Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
expand section
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
ངོར་ནས་བརྒྱུད་པའི་ལུང་བརྒྱུད།
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousངོར་ནས་བརྒྱུད་པའི་ལུང་བརྒྱུད།next

ངོར་ནས་བརྒྱུད་པའི་ལུང་བརྒྱུད།


GLG001_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་ནས་བརྒྱུད་པའི་ལུང་ནི། དགའ་ལྡན་པ་ཀུན་བསོད་ནས་བླ་མ་དམ་པར་བརྒྱུད་པའི་གློ་བོ་མཁན་ཆེན་ནས། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། འཇམ་དབྱངས་དཀོན་ཅོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དབྱངས་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་ངོར་ཆེན་ནས། མཁྱེན་རབ་རྗེ། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། ས་ལོ་མན་གཅིག །གོང་དཀར་བ་ནས་བརྒྱུད་པའི་ལུང་ནི། བྲག་ཕུག་པ་ནས་བླ་མ་དམ་པར་བརྒྱུད་དེ་གོང་དཀར་ཟུར་འཆད་པ་རྣམས་ལས་འོངས་པ་བཤད་མ་ཐག་པ་དེའོ། །དཔལ་ལྡན་ས་སྐྱ་པའི་ལྕགས་རི་མི་འདའ་བའི་གསེར་ཆོས་བཅུ་གསུམ་གྱི་སྟེང་དུ་གཅིག་བསྣན་པའི་ཀླུ་པའི་གསེར་ཆོས་བཅུ་བཞིར་གསེར་ཆོས་བཅུ་བཞིའི་གྲས་ལ་རྡོ་རིང་རིན་པོ་ཆེའི་གསན་ཡིག་ན་བིཪྺ་པ་བདུད་རྩི་འདུལ་བའི་མན་ངག་རྩེས་དང་བསམ་གཏན་གླིང་པའི་ཆོས་རྗེ་ཞལ་བུ་དབོན་པོ་ལ་གསན་ཚུལ་འདུག་ཀྱང་དེང་སང་རྒྱུན་མེད་པ་འདྲའོ། །གྲགས་པའི་ཡ་གྱལ་འཕགས་པ་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་ངག་བསྲུང་འགྲོལ་གྱི་མན་ངག་ཤིན་ཏུ་ཟབ་པའི་མཐར་ཐུག་མྱོང་བས་ཐོན་པའི་ལུང་མན་ངག་ནོས་པའི་བརྒྱུད་པ་ནི། འཕགས་པ་སེང་གེའི་སྒྲ། སློབ་དཔོན་ཛེ་


GLG001_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་ཆེན་པོ་གྲགས་པ། ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག །འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །མཆོད་དཔོན་དཀོན་ཅོག་པ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །དེའི་ཆ་ལག་ཏུ་གཏོགས་པ་སེང་གེ་སྒྲའི་རྗེས་གནང་བཤད་མ་ཐག་པའི་མངོན་རྟོགས་དང་ལུང་གསུམ་གྱི་ཆིངས་ལ་བརྟེན་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སེང་གེ་སྒྲ། སློབ་དཔོན་ཙནྡྲ་གོ་མི། དེའི་སློབ་མ་གཅིག །ཀུན་མཁྱེན་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་སྣང་ཡང་། ལོ་པ་སྤྱན་སྔ་དང་རྡོ་རྗེ་འཆང་མགོན་པོ་བསོད་ནམས་ཀྱི་གསན་ཡིག་ན་བྲམ་ཟེ་དཔལ་འཛིན་དུ་ངོས་བཟུང་། པཎ་གྲུབ་ནཱ་རོ་པ་ཆེན་པོ། ཕམ་ཐིང་པ་སྐུ་མཆེད། ཨ་ཐུ་ལ་དྷ་ས་བཛྲ། མེཉྫ་གླིང་པ། ལོ་པ་སྤྱན་སྔ་དང་ཤར་པའི་གསན་ཡིག་ན་བྷ་རོ་ཕྱག་རྡུམ་ཟེར་བ་འདུག་པ་འདི་གཉིས་འཇིགས་བྱེད་ཀྱི་ཆོས་འབྱུང་ཚོར་གཅིག་མི་གཅིག་སྣ་ཚོགས་ཡོད་འདུག་པས་འཁྲུལ་གཞི་བྱུང་བ་འདྲ་ཡང་འདི་ནི་བལ་པོ་ཐུགས་རྗེ་ཆེན་པོ་ཡིན་པས་བྷ་རོ་དང་མི་གཅིག་པར་སྣང་ངོ་། །མལ་ལོ་བློ་གྲོས་གྲགས། ཤར་པའི་གསན་ཡིག་ན་འདིས་གོང་མ་གཉིས་ཀ་ལ་གསན་གསུངས། རྗེ་བཙུན་ས་སྐྱ་པ་ཆེན་པོ། གཉན་ཕུལ་བྱུང་བ་གཙུག་ཏོར་རྒྱལ་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། རྗེ་ས་པཎ།


GLG001_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་པ་ཤེར་འབྱུང་། ཤར་པ་ཡེ་ཤེས་རིན་ཅེན། དུས་འཁོར་བ་ཡང་ཟེར། ཀུན་དགའ་བྱང་ཆུབ། མཁན་ཆེན་རྒྱལ་བཟང་དཔལ། བླ་མ་གྲགས་པ་དཔལ། མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱ་འགྱུར་བ་བསོད་ནམས་སེང་གེ །རྗེ་བཙུན་གོ་རུམ་པ་ཀུན་དགའ་ལེགས་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཞ་ལུ་མཁན་ཆེན་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དབང་། འདྲེན་མཆོག་དཀོན་ཅོག་འཕེལ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། བྱང་གླིང་རྗེ། རྡོ་རྗེ་འཆང་དབང་རབ་མན་འདྲ། ཡང་ན་ངོར་ཆེན་ནས། པཎ་ཆེན་གྲགས་པ་རྒྱལ་མཚན། གློ་པོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་ཐམས་ཅད་མཁྱེན་པ། དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་དཀོན་ཅོག་ལྷུན་གྲུབ་ཀྱི་ཡི་གེ་ལྟར་ནོས་པའི་བརྒྱུད་པ་ནི། དཀོན་ཅོག་ལྷུན་གྲུབ་ཡན་གོང་ལྟར་ལ། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒོ་ནས་གདོན་འགྲོལ་བའི་ཆོ་ག་རིན་ཅེན་འཕྲེང་མཛེས་ཀྱི་ལུང་ཕྱག་བཞེས་བཅས་ཐོབ་པའི་བརྒྱུད་


GLG001_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སློབ་དཔོན་ཤྲཱདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས། བརྩེ་ཆེན། གཉན་གཙུག་ཏོར་རྒྱལ་པོ། རྗེ་བཙུན་ཆེན་པོ། ས་པཎ། ཤར་པ་ཡེ་འབྱུང་། ཤར་པ་དུས་འཁོར་བ། ཀུན་དགའ་བྱང་ཆུབ། མཁན་པོ་རྒྱལ་བཟང་བ། བླ་མ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ཆོས་རྗེ་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དབང་། དཀོན་ཅོག་འཕེལ། དཀོན་ཅོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང་། ཤར་ཆེན་ཀུན་དགའ་བཀྲ་ཤིས། ཐར་རྩེ་ནམ་མཁའ་སངས་རྒྱས། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ངོར་ཆེན་ནས། གུ་གེ་པཎ་ཆེན། གློ་བོ་མཁན་ཆེན། འཇམ་དབྱངས་ཀུན་དགའ་བསོད་ནམས། དཀོན་ཅོག་ལྷུན་གྲུབ་མན་འདྲ། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱིས་གོ་ན་བ་ཆོས་རྗེའི་དོན་དུ་མཛད་པའི་སེང་གེ་སྒྲའི་བསྙེན་ཐབས་ཀྱི་བརྒྱུད་པ་ནི། མཁས་པ་དཔལ་ལྡན་དོན་གྲུབ། ཐར་རྩེ་ནམ་མཁའ་སངས་རྒྱས། དྲིན་ཅན་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །འཁོན་རིགས་འཇམ་དཔལ་རྡོ་རྗེ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བསྟན་པ་བསྲུང་པའི་ཆོས་སྐྱོང་གྲགས་མེད་པ་ཞིག་བཀའ་བབས་བའི་ནང་ནས་གཙོ་བོར་གྱུར་པ་མ་ག་དྷ་རྡོ་རྗེ་གདན་གྱི་སྒོ་སྐྱོང་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་སྲུང་མའི་གཙོ་བོ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ནི། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ནག་པོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་པ་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་སྤྲུལ་པར་བསྟན་པས་ཕྱོགས་རེའི་


GLG001_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྲུང་མ་རྣམས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་བསྟན་སྲུང་ཀུན་གྱི་གཙོ་བོ་སྟེ། ཚུལ་དེ་ལ་དགོངས་ནས་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་གིས། བགྲང་ཡས་བསྟན་སྲུང་ཀུན་གྱི་སྡེ་དཔོན་ཆེ། །དྲན་པས་སྙིང་གི་མུན་སེལ་རྡོ་རྗེ་གུར། །ཞེས་ཆེད་དུ་བརྗོད་པའང་རང་བཞིན་བརྗོད་པའི་རྒྱན་ཁོ་ན་ཡིན་ལ། འདི་ཉིད་ཀྱི་ཁུངས་ཀྱང་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་དང་ཁྲག་མཚོ་ཁོལ་མ་སོགས་བོད་ཀྱི་མཁས་པ་ཐམས་ཅད་མཁྱེན་པ་བུ་སྟོན་གྱིས་ཐེ་ཚོམ་གྱི་གཞིར་མཛད་པའི་རྒྱུད་ཙམ་ལ་ལྟོས་མི་དགོས་པར་རྩོད་བྲལ་གྱི་རྒྱུད་མགོན་པོ་མངོན་པར་འབྱུང་བ། བཤད་རྒྱུད་རྡོ་རྗེ་གུར་ལྷ་མོའི་ཁུངས་འཕགས་ཡུལ་ན་བཞུགས་པའི་གདན་བཞིའི་རྒྱུད་པ་རྣམས་དང་། གཞན་ཡང་བོད་ཀྱི་མཁས་པ་དག་ཐེ་ཚོམ་གྱི་གཞིར་མཛད་ནའང་། རང་ལུགས་རྒྱུད་དེ་དག་ཚད་མར་བཞེད་ཅིང་། གལ་ཏེ་རྒྱུད་དངོས་མིན་ཀྱང་གྲུབ་ཐོབ་ཚད་ལྡན་གྱི་གསུང་ཡིན་པས་རྒྱུད་དང་ཕྱོགས་མཚུངས་པའི་ཁུངས་སུ་འོས་པ། མགོན་པོ་ཁྲོས་རྒྱུད་དངོས་གྲུབ་འབྱུང་བ། གསང་བ་དུར་ཁྲོད་ནག་པོ། དུར་ཁྲོད་ཆེན་པོ་གྲི་གུག་བརྩེགས་པ། མེ་ལྕེ་འབར་མ། བཤན་པ་ནག་མོ། མ་མོ་སྲོག་གི་འཁོར་ལོ་སོགས་ལས་གསལ་བར་བསྟན་པའི་གདམས་སྐོར་ལ། མ་ཧཱ་ཀཱ་ལའི་ཆོས་སྐོར་གྱི་བརྗེད་བྱང་བསམ་འཕེལ་ནོར་བུའི་ཕྲེང་བ་ལས། ཁྱབ་བདག་གུར་གྱི་མགོན་པོའི་ཆོས་སྐོར་ནི། འཕགས་པའི་ཡུལ་དུ་པཎ་གྲུབ་རྣམས་ཀྱིས་ཕྱེ། །རྒྱུད་རྒྱལ་མ་དྲོས་ཆུ་གཏེར་ལས་བྱུང་བའི། །བཀའ་བབས་རྣམ་བཞིའི་གདམས་པའི་ཆུ་རྒྱུན་ནི། །ལོ་ཙཱ་རྣམ་བཞིའི་གསུང་གི་འབབ་སྟེགས་ལས། །ལེགས་འོངས་ས་སྐྱའི་བླ་ཆེན་ཐུགས་


GLG001_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་འཁྱིལ། གང་དེའི་གསུང་གི་བདུད་རྩིའི་གཟེགས་མ་ནི། །ཕྱོགས་བརྒྱར་འཕྲོས་པས་ཁ་བའི་སྨན་ལྗོངས་འདིར། །ཟབ་སྟོན་ལྦུ་འཕྲེང་བྱེ་བས་ཕྱུག་པ་ཡིན། །རྗེས་འབྲངས་ཆུ་ཀླུང་རྣམ་བཞི་རིང་དུ་འབབས། །ཞེས་པ་ལྟར་རྒྱུད་རྒྱལ་རྣམས་གྱི་གདམས་པའི་སྙིང་པོ་འཕགས་ཡུལ་པཎ་གྲུབ་རྣམས་ཀྱིས་སྲོལ་རྒྱས་བསྡུས་སྣ་ཚོགས་སུ་བཏོད་པའི་ནང་ནས་རྣལ་འབྱོར་དབང་ཕྱུག་བིཪྺ་པ་ལས་བརྒྱུད་པའི་ལམ་འབྲས་པའི་གུར་མགོན་ལོ་ཆེན་འབྲོག་མིས་བསྒྱུར་བ། བླ་མ་རྡོ་རྗེ་གདན་པ་ལས་བརྒྱུད་པ་སྒྲུབ་ཐབས་ཀུན་ལས་བཏུས་པ་ལུགས་ཀྱི་མགོན་པོ་བ་རི་ལོ་ཙཱ་བས་བསྒྱུར་བ། ཁ་ཆེའི་བསོད་སྙོམས་པ་ཆེན་པོ་པཎ་ཆེན་ཤཱཀྱ་ཤྲཱི་ལས་བརྒྱུད་པའི་མགོན་པོ་ས་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱིས་བསྒྱུར་བ། སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱི་གདམས་པ་ལོ་ཆེན་རིན་བཟང་གིས་བསྒྱུར་བ་མལ་ལོ་ཙཱ་བ་ནས་བརྒྱུད་པ་སྟེ་ལོ་པཎ་བཞི་ལས་བརྒྱུད་པའི་བཀའ་མ་ཆད་པའི་ཆུ་བོ་ཆེན་པོ་བཞིའི་རྒྱུན་ལྟར་བབས་པའི་རྒྱུ་མཚན་གྱིས་ཚར་པ་རྡོ་རྗེ་འཆང་གིས། དེང་ནས་དུས་ཀུན་རྒྱུད་རྒྱལ་ཀཻ་ལ་ཤ །སྙན་བརྒྱུད་ཚ་ཟེར་གྱིས་སྦྲན་གདམས་པའི་རྒྱུན། །མ་དྲོས་ཆུ་ཀླུང་ལས་འོངས་བཀའ་བབས་བཞིའི། །ཟབ་དོན་བདུད་རྩིས་བདག་རྒྱུད་ཚིམ་པར་ཤོག །ཅེས་གསུང་པ་ཡིན་ཞིང་། གྱི་ལྗང་ལུགས་ནི་ལོ་ཆེན་རིན་བཟང་ནས་མལ་ལོར་རྒྱུད་པ་མིན་ནའང་། སྟོད་ལུགས་སྨད་ལུགས་གཉིས་སུ་བྱུང་བའི་སྟོད་ལུགས་རྣམས་མལ་ལོ་ནས་བརྒྱུད་པ་ཡིན་པས་བཀའ་བབས་ཕྱི་མའི་ཁོངས་སུ་དོན་གྱིས་འདུ་ཞིང་། ལྷ་བཅུ་བདུན་མའི་དབང་ལོ་ཆེན་ནས་བརྒྱུད་པ་དང་གྱི་ལྗང་སྨད་ལུགས་ཀྱི་གདམས་སྐོར་རྣམས་རྗེ་བཙུན་གོང་མ་རྣམས་ལས་མ་བརྒྱུད་


GLG001_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་། བཞི་ཐོག་པ་སྔགས་འཆང་ཀུན་དགའ་ཟླ་བ་ནས་ས་ལུགས་སུ་བཀའ་བབས་པས་དེང་སང་མན་ངག་རྣམས་ཕྱོགས་གཅིག་ཏུ་མཛད་པ་ཡིན་ནོ། །དེ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཟབ་རྒྱས་ཀྱི་དབང་གིས་གདུང་བརྒྱུད་ཁོ་ནའི་སྙན་ནས་སྙན་དུ་བརྒྱུད་པ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་ཁུ་དབོན་ནས་བརྒྱུད་པ། སྦས་པའི་རྣལ་འབྱོར་རྡོ་རྗེ་རྒྱལ་མཚན་ནས་བརྒྱུད་པ། ངོར་རྫོང་གོང་དཀར་བ་གསུམ་སོ་སོར་བརྒྱུད་པ་གསུམ་ལས། ཡར་ཀླུངས་པ་དང་བར་སྡིངས་པ་གཉིས་སྙན་བརྒྱུད་ཀྱི་ཁོངས་སུ་བསྡུས་ཏེ་གཅིག་ཏུ་བྱས་ནས་ཞལ་ངོ་བརྒྱུད་པ་དང་། ངོར་རྫོང་གོང་གསུམ་ལ་སློབ་བརྒྱུད་དུ་བྱས་ཏེ་གདམས་ངག་གི་བཀའ་སྲོལ་འཛིན་པའི་རྗེས་འབྲང་བཞིར་མཛད་པའི། དང་པོ་ནི། དེང་སང་ཁའུ་བྲག་རྫོང་པ་མཚར་ལུགས་སུ་གྲགས་པ་འདི་ཉིད་ལ་བཀའ་བབས་ཤིང་། འོན་ཀྱང་ཐུན་མོང་བའི་གདམས་པ་རྣམས་ཀྱང་ཡོངས་སུ་རྫོགས་པར་མངའ་བས་ཁ་སྐོང་དཀར་ཆག་ཟབ་དོན་གསལ་སྒྲོན་ལས། ཁོ་བོས་རྒྱལ་ཁམས་ཡངས་པའི་ཕྱོགས་ཀུན་མྱུལ། །མཁས་གྲུབ་བླ་མ་མང་པོའི་ཞབས་པད་བསྟེན། །རང་གཞན་གདམས་པ་ཟབ་མོའི་གནས་ཀུན་ཤེས། །དག་དང་མ་དག་འབྱེད་པའི་སྤོབས་པ་ཐོབ། །ཁྱད་པར་ནག་པོ་ཆེན་པོའི་མན་ངག་ནི། །བརྒྱུད་ལྡན་བླ་མ་བཅུ་ཕྲག་གཅིག་ལ་ཞུས། །འགྲན་ཟླ་ཀུན་བྲལ་དྲིན་ཅན་རྡོ་རིང་པའི། །སྙན་བརྒྱུད་ཟབ་མོ་བུམ་པ་གང་བྱོར་ཐོབ། །ཨེ་ཝཾ་པ་ནི་བསྡུས་ལ་སྤྲོས་པ་ཆུང་། །མུས་སྲས་བ་ནི་དཀར་ཆག་ཁྲིགས་ཆགས་ཅན། །རྡོ་རྗེ་གདན་པ་འཆམས་དང་ནུས་པའི་བདག །ཁོ་བོས་ཐོབ་པའི་ཐུན་མོང་བརྒྱུད་པ་གསུམ། །ཞེས་གསུངས་པས་ཐུན་མོང་བའི་བརྒྱུད་པ་


GLG001_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་འོངས་པའི་དབང་རྗེས་གནང་ལུང་མན་ངག་དང་། གཙོ་བོར་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་མེ་འབར་དཀར་ཆག་ལས། བདག་ནི་ཆོས་སྐྱོང་མན་ངག་ལ། །མཁས་གྲགས་ཅུང་ཟད་ཡོད་པའི་ཕྱིར། །ཁམས་གཙང་དབུས་པའི་གྲྭ་པ་སོགས། །སྔོན་ཆད་སློབ་མ་མང་བྱུང་ཡང་། །ངེས་པར་སྣོད་དང་ལྡན་པ་དང་། །སྙིང་ནས་དད་ལྡན་མ་གྱུར་ཕྱིར། །སྙིང་པོ་གྱུར་པའི་མན་ངག་རྣམས། །ཡང་མཛོད་དམར་པོ་ཐུགས་དཀྱིལ་ལས། །གཞན་ནས་རྙེད་པར་མི་འགྱུར་བས། །དད་ལྡན་ཡོད་ན་བླང་བར་གྱིས། །ཞེས་དང་། བསམ་འཕེལ་ནོར་འཕྲེང་ལས། ཁྱད་པར་ས་སྐྱའི་བླ་ཆེན་ཐུགས་ཀྱི་བཅུད། །མཁས་གྲུབ་གཞན་གྱིས་མ་ཐོབ་གསང་ཆེན་མཆོག །གདུང་བརྒྱུད་གོང་མའི་སྙན་བརྒྱུད་ཡིད་བཞིན་ནོར། །ཞལ་ཤེས་ཕྱག་འཁྲིད་མ་ལུས་ལེགས་པར་སྣང་། །ཞེས་པ་ལྟར་འཁོན་གྱི་གདུང་བརྒྱུད་ཚང་དང་སློབ་མ་ས་སྐྱ་ཚང་ཀྱི་རྣ་བར་མ་གྲགས་པའི་རིན་ཅེན་སྒང་པ་སྒོས་ཀྱི་ཞལ་ངོ་ནང་བརྒྱུད་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་བྱིན་རླབས་རྗེས་གནང་ཉམས་ཁྲིད་མན་ངག་ཕྱག་ལེན་དམར་འཁྲིད་དང་། ཐུན་མོང་བ་ནོས་པའི་སྐོར་རྣམས་ལས། བཀའ་བབས་དང་པོ་གྲུབ་པའི་འཁོར་ལོས་སྒྱུར་བ་བིཪྺ་པ་ནས་བརྒྱུད་པའི་ནག་པོ་ཆེན་པོ་དཔའ་བོ་གཅིག་པའི་ཚོམ་བུ་དང་གཏོར་མ་ལ་བརྟེན་པའི་རྗེས་གནང་། བཀའ་བབས་གཉིས་པ་བླ་མ་རྡོ་རྗེ་གདན་པའི་སྒྲུབ་ཐབས་ཀུན་ལས་བཏུས་པའི་ལུགས་ཀྱི་མགོན་པོ་དཔའ་བོ་གཅིག་པའི་ཚོམ་བུའི་རྗེས་སུ་གནང་བ། བཀའ་བབས་གསུམ་པ་ལ་རྗེས་གནང་མེད་པས་འདིར་མ་སྨོས། བཀའ་བབས་བཞི་པ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱི་གདམས་པ་སྙིང་པོའི་མན་ངག་ཟབ་ཅིང་རྟོགས་བཀའ་བ་མཁས་


GLG001_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་ཕལ་གྱི་མིག་དང་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པ་གསང་ཆེན་གདམས་པའི་སྐོར་ལ། ཚད་མ་བཞི་དང་སྦྱར་ན་ཁོག་འབུབས་ལོ་རྒྱུས་རྣམས་ཀྱི་བླ་མ་ཚད་མ། ཉམས་འཁྲིད་དང་མངོན་སྤྱོད་དྲག་པོའི་ལས་སྦྱོར་སོགས་ཕྱག་ལེན་དམར་འཁྲིད་དུ་བསྟར་བ་ཉམས་མྱོང་ཚད་མ། རྒྱབ་རྟེན་གྱི་མན་ངག་བེ་བུམ་རྣམས་ཀྱི་བསྟན་བཅོས་ཚད་མ། བཤད་ཁུངས་ཀྱི་རྒྱུད་དང་རྒྱ་གཞུང་རྣམས་ཀྱི་ལུང་ཚད་མ་འགྱུར། གཙོ་བོར་སྙན་བརྒྱུད་བཞི་དང་སྦྱོར་དགོས་པ། དེ་ཡང་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་གསུང་སྒྲོས་སོགས་བརྒྱུད་ལྡན་གྱི་ཡི་གེ་མང་པོར་བྱིན་རླབས་ཆུ་བོའི་རྒྱུན་དང་འདྲ་བའི་བཀའ་མ་ནུབ་པ། གདམས་ངག་གསེར་འགྱུར་གྱི་རྩི་ལྟ་བུའི་ས་རྒ་མ་ལོག་པ། མོས་གུས་གཞོན་ནུའི་དགའ་བ་ལྟ་བུའི་བསམ་པ་ཚིམ་པ། ལོངས་སྤྱོད་ལྷ་འདོད་ཡོན་ལ་རྩེ་བ་ལྟ་བུའི་དཔལ་འབྱོར་གྱི་རྒྱུན་མ་ཉམས་པའམ། ལྷག་བསམ་རབ་དཀར་གྱི་དགོངས་འགྲེལ་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ་སོགས་བླ་མ་སྔ་ཕྱི་མང་པོའི་གསུང་སྒྲོས་སུ་གསུམ་པ་དང་བཞི་པ་གཉིས་གོ་ལྡོག་པ་དང་། ཡང་ན་བསམ་འཕེལ་ནོར་འཕྲེང་ལས། ཕྱི་ནང་གསང་བའི་མན་ངག་ཞུ་བའི་ཚེ། །ཚོགས་དང་གཏོར་མས་མཁའ་འགྲོ་མཉེས་པར་བྱས། །རིན་ཆེན་གསེར་གྱི་མཎྜལ་ལན་གསུམ་ཕུལ། །གསང་ཆེན་གྲུབ་མཐའ་འཛིན་པའི་དམ་བཅའ་བྱས། །ཞེས་པ་ལྟར་རྡོ་རྗེའི་སློབ་དཔོན་ཐུགས་གཏིང་ནས་མཉེས་པར་འགྱུར་བའི་སྙན་བརྒྱུད་དང་སྙན་བརྒྱུད་ཀྱི་རྒྱུ་ལ་མིང་བཏགས། པོའི་རྟེན་འབྲེལ་བསྒྲིགས་རྗེས། སྙན་བརྒྱུད་གཉིས། རྡོ་རྗེ་སློབ་དཔོན་ལ་ལྟོས་པའི་སྔོན་འགྲོའི་སྙན་བརྒྱུད། པ་དབང་རྗེས་གནང་བྱིན་རླབས་ཀྱི་བཀའ་ཆུ་བོའི་རྒྱུན་མ་ནུབ་པ། སྙན་བརྒྱུད་གསུམ། རྡོ་རྗེ་སློབ་


GLG001_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ལ་བལྟས་པའི་དངོས་གཞིའི་སྙན་བརྒྱུད། པ་མན་ངག་གསེར་འགྱུར་གྱི་རྩི་དང་འདྲ་བ་གདམས་པའི་སརྒ་མ་ལོག་པ་ཐོབ་པར་བརྟེན་ནས་སྙན་བརྒྱུད་བཞི། སྙན་བརྒྱུད་ཀྱི་འབྲས་བུ་ལ་མིང་བཏགས། པ་མོས་གུས་གཞོན་ནུའི་བདེ་བ་ལྟ་བུ་ཤུགས་ལ་འབྱུང་བའི་གོ་རིམ་མི་འདྲ་བ་གཉིས་སྣང་ནའང་དོན་ཀྱི་ཆ་ལ་ཁྱད་པར་མེད་ཅིང་འདིར་སྙན་བརྒྱུད་ཧ་ལ་ནག་པོའི་སྦྱར་བྱང་གི་རྗེས་སུ་འབྲངས་པ་ཡིན་ལ། དེ་ལྟར་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྙན་བརྒྱུད་གཉིས་པ་ལ་དབང་དང་རྗེས་གནང་གཉིས། དང་པོ་དབང་གི་བཀའ་མ་ནུབ་པ་ལ། འཇམ་དབྱངས་གྲགས་པའམ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བདུད་ལས་རྣམ་རྒྱལ་དང་དཀྱིལ་འཁོར་གྱི་ཆོ་ག་མགོན་པོ་རྣམ་རོལ་གཉིས་ལ་བརྟེན་ནས་བླ་མའི་ཕྱག་ལེན་བཞིན་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བྲམ་ཟེ་ཆེན་པོ་ནས་ཉེ་བར་བརྒྱུད་པའི་མགོན་པོ་གྲི་གུག་ལྷ་ལྔའི་རིག་པའི་དབང་ལྔ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་། བརྟན་བྱེད་དུ་ཆུའི་དབང་། སྔགས་ཀྱི་བཟླས་ལུང་དང་བཅས་པ། འཇམ་དབྱངས་གྲགས་པས་མཛད་པའི་མངོན་དཀྱིལ་བཤད་མ་ཐག་པའི་སྟེང་ནས་བླ་མ་མལ་ལོའི་བཞེད་པའི་ལྷ་བརྒྱད་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རིག་པའི་དབང་ལྔ་རྗེས་གནང་བཟླས་ལུང་དང་བཅས་པ། མངོན་དཀྱིལ་དེ་ཉིད་ལ་བརྟེན་ནས་བླ་མ་བྲག་སྟེང་པའི་བཞེད་པ་ལྷ་བཅུ་གཉིས་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རིག་པའི་དབང་ལྔ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་བཟླས་ལུང་དང་བཅས་པ། ཡིག་ཆ་དེ་ཁར་བརྟེན་ནས་དུར་ཁྲོད་ནག་པོའི་རྒྱུད་གྱི་རྗེས་སུ་འབྲངས་པའི་གྱི་ལྗང་ལུགས་ཀྱི་


GLG001_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ལྷ་བཅུ་བདུན་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཆུ། ཅོད་པན། རྡོར་དྲིལ་མིང་དབང་བཟླས་ལུང་དང་བཅས་པ་རྣམས་དཀྱིལ་ཆོག་ཏུ་ལུགས་གཉིས་གསུངས་པའི་རྒྱ་གཞུང་ལུགས་སོར་ནས། ཡང་མངོན་དཀྱིལ་གོང་མ་ལ་བརྟེན་ནས་སིནྡྷུ་རའི་དཀྱིལ་འཁོར་དུ་གྲི་གུག་ལྷ་ལྔའི་དབང་སྙན་བརྒྱུད་ལུགས་ལྟར་བཟླས་ལུང་ཡན་རྒྱ་གཞུང་བཞིན་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་། གསང་དབང་ཤེར་དབང་བཞི་པ་དང་བཅས་པ་རྣམས། གཉིས་པ་རྗེས་གནང་གི་བཀའ་མ་ནུབ་པ་ལ། བརྒྱུད་པའི་བཀའ་སྲོལ་ཡིག་ཆུང་གི་ཐོ་བཅོས་བསླད་མེད་པ་ལྟར་ལོ་ཆེན་གྱི་བཞེད་པ་གཙོ་བོར་གྱུར་པའི་ཐུན་མོང་བ་ལྕམ་དྲལ་ལྷ་གསུམ་སྦགས་ཏེ་བསྒྲུབ་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་། དཔལ་ལྡན་བླ་མ་དམ་པའི་ཕྱག་ལེན་ལ་གཞི་བྱས་རྒྱལ་ཚ་ལུང་མང་པོ་དང་བླ་མ་ཞང་སྟོན་ཁུ་དབོན་གྱི་ཕྱག་བཞེས་ཟིན་བྲིས་ཀྱིས་བརྒྱན་ཏེ་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་མཛད་པའི་ཡི་གེ་དང་བཤོམ་སོགས་མཐོང་བརྒྱུད་ཀྱི་བཀའ་སྲོལ་ལྟར་ལྷ་བརྒྱད་མཁའ་འགྲོ་སྦྲགས་སྒྲུབ་ཐུན་མོང་བའི་རྗེས་གནང་། ཡར་ཀླུངས་པའི་ཡི་གེ་དང་མགོན་པོ་རྣམ་རོལ་གྱི་མངོན་རྟོགས་ལྟར་མགོན་པོ་ལྷ་བཅུ་གཉིས་ཀྱི་ཐུན་མོང་བའི་རྗེས་གནང་། གཏོར་ཆོག་ཕོ་ཉ་མྱུར་མགྱོགས་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཐོ་ཡིག་བཞིན་དུས་གཅིག་ལ་ཆིག་བརྒྱུད་ལས་མི་གནང་བའི་ལྷ་བརྒྱད་གྱི་ཐུན་མོང་མ་ཡིན་པའི་རྗེས་གནང་། མགོན་པོ་རྣམ་རོལ་གྱི་མངོན་རྟོགས་དང་ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱི་ཐོ་ཡིག་ལྟར་དུས་གཅིག་ལ་ཆིག་བརྒྱུད་ཁོ་ནར་གནང་བའི་མགོན་པོ་ལྷ་བཅུ་གཉིས་མའི་ཐུན་མོང་མ་ཡིན་པའི་རྗེས་གནང་། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་ཐོ་ཡིག་ལྟར་


GLG001_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཁྲོ་བོ་བཅུའི་རྗེས་གནང་བཀའ་རྒྱ་དམ་པ། ཡར་ཀླུངས་པའི་རྗེས་གནང་གི་ཡི་གེར་ནང་གི་ལས་མཁན་གྱི་མངོན་རྟོགས་བསྣན་པའི་གསར་འཁྲིད་ཀྱི་སྨིན་བྱེད་མགོན་པོ་ལྷ་དགུའི་རྗེས་གནང་བཀའ་རྒྱ་དམ་པ། ཡིག་རྙིང་ལྟར་དཔལ་ལྡན་ལྷ་མོ་དུད་སོལ་མའི་ཕྱི་སྒྲུབ་ཐུན་མོང་གི་རྗེས་གནང་། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཐུན་མོང་མ་ཡིན་པ་ཞིག་འདུག་པ་མ་ཐོབ། རྔོག་སྟོན་བསོད་ནམས་བསྟན་འཛིན་གྱིས་མཛད་པའི་ཡི་གེ་ལྟར་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ཅན་གྱི་གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་བཀའ་རྒྱ་དམ་པ། ཚར་ཆེན་རྡོ་རྗེ་འཆང་གི་ཟིན་ཏོ་དང་བརྒྱུད་པའི་གསུང་སྒྲོས་ལྟར་ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན་གྱི་རྗེས་གནང་ཆིག་བརྒྱུད་མ། ཡང་བཤད་མ་ཐག་པའི་ཡི་གེ་གཉིས་དང་ཟངས་གྲི་སྐོར་གསུམ་གྱི་རྗེས་གནང་གི་ཟིན་བྲིས། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པར་བརྟེན་ནས་གཅེར་བུ་ཟངས་གྲི་ཅན་གྱི་རྗེས་གནང་། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པའི་ཡི་གེ་དང་གསུང་རྒྱུན་ཕྱག་བཞེས་ལྟར་གསང་བའི་ལས་མཁན་པུ་ཏྲ་མིང་སྲིང་གི་རྗེས་གནང་ཆིག་བརྒྱུད་མ། པུ་ཏྲའི་རྗེས་གནང་གི་ཆིངས་ལ་གཞི་མཛད་ཅུང་ཟད་མི་མཐུན་པ་བརྒྱུད་པའི་གསུང་སྒྲོས་ཀྱིས་བརྒྱན་ཏེ་རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོའི་ཐུན་མོང་གི་རྗེས་གནང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཡི་གེ་ལྟར་བྲན་བདུད་ཀྱི་ཐུན་མོང་མ་ཡིན་པའི་རྗེས་གནང་ཆིག་བརྒྱུད་མ་རྣམས་ལེགས་པར་ནོས་ནས། སྙན་བརྒྱུད་གསུམ་པ་གདམས་པའི་དངོས་གཞི་ལག་ལེན་དམར་འཁྲིད་ལ། དངོས་དང་རྒྱབ་རྟེན་ལུང་དང་འབྲེལ་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་གཉིས། དང་པོ་ལ།


GLG001_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རིང་པ་ཆེན་པོས་མཛད་པའི་ཕྱི་འཁྲིད་རྡོ་རྗེ་བྲག་རྫོང་མའི་ཡི་གེ་དང་དེའི་ལྷན་ཐབས་ཀྱི་ཚུལ་དུ་ཐམས་ཅད་མཁྱེན་པ་མཁྱེན་བརྩེས་མཛད་པའི་ཡི་གེ་གཉིས་ལ་གཞི་བྱས་ཡིག་ཆུང་ཟུར་འདེབས་དང་བརྒྱུད་པའི་ཞལ་ཤེས་ཀྱིས་བརྒྱན་ཏེ་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ། དངོས་གཞི་ཟབ་པའི་གནད་ལྔ་དང་ཁྱད་པར་གྱི་མན་ངག་མདེ་ཁ་བཏགས་པའི་སྒོ་ནས་བསྲུང་བ། སྤྱི་དང་བྱེ་བྲག་ཁྱད་པར་གསུམ་གྱི་སྒོ་ནས་བཟློག་པ། བསྟན་པའི་སྤྱི་དགྲ་དང་རྣལ་འབྱོར་སྒོས་དགྲ་བསྒྲལ་བའི་སྒོ་ནས་གསད་པ། རྫས་དང་དམིགས་པ་ལ་བརྟེན་པའི་མནན་པའི་དམིགས་འཁྲིད་རྣམས་དངོས་བསྟན་ཉམས་སུ་ལེན་དགོས་པ་ལ་ཉམས་འཁྲིད། མཚན་བཅས་རྫས་དང་འཁོར་ལོ་ལ་བརྟེན་པ་སོགས་ལ་ངོ་སྤྲོད་ཕྱག་བཞེས། ཁྱད་པར་ཐུན་མོང་མ་ཡིན་པའི་མན་ངག་གི་མདེ་ཁ་གདགས་པ་ལ་གསུམ་གྱི་ནང་དམ་ཚིག་གི་འཁོར་ལོ་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན་ཞེས་པ་རྣམ་རྟོག་བདུད་བཞི་བཅོམ་ནས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་སྒྲུབ་པའི་གསང་བའི་ཡང་སྙིང་ནི་འཁྲིད་ཞུ་བ་འགའ་ཞིག་ཡོད་ཀྱང་སྐལ་ལྡན་གྱི་སློབ་བུ་གཅིག་ལ་ཆིག་བརྒྱུད་དུ་སྟོན་པ། གོང་གི་ས་གཅད་ཀྱིས་མ་ཟིན་པའི་དྲག་པོ་སྔགས་རྒོད་ཀྱི་མན་ངག་གི་འཁྲིད། འདི་ལ་བརྟེན་ནས་བདག་ཆེན་རྡོ་རྗེ་འཆང་གིས་རྒྱ་འདྲེ་ཚར་གཅད་པའི་ལོ་རྒྱུས་ངོ་མཚར་བ་ཡང་ཡོད། ཕྱི་ནང་གསང་གསུམ་དུ་དབྱེ་ན་གདམས་པ་དངོས་གཞི་ཕྱིའི་བྲག་རྫོང་། དྲག་པོ་སྔགས་རྒོད་ནང་གི་བྲག་རྫོང་། ཡེ་ཤེས་ཀྱི་འཁོར་ལོ་གསང་བའི་བྲག་རྫོང་སྟེ་ཟབ་འཁྲིད་ཁ་ལག་ཚང་བའི་འདི་ནི་རྗེས་འབྲང་གི་མཁས་གྲུབ་ཕལ་


GLG001_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་ལ་མ་གྲགས་ཤིང་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་པའི་སློབ་བཤད་ཁོ་ན་ཡིན་པས། འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱིས། རྗེས་འབྲང་མཁས་དང་གྲུབ་པར་གྲགས་རྣམས་ལ། །ཐུན་མོང་གདམས་པའི་དཔལ་འབྱོར་མཐའ་ཡས་མོད། །གསང་ཆེན་སློབ་བཤད་བདུད་རྩིའི་ཐིགས་པ་འདི། །མཁས་རློམ་ཕལ་གྱི་རྣ་བའི་སྤྱོད་ཡུལ་མིན། །ཞེས་པ་ལྟར་ཟབ་གནད་རྣམས་གང་སྦས་སུ་མཛད་པ་ཆོས་ལ་དཔེ་མཁྱུད་མ་ཡིན་ནའང་། རྡོ་རིང་དབོན་པོ་ཀུན་རྒྱན་པས་རྗེ་བཙུན་ཀུན་སྤངས་ཆེན་པོའི་ཞབས་པད་མ་བསྟེན་པར་ལུགས་སྲོལ་འདི་ལ་ཟུར་ཟ་བའི་སྒོ་ནས་ཁོང་རང་ལ་ཀུན་སྤངས་ཆོས་རྗེའི་མན་ངག་ཟུར་པ་ཞིག་ཡོད་ཁུལ་མཛད་པ་སོགས་ཆོས་ལ་རས་ཆོས་འབྱུང་ཉེན་ཆེ་བར་དགོངས་ནས། ཇི་སྐད་དུ། སྔོན་ཆད་ཡི་གེ་མེད་པའི་སྙན་བརྒྱུད་དག །ཡི་གེར་བྲིས་འདི་རྣམ་པར་འཁྱམས་གྱུར་ན། །ཧམ་ཅན་ས་བརྫུས་འགའ་ཡིས་ང་མཁས་ཞེས། །ལུང་མེད་ཆོས་ཀྱིས་རྒྱལ་ཁམས་འགེངས་ཏ་རེ། །ཞེས་གསུང་བ་ཐུགས་ཤིན་ཏུ་མེད་པར་སྣང་ཞིང་ལ་ལ་དག་མན་ངག་འདི་འདྲ་གོང་མའི་དུས་མེད་སྙམ་པའི་ལོག་ལྟ་བྱེད་པ་ནི་ས་ཆེན་གྱིས་མཛད་པའི་ཚོགས་བདག་ལྟར་བསྒྲུབ་པ། སྒ་ཨཱ་ནན་དམ་པས་མཛད་པའི་ཤོག་ཧྲིལ་དྲུག་པའི་ནང་གི་གཉིས་པ་དང་རྦོད་གཏོང་བཟློག་པའི་ཞལ་ཤེས་སུ་ཕོ་ཉའི་སྤྲོ་བསྡུ་ཟུར་ཙམ་ལགས། རྒྱས་པ་བླ་མའི་ཞལ་ལས་དྲིས་ཞེས་སོགས་ས་བོན་ཙམ་ཡི་གེར་བྲིས་ནས་དངོས་གཞི་ཐུགས་ལ་གབ་པའི་རྣམ་རྟོག་ཙམ་ཡང་མ་ཤར་བའི་ཅལ་ཅོལ་སྨྲ་བ་ནི་ཆུ་ཤིང་ལྟ་བུའོ། །ཆོས་ལ་བཤད་སྒྲུབ་ཚུལ་བཞིན་དུ་བྱེད་ན། ཇི་སྐད་དུ། སྐྱེ་བ་གསུམ་གྱི་


GLG001_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ནས་གསོལ་བཏབ་ཅིང་། །ཚེ་འདིར་ལོངས་སྤྱོད་སྒྲུབ་པས་མཉེས་པར་བྱས། །དད་དང་སྙིང་རྗེ་ཤེས་རབ་མི་དམན་ལ། ཀུན་སྤངས་ཆོས་རྗེའི་བསྟན་ལ་ལྷག་པར་དད་། །སྟོན་དང་བསྟན་པ་གཞན་ནས་མི་འཚོལ་བར། །ཅི་མཛད་ཁྱེད་ཤེས་མོས་གུས་ལྡེ་མིག་གིས། །གསང་ཆེན་ཐུགས་ཀྱི་བང་མཛོད་སྒོ་ཕྱེ་ནས། །སྙན་བརྒྱུད་ཡིད་བཞིན་ནོར་བུ་ཁོ་བོས་རྙེད། །བཅོ་བརྒྱད་ལོ་ཡི་མཐའ་རུ་མ་སོན་བར། །དད་དང་སྐལ་ལྡན་གཞན་དང་གཞན་དག་ལ། །སྙན་བརྒྱུད་འདི་འདྲའི་མིང་ཡང་མ་བཤད་ན། །ཡོངས་རྫོགས་གདམས་པ་སྦྱིན་པར་ངས་མ་ཕོད། །ཅེས་གསུངས་པ་ལས་ཚར་ཆེན་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པར་འཁྲུངས་པའི་དུས། རྗེ་མཁྱེན་བརྩེ་རང་ཉིད་ནས་ཡར་བགྲངས་པའི་སྐྱེས་རབས་བཞི་པ་འཇམ་དབྱངས་དགག་པར་འཁྲུངས་དུས་ཟབ་ཆོས་རྣམས་གནང་བར་གསོལ་བ་བཏབ་པ་ལྟ་བུའི་ལས་སད་པ་ནི་རང་ཅག་མཐའ་དག་ལ་དཀའ་ན་ཡང་དེ་ཕྱིན་གྱི་དོན་རྣམས་གོང་འོག་གི་གདམས་པ་མཐའ་དག་གི་སྐབས་སུ་དྲན་པར་བྱས་ཏེ་སྙིང་གི་དཔལ་བེར་འཆང་བའི་འོས་སོ། །རྡོ་རྗེ་ནག་པོ་ཆེན་པོའི་ནང་འཁྲིད་དམ་གསང་འཁྲིད་དུ་གྲགས་པ་ནི་ནང་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་བསྒྲུབས་པས་ནང་སྒྲུབ། གསང་བ་སེམས་ཀྱི་གནད་ལ་བརྟེན་ནས་གསང་སྒྲུབས་པས་གསང་སྒྲུབ་དུ་གྲགས་ཤིང་། འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་པ་ལས་གཉིས་གའི་རྩ་བར་གྱུར་པ་གོང་མས་མཛད་པའི་མན་ངག་མདོར་བསྡུས། དེ་ཉིད་ཅུང་ཟད་རྒྱས་སུ་བཏང་བ་དམ་པས་མཛད་པ་དང་། གསང་རྟེན་ལུས་ལ་སྦ་བའི་ཡིག་ཆུང་རྣམས་དང་ཞལ་ཤེས་ལ་བརྟེན་ནས་ནང་འཁྲིད་ཐུན་མོང་བ་


GLG001_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱི་མཛད་པའི་བསྙེན་སྒྲུབ་ཐུན་མོང་མ་ཡིན་པའི་མན་ངག་འདི་ཡི་གེ་ནག་འགྲོས་ལྟ་བུར་བཀོད་པའི་ཐོག་མ་ཡིན་འདུག་པས། གསུང་ལས། གཞན་གྱིས་བསྐུལ་ཕྱིར་གཞན་ཕན་བསམ་པས་བྲིས། །སྙིགས་དུས་ནུབ་པར་དོགས་པས་འདིར་བརྗོད་བྱ། །ཞེས་དང་། དཔེ་འཁྱུད་མེད་པར་མ་བྲིས་ན་སྙིགས་དུས་སུ་སོང་བས་བརྗེད་པ་དང་ནུབ་ཀྱི་དོགས་ནས། ཡི་གེར་གསལ་པོར་འདྲི་བར་སྲུང་མ་རྣམས་ལ་ལོ་གསུམ་གྱི་བར་གསོལ་བ་བཏབ། ཅེས་སོགས་ལྟར། དེ་ཡན་ཆད་དུ་ཡི་གེར་གསལ་པོ་མེད་པར་ཤེས་ནུས། མལ་ལོའི་རྗེས་གནང་གི་ཐོར། མན་ངག་ཕྱི་སྒྲུབ་དང་ནང་ལུས་ལ་བརྟེན་པ་རྣམས་སྦྱིན་ཞེས་དང་། ས་ཆེན་གྱི་འབྱུང་ལུགས་གཏོར་མར་རང་ནང་གི་རྣལ་འབྱོར་པ་ཡིན་ན་བདག་ཉིད་ཀྱི་ལྟེ་བ་ཆོས་འབྱུང་གྲུ་གསུམ་ནང་དུ་བསྡུས་ལ་བཞག་ཅེས་གསང་རྟེན་ལུས་སྦའི་གནད་ཟབ་མོ་ཟུར་ཙམ་བསྟན་པ་སོགས་ཅུང་ཟད་མ་དགོངས་པ་འཁྲིད་བརྒྱའི་ནང་དུ། སྐྱེད་ཅིང་གསེད་ནས་ཕྱག་བཞིའི་སྲོག་ཐིག་ཕྱུང་། །གུར་ལའང་འདྲ་ཅོག་ཡར་ཀླུངས་པ་ཡིས་སྦྱར། །ཞེས་ཟུར་ཟ་མཛད་པ་ནི་རྗེ་བཙུན་གྲོལ་མཆོག་མཁས་གྲུབ་ཆེན་པོ་ཡིན་ཀྱང་ཕྱོགས་འདི་ལ་གཟིགས་པའི་དཀྱུས་ཐུང་བས་ཐུགས་སུ་མ་ཤོང་པའི་གསུང་ཙམ་མོ། །དེ་ཡང་ནང་འཁྲིད་ཀྱི་འཁྲིད་ཚུལ་ལ་ཕྱིའི་བྲག་རྫོང་གིས་བསྐྱེད་རིམ་དང་ནང་གསང་གི་བྲག་རྫོང་གིས་རྫོགས་རིམ་བྱས་པ། ཡང་བསྐྱེད་རིམ་གོང་ལྟར་ལ་རྫོགས་རིམ་ཡར་ཀླུངས་པ་ལུགས་ཀྱི་ནང་འཁྲིད་ཐུན་མོང་བས་བྱས་པ། ཡང་རྫོགས་རིམ་ཐུན་མོང་མ་ཡིན་པ་གསང་འཁྲིད་ཀྱིས་བྱས་པ་སོགས་ལུགས་གསུམ་ཙམ་ལས། །


GLG001_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི་གོང་དུ་སོང་ཟིན་པ་དང་། གསུམ་པ་སོང་ན་གཉིས་པའང་ཞར་ལ་འབྱུང་བས་རྗེ་བཙུན་རྡོ་རིང་པས་མཛད་པའི་འཁྲིད་ཡིག་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་འཁྲིད་ཡིག་ཡིད་བཞིན་ནོར་བུ་ལ་གཞི་བྱས་ཡིག་ཆུང་ཞལ་ཤེས་སོགས་ཀྱིས་ཁ་བསྐངས་ཏེ། སྔོན་འགྲོ་སྐྱབས་སེམས། ཡིག་བརྒྱ། བླ་མའི་རྣལ་འབྱོར། དངོས་གཞི་རྟེན་བསྐྱེད་པའི་རིམ་པ་འཁྲིད་གཞུང་དུའང་བཤད་ཀྱང་བྲག་རྫོང་མར་རྒྱས་པར་སོང་བས་ཡང་སྐྱོར་མ་དགོས། བརྟེན་པ་རྫོགས་པའི་རིམ་པ་རྡོ་རྗེའི་ལུས་ཀྱི་གནད་ཤེས་པ་ལ་བརྟེན་ནས་རང་སེམས་གསལ་སྟོང་ཟུང་འཇུག་གི་མགོན་པོ་མངོན་དུ་བྱ་བའི་ཉེ་ལམ་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་བསྙེན་པའི་དམིགས་རིམ། འཁོར་ལོ་ལྔ་ལྡན་དང་རྡོ་རྗེའི་བཟླས་པའི་སྒོ་ནས་བསྒྲུབ་པའམ་རྦད་པ། ལས་སྦྱོར་ཐུན་མོང་བ་བསྟན་པའི་སྤྱི་དགྲ་དང་རྣལ་འབྱོར་སྒོས་དགྲ་བསྒྲལ་བ། ཐུན་མོང་མ་ཡིན་པའི་འཁོར་ལོ་ལྔ་ལྡན་གྱི་འཁྲིད་དང་བཅས་པ་ཉམས་མྱོང་ཡིད་ཆེས་སུ་ལེགས་པར་ནོས། དེ་ཡང་ཟབ་ལམ་འདི་ལ་བརྟེན་ནས་གནས་སྐབས་ཀྱི་དངོས་གྲུབ་ཏུ་མ་ཟད་མཆོག་གི་དངོས་གྲུབ་ཀྱང་བདེ་བླག་ཏུ་བསྒྲུབ་ནུས་པས། མཁྱེན་བརྩེའི་ཞབས་ཀྱིས། ཟབ་ལས་ཆེས་ཟབ་གསང་ཆེན་སྙིང་པོའི་བཅུད། །དཀོན་ལས་ཆོས་དཀོན་ཡིད་བཞིན་རིན་ཅེན་དབང་། །མཆོག་ལས་ཆེས་མཆོག་སྙན་བརྒྱུད་གདམས་པ་འདི། །ས་སྐྱའི་རྗེ་བཙུན་ཐུགས་ཀྱི་ཉིང་ཁུ་ཡིན། །འདི་འདྲ་རྩེ་གཅིག་བསྒོམས་ན་ལྟ་ཅི་སྨོས། །ཐོས་པ་ཙམ་གྱིས་སྣང་སྲིད་འཁོར་འདས་ཆོས། །ཀུན་གྱི་རང་མཚང་རྗེན་པར་སྟོན་པའི་ཕྱིར། །ཟབ་པར་རློམ་པ་གཞན་གྱིས་


GLG001_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཟླ་མིན། །ཞེས་གསུངས་པ་དོན་ལ་གནས་ཤིང་། དཔེ་འདི་རང་གི་བསྟན་པ་འཛིན་ངེས་ལས། །གཞན་གྱི་རྣ་བར་མིང་ཙམ་མི་བསྒྲག་ཅིང་། །སྙིང་ནས་དད་ཀྱང་བསྟན་པ་མི་ཟིན་ན། །ཆོས་རྒྱུན་ཤོད་ལ་དཔེ་རྒྱུན་སྦ་བར་བྱོས། །ཞེས་པ་ཤིན་ཏུ་མང་བར་སྣང་བས་བླ་མ་དང་ཆོས་ལ་ཅི་ཡང་མ་བསམ་པར་ཆོས་སྐྱོང་གཉན་པ་དང་གདམས་པ་ཟབ་པའི་གྲགས་པ་ཙམ་ལ་བརྟེན་ནས་ཆོས་ཅི་ཐོབ་ཏུ་བྱེད་པར་འོང་བར་འདུག་པས་དེ་འདྲའི་རིགས་ལ་མི་སྨྲ་བའི་བརྟུལ་ཞུགས་འཆང་བ་སྙིང་ལ་བཅང་བར་བྱའོ། །གཉིས་པ་རྒྱབ་རྟེན་ལུང་དང་འབྲེལ་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་ལ། རྩ་བའི་ཡི་གེ་བདག་ཆེན་རྡོ་རྗེ་འཆང་ཆེན་པོས་དཀར་ཆག་བསྒྲིགས་པར་མཛད་པའི་མགོན་པོད་མེ་འབར་མའི་སྐོར། དེར་མ་འདུས་པའི་ཡན་ལག་གི་ཡི་གེའི་སྐོར་དང་གཉིས། དང་པོ་ནི། བདག་ཆེན་རྡོ་རྗེ་འཆང་གིས་ལྕམ་དྲལ་གྱི་ཆོས་སྐོར་གསན་པའི་ཡི་གེ་ཕལ་ཆེར་གླེགས་བམ་དུ་བསྒྲིགས་པར་མཛད་པ་དུས་རེ་ཞིག་ན་ཉང་སྟོད་རྒྱལ་མཁར་རྩེ་ནས་ས་སྐྱར་སྤྱན་དྲངས་ཚེ་ཆོམ་པོས་ཁྱེར་བར་གློ་བུར་དུ་མེ་འབར་ཞིང་སྒྲ་ཆེན་པོ་སྒྲོག་པ་དང་འཕར་བ་ལ་སོགས་བྱུང་བས་དེ་ནས་བཟུང་སྟེ་བུ་ཡིག་རྣམས་ལའང་མེ་འབར་མར་གྲགས་པའི་ཆོས་སྡེ་འདི་ལ། ཕྱི་ནང་གསང་བ་ཐུན་མོང་མ་ཡིན་པའི་སྐོར་དང་གསུམ། དང་པོ་ལ། ཡིད་ཆེས་བསྐྱེད་པ་ལོ་རྒྱུས། སྣོད་ལྡན་དུ་བསྒྲུབ་པ་རྗེས་གནང་གང་ལས་བྱུང་བའི་གཞིའི་རྒྱུད། རྩ་བའི་སྒྲུབ་ཡིག །དེ་དག་ལ་མཁོ་བའི་ལས་ཚོགས་ལྷན་ཐབས་དང་ལྔ། དང་པོ་ལ། རྡོ་རྗེ་གདན་གྱི་ཀ་བ་ནས་རྒྱལ་རིགས་པདྨ་བཛྲ་ཞེས་བྱ་བས་སྤྱན་༼མཆོད་རྟེན༽༼ཨེ༽༼མུ༽དྲངས་པའི་མགོན་པོ་འདི་ཉིད་གཏེར་ནས་འབྱུང་


GLG001_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལོ་རྒྱུས། འདི་ལས་མགོན་ཁོ་ནའི་ལོ་རྒྱུས་སུ་ངོར་རྫོང་སོགས་རྗེས་འབྲང་ཕལ་ཆེར་བཞེད་ཀྱང་མགོན་པོ་རང་ལ་རྒྱ་གར་དུ་བཀའ་གཏེར་གཉིས་བྱུང་བའི་བཀའ་མར་མ་ཟད་གཏེར་མ་སློབ་དཔོན་ཆེན་པོ་པདྨས་ཤར་ཕྱོགས་པ་དྷརྨ་པཱ་ལ་ལ་གནང་བ་ལོ་ཆེན་གྱིས་གསན་ཅིང་ཨོ་རྒྱན་ཆེན་པོས་བསམ་ཡས་སུ་གཏེར་དུ་སྦས་པ་ལྷ་བཙུན་གྱིས་བཏོན་པ་རྒྱ་གར་ནས་གདན་དྲངས་པའི་གཏེར་མ་དང་ཞུས་དག་ཕེར་བ་ལས་མགོན་མ་གཏོགས་མགོན་ཆེན་གྱི་སྐོར་མ་བྱུང་། རྒྱ་པདྨ་དབང་ཕྱུག་གི་གཏེར་མ་རྣམས་ནི་རྒྱལ་ཚ་ལུང་མང་པོ་ནས་བརྒྱུད་པ་མ་གཏོགས་ས་ཆེན་ཡབ་སྲས་གསུམ་ཡན་ལ་འོང་དོན་མེད་ལ། བརྒྱུད་པའི་སྐབས་གུར་མགོན་རང་ལ་བཀའ་གཏེར་གཉིས་འདྲེན་དང་། མེ་འབར་དཀར་ཆག་ན་མགོན་པོ་འདི་ཉིད་གཏེར་ནས་བྱུང་བའི་ལོ་རྒྱུས་ཞེས་གསུངས་པས་ལས་མགོན་ཁོ་ནའི་མིན་པར་ཤེས་ནུས་ལ། གསེར་པོད་ན་བཞུགས་པ་དང་ཚིག་རིགས་ཅུང་ཟད་མི་མཐུན་པར་སྣང་བ་དེར་ལྷད་ཞུགས་པར་མངོན་ཞིང་རྫོང་ཆུང་པ་དམ་པས་མཛད་པར་བཞེད་དོ། །བཀའ་མའི་ལོ་རྒྱུས་ཞེས་པ་ཆོས་སྐྱོང་གི་བརྒྱུད་པའི་ལོ་རྒྱུས་༼མཆོད་རྟེན༽ཐོ་ཙམ་བླ་མའི་གསུང་བཞིན་རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་གིས་ས་སྐྱ་དང་ཡར་ཀླུངས་ཕྱོགས་སུ་བྲིས་པ། གཉིས་པ་སྣོད་ལྡན་དུ་བསྒྲུབ་པ་རྗེས་གནང་ལ། འགོར་དཔལ་ནག་པོ་ཆེན་པོ་བསྟེན་པའི་གང་ཟག་དེས་ཞེས་ཡོད་པའི་ལྕམ་དྲལ་གྱི་རྗེས་གནང་༼མཆོད་རྟེན༽གི་ཐོ་བླ་མ་མལ་གྱིས་མཛད་པ་ལས་མཁན་གྱི་ཁྱད་པར་ནི་གུད་ན་མཆིས་སོ་ས་མ་པ་ཐའི་མཐའ་ཅན། ལྕམ་དྲལ་གྱི་རྗེས་གནང་གི་ཆོ་༼མཆོད་རྟེན༽༼ཨེ་མུ༽ག་ཉི་མས་བསྐུལ་ནས་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་གྱིས་མེ་ཡོས་སྨིན་དྲུག་ཟླ་བའི་ཚེས་བཅུ་དགུའི་ཉིན་བྱ་འདམ་གྱི་སའི་ཆར་མཛད་པ། ངོར་རྫོང་གཉིས་ཀྱི་བེ་བུམ་དུ་འདི་དང་ཚིག་མི་འདྲ་བ་འགའ་


