེན་བརྩེས་སྒོ་རུམ་པར་གསན་པའི་ཡི་གེར་བསྟོད་པ་དང་བཅས་ཟེར་བ་འདུག་པས་བརྩེ་བས་རྗེས་ཆགས་མ་ཞེས་པའི་ཤོ་ལོ་ཀ་གཅིག་བུ་དེའོ། །ལས་སྦྱོར་གྱི་མན་༼སྒོ༽༼གློ༽ངག་པཎྜི་ཏ་དོན་ཡོད་རྡོ་རྗེས་བླ་མ་བ་རི་བར་གནང་བ། ནུས་པ་མ་ཉམས་པས་ཁམས་གསུམ་དབང་དུ་བྱེད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བས་བསྒྱུར་བ། དབུ་ན་ཡི་གེ་ཡཾ་ཡོངས་སུ་གྱུར་བ་ཞེས་ཡོད་པའི་རྫས་སྦྱོར་གྱི་ཡི་གེ་གླ་རྩིར་བཅས་པའི་དུ་བས་མིའི་མིང་རུས་ལ་བདུགས་ན་དབང་དུ་འགྱུར་རོའི་མཐའ་ཅན། གཏོར་མའི་ཆོ་ག་ཚིགས་བཅད་༼སྒོ༽༼གློ༽མ་ཉུང་ངུ་ཡར་ཀླུངས་པས་མཛད་པ། ལས་ཀྱི་མཐའ་སྡུད་སྦྱིན་སྲེག་༼གློ༽ཚིགས་བཅད་མ་རྫོགས་སོའི་མཐའ་ཅན། རྗེ་བཙུན་མའི་བྲིས་སྐུའི་ཆོ་ག་༼སྒོ༽རྫོགས་བྱང་གི་མཐའ་ཅན། གསུང་རྡོ་རྗེ་མའི་ལག་སྒུལ་༼སྒོ༽ཐམས་ཅད་ཡིད་འཕྲོག་པར་འགྱུར་རོའི་མཐའ་ཅན། ཀུ་རུ་ཀུལླེ་གཞོན་ནུ་མའི་སྒྲུབ་༼སྒོ༽ཐབས། རྗེ་བཙུན་མའི་བཀའ་སྡོད་ཕོ་ཉ་༼སྒོ༽གནོད་སྦྱིན་མོ་སྐུ་མདོག་སེར་མོའི་མན་ངག །ཀུ་རུ་ཀུལླེ་སྐུ་མདོག་སྔོན་མོའི་ཆར་འབེབས་ཀྱི་ཡི་གེ་བཀའ་བསྒོ་དྲག་དུ་བྱའོའི་མཐའ་ཅན། སྒྲུབ་ཐབས་ནག་པོ་འགྲོ་ཤེས་༼མཁོན༽ཁམས་གསུམ་དབང་དུ་བསྡུ་བའི་གནད་ཡིག་གངྒཱའི་ཆུ་རྒྱུན། འདི་ནི་དུས་གཅིག་ལ་སྣོད་ལྡན་གྱི་སློབ་བུ་


GLG001_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཆིག་བརྒྱུད་མ་གཏོགས་མང་པོར་མི་སྤེལ་བའི་བཀའ་རྒྱ་དང་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་ཡོད་ཅིང་། དེའི་རྒྱུ་མཚན་ཡང་དཀར་ཆག་ཏུ། བློ་ཆུང་ཐུན་མོང་གདམས་པས་ཚིམ། །འབྱོར་ལྡན་ལུང་མེད་ཡིག་ཧྲུལ་སྡུད། །ཤེས་འདོད་གྲགས་པའི་རྗེས་སུ་འབྲང་། །དེ་དག་ཆུ་འདོད་སྨིག་རྒྱུར་སྙེག །ཅེས་པའི་ངང་ཚུལ་དང་ཡེ་མི་འདྲ་བར་སློབ་དཔོན་ལྷན་སྐྱེས་རོལ་པ་ནས་བཟུང་སྟེ་རྗེ་བཙུན་ཀུན་སྤངས་ཆེན་པོའི་བར་དུ་ཚད་མ་བཞི་ལྡན་གྱི་སྙན་བརྒྱུད་གདམས་པའི་ངད་མ་ཡལ་བའི་ཟབ་གནད་དང་ལྡན་པས། ཇི་སྐད་དུ། ཁོ་བོས་དམ་པའི་ཞབས་པད་རིང་དུ་བསྟེན། །སྙན་བརྒྱུད་བདུད་རྩིའི་ཞལ་འོད་སྙིང་ལ་ཤར། འཁྲུལ་མེད་གདམས་པའི་གནད་ལ་ངེས་པ་ཐོབ། །གྲོགས་དག་འདི་འདྲའི་སྐལ་བཟང་ཁོ་བོ་ཙམ། །ཞེས་གསུངས་པ་སྙིང་ལ་བཅང་པར་བྱའོ། །བདག་ཉིད་ནུས་ལྡན་དུ་བྱ་བ་དང་ལིང་གའི་སྙིང་གར་འཇུག་པའི་འཁོར་ལོའི་ཞལ་ཤེས་ཀྱི་ཡིག་ཆུང་བཀའ་རྒྱ་ཤིན་ཏུ་དམ་པ་རྣམས། གཉིས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བའི་སྐོར་ལ། བསྙེན་པ། ལྷ་དབང་དུ་བྱས་ནས་དོན་བསྒྲུབ་པ། ཀླུ་དབང་དུ་བྱས་ནས་ཆར་དབབ་ཅིང་ནོར་བསྒྲུབ་པ། གནོད་སྦྱིན་དབང་དུ་བྱས་ནས་ཟང་ཟིང་བསྒྲུབ་པ། མི་མ་ཡིན་དབང་དུ་བྱས་ཏེ་སྲོག་འཕྲོག་པ། རྨི་ལམ་ངན་པ་བཟློག་པ། ཤེས་རབ་འཕེལ་བ། སྲིའུ་གསོ་བ་རྣམས་སྟོན་པའི་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཀོ་ས་ལར་འཁྲུངས་པའི་བཻ་རོ་ཙ་ནའི་རང་འགྱུར། དེའི་ལག་ལེན་གྱི་ཡིག་སྣ་ལ་ལོ་རྒྱུས། ཞི་བའི་དཀྱིལ་འཁོར་དུ་བསྙེན་པ། རྒྱས་པའི་དཀྱིལ་འཁོར་དུ་ཁྲོལ་བུ། དྲག་པོའི་དཀྱིལ་འཁོར་དུ་དིབ་མ། དབང་གི་


GLG001_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་རིལ་བུ་བསྒྲུབ་པ། བྱེ་བྲག་ལྷ་ཀླུ་གནོད་སྦྱིན་མི་མ་ཡིན་དབང་དུ་བསྡུས་པ། འཆི་བླུ། ཤེས་རབ་འཕེལ་བ། སྲིའུ་བསྲུང་བ་རྣམས་སྟོན་པ་ཀོ་ས་ལར་འཁྲུངས་པའི་བརྟུལ་ཞུགས་སྤྱོད་པ་རྣམ་པར་སྣང་མཛད་རྡོ་རྗེས་ཡིི་གེར་བཀོད་པ། བརྒྱུད་པ་སྒྲུབ་པ་ཆར་དབབ་པ་སྟེ་དོན་གསུམ་གྱིས་བསྟན་པའི་ཀླུའི་རྒྱལ་པོ་ཝ་རུ་ཎའི་ཆར་འབེབས་རྒྱ་གར་བཻ་རོ་ཙ་ནའི་རང་འགྱུར་དུ་མཛད་པ། ཆར་ཆོག་གི་ཡིག་སྣ་རྫོགས་བྱང་གི་མཐའ་ཅན། འགོར་ཡང་ན་རང་གི་དབེན་ཁང་ནས་ཞེས་ཡོད་པའི་གོང་གི་ཞལ་ཤེས་ཛྙཱ་ན་ཤྲཱི་དྷརྨཱ་འོའི་མཐའ་ཅན། ལས་སྦྱོར་གསུམ་པ་ཞེས་པ་ཆར་དབབ་པ། རྒྱལ་པོ་སྐྱེས་པ་བུད་མེད། ནོར། མི་མ་ཡིན། ཕྱག་རྒྱ་མ། སྔགས་པ་རྣམས་དབང་དུ་བྱ་བ། ཀླུ་སྒྲུབ་ཀྱིས་མཛད་པའི་ཀུ་རུ་ཀུལླེའི་ས་གཅད་རྫོགས་སོའི་མཐའ་ཅན། འགོར་བླ་མ་དམ་པ་ལ་ན་མོ་བྱང་ཆུབ་ཀྱི་སེམས་ཀྱི་ཕང་ལ་ཞེས་ཡོད་པའི་སྒྲུབ་ཐབས་ཆུང་གུ་གྲེང་གྲེང་ཤ་སཱ་ཧཱའི་མཐའ་ཅན་རྣམས། གསུམ་པ་ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པ་ལ། འགོར་བླ་མའི་གསུང་ལས་བྱུང་བ་ཡི་ཞེས་ཡོད་པའི་སློབ་མ་རྗེས་སུ་གཟུང་པའི་བྱིན་རླབས་ཀྱི་ཆོ་ག་ཚིགས་བཅད་རྫོགས་སོའི་མཐའ་ཅན། འདི་དཀར་ཆག་ན་མཛད་པ་པོའི་མི་གསལ་ཡང་རྗེ་མཁྱེན་བརྩེའི་གསན་ཡིག་ན་ས་པཎ་གྱིས་མཛད་ཟེར་བ་སྣང་། འགོར་རྗེས་གནང་འདི་ཐུན་མོང་བ་མིན་ཞེས་ཡོད་པའི་བྱིན་རླབས་ཀྱི་ལག་ལེན་ཤིན་ཏུ་གསལ་བ་ཡང་ཡིག་ཏུ་གྲགས་པ་བླ་མ་མཉམ་མེད་པས་མཛད་པ་སྔོན་ཆད་ཡི་གེར་མེད་པ་ཡི་གེ་བཀོད་པ་བཟོད་པར་གསོལ་ལོའི་མཐའ་ཅན། སྒྲུབ་༼གློ༽ཐབས་ཌོམྦྷི་ཧེ་རུ་ཀས་མཛད་པ། དེས་མཛད་པའི་བསྟོད་པ་༼གློ༽མི་འགྱུར་མ། བཅོམ་ལྡན་འདས་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ་འདིར་རྗེ་


GLG001_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མ་ཀུ་རུ་ཀུལླེ་མོས་པ་ཞེས་འགོར་ཡོད་པའི་བསྙེན་པའི་ཡི་གེ་རྡུལ་ཚོན་རྒྱ་མཚོར་འབབ་པའི་ཆུ་བོར་དོར་རོའི་མཐའ་ཅན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་རྗེ་བཙུན་མ་ཀུ་རུ་ཀུལླེའི་དབང་དུ་བྱ་བའི་མན་ངག་ཅེས་ཡོད་པའི་རྗེ་བཙུན་མའི་སྒྲུབ་པའི་རིམ་པ་དང་ལས་སྦྱོར་གྱི་རིམ་པ་རྫོགས་སོའི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི་མན་ངག་ཟབ་པ་ས་སྐྱ་བ་ཆེན་པོ་ཤིན་ཏུ་དམ་པར་མཛད་པ་སྣོད་ལྡན་གཅིག་བརྒྱུད་མ་གཏོགས་པ་ཤིན་ཏུ་གསང་བ། དེའི་ཐུན་མོང་མ་ཡིན་པའི་ཞལ་ཤེས་ཉི་ཤུ་རྩ་གཅིག་བར་མ་ཆད་པའོའི་མཐའ་ཅན། ཞལ་ཤེས་ཀྱི་ཡིག་ཆུང་སྙིང་དང་འདྲ་བས་སུ་ལ་ཡང་མི་སྦྱིན་ནོའི་མཐའ་ཅན། ཡིག་ཆུང་གི་ཡང་ཡིག་བཟླས་པ་བྱེད་ཟེར་བ་དེ་ལགས་སོའི་མཐའ་ཅན། གསང་སྒྲུབ་ཀྱི་སྐོར་འདིར་ཐོར་བུ་ཙམ་མ་གཏོགས་ཆ་ཚང་བ་ཡེ་མེད་པས་དཔེས་སུ་བྱུང་ལ་མི་སྟོན་པའི་བཀའ་རྒྱ་ཡོད་ཚུལ་དཀར་ཆག་ཏུ་འདུག་པ་བཞིན་སྙིང་ལ་བཅང་བར་བྱའོ། །བཞི་པ་རྗེ་བཀྲ་ཤིས་རྣམ་རྒྱལ་བས་མཛད་པའི་ཡི་གེ་ནི། རྗེ་བཙུན་མ་ཀུ་རུ་ཀུལླེ་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་ཡི་གེ་ཤིན་ཏུ་རྒྱས་པ་ཤར་དྭགས་པོའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ། ལྔ་པ་དཀར་ཆག་ཏུ་མ་བཞུགས་པའི་ཡི་གེ་ལ། རྗེ་བཙུན་རིག་བྱེད་མ་བྱོན་ཚུལ་ཡིད་འཕྲོག་པདྨ་རཱ་གའི་ཆུན་པོ་ཞ་ཨརྠ་སིདྡྷིས་མཛད་པ། ཆོས་ཚན་གཅིག་ཏུ་ཚང་པའི་དམར་པོ་སྐོར་གསུམ་གྱི་རྗེས་གནང་གི་གསལ་བྱེད་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པ། འཕགས་མ་ཀུ་རུ་ཀུལླེའི་མན་ངག་གི་རིམ་པ་ཞེས་བསྐྱེད་རིམ། བསམ་གཏན་གྱི་སྦྱོར་བ། སྦྱིན་སྲེག །འཁྲུལ་འཁོར། ལས་སྣ་ཚོགས་པ་སྟེ་རིམ་


