Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
  
 
  
 
  
  
  
 
དཔལ་ས་སྐྱ་པའི་གསེར་ཆོས་འཇམ་དཔལ་ནག་པོའི་སྐོར་གྱི་ལུང་བརྒྱུད།
  
  
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousདཔལ་ས་སྐྱ་པའི་གསེར་ཆོས་འཇམ་དཔལ་ནག་པོའི་སྐོར་གྱི་ལུང་བརྒྱུད།next

དཔལ་ས་སྐྱ་པའི་གསེར་ཆོས་འཇམ་དཔལ་ནག་པོའི་སྐོར་གྱི་ལུང་བརྒྱུད།


GLG001_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ས་སྐྱ་པའི་གསེར་ཆོས་འཇམ་དཔལ་ནག་པོའི་སྐོར་ལ། ཚོམ་བུ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བཟླས་ལུང་དང་བཅས་པ་ལེགས་པར་ནོད་ནས། ལུང་ལ་འཇམ་དཔལ་ནག་པོའི་གནད་བཅུ་གཅིག་དང་ལྡན་པའི་གདམས་པ་ཉམས་སུ་ལེན་ཚུལ་ཞར་བྱུང་ཤིན་ཏུ་རྩུབ་ཅིང་རྣམ་རྟོག་ཆེས་ཟ་བའི་ཚེ་བྱ་ཚུལ་ཕན་ཡོན་དང་བཅས་པ་ཉམས་སུ་མྱོང་བས་ཀྱང་གྲུབ་བོའི་མཐའ་ཅན། འགོར་བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ་འཇམ་དཔལ་ནག་པོ་བསྒོམ་པར་འདོད་པས་ཞེས་ཡོད་པའི་རྗེས་གནང་གི་ཡི་གེ་རྗེས་བསྔོ་བ་སོགས་བྱའོའི་མཐའ་ཅན། གུ་གེ་པཎ་ཆེན་གྱིས་བདག་ཆེན་མ་དཀོན་ཅོག་རྒྱལ་མོའི་དོན་དུ་མཛད་པའི་སྒྲུབ་ཐབས་དང་བཅས་པ་ཐོབ་པའི་རྒྱུ་འགུལ་བས་མཛད་པ་མ་གཏོགས་པའི་བརྒྱུད་པ་ནི། སངས་རྒྱས། བཛྲ་པཱ་ཎི། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། རྗེ་བཙུན་བརྩེ་ཆེན། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་ཅོག་དཔལ། བྲག་ཕུག་པ། བླ་མ་ཡེ་ཤེས་དཔལ། བློ་བཟང་དཀར་མོ། དཀོན་ཅོག་ཐུགས་རྗེ། གླིང་སྨད་པཎྜི་ཏ་ཤེས་རབ་དཔལ་ལྡན། ཀུན་མཁྱེན་རྡོ་རྗེ་གདན་པ། སློབ་དཔོན་རིན་ཅེན་ཆོས་མཆོག །མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། མཚུངས་མེད་རྣམ་རྒྱལ་བཀྲ་ཤིས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ཁྱབ་བདག་


GLG001_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རབ་ནས། རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །རྒྱུ་འགུལ་པཎ་ཆེན་གྱིས་མཛད་པའི་བརྒྱུད་པ་ནི། ས་པཎ་ནས། ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་མཉམ་མེད་པ། བླ་མ་ཤཱཀྱ་པ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་བཟང་པོ། རྒྱུ་འགུལ་པཎ་ཆེན། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་མཚན་གྱི་རྣམ་གྲངས་ཡིན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། དེ་དབོན་དཀོན་ཅོག་དཔལ་ལྡན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །སྒོམ་ལུང་གི་བརྒྱུད་པ་ནི། གློ་བོ་མཁན་ཆེན་ནས། བདག་ཆེན་ངག་གི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རིན་པོ་ཆེ་བསོད་ནམས་ཆོས་འཕེལ། རྗེ་དབང་རབ་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། སྤང་ཁང་པ་གྲགས་པ་སེང་གེ །བླ་མ་མང་མཁར་བ། བླ་མ་བྱང་སེང་བ། རྗེ་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་རིན་ཅེན་རྒྱལ་མཚན། གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཕ་བོང་ཁ་པ་བདེ་ལེགས་ཉི་མ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །དཔལ་ལྡན་ས་སྐྱའི་ལྕགས་རི་མི་བདའ་བའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་འཆི་མེད་རྡོ་རྗེའི་ལྷ་མོ་ཞེས་དཔལ་འཁོར་ལོ་སྡོམ་པའི་བཤད་རྒྱུད་ཨ་བྷི་དྷ་ན་ལས་གསུང་པའི་རྡོ་རྗེ་ཆེའི་ལྷ་མོའི་རྗེས་སུ་གནང་


GLG001_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱུ་འགུལ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་ཡི་གེ་ལ་བརྟེན་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ལཱུ་ཧི་པ། གྲུབ་ཆེན་དྷ་རི་ཀ་པ། ཨནྟཪྤ། ཏིལློ་པ། ནཱ་རོ་པཱ་ད། ཕམ་ཐིང་པ་སྐུ་མཆེད་གཉིས། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་བློ་གྲོས་གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་པཎྜི་ཏ། ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་དཔལ་ལྡན་སེང་གེ །བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་བྱང་ཆུབ་སེང་གེ །ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། དེ་དབོན་སངས་རྒྱས་རིན་ཅེན། དེ་དབོན་དཀོན་ཅོག་རྒྱ་མཚོ། བླ་མ་དགེ་འདུན་དབང་ཕྱུག །མུས་ཆེན་སངས་རྒྱས་རབ་བརྟན། བདག་ཆེན་ཀུན་དགའ་བསོད་ནམས་གྲགས་པ། མཁན་ཆེན་ངག་དབང་རྣམ་རྒྱལ། འཇམ་དཔལ་རྡོ་རྗེ་ས་སྐྱ་པ་ངག་དབང་བསོད་ནམས་དབང་ཕྱུག །ཁྱབ་བདག་མཁན་ཆེན་ཞ་ལུ་བ། དེས་བདག་ལ་བཀའ་དྲིན་དུ་སྩལ་ཏོ། །དཔལ་ལྡན་ས་སྐྱ་པའི་གསེར་ཆོས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལ། པདྨ་རཀྟའམ་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་སེང་གདོང་ནག་མོའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཁྱད་པར་ཅན་ནོས་ནས། ལུང་ལ་ངོར་ནས་བརྒྱུད་པ་དང་གོང་དཀར་བ་ནས་བརྒྱུད་པ་སྟེ་གཉིས། དང་པོ་ལ། འགོར་རྒྱ་གར་སྐད་དུ་ཙཀྲ་སཾ་བྷ་ར་མ་ཧཱ་ཡ་ན་སཱུ་ཏྲ་ཞེས་ཡོད་པའི་བ་རི་བས་གཏེར་བཏོན་ནས་མུ་སྟེགས་སྐལ་ལྡན་རྒྱལ་པོ་བཏུལ་བའི་ལོ་རྒྱུས། མུ་སྟེགས་གསད་པས་ལོ་བཅུ་གཉིས་ཀྱི་བར་རྡོ་རྗེ་གདན་པས་ལོ་ཙཱ་བ་མཇལ་ཁར་མ་བཏང་ཟེར་བ་འདུག །