GLG001_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རེ་འདུག་པ་ཞུས་དག་མ་སོང་བ་ཞིག་ནས་མཆེད་དམ་སྙམ། ནག་པོ་ཆེན་པོ་ལྕམ་དྲལ་གྱི་རྗེས་གནང་༼མཆོད་རྟེན༽བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསུང་ཞང་དཀོན་ཅོག་དཔལ་གྱིས་ཟིན་བྲིས་སུ་བྱས་པ་འདི་རྣམས་མི་ལ་མི་སྤེལ་བའི་བཀའ་རྒྱ་ཅན། གསེར་པོད་ཀྱི་དེ་ལྟར་བརྒྱད་དང་སྦྱར་བའི་འདི་དང་ཞུས་དག་ཡེ་མི་ཕེར་ཞིང་བརྗེད་ཐོ་ལྟ་བུའི་འདྲ་མིན་གཉིས་འདུག་པ་ཟུར་པ་ཞིག་ཡིན་པར་སྣང་ངོ་། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་རྗེས་གནང་གི་ཟུར་འདེབས་ཀྱི་མན་༼མཆོད་རྟེན༽ངག་སྙན་ནས་སྙན་དུ་བརྒྱུད་པ་ཟུར་ཁང་པ་སློབ་དཔོན་དཀོན་ཅོག་འོད་ཀྱིས་ཡི་གེར་བཀོད་པ། རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་རྗེས་གནང་གི་ཆིངས་༼མཆོད་རྟེན༽བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ཕྱག་ལེན་དུས་དང་མཐུན་པར་རྒྱས་བསྡུས་ཅི་རིགས་མཛད་ཀྱང་ལན་མང་དུ་མཛད་པར་བལྟས་ཤིང་དྲུང་གི་གསུང་ལས་ཟིན་བྲིས་སུ་ཡར་ཀླུངས་པ་ལྡོང་སྟོན་སེང་གེ་རྒྱལ་མཚན་གྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པར་སུག་བྲིས་མཛད་པ། དེས་མཛད་པའི་འགོར་བླ་མ་དམ་པ་ལ་ཕྱག་འཚལ་ལོ་དཔལ་མ་ཧཱ་ཀཱ་ལའི་རྗེས་གནང་གི་ཞེས་ཡོད་པའི་རྗེས་གནང་༼མཆོད་རྟེན༽གི་ཡི་གེ་འཆམ་སྐུ་མི་གཡོ་བར་གདའོའི་མཐའ་ཅན། དངོས་གཞི་ལྕམ་དྲལ་གྱི་རྗེས་གནང་ཡིན་འདུག་ཅིང་དེང་སང་ལྷ་བརྒྱད་ཐུན་མོང་མ་ཡིན་པར་མཛད་པའི་ཕྱག་ལེན་དང་ཕྱོགས་ཙམ་མཐུན་པར་ཚོགས་སྒོམ་པ་ནས་བརྒྱུད་པའང་བྲིས་འདུག་གོ །ལྕམ་བྲལ་གྱི་རྗེས་སུ་གནང་བའི་རིམ་པ་བླ་མ་༼མཆོད་རྟེན༽རྣམས་ཀྱིས་ཕྱག་ལེན་ཇི་ལྟར་མཛད་པ་བཞིན་དུ་དཔོན་ཤེས་རབ་བཟང་པོས་བསྐུལ་ནས་དམ་པ་ཀུན་དགའ་གྲགས་ཀྱིས་ཏྲེ་སྟོད་འབོམ་དགོན་པར་ཡི་གེར་བཀོད་པ། མཁན་ཆེན་ངག་དབང་ཆོས་གྲགས་ལྷ་བརྒྱད་མའི་རྗེས་གནང་གི་ཡི་གེར་ངོས་འཛིན་མཛད་པ་མདུན་དུ་བཀའ་སྡོད་རྣམས་སམ་ཞེས་པ་ལ་


GLG001_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་འདྲ། འགོར་ཁྱེད་རྣམས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས་ཞེས་ཡོད་པའི་དཔལ་མགོན་ལྕམ་དྲལ་གྱི་རྗེས་༼མཆོད་རྟེན༽༼ཨེ༽གནང་གི་བརྗེད་བྱང་གསེར་པོད་ན་ལོ་རྒྱུས་འདྲ་མིན་དང་གོ་རིམ་ཅུང་ཟད་མི་མཐུན་པ་སྣང་བ་ཡིག་སྐྱོན་དུ་མངོན། བཙུན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ། ཐུན་མོང་མ་ཡིན་པ་ལྷ་བརྒྱད་ཀྱི་རྗེས་གནང་བྱ་༼མཆོད་རྟེན༽ཐབས་རྒྱས་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་ལེན་མང་དུ་མཐོང་བ་ལ་གཞི་བྱས་ཞང་དང་བྲག་ཕུག་པའི་ཟིན་བྲིས་དང་། རྒྱལ་ཚ་ལུང་མང་པོའི་ཕྱག་ལེན་གྱིས་ཅུང་ཟད་བརྒྱན་ནས་བདག་ཅག་གི་བླ་མའི་གསུང་གིས་རྗེས་སུ་གནང་ཞིང་བཀས་བསྐུལ་བ་དང་། བཤེས་གཉེན་གྲོགས་མཆེད་དམ་པས་ནན་གྱིས་བསྐུལ་ནས་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་ཀླུའི་དགོན་པ་བདེ་ཆེན་དུ་སུག་བྲིས་སུ་མཛད་པ་རྣམས། གསུམ་པ་གང་ལས་བྱུང་བའི་གཞིའི་རྒྱུད་ནི། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀྱིལ་འཁོར་བསྡུས་༼མཆོད་རྟེན༽༼ཨེ༽པའི་རྟོག་པའི་ལེའུ་གླེགས་བམ་དུ་འདི་ཙམ་ལས་མགོན་པོ་མངོན་བྱུང་ནས་རིགས་དྲུག་གི་རྣམ་གཞག་བསྟན་པ་ཡིག་ཚེགས་དང་ཁྲོས་རྒྱུད་ཀྱི་ལེའུ་བཅུ་པར་བཤད་པ་སོགས་རྒྱུད་གཞན་རྣམས་དཔྱད་གཞིར་དགོངས་ནས་མ་བཀོད་དམ་སྙམ། བཅོ་ལྔ་པ་ལས་ཁོལ་དུ་ཕྱུང་བ་འདི་གྱི་ལྗང་པོ་ཏི་ན་ཡང་ཡོད། པཎྜི་ཏ་གྷ་ཡ་དྷ་ར་དང་ལོ་ཙཱ་བ་འབྲོག་མིའི་འགྱུར་ལས་བྲིས་པ། བཞི་པ་རྩ་བའི་སྒྲུབ་ཡིག་ལ། འཕགས་ཡུལ་གྱི་པཎ་གྲུབ་ཀྱིས་རྒྱུད་ལ་བརྟེན་པའི་སྒྲུབ་སྐོར། གངས་ཁྲོད་ཀྱི་སྐྱེས་ཆེན་རྣམས་ཀྱི་མཛད་པའི་སྒྲུབ་སྐོར་ཏེ་གཉིས། དང་པོ་ལ། འགོར་སྐད་ཤན་སྦྱར་དང་།


GLG001_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་གུས་སྙིང་རྗེར་ལྡན། །ཚུལ་ཁྲིམས་སྩོགས་ལྡན་བསྡུ་དངོས་བཞིས། །ཞེས་ཡོད་པའི་སྒྲུབ་༼མཆོད་རྟེན༽༼རྡོ་རྗེ༽ཐབས་རྒྱས། སྒྱུར་བྱེད་ཀྱི་ལོ་པཎ་མི་གཅིག་ཙམ་མ་གཏོགས་གྱི་ལྗང་པོ་ཏི་ན་ཡང་ཡོད་ཅིང་བིཪྺ་པའི་སློབ་མ་ནག་པོ་པར་བཀའ་སྡོད། ཚོགས་བདག །གཤིན་རྗེ། གནོད་སྦྱིན་ཏར་གྱི་ཕོ་རྐྱང་གི་སྒྲུབ་ལུགས་བཞི་བྲམ་ཟེ་ཆེན་པོས་གསན་པ་ཡིན། པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྒྱ་གར་གྱི་མཁན་པོ་ཤྲཱདྡྷ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཅེན་བཟང་པོས་བསྒྱུར་བ། ཡང་མཛད་པ་པོ་དང་སྒྱུར་བྱེད་ཀྱི་ལོ་པཎ་གོང་མ་ལྟར་གྱི་སྒྲུབ་ཐབས་༼མཆོད་རྟེན༽༼ཨེ༽བསྡུས་པ་འགོར་སྐད་ཤན་སྦྱར་དང་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་སྔར་གསུངས་པའི་ཆོ་གས་ཞེས་ཡོད་པ། དཀར་ཆག་ན་ཆུང་ངུ་ཟེར་བ་འདུག་ཅིང་གསེར་པོད་ཀྱི་དེ་ཡིག་སྐྱོན་ཡིན་ནམ་དབུ་ནས་ཅུང་ཟད་མ་མཐུན། འགོར་སྐད་ཤན་སྦྱར་དང་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གསུངས་པའི་རིམ་པས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ་ཞེས་༼མཆོད་རྟེན༽ཡོད་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཙཱ་བ་ག་རོད་ཀྱིས་བསྒྱུར་བ། འགོར་སྐད་ཤན་སྦྱར་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐོ་རེངས་མལ་ནས་ལངས་ནས་ཞེས་ཡོད་པའི་ནག་པོ་ཆེན་པོའི་སྒྲུབ་༼མཆོད་རྟེན༽ཐབས་བྱིན་གྱིས་བརླབ་པ་དང་བཅས་པ་སློབ་དཔོན་བསོད་སྙོམས་པས་མཛད་པ་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་དགེ་སློང་པྲ་ཛྙ་ཀཱིརྟིས་བསྒྱུར་བ། འགོར་སྐད་ཤན་སྦྱར་དང་དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ་དེ་ཁོ་ན་བཞིན་དུ་སྔོན་དུ་བསྟན་པའི་ཆོ་གས་ཞེས་ཡོད་པའི་སྒྲུབ་༼མཆོད་རྟེན༽༼མུ༽ཐབས་བྲམ་ཟེ་མཆོག་སྲིད་ཀྱིས་མཛད་པ་བ་རི་ལོ་ཙཱ་བས་བསྒྱུར་བ། འདི་དང་ལོ་ཆེན་གྱིས་བསྒྱུར་བའི་སྒྲུབ་ཐབས་ཆུང་བ་དང་ཀླུ་སྒྲུབ་ཀྱི་མཛད་


GLG001_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲུབ་ཐབས་གསུམ་འགྱུར་ཁྱད་ཙམ་མ་གཏོགས་དོན་གཅིག་ཅེས་བདག་ཆེན་རྡོ་རྗེ་འཆང་གསུང་ཁ་སྐོང་པོ་ཏི་ནའང་བཞུགས་སོ། །འགོར་སྐད་ཤན་སྦྱར་ཡོད་པའི་དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་དྲེགས་པ་ཟིལ་༼མཆོད་རྟེན༽༼རྒྱ༽གནོན་ཞེས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བསམ་ཡས་མཆིམས་ཕུར་མཛད་པ། འདི་རྒྱ་པདྨ་དབང་ཕྱུག་གིས་གཏེར་ནས་སྤྱན་དྲངས་པ་རྒྱལ་ཚ་ལུང་མང་པོ་ནས་བརྒྱུད་པ་མ་གཏོགས་རྗེ་བཙུན་གོང་མ་ནས་མ་བརྒྱུད་པས་བཀའ་གཏེར་གཉིས་མེད་དོ། །བྲམ་ཟེ་ཆེན་པོས་མཛད་པའི་མགོན་པོ་ལྷ་ལྔའི་དཀྱིལ་༼མཆོད་རྟེན༽༼རྡོ་རྗེ༽༼པྲ༽ཆོ་ག་པཎྜི་ཏ་གྷ་ཡ་དྷ་ར་དང་འགོས་ལོ་ཙཱ་བས་བསྒྱུར་བ། འགོར་སྐད་ཤན་སྦྱར་དང་སློབ་དཔོན་སྐུ་ལ་སྡོ་བྱེད་དང་ཞེས་ཡོད་པའི་དཔལ་ནག་པོ་ཆེན་པོ་སྲོག་གི་སྤུ་གྲིའི་སྒྲུབ་༼མཆོད་རྟེན༽ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་མལ་གྱི་ལོ་ཙཱ་བ་བློ་གྲོས་གྲགས་ཀྱིས་བསྒྱུར་བ་རྣམས། འགྱུར་བྱང་ཙམ་མ་གཏོག་གྱི་ལྗང་ནའང་ཡོད། གཉིས་པ་གངས་ཁྲོད་ཀྱི་སྐྱེས་ཆེན་རྣམས་ཀྱིས་མཛད་པའི་སྒྲུབ་སྐོར་ལ། རྐྱང་སྒྲུབ་དང་སྦྲགས་སྒྲུབ་གཉིས། མ་ཧཱ་ཀཱ་ལས་བྲམ་ཟེ་ཆེན་པོར་གནང་བའི་སྒྲུབ་ཐབས་གསུམ་ཞེས་པ་རང་ལུགས་ལ་ཕོ་རྐྱང་མོ་རྐྱང་སྦྲགས་སྒྲུབ་གསུམ་དུ་བཞེད། དང་པོ་ལ་ཕོ་རྐྱང་དུ་བསྒྲུབ་པ། བཀའ་སྡོད་ཚོགས་བདག་གཤིན་རྗེ། གནོད་སྦྱིན་ལྟར་སྒྲུབ་པ་བཞི་ཡོད་པ་ལྷའི་རྣམ་པ་མི་འདྲ་བ་བཞི་དང་བདག་མདུན་སོགས་ཀྱི་སྒོ་ནས་དབྱེ་བ་རང་ལུགས་སུ་བཞེད་ཅིང་། རྫོང་ཆུང་པ་གཤིན་རྗེ་དང་གནོད་སྦྱིན་ལྟར་སྒྲུབ་པའི་ཡི་གེ་ལོགས་སུ་མ་མཐོང་གསུང་བ་བྲག་སྟེང་པའི་སྒྲུབ་ལུགས་བཞི་དང་བླ་ཆེན་བསོད་བློའི་མན་ངག་ཚིགས་བཅད་མ་དམ་པའི་གཤིན་རྗེ་ལྟར་སྒྲུབ་པ་སོགས་མ་གཟིགས་པའི་སྐྱོན་ནོ། །མོ་རྐྱང་དུ་བསྒྲུབ་པ། འཁོར་རྐྱང་དུ་བསྒྲུབ་པ་དང་གསུམ། དང་པོ་ལ་འགོར་བླ་མ་


GLG001_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རྣམས་ལ་ཕྱག་འཚལ་ལོ་སྤྱིར་བྲམ་ཟེ་མཆོག་སྲེད་ཀྱི་མགོན་པོ་ལྕམ་བྲལ་སྒྲུབ་ལུགས་འདི་ལ་ཞེས་ཡོད་པའི་ཕོ་རྐྱང་༼མཆོད་རྟེན༽༼ཨེ༽༼མུ༽གི་སྒྲུབ་ཐབས་བོད་ཡིག་མར་གྲགས་པ། རྫོང་ཆུང་པས་དགྲ་དང་བགེགས་ལ་བྱ་བ་ཞེས་པ་ལས་མཛད་པ་པོ་ངོས་མ་ཟིན་པར་སྣང་ངོ་། །མལ་ལོ་ཆེན་པོས་མཛད་པ་ཕྱིས་ས་ཆེན་གྱིས་ཞུས་དག་མ་དམ་ཚིག་བསྲུང་བ་དང་འབད་པ་ཤིན་ཏུ་གལ་ཆེའོ་ཕོ་རྐྱང་དུ་བསྒྲུབ་པ་འོའི་མཐའ་ཅན། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་བརྒྱུད་པ་བཟང་ལྡན་མལ་གྱི་བུ་ཐུ་བོ་ཞེས་ཡོད་པའི་ཕོ་རྐྱང་གི་བསྙེན་སྒྲུབ་སྦྲགས་༼མཆོད་རྟེན༽༼ཨེ༽༼མུ༽ཏེ་བསྒྲུབ་པ། འདིའི་སྦྱར་བྱང་ན་པུཎྱ་བཛྲ་གྱིས་སྦྱར་ཟེར་བ་འདུག་ཅིང་མཁན་ཆེན་ངག་ཆོས་པའི་གསན་ཡིག་ནའང་དེ་ལྟར་སྣང་ལ། འཇམ་དབྱངས་མཁྱེན་བརྩེ། ལོ་པ་སྤྱན་སྔ། ཁྱབ་བདག་བཀའ་གྱུར་བ་གསུམ་གྱི་གསན་ཡིག་ན་དཀར་ཆག་སོར་གནས་བཞིན་མཛད་འདུག་པ་དོན་ལ་གཅིག །སེར་པོད་ན་ཁ་སྐོང་ནང་གི་ཕོ་རྐྱང་གི་སྒྲུབ་ཐབས་ཤོག་སྔོན་ཅན་གཉན་ཕུལ་བྱུང་བས་མཛད་པར་ངོས་བཟུང་ནས་འདི་ལ་རྐྱང་སྒྲུབ་ཀྱི་བསྙེན་སྒྲུབ་སྒྲགས་མ་ཞེས་པ་ལས་གཉན་ཕུལ་བྱུང་པས་མཛད་པའི་འཕྲོས་མི་འདུག་ལ། རྫོང་ཆུང་པའི་དེར་བགེགས་ལ་བྱ་བ་མན་ཆད་མ་ཚང་ཞིང་སློབ་དཔོན་རྩེ་མོས་མཛད་ཅེས་སྣང་ངོ་། །ས་ཆེན་གྱི་སློབ་མ་གཉན་ཕུལ་བྱུང་བས་མཛད་པ། འགོར་ཨོཾ་སྭ་སྟི་བླ་མ་དང་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་ཀ་ལའི་མན་ངག་ཡིག་རྙིང་སྔ་མའི་འཕྲོས་ཞེས་པ་དཀར་ཆག་དང་དཔེའི་ཞལ་བྱང་གཉིས་ཀར་སྣང་། ལ་ཞེས་དང་མཇུག་༼མཆོད་རྟེན༽ཏུ་ས་སྐྱ་ཇོ་སྲས་ཀྱི་ཡི་གེ་མན་ངག་རྙིང་པ་སྔ་མའི་འཕྲོས་ས་མ་པ་ཐའི་མཐའ་ཅན། འགོར་ཨོཾ་སྭ་སྟི་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་རྟེན་གྱི་གང་ཟག་དབང་བཞིས་སྣོད་དུ་རུང་བ་ཞེས་ཡོད་པའི་ནག་པོ་ཆེན་པོའི་འབྱུང་ལུགས་བསྟན་༼མཆོད་རྟེན༽ཅིང་གཏོར་མ་དང་པོའི་འཕྲོས་ཀྱི་ཡི་གེ་


GLG001_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་པའི་ཆ་ལག་གོང་མས་མཛད་པ་རྗེ་བཙུན་གྱི་བླ་དཔེ་ལས་བྲིས་པ། འགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ་བྷྲེ་དན་གྱི་ཡུལ་ན་བྲམ་ཟེ་མཆོག་སྲེད་ཅེས་ཡོད་པའི་ཚོགས་ཀྱི་བདག་༼མཆོད་རྟེན༽༼མུ༽པོའི་ཚུལ་དུ་སྒྲུབ་པའི་ཨུ་པ་དེ་ཤ་ས་ཆེན་གྱིས་མཛད་པ། མགོན་པོ་ཁྲོ་བཅུ་ཚོགས་བདག་ལྟར་སྒྲུབ་པར་ངོས་འཛིན་ཡང་། དེའི་རྗེས་གནང་གིས་མལ་ལོའི་ལུགས་ཀྱི་ཕོ་རྐྱང་ལ་རྗེས་གནང་མེད་པར་བཞེད་པ་ལ་མི་གནོད་པ་འདྲ་སྟེ། དེ་ནི་གཙོ་རྐྱང་ལ་དགོངས་ཀྱི་འདི་ནི་ཕོ་རྐྱང་གཙོ་འཁོར་སྦྲགས་སྒྲུབ་ཡིན་པས་སོ་སྙམ་ཞིང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ལྷག་བསམ་རབ་དཀར་གྱི་དྲི་ལན་དུ་སྦྲགས་སྒྲུབ་ཡིན་པས་སོ་རྗེ་ཚར་བ་གསུང་པའི་ངག་རྒྱུན་དེ་ལེགས་པོ་སྣང་ཞེས་པ་འདུག་ཀྱང་། ས་གཅད་དུ་རྐྱང་སྒྲུབ་སྦྲགས་སྒྲུབ་ཅེས་སོ་སོར་དབྱེ་བའི་དབང་དུ་སོང་ན་འདི་ལུགས་གཉིས་གང་དུའང་ངོས་འཛིན་དཀའ་བའི་དོགས་གནད་ཆེ་བ་ཞིག་འདུག་པ་འཇམ་མགོན་ས་སྐྱ་པའི་བསྟན་འཛིན་དུ་ཁུར་གྱིས་ལྕི་བ་རྣམས་ལྗགས་ཀྱི་དབང་པོ་རྐྱོང་བར་རིགས་སོ། །འགོར་བླ་མ་དང་དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ་ཚོགས་ཀྱི་བདག་པོའི་ཚུལ་དུ་སྒྲུབ་པའི་བསྙེན་སྒྲུབ་གཉིས་སྔོན་དུ་སོང་ནས་ལས་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽ལ་སྦྱར་ཞེས་ཡོད་པའི་མན་ངག་གི་ཡིག་རྙིང་། རྫོང་ཆུང་པ་སེར་བ་དབབ་པ་གཞུང་གི་ཡིག་སྣའི་ཞབས་ན་ཡོད་ཅེས་ལོགས་སུ་ངོས་བཟུང་བ་དེ་འདིའི་ནང་གི་དེའོ། །སེར་བ་བཅད་པའི་ལས་རྣམས་སྒྲུབ་ཐབས་ཉིད་ལས་བཙལ་རྫོང་ཆུང་བ་གསལ་ཞེས་སྒྲ་བཤད་དང་བཅས་གསུང་། ལོའི་མཐའ་ཅན། དེའི་གསང་ལས་འགོར་དཔལ་༼མཆོད་རྟེན༽༼རྡོ་རྗེ༽ནག་པོ་ཆེན་པོ་སྒྲུབ་པར་འདོད་པས་ཞེས་ཡོད་པའི་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱི་མན་


GLG001_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གསད་པའི་ལས་སྦྱོར་རོའི་མཐའ་ཅན། འགོར་མ་ཧཱ་ཀཱ་ལའི་བསྙེན་པ་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽ཡང་དང་པོ་ལྷག་པའི་ལྷ་གང་ཡང་རུང་བའི་བསྙེན་པ་སྔོན་དུ་འགྲོ་བར་བྱ་སྟེ་ཞེས་ཡོད་པའི་བཀའ་བསྒོའི་ཚུལ་དུ་སྒྲུབ་པ་བླ་མ་གོང་མས་མཛད་པ་སྒྲ་སྙན་གྱི་རྫས་རྫོགས་སོའི་མཐའ་ཅན། རྫོང་ཆུང་པ་འདིའི་ནང་གི་སྲེག་རྫས་ལ་བལ་ཏ་ཀའི་རྫས་དང་བཅས་བསད་སྨྱོ་དབྱེ་གསུམ་སོ་སོར་ཁ་བསྒྱུར་ཆོག་པ་བསྒྲུབ་ཐབས་ཉིད་ནས་གསལ་ཞེས་ཞལ་འཕངས་པ་འདིར་ངོས་བཟུང་འདུག །ཡང་དེས་མཛད་པའི་འགོར་དང་པོར་བདག་ཉིད་ཀྱིས་བསྙེན་སྔགས་དང་སྔགས་རིང་གཉིས་ཀ་ལ་བསྙེན་པ་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽བསྐྱལ་ཅེས་ཡོད་པའི་ལིང་ག་བསྲེགས་པའི་དུམ་བུ་ལམ་རྒྱ་གྲམ་དུ་མནན་ནོའི་མཐའ་ཅན། རྫོང་ཆུང་བས་ཆོས་ཚན་སྔོན་མ་དང་སྦྲེལ་འདུག །གོང་དཀར་བ་འདི་ལ་གིང་ག་སྲེག་ལུགས་སུ་ཆད། མའི་གདུང་༼མཆོད་རྟེན༽༼རྡོ་རྗེ༽ནད་ཀྱིས་གསད་པ། གཏོར་མ་༼མཆོད་རྟེན༽༼རྡོ་རྗེ༽ལ་བརྟེན་ནས་གསད་པ། ཏིང་ངེ་འཛིན་གྱིས་༼མཆོད་རྟེན༽༼རྡོ་རྗེ༽གསད་པ་སྟེ་དྲག་པོའི་ལས་སྦྱོར་གི་མན་ངག་བླ་མ་གོང་མས་མཛད་པ། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ནི་དང་པོར་རང་ཉིད་ལྷག་པའི་ལྷའི་ཞེས་ཡོད་པའི་ཕོ་རྐྱང་གི་ལས་༼མཆོད་རྟེན༽༼ཨེེ༽༼མུ༽བྱང་རྗེ་བཙུན་གྱིས་མཛད་པ་གསེར་པོད་ན་ལོ་ཆེན་གྱིས་མཛད་ཅེས་སྣང་ཞིང་རྫོང་ཆུང་བས་ཕོ་རྐྱང་གི་གཏོར་ཆོག་ཏུ་འབོད་ཅིང་ལས་བྱང་མི་ཟེར་བར་ལས་སྤངས་དེ་ཞེས་པ་དང་ཚོགས་བདག་གི་ཡིག་རྙིང་དུ་སྒྲུབ་ཐབས་གསུམ་གསུངས་པའི་འབྲིང་པོར་ངོས་བཟུང་འདུག་ཀྱང་བདག་ཆེན་རྡོ་རྗེ་འཆང་འབྲིང་པོ་ཞེས་པ་ཡིག་ནོར་ཡིན་གསུང་ངོ་། །ལས་བྱང་དེ་རྒྱུན་དུ་ཡི་དམ་བྱ་བ་མན་ངག་གོའི་མཐའ་ཅན་རྣམས། གཉིས་པ་མོ་རྐྱང་དུ་བསྒྲུབ་པ་ལ། ཞི་དྲག་གཉིས་ལས་ཞི་བ་ནང་པ་ལྟར་སྒྲུབ་པ་


GLG001_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །མོ་རྐྱང་དུ་སྒྲུབ་པ་ལ་གསུམ་སྟེ་ཞེས་ཡོད་པའི་མོ་རྐྱང་དུ་སྒྲུབ་པའི་གསལ་༼མཆོད་རྟེན༽༼ཨེ༽བྱེད་ཤཱཀྱའི་དགེ་སློང་པུཎྱ་བཛྲ་གྱིས་མཛད། གཉན་ཕུལ་བྱུང་བ་ཡིན། འགོར་མཁའ་འགྲོ་མ་དབང་དུ་བྱ་བར་འདོད་ན་ཞེས་ཡོད་པའི་མོ་རྐྱང་གི་བསྙེན་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽སྒྲུབ་མཁའ་འགྲོ་དབང་དུ་བྱ་བ་གོང་མས་མཛད་པ་ཁོའི་རྐྱེན་བཟློག་ཏུ་འགྲོ་བས་མི་བུལ་གསུང་པའི་མཐའ་ཅན། རྡོ་རྗེ་གདན་པའི་ཕྱག་དཔེར་རང་རྫི་ཕྱོགས་སུ་མི་བསྡོད་ཟེར་བ་ཡིན་པས་མི་འདུག་ཅིང་འདིའི་མཇུག་ན་ཡོད་པའི་མེའི་གདུང་བ་ཞེས་པ་སེར་པོད་ན་ཆོས་ཚན་ལོགས་སུ་ངོས་བཟུང་ཡོད་དོ། །འགོར་སྐད་ཤན་སྦྱར་དང་དཔལ་ལྡན་ལྷ་མོ་ནག་པོ་ལ་ཕྱག་འཚལ་ལོ་དཔལ་ལྡན་ལྷ་མོ་ནག་མོ་སྒྲུབ་པར་འདོད་པས་ཞེས་ཡོད་པའི་ལྷ་མོ་དྲག་མོ་ཕྱི་པ་མུ་སྟེགས་པ་ལྟར་༼མཆོད་རྟེན༽༼ཨེ༽༼རྡོ་རྗེ༽བསྒྲུབ་པ། འདི་ལ་དཀར་ཆག་ཏུ་ཕྱི་པ་མུ་སྟེགས་པ་ལྟར་སྒྲུབ་པ་ཞེས་གསུང་པ་རྫོང་ཆུང་པས་ཕྱི་སྒྲུབ་དང་ནང་སྒྲུབ་ཀྱི་ཁྱད་པར་ཡིན་ཞེས་ཟུར་ཟ་དང་གི་ལྗང་མ་གཏོགས་ལུགས་འདི་ལ་མེད་གསུངས་ཀྱང་དམ་པ་ཀུན་དགའ་དཔལ་གྱི་སྒྲུབ་ཡིག་དང་བླ་མ་གཟུངས་ཀྱི་དཔལ་བས་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་ལ་གནང་བའི་དྲི་ལན་གྱི་བརྗོད་དོན་མེ་འབར་དཀར་ཆག་དང་མཐུན་ཞིང་ལྷ་མོ་ལ་ཡང་བཀའ་སྡོད་ཚོགས་བདག །ཕྱི་པ། ནང་པ་ལྟར་སྒྲུབ་པ་སྟེ་ལུགས་བཞི་དང་ཕྱི་མ་གཉིས་ལ་སོ་སོར་འཇམ་རྩུབ་ཀྱི་སྒྲུབ་པ་དང་། ཡང་ནང་པ་ལ། འཇམ་པ་ཅུང་ཟད་འཇམ་པ། ཤིན་ཏུ་འཇམ་པའི་རྣམ་གཞག་ཀྱང་ཡོད་ཅིང་ལྷ་མོ་བདག་སྐྱེད་དུ་བྱེད་པ་ལོ་ཀ་ཤྲཱིའི་ཡི་གེ་འདི་མ་གཏོགས་མེད་པས་ཚོགས་བདག་ལྟར་སྒྲུབ་པ་ཞལ་གྱིས་བཞེད་ཕྱིན་རང་ཚིག་དང་ཡང་འགལ་བར་མངོན། གོང་དཀར་བའི་གསན་ཡིག་ན་མུ་སྟེགས་པ་ལྟར་སྒྲུབ་པ་འདི་ལ་ལྷ་མོའི་སྒྲུབ་ཐབས་ཟེར་བ་ཙམ་ལས་མི་སྣང་ངོ་། །རྒྱ་གར་གྱི་སློབ་དཔོན་ཆེན་པོ་བྲམ་ཟེ་


GLG001_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྲེད་ཀྱི་མཛད་པ་སློབ་དཔོན་ལོ་ཀ་ཤྲིས་བསྒྱུར་བ་རྣམས། གསུམ་པ་འཁོར་རྐྱང་དུ་སྒྲུབ་པ་ནི་དཀར་ཆག་ཏུ་གཙོ་འཁོར་ཅི་ཁྱད་ནས་འོག་ཏུ་འཆད་གསུང་བའི་རྗེས་སུ་འབྲངས་ཏེ། གཉིས་པ་སྦྲགས་སྒྲུབ་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་དང་པོ་ལ་ཐུན་མོང་བ་ལྕམ་དྲལ་ལྟར་སྦྲགས་རྡོ་རྗེ་གདན་པའི་གསན་ཡིག་ན་ལྷ་གསུམ་མའི་བསྙེན་སྒྲུབ་ལས་གསུམ་ཞེས་པ་སྣང་། ཏེ་སྒྲུབ་པ་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽བླ་མའི་གསུང་ལས་ཇི་ལྟར་གྱུར་བ་བཞིན་གཞན་གྱིས་གསལ་བ་བཏབ་པའི་ངོར་དགེ་ཚུལ་རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན། འཕགས་པ་རིན་པོ་ཆེ། དཔལ་བཟང་པོས་ཆུ་ཕོ་བྱི་བའི་ལོ་གདུ་བུའི་ཟླ་བ་ལ་བྱང་ངོས་སུ་སྦྱར་བ། དེས་རྒྱལ་བུ་ཇི་གིན་གྱི་དོན་དུ་མཛད་༼མཆོད་རྟེན༽༼མུ༽པའི་ལྕམ་དྲལ་གྱི་གཏོར་ཆོག །གཉིས་པ་ཐུན་མོང་མ་ཡིན་པ་ལ། ལྷ་བརྒྱད་ཀྱི་བསྙེན་པ་བྱེད་ཐབས་༼མཆོད་རྟེན༽༼མུ༽༼པྲ༽ཐུན་མོང་མ་ཡིན་པ་གསང་བའི་མན་ངག་མ་ལོ་པས་མཛད་པ། རྫོང་ཆུང་བ་ལྷ་བརྒྱད་མའམ་བཅུ་གཉིས་མའི་མངོན་རྟོགས་ཞེས་འདམ་ཁར་བཞེད་ཅིང་། འགའ་ཞིག་བུ་ལུང་ཀུན་རྡོར་གྱིས་མཛད་གསུང་ཡང་རང་ལུགས་ལ་མི་བཞེད། དེ་ལ་ཉེ་བར་མཁོ་བ་འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་མཁའ་འགྲོ་མ་རྣམ་པ་གཉིས་ལས་མཁན་དང་བཅས་པ་བཀའ་སྡོད་དུ་སྒྲུབ་པའི་དུས་སུ་ཞེས་ཡོད་པའི་སྒྲུབ་པ་དང་༼མཆོད་རྟེན༽༼མུ༽ལས་སྦྱོར་སྟོན་པའི་བཀའ་སྡོད་ཀྱི་ཡི་གེ་དགོས་ཤིང་གཅེས་ནས་བཏབ་པ་ཡིན་ས་མ་པ་ཐ་མིའི་མཐའ་ཅན། འདི་ལྷག་བསམ་རབ་དཀར་གྱི་དྲི་ལན་མལ་དཔོན་གྱིས་མཛད་ཅེས་སྣང་ཞིང་རྫོང་ཆུང་པའི་དཀར་ཆག་ན་སྦྲགས་སྒྲུབ་ཀྱི་ཟིན་བྲིས་ཟེར་བ་འདུག་ཅིང་མཇུག་ན་བོད་རྦད་བསད་གསུམ་དྲིལ་བ་ཞེས་པའི་ཡིག་ཆུང་ཞིག་བཏགས་འདུག །དཀྱིལ་འཁོར་ལ་བརྟེན་ནས་རྩུབ་


GLG001_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་༼མཆོད་རྟེན༽༼རྡོ་རྗེ༽སུ་སྒྲུབ། འདི་ལ་རྡོ་རྗེ་གདན་པའི་གསན་ཡིག་ཏུ་བོད་རྦད་གསང་གསུམ། ཐུན། ཕུར་པ། བ་དན། དམ་ཤིང་། ཟོར། སྦྱིན་སྲེག་དང་ག་གིས་གསད་པ་དྲུག་འཕྲལ་ནས་མཛད་འདུག །པ་འགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ་མཁའ་འགྲོ་སྦྲགས་ཏེ་སྒྲུབ་པའི་མན་ངག་བརྗོད་པར་བྱའོ་ཞེས་ཡོད་པ་ཤཱཀྱའི་དགེ་སློང་ཐེག་པ་མཆོག་གི་རྣལ་འབྱོར་པ་བློ་གྲོས་སེང་གེས་མཛད་པ། མལ་ལོའི་དབོན་པོ་ཡིན། འདི་མལ་དང་འཕགས་པའི་དུས་གང་དུ་བྱུང་དཔྱད་དགོས་འདུག་གོ །འགོར་ན་མོ་གུ་རུ་བྷྱཿན་མོ་མཧཱ་ཀཱ་ལཱ་ཡ་སྤྱིར་བྲམ་ཟེ་མཆོག་སྲེད་ཀྱི་མགོན་པོ་ལྕམ་དྲལ་བསྒྲུབ་༼མཆོད་རྟེན༽༼ཨེ༽༼རྡོ་རྗེ༽ལུགས་ལ་ཞེས་ཡོད་པའི་ལུགས་བརྒྱད་ཀྱི་བསྒྲུབ་ཚུལ། རྡོ་རྗེ་གདན་པའི་གསན་ཡིག་ན་རྫས་དང་ལོངས་སྤྱོད་བསྲུང་བ། དངོས་གྲུབ་སྒྲུབ་པ། འཁུ་ལྡོག་སྤང་བ་ཞེས་བརྗོད་དོན་གསལ་བར་སྣང་ཞིང་གཙོ་འཁོར་སྦྲགས་སྒྲུབ་ཏུའང་བཞེད། རྫོང་པ་རྣམས་འདི་བཞི་དྲིལ་བར་ཡིག་སྣ་ཆེན་མོ་ཞེས་དཔེ་ཚན་གཅིག་ཏུ་བཞེད་པ་དོན་ལ་གནས་སོ། །མྱུར་བར་འདོད་པའི་ལས་ལ་རྩུབ་དང་བསྡོས་ཏེ་ལས་ལ་སྦྱར་བས་ཟླ་བ་ཕྱེད་ཀྱིས་རྩལ་ཆེན་རྫོགས་པའི་མན་ངག་རྗེ་ས་ཆེན་གྱིས་མཛད་པ། དེས་མཛད་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽པའི་འགོར་འཇམ་ཞིང་ཞི་བའི་ལས་ལ་ཡུན་བསྲིངས་ཏེ་བསྒྲུབ་པ་ལ་ཡང་ཞེས་ཡོད་པའི་ཞི་བའི་ལས་དམ་པ་རྫོགས་སོའི་མཐའ་ཅན། རྡོ་རྗེ་གདན་པའི་གསན་ཡིག་འདི་ལ་མོ་རྐྱང་དུ་བསྒྲུབ་པའི་ཐ་སྙད་མཛད་འདུག །དེས་མཛད་པའི་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽འགོར་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་ཤིན་ཏུ་མྱུར་བའི་ལས་ལ་ཞག་བདུན་གྱི་རྩལ་ཆེན་རྫོགས་པ་ནི་ཞེས་ཡོད་པ་བཟློག་པའི་ཉེན་ཡོད་པས་ཟབ་པར་བྱའོའི་མཐའ་ཅན། དེས་མཛད་༼མཆོད་རྟེན༽༼མུ༽པའི་འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་རྒྱུན་དུ་བསྟེན་པའི་ལས་ལ་


GLG001_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་དྲག་ཕྱེད་མས་སྒྲུབ་པ་ནི་ཞེས་ཡོད་པ་སྒྲུབ་ལུགས་འཇམ་པ་དང་འདྲའོའི་མཐའ་ཅན། འགོར་ཨོཾ་སྭ་སྟི་སིདྡྷཾ་བླ་མ་རྣམས་དང་ཡི་དམ་ལྷ་ཞེས་ཡོད་པའི་བརྒྱད་སྦྲགས་སྒྲུབ་རྒྱས་༼མཆོད་རྟེན༽༼ཨེ༽༼མུ༽པ་ས་པཎ་གྱི་དངོས་སློབ་ཧོར་དམག་བཟློག་མཁན་དུ་གྲགས་པ་འོད་ལྡན་དཔལ་གྱིས་མཛད་པ་ཤིན་ཏུ་དག་པར་བྲིས་པ་ཡིན་པར་ཤེས་པར་བྱའི་ས་མ་པ་ཐ་མི་ཐའི་མཐའ་ཅན། འདི་ལྟར་ཡིན་ཚུལ་བདག་ཆེན་བཞི་ཐོག་པ་ཀུན་དགའ་དབང་ཕྱུག་གསུང་ལ། མུས་སྲད་པ་སོགས་ལ་ལ་དམ་པས་མཛད་པར་བཞེད་ཅིང་སེར་པོད་ན་གཟུངས་པས་མཛད་ཟེར་བ་འདུག་ཀྱང་བླ་ཆེན་བསོད་བློའི་མན་ངག་ཚིགས་བཅད་ཀྱིས་མིན་པར་ཤེས་ནུས་སོ། །འགོར་ན་མོ་གུ་རུ་སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར་དཔལ་ལྡན་བླ་མ་དམ་པ། ཞེས་ཡོད་པའི་ལྕམ་དྲལ་སྦྲགས་ཏེ་སྒྲུབ་པའི་ལག་ལེན་དཔལ་༼མཆོད་རྟེན༽ས་སྐྱ་པ་ལས་བརྒྱུད་པའི་མན་ངག་དམ་པའི་དབོན་པོ་འདན་མ་ཀུན་དགའ་དཔལ་གྱིས་མཛད་པ། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་སྤྱིར་འདི་ལ་གཉིས་ལས་འདི་ནི་མྱུར་བར་འདོད་པས་རྩུབ་དང་བསྡོས་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽ནས་ལས་ལ་སྦྱོར་བའོ་ཞེས་ཡོད་པའི་རྩུབ་ལུགས་སུ་སྒྲུབ་པ་བླ་མ་གོང་མས་མཛད་པ། དེས་མཛད་པའི་རྟེན་གྱི་དཀྱིལ་འཁོར་དང་བསྐྱེད་པ་རྟེན་གྱི་འཁོར་ལོ་མི་དགོས་པར་གསད་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽པ་ལས་ཁུང་ལ་བརྟེན་ནས་ཤིན་ཏུ་རྩུབ་ལུགས་སུ་སྒྲུབ་པ། དེས་མཛད་༼མཆོད་རྟེན༽༼མུ༽པ་འགོར་དཀྱིལ་འཁོར་ལ་མི་བརྟེན་པའི་དུས་སུ་དཀྱིལ་འཁོར་ལ་བྱུག་པ་ཁྲག་དང་དུར་ཁྲོད་གྱི་སོལ་བ་ཞེས་ཡོད་པའི་དཀྱིལ་འཁོར་ལ་མི་བརྟེན་པའི་ལུགས། དེས་མཛད་པ་འགོར་ཨོཾ་སྭ་སྟི་ནག་པོ་ཆེན་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽པོའི་མན་ངག་ནི། མཎྜལ་ཟུར་དྲུག་འཁོར་ལོ་བྲི་ཞེས་ཡོད་པའི་དཀྱིལ་འཁོར་ལ་


GLG001_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་འཇམ་ཞིང་ཞི་བའི་ལུགས། རྫོང་ཆུང་པའི་ཡི་གེ་དང་བཟླས་པས་ཀྱང་འགྲུབ་བོ་ཡན་མཐུན་དེ་མན་མི་གཅིག་པར་འདུག །སེར་པོད་དཀར་ཆག་གི་འཇམ་ཞིའི་སྒྲུབ་པ་ཟེར་བའི་མོ་རྐྱང་གི་སྒྲུབ་པ་ཞིག་འདུག་པ་འདིའི་མཇུག་གི་ཡང་གསུམ་སྟེ་རྟེན་བཅའ་༼ཨ༽བ་བསྙེན་སྒྲུབ་སྦྲགས་མ་ཞེས་སོགས་ལ་ངོས་བཟུང་བའི་བར་སྐབས་སུ་ཚིག་སྣ་ཅུང་ཟད་རིང་བའི་འདྲ་མིན་ཕྲན་བུ་ཡོད་པའི་ཆོས་ཚན་ཟུར་པ་ཞིག་སྣང་ལ། དབུ་ནས་ཡིག་འཕྲེང་གཅིག་ཙམ་མ་གཏོགས་ཞུས་དག་ཕེར་༼མུ༽པ་རྫོང་ཆུང་པའི་གླེགས་བམ་དུ་དཀྱིལ་འཁོར་ལ་བརྟེན་པའི་འཇམ་པོར་སྒྲུབ་པའི་ཡི་གེ་ཆུང་ངུ་ཞེས་སྣང་། རྡོ་རྗེ་གདན་པའི་ཕྱག་དཔེ་དག་མེ་འབར་མ་ཞུས་དག་ཕེར། ལྷ་བརྒྱད་ཐུན་མོང་མ་ཡིན་པའི་གཏོར་ཆོག་དྲུང་༼མཆོད་རྟེན༽ཆོས་རྗེའི་ཕྱག་ལེན་ལ་གཙོ་བོར་བྱས། རྒྱལ་ཚ་ལུང་མང་པོ་ཁུ་དབོན་གྱི་མན་ངག་མ་སྦས་པར་ཤིང་ཕོ་སྟག་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ལ་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་ཆོས་གྲྭ་རྩེས་ཐང་དཔལ་གྱི་སྡེ་ཆེན་དུ་ཡི་གེར་མཛད་པ་རྣམས། ས་གཅད་གོང་མའི་གསུམ་པ་འཁོར་རྐྱང་དུ་བསྒྲུབ་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། ཐུན་མོང་མ་ཡིན་པ་ལ་ཕྱི་ནང་གསང་བ། རུ་མཚོན། གྷཎྜི། སྲོག་གི་ལས་མཁན་ཏེ་དྲུག་ཡོད་པར་བཤད་ཅིང་། པུ་ཏྲ་ལ་ཡང་གསང་བ། བདུད། རྒྱལ་འབུད་མོན་བུ་སྟེ་སོ་སོར་ཡོད་དོ། །གསང་བའི་ལས་མཁན་པུ་ཏྲཱ་མིང་སྲིང་གི་རྗེས་༼མཆོད་རྟེན༽༼ཨེ༽༼མུ༽གནང་བླ་མའི་གསུང་གི་བདུད་རྩི་སྙན་ནས་རིམ་པར་བརྒྱུད་པ་སློབ་མས་བསྐུལ་བའི་ངོར་སྒ་ཨཱ་ནན་དམ་པས་བཀོད་པ། རྗེས་གནང་གི་ཟིན་བྲིས་བསྡུས་པ་བླ་༼མཆོད་རྟེན༽མའི་ཕྱག་ལེན་ཕྲི་བསྣན་སྤངས་ཏེ་ཟིན་བྲིས་ཙམ་དུ་སེང་གེ་རྒྱལ་མཚན་དཔལ་གྱི་མིང་གིས་གསར་དུ་བྲིས་ལ་དག་པར་ཞུས་སོའི་མཐའ་ཅན། རྗེས་གནང་གི་ཟིན་བྲིས་༼མཆོད་རྟེན༽རྒྱས་པ་དམ་པ་ཀུན་


GLG001_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་གྲགས་ཀྱི་ཡི་གེའི་སྟེང་དུ་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་ལེན་ཡི་གེར་མི་གསལ་བའི་ཟིན་བྲིས་ལོགས་གཅིག་ཏུ་བྱས་པའི་ཡིག་རྙིང་དང་སྦྱར་ནས་བཤེས་གཉེན་གྲོགས་དམ་པའི་གསུང་གི་ངོར་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་རྒྱལ་ཚ་ལུང་མང་པོའི་དབེན་གནས་ཀླུའི་དགོན་པ་ཤུག་ར་བདེ་ཆེན་དུ་བྲིས་པ། འགོར་བསམ་ཡས་ལ་སོགས་གཙུག་ལག་ཁང་ཞེས་ཡོད་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་པུ་ཏྲའི་སྒྲུབ་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽༼ལྷ༽ཐབས་བསམ་ཡས་ཀྱི་ཀ་བའི་འོག་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གཏེར་ནས་བཏོན་པ། འདི་དང་ཞུས་དག་ཕེར་བ་ཞིག་ལོ་ཆེན་གྱིས་རྒྱ་གར་ནས་གདན་དྲངས་པས་བཀའ་གཏེར་གཉིས་སུ་མཛད་པ་ཡིན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་དཔལ་ནག་པོ་ལྕམ་དྲལ་གྱི་བཀའ་བྲན་པུ་ཏྲ་ཕོ་མོ་ཞེས་ཡོད་པའི་སྒྲུབ་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽ཐབས་བསྡུས་པ་ས་ཆེན་གྱིས་མཛད་པ་རེ་རེ་ལ་བཀའ་རྒྱས་ཐོབ་ལ་སྦྱིན་ནོའི་མཐའ་ཅན། རྡོ་རྗེ་གདན་པའི་གསན་ཡིག་ན་བཀའ་ཉན་ཕོ་མོ་གསེར་གྱི་སྤུ་གྲི་ཅན་གྱི་མན་ངག་ཅེས་སྣང་ཞིང་རྫོང་ཆུང་པ་ནོར་བསྲུང་གནོད་སྦྱིན་དང་གསང་བ་གཤིན་རྗེའི་ཚུལ་དུ་སྒྲུབ་པའི་ཡིག་རྙིང་ཞེས་པ་ཙམ་ལས་མཛད་པ་པོ་མི་གསལ་འདུག །འདི་ལ་འདུན་པའི་སློབ་མས་གསོལ་བ་བཏབ་པའི་ངོར་དམ་པ་ཀུན་དགའ་གྲགས་ཀྱིས་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽མཛད་པའི་དོན་ཊཱི་ཀ་གསལ་བར་བྱས་པའི་སྒྲུབ་ཐབས་ཤིན་ཏུ་རྒྱས་པ། རྫོང་ཆུང་པ་འདི་སློབ་དཔོན་རྩེ་མོས་མཛད་པར་བཞེད་དོ། །དེས་མཛད་པའི་སྒྲུབ་ཐབས་འབྲིང་པོ་བཤན་༼མཆོད་རྟེན༽༼ཨེ༽༼རྡོ་རྗེ༽པ་ལྕམ་དྲལ་གྱི་ཆོ་གའི་གསལ་བྱེད་དབུ་ན་ལོ་རྒྱུས་ཡོད་པ། དེས་མཛད་པའི་པུ་ཏྲའི་བསྟོད་པ་༼མཆོད་རྟེན༽


GLG001_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམས་ཀུན་བྱེད་མ། དེས་བླ་མའི་གསུང་༼མཆོད་རྟེན༽༼མུ༽བཞིན་སྦྱར་བའི་འགོར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་ཞེས་པའི་སྒྲུབ་ཐབས་བསྡུས་པ། དྲག་པོའི་བསྟོད་བསྐུལ་༼མཆོད་རྟེན༽མོན་བུ་པུ་ཏྲ་ནག་བསྐྱོད་མ་མལ་ལོ་ཙཱ་བས་མཛད་པ། འགོར་ཧོ་མོན་བུ་པུ་ཏྲ་སྤུན་གཉིས་ཞེས་ཡོད་པའི་དམོད་༼མཆོད་རྟེན༽བཅོལ་གོང་མས་མཛད་པའི་ཚིག་ལྷུག །པུ་ཏྲ་མིང་སྲིང་གི་༼མཆོད་རྟེན༽གཏོར་ཆོག་རྡོ་རྗེ་འཛིན་པ་དགེ་སློང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་དཔལ་ས་སྐྱའི་ཆོས་གྲྭར་སྦྱར་བ། པུ་ཏྲ་མིང་སྲིང་གི་བསྐང་མདོས་དམ་པ་ཀུན་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽དགའ་ཏྲེ་བོས་མཛད་པ། ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན་གྱི་སྒྲུབ་༼མཆོད་རྟེན༽༼ཨེ༽༼མུ༽ཐབས་ཇོ་སྲས་ཐུགས་རྗེ་དཔལ་གྱི་གསེར་གྱི་འབུལ་བ་དང་བཅས་པའི་ངོར་རྣལ་འབྱོར་པ་མལ་བློ་གྲོས་སེང་གེས་མཛད་པ། སེར་པོད་ཀྱི་དེར་མཛད་བྱང་ཆད་འདུག །རྫོང་ཆུང་བ་འཕགས་པས་མཛད་པར་བཞེད། འགོར་སངས་རྒྱས་བསྟན་པ་བསྲུང་བའི་དོན་དུ་ལས་ཀྱི་མགོན་པོ་ཟངས། ༼མཆོད་རྟེན༽༼མུ༽གྲི་ཅན་ཞེས་ཡོད་པའི་གསོད་བྱེད་གདུག་པ་ཅན་གྱི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། རྫོང་ཆུང་པ་ཡིག་སྙིང་དུ་བཞེད། འགོར་བླ་མ་དམ་པ་རྣམས་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་དུར་ཁྲོད་གནས་པའི་མགོན་པོ་གཅེར་བུ་ཟངས་གྲི་ཅན་ཞེས་ཡོད་པའི་ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་གྱི་སྒྲུབ་༼མཆོད་རྟེན༽ཐབས་བླ་མ་མལ་ནས་བརྒྱུད་པ་ལྷག་ཆད་དང་བྲལ་བ་ཡི་གེར་བྲིས་པ་རྫོགས་སོའི་མཐའ་ཅན། འདི་གྱི་ལྗང་ནའང་ཡོད། ལྔ་པ་དེ་དག་ལ་མཁོ་བའི་ལས་ཚོགས་ལྷན་ཐབས་ལ། དཀར་ཆག་ཏུ་མན་ངག་ཤོག་དྲིལ་དྲུག་པ་སོགས་གཙོ་བོར་ཕོ་


GLG001_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱང་གི་ལས་ཚོགས་ཡིན་མོད་ཀྱང་སྦྲགས་སྒྲུབ་དང་ཐུན་མོང་དུ་ཉེ་བར་མཁོ་བའི་ཕྱིར་འདིར་འོག་ཏུ་སྒྲིགས་ནས་བཞག་པ་ཡིན་ནོ། །ཞེས་པ་ལྟར་ནག་པོ་ཆེན་པོའི་སྒོ་ནས་གཏོར་མར་བརྟེན་པའི་དགྲ་བགེགས་གསང་བའི་མན་ངག །གཞན་གྱི་རིག་སྔགས་དང་རྦོད་གཏོང་བཟློག་པའི་མན་ངག །རྨི་ལམ་ངན་པ་དང་ལྟས་ངན་བཟློག་པ། བྱད་ཤ་སྤགས་པ། གཏོར་མ་མེད་པར་ཁ་ཟས་ལ་བརྟེན་ནས་དགྲ་གསད་པ། དགྲ་བགེགས་ཚོགས། ༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽སུ་ཟ་བ་སྟེ་ཤིན་ཏུ་ཟབ་པའི་ཤོག་དྲིལ་དྲུག་དམ་པས་མཛད་པ། ཆོས་སྐྱོང་མི་འཁོལ་ཁ་མེད་ཀྱི་ཟབ་༼མཆོད་རྟེན༽༼མུ༽༼ཨ༽༼མུ༽༼རྡོ་རྗེ༽གཏད་བྲམ་ཟེ་མཆོག་སྲེད་ཀྱིས་སྦས་གཏེར་སློབ་དཔོན་ཏིང་ངེ་འཛིན་ཤེས་རབ་ཀྱིས་མཛད་པ། དཀར་ཆག་དང་གསན་ཡིག་ན་མཛད་ཅེས་སྣང་ཡང་ཡི་གེ་ན་བཤུས་ཟེར་བ་འདུག །རྫོགས་ཆུང་པས་བསྙེན་པ་མི་འཁུ་བ། སྲོག་འཕྲོག་པ་སྲོག་གི་ཡང་ཏིག་བླང་བ་བཞི་པོ་ཁ་ཕྲལ་ནས་བྲིས་འདུག་གོ །ལྷ་རྣམས་མཉེས་པར་འདོད་པས་མགོན་པོའི་རྟེན་གཏོར་གྱི་མན་༼མཆོད་རྟེན༽༼ཨ༽༼མུ༽༼རྡོ་རྗེ༽ངག་སློབ་དཔོན་པདྨས་མཛད་པ། འདི་རྒྱའི་གཏེར་མ་ཡིན་མིན་ཁུངས་མ་ཆོད་པས་དཔྱད། བསྲུང་བཟློག་གསད་པ་དང་རྨི་ལམ་ངན་པ་བཟློག་པའི་ཞལ་ཤེས་ཟབ་མོ་ཚིགས་བཅད་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽མ་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། དཀར་ཆག་ན་གཞན་གྱི་རྦོད་གཏོང་ཟློག་པ་ཙམ་ལས་མི་འདུག་ཀྱང་བརྗོད་བྱ་ལ་དཔགས་ན་འདི་བཞིན་ཚང་ངམ་སྙམ་ཞིང་། རྫོང་ཆུང་པའི་དཀར་ཆག་དང་རྗེ་རྡོ་རྗེ་གདན་པའི་གསན་ཡིག་ན་ཡང་སྣང་ལ་ཡིག་ཆ་ན་འཕགས་པས་དམ་པ་ལ་གནང་ཟེར་བ་འདུག །ཤོག་དྲིལ་གཉིས་པ་དང་འདི་གཉིས་རྡོ་རྗེ་བྲག་རྫོང་མའི་མན་ངག་གི་རྩ་བ་ལྟ་བུ་ཡིན་པས་རྗེས་འཇུག་ཕལ་ཆེར་གྱིས་མ་ངེས་པའི་བབ་


GLG001_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཆོལ་མང་པོ་སྨྲ་བར་སྣང་ངོ་། །ནག་པོ་ཆེན་པོ་ལྕམ་དྲལ་གྱི་མན་ངག་ཟབ་དོན་ཐོར་༼མཆོད་རྟེན༽བུ་རྣམས་བླ་མ་ཆེན་པོ་བསོད་ནམས་བློ་གྲོས་ཀྱིས་ཤིང་རྟ་ཁྲུམས་ཀྱི་ཟླ་བའི་ཉེར་གསུམ་ལ་བརྗེད་བྱང་དུ་མཛད་པ། རྡོ་རྗེ་འཛིན་པ་པུ་ཎྱའི་མིང་ཅན་གྱི་བགྱིས་ཟེར་བ་སྣང་ངོ་། །མགོན་པོ་ཁྲོ་བཅུའི་བསྲུང་འཁོར་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽བླ་མ་རྗེ་བཙུན་ཆེན་པོའི་གསུང་བཞིན་དོ་པ་དཀར་སྟོན་ཤཱཀྱ་གྲགས་ཀྱིས་ཡི་གེར་བཀོད་པ། རང་བསྲུང་འཁོར་ལོ་ཆེན་མོའི་བྲི་ཡིག་རབ་གནས་དང་༼མཆོད་རྟེན༽༼རྡོ་རྗེ༽བཅས་པ་བླ་མ་རྗེ་པ་གྲུམ་པར་བཞུགས་དུས་འདི་འདྲ་བདོག་གསུངས་པར་བརྟེན་དབུས་ཐང་སྐྱར་དོ་པ་སྟོན་ཚུལ་གྱིས་ཞུས་པས་མ་གནང་ཕྱིས་ས་སྐྱའི་གཟིམས་ཆུང་རྙིང་པར་ཀྱེེ་རྡོར་གྱི་དབང་བསྐུར་ཞིག་གྱི་དུས་གཙིགས་ཅན་དུ་བྱས་ནས་གནང་བ། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་ཆོས་སྐྱོང་ལྕམ་དྲལ་གྱི་སྒྲུབ་༼མཆོད་རྟེན་༽༼མུ༽པ་འདི་ལ་རྟེན་གྱི་དཀྱིལ་འཁོར་ཞེས་ཡོད་པའི་དཀྱིལ་འཁོར། རྟེན་གྱི་འཁོར་ལོ་བཅད་པ། གསད་པ་ལས་དྲུག །ཕུར་བུ་དགོད་པ། དམ་རྫས། མཆོད་རྟེན་གསང་ཁུང་བཤམ་པ། ཏིང་འཛིན་སྔགས་ཀྱི་བཟླ་ཐབས་ཏེ་མན་ངག་ཀུན་གྱི་སྡོམ་དང་མཁའ་འགྲོ་འཁུ་ལྡོག་སྤོང་བ་བཅས་གོང་མས་མཛད་པ། རྫོང་ཆུང་བ་རྣམས་མཁའ་འགྲོ་སྦྲགས་སྒྲུབ་ཀྱི་ཡིག་རྙིང་ལ་ཆོས་ཚན་བཅུ་གཅིག་བཤད་པའི་གཅིག་ལ་འདི་འདྲེན་པར་སྣང་ཞིང་མེའི་གདུང་བ་ཡང་འདི་ལ་ངོས་བཟུང་འདུག །འགོར་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་མགོན་པོ་འདིའི་མན་ངག་ལ་མཁའ་འགྲོ་འཁུ་སྡོག་སྤང་བ་ཞེས་ཡོད་པའི་སྦྲགས་སྒྲུབ་ལ་ཉེ་བར་མཁོ་བའི་གནད་༼མཆོད་རྟེན༽༼ཨེ༽༼མུ༽དྲིལ་བ་འོད་ལྡན་དཔལ་གྱིས་མཛད། སེར་པོད་ན་གཟུངས་ཀྱི་དཔལ་བས་མཛད་ཅེས་སྣང་། པ་ཤིན་


