Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
  
 
  
 
  
  
  
 
  
  
མཁས་གྲུབ་ཕལ་ཆེར་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་བའི་སྙིང་ཁྲག་གི་གཟུངས་ལྟ་བུ་སྙན་རྒྱུད་པོ་ཏིའི་སྐོར།
  
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousམཁས་གྲུབ་ཕལ་ཆེར་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་བའི་སྙིང་ཁྲག་གི་གཟུངས་ལྟ་བུ་སྙན་རྒྱུད་པོ་ཏིའི་སྐོར།next

མཁས་གྲུབ་ཕལ་ཆེར་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་བའི་སྙིང་ཁྲག་གི་གཟུངས་ལྟ་བུ་སྙན་རྒྱུད་པོ་ཏིའི་སྐོར།


GLG001_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་གཉིས་པ་མཁས་གྲུབ་ཕལ་ཆེར་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་སྙིང་ཁྲག་གི་གཟུངས་ལྟ་བུ་སྙན་བརྒྱུད་པོ་ཏིའི་སྐོར་ནི། དཀར་ཆག་ལས། ཁ་བ་ཅན་ལྗོངས་རྡོར་འཛིན་མང་ཡང་མཁས་དང་གྲུབ་པ་རྒྱུན་ཆད་མེད་པ་དེ་ནི་དཔལ་ལྡན་ས་སྐྱ་པ། །ས་སྐྱ་པར་གྲགས་སྔགས་འཆང་


GLG001_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཡང་གསང་ཆེན་སྙན་བརྒྱུད་སྨྲ་བ་དེ་ནི་ཁོ་བོའི་བླ་མ་ཁའུ་པ། ཁའུ་པ་ཡི་རྗེས་འབྲང་མང་ཡང་དགོངས་པ་ཇི་བཞིན་དད་དང་གུས་པས་འཛིན་པ་དེ་ནི་བློ་གསལ་དབང་། །བློ་གསལ་དབང་པོས་ནག་པོ་ཆེན་པོའི་སྙན་བརྒྱུད་གདམས་པའི་དཀར་ཆག་བྲི་ཡི་བླ་མ་ལྷ་ཡིས་གནང་དུ་གསོལ། །ཞེས་རྗེ་བཙུན་ས་སྐྱ་པའི་བསྟན་འཛིན་མང་ཡང་སྙན་བརྒྱུད་མཐའ་དག་འཛིན་པ་ནི་རྗེ་རྡོ་རིང་པ་ཙམ་དང་། དེའི་རྗེས་འབྲང་གི་སློབ་མ་མཐའ་ཀླས་པའི་ནང་ནས་མགོན་པོ་ཆེ་ཆུང་སོགས་ཟབ་དོན་གྱི་བཀའ་བབས་ནི་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་གཅིག་པུ་ཡིན་པས་གོང་དུ་སྨྲོས་པའི་མེ་འབར་མའི་རྩ་བའི་ས་བཅད་དང་པོ་གཉིས་དང་ཁ་སྐོང་བཅས་པ་ཐུན་མོང་དུ་མཛད་ནས་བརྒྱུད་པ་བཞི་འདུས་ཡིན་ནའང་། ཤིན་ཏུ་གསང་བ་ལས་ཀྱང་ཆེས་གསང་བའི་སྙན་རྒྱུད་ཀྱི་སྐོར་རྣམས་ལས་ཐོར་བུ་འགའ་རེ་མ་གཏོགས་ཁའུ་བྲག་རྫོང་པའི་བརྒྱུད་ཚུལ་ལས་རྣམ་གྲངས་མང་པོ་བགྲང་དུ་མེད་པས་སྙན་བརྒྱུད་གླེགས་བམ་ཞེས་ལོགས་སུ་བསྒྲིག་པར་མཛད་པའི་རྒྱུ་མཚན་གྱིས་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ལས། སྙན་བརྒྱུད་མ་དྲོས་ཆུ་བོ་ཉམས་དགའ་བ། །རྣམ་བཞི་བརྒྱུད་པའི་གསུང་གི་འབབ་སྟེགས་ལས། །ཉེ་བར་འོངས་པའི་སྨིན་གྲོལ་བདུད་རྩིའི་རྒྱུན། །ས་སྐྱའི་བླ་ཆེན་ཐུགས་མཚོར་གཅིག་ཏུ་འཁྱིལ། །དེ་ལས་ཕྱོགས་བརྒྱར་གདམས་པའི་ཆུ་ཐིག་ནི། །ཐུན་མོངས་ལྦུ་བས་ཕྱུག་པ་འཕྲོས་ན་ཡང་། །སྙན་བརྒྱུད་ནོར་བུས་གཏམས་པའི་རླབས་འཕྲེང་ཅན། །འཁོན་སྟོན་མ་ཏི་གཅིག་པའི་འཛིན་མར་བབས། །ངན་རྟོག་བ་ཚ་སྤངས་བའི་གངྒཱ་ཀླུང་། །ཐེ་ཚོམ་དྲི་མ་འཁྲུད་པའི་བཅུད་བཟང་ནི། །ཀུན་སྤངས་དྲང་སྲོང་ཁོ་ནའི་སྤྱོད་ཡུལ་ལས།


GLG001_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་གཞན་གྱིས་ནམ་ཡང་ཐོབ་མ་གྱུར། །མ་ལུས་གདམས་པའི་ཆུ་ཀླུང་བརྒྱ་ཕྲག་ནི། །དངོས་གྲུབ་ནོར་བུས་གཏམས་པ་དུ་མ་ཞིག །ནམ་ཡང་ངོམས་པ་མེད་པར་འཐུང་བྱེད་པ། །བློ་གསལ་རྒྱ་མཚོའི་རྫིང་ལས་གཞན་སུ་ཞིག །ཅེས་གསུངས་པ་ལྟར་གྱི་ཆོས་སྐོར་ཡོངས་སུ་རྫོགས་པ་ནི་ཚར་ཆེན་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པར་སྐུ་འཁྲུངས་པའི་དུས། ཐམས་ཅད་མཁྱེན་པ་མཁྱེན་རྩེ་འཇམ་དབྱངས་དགག་པར་འཁྲུངས་ཏེ་སྙན་བརྒྱུད་ཀྱི་ཆོས་གནང་བའི་གསོལ་བ་བཏབ་པས་ད་ལམ་རེས་མི་ཡོང་སླར་བྱེད་གསུང་བ་སྐུ་ཚེ་རྗེས་མ་ལ་རྟེན་འབྲེལ་འགྲིག་པར་དགོངས་པ་སོགས་སྐྱེ་བ་དུ་མར་དཔོན་སློབ་ཏུ་འབྲེལ་ཞིང་། སྐུ་ཚེ་འདིར་ཡང་། ཇི་སྐད་དུ། བདག་ཆེན་ཆོས་རྗེའི་སྐུ་ཡི་དབོན་སྐྱེས་ཤིང་། (༡)གྲུབ་མཆོག་རྡོ་རིང་ཆོས་རྗེའི་བསྟན་ལ་དད། །(༢)སྒོ་རུམ་ཆོས་རྗེའི་ཐུགས་ཀྱི་སྲས་སུ་གྱུར། །(༣)ཤེས་རབ་སྙིང་རྗེ་རྣམ་དཔྱོད་ཕུན་ཚོགས་ཤིང་། །(༤)(༥)དད་དང་སྒྲུབ་(༦)པས་བླ་མ་མཉེས་པ་སྟེ། །རྒྱུ་དྲུག་འཛོམ་པས་ཟབ་མོའི་གདམས་པ་རྙེད། །གྲོགས་དག་འདི་འདྲའི་སྐལ་བཟང་ཁོ་བོ་ཙམ། །ཞེས་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དྲུག་ཚང་བས་གདམས་པ་རྣམས་རྫོགས་པར་གསན་པ། བརྒྱུད་པ་དེ་ལས་འོངས་པའི་གདམས་པ་ནོད་པ་ལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་རྡོ་རྗེ་ནག་པོ་ཆེན་པོའི་སྙན་བརྒྱུད་ཡི་གེར་བཀོད་པའི་དཀར་ཆག་སྙིང་གི་བདུད་རྩིའི་ཟིལ་དངར། དེ་ལས་བྱུང་བ་ལ་གོང་མའི་གསུང་སྒྲོས་ཀྱི་ཡི་གེ །སྒ་ཨཱ་ནནྡ་པས་མཛད་པའི་ཡི་གེ །བར་སྐབས་ཀྱི་སྙན་བརྒྱུད་འཛིན་པའི་གསུང་སྒྲོས། བདག་ཆེན་རྡོ་རྗེ་འཆང་གི་གསུང་། རྗེ་བཙུན་རྡོ་རིང་པ་ཆེན་པོས་མཛད་པའི་ཡི་གེ །རྡོ་རྗེ་འཆང་ཚར་