GLG001_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔར་ཕྱེ་ནས་བསྟན་པའི་བསྒྲུབ་ཐབས་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བའི་འགྱུར། ཀུ་རུ་ཀུ་ལླེའི་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་ངག་འདོན་གྱི་སྒྲུབ་ཐབས་ཚར་ཆེན་གྱིས་མཛད་པ། དེས་མཛད་པའི་བརྒྱུད་འདེབས་སྲིད་གསུམ་དབང་མཛད་མ། དེས་མཛད་པའི་བསྟོད་པ་རྒྱལ་བའི་ཡེ་ཤེས་མ། སྦྱིན་སྲེག་གི་ཡི་གེ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། གནད་ཡིག་ནག་པོ་འགྲོ་ཤེས་ཀྱི་ཞལ་འཕངས་སྦྱིན་སྲེག་གི་ཡི་གེ་བྲག་དམར་མཁན་ཆེན་རབ་བརྟན་དཔལ་བས་བསྐུལ་བར་བརྟེན་ནས་ཚར་ཆེན་གྱིས་མཛད་པ། བསམ་གཏན་ཁོ་ནས་ལས་ལ་སྦྱོར་བའི་གསེར་ཆོས་སྙིང་གི་ཡང་ཞུན་ཆིག་བརྒྱུད་མ། གསང་སྒྲུབ་ལྷ་ལྔའི་བྱིན་རླབས་ཀྱི་ཡི་གེ་རིག་པ་འཛིན་པ་གྭ་ཆེན་གྱིས་བསྐུལ་བའི་ངོར་སོ་འཇིགས་མེད་གྲགས་པས་མཛད་པ། གསང་སྒྲུབ་ལྷ་ལྔའི་བྱིན་རླབས་ཀྱི་སྒོ་དབྱེ་བ་སྦྱོར་དངོས་རྗེས་གསུམ་པ་ཞལ་ཤེས་ཟབ་མོ་ཡི་གེར་བཀོད་པའི་མཐའ་ཅན། ལྷ་ལྔའི་བྱིན་རླབས་ཀྱི་ཆོ་ག་གསལ་བའི་སྒྲོན་མེ་མཁན་ཆེན་འཇམ་དཔལ་དབྱངས་ངག་དབང་ཆོས་གྲགས་ཀྱིས་མཛད་པ་རྣམས། དཔེའུ་རིས་ལ། སྒྲུབ་པའི་མཎྜལ་སྒྲུབ་རྫས་དང་བཅས་པ། རང་ཉིད་ནུས་ལྡན་དུ་བྱ་བའི་འཁོར་ལོ། ལིང་གའི་སྙིང་གར་འཇུག་པའི་འཁོར་ལོ། དེ་དང་འདྲ་མིན་གཅིག །སྦྱིན་སྲེག་གི་ཐབ། ཀླུ་སྒྲུབ་ཀྱི་རྒྱ་གཞུང་དངོས་གྲུབ་འབྱུང་གནས་ཀྱི་དོན་ཀུན་སྒྲུབ་པ། ལྷ་ཀླུ་སོགས་དབང་སྡུད་སྤྱིར་དྲིལ་གྱི་འཁོར་ལོ། ཆར་དབབ་པའི་དཀྱིལ་འཁོར། སྦྲུལ་དང་སྦལ་པར་འཇུག་པའི་ཕྱེད་མཐའི་ཙཀྲ །རིལ་བུ་འཁོར་ལོ་ཅན། རླུང་གནོན་འཁོར་ལོ། ནོར་སྒྲུབ་འཁོར་ལོ། སྲེའུ་གསོ་བའི་འཁོར་