GLG001_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསང་བར་བྱའོ་ས་མ་པ་ཐ་མིའི་མཐའ་ཅན། དེས་མཛད་པའི་བོད་རྦད་གསད་གསུམ་དྲིལ་པའི་མན་༼མཆོད་རྟེན༽ངག་ས་སྐྱ་པ་ཆེན་པོ་སྙིང་པོའི་ཞབས་ཀྱི་ཐུགས་ཀྱི་སྙིང་པོ་ས་མ་ཡ་ཐ་མིའི་མཐའ་ཅན། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་རྡོ་རྗེ་ནག་པོ་ཆེན་པོའི་འཛིན་གཏོར་ཞེས་༼མཆོད་རྟེན༽༼མུ༽ཡོད་པའི་འཛིན་གཏོར་གྱི་མན་ངག་བླ་མ་ས་ཆེན་གྱིས་མཛད་པ་ཤིན་ཏུ་ཟབ་པོ་ས་མ་པ་ཐ་མིའི་ཅན། དཀར་ཆག་ན་གཉིས་ཡོད་གསུངས་ཀྱང་གཅིག་མ་རྙེད་མལ་ལོའི་དབོན་པོས་མཛད་ཟེར་བ་བྱུང་འདུག་རུང་དེ་ལྟར་མིན་ཚུལ་ཡར་ཀླུངས་པ་གསུང་། འགོར་འདི་ལ་སྤྱིར་ཕོ་སྒྲུབ་སྔོན་དུ་མ་སོང་བར་མོ་མི་སྒྲུབ་ཅེས་ཡོད་པའི་ཟོར་གྱི་སྒྲུབ་པ་དང་ལྷ་དབྱེ་སོགས་རྒྱས་༼མཆོད་རྟེན༽༼མུ༽པར་བསྟན་པ་བླ་མ་གོང་མས་མཛད་པ་མཚམས་དམ་པ་ཤིན་ཏུ་གཅེས་སོའི་མཐའ་ཅན། རྫོང་ཁ་བ་རྣམས་ཟོར། མནན་པ། ལྷ་དབྱེ། སྒྲུབ་རྟགས། འཁུ་ལྡོག་སྤང་བ། འཁོར་ལོའི་མན་ངག་ཅེས་སོ་སོར་ཁ་ཕྲལ་ཏེ་དཀར་ཆག་ཏུ་བྲིས་ནས་མཁའ་འགྲོ་སྦྲགས་སྒྲུབ་ཀྱི་ཡི་གེ་རྙིང་པའི་མཇུག་ཏུ་སྦྱར་ཏེ་མན་ངག་བཅུ་གཅིག་ཕྱོགས་གཅིག་ཏུ་བྱས་ཟེར་བ་སྣང་ཞིང་ཡིག་སྣ་ཐོར་བུ་གསུམ་ཞེས་ངོས་བཟུང་བའི་རྫས་དགྲམ་པ་བཟླས་གསད་ཀྱི་ཐོ་དང་བཅས་པ་མེ་འབར་སོགས་ནས་ཞུས་དག་ཕེར་བ་མ་རྙེད། མཁའ་འགྲོ་འཁུ་ལྡོག་སྤོང་༼མུ༽བ་ཞེས་པ་དྲག་པོའི་ལས་སྦྱོར་ནས་གནད་འདི་གཅེས་པར་ཟུངས་ཀྱི་བར་དང་ལྷ་དང་དགྲ་བོ་ཆོ་གས་༼མུ༽འཕྲལ་བ། རྨི་ལམ་ཉམས་མཁན་གྱི་ལྟས་ལ་ཞེས་པ་ནས་གནག་གི་རཱའམ་རྨིག་པ་བསྲེག་ཅེས་པའི་བར་ཚིག་ཟུར་འདྲ་མིན་ཙམ་མ་གཏོགས་འདི་ནང་དུ་ཡོད་པ་དེ་དག་འདབས་པ་འདྲ། གང་ལྟར་ཡིག་རྙིང་འདྲ་མིན་ཡོད་མེད་དཔྱད། འཁོར་ལོའི་མན་ངག་ཅེས་༼མཆོད་རྟེན༽༼མུ༽པ་གནོད་སྦྱིན་ཕོ་མོའི་འཁོར་ལོའི་བྲི་ཐབས་འཁོར་ལོ་བསྐོར་བའི་མཐའ་ཅན། རྫོང་ཁ་བས་གོང་དུ་སོ་སོར་ཁ་ཕྲལ་བའི་འཁོར་ལོ་དེ་འདི་ཡིན། འཁོར་ལོ་རྣམས་


GLG001_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རབ་༼མཆོད་རྟེན༽གནས་བྱ་ཐབས་མཆོག་ཏུ་འགྱུར་གསུང་བའི་མཐའ་ཅན། དམ་ཤིང་ལ་དབང་བསྐུར་བའི་མགོན་པོ་ལྕམ་དྲལ་དུ་སྒྲུབ་པའི་༼མཆོད་རྟེན༽༼རྡོ་རྗེ༽ཐབས་བྲམ་ཟེ་མཆོག་སྲེད་ཀྱི་མན་ངག་རྫོགས་བྱང་གི་མཐའ་ཅན། ཟབ་གཏད་ཀྱི་མན་ངག་༼མཆོད་རྟེན༽བླ་མ་མལ་གྱིས་ཇོ་སྲས་ས་སྐྱ་པར་གནང་བའི་གཙིགས་ཅན། འདི་བརྒྱུད་པའི་མན་ངག་དང་ལྡན་ཞིང་གཞན་ནི་མ་རྟོགས་པ་ཡིན་པས་འདི་དང་འདྲ་མིན་བྲམ་ཟེ་ཆེན་པོས་མཛད་ཟེར་བ་དང་བསྲེ་བར་མི་བྱ་བའི་ཚུལ་ཡང་མཇུག་ན་སྣང་ངོ་། །རྡོ་རྗེ་གུར་མགོན་གྱི་སྐུ་གསུང་ཐུགས་མི་འགྱུར་བའི་འཁོར་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽ལོའི་གོ་ཆ་དམ་པ་ཀུན་དགའ་གྲགས་ཀྱིས་ཉམས་སུ་བླངས་ཏེ་སློབ་མ་མཆོག་གི་ངོར་སྦྱར་བ། འདི་ལ་རྫོང་ཆུང་བའི་དཀར་ཆག་ཏུ་དགའ་གྲོལ་ཞེས་འདུག་ཅིང་། སེར་པོ་དཀར་ཆག་ཏུ་ངག་བསྲུང་ཟུར་དུ་ཡོད་པ་འདྲ་ཞིག་འདུག་ཀྱང་འདི་ག་ན་ཡོད་པ་དེ་ལས་ངོས་བཟུང་རྒྱུ་མི་འདུག །འགོར་བསྟན་པ་གནས་པར་བྱ་བའི་ཕྱིར་ཞེས་ཡོད་པའི་གསང་༼མཆོད་རྟེན༽༼རྡོ་རྗེ༽བའི་ཡིག་ཆུང་ཞེས་བྱ་ནང་གི་སྒོ་ནས་འཁུ་ལྡོག་སྤོང་པའི་གདམས་པ་ཤིན་ཏུ་ཟབ་པ་གོང་མས་མཛད་པ་མན་ངག་རྫོགས་བྱང་གི་མཐའ་ཅན། ཀུན་མཁྱེན་རྡོ་རྗེ་གདན་པའི་གསན་ཡིག་ན་མགོན་པོ་རང་ལོག་ན། བརྡུགས་ན། སྟེང་ན། འཁྱམས་ན། མ་བཏུབ་ན། རྦོད་ཁ་འདོམ་པ་རྣམས་སོ་སོར་ཕྲལ་འདུག་གོ །གླ་རྩི་སོགས་རྫས་ཀྱི་དབྱེ་བའི་སྒོ་ནས་འཁོར་ལོ་བཅའ་༼མཆོད་རྟེན༽༼རྡོ་རྗེ༽ཐབས་ཀྱི་མན་ངག་བྲག་སྟེང་པས་མཛད་པ། དེས་མཛད་པའི་བཀའ་སྡོད། ཚོགས་བདག །གནོད་སྦྱིན། གཤིན་རྗེ་ལྟར་སྒྲུབ་ལུགས་མི་འདྲ་བཞིའི་ཁྱད་པར་བསྟན་༼མཆོད་རྟེན༽པ་གསང་བར་བྱས་ནས་སྤྱད་པར་བྱའོ་མཐའ་ཅན་


GLG001_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འགོར་ལས་སྔ་མ་བྱས་ནས་ལས་མཇུག་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽མནན་པ་ནི་ཞེས་ཡོད་པའི་སྦྲགས་སྒྲུབ་ལ་དགོས་པའི་མནན་པའི་ཐུན་སྒྲུབ་འོད་ལྡན་དཔལ་གྱི་མཛད་པ། ངོར་རྫོང་གཉིས་མཐུན་ཞིང་འདི་དང་འདྲ་མིན་ཅུང་ཟད་བྱུང་བ་ཡིག་སྐྱོན་ཡིན་ནམ་སྙམ་རྫོང་པ་བས་མནན་པ་དངོས་ཀྱང་འདི་གའི་ཁོངས་སུ་བསྡུས་ནས་ཆོས་ཚན་སོ་སོར་མཛད། འགོར་མནན་པ་དངོས་ནི་འབྱུང་པོའི་ཉི་མ་ལ་ཞེས་ཡོད་པ་དགའ་ལྡན་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽པ་བཀྲ་ཤིས་དཔལ་གྱིས་མཛད་པ་གནས་གསུམ་བསྲུངས་ནས་བདེ་བར་སྤྱད་དོའི་མཐའ་ཅན། དེས་ཁྱི་ལོ་ཟླ་བ་བདུན་པའི་ཉི་ཤུ་ལྔ་ལ་དགའ་ལྡན་༼མཆོད་རྟེན༽༼ཨེ༽༼མུ༽དུ་མཛད་པའི་སྦྱིན་སྲེག་གི་ཡི་གེ་ནག་པོ་ཆེན་པོ་མཆོད་པའི་ཆོ་གར་གྲགས་པ། འགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ་འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་པའི་བླ་མ་དམ་པ་དེ་ཞེས་ཡོད་པའི་སྦྱིན་༼མཆོད་རྟེན༽སྲེག་གི་ཡི་གེ་བླ་མ་ཆོས་ཀྱི་རྒྱལ་པོའི་གསུང་ལས་མལ་དབོན་གྱིས་ས་སྐྱར་ཟིན་བྲིས་བྱས་པ་ཡིན་ཞེས་ཆོས་ཀྱི་རྗེ་གསུང་ངོའི་མཐའ་ཅན། ཡིག་ཆ་དཀར་ཆག་ལོ་པ་སྤྱན་སྔའི་གསན་ཡིག་གསུམ་ན་མལ་ལོ་ཞེས་འདུག་པ་ཡི་གེ་མ་དག་པ་ཡིན་པ་འདྲ། འཇམ་དབྱངས་མཁྱེན་བརྩེ་དང་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གསན་ཡིག་ན་དབོན་ཞེས་སྣང་བ་འཕགས་པ་རིན་པོ་ཆེ་དང་དུས་མཚུངས་སུ་མལ་གྱི་དབོན་རིགས་མཁས་པ་ཞིག་བྱུང་ངམ་སྙམ་བློ་གྲོས་སེང་གེ་དང་གཅིག་མི་གཅིག་དཔྱད། མ་ཧཱ་ཀཱ་ལའི་ཐེབས་བཟློག་ཀུན་གྱི་༼མཆོད་རྟེན༽ཐུན་མོང་མ་ཡིན་ནོའི་མཐའ་ཅན། འགོར་ཤོམ་ནི་ནག་པོ་ལྕམ་དྲལ་གྱི་སྐུའི་བཅའ་གཞི་ཞེས་ཡོད་པའི་ཕྱི་༼མཆོད་རྟེན༽ནང་གསང་གསུམ་གྱི་ཤོམ་ཡིག་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པས་མཛད་པ་ཕྱག་ལེན་གྱི་


GLG001_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་འོའི་མཐའ་ཅན། དེས་མཛད་པའི་འགོར་ཡི་དམ་ཆོས་སྐྱོང་གི་སྔགས་ཐུན་འཛུགས་པའི་ཕྱག་ལེན་ནི་ཞེས་ཡོད་༼མཆོད་རྟེན༽པའི་ཡི་གེ་དགེ་བཤེས་སེང་གེ་རྒྱལ་མཚན་གྱིས་ཐུགས་དམ་མཛད་དོའི་མཐའ་ཅན། འགོར་ཨོཾ་སྭ་སྟི་ཆོས་སྐྱོང་གི་བརྒྱུད་པ་ལ་རྡོ་རྗེ་འཆང་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ་ཞེས་ཡོད་པའི་མགོན་པོའི་བྲིས་སྐུ་འདྲི་ཐབས་༼མཆོད་རྟེན༽༼ཨེ༽༼མུ༽ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པ་ཅེ་སྤྱང་ལ་སོགས་པ་རྣམས་ཀྱང་བྲི་བར་བྱ་འོའི་མཐའ་ཅན། དེས་རང་གི་བུ་ཆེན་གྱིས་ཆོས་སྐྱོང་གི་སྐུ་བཞེངས་པའི་དུས་མཛད་༼མཆོད་རྟེན༽༼ཨེ༽༼མུ༽པའི་འགོར་མགོན་པོའི་སྐུ་བཞེང་པ་ལ་ཐོག་མར་ཤིང་ལས་བྱས་པའི་རུ་ཤིང་ཞེས་ཡོད་པའི་ལྡེར་སྐུ་བཞེང་ཐབས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྔགས་འཆང་རྣལ་འབྱོར་པ་རྣམས་ཀྱི་སྐུ་དགྲ་བསྒྲལ་བའི་ཆེད་དུ་༼མཆོད་རྟེན༽༼རྒྱ༽མཛད་པའི་ཆོས་སྐྱོང་སྤྱིའི་དམོད་བཅོལ་ཇོ་མོ་མཁར་ཆེན་བཟས་བླ་དཔེ་དར་ཤོག་དམར་པོ་ལ་བཻཌཱུརྱས་བྲིས་པ་ལས་ཞལ་བཤུས་པ་ལོ་བདུན་གྱི་བར་བཀའ་རྒྱས་བཏབ་པ། མཆོད་གཏོར་སྦྱིན་སྲེག་ལས་སྦྱོར་ཐུག་འཛུགས་གཏོར་ཆེན་སོགས་དང་འབྲེལ་བའི་དྲང་སྲོང་གི་དམོད་པའི་ཚུལ་གྱི་དྲག་༼མཆོད་རྟེན༽བསྐུལ་མཁས་པ་ཡོན་ཏན་ཁྲིས་དད་ལྡན་སློབ་མ་འགའ་ཞིག་གི་དོན་དུ་གྲུབ་ཐོབ་བིདྱཱ་ཙནྟྲའི་གནས་སུ་མཛད་པ། འགོར་བླ་མ་དང་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་གསང་བ་མཁའ་འགྲོ་མ་འཁུ་ལྡོག་སྤོང་བ་ནི་ཞེས་ཡོད་པའི་༼མཆོད་རྟེན༽མན་ངག་གོང་མས་མཛད་པ་ཞག་གསུམ་ཚུན་ཚད་ཀྱིས་ཆུད་ནས་འོང་གསུང་བའི་མཐའ་ཅན། དེས་མཛད་པའི་འགོར་མ་ཧཱ་ཀཱ་ལའི་བཟླས་པའི་ལུགས་ལ་ཞེས་ཡོད་༼མཆོད་རྟེན༽


GLG001_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟབ་གཏད་ཀྱི་ཡིག་ཆུང་གནད་ལ་དབབ་པ་ཡིན་གསུངས་ནས་གཙིགས་ཆེ་བའི་མཐའ་ཅན། དེས་མཛད་པའི་གསང་ཐབས་བདུན་སྦྲེལ་མར་བྱེད་པའི་རྒྱུ་༼མཆོད་རྟེན༽མཚན་རི་དྭགས་འཕྲང་ལ་དགུག་པ་བཞིན་ནོའི་མཐའ་ཅན། རྫོང་ཆུང་པའི་གླེགས་བམ་དུ་འདི་སྦྲགས་སྒྲུབ་ཡིག་རྙིང་གི་དཀྱིལ་འཁོར་ལ་མ་བརྟེན་པའི་གཤམ་དུ་བྲིས་པ་ལས་ཟུར་དུ་ངོས་མ་བཟུང་། དེས་མཛད་པའི་ཕྱག་གི་སྒོ་ནས་ལྷ་དང་དཔྲལ་བའི་གདམས་༼མཆོད་རྟེན༽པ་སྲུང་མ་རྣམས་ཀྱིས་མི་ཐུབ་པ་ཡིན་ནོའི་མཐའ་ཅན། རྫོང་ཆུང་པའི་གླེགས་བམ་ན་ཡིག་སྣ་ཐོར་བུ་གསུམ་ཞེས་པའི་ལྷ་དང་དགྲ་བོ་ཆོ་གས་འབྲལ་བའི་གཤམ་དུ་བྲིས་པ་དེ་ལས་ཟུར་དུ་མེད། འགོར་སྐད་ཤན་སྦྱར་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་མི་གསད་མཚོན་ནམ་སེང་ལྡེང་ལ་ཞེས་ཡོད་པའི་མགོན་པོ་ཕུར་བུ་༼མཆོད་རྟེན༽ལྟར་སྒྲུབ་པའི་རྒྱ་གཞུང་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་མལ་ལོ་བློ་གྲོས་གྲགས་ཀྱིས་བསྒྱུར་པ། སྒྱུ་བྱེད་མི་གཅིག་པ་མ་གཏོགས་གྱི་ལྗང་ན་ཡང་ཡོད། དེས་མཛད་པའི་ནག་པོ་ཆེན་པོའི་སྲོག་ཕུར་གནད་བསྐུལ་༼མཆོད་རྟེན༽དང་བཅས་པ། འདི་དཀར་ཆག་དང་གསན་ཡིག་ཐམས་ཅད་ན་མི་གསལ་ཡང་དཔེ་རྙིང་ཁུངས་བཙུན་མང་པོར་འདུག་པས་གོང་གི་ཁོངས་སུ་བསྡུས་སམ་སྙམ་པ་མེ་འབར་གླེགས་བམ་ལ་ལར་མི་འདུག་པ་དཔྱད། གྱི་ལྗང་པོ་ཏི་ན་ཡང་སྐད་ཤན་སྦྱར་སོགས་ཅུང་ཟད་མ་གཏོགས་ཞུས་དག་ཕེར་བར་ཡོད། ས་ཆེན་གྱིས་མཛད་པའི་དཔལ་ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས་༼མཆོད་རྟེན༽བླ་མའི་གསུང་བཞིན་དྲིས་པ་ས་མ་པ་ཐ་བླ་མ་ས་སྐྱ་པ་ཆེན་པོའི་གསུང་རབ་ཡིན་ནོའི་མཐའ་ཅན། འདི་གྱི་ལྗང་པོ་ཏིར་ཡང་ཡོད་ལ་རྫོང་ཆུང་པ་ཁུངས་བཙུན་ཕྱིར་ས་ཆེན་གྱིས་སྦྱར་བྱང་བརྒྱབ་པ་ལས་ངོ་བོ་དགེ་སློང་ཤྲཱྀ་བྷ་དྲས་མཛད་གསུངས་པ་དང་མིང་བཅུག་པ་བྱུང་བ་ནི་ཐེ་ཚོམ་གྱི་གཞིར་རྡོ་རྗེ་འཆང་


GLG001_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་པ་ཆོས་རྗེ་གསུང་ངོ་། །འདི་ལ་སྒྲུབ་ཐབས་བསྡུས་པ་ཟེར། དེས་མཛད་པའི་དཔལ་ནག་པོ་ཆེན་པོ་སྲོག་གི་སྤུ་གྲིའི་སྒྲུབ་༼མཆོད་རྟེན༽ཐབས་ཞེས་པ་ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས་ས་མ་པ་ཐ་མའི་མཐའ་ཅན། གྱི་ལྗང་པུ་ཏིར་ཡང་ཡོད། འདི་ལ་རྒྱས་པ་ཟེར། འགོར་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་ནག་པོ་ཆེན་པོའི་གཞུང་ནས་འདི་གཉིས་ཀྱི་གཞན་གྱི་ངག་གནོན་པར་འདོད་ཞེས་ཡོད་པའི་གདམས་ངག་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ་གཞུང་བཞིན་བྱ་འོའི་མཐའ་ཅན། མགོན་པོའོ་བསྟོད་པ་སྔོན་ཚེ་བདེ་གཤེགས་མ། གྱི་ལྗང་པོ་ཏི་དང་ཚར་ལུགས་བསྟོད་འབུམ་ནའང་ཡོད། དང་སྲིན་གཟུགས་མ། འདི་གའི་བསྟོད་འབུམ་དང་ཚར་ལུགས་བསྟོད་འབུམ་ནའང་ཡོད། བསྐུལ་འདས་དང་མ་འོངས་པ་གསུམ་སྦྲེལ་བའི་མཇུག་རྡོ་༼མཆོད་རྟེན༽རྗེ་རེ་མ་ཏཱི་ཨེ་ཀ་ཊི་ཡཀྵ་བེ་ཏ་ལི། པརྞ་ཤ་བ་རི་སྟེ་གསང་བའི་ཡུམ་བཞིར་བཅས་པའི་བསྐུལ་རྣམས་ཆོས་སྡེ་གཅིག་ཏུ་བཞུགས་པ་སློབ་དཔོན་པདྨས་མཛད་པ། དཀར་ཆག་ན་འདི་ལྟར་འདུག་པ་ཡུམ་བཞིའི་བསྐུལ་ལ་དགོངས་སམ་སྙམ་བཀའ་གཏེར་གང་ཡིན་མ་ངེས། རྗེ་གྲོལ་མཆོག་གིས་བསྐོར་བའི་མགོན་པོའི་རྗེས་གནང་མཛད་ཀྱི་ཡོད་འདུག་པ་ཐུགས་ཀྱིས་གསར་དུ་དཔྱད་པ་ཞིག་ཡིན་པ་འདྲའོ། །འགོར་བླ་མ་དང་མ་ཧཱ་ཀཱ་ལ་ལ་ཕྱག་འཚལ་ལོ། །ནག་པོ་ལྕམ་དྲལ་མཆོད་དང་༼མཆོད་རྟེན༽༼རྡོ་རྗེ༽བསྟེན་ཞེས་ཡོད་པའི་རུ་མཚོན་འཛུགས་པའི་ཆོ་གའི་ཡིག་རྙིང་ཡར་ཀླུངས་པས་ཞུས་དག་མཛད་པ་གཏོར་མ་གདབ་པར་བྱ་འོའི་མཐའ་ཅན། རྡོ་རྗེ་གདན་པའི་གསན་ཡིག་ན་རྟེན་གསུམ་རུ་མཚོན་འཛུགས་ཞེས་སྣང་ཞིང་གྱི་ལྗང་པོ་ཏིར་ཡང་བཞུགས། འགོར་བླ་མའི་ཞབས་ལ་ཕྱག་འཚལ་ལོ་དཔལ་ལྡན་ནག་པོ་ཆེན་པོའི་


GLG001_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྒྲུབ་སྤྱིའི་ལས་ལ་ཞེས་ཡོད་པའི་རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོའི་སྒྲུབ་༼མཆོད་རྟེན༽༼རྡོ་རྗེ༽ཐབས་ལས་ཚོགས་རུ་ཚོན་གྱི་མན་ངག་དང་བཅས་པ་དཔལ་བརྩེ་བ་ཆེན་པོ་ཆོས་ཀྱི་རྗེའི་ཞལ་སྔ་ནས་ཀྱི་རྗེས་སུ་བཟུང་སྟེ་རྒྱལ་ཁམས་པ་དོ་དཀར་ཆག་ན་གོང་མས་གནང་ཟེར་བ་འདུག །པ་སྟོན་ཚུལ་ལ་གཙིགས་སུ་མཛད་དེ་སྣང་བ། གྱི་ལྗང་ན་ཡང་ཡོད། བྲན་བདུད་ཀྱི་ལུང་སྦྱིན་ཚུལ་ཆིག་བརྒྱུད་༼མཆོད་རྟེན༽༼རྡོ་རྗེ༽མ་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་བླ་མའི་གསུང་ལ་དག་པར་གཏུགས་ཏེ་ཡང་དགོན་ཤུག་ར་བདེ་ཆེན་དུ་བྲིས་པ། རྒྱ་པདྨ་དབང་ཕྱུག་གིས་གངས་བར་ཕུག་མོ་ཆེ་ནས་གདན་༼མཆོད་རྟེན༽༼རྒྱ༽དྲངས་པའི་རྣལ་འབྱོར་པའི་བར་ཆད་སེལ་པའི་ཆོ་ག །མགོན་པོའི་གཏོར་ཆེན་གྱི་མན་ངག །དེ་ཉིད་རྒྱས་སུ་བཏང་བ་གཏོར་ཆེན་གྱི་གསོལ་ཁ་༼མཆོད་རྟེན༽བྱ་ཚུལ་མལ་ལོ་ཤུད་བུ་གཉིས་ཀྱི་ཡི་གེ་ས་སྐྱ་དང་རྒྱལ་ཚ་ལུང་མང་པོ་ཕྱག་ལེན་གཅིག་ཁ་བསྐངས་ཏེ་མཁས་པ་ཡོན་ཏན་ཁྲིས་གྲུབ་ཐོབ་བིཪྻ་ཙནྟྲའི་གནས་སུ་མཛད་པ། འགོར་དཔལ་ལྡན་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་ཞེས་ཡོད་པའི་དམོད་བཅོལ་ས་པཎ་༼མཆོད་རྟེན༽གྱིས་མཛད་པ། ཁ་སྐོང་ན་ཡོད་པའི་འཕགས་པས་མཛད་པ་དེ་འདི་ལས་རྒྱས་སུ་བཏང་འདུག །གཟུངས་གསར་པའམ་རྙིང་པ་༼མཆོད་རྟེན༽༼མུ༽འཛུགས་སམ་གསོ་བའི་མན་ངག་དམ་པས་མཛད་པ། ཁ་སྐོང་པོ་ཏི་ནའང་ཡོད་མེ་འབར་གླེགས་བམ་ལ་ལར་བསྟོད་པ་བདེ་དགའ་རྒྱ་མཚོ་སོགས་བསྣན་པའི་མང་ཙམ་འདུག་པ་ལྷད་ཡིན་མིན་བརྟག །ཟོར་ལམ་དབྱེ་བ་བདག་ལུས་རྡོ་རྗེ་འཆང་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽དཔལ་མ་དང་དེའི་འཕྲོས་ལས་ཟོར་འཕང་ཐབས་༼མཆོད་རྟེན༽ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་


GLG001_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཞེས་སོགས་ཀྱི་ཚིག་ལྷུག་འཕགས་པས་མཛད་པ། དཀར་ཆག་དང་གསན་ཡིག་རྣམས་ན་འདི་ལྟར་སྣང་ཡང་ཡི་གེ་ན་གཉན་ལོས་མཛད་ཅེས་དམར་ཆོས་རྒྱལ་གསུང་ཟེར་བ་འདུག་ཅིང་རྫོང་ཆུང་པའི་གླེགས་བམ་དུ་ནི་མེད། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་བསྐང་མདོས་༼མཆོད་རྟེན༽༼རྡོ་རྗེ༽བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ཤིན་ཏུ་ཟབ་པའི་མདོས་རེ་ཞིག་རྫོགས་སོའི་མཐའ་ཅན། དེའི་གསལ་བྱེད་ཅུང་ཟད་རྒྱས་སུ་བཏང་བ་༼མཆོད་རྟེན༽༼རྡོ་རྗེ༽ཤར་པ་ཤེས་རབ་འབྱུང་གནས་ཀྱིས་ས་སྐྱར་མཛད་པ། དུར་ཁྲོད་བསིལ་བའི་ཚལ་དུ་བླ་མ་སྤྱན་ཆེན་པོ་༼མཆོད་རྟེན༽༼མུ༽༼རྡོ་རྗེ༽ཡི་དམ་བདེ་དགྱེས་དང་ཆོས་སྐྱོང་ཞལ་གཟིགས་པའི་ཚེ་མགོན་པོ་ཉིད་ཀྱིས་རྗེས་སུ་གནང་སྟེ་བསྐང་བཟློག་བླ་མ་ཉིད་ཀྱིས་མཛད་པ། འདི་རྒྱ་བོད་སུ་ཡིན་ལ་དཔྱད་གཞི་མཛད་མཁན་མང་ཡང་རང་ལུགས་རྒྱ་གར་བར་བཞེད། བསྐང་བ་རྣམ་དག་ཚོགས་༼མཆོད་རྟེན༽གཏོར་མ་མལ་གྱི་མཛད་པ། དེས་མཛད་པའི་དམ་རྫས་ཀྱི་བསྐང་བ་༼མཆོད་རྟེན༽སྐུ་དང་གསུང་ཐུགས་མ། ནག་པོ་ཆེན་པོའི་བསྟོད་པ་སྲིན་༼མཆོད་རྟེན༽༼མུ༽གཟུགས་མ་བྲམ་ཟེ་ཆེན་པོས་མཛད་པ་རྫོགས་སོའི་མཐའ་ཅན། དམ་ཚིག་ཅན་ལ་བདག་བསྟོད་དོ་ཡན་ཚར་ལུགས་བསྟོད་འབུམ་ན་ཡོད། བསྟོད་པ་བཅོམ་ལྡན་དཔལ་ཆེན་མ་༼མཆོད་རྟེན༽སློབ་དཔོན་ཨ་ཝ་དྷཱུ་ཏིས་མཛད་པ། བསྟོད་པ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་༼མཆོད་རྟེན༽མ་བླ་མ་ས་ཆེན་གྱིས་མཛད་པ། བསྟོད་པ་ཆོས་དབྱིངས་སྟོང་ཉིད་མ་༼མཆོད་རྟེན༽སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ནག་པོ་ཆེན་པོའི་རྒྱུད་འགྲེལ་གྱི་བསྟོད་མང་ནས་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་ཕྱུང་བ། བསྟོད་རྙིང་དམིགས་༼མཆོད་རྟེན༽མེད་ཐུགས་རྗེ་མ། ལྷ་མོའི་བསྟོད་པ་