GLG001_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་རྗེས་མཛད་པ་ཡི་གེ །དཀར་ཆག་ཏུ་མ་འཁོད་པའི་ཡི་གེ །དེ་དག་ཀུན་ལ་ཐུན་མོང་དུ་ཉེ་བར་མཁོ་བའི་སྐོར་དང་བརྒྱད། དང་པོ་ལ། འགོར་ཨོཾ་སྭ་སྟི་དྷ་མ་སང་ཀྲི་མ་ཏང་བི་ར་ཞེས་ཡོད་པའི་ནག་པོ་ཆེན་པོའི་ལོ་རྒྱུས་ལྷ་བཀོད་ལས་སྦྱོར་གསུམ་དང་བཅས་པ་ལས་སྦྱོར་བདེ་བའི་རྣམ་དག་བཞུགས་སོའི་མཐའ་ཅན། འགོར་ནག་པོ་ཆེན་པོའི་ལོ་རྒྱུས་ནི་མ་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་ནས་ཞེས་ཡོད་པའི་མགོན་པོའི་བླ་མ་བརྒྱུད་པའི་ལོ་རྒྱུས་ཞེས་བྱ་བའི་ཡིག་ཆུང་དེང་སང་གི་བར་ན་ཀུན་ལ་གསལ་ཏེ་ལོ་རྒྱུས་སོའི་མཐའ་ཅན། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་འཁོར་ལོ་མུ་ཁྱུད་ལྔ་སྐོར་ལྟེ་བ་ལ་གྲི་གུག་གི་ཞེས་ཡོད་པའི་རང་བསྲུང་འཁོར་ལོ་རབ་གནས་དང་བཅས་པ་ཨཱ་ཙཪྻ་ཀྲྀཥྞ་པཱ་དའི་མན་ངག་ཐུན་མོང་མ་ཡིན་པ་བཛྲ་ཁ་ཐམ་གྱི་མཐའ་ཅན། འགོར་འཇམ་དཔལ་གཤིན་རྗེ་གཤེད་ལ་ན་མོ་གཤིན་རྗེ་པྲ་ཁོང་ནག་གི་རྒྱུད་ལས་ཞེས་ཡོད་པའི་དམ་ཅན་ལ། ༼རྒྱ༽རུ་མཚོན་འཛུགས་པའི་ཡི་གེ་ཨྱོན་ཆེན་པོས་གུད་དུ་བཀོལ་བ་རྫོགས་བྱང་གི་མཐའ་ཅན། དེའི་ཞར་བྱུང་དུ་སྲོག་མདུང་རུ་མཚོན་འཛུགས་པའི་ཚིགས་བཅད་དཀར་ཆག་མི་གསལ་བ་གོང་གི་ཁོངས་སུ་གཏོགས་སམ་སྙམ། བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད་ཀྱི་མཐའ་ཅན། འགོར་ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ་དེའི་སྒྲུབ་པ་ལ་བཞི་སྟེ་ཞེས་ཡོད་པའི་ལྷ་མོ་ཕྱི་པ་མུ་སྟེགས་པ་ལྟར་བསྒྲུབ་པའི་རྒྱ་གཞུང་གསལ་བྱེད་ཀྱི་ཡིག་ཆུང་ཡིད་བཞིན་ནོར་བུ་རྔོག་པའི་ལྷ་མོ་ཕྱི་སྒྲུབ་གྱི་རྒྱ་གཞུང་གི་འགྲེལ་པ་ལག་ལེན་མ་དང་ཞུས་དག་ཕེར་ཞེས་ཚར་ཆེན་ཆོས་ཀྱི་རྒྱལ་པོ་གསུང་ཞེས་བྱ་བ་ལོ་ཙཱ་བ་རིན་ཅེན་བཟང་པོ་ལ་གདམས་པ། འགོར་དཔལ་མགོན་པོ་ཞེས་བྱ་བའི་སྒྲུབ་