GLG001_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དུ་བྱོན་ནས་ས་ཆེན་ཀུན་སྙིང་ལ་གནང་ངོའི་མཐའ་ཅན། འགོར་སྒྲུབ་ཐབས་ནི་སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་འདྲ་ཞེས་ཡོད་པའི་མངོན་རྟོགས་གཉིས་སུ་མེད་པར་གྱུར་ནས་སྔགས་བཟླ་བའི་མཐའ་ཅན། ཟློག་པའི་དམིགས་པ་དང་དུས་གནད། གསོད་པའི་དམིགས་གནད། ཞར་བྱུང་སྐུ་སྨད་ཕུར་བས་འགེགས་བསྒྲལ་ཞིང་ངག་གནོན་ཐབས། མཚན་བཅས་མཚན་མེད་ཀྱི་བསྲུང་བ་མོའི་གཡས་ལ་བཏགས་སོ་དེ་ནི་བསྲུང་བ་བོའི་མཐའ་ཅན། སེང་གདོང་དཀར་མོའི་ཚེ་སྒྲུབ་ཚེ་ཉི་ཟླ་དང་མཉམ་མོའི་མཐའ་ཅན། ནོར་སྒྲུབ་འབུམ་ཚོ་གཅིག་བཟླས་ནས་འགྲུབ་བོའི་མཐའ་ཅན། སེང་གདོང་དམར་མོའི་དབང་སྡུད་གསེར་སྲང་དོའི་བཀའ་རྒྱ་ཡོད་དོའི་མཐའ་ཅན། སྲེའུ་གསོ་བ་གསེར་འབུལ་དགོས་སོའི་མཐའ་ཅན། ཆར་འབེབས་མཐའ་མ་ལྔ་ལ་མི་འབབ་མི་སྲིད་དོའི་མཐའ་ཅན། མཚན་མེད་ཀྱི་ཆར་གཅོད་རི་མགོ་ཐམས་ཅད་མེ་རིས་ཁེངས་པར་བསྒོམ་ཆར་གཅོད་པའི་མན་ངག་གོའི་མཐའ་ཅན། བྱེ་མ་ལ་བརྟེན་པའི་འབུ་བསྲུང་། ཆུ་ལ་བརྟེན་པའི་སད་བསྲུང་བ། མཚན་མེད་ཀྱི་སེར་བསྲུང་རྣམ་གཞག་གཞན་ལས་ཤེས་སོའི་མཐའ་ཅན། མཚན་བཅས་མཚན་མེད་ཀྱི་ཐོག་ཐུབ་ངས་སོའི་མཐའ་ཅན། ཁར་གོང་ལ་བརྟེན་ནས་ལུས་གནད་གཅོད་པ། བལ་སྐུད་ལ་བརྟེན་ནས་གཡག་ནད་གཅོད་པ། ཆུ་ལ་བརྟེན་ནས་ལྷོག་པ་བསྲུང་བ། རྫས་གཉིས་ཀྱིས་དུད་པས་རིམས་བསྲུང་བ། སྲན་མས་འབྲུམ་བུ་བསྲུང་བ། ཁྱི་བལ་གྱིས་འཁྲུ་བ་གཅོད་པ། མེ་རྩས་མགོ་ཡོར་བསྲུང་བ། འདོགས་པའི་མཚོན་བསྲུང་མན་ངག་ཞལ་ལས་ཤེས་སོའི་མཐའ་ཅན། གུ་གུལ་གྱིས་བཟའ་ནད་འཆོས་ཐབས།