GLG001_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

༼མཆོད་རྟེན༽འཇིག་རྟེན་གསུམ་བདག་མ། ལྷ་མོ་ལ་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས་ཀྱིས་དོན་དམ་པའི་སྒོ་ནས་བསྟོད་པ། ༼མཆོད་རྟེན༽སྤྲོས་བྲལ་འོད་གསལ་མ་འཇིམ་ལོ་ཙཱ་བས་བསྒྱུར་བ། ལྷ་མོ་ལ་དགེ་བཅུ་རྣམ་དག་གི་སྒོ་ནས་བསྟོད་༼མཆོད་རྟེན༽པ་འཇིག་རྟེན་འཁོར་བ་མ་ལོ་ཙཱ་བ་ག་རོད་ཀྱིས་བསྒྱུར་བ། ཚིག་ཟུར་ཅུང་ཟད་མི་འདྲ་བ་མ་གཏོགས་དུད་སོལ་པོ་ཏི་ནའང་ཡོད། ལྷ་མོ་ལ་ནམ་མཁའི་ལྷ་བྲན་རྣམས་ཀྱིས་བསྟོད་པ་༼མཆོད་རྟེན༽བསྐལ་པ་མེད་པར་མ་འཇིམ་ལོ་ཙཱ་བས་བསྒྱུར་བ། ཞབས་བཏགས་མར་ཡང་ཡོད། རྫོང་པོད་ན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་ཅེས་པའི་ཚིག་ཟུར་ཅུང་ཟད་མི་མཐུན་ཙམ་ཞིག་དྲུག །ལྷ་མོའི་བསྟོད་པ་ཡེ་ཤེས་དབྱིངས་ལས་༼མཆོད་རྟེན༽མ་རྗེ་བཙུན་རིན་པོ་ཆེས་ས་སྐྱར་མཛད་པ། འཕགས་པས་མཛད་པའི་བདུད་རྩིའི་ལྔ་མཆོད་དམ་༼མཆོད་རྟེན༽༼མུ༽གསང་བའི་མཆོད་གཏོར་གྱི་རིམ་པ་དགྲ་བགེཊ་རྣམས་ནི་མ། ཞབས་བཏགས་མར་ཡང་ཡོད། དེས་མཛད་པའི་བཤགས་པ་༼མཆོད་རྟེན༽༼མུ༽ཚིག་ལྷུག །དེས་མཛད་པའི་བསྟོད་པ་༼མཆོད་རྟེན༽༼མུ༽གང་ཐུགས་མ། ཞབས་བཏགས་མ་དང་ཚར་ལུགས་བསྟོད་འབུམ་ནའང་ཡོད། སྤྲེ་ལུང་ཀུན་སྨོན་གྱིས་མཛད་པའི་བཤགས་པ་༼མཆོད་རྟེན༽ཚིགས་བཅད་བླ་མ་མཆོག་དཀྱིལ་མ། ཞབས་བཏགས་མར་ཡང་ཡོད། ནག་པོ་ལྕམ་དྲལ་འཁོར་དང་བཅས་པའི་བཤགས་མཆོད་གཏོར་སྒྲུབ་ཞག་སྦྲེལ་༼མཆོད་རྟེན༽དུ་བྱ་ཚུལ། འདིའི་ནང་དུ་མགོན་པོའི་བཤགས་པ་མལ་གྱི་མངོན་རྟོགས་ནས་ཕྱུང་བའི་ཡོན་ཏན་ལྷུན་རྫོགས་༼མུ༽མ་དང་མཆོག་སྲེད་ཀྱིས་མཛད་པའི་ལྷ་མོའི་བཤགས་པ་༼མུ༽འགྲོ་བའི་དོན་སྐུ་མ་གཉིས་ཡོད། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་མཛད་པ་སྦྱར་བྱང་མེད་པ་ལས་ཅན་ཞིག་དང་ཕྲད་ཤོག་གི་


GLG001_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཅན་རྣམས། རྩ་བའི་གཉིས་པ་ཟབ་པའི་ཡང་ཏིག་ནང་གི་མན་ངག་ལ། འགོར་ན་མོ་གུ་རུ་བྷྱཿ ནག་པོ་ཆེན་པོའི་གདམས་པ་ལ་རང་གི་ཀྱེ་རྡོ་རྗེ་ཞེས་པའི་རྩ་གསུམ་ལ་བརྟེན་པའི་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽༼ཞ༽མན་ངག་མདོར་བསྡུས་པ་གོང་མས་མཛད་པ་གནད་ཀྱི་གདམས་པ་སྲོག་གི་ཡང་ཏིག་དམ་པ་ཡིན་ནོའི་མཐའ་ཅན། རྡོ་རྗེ་གདན་པའི་གསན་ཡིག་ན་རྩ་གསུམ་མགོན་པོ་ལྕམ་དྲལ་དུ་བསྒོམས་ནས་གསང་བའི་མན་ངག་ཟེར་བར་སྣང་། དེ་ཉིད་ཅུང་ཟད་རྒྱས་སུ་བཏང་བ་འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་ནག་པོ་འཁུ་མེད་མི་འགྱུར་བའི་སྲོག་འཛིན་རིམ་པའི་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽༼ཞ༽མན་ངག་བཤད་ཅེས་ཡོད་པའི་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ་བསྒྲུབ་བྱ་མི་འཆི་རིའི་དབུ་སྙུང་བ་ཞེས་ཀྱང་གྲགས་སོའི་མཐའ་ཅན། གསང་བའི་རྟེན་ལུས་ལ་༼མཆོད་རྟེན༽༼ཨེ༽༼མུ༽༼རྡོ་རྗེ༽༼ཞ༽བཅད་པའི་མན་ངག་གོང་མས་མཛད་པ། གསན་ཡིག་དང་དཀར་ཆག་ན་འདི་ལྟར་སྣང་ཡང་ཡི་གེ་ན་དམ་པས་མཛད་ཟེར་བ་འདུག་ཅིང་རྫོང་ཆུང་པའི་གླེགས་བམ་དུ་གོང་དུ་འཐུད་པ་ལས་ཟུར་དུ་མེད། བླ་མ་དམ་པའི་དབོན་པོ་བསོད་ནམས་ལེགས་གྲུབ་ལ་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་ལག་འཁྲིད་དུ་བསྟན་པའི་དུས་ཡི་གེ་གསལ་པོར་བྲིས་ཞེས་བསྐུལ་བ་ལ་བརྟེན་ནས་རྫོགས་རིམ་ཞལ་ཤེས་དང་བཅས་པ་༼མཆོད་རྟེན༽༼རྡོ་རྗེ༽སྙན་ནས་སྙན་དུ་བརྒྱུད་པའི་བསྙེན་སྒྲུབ་ཐུན་མོང་མ་ཡིན་པའི་མན་ངག་ཆུ་ཕོ་ཁྱི་ལོ་ཧོར་ཟླ་དང་པོར་དཔལ་སྣེའུ་གདོང་རྩེའི་གཙུག་ལག་ཁང་དུ་མཛད་པ་རྣམས། རྩ་བའི་གསུམ་པ་གསང་བ་ཐུན་མོང་མ་ཡིན་པ་ཟབ་པའི་གནད་ཀྱི་མན་ངག་གི་སྐོར་གྱི་ཟིན་ཐོ་ཙམ་དཀར་ཆག་ཏུ་


GLG001_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་རྣམས་ནི་བདག་ཆེན་རྡོ་རྗེ་འཆང་ཡན་ཆད་ལ་ཕལ་ཆེར་གསུང་ངག་ཏུ་བཞུགས་ཤིང་ལ་ལར་རེག་ཟིག་ཐོར་བུ་ཙམ་ཡོད་པར་འདུག་པས་དཀར་ཆག་ལས། འདི་རྣམས་ནི་སྙིང་ནང་གི་ཁྲག་ལྟ་བུའི་གདམས་ངག་སྟེ་འདིར་མན་ངག་ནུབ་ཀྱི་དོགས་པས་བསྡུས་དོན་ཞིབ་པར་བཀོད་པ་ཡིན་གསུངས་པས་དཀར་ཆག་དང་སྒོ་བསྟུན་རྒྱུའི་གླེགས་བམ་ནག་འགྲོས་སུ་འདུག་པ། སྙིང་པོ་གནད་སྒྲོན་ལས། གསང་བ་ཐུན་མོང་མ་ཡིན་པའི། །ཡི་གེ་གསེར་གྱི་རི་བོའི་གྲངས། ཞེས་ཡིག་སྣ་བརྒྱ་དང་ལྔ་བཅུའི་གྲངས་སུ་འདྲེན་རྒྱུའི་བདུན་གྱི་གཏོར་མའི་ཞལ་གདམས་གཉིས་གཅིག་ཏུ་བརྩིས་ཤིང་དེ་མིན་དྲུག་ལས་དཀར་ལྷག་བསམ་རབ་དཀར་གྱི་དྲིས་ལན་དུ་ངོས་འཛིན་འདི་ལྟར་མཛད་ཀྱང་། གནད་སྒྲོན་དུ་ཡིག་སྣ་བརྒྱ་དང་བཞི་བཅུ་དགུ་ཞེས་ལར་བཅད་པའི་ནང་དུ་གསང་བའི་ཡི་གེ་བདུན་པོ་བགྲངས་པ་ནས་མཐར་དཀར་ཆག་ཉིད་དང་ལྔ་བཅུ་པོ་ཞེས་པའི་བརྗོད་བྱར་དཔགས་ན་དཀར་ཆག་མིན་པའི་ཆོས་ཚན་ཞིག་དགོས་རྒྱུར་འདུག་ཀྱང་ད་ལྟར་གཏོར་མའི་ཡི་གེ་གཉིས་སོ་སོར་འཕྲལ་ན་མ་གཏོགས་ངོས་འཛིན་རྒྱུ་མ་རྙེད་པས་ལུགས་གཉིས་པོ་དེ་གང་ཡིན་སླར་ཡང་གསང་ཆེན་སློབ་བཤད་ཕྱོགས་ལ་ཕུ་ཐག་ཆོད་པ་ཞིག་དང་འཕྲད་ན་འདྲི་དགོས་པར་འདུག་གོ །ཆག་ཡོངས་གྲགས་ལྟར་དང་གཞན་ལྔ་ཀུན་ལ་མ་གྲགས་པའི་སྙིང་ནང་གི་ཁྲག་ལྟ་བུ་ཡིན་པས་སྙན་བརྒྱུད་གླེགས་བམ་གྱི་གྲས་སུ་འོས་པར་དགོངས་ནས་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་གསན་ཡིག་ཏུ་ཡང་མི་གསལ། ལོ་པ་སྤྱན་སྔ་དང་ཐར་རྩེ་པ་རྣམས་ཀྱི་གསན་ཡིག་ན་དཀར་ཆག་ནང་འདེད་འདུག་པ་ནི་དཀར་ཆག་གིས་ཟིན་པས་རྣམ་པ་གཅིག་ཏུ་མི་འཐད་པ་མ་ཡིན་མོད། འོན་ཀྱང་ཐུན་མོང་དང་ཐུན་མོང་མ་ཡིན་པ་སོ་སོར་


GLG001_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པའི་དབང་དུ་བྱས་ན་ལེགས་པར་མ་མངོན། འདི་སྐོར་གྱི་མན་ངག་ཕལ་ཆེར་འཐོར་བ་བསྡེབས་ནས་རྡོ་རིང་རིན་པོ་ཆེས་མཛད་པ་སྙན་བརྒྱུད་པོ་ཏིར་བཞུགས་ནས། བདག་ཆེན་རིན་པོ་ཆེས་མཛད་པ་རྣམས་ཀུན་མཁྱེན་མཁྱེན་བརྩེ་ཁུ་དཔོན་གྱི་གསན་ཡིག་གི་དཀྱུས་སུ་འདུག་ཀྱང་དཀར་ཆག་ན་མི་གསལ་བས། འདིར་དཀར་ཆག་གིས་མ་ཟིན་པའི་སྙན་བརྒྱུད་ཀྱི་སྡེབས་སུ་བྱས་ཡོད་དོ། །གླེགས་བམ་གྱི་དཀར་ཆག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་བང་མཛོད་ཀྱི་སྒོ་འབྱེད་གསལ་བའི་ཡིད་འཕྲོག་བདག་ཆེན་རྡོ་རྗེ་འཆང་གིས་མཛད། འདི་ཐོག་མར་བཞུགས་རིགས་པ་འདྲ་ཞིག་འདུག་ནའང་། ཚར་ཆེན་གྱིས། དྲིལ་བས་མགོན་པོར་མེ་འབར་མར། །གྲགས་པའི་དཀར་ཆག་ནང་བཞུགས་པའི། །ཡིག་སྣ་བརྒྱ་དང་བཞི་བཅུ་དགུ །དཀར་ཆག་ཉིད་དང་ལྔ་བཅུ་རུ། །ངེས་སོ་སྐལ་ལྡན་སྙིང་ལ་ཆོངས། །ཞེས་གསུངས་པ་དང་བསྟུན་པ་ཡིན་ནོ། །དཀར་ཆག་ཏུ། ད་ནི་ཞར་ལས་འོངས་པ་འཁོར་ལོའི་དཔེ་རིས་རྣམས་ཞེས་གསུངས་པ་ལ་རགས་རིམ་ཙམ་ལས་མི་གསལ་ཞིང་། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་གདུང་བརྒྱུད་ཁོ་ན་ལས་ཆིག་བརྒྱུད་དུ་བྱོན་པ། ཡང་ཀླུངས་པ། བར་སྡིངས་པ་སྟེ་བརྒྱུད་པ་གསུམ་གྱི་དཔེ་རིས་ཚང་ཞིང་ལྷད་མ་ཞུགས་པ་བདག་ཆེན་རྡོ་རྗེ་འཆང་གི་ཕྱག་བྲིས་དངོས་ལ་འབྲུ་ལེན་མཛད་པ་དང་། དེར་མ་ཚང་བ་རྣམས་ཡབ་འཇམ་དབྱངས་ཆོས་རྗེའི་ཕྱག་བྲིས་ངོས་ལས་བཤུ་བར་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིག་པ་གནང་བ་ལྟར་བཀོད་པ་ལ། །མགོན་པོ་དང་ལྷ་མོའི་སྲོག་འཁོར་འདྲ་མིན་བཞི། ནག་པོ་ཆེན་པོ་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་མཆོག་


GLG001_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སྲེད་ཀྱི་གཞུང་ལས་གསུངས་པའི་སྒྲུབ་པའི་བཅའ་གཞི། ཆིངས་ཆེན་དྲུག་དང་འཁོར་ལོའི་བྲི་ཡིག་ནས་གསུངས་པའི་བྱད་མ་རང་གཤེད་དབབ་པའི་འཁོར་ལོའམ་བསྲུང་བཟློག་སྦྲགས་མའི་འཁོར་ལོ། ཕོ་རྐྱང་དུ་སྒྲུབ་པའི་ཤོམ། ཕོ་རྐྱང་མུ་སྟེགས་པ་ལྟར་སྒྲུབ་པའི་ཤོམ། ཕོ་རྐྱང་གི་སྐབས་ཟན་ལིང་གི་སྙིང་གར་འཇུག་པའི་འཁོར་ལོ། ལས་མགོན་གྱི་བླ་རྡོའི་འཁོར་ལོ། ཕོ་རྐྱང་ཚོགས་བདག་ལྟར་སྒྲུབ་པའི་ཤོམ། གཉན་ཕུལ་བྱུང་པས་མཛད་པའི་ཕོ་རྐྱང་གི་སྒྲུབ་པའི་ལས་ཁུང་དང་ཐབ་ཁུང་། གསང་བ་ཡིད་བཞིན་ནོར་བུའི་མགོན་ཁང་སོགས་ལ་དགོས་པ་ལྷ་བརྒྱད་བསྐྱེད་པ་རྟེན་གྱི་དཀྱིལ་འཁོར། གསང་བ་ཡིད་བཞིན་ནོར་བུའི་གསད་པའི་ལས་ཁུང་། དྲུང་ཆོས་རྗེའི་བཞེད་པའི་ལས་ཁུང་རྩང་དང་བཅས་པ། མགོན་པོ་ཕུར་བུ་ལྟར་སྒྲུབ་པའི་སྒྲུབ་ཐབས་རྒྱས་བསྡུས་སོ་སོའི་ཤོམ། པུ་ཏྲ་མིང་སྲིང་གསུམ་གྱི་ཙཀ་ལི། དམ་ཤིང་དང་བ་དན་གྱི་དཔེ། སྤྲ་ཚིལ་གྱི་ལིང་ག་གསལ་ཤིང་ལ་བསྐྱོན་པ། གཏོར་ཟོར། རྡོ་ཟོར། ཁྲག་ཟོར། མདའ་ཟོར། རྭ་ཟོར། ཀོང་ཟོར། ཕུར་ཟོར། ལྷ་བརྒྱད་འཇམ་ལུགས་སུ་སྒྲུབ་པའི་གནོད་སྦྱིན་ཕོ་མོའི་འཁོར་ལོ། རུ་མཚོན་རྩེ་ལྔའི་ཤོམ། ལྷ་བརྒྱད་རྩུབ་ལུགས་ཀྱི་གནོད་སྦྱིན་ཡབ་ཡུམ་གྱི་འཁོར་ལོ། སྦྲགས་སྒྲུབ་དུས་ཐུན་གྱིས་གསང་རྒྱུའི་ལིང་ག་སྔགས་ཅན་དང་། མེའི་གདུང་བས་གསད་པའི་འཁོར་ལོ། མཁའ་འགྲོ་འཁུ་ལྡོག་སྤང་བའི་འཁོར་ལོ། ཕོ་རྐྱང་གི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱི་གཞུང་ལྟར་ཟན་ལིང་གི་ཁོག་པར་འཇུག་རྒྱུའི་འཁོར་ལོ། དམ་པས་མཛད་པའི་ངག་གནོན་ལིང་ག །རང་བསྲུང་འཁོར་ལོ་ཆེན་


GLG001_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྣམས་གྱི་སྟེང་ནས་ཕྱག་ལེན་ངོ་སྤྲོད་མཛུབ་བཙུགས་སུ་ལེགས་པར་ནོས། རྩ་བའི་གཉིས་པ་དེར་མ་འདུས་པའི་ཡན་ལག་གི་ཡི་གེ་སྐོར་ནི། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་མེ་འབར་དཀར་ཆག་སྙིང་པོ་གནད་སྒྲོན་ལས། འདི་ན་མ་བསྒྲིགས་ཟབ་གནད་ཀྱི། །ཡི་གེ་ཐོར་བུ་སྦས་པ་རྣམས། །ཁོ་བོས་དཀར་ཆག་གཞན་དུ་བྲིས། །སྣོད་ལྡན་དད་པའི་མིག་ལྡན་དག །ངོ་མཚར་ལྟད་མོ་བྱོས་ཤིག་ཀྱེ། །ཞེས་པ་ལྟར་མེ་འབར་གླེགས་བམ་དུ་མ་བཀོད་པར་ཟབ་ཅིང་གསང་བའི་གབ་སྦས་ཀྱི་ཡིག་སྣ་འགའ་ཞིག་དང་རྗེ་བཙུན་རྡོ་རིང་པ་ཆེན་པོས་མགོན་པོ་འདིའི་ཆོས་སྐོར་བླ་མ་བཅུ་གཅིག་ཙམ་ལ་གསན་པ་དང་གཞན་ཡང་རྫོང་པ་ཤེས་རབ་རིན་ཆེན་དང་གོང་དཀར་བ་ཚེ་དབང་བཀྲ་ཤིས་ཀྱིས་མཚོན་པའི་དཔལ་ལྡན་ས་སྐྱ་པའི་བརྒྱུད་འཛིན་གྱི་བླ་མ་བཅུ་ཕྲག་གཅིག་དང་རྔོག་ཆེན་པོ་བསོད་ནམས་བསྟན་འཛིན་སོགས་དམ་པ་མང་པོར་ཚར་ཆེན་རང་ཉིད་ཀྱིས་གསན་པ་རྣམས་ཟུར་དུ་བསྒྲིགས་པའི་གླེགས་བམ་ལ་ཐུན་མོང་བ་མན་ངག་ཁ་སྐོང་པོ་ཏིའི་སྐོར། མཁས་གྲུབ་ཕལ་ཆེར་གྱིས་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་སྙིང་ཁྲག་གི་གཟུངས་ལྟ་བུ་སྙན་བརྒྱུད་པོ་ཏིའི་སྐོར། བླ་མ་གྱི་ལྗང་ལོ་ཙཱ་བ་ནས་བརྒྱུད་པའི་གྱི་ལྗང་པོ་ཏིའི་སྐོར། འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་པའི་སོལ་བ་ཅན་གྱི་སྐོར་དང་བཞི། དེ་ཡང་གདུང་བརྒྱུད་དུ་རློམས་པ་འགས་རང་བཟོའི་ལག་ལེན་ལ་འདི་ནས་བརྒྱུད་མེད་པར་ཟབ་ཟབ་བྱེད་པ་དང་མི་འདྲ་བར་ཁུངས་བཙུན་པའི་རྒྱུ་མཚན་ལྷག་བསམ་རབ་དཀར་ལས། ཁོ་བོས་རྗེ་བཙུན་ཀུན་དགའ་བཟང་པོ་ལས། །བརྒྱུད་པའི་སེར་


GLG001_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པོད་ལ་སོགས་ཀུན་ཀྱང་ཐོས། །རྒྱུད་གསུམ་སྨྲ་བ་པྲཛྙ་རཏྣ་ལ༔ །རྫོང་ཆུང་པ་ལས་བརྒྱུད་པ་ཞིབ་ཏུ་ཞུས། །ཁྱད་པར་གྲུབ་མཆོག་དབང་པོ་ཀུན་སྤངས་ཞབས། རིང་དུ་བསྟེན་ཞིང་གདུང་བརྒྱུད་རིམ་པ་ལས། །བརྒྱུད་པའི་མ་ཏི་དྷྭ་ཛའི་སྙན་བརྒྱུད་ཀྱི། །གདམས་པ་མ་ལུས་བུམ་པ་གང་བྱོར་ཐོབ། །མདོར་ན་དམ་པའི་ཡོངས་འཛིན་བདུན་ལ་གཏུགས། ཞེས་དྲི་བ་འདི་གནང་སྐབས་གོང་དཀར་བ་ཚེ་དབང་བཀྲ་ཤིས་སོགས་དང་མ་མཇལ་བའི་སྐབས་ཡིན་འདུག །དེ་རྗེས་དམ་པའི་ཡོངས་འཛིན་བཅུ་ཕྲག་ལ་དཔྱད་པ་རྫོགས་ནས་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་གསན་པས་བསམ་འཕེལ་ནོར་འཕྲེང་ལས། བདག་ཆེན་རྡོ་རྗེ་འཆང་དབང་གིས། །བསྒྲིགས་པའི་མགོན་པོད་མེ་འབར་མ། །ཞལ་ཤེས་ཁ་སྐོང་ཟིན་བྲིས་བཅས། རྒྱལ་བས་ལུང་བསྟན་ཨེ་ཝཾ་པས། །བསྒྲིགས་པའི་སེར་པོད་ཅེས་གྲགས་དང་། །མཐུ་སྟོབས་དབང་ཕྱུག་གོང་དཀར་བ། ཐམས་ཅད་མཁྱེན་པའི་མགོན་པོད་དང་། །ས་སྐྱའི་རྫོང་ཆུང་པ་རྣམས་ཀྱི། །ཐུགས་དམ་མན་ངག་པོ་ཏི་སོགས། །ཟབ་ཅིང་མཆོག་ཏུ་གཉན་པ་ཡི། །མན་ངག་བེ་བུམ་དེ་དག་ཐོབ། ཅེས་གསུངས་པ་ལྟར། དང་པོ་རྗེས་འཇུག་མཁས་གྲུབ་རྣམས་ཀྱི་ཡི་གེ་ཐུན་མོང་བ་མེ་འབར་མར་མ་འཁོད་པའི་ཁ་སྐོང་པོ་ཏི་ལ། ཐོག་མར་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་མན་ངག་ཟབ་བསྡུས་གསལ་བྱེད་ཁ་སྐོང་དཀར་ཆག་ཟབ་དོན་གསལ་བའི་སྒྲོན་མེ། དེ་ལས་བྱུང་བའི་ཆོས་སྐོར་ལ། པཎ་ཆེན་གྷ་ཡ་དྷ་ར་ནས་བླ་ཆེན་འབྲོག་མིར་བརྒྱུད་པ། བ་རི་ལོ་ཙཱ་བར་རྗེ་བཙུན་བརྩེ་བ་ཆེན་པོས་གསན་པ། ཁ་ཆེ་པཎ་ཆེན་གྱི་ཆོས་


GLG001_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་པཎྜི་ཏ་ལ་གནང་བ། བླ་མ་མལ་ལོ་ཙཱ་བ་ནས་བརྒྱུད་པ་དང་བཞི། དང་པོ་ལ། འགོར་བླ་མ་དང་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་རྗེ་བཙུན་གྷ་ཡ་དྷ་ར་ནས་བརྒྱུད་པའི་རྗེས་གནང་བྱ་ཚུལ་ནི་ཞེས་ཡོད་པའི་རྗེས་༼མཆོད་རྟེན༽༼སཏྭ༽གནང་གི་ཟིན་བྲིས་ཡིག་ཆུང་དམ་ཚིག་པ་བསྐྱེད་པའི་ཚེ་ས་བོན་ལས་བསྐྱེད་པ་ནི་གང་བྱས་ཀྱང་འདྲ་འོའི་མཐའ་ཅན། འགོར་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནག་པོའི་སྒྲུབ་ཐབས་དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་ཡོད་པའི་སྒྲུབ་ཐབས་༼མཆོད་རྟེན༽༼ཨེ༽༼སཏྭ༽ཆུང་ངུ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ལས་ཕྱུང་བ་རྫོགས་སོའི་མཐའ་ཅན། འགོར་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་རྡོ་རྗེ་ནག་པོ་ཆེན་པོ་བསྐྱེད་པའི་མངོན་པར་རྟོགས་པ་ནི་ཞེས་ཡོད་པའི་ལས་སྦྱོར་མན་ངག་༼མཆོད་རྟེན༽༼ཨེ༽༼མུ༽༼སཏྭ༽གུར་རྒྱན་ལས་ཕྱུང་བ་རྫོགས་སོའི་མཐའ་ཅན་རྣམས། གཉིས་པ་བ་རི་ལོ་ཙཱ་བར་རྗེ་བཙུན་བརྩེ་བ་ཆེན་པོས་གསན་པ་ལ། སྒྲུབ་ཐབས་ཀུན་ལས་བཏུས་པའི་༼མཆོད་རྟེན༽༼མུ༽༼སྒོ༽༼བུད༽ལུགས་ཀྱི་རྗེས་གནང་གི་ཟིན་བྲིས། འགོར་སྐད་ཤན་སྦྱར་དང་དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ་དེ་ཁོ་ན་བཞིན་སྔོན་དུ་བསྟན་པའི་ཆོ་གས་ཞེས་ཡོད་པའི་སྒྲུབ་ཐབས་མཆོད་༼རྟེན༽༼མུ༽༼སྒོ༽༼བུད༽རྒྱ་གཞུང་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་བ་རིའི་འགྱུར་འདི་མེ་འབར་མར་ཡང་ཡོད། གསུམ་པ་ཁ་ཆེ་པཎ་ཆེན་གྱིས་ཆོས་རྗེ་པཎྜི་ཏར་གནང་བ་ལ། འགོར་སྐད་ཤན་སྦྱར་དང་དཔལ་ནག་པོའི་སྒྲུབ་ཐབས་ཞེས་བྱ་བའི་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་སྔར་གསུངས་པའི་ཆོ་གས་ཞེས་ཡོད་པའི་སྒྲུབ་ཐབས་ཀྱི་


GLG001_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

༼ཁ༽༼མཆོད་རྟེན༽༼ཨེ༽རྒྱ་གཞུང་ཞེས་བྱ་བ་ལ་སོགས་པ་དཔག་ཏུ་མེད་པ་རྟོགས་པར་བྱའོའི་མཐའ་ཅན་སེར་པོད་ན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་ཅེས་སྣང་བ་འཐད་པར་སེམས། དེའི་འཕྲོས་ལས་དེ་ནས་བསྒོམ་པར་བྱ་བའི་ཆོ་ག་བརྗོད་པར་༼ཁ༽༼མཆོད་རྟེན༽༼ཨེ༽བྱ་སྟེ་ཞེས་པ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་མན་ངག་གོའི་མཐའ་ཅན། བསྙེན་པ་ལ་བརྟེན་ནས་ཕྱི་ཕོ་ལྷ་ལྟར་བསྒྲུབས་པས་མཐུ་ཞོར་ལ་འབྱུང་བ། སྒྲུབ་པ་ཞུན་ཆེན་གྱི་མར་མེ་ལ་བརྟེན་ནས་གནག་པ་ཞག་བདུན་ལ་བསྒྲལ་བ། ལས་སྦྱོར་ཁྱི་ནག་པོའི་ཙིཏྟ་སྙིང་ལ་བརྟེན་ནས་དགྲ་བོ་ཁ་འཕུང་དུ་གསད་པ། དེ་གསུམ་ལ་༼ཁ༽༼མཆོད་རྟེན༽༼ཨེ༽༼མུ༽གསང་སྒྲུབ་སྤུ་གྲི་སྐོར་གསུམ་དུ་བཏགས་པའི་ཆོས་ཚན་གཅིག་ཏུ་བཞུགས་པ་ཡིན། རྗེ་ས་པཎ་གྱིས་༼ཁ༽༼མཆོད་རྟེན༽༼ཨེ༽༼མུ༽ཁ་ཆེ་པཎ་ཆེན་ལ་གསེར་ཞོ་བརྒྱད་དང་གཡུ་ཞོ་བརྒྱད་རི་བ་གཅིག་ཕུལ་ནས་ཞུས་པའི་ལོ་རྒྱུས། བསྙེན་སྒྲུབ་ལས་གསུམ་གྱི་ཞལ་གདམས་ལས་༼ཁ༽༼མཆོད་རྟེན༽༼ཨེ༽༼མུ༽འཕྲེང་བའི་མན་ངག་སོགས་ཡོད་པའི་བསྙེན་པའི་ཞལ་གདམས། མ་ཧཱ་ཀཱ་ལ་དང་དུར་ཁྲོད་ཀྱི་གཞལ་ཡས་ཁང་བསྒོམ་པ་སོགས་ཡོད་པའི་༼ཁ༽༼མཆོད་རྟེན༽༼ཨེ༽༼མུ༽སྒྲུབ་པའི་ཞལ་གདམས། མནན་ལུགས་༼ཁ༽༼མཆོད་རྟེན༽༼ཨེ༽༼མུ༽དྲུག་བསྟན་པའི་ལས་སྦྱོར་གྱི་ཞལ་གདམས། མེ་ཏོག་ནག་པོས་སོགས་རྫས་རྣམས་༼ཁ༽༼མཆོད་རྟེན༽༼ཨེ༽བསྟན་པའི་གཏོར་མའི་ཡིག་ཆུང་རྣམས། འདི་ལ་མན་ངག་མ་གཏོགས་རྗེས་གནང་མཆོག་སྲེད་ནས་བརྒྱུད་པ་དེས་འཐུས་ཞེས་མ་གནང་ནའང་རྗེ་བཙུན་གྲོལ་མཆོག་གིས་གཞན་ནས་བསྐངས་ཏེ་ལུགས་འདིའི་རྗེས་གནང་ཡིན་ཞེས་མཛད་འདུག་པ་ནི་ཧ་ཅང་གུ་ཡངས་དཔའ་ཐལ་དུ་མངོན་ནོ། །བཞི་པ་མལ་ལོ་ཙཱ་བ་ནས་བརྒྱུད་