GLG001_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་བླ་མ་ལ་གུས་སྙིང་རྗེར་ལྡན་ཞེས་ཡོད་པའི་ཡེ་ཤེས་ཀྱི་མགོན་པོ་དང་ལས་ཀྱི་མགོན་པོ་བེར་ནག་ཟངས་གྲི་ཅན་སྦྲགས་མའི་གསང་སྒྲུབ་ཀྱི་ཡིག་རྙིང་རྫོགས་སོའི་མཐའ་ཅན། ལས་མགོན་གྱི་ཡུམ་འཇིགས་བྱེད་ཁྲག་འཐུང་མ་རྣམ་འཕྲུལ་གྱི་གཎྜི་ལ་བརྟེན་ནས་སྒྲུབ་པ་དང་། ལས་ཀྱི་མགོན་པོ་གསོད་བྱེད་གདུག་པའི་གྲི་གུག་ཅན་ཙན་དན་གྱི་བེང་དང་མཚོན་ཆ་གྲི་གུག་འབར་བ་ལ་བརྟེན་ནས་བསྒྲུབ་པ་འཁོར་ལོ་དང་ལས་སྦྱོར་ལ་བརྟེན་ནས་དགྲ་བོ་མྱུར་དུ་སྒྲོལ་བའི་ཐབས་བལ་པོ་ཕམ་མཐིང་པ་ནས་མལ་ལོ་ལ་བརྒྱུད་པའི་ཡི་གེ་འབུམ་ཕྲག་གསུམ་བཟླས་ན་འདི་ཐམས་ཅད་འགྲུབ་པ་ཡིན་གསུང་བའི་མཐའ་ཅན་འདིའི་རྗེས་སུ་པུཏྲ་སེང་གེ །བྷ་ཏྲི་སྟག །སྲིང་མོ་དྲེའུ་ལ་ཞོན་པའི་དྲག་སྒྲུབ་ཁོ་བོས་མ་ཐོབ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མ་གསན་གསུང་། ས་སྐྱ་ཁྲི་ཆེན་གྱི་གསན་འདུག་པ་རིན་པོ་ཆེ་བོད་མཁར་བ་ནས་ལོ་པ་སྤྱན་སྔ་ལ་བརྒྱུད་པ་ཡིན་ནམ་སྙམ། འགོར་སྐད་ཤན་སྦྱར་ཡོད་པའི་མུ་སྟེགས་ཀྱི་ངན་སྔགས་རྐྱལ་འབུད་ཅེས་པ་མོན་ཆུང་པུ་ཏྲའི་རྐྱལ་འབུད་ཀྱི་རྩ་བའི་ཡི་གེ་མཉལ་བ་རོང་ལིང་ལོ་ཙཱ་བས་བལ་ཡུལ་དུ་བྲམ་ཟེ་ཧ་ར་རི་མ་ལ་གསེར་སྲང་གསུམ་ཕུལ་ནས་ཞུས་པ་འདི་གསང་བའི་ལས་མཁན་པུ་ཏྲ་དང་ཐ་དད་ཡིན་པས་བསྲེ་བར་མི་བྱ་ཞེས་སྙན་བརྒྱུད་རོལ་མཚོ་དང་ལྷག་བསམ་རབ་དཀར་གྱི་དྲི་ལན་སོགས་སུ་སྣང་ངོ་། །འགོར་མོན་ཆུང་པུ་ཏྲའི་རྐྱལ་འབུད་ཐུན་མོང་མ་ཡིན་པ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་ཐེབས་བཟློག་བརྩི་མི་དགོས་ཞེས་ཡོད་པའི་དེའི་ལག་ལེན་གྱི་ཡི་གེ་རྣལ་འབྱོར་སྨྱོན་པའི་མཚོན་ཆར་གནང་བའི་མཐའ་ཅན། འགོར་ཨོཾ་སྭ་སྟི་མོན་ཆུང་