GLG001_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས་ཇག་པ་འཆིང་པ་སྟེ་ལས་ཚོགས་ཉི་ཤུ་རྩ་གསུམ་མཁའ་འགྲོའི་གདམས་པ་རྒྱ་མཚོའི་ནང་ནས་ཟབ་མོ་ཆུ་ཐིགས་ཙམ་ཞིག་བཀོད་པ། འགོར་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ་ཞེས་ཡོད་པའི་ཁྱད་པར་གྱི་ཟློག་པ་བསམས་པའི་དོན་རྣམས་འདི་ཡིས། འགྲུབ་བོའི་མཐའ་ཅན། མཁའ་འགྲོ་མ་ཤིན་ཏུ་དྲག་མོར་བྱེད་པའི་མངོན་རྟོགས་ཡི་གེ་བཅུ་བཞི་པ་ཤམ་བུ་ཅན། རྟགས། གཏོར་འབུལ། མཐེབ་མཛུབ་ཀྱི་དམིགས་པ། ཁ་ཕྱོགས། མཐེབ་སྐྱུ་ལ་བརྟེན་ནས་ཇག་པ་ཆོམ་རྐུན་བསྲུང་བ་དང་བཅས་པ་བླ་མ་ས་སྐྱ་པ་ནས་བརྒྱུད་པའི་མན་ངག་འི་མཐའ་ཅན། མངོན་རྟོགས་རྗེ་རྣམ་རྒྱལ་དཔལ་བཟང་གིས་ཆོས་ལུང་བླ་མའི་གདན་སར་སྦྱར་བ་རྣམས། གཉིས་པ་གོང་དཀར་བ་ནས་བརྒྱུད་པ་ལ། འགོར་མཁའ་འགྲོ་མ་སེང་གེའི་གདོང་ཅན་ལ་ཕྱག་འཚལ་ལོ་འདིའི་རྗེས་གནང་བྱེད་པར་འདོད་པས་ཞེས་ཡོད་པའི་ཡི་གེ་མི་དག་ལས་མང་བ་ལ་སྦྱིན་པ་མེད་དོ་ཞེས་དམ་བཅས་ནས་བླ་མ་རྡོ་རྗེ་གདན་པས་བ་རི་ལོ་ཙཱ་བར་གདམས་པའི་མཐའ་ཅན། འགོར་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །གདམས་པ་འདིའི་ལོ་རྒྱུས་བླ་མ་པ་རི་ལོ་ཙཱ་བ་དང་མུ་སྟེགས་སྐལ་ལྡན་རྒྱལ་པོ་ཞེས་ཡོད་པའི་ལོ་རྒྱུས་དང་སྡིག་སྦྱོངས་སུ་གསེར་གྱི་གསུང་རབ་བྲིས་གསུངས་པའི་མཐའ་ཅན། མཚན་བཅས་ཀྱི་བསྲུང་བས་བྱད་ཁ་མཁན་པོ་ཁོ་རང་ལ་ཟློག་པ། ཐལ་རྡབ་ཀྱིས་དགྲ་འཆི་བ། ཏིང་ངེ་འཛིན་གྱིས་ངག་གནོན་པ། སྔགས་ཀྱིས་ཕྱོགས་ངན་བདུད་གཅོད་བསྲུང་པ། བཟླས་པའི་མཆིལ་མས་མཚོན་བསྲུང་བ། རྐང་འོག་གི་སས་གཡུལ་གྱི་རང་ཕྱོགས་ཀུན་བསྲུང་བ། སྔགས་ཀྱིས་ཇག་པ་འཆིང་བ། མཁའ་འགྲོ་མ་


GLG001_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོའི་ནོར་དང་ཚེ་སྒྲུབ་ཅིང་བསོད་ནམས་སྤེལ་བ། རྨི་ལམ་ངན་པ་ཟློག་པར་ཁ་གཏོད་པའི་གནད། དྲི་ཆུས་རིམས་ནད་བསྲུང་བ། བསྙེན་ཚད་དང་ཤམ་བུའི་ཞལ་ཤེས། སེང་གདོང་དམར་མོ་ལ་བརྟེན་པའི་ཁྱད་པར་གྱི་ཟློག་པ་བསམ་པའི་དོན་རྣམས་ཐམས་ཅད་འགྲུབ་པའི་མཐའ་ཅན། ཕྱིར་ཟློག་མན་ངག་ཚིགས་བཅད་མ་ཞལ་གདམས་བླ་མའི་མན་ངག་ལས་བྱུང་ངོའི་མཐའ་ཅན། རྡོ་རྗེ་ཕག་མོ་ཞལ་གསུམ་ཕྱག་དྲུག་པའི་མངོན་རྟོགས་དང་བཟླས་པས་ཐུན་མོང་གི་དངོས་གྲུབ་མི་རྟོགས་པ། སྒྲིབ་པ་སྲེག་པ། དྲོད་བསྐྱེད་པ། གཞན་གྱི་བགེགས་ཟློག་པ་བཅས་བསྟན་པ་མཁའ་འགྲོ་མ་བདག་གིས་དབང་དུ་སྡུད་དོའི་མཐའ་ཅན། གཏོར་མ་གཏོང་བ་དང་བསྐུལ་མ་མོ་མཁའ་འགྲོ་མ་ཞར་བྱུང་མེ་མཆོད་དང་བཅས་པ་བཛྲ་ཌཱ་ཀི་ནི་ཡེ་འགྲུབ་བོའི་མཐའ་ཅན། འགོར་ན་མོ་གུ་རུ་བླ་མ་རྡོ་རྗེ་གདན་པ་ཞེས་ཡོད་པའི་ཁ་ཕྱོགས། འདུག་སྟངས། མངོན་རྟོགས། མཐེབ་མཛུབ་ཀྱི་དམིགས་པ། མ་གཅིག་ཡེ་ཤེས་མའི་བསྟོད་པ་དང་བཅས་པ་རྣམས་རྫོགས་པར་ཐོབ་པ་ལས་རྗེས་གནང་གི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་previous hit རྒྱལ་མཚན། ཆོས་རྗེ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་ཅོག་དཔལ། གྲུབ་ཆེན་བྲག་ཕུག next hit་པ། ཆོས་རྗེ་བླ་མ་དམ་པ། རྗེ་ཀུན་དགའ་བཀྲ་ཤིས། རྗེ་ངང་ཚུལ་བཟང་པོ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རོང་པོ་བློ་བཟང་པ། འདི་སྐྱིད་ཤོད་དཔལ་ལྡན་འབྲས་སྤུངས་ཀྱི་མཁན་ཐོག་ཏུ་ཕེབས་ཤིང་གསང་


GLG001_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་བདག་པོ་ཡིན་ཀྱང་མཚན་ཉིད་ཀྱི་ཌཱི་ཀྐ་མ་བྱུང་ཞེས་མ་གུས་པ་བྱུང་སྐད། སྐུ་ཞང་མཁྱེན་རབ་ཆོས་རྗེ། མཁན་ཆེན་དཀོན་ཅོག་ཚུལ་ཁྲིམས་རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་འཕགས་པ་ནས། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། ཆོས་རྗེ་བླ་མ་དམ་པ། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །གློ་བོ་མཁན་པོ་བསོད་ནམས་ལྷུན་གྲུབ། བདག་ཆེན་ངག་གི་དབང་ཕྱུག །ཀུན་མཁྱེན་མཁྱེན་བརྩེ་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། ཁྲོ་ཕུ་པ་བསོད་ནམས་སེང་གེ །ཡང་རྩེ་བ་རིན་ཅེན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། མཁན་ཆེན་བཀྲ་ཤིས་རིན་ཅེན། སྐལ་ལྡན་གྲགས་པ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རྗེ་རིན་ཅེན་མཆོག་གྲུབ་དཔལ་འབར། ཆག་ལ་རིན་ཅེན་ཆོས་རྒྱལ། སྔགས་འཆང་དོན་ཡོད་དཔལ། རྗེ་བཤེས་གཉེན་བཀྲ་ཤིས། དགེ་སློང་ངག་དབང་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ཁྱབ་བདག་མགོན་པོ་བསོད་ནམས་ནས། རབ་འབྱམས་པ་རིན་ཅེན་རྒྱ་མཚོ། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །ཡང་ན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། གོ་ཤྲཱི་ནམ་མཁའ་བཟང་པོ། བདག་ཆེན་རྒྱ་དཀར་ཤེས་རབ་རྒྱལ་མཚན། པཎ་ཆེན་
འབུམ་ཕྲག་གསུམ་པ། སྔགས་འཆང་ཡོན་ཏན་རྒྱ་མཚོ། གོང་དཀར་ཟུར་འཆད་པ་ཨོ་རྒྱན་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་པོ། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། དེ་གཉིས་ལ་རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ་དེ་ནས་ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །


previousདཔལ་ས་སྐྱ་པའི་གསེར་ཆོས་འཇམ་དཔལ་ནག་པོའི་སྐོར་གྱི་ལུང་བརྒྱུད།next