GLG001_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དང་བཅས་པ་རྣམས་ཕྱག་ལེན་དམར་འཁྲིད་དུ་ལེགས་པར་ཐོབ་པ་ལས་ས་གཅད་ལྔ་པའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་དང་སིནྡྷུ་རའི་བྱིན་རླབས་ཀྱི་ཆོ་ག་གསུམ་དོར་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་དང་ས་གཅད་དང་པོ་དང་ལྔ་པའི་ལུང་མན་ངག་ཚང་མའི་བརྒྱུད་པ་ནི། རྗེ་བཙུན་མ་ཀུ་རུ་ཀུལླེ། རྒྱལ་པོ་ལྷན་སྐྱེས་རོལ་བ། རྡོ་རྗེ་གདན་པ་ཆེ་བ། ཆུང་བ་ཨ་མོ་གྷ་བཛྲ། བ་རི་ལོ་ཆེན་རིན་ཅེན་གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། རྗེ་ས་པཎ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཅེན། འཕགས་པ་རིན་པོ་ཆེ། རྒྱ་ཚ་ཆོས་ཀྱི་དབང་ཕྱུག །མཁས་མཆོག་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག །བདག་ཆེན་འཇམ་དབྱངས་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་དགོན་གསར་བ་བསོད་ནམས་ཆོས་འཕེལ། གྲུབ་མཆོག་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཚར་ཆེན་ནས། རྗེ་བཙུན་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་རིན་པོ་ཆེ་མི་ཕམ་ཆོས་ཀྱི་རྒྱ་མཚོ། ཁྱབ་བདག་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ན་རྗེ་མཁྱེན་བརྩེ་ནས། རྗེ་གཞོན་ནུ་སྟོབས་ལྡན། རྗེ་དབང་རབ་མན་འདྲ། ཡང་རྗེས་གནང་གཉིས་ཙམ་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཚར་པ། ཀུན་མཁྱེན་མཁྱེན་བརྩེ། གཉིས་ཀ་ལ་རྗེ་
དབང་རབ། ཡང་ན་རྗེ་མཁྱེན་བརྩེའི་ཞབས་ནས། མཁན་ཆེན་བསླབ་གསུམ་པ། རྗེ་དབང་རབ་མན་འདྲ། ཡང་ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་དབང་རབ་ནས། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །རྗེ་དབང་རབ་ཀྱི་མཛད་པའི་རྗེས་གནང་གི་ཡི་གེའི་ལུང་ནི། དེ་ཉིད་ནས། མཁན་ཆེན་ཞ་ལུ་པ། དེས་བདག་གོ །མཁན་ཆེན་ངག་ཆོས་པས་མཛད་པའི་བྱིན་རླབས་ཀྱི་ཡིག་བརྒྱུད་ནི། རྩོམ་པ་པོ་ནས། ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་ངག་དབང་བསོད་ནམས་དབང་ཕྱུག །མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །


previousས་སྐྱ་པའི་གདམས་པ་དམར་པོ་སྐོར་གསུམ་དུ་གྲགས་པའི་སྒྲུབ་ཐབས་གསན་པའི་ལུང་བརྒྱུད་སོགས།next