GLG001_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱལ་འབུད་ལ་གསུམ་སྟེ་ཞེས་ཡོད་པའི་རྐྱལ་འབུད་ཀྱི་ཞལ་གདམས་ཡི་གེ་གནས་དབེན་པར་མིས་མི་མཐོང་བ་བྱའོའི་མཐའ་ཅན། འགོར་ན་མོ་མ་ཧཱ་ཀཱ་ལ་མུ་སྟེགས་ཤྲཱི་རལ་པ་ཅན་གྱི་རྐྱལ་འབུད་འདི་བྱུང་ཚུལ་ཇི་ལྟར་བརྒྱུད་པའི་རིམ་པ་ནི་ཞེས་ཡོད་པའི་ལོ་རྒྱུས་༼ཞ༽དང་བཅས་པའི་ཡི་གེ་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག་གི་མཐའ་ཅན་ནོར་ཕྱིར་གཏང་བའི་མོན་བུ་པུ་ཏྲ་ནག་པོ་རྣམ་གསུམ་གྱི་ཡི་གེ་མལ་ལོའི་ལུགས་སློབ་དཔོན་སྙེ་སྟོན་གྱིས་ཇོ་སྲས་རྒྱལ་མཚན་ལ་གནང་བ། བདུད་པུ་ཏྲའི་སྒྲུབ་ཐབས་གཙང་རོང་གི་རཱ་ནག་ལོ་ཙཱ་བའི་གདམས་པ་ཁྱད་པར་ཅན་རྒྱ་སྟོན་གྱིས་གསལ་བར་བྲིས་པ། ཕྱི་པའི་ལྷ་བཤན་པ་རོ་ཁུར་འདི་ལ་ཡང་བདུད་པུ་ཏྲར་ལྷག་བསམ་རབ་དཀར་གྱི་དྲི་ལན་དུ་ངོས་འཛིན་ནོ། །གྱི་མན་ངག་བཤན་པའི་ཆོ་འཕྲུལ་མགོ་བརྙན་མར་གྲགས་པ་ཡར་ཀླུངས་པས་ཀླུའི་དགོན་པ་ཤུག་ར་བདེ་ཆེན་དུ་དག་པར་བགྱིས་པ། སྦྲགས་སྒྲུབ་ཀྱི་སྐབས་སུ་མ་ཧཱ་ཀཱ་ལའི་སྒྲུབ་ཐབས་ཀྱི་རིགས་བསྡུས་པ་ཞེས་པ་དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ལ་མགོན་པོ་ཆེན་པོ་བཅུ་གཉིས་ཀྱིས་བསྐོར་ཞེས་སོགས་བརྒྱད་བརྒྱད་དྲུག་ཅུ་རྩ་བཞི་སྟོན་པའི་ཡིག་ཆུང་ཚིགས་འདི་དང་ཁ་སྐོང་པོ་ཏིར་ཡོད་པ་འདྲ་མིན་སྣང་། བཅད་མ་དགྲ་བགེགས་མ་ལུས་ཐལ་བའི་རྡུལ་དུ་རློག་གི་མཐའ་ཅན། ལས་སྦྱོར་གྱི་སྐབས་སུ་ཉེ་བར་མཁོ་བའི་སློབ་དཔོན་ཆེན་པོ་པདྨས་མཛད་པའི་སྲུང་མ་སྤྱིའི་དམོད་བཅོལ་སྔ་མ་ལ་མེ་འབར་མར་ཡང་བཞུགས། ༼རྒྱ༽མི་བརྗེད་གཟུངས་ཐོབ་ཇོ་མོ་མཁར་ཆེན་བཟའི་བླ་དཔེ། ཡང་དེས་མཛད་པའི་ཆོས་སྐྱོང་སྤྱིའི་སྙིང་ཆུ་༼རྒྱ༽བསྲེ་བ་ཡོན་ཏན་རབ་རྒྱས་མ། དེས་མཛད་པའི་ཆོས་སྐྱོང་གི་སྲོག་འཕྲོག་པ། བཅིང་པ་ཁྱི་བཞིན་འཁྲིད་པ། ཕྱི་