GLG001_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ལོ་རྒྱུས། རྗེས་གནང་། དབང་ཆོག །རྒྱུད། སྒྲུབ་ཐབས། བསྐང་བ། བསྟོད་འབུམ། བསྐུལ། རྫོང་ལུགས་དཀར་ཆག་ན་ཐེམས་ཡིག་ཅེས་སྣང་། གོང་དཀར་ལུགས། ངོར་ལུགས། དྲུང་བཙུན་པ་ནས་བརྒྱུད་པ། ཐོར་བུའི་སྐོར་དང་བཅུ་གསུམ། དང་པོ་ལ། འགོར་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་མགོན་པོ་ཇི་ལྟར་འབྱུང་བའི་ལོ་རྒྱུས་ནི་ཞེས་ཡོད་པའི་ལོ་རྒྱུས་ཤིན་ཏུ་རྒྱས་༼མཆོད་རྟེན༽པ་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ་མགོན་པོའི་བྱུང་ཚུལ་ཅི་རིགས་པ་བསྟན་ནོའི་མཐའ་ཅན། དེས་མཛད་པའི་འགོར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ་དཔལ་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི་༼མཆོད་རྟེན༽ཞེས་ཡོད་པའི་ལོ་རྒྱུས་རྒྱས་པ་སྐྱེ་བརྒྱུད་ཇི་ལྟར་བྱུང་བའི་ལོ་རྒྱུས་སོའི་མཐའ་ཅན། དེས་མཛད་པའི་འགོར་རྗེ་བཙུན་དམ་པ་ལྷ་དང་བཅས་མ་དང་། བསྟན་པ་སྲུང་མཛད་རྣམས་ལ་གུས་བཏུད་དེ་༼མཆོད་རྟེན༽ཞེས་ཡོད་པའི་ལས་མགོན་པུ་ཏྲ་མིང་སྲིང་གི་ལོ་རྒྱུས་རྗེ་བཙུན་རིན་པོ་ཆེ་ལ་གནང་ངོའི་མཐའ་ཅན་རྫོང་ཆུང་བ་མགོན་པོ་གཏེར་མའི་ལོ་རྒྱུས་དེ་དམ་པས་མཛད་པའི་ལས་མགོན་ཀྱི་ལོ་རྒྱུས་སུ་ངོས་བཟུང་ནས་འདི་མ་བཀོད་དོ། །དེའི་འཕྲོས་ལས་འདི་འཕགས་པ་ཀླུ་སྒྲུབ་ཀྱི་དྲག་སྔགས་ཞེས་སོགས་སྔོན་བྱུང་གི་ལོ་རྒྱུས་སོའི་མཐའ་ཅན་འདི་དཀར་ཆག་ན་མི་གསལ། འགོར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །བཅོམ་ལྡན་ཉིད་ཀྱི་སྐུ་གསུང་ཐུགས། །ཞེས་ཡོད་པའི་འཇིགས་༼མཆོད་རྟེན༽བྱེད་ཀྱི་སྡེ་བརྒྱད་ཀྱི་སྲོག་སྙིང་བླངས་ཚུལ་སོགས་གཤིན་རྗེ་ལྟར་བསྒྲུབ་པའི་ལོ་རྒྱུས་ཀྱི་རྟོག་པ་དཔལ་


GLG001_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྐྱ་པའི་ཁྱད་པར་གྱི་གདམས་པ་ནག་པོ་ཆེན་པོའི་གཏམ་རྒྱུད་ཅེས་བྱ་བའི་ཡིག་ཆུང་རྣམས། གཉིས་པ་རྗེས་གནང་ལ། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་ཐོག་མར་བདག་གི་རྣལ་འབྱོར་དང་ཞེས་ཡོད་པའི་༼མུ༽མགོན་པོ་ལྷ་བཅུ་གཉིས་མའི་རྗེས་གནང་གི་ཡི་གེ་རྫོགས་སོའི་མཐའ་ཅན་སྤྲོ་ལུང་པ་ཀུན་སྨོན་གྱིས་མཛད་པ། མགོན་པོ་ལྕམ་དྲལ་གྱི་རྗེས་གནང་ངམ་བཀའ་སྒོའི་ཡི་གེ་༼མུ༽ནག་པོ་འགྲོ་ཤེས་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་གིས་བསྐུལ་བ་ལ་བརྟེན་ནས་ཆོས་རྗེ་ཨཱ་ནནྡས་མེ་ལུགས་རྒྱལ་ཟླའི་ཚེས་བཅུ་བཞི་ལ་ངམ་རིང་རྩེར་སྦྱར་བ་རྗེས་གནང་འདི་གཉིས་མུས་སྲད་པའི་གླེགས་བམ་དུ་མེད་ཀྱང་བརྒྱུད་པ་གཅིག་པས་མུའི་རྟགས་ཐོབ་བོ། །ལྕམ་དྲལ་གྱི་རྗེས་གནང་༼མུ༽ལྕགས་མདོ་དབོན་པོ་གྲགས་པ་བཟང་པོས་བསྐུལ་ནས་སྔགས་འཆང་གཟུངས་ཀྱི་དཔལ་བའི་གསུང་བཞིན་ཆོས་རྗེ་བཟང་པོ་རྒྱལ་མཚན་གྱིས་མཛད་པ་རྣམས། གསུམ་པ་དབང་ཆོག་ལ། ནག་པོ་ཆེན་པོ་ལྷ་བཅུ་གཉིས་མའི་དཀྱིལ་འཁོར་གྱི་ཆོ་ག་མགོན་པོ་༼རྡོ་རྗེ།༽རྣམ་པ་རོལ་པ་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ་ལ་ཀུན་མཁྱེན་རྡོ་རྗེ་གདན་པས་གསུང་མཆན་བཏབ་པ། ནག་པོ་ཆེན་པོའི་ཐིག་རྩ། ལྷ་ལྔ་མ་དང་ལྷ་བཅུ་བདུན་མའི་མངོན་རྟོགས། མགོན་པོའི་སིནྡུ་རའི་དབང་མཆོག་རྣམས་ཀྱི་ཟུར་འདེབས་༼རྡོ་རྗེ།༽དཔལ་རྡོ་རྗེ་གདན་པས་མཛད་པ་ཕྱག་བྲིས་དངོས་ལས་བཤུས་པ། ནག་པོ་ཆེན་པོ་ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཉིས། ལྷ་བཅུ་བདུན་མ་རྣམས་ཀྱི་ཐུན་མོང་གི་མངོན་རྟོགས་བདུད་ལས་རྣམ་པར་རྒྱལ་བ་༼རྡོ་རྗེ།༽ཆོས་ཀྱི་རྗེ་མ་ཏི་བྷ་དྲིའི་བཀས་བསྐུལ་བ་ལ་བརྟེན་འཇམ་དབྱངས་གྲགས་པས་ཆོས་རྗེ་ཀུན་དགའ་རྒྱལ་མཚན་ཡང་ཟེར།


GLG001_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཟླའི་ཚེས་ལྔ་ལ་སེ་མཁར་ཆུང་པའི་གཟིམས་ཁང་དུ་མཛད་པ། བསྐུལ་པ་པོ་དང་མཛད་པ་པོ་བཤད་མ་ཐག་པའི་ནག་པོ་ཆེན་པོའི་ཐུན་མོང་བ་རྒྱ་གཞུང་ལུགས་ཐུན་མོང་མ་ཡིན་པ་སྙན་བརྒྱུད་ལུགས་ཀྱི་དཀྱིལ་འཁོར་གྱི་༼རྡོ་རྗེ།༽ཆོ་ག་མགོན་པོ་རྣམ་པར་རོལ་པ་རྣམས། དེས་མཛད་པའི་དེའི་ཟུར་༼རྡོ་རྗེ༽༼ཞ༽འདབས་ཀྱི་ཚིགས་བཅད་བྱིན་རླབས་ཀྱི་ཆོ་ག་མཐོང་བ་དོན་གསལ། བཞི་པ་རྒྱུད་ལ། མགོན་པོ་ཁྲོས་པའི་རྒྱུད་དམ་དངོས་གྲུབ་འབྱུང་བའི་རྒྱུད་ལས་དྲག་པོའི་སྦྱིན་སྲེག་༼མཆོད་རྟེན༽བསྟན་པའི་ལེའུ་བཅུ་པ་ཁོལ་དུ་ཕྱུང་བ་འགོར་སྐད་ཤན་སྦྱར་ཡོད་པའི་དཔལ་ལྷ་མོ་༼རྡོ་རྗེ༽༼རུ༽ནག་མོ་ཆེན་མོའི་གཟུངས་རྫོགས་སོའི་མཐའ་ཅན་སེར་པོད་ན་འདིའི་སྟོད་ཆའི་བ་དྷཱ་སི་ཡན་དང་སྨད་ཆའི་འདི་བཏོན་པས་གདོན་ཐམས་ཅད་དང་ཞེས་པ་མན་མེད་པའི་འགོར་སྐད་ཤན་སྦྱར་ཡོད་པའི་ཏིལ་མར་༼ཨེ༽མ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་བསྟོད་པ་བརྒྱད་པ་ཞེས་བྱ་བ་དེ་ངོས་བཟུང་ཀྱང་འདི་དངོས་གྲུབ་འབྱུང་བའི་རྒྱུད་ནས་བཏོན་པར་བཤད་པས་སྐད་ཤན་སྦྱར་ཐེ་ཚོམ་གྱི་གཞིར་སྣང་ངོ་། །འགོར་སྐད་ཤན་སྦྱར་ཡོད་པའི་དཔལ་ལྷ་མོ་ཆེན་མོ་༼ཨེ༽ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་བྱང་གི་མཐའ་ཅན་སེར་པོད་ན་འདི་ལྷ་མོ་ནག་མོའི་གཟུངས་སུ་ངོས་བཟུང་། འགོར་སྐད་ཤན་སྦྱར་ཡོད་པའི་༼ནོར་བུ།རྡོ་རྗེ༽༼རུ༽དཔལ་ལྷ་མོ་ནག་མོ་ཆེན་མོའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ་རྫོགས་བྱང་གི་མཐའ་ཅན་དཀར་ཆག་དང་གསན་ཡིག་ན་ལྷ་མོ་ནག་མོ་ལ་བསྟོད་པ་བརྒྱད་པ་ཟེར་བ་འདུག་ཀྱང་བེ་བུམ་ན་མཚན་བརྒྱ་རྩ་བརྒྱད་པ་འདུག །ལུང་ནི་གཉིས་ཀ་ཐོབ་འདིའི་རྗེས་སུ་རིག་པ་མཆོག་གི་རྒྱུད་ལས་ཕྱུང་བའི་ལྷ་མོའི་རྒྱུད་ཅེས་པ་དཔེ་མ་འབྱོར་བས་མ་ཐོབ། །


GLG001_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

འགོར་སྐད་ཤན་སྦྱར་ཡོད་པའི་དཔལ་ལྷ་མོ་བཤན་པ་ནག་མོའི་རྒྱུད་ཅེས་༼མཆོད་རྟེན༽བྱ་བ་ལེའུ་བཅུ་བདུན་པ་ཨྱོན་གྱི་མཁན་པོ་པདྨ་སཾ་བྷ་ཝ་བ་དང་ལོ་ཙཱ་བ་ཙནྡྲ་ཀུ་མཱ་རས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དམ་དུ་མཆིམས་ཕུ་བྲག་སྒྱེའུར་བསྒྱུར་བ། འགོར་སྐད་ཤན་སྦྱར་ཡོད་པའི་མ་མོ་སྲོག་གི་འཁོར་ལོའི་༼མུ།༽རྒྱུད་གནོད་སྦྱིན་ཕོ་མོ་སྟོན་པའི་མན་ངག་ལེའུ་ཉི་ཤུ་པ་རྣམས་འདི་རྫོང་ཆུང་པའི་དཀར་ཆག་ན་གྱི་ལྗང་པོ་ཏིར་འདུག་ལ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ནའང་དེ་ལྟར་སྣང་བ་བརྒྱུད་པ་གཅིག་པར་དགོངས་པ་འདྲ། །ལྔ་པ་སྒྲུབ་ཐབས་ལ། འགོར་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ་སྤྱིར་བྲམ་ཟེ་མཆོག་སྲེད་ཀྱིས་མགོན་པོ་ལྕམ་དྲལ་སྒྲུབ་པའི་ལུགས་འདི་ལ་ཞེས་ཡོད་པའི་མགོན་པོ་ཕོ་རྐྱང་གི་སྒྲུབ་ཐབས་༼མཆོད་རྟེན༽༼ཨེ༽ཤོག་སྔོན་ཅན་དུ་གྲགས་པའི་ཡིག་རྙིང་གཞན་དུ་བསྟན་ནས་དམྱལ་བར་ལྷུང་ཞེས་པའི་མཐའ་ཅན་སེར་པོད་ན་གཉན་ཕུལ་བྱུང་པ་པུནྱ་བཛྲ་གྱིས་མཛད་ཟེར་བ་འདུག །འགོར་བླ་མ་དམ་པ་རྣམས་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ་རྣལ་འབྱོར་པ་ལྷག་པའི་ལྷ་ལ་བསྙེན་པ་སྔོན་དུ་སོང་བའི་གང་ཟག་གིས་ཞེས་ཡོད་པའི་མགོན་པོ་ཕོ་རྐྱང་བཀའ་སྡོད་༼མཆོད་རྟེན༽༼མུ༽ལྟར་སྒྲུབ་པའི་ཡི་གེ་ས་སྐྱ་པནྜི་ཏ་ཁུ་དབོན་གྱི་ཞབས་རྡུལ་སྤྱི་བོས་ལེན་པ་བཀའ་འབངས་ཀྱི་ཐ་མར་གྱུར་པ་དམ་པ་ཀུན་དགའ་གྲགས་ཀྱིས་སྦྱར་བ། དེས་མཛད་པའི་འགོར་བླ་མ་དང་ནི་ཀྱེ་རྡོ་རྗེ། བཀའ་སྲུང་ནག་པོ་ཆེན་པོ་དང་ཞེས་ཡོད་པའི་མོ་རྐྱང་གི་སྒྲུབ་ཐབས་སམ་དཔལ་༼མཆོད་རྟེན༽༼མུ༽ལྡན་ལྷ་མོའི་སྒྲུབ་ཐབས་མདོར་བསྡུས་པ་བླ་མ་དམ་པའི་མན་ངག་གིས་བརྒྱན་ཅིང་རང་གིས་ཉམས་སུ་བླང་བའི་ལག་ལེན་


GLG001_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིམ་པ། དེས་མཛད་པའི་འགོར་ལས་ཀྱི་མགོན་པོ་ཟངས་གྲི་ཅན་གྱི་སྒྲུབ་པའི་ཐབས་བླ་མའི་གསུང་བཞིན་བྲི་བར་བྱའོ་ཞེས་ཡོད་པའི་བེར་ནག་༼མཆོད་རྟེན༽༼མུ༽ཟངས་གྲི་ཅན་གྱི་སྒྲུབ་ཐབས་རྗེ་ས་སྐྱ་པའི་སྙན་བརྒྱུད་ཀྱི་ཆོས་ཟབ་མོ་རྣམས་རྫོང་ཆུང་བའི་བེ་བུམ་ན་འདིའི་འགོར་བུ་ཏྲའི་བསྟོད་པ་དང་མི་འདྲ་བའི་ལས་རྣམས་ཀུན་བྱེད་མ་ཞེས་པ་ཞིག་བྲིས་འདུག །དྲུག་པ་བསྐང་བ་ལ། དཔལ་ནག་པོ་ཆེན་པོའི་ཐུགས་དམ་མདོས་ཀྱིས་སྐོང་ཞིང་མི་མཐུན་ཕྱོགས་བཟློག་པའི་༼མཆོད་རྟེན༽༼མུ༽མདོས་བསྐང་རྒྱས་པ་ནག་པོ་ཆེན་པོའི་བཀའི་གནང་བ་ཐོབ་ནས་འཕགས་པའི་ཞབས་རྡུལ་སྤྱི་བོས་ལེན་པའི་དམ་པ་ཀུན་དགའ་གྲགས་ཀྱི་མཛད་པ། འགོར་དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ་དཔལ་མགོན་པོ་མ་ཧཱ་ཀཱ་ལ་ལྕམ་དྲལ་གྱིས་བསྐང་བཤགས་བྱ་བ་ལ་ཞེས་ཡོད་པའི་མདོས་དང་༼མཆོད་རྟེན༽༼རྡོ་རྗེ༽གཏོར་མ་ཐུན་མོང་གིས་བསྐང་བ་ཆོས་ཉིད་མར་གྲགས་པར་སྔགས་འཆང་རྣམས་ཀྱི་གཅེས་པར་མཛོད་ཀྱི་མཐའ་ཅན། འདི་རང་ལུགས་དམ་པའི་བསྐང་བ་ཆུང་བར་ངོས་འཛིན། རྡོ་རྗེ་ནག་པོ་ཆེན་པོའི་བསྐང་བཤགས་༼མཆོད་རྟེན༽༼མུ༽ཆེན་མོ་ནག་པོ་མཆོད་རྟེན། འདི་དམ་པའི་གསུང་དངོས་མིན་པས་བསྐང་མདོས་ཆེན་མོ་ལ་སྔགས་འཆང་གཟུངས་ཀྱི་དཔལ་ལས་ཟུར་དུ་ཕྱུང་བ་ཡིན་ཞེས་བདག་ཆེན་རྡོ་རྗེ་འཆང་གསུང་ཞིང་གོང་དཀར་རྡོ་རྗེ་གདན་པ་ཡང་དོན་གྱིས་བཞེད་ལ་རྫོང་ཆུང་པ་རྡོ་རྗེ་རྒྱལ་མཚན་དམ་པའི་བསྐང་གསོ་འབྲིང་པོའི་ཐ་སྙད་མཛད་དོ། །དཀར་ཆག་ན་དམ་པའི་མདོས་བསྐང་ཆེན་མོའི་ལུང་རྒྱུན་བཞུགས་ཤིག་ནག་པོ་མཆོད་རྟེན་གྱི་ལུང་རྒྱུན་མི་བཞུགས་ཚུལ་འདུག་ཀྱང་། རྡོ་རྗེ་གདན་པའི་


GLG001_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དཔེ་ནག་པོ་མཆོད་རྟེན་གྱི་ཁ་ཡིག་ལ་ཕྱག་བྲིས་མཛད་འདུག་པར་དམ་པས་མཛད་པའི་འབྲིང་པོ་ཡིན་འདི་ལས་ཆེ་བ་ཞིག་འདུག་པ་ལུང་མ་ཐོབ་ཅེས་དང་མཇུག་ན་ལུང་ཐུབ་ཅེས་བསྙེལ་ཐོ་འདུག་པ་འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས་ཀྱི་གསན་ཡིག་ལ་འཁྲུལ་གཞི་ཡོད་པ་ནི་མིན་ལས་ཆེ། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་འདིའི་ཤོམ་ལ་གཡང་གཞིའི་སྟེང་དུ་ཞེས་ཡོད་པའི་༼མུ༽ཆོས་ཉིད་མ་དམ་པའི་བསྐང་སོ་ཆུང་བར་རྫོང་ཆུང་པ་བཞེད་པ། འགོར་ན་མོ་གུ་རུ་གཟུངས་གསར་པའམ་རྙིང་པ་གསོ་བར་འདོད་ན་༼མཆོད་རྟེན༽༼མུ༽ཞེས་ཡོད་པའི་ནག་པོ་ཆེན་པོའི་གཟུངས་འཛུགས་མེ་འབར་མར་ཡང་ཡོད། ལུགས་དམ་པས་མཛད་པ་གླེགས་བམ་ན་འདིའི་འགོར་འཕགས་པ་རིན་པོ་ཆེས་ཆུ་བྱི་མི་ཉག་གིས་ཡུལ་དུ་མཛད་པའི་གཟུངས་༼མཆོད་རྟེན༽༼མུ༽འཛུགས་བསྟན་པ་དྲི་མེད་མ་ཟེར་བ་ཞིག་སྣང་བ་དཀར་ཆག་ཏུ་མི་འདུག་པ་ཆད་དམ་སྙམ། བཀའ་བསྒོ་དཔལ་ལྡན་མ་ཧཱ་ཀཱ་ལ་མ་འཕགས་པས་མཛད་པ་༼མཆོད་རྟེན༽༼མུ༽བཅོལ་བའི་འཕྲིན་ལས་མཛོད་ཀྱི་མཐའ་ཅན་མེ་འབར་མའི་ས་པཎ་གྱིས་མཛད་པ་དེ་འདི་ལས་ཉུང་བ་འདུག །ནག་པོ་ཆེན་པོའི་༼མཆོད་རྟེན༽༼མུ༽མངའ་གསོལ་ཀྱེ་རྡོ་རྗེ་མ་དམ་པ་ཀུན་དགའ་གྲགས་ཀྱི་ཤིང་ཀུན་དུ་རང་གི་བརྗེད་བྱང་དུ་བྲིས་པ། བྲག་ཙིཏྟ་དམར་པོའི་གཏེར་ནས་བཏོན་པའི་ཐོ་ཡིག་ལ་བརྟེན་ནས་དམ་པའི་གཅུང་ཀུན་དགའ་དཔལ་གྱིས་༼མཆོད་རྟེན༽མཛད་པའི་བསྐང་གསོ་ཧེ་རུ་ཀ་དཔལ་ཞེས་པའི་ཤློ་ཀ་གཅིག་འགོར་ཡོད་པའི་དཔལ་ལྡན་མ་ཧཱ་ཀཱ་ལ་མ་ལ་ལ་སྐྱེ་བ་སྔོན་མ་བསྐང་གསོའི་ཐོ་བརྩམས་ནས་གཏེར་དུ་སྦས་པ་སྐྱེ་བ་འདིར་དྲན་ནས་མཛད་ཟེར་བ་རིག་དཔྱད་ཙམ་སྟེ་བདག་ཆེན་རྡོ་རྗེ་འཆང་གིས་རྩོམ་པ་པོའི་ཐུགས་ཀྱི་དཀྱིལ་ལས་བཏོན་པར་ངོས་


GLG001_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མཛད་པ་ནི་ཤིན་ཏུ་ལེགས་པ་མངོན་ནོ། །བསྐང་གསོ་དཔལ་ལྡན་མ་ཧཱ་ཀཱ་ལ་མ་བླ་ཆེན་༼མཆོད་རྟེན༽གྲགས་འོད་པས་མཛད་པ་དཀར་ཆག་ལས་འདི་ལྟར་བྱུང་བས་ཡི་གེ་ན་ཡར་ཀླུངས་པས་མཛད་ཟེར་བ་ནོར་རམ་སྙམ། བསྐང་བཤགས་འབྱུང་བ་རྣམ་བཞི་མ་བཤེས་གཉེན་རྡོ་རྗེ་འཛིན་པས་མཛད་པ་ཤེས་རབ་དཔལ་སོགས་ཀྱིས་བསྐུལ་བའི་ངོར་ཆོས་རྗེ་བླ་མ་དམ་པས་བསམ་ཡས་སུ་མཛད་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་མཉེས་པར་བྱེད་པའི་མདོས་བསྐང་ཆེན་མོའི་ཆོ་ག་༼མཆོད་རྟེན༽རབ་མྱོས་ཀྱི་ལོ་སྣོན་གྱི་ཟླ་བའི་དཀར་ཕྱོགས་ལ་བླ་མ་ཆེན་པོ་བསོད་ནམས་བློ་གྲོས་ཀྱིས་མཛད་པ། པུནྱ་མ་ཏི་དྷཱ་ཛ་ཤྲཱི་བྷ་དྲས་སྦྱར་ཟེར་བ་སྣང་། ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པའི་མདོས་བྱང་རིན་པོ་ཆེའི་འཕྲེང་མཛེས་ཞེས་བྱ་བ་༼མཆོད་རྟེན༽སྔགས་འཆང་ཀུན་དགའ་ཟླ་བས་དཔལ་ལྡན་ས་སྐྱའི་དབེན་གནས་ཉིས་ཐོག་ཏུ་རང་གི་དྲན་པ་གསོ་བ་དང་སྐལ་ལྡན་གཅིག་གཉིས་ལ་ཕན་པའི་ཕྱིར་དུ་མཛད་པ། མདོས་ཀྱི་ཆོ་ག་༼མུ༽བླ་མ་རྟ་ནག་པ་ཨཱ་ནནྟས་བསྐུལ་བའི་དོན་དུ་ས་སྐྱའི་གཟིམས་ཁང་རྫོང་ཆུང་དུ་ཆོས་རྗེ་བཟང་པོ་རྒྱལ་མཚན་གྱིས་མཛད་པ་འདི་གཉིས་རྫོང་ཆུང་གླེགས་བམ་དུ་མེད་ཀྱང་བརྒྱུད་པ་གཅིག་པས་མུའི་རྟགས་ཐོབ། བསྐུལ་བ་པོ་དང་མཛད་པ་པོ་གོང་ལྟར་གྱི་༼མཆོད་རྟེན༽མ་ཧཱ་ཀཱ་ལའི་མདོས་ཀྱི་གསོགས་ཡིག །འདིའི་རྗེས་སུ་མདོས་ཀྱི་ཕྱག་ཚད་ཀྱི་ཟིན་བྲིས་ཡོད་འདུག་པ་མ་ཐོབ། གསང་རྒྱུད་ཐུཊ་རྒྱུད་བཤན་པ་ནག་མོའི་རྒྱུད་ལ་བརྟེན་ནས་༼མཆོད་རྟེན༽དཔལ་ལྡན་ལྷ་མོའི་གསང་མདོས་སློབ་དཔོན་ཆེན་པོ་པདྨས་མཛད་པ་འདི་བཀའ་མ་ཡིན་ནམ་སྙམ་མཐའ་མ་ཆོད།


GLG001_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་མངའ་གསོལ་གཏོར་ཆེན་རུ་མཚོན་འཛུགས་པ་རྣམས་ལ་ཉེ་བར་མཁོ་བའི་ཆོ་ག་༼མཆོད་རྟེན༽མཐུ་སྟོབས་གཏེར་མཛོད་མེ་ཁྱིའི་ལོ་ས་ག་ཟླ་བ་ལ་བདག་ཆེན་གྲགས་པ་བློ་གྲོས་ཀྱིས་མཛད་པ། བདག་ཆེན་རྡོ་རྗེ་འཆང་གིས་མགོན་པོའི་བསྐང་བ་རྙིང་པ་རྣམས་ལས་ཟུར་དུ་ཕྱུང་ནས་རྒྱས་བསྡུས་འཚམ་པར་༼མཆོད་རྟེན༽༼སྒོ༽བསྒྲིགས་པའི་གཏོར་བསྐང་དད་པ་དམ་ཚིག་མ་གཉིས་མེད་བདེ་ཆེན་རོལ་པར་ཤོག་གི་མཐའ་ཅན། དེ་ཡབ་འཇམ་དབྱངས་ཆོས་རྗེའི་ཕྱག་ལེན་བཞིན་ཁའུ་བྲག་རྫོང་དུ་༼མཆོད་རྟེན༽༼སྒོ༽སྦྱར་བའི་བླ་མ་སྤྱན་ཆེན་པོའི་མདོས་བསྐང་གི་གསལ་བྱེད། དེ་ཉིད་ལ་དཔལ་ལྡན་ལྷ་མོ་ཞལ་གཟིགས་ནས་འདི་ལྟར་རྩོམས་ཞེས་ལུང་བསྟན་༼མཆོད་རྟེན༽༼སྒོ༽པ་ལྟར་མཛད་པའི་དུད་སོལ་མའི་བསྐང་གསོ། དེས་ཐོབ་རྒྱལ་གྱི་རྫོང་རིར་རྫོང་མི་རྒྱག་པ་དང་དམག་སྒར་མི་འཆའ་བའི་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་༼མཆོད་རྟེན༽༼སྒོ༽བཀའ་སྒོས་པའི་ཡི་གེ །ནག་པོ་ཆེན་པོའི་གཏོར་མདོས་ཀྱི་བསྐང་གསོ་རྫོང་ཆུང་གླེགས་བམ་ན་མེད་ཀྱང་བརྒྱུད་པ་གཅིག་པས་མུའི་རྟགས་ཐོབ། ༼མུ༽རྒྱས་བསྡུས་འཚམ་ཞིང་ལག་ལེན་བདེ་བར་བཙུན་པ་འཇམ་དབྱངས་གྲགས་པའི་དཔལ་གྱིས་མཛད་པ་རྣམས།བདུན་པ་བསྟོད་འབུམ་ལ། བྲམ་ཟེ་བློ་ལྡན་མཆོག་སྲེད་ཀྱིས་ནག་པོ་ཆེན་པོར་རྟགས་ཀྱི་སྒོ་ནས་བསྟོད་པ་དཔལ་ལྡན་མགོན་པོ་༼མཆོད་རྟེན༽༼མུ༽མ་པནྜི་ཏ་ཤཱདྡྷ་ཀ་ར་ཝརྨ་དང་གུ་རུ་ཡོན་ཏན་ཤྲཱི་ལས་གུ་གེ་ཐོ་ལིང་དུ་བསྒྱུར་བ་འདི་གྱི་ལྗང་གླེགས་བམ་དུ་དངོས་སུ་མེད་ཀྱང་དོན་གྱིས་ཐོབ་པ་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་གསལ། ཡང་དེས་ནག་པོ་ཆེན་པོ་ཞལ་