GLG001_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

མ་མི་འཁྲེང་བ། རྩལ་འགྲན་པ་སྟེ་ཟབ་པའི་གནད་༼རྒྱ༽༼རྡོ་རྗེ༽ལྔའི་མན་ངག །འཁོན་ནག་ཟས་སུ་ཟ་བའི་གདམས་པ་སློབ་དཔོན་ཀླུ་སྒྲུབ་ནས་རི་སུལ་གྱི་རྣལ་འབྱོར་མ་དང་གཉན་ལོ་ནས་བརྒྱུད་པ། བྱ་རོག་གི་དབང་པོ་ལྔ་སོགས་ལ་བརྟེན་པའི་ནག་༼མུ༽༼ཞ༽པོ་ཆེན་པོའི་ཆོ་འཕྲུལ་སྟོན་པའི་མན་ངག་རྣམས། གཉིས་པ་སྒ་ཨཱ་ནཱནྡ་དམ་པས་མཛད་པའི་ཡིག་ཆ་ལ། ནག་པོ་ཆེན་པོ་སྒྲུབ་ཐབས་འདི་ལ་མང་དུ་གསུང་ཡང་དོན་གསུམ་དུ་འདུ་ཚུལ་སོགས་སྤྱིའི་ཁོག་བསྒྲིགས་ཨཱ་ནནྡ་ཀཱིརྟའི་ཞལ་གྱི་བདུད་རྩི་འོའི་མཐའ་ཅན། སྔོན་འགྲོ་རྟེན་དང་མཆོད་གཏོར་གྱི་སྐབས་ཉེ་བར་མཁོ་བའི་ཤོག་དྲིལ་བཅུ་པར་གྲགས་པའི་ནང་ཚན་འགོར་རྩ་བརྒྱུད་དཔལ་ལྡན་བླ་མ་དམ་རྣམས་ཞེས་ཡོད་པའི་སྔོན་འགྲོ་ཤོམ་གྱི་ཤོག་དྲིལ་དམ་པ་ཀུན་དགའ་གྲགས་ཀྱིས་འཕགས་པ་རིན་པོ་ཆེར་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས་སྐུ་གསུང་ཐུགས་མཉེས་པའི་བཀའ་འབངས་དང་ཞབས་ཏོག་མཛད་པར་བརྟེན་ཕ་ཕོགས་ཀྱི་ཚུལ་དུ་གནང་བ་འཁོན་དྷརྨ་རཀྵི་ཏ་དང་ཞང་དཀོན་ཅོག་དཔལ་སོགས་ཀྱི་ཆེད་དུ་མཛད་པའི་རིན་ཅེན་ནོར་འདྲའི་མན་ངག་ཟབ་མོ་འདི་སུ་ཞིག་རྙེད་ནས་སྲོག་ལྟར་གཅེས་པར་བཟུང་གི་མཐའ་ཅན། སྐུ་གཟུགས་བཞེང་ཚུལ་ཡིད་བཞིན་ནོར་བུ་ཞེས་པ་དགོས་འདོད་ཐམས་ཅད་ཀྱི་འབྱུང་ཁུངས་བྲིས་སྐུ་སྒྲུབ་པའི་ཤོག་དྲིལ། ཕྱག་མཚན་གྲི་གུག་གིས་གསོད་པའི་ལས་སྒྲུབ་པའི་ཤོག་དྲིལ། ཕྱག་མཚན་ཐོད་པ་ལ་བརྟེན་ནས་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་ཤོག་དྲིལ། དགྲ་བགེགས་ཚར་གཅོད་གནྜི་སྒྲུབ་པའི་ཤོག་དྲིལ། དམག་ཐོག་སེར་རླུང་གནོན་པ་རལ་གྲི་སྒྲུབ་པའི་ཤོག་དྲིལ། དགྲ་བགེགས་ཟིལ་གྱིས་གནོན་ཅིང་ཆོ་འཕྲུལ་སྣ་ཚོགས་སྟོན་པ་ཐུག་


GLG001_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྒྲུབ་པའི་ཤོག་དྲིལ། ཁྲོ་ཚོགས་ཕོ་ཉ་སྡུད་ཅིང་དགྲ་བགེགས་ཚར་གཅོད་པའི་རྔ་ཆེན་སྒྲུབ་པའི་ཤོག་དྲིལ། ཉམས་ཆག་ཐམས་ཅད་སྐོང་ཞིང་བར་གཅོད་ཀྱིས་མི་ཚུགས་པ་ཁ་ཊཱཾ་སྒྲུབ་པའི་ཤོག་དྲིལ། གཏུམ་དྲག་མི་བཟད་ཕོ་ཉའི་ལས་རིམ་སྒྲུབ་པའི་ཤོག་དྲིལ་ཏེ་བཅུ། གཟུངས་འབུལ་བའི་ཚིགས་བཅད་ལུས་ཀྱི་མུན་ནག་ཟིལ་གནོན་མ། འགོར་དེ་ནས་རྟ་ནག་པོ་སོགས་རྟེན་རྣམས་ལ་ཆོན་དམར་པོ་བསྐུས་ཞེས་ཡོད་པའི་གཟུངས་བསྐྱེད་ཆོག་རྒྱས་པ་དང་བསྡུས་པ་ཧཱུྃ་ལས་བྱུང་བའི་རྟ་མཆོག་མ་དང་བཅས་པ་བླ་མ་ལ་གུས་པས་ཞུ་བར་བྱའོའི་མཐའ་ཅན། འགོར་ན་མོ་མ་ཧཱ་ཀཱ་ལཱ་ཡ་དང་མགོན་པོའི་མན་ངག་ཙིཏྟ་བརྟག་པའི་རིམ་པ་ནི་ཞེས་ཡོད་པའི་གསང་རྟེན་གྱི་སྐབས་སུ་གྲི་སྙིང་བརྟག་པའི་ཡི་གེ་ནག་པོའི་རྒྱུད་ལས་གསུངས་པའོའི་མཐའ་ཅན། དུས་གཅིག་ལ་ཆིག་བརྒྱུད་ཀྱི་གྲས། འགོར་བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་བཅའ་བ་རྟེན་གྱི་སྐབས་སུ་གྲི་སྙིང་འཁོར་ལོ་ཞེས་ཡོད་པའི་གྲི་སྙིང་འཁོར་ལོ་ཐུན་མོང་མ་ཡིན་པའི་བཅའ་ཚུལ་རབ་གནས་ཞག་བདུན་མ་དང་བཅས་པའི་ཡིག་ཆུང་ཡིད་བཞིན་ནོར་བུ་ཅི་བསམ་འགྲུབ་པར་འགྱུར་བ་དུས་གཅིག་ལ་ཆིག་བརྒྱུད་མ། སྦྲགས་སྒྲུབ་ཀྱི་སྐབས་སུ་འཁོར་ལོ་དང་ལིང་གའི་བྲི་ཡིག་༼མུ༽ཅེས་པ་མགོན་པོའི་འཁོར་ལོ་པད་འདབ་བཞི་པ། ལྷ་མོའི་བརྒྱད་པ། གནོན་སྦྱིན་ཕོ་མོའི་ལྟོ་འཁོར། འཇམ་ལུགས་ཀྱི་ཕོ་མོའི་འཁོར་ལོ། རྩུབ་ལུགས་ཀྱི་ཕོ་མོའི་འཁོར་ལོ། བཟློག་འཁོར། དགྲ་བོའི་སྙིང་གར་འཇུག་པའི་འཁོར་ལོ་རྫོང་ཆུང་པ་རྣམས་འདི་ལིངྒའི་བྲི་ཡིག་ཏུ་བཞེད། མིང་སྲིང་གསུམ་གྱི་གཟུངས་འདྲི་ལུགས། ལིང་ག་འཁོར་ལོ་ཅན་འདི་རྫོང་ཆུང་པར་མེད། གྱི་བྲི་ཡིག་རྣམས་སྟོན་པ། བསྙེན་སྒྲུབ་ལས་གསུམ་