GLG001_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གཟིཊ་དུས་མཛད་པའི་བསྟོད་པའི་འཕྲེང་བ་༼མཆོད་རྟེན༽༼མུ༽ཉི་མའི་དཀྱིལ་འཁོར་མ་པནྜི་ཏ་ལ་ལཱི་ཏ་བཛྲ་དང་ལོ་ཙཱ་བ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ་གྱི་ལྗང་པོ་ཏི་དང་བསྟོད་འབུམ་ཞབས་བཏགས་མར་ཡང་ཡོད། སློབ་དཔོན་བྷ་ཝི་ལྷས་མཛད་པའི་བསྟོད་པ་༼མཆོད་རྟེན༽༼མུ༽ལས་རྣམས་ཀུན་བྱེད་མ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ་འདི་དང་འོག་གི་ལྕམ་དྲལ་གཉིས་ཞལ་གཟིགས་དུས་བསྟོད་པ་དང་མི་མ་ཡིན་གྱིས་བསྟོད་པ་རྣམས་དངོས་གཞི་ཞུས་དག་ཕེར་བར་སྒྱུར་ཕྱེད་པནྜི་ཏ་སྙིང་འཕྲེང་ཅན་དང་། གྱི་ལྗང་གིས་མཛད་པ་ཡོད་འདུག་པ་རྣམས་དཔེ་རྒྱུན་གཅིག་པར་དགོངས་ནས་གླེགས་བམ་དུ་མ་བཀོད་པ་མ་གཏོགས་དོན་གྱིས་གྱི་ལྗང་གླེགས་བམ་དུའང་ཐོབ་པ་རྫོང་ཆུང་དཀར་ཆག་ཏུ་གསལ་ཡང་ལྷ་མོའི་སྐོར་ནི་འཐད་པར་མི་སེམས་ཤིང་མགོན་རྐྱང་ཙམ་འཇམ་དབྱངས་མཁྱེན་རྩེའི་གསན་ཡིག་ནའང་སྣང་ལ་གྱི་ལྗང་གླེགས་བམ་གྱི་ཁྲོད་དུ་འདྲེན་སྐབས་རྒྱུད་པའང་དེ་ག་སོར་གནས་ལས་མགོན་པོ་དངོས་གཞིའི་བརྒྱུད་པ་དང་མི་བསྲེའོ། །མཻ་ཏྲི་པས་མགོན་པོ་ཞལ་གཟིགས་དུས་མཛད་པའི་བསྟོད་པ་ཆོས་དབྱིངས་༼མཆོད་རྟེན༽༼མུ༽རྣམ་དག་མ་ལ་ལཱི་ཏ་བཛྲ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། སློབ་དཔོན་ཨ་བྷ་ཡས་ཞལ་གཟིགས་དུས་མཛད་པའི་བསྟོད་པ་༼མཆོད་རྟེན༽༼མུ༽ཕྱོགས་བཅུ་དུས་གསུམ་མ་དང་། བྱེད་གོ་ཆ་དང་གུ་རུབ་ཡོན་ཏན་ཚུལ་ཁྲིམས་ཀྱིས་གུ་གེ་ཐོ་ལིང་དུ་བསྒྱུར་བ། པནྜི་ཏ་སྤྱན་ཆེན་པོས་དུར་ཁྲོད་བསིལ་བའི་ཚལ་དུ་མཛད་པའི་༼མཆོད་རྟེན༽༼མུ༽བསྟོད་པ་བདེ་དགའི་རྒྱ་མཚོ་མ་གྱི་ལྗང་གིས་བསྒྱུར་བ། ཡར་ཀླུངས་པས་བསྐུལ་བ་ལྟར་བདེ་བ་ཆེན་པོའི་ཤློ་ཀ་གཅིག་སྔོན་དུ་བཏང་བའི་བསྟོད་པ་རྒྱལ་ཀུན་


GLG001_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

༼མཆོད་རྟེན༽༼མུ༽འཕྲིན་ལས་མ་བླ་མ་དམ་པས་བསམ་ཡས་སུ་མཛད་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་བསྟོད་པ་༼མཆོད་རྟེན༽ནག་པོ་རྔམས་པ་མ་ཞབས་བཏགས་མར་ཡང་ཡོད། འདིའི་རྗེས་སུ་ས་ཆེན་གྱི་མཛད་པའི་བསྟོད་པ་རྡོར་འཛིན་མ་དཔེ་མ་འབྱོར་བས་མ་ཐོབ། དཔལ་ལྡན་སེང་གེས་མཛད་པའི་བསྟོད་པ་༼མཆོད་རྟེན༽༼མུ༽རང་བཞིན་དག་པ་མ། བདུད་རེ་ལྡེ་འགོང་ཡག་གིས་ལྷ་མོ་ལ་བསྟོད་པ་འགོར་སྤྱན་༼མཆོད་རྟེན༽འདྲེན་ཐོད་པ་དགུ་བརྩེགས་མ་སྤྱན་འདྲེན་འདི་ཞབས་བཏགས་མར་ཡོད། ཡང་དེ་དང་དཀྱུས་གཅིག་ཏུ་སྐད་ཤན་སྦྱར་བའི་ལྷ་ལ་དབང་སྒྱུར་མ་༼མཆོད་རྟེན༽མཁའ་འགྲོ་ཌོམྦྷི་ཀ་མ་ལ་དང་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། ལྷ་མ་སྲིན་གྱིས་བསྟོད་པ་མ་བཅོས་ཆོས་སྐུ་མ་༼མཆོད་རྟེན༽༼མུ༽ལ་ལཱི་ཏ་བཛྲ་དང་གྱི་ལྗང་གིས་བསྒྱུར་པ་ཡང་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་པའི་དྲང་སྲོང་ཀེའུ་ཏྲིར་མས་༼མཆོད་རྟེན༽༼མུ༽བསྟོད་པའི་སྲིད་གསུམ་ཟིལ་གནོན་མ། ཡང་ལོ་པཎ་དེ་གཉིས་ཀྱིས་༼མཆོད་རྟེན༽༼མུ༽བསྒྱུར་བའི་བླ་མ་མཻ་ཏྲི་པས་ལྷ་མོ་ཞལ་གཟིགས་དུས་བསྟོད་པ་བསྐལ་པ་མེ་འབར་མ། ཨ་བྷ་ཡཱ་ཀ་རས་ལྷ་མོ་ཞལ་གཟིགས་དུས་བསྟོད་པའི་སངས་རྒྱས་བསྟན་པ་མ་༼མཆོད་རྟེན༽༼མུ༽པནྜི་ཏ་ཤཱདྡྷ་ཀ་ར་ཝརྨ་དང་གུ་རུབ་ཡོན་ཏན་ཚུལ་ཁྲིམས་ཀྱིས་གུ་གེ་ཐོ་ལིང་དུ་བསྒྱུར་བ། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱིས་ཡན་ལག་བདུན་པའི་སྒོ་ནས་བསྟོད་པ་དཔག་དཀའ་བ་༼མཆོད་རྟེན༽༼མུ༽པནྜི་ཏ་སྙིང་གི་འཕྲེང་བ་དང་ལོ་ཙཱ་བ་གྱི་ལྗང་གིས་བསྒྱུར་བ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པས་བསྐུལ་ནས་བསྟོད་པ་བདེ་བ་ཆེན་པོ་མ་ཤློ་ཀ་༼མཆོད་རྟེན༽༼མུ༽གཅིག་སྔོན་དུ་འགྲོ་བའི་


GLG001_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཁམས་དབང་ཕྱུག་མ་ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། དཔལ་ལྡན་སེང་གེས་མཛད་པའི་བསྟོད་པ་༼མཆོད་རྟེན༽༼མུ༽ནམ་མཁའི་མདོག་ཅན་རྣམས། བརྒྱད་པ་བསྐུལ་ལ། གནོད་སྦྱིན་ཡབ་ཡུམ་དང་པུ་ཏྲ་མིང་སྲིང་རུ་འདྲེན་བཅས་པའི་དྲག་བསྐུལ་༼མཆོད་རྟེན༽༼མུ༽གྱི་ཡིག་རྙིང་གནོད་སྦྱིན་ནག་འཇིགས་མ་ཡིག་ཆ་ན་བྲམ་ཟེ་མཆོག་སྲེད་ཀྱི་མཛད་ཟེར་བ་འདུག་ཀྱང་རྣལ་འབྱོར་དབང་ཕྱུག་ས་སྐྱ་པ་ཞེས་སོགས་ཀྱི་དམ་བསྒྲགས་ལ་དཔགས་ན་མིན་པ་འདྲ་ཞིང་དཀར་ཆག་དང་གསན་ཡིག་ཚོར་ཡང་མི་གསལ་ལོ། །འོད་ལྡན་དཔལ་གྱིས་མཛད་པའི་དྲག་བསྐུལ་༼མཆོད་རྟེན༽༼མུ༽དུར་ཁྲོད་ཆེན་པོ་མ། ནག་པོ་གནོད་སྦྱིན་ཁྱུང་མགོ་ཅན་གྱི་བསྟོད་བསྐུལ་༼མཆོད་རྟེན༽༼མུ༽གྱི་ཡིག་རྙིང་གནོད་སྦྱིན་ནག་པོ་མ། དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་གཏོར་སྐོང་༼མཆོད་རྟེན༽༼མུ༽ཞེ་སྡང་མེ་འབར་མ་རྫོང་ཁ་བའི་དཀར་ཆག་ན་འདི་ལ་མལ་གྱི་མངོན་རྟོགས་ལས་བྱུང་བའི་སྤྲུལ་པ་རུ་འདྲེན་གྱི་བསྐུལ་ཞེས་པ་དང་ས་སྐྱའི་ཕྱག་དཔེར་དམ་པའི་ཤོག་དྲིལ་བཅུའི་དང་པོ་ཤོམ་སྒོས་སྟབས་ཏུ་ངོས་བཟུང་བ་འདྲ་ཞིག་འདུག་པ་ཡིག་སྐྱོན་ཡིན་ནམ་སོམ་ཉིར་སྣང་ངོ་། །ཐུན་མོང་གི་འཁོར་བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་བསྐུལ་༼མཆོད་རྟེན༽༼མུ༽བཅོམ་ལྡན་མི་བསྐྱོད་དཔལ་ཆེན་མ། ཕྱོགས་སྐྱོང་བཅུ་སྤྲུལ་པ་དང་བཅས་པའི་བསྐུལ་༼མཆོད་རྟེན༽༼མུ༽བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ་མ། སྤྲུལ་པའི་ཕོ་ཉ་ལྔ་གནྜིའི་ཁྲོ་བོ་དང་བཅས་པའི་བསྐུལ་༼མཆོད་རྟེན༽༼མུ༽དཔལ་ལྡན་མ་ཧཱ་ཀཱ་ལ་མ། རུ་འདྲེན་སྡེ་བཞིའི་ཟོར་བསྐུལ་༼མཆོད་རྟེན༽༼མུ༽མགོན་པོའི་སྤྲུལ་པ་མ་སྟེ་ཆོས་སྡེ་བཞི་པོ་དཀྱུས་གཅིག་ཏུ་བཞུགས་པ་དམ་


GLG001_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་དགའ་གྲགས་ཀྱིས་མཛད་པ། ཇོ་ནང་ལོ་ཙཱ་བ་བློ་གྲོས་དཔལ་གྱིས་མཛད་པའི་མགོན་པོའི་གཏོར་བསྐུལ་འཕྲིན་ལས་ལེགས་གྲུབ་མ་རྣམས། དགུ་པ་རྫོང་ལུགས་ལ་འདིའི་ཆོས་ཚན་ཕྱི་མ་གསུམ་པོ་རྫོང་ཆུང་གླེགས་བམ་དུ་མེད་ཀྱང་བརྒྱུད་པ་གཅིག་པས་མུའི་རྟགས་པ་བཀོད་པ་ཡིན། ནག་པོ་ཆེན་པོའི་ཆོས་སྐོར་གྱི་དཀར་ཆག་༼མུ༽རྫོང་ཆུང་པ་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་ཆུ་སྦྲུལ་རྒྱལ་ཟླའི་ཚེས་བཅུ་གཉིས་པ་ལ་ས་སྐྱའི་ཞེ་དགོན་དུ་བྲིས་པ། དེ་སྟག་ཚང་ལོ་ཙཱ་བ་མ་ཉྫུ་ཤྲཱིའི་གསུང་བཞིན་ས་སྐྱར་བྲིས་༼མུ༽པའི་གྱི་ལྗང་ལུགས་ཀྱི་ཆོས་སྐོར་གྱི་དཀར་ཆག །དེས་མཛད་པའི་རྒྱུད་གསུམ་མན་ངག་དང་བཅས་པའི་གསལ་བྱེད་ལས་ལེའུ་གཉིས་པ་བསྐང་གསོ་རྒྱས་འབྲིང་བསྡུས་གསུམ་༼མུ༽གྱི་ཐེམས་ཡིག་ཁོལ་དུ་ཕྱུང་བ། བསྐང་གསོ་ནག་པོ་མཆོད་རྟེན་གྱི་ས་བཅད་༼མུ༽སྔགས་འཆང་གཟུངས་པའི་སློབ་མ་བོ་དོང་དགེ་ལེགས་བཟང་པོས་མཛད་པ་རྣམས། བཅུ་པ་གོང་དཀར་བའི་ལུགས་ལ། རོང་པ་རྒཱ་ལོའི་དཔོན་བརྒྱུད་བླ་མ་དཔལ་ལྡན་གྲགས་པ་ལ་བླ་དགས་སུ་ཆོས་རྗེ་བླ་མ་དམ་པས་ངག་དབང་གྲགས་པར་འབོད་ཅིང་ཕྱིས་གསང་ཕུ་བྲག་ནག་ཏུ་བཞུགས་པས་བྲག་ནག་པ་ངག་དབང་གྲགས་པར་འབོད་པ་དེས་མཛད་པའི་དཔལ་ལྡན་ས་སྐྱ་པའི་ཆོས་སྐྱོང་གུར་ཞལ་རྣམ་གཉིས་ཀྱི་མངོན་རྟོགས་མཆོད་བསྟོད་བཟླས་པ་རྗེས་གནང་བསྐུལ་སོགས་ཚང་བའི་སྒྲུབ་ཐབས་ཆེན་མོའི་མཇུག་ཏུ། ཇི་སྐད་དུ། །ངག་དབང་གྲགས་པས་མཛད་པ་གཞིར་བཞག་ལ། །བརྒྱུད་པའི་ཕྱག་ལེན་རིམ་དང་ལུང་ཡོད་པའི། །རིགས་རྣམས་


GLG001_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་སུ་བཏགས་པའི་བསྟོད་འབུམ་འདི། །རྡོ་རྗེ་གདན་དུ་བཀོད་ནས་རྣལ་འབྱོར་ལ། །བརྩོན་རྣམས་དགའ་ཕྱིར་པར་དུའང་བགྱིས་ཏེ་སྤེལ། །ཞེས་པ་ལྟར་བསྟོད་པ་རྣམས་མཇུག་ཏུ་བཏགས་པས་གཉིས་ཀ་སྦྲེལ་བར་བསྟོད་འབུམ་ཞབས་བཏགས་མར་གྲགས་པ་ལ། བྲག་ནག་པ་རང་གིས་མཛད་པའི་མཆོད་༼བྲག་རྡོ་རྗེ༽གཏོར་སྒྲུབ་བསྟོད་ཕྱག་ལེན་རྒྱུན་ཆགས་གཅིག་ཏུ་བསྡུས་པ་བདུད་རྩིའི་དཔལ་འབྱུང་འདིའི་ནང་གི་དུར་ཁྲོད་ནག་པོའི་རྒྱུད་ལས་བྱུང་བའི་མགོན་པོའི་བསྟོད་པ་༼མུ༽འདས་དང་མ་འོངས་མ། བྲམ་ཟེ་ཆེན་པོས་མཛད་པའི་བསྟོད་པ་༼མུ༽མ་སྐྱེས་མཁའ་ཀློང་མ། རྒྱུད་ལས་བྱུང་བར་གྲགས་པའི་དཔལ་ལྡན་༼མུ༽མགོན་པོ་མའི་དམ་ཚིག་ཅན་གྱི་དགྲ་ལྷ་ནག་པོ་ཆེ་ཡིན། དུས་གསུམ་རྒྱལ་བའི་སྤྱན་སྔ་མ་༼མུ༽རྣམས་རྫོང་ལུགས་བསྟོད་འབུམ་ནའང་ཡོད། བསྟོད་འབུམ་ལ། དགའ་ལྡན་པ་བཀྲ་ཤིས་དཔལ་གྱིས་མཛད་པའི་༼རྡོ་རྗེ༽བཤགས་པ་ཚིག་བཅད་བླ་མ་རྣམས་དང་མ། མལ་ལོས་མཛད་པའི་༼རྡོ་རྗེ༽བསྐང་གསོ་མཐའ་ཡས་ཚོགས་རྫོགས་མ། བླ་ཆེན་བསོད་བློས་མཛད་པའི་༼རྡོ་རྗེ༽བསྐང་གསོ་ཧེ་རུ་ཀ་དཔལ་ནག་པོ་མ། འདི་ལ་བྱིན་རླབས་ཆེ་བའི་གཏམ་རྒྱུད་ཡོད་པར་སྣང་། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་བསྟོད་པ་ཉི་མའི་དཀྱིལ་འཁོར་༼རྡོ་རྗེ༽༼མུ༽དབུས་གནས་མ། གོང་གི་བསྟོད་འབུམ་ནའང་ཡོད། དགེ་སློང་བུདྡྷ་དྷཱ་ཛས་ལྕགས་མོ་གླང་གི་ལོ་བྲེའི་༼རྡོ་རྗེ༽ཟླ་བར་སྦྱར་པའི་བསྟོད་པ་རྣམ་དག་གི་འཕྲེང་བ། ཐེག་ཆེན་ཆོས་རྗེས་མཛད་པའི་བསྟོད་པ་༼རྡོ་རྗེ༽ནག་པོ་རྔམ་པ་མ། གོང་གི་བསྟོད་འབུམ་ནའང་ཡོད། བདུད་རེ་ལྡེ་འགོང་ཡག་གིས་མཛད་


GLG001_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་མོའི་༼རྡོ་རྗེ༽སྤྱན་འདྲེན་ཐོད་པ་དགུ་བརྩེགས་མ་གོང་གི་བསྟོད་འབུམ་ནའང་ཡོད། འདི་ལ་སྤྱན་འདྲེན་མ་གཏོགས་ལྷ་ལ་དབང་སྒྱུར་མ་ནི་མི་འདུག །བསྟོད་པ་སེམས་ཉིད་འཕྲིན་ལས་༼རྡོ་རྗེ༽མ། ལྷ་མོ་ནམ་མཁའི་ལྷ་ཕྲན་རྣམས་ཀྱིས་བསྟོད་པ་བསྐལ་པ་༼རྡོ་རྗེ༽༼མུ༽མེ་འབར་མ་མེ་འབར་མ་ནའང་ཡོད། གཉན་ལོས་མཛད་པའི་ཞལ་བཞི་པའི་༼རྡོ་རྗེ༽སྤྱན་འདྲེན་ལྷ་མཆོག་མ་ཆོས་སྐྱོང་ཆེ་ཆུང་འདྲེས་པ་འདྲ་ཞིག་འདུག་ཀྱང་ཡིག་ཆའི་དཀྱུས་བཞིན་གསན་ཡིག་གོང་མ་ཚོར་ཡང་སྣང་ངོ་། །ཁའུ་པས་མཛད་པའི་མཆོད་འབུལ་༼རྡོ་རྗེ༽དུར་ཁྲོད་གནས་བརྒྱད་མ། གཉན་གྱིས་མཛད་པའི་ཕྱག་འཚལ་༼རྡོ་རྗེ༽བསྐང་གསོ་སྟོབས་ཆེན་ཤུགས་དྲག་མ། མཆོད་འབུལ་༼རྡོ་རྗེ༽འཇིག་རྟེན་ཁམས་ཀྱི་དགྲ་བགེགས་མ། ཁའུ་པ་དར་མ་རྒྱལ་མཚན་གྱིས་ཞལ་གཟིགས་དུས་མཛད་པའི་བསྟོད་པ་༼རྡོ་རྗེ༽རྡོ་རྗེ་འཆང་དབང་མ། ཚར་ལུགས་བསྟོད་འབུམ་ནའང་ཡོད། འཕགས་པས་མཛད་པའི་བསྟོད་པ་༼རྡོ་རྗེ༽སངས་རྒྱས་ཐམས་ཅད་མ། བླ་མ་དམ་པས་མཛད་པའི་བསྟོད་པ་༼རྡོ་རྗེ༽སྲིད་གསུམ་དབང་བསྒྱུར་མ། བྲག་ཐོག་པས་མཛད་པའི་བསྟོད་པ་༼རྡོ་རྗེ༽འཇིགས་བྱེད་རྔམས་ནག་མ། གཉན་ལོས་མཛད་པའི་ཞལ་གྱི་བསྐུལ་༼རྡོ་རྗེ༽དཔལ་ལྡན་མགོན་པོ་མ། དེས་མཛད་པའི་བསྐུལ་༼རྡོ་རྗེ༽ལེགས་ལྡན་ནག་པོ་མ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པའི་༼རྡོ་རྗེ༽༼འ༽གུར་གྱི་མགོན་པོ་འཁོར་བཅས་གྱི་མདོས་ཆོག་རབ་འཇིགས་རྡོ་རྗེའི་མེ་ཆར། ཤར་ཕྱོགས་༼མུ༽ལྷ་སྲིན་མ་འདིའི་ནང་ན་ཡོད། དེས་མཛད་པའི་མགོན་པོའི་བསྐང་གསོ་རྒྱས་པ་རྣམས་ཀྱི་༼རྡོ་རྗེ༽སྐབས་སུ་གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་སྒོ་


GLG001_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞི་རུ་འདྲེན་དང་བཅས་པའི་འཆམ་ཡིག་ལག་ལེན་ལ་འདྲིས་པར་བྱའོའི་རྡོ་རྗེ་གདན་པས་མཛད་པའི་ཟོར་འཆམ་ནི་མ་ཐོབ། མཐའ་ཅན་རྣམས། བཅུ་གཅིག་པ་ངོར་ལུགས་ལ་ས་བཅད་འདི་སྐོར་སེར་པོད་ན་མེད་ཀྱང་བརྒྱུད་པ་གཅིག་པས་ཨེའི་རྟགས་བཀོད་པའོ། །དངུལ་ཆུ་ཆོས་རྫོང་གི་བླ་མ་འཕགས་པའི་དོན་དུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་༼ཨེ༽མཛད་པའི་དཀར་ཆག །དེས་མཛད་པའི་གུར་མགོན་ལྷ་བརྒྱད་ཀྱི་༼ཨེ༽རྗེས་གནང་ཐུན་མོང་མ་ཡིན་པ། དེས་མཛད་པའི་མགོན་པོ་ཆེ་ཆུང་གི་གཏོར་མའི་ཆོ་ག་དགྲ་ལས་རྣམ་རྒྱལ། དེས་མཛད་པའི་བསྟོད་པ་བདུད་ལས་༼ཨེ༽རྣམ་རྒྱལ་ལེའུ་ལྔ་པ། དེས་མཛད་པའི་གཏོར་མ་ལ་བརྟེན་ནས་༼ཨེ༽སྒྲུབ་པའི་གདམས་པ་གཡུལ་ལས་རྣམ་རྒྱལ། དེས་མཛད་པའི་གུར་མགོན་གྱི་བསྐང་བའི་ཆོ་ག་༼ཨེ༽ཧེ་རུ་ཀ་དཔལ་ཞེས་པའི་ཤློ་ཀ་གཅིག་འགོར་ཡོད་པའི་དཔལ་ལྡན་མགོན་པོ་མ། བསྟོད་ཚོགས་དངོས་གྲུབ་རྒྱ་མཚོའི་༼ཨེ༽ལག་ལེན་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གིས་ཨེ་ཝཾ་ཆོས་ལྡན་དུ་བྲིས་པ་དགེ་བར་གྱུར་ཅིག་གི་མཐའ་ཅན། དེས་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་བཞིན་བརྗེད་ཐོར་བཏབ་པའི་༼ཨེ༽མགོན་པོ་གདོང་བཞི་པའི་ཐུགས་དམ་བསྐང་བའི་ལག་ལེན། འགོར་ཨོཾ་སྭ་སྟི་སིདྡྷཾ་དཔལ་ནག་པོ་ཆེན་པོ་ཕྱག་འཚལ་ལོ་ནག་པོ་ཆེན་པོའི་བསྲུང་འཁོར་བསྒོམ་པར་འདོད་པས་ཞེས་ཡོད་པའི་མགོན་པོ་ཁྲོ་བཅུའི་༼ཨེ༽བསྲུང་འཁོར་མཁས་གྲུབ་གུང་རུའི་ཟིན་བྲིས་ཀུན་མཁྱེན་རྒྱལ་བའི་གོ་འཕང་འཐོབ་པར་ཤོག་གི་མཐའ་ཅན། འགོར་བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པ་ཀྱེ་རྡོ་རྗེའི་ཞབས་ལ་གུས་པས་ཕྱག་འཚལ་ལོ་རྒྱལ་བའི་བསྟན་པ་བསྲུང་བ་དང་ཞེས་ཡོད་པའི་༼ཨེ༽


GLG001_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་སྒྲུབ་ངོར་ལུགས་ཀྱི་ཟིན་བྲིས་གསལ་བའི་སྒྲོན་མེ་ནཏྣ་ཀཱིརྟིས་སྦྱར་བ་དེའི་ཞོར་ལས་བསྟོད་པ་དང་དབྱངས་ཀྱི་ཁུངས་བསྟན་པ། སྟོབས་སྲོག་གཞོམ་པའི་མན་ངག་ཅེས་པ་གཡུལ་ལས་༼ཨེ༽རྣམ་རྒྱལ་འདི་དཀར་ཆག་ན་མི་གསལ་ཡང་ཟིན་བྲིས་གྱི་ཁྲོད་དུ་དོན་གྱིས་ཚང་བའི་ཡིན་ནམ་སྙམ། གྱི་ཞལ་ཤེས་ཟབ་མོ་རྣམས། བཅུ་གཉིས་པ་དྲུང་བཙུན་པ་ནས་བརྒྱུད་པ་ལས། མཁའ་འགྲོ་སྦྲགས་སྒྲུབ་ལ་འཇམ་པ་དང་རྩུབ་པར་སྒྲུབ་པ་གཉིས་ལས་དང་པོ་འཇམ་པར་སྒྲུབ་པའི་ནང་སྒྲུབ་ཞི་བའི་འཁྲིད་ཡིག་བྲག་རྫོང་མ་ནས་ཅུང་ཟད་༼མཆོད་རྟེན༽༼ཡར༽བསྣན་པ་དགེ་སློང་རྡོ་རྗེ་འཛིན་པ་སངས་རྒྱས་རིན་ཅེན་གྱིས་དབེན་གནས་དཔལ་ལྡན་རྩེར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་བཏབ་ནས་སྙན་བརྒྱུད་ཟབ་མོ་ཡི་གེར་བྲིས་པ། དེས་དབུས་སྟོད་ལོ་དགོན་པར་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པའི་ཡེ་གེར་གཞི་བྱས་ནས་༼མཆོད་རྟེན༽༼ཡར༽བྲིས་པའི་རྩུབ་པར་སྒྲུབ་པའི་ནང་སྒྲུབ་དྲག་པོའི་ཡི་གེ །ནང་འཁྲིད་འདི་གཉིས་ཐུན་མོང་བ་ཡར་ཀླུངས་པའི་འཁྲིད་ཡིག་དང་ཐུན་མོང་མ་ཡིན་པ་གསང་འཁྲིད་གཉིས་ནས་མན་ངག་ཐོར་བུ་ཙམ་བསྲེས་ཤིང་གཉིས་ཀ་དང་མི་འདྲ་བ་ཞིག་སྣང་ཞེས་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་གསུང་ངོ་། །གཏོར་མ་ལ་བརྟེན་ནས་དགྲ་གསད་པ་༼མཆོད་རྟེན༽༼ཡར༽༼སྒོ༽ཏིལ་འབྲུ་ཙམ་ཡང་མེད་པར་བྱས་པར་བསམ་མོའི་མཐའ་ཅན། བཙན་པོའི་མཁར་དུ་གཞུག་༼མཆོད་རྟེན༽༼ཡར༽༼སྒོ༽པ་ཞེས་པའི་མགོན་པོའི་གཟི་བརྗིད་བསྐྱེད་པ་ཐོན་པ་ཁ་སྤྲོད་ཀྱི་མན་ངག །ནང་གི་བསྲུང་འཁོར་རྡོ་རྗེ་༼མཆོད་རྟེན༽༼ཡར༽༼སྒོ༽བྲག་རྫོང་མའི་ཞལ་ཤེས་དགེ་སློང་སངས་རྒྱས་རིན་ཅེན་གྱིས་ཟིན་བྲིས་སུ་བཀོད་པའི་མཐའ་ཅན། རྨི་ལམ་ངན་པ་༼མཆོད་རྟེན༽༼ཡར༽༼སྒོ༽མཚན་མ་ངན་པ་བཟློག་པ། འཁོན་ནག་ཟས་སུ་ཟ་བའི་༼མཆོད་རྟེན༽༼ཡར༽མན་
ངག་རྣམས་དུས་ཀྱི་ཐོ་རེངས་སུ་བྱའོའི་མཐའ་ཅན། འགོར་འཁོར་རྐྱང་གི་རྗེས་གནང་བྱ་ཚུལ་ནི་སྔོན་འགྲོ་མཆོད་གཏོར་༼མཆོད་རྟེན༽༼ཡར༽༼སྒོ༽བཤམ་པ་ཞེས་ཡོད་པའི་པུ་ཏྲ་མིང་སྲིང་གི་རྗེས་གནང་བརྟན་བཞུགས་གཤེགས་གསོལ་བསྲུང་བ་རྣམས་བྱའོའི་མཐའ་ཅན། བཅུ་གསུམ་པ་ཐོར་བུའི་སྐོར་ལ། བོ་དོང་པཎ་ཆེན་གྱིས་མཛད་པའི་བསྐང་གསོ་རིན་ཅེན་འབར་བ། ཡང་དེས་མཛད་པའི་བསྟོད་པ་དང་བཀའ་སྡོད་དང་ཚོགས་བདག་ལྟར་སྒྲུབ་པ་གསུམ་གྱི་དཔེ་མ་འབྱོར་བས་མ་ཐོབ། དེས་མཛད་པའི་མགོན་པོ་མངོན་པར་འབྱུང་བའི་རྒྱུད་ནས་བཤད་པའི་མགོན་པོ་ཕྱག་བཅུ་དྲུག་པ། བཅུ་གཉིས་པ། བརྒྱད་པ། དྲུག་པ། བཞི་པ། གཉིས་པ་སྟེ་མགོན་པོ་རིགས་དྲུག་གི་མངོན་རྟོགས། མགོན་པོ་རིགས་དྲུག་གི་རྗེས་གནང་དཔལ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གསུང་གི་རིམ་པའོའི་མཐའ་ཅན། སྟག་ཚང་ལོ་ཙཱ་བས་མཛད་པའི་ཆོས་སྐྱོང་སྤྱི་ལ་བསྟོད་ཅིང་བསྐང་བཤགས་སུ་གསོལ་བ་རྡོ་རྗེ་འཆང་དབང་མ། དེས་མཛད་པའི་གུར་གྱི་མགོན་པོའི་བསྟོད་པ་བདུད་ཀྱི་སྟོབས་འཇོམས། དེས་མཛད་པའི་ཞལ་ཀྱི་བསྟོད་པ་དཔལ་ལྡན་མགོན་པོ་མ། དེས་མཛད་པའི་ལས་མགོན་གྱི་བསྟོད་པ་དཔལ་ཆེན་བཀའ་སྡོད་མ་རྣམས་ལེགས་པར་ཐོབ། དཀར་ཆག་ན་མི་གསལ་བའི་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པས་མཛད་པའི་༼འ༽པུ་ཏྲའི་མདོས་ཆོག་གི་ལུང་ཡང་ནོད་དོ། །


previousངོར་ནས་བརྒྱུད་པའི་ལུང་བརྒྱུད།next