GLG001_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞལ་གདམས་༼ཁྲ༽ཡིག་བརྒྱ་ཉམས་ཆགས་ཁ་སྐོང་ངོའི་མཐའ་ཅན། འགོར་བསྙེན་སྒྲུབ་ལས་གསུམ་ལ་བསྙེན་པའི་དུས་སུ་མགོན་པོའི་སྔགས་ཐུང་ཞེས་ཡོད་པའི་སྔགས་ཀྱི་བཟླ་༼ཁྲ༽ཐབས་དེ་ནས་བརྒྱ་པ་བཟླའོའི་མཐའ་ཅན། འགོར་ཧཱུྃ་ལས་སྔགས་ཀྱིས་བསྐོར་བ་ལ་ཞེས་ཡོད་པའི་ལས་བཞིའི་དམིགས་༼མུ༽༼ཁྲ༽པ་ཚར་གཅད་པས་བསམ་མོ་གུ་ཧྱ་ས་མ་ཡའི་མཐའ་ཅན། སྲོག་གཏའ་མར་འཛིན་པ། སྙིང་རྟེན་དུ་འཛིན་པ། འཁོར་ལོ་དབྱེ་བ། རང་ཀ་གཤེད་དབབ་པ། ཡི་དམ་གྱི་བསྙེན་སྒྲུབ། གཏོར་མའི་གནད་དེ་ཆིངས་ཆེན་དྲུག་གི་ཞལ་གདམས་སྣོད་མིན་དམ་ཚིག་མེད་པ་ལ་སྦྱིན་ན་ནག་པོ་ཆེན་པོས་སྙིང་ཁྲག་འཐུང་ཞིག་གི་མཐའ་ཅན། བསྒོམ་པ་ལྷའི་གནད་ཀྱི་མན་ངག་སྦྱོར་དངོས་རྗེས་རྣམ་པ་གསུམ་སྒྲུབ་པའི་མན་ངག་དམ་པ་ཡིན་ནོ་ཞེས་བླ་མ་གསུང་ངོ་ས་མ་པ་ཐ་མའི་མཐའ་ཅན། ཞར་བྱུང་བསྙེན་སྒྲུབ་ལས་གསུམ་གཏོར་མ་དང་བྲིས་སྐུ་ཙམ་ལ་བརྟེན་པ། གློ་བུར་ལས་བཅོལ་གསུམ་གྱི་ཐོ་ཙམ་བསྟན་པ་དཀར་ཆག་ན་མི་གསལ། ཞི་རྒྱས་དབང་དྲག་གི་གཏོར་མ། ཉམས་ཆག་སྐོང་བ། འཆི་ལྟས་དང་རྨི་ལམ་དང་ངན་པ་བཟློག་པ། ལོ་ཟླ་དུས་ཚོད་དང་རྫས་གནད། རྗེས་གནང་གི་ཁྱད་བཅོས་འདི་དཀར་ཆག་ཏུ་མི་གསལ། གཏོར་མ་ཕུལ་བས་རྟགས་མ་བྱུང་ན་ཉེས་པ་བསྒྲག་པ་གསང་འདུས་ལུགས་བཞིན་བྱ་བའི་ཞལ་འཕང་བྱ་ཤ་ལྤགས་པ་དང་བཅས་པ་རྣམས་གཅིག་ཏུ་དྲིལ་བར་གཏོར་མའི་མན་ངག །ཕ་རོལ་གྱི་རྦོད་གཏོང་དྲག་པོ་རླུང་སྦྱོར་གྱི་སྒོ་ནས་བཟློག་པ། འདི་ལས་འཕྲོས་པའི་མན་ངག་འདི་དཀར་ཆག་ན་མི་གསལ། ཤིན་ཏུ་ཟབ་པའི་གནད་དང་བཅས་པ། སྤྲུལ་པའི་ཁྱུང་ཆེན་གྱི་མན་ངག་ས་མ་པ་ཐ་མིའི་


GLG001_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཅན་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཕོ་ཉའི་ལས་སྦྱོར་ཞེས་སྣང་། འགོར་དཔལ་མ་ཧཱ་ཀཱ་ལ་ལ་ན་མ༔ འདིར་གཏོར་མའི་གསད་ལས་རབ་དུར་ཁྲོད་ཀྱི་རྡུལ་ཚོན་ཞེས་ཡོད་པའི་ཤིན་ཏུ་དྲག་པོའི་གཏོར་ཆེན་གྱི་ཡིག་ཆུང་གདམས་པ་ཟབ་མོ་ས་མ་པ་ཐ་མིའི་མཐའ་ཅན། དེ་ལྟར་གཏོར་བསྒྲུབ་བྱས་ནས་ཞེས་ཡོད་པའི་གཏོར་མའི་སྒོ་ནས་དགྲ་བགེགས་ཀྱི་སྟོབས་སྲོག་གཞོམ་པའི་ཞལ་འདི་མིན་པའི་ཟུར་པ་ངོར་པའི་དེ་མིན་པ་མ་རྙེད། ཤེས་གསད་མནན་གཉིས་ཀ་ཚང་བ་ཕྱི་མིག་མི་ལྟ་བར་འོང་བར་བྱའོའི་མཐའ་ཅན་འདིའི་རྗེས་སུ་དཔལ་འབར་བརྟག་པའི་ཡི་གེ་དཔེ་མ་འབྱོར་པས་མ་ཐོབ། མདུན་གང་འཕགས་པའི་བསྲུང་འཁོར་གྱི་ཡི་གེ་བླ་༼མུ༽མའི་ཞལ་ལས་ཐོས་པ་ཉིད་དོའི་མཐའ་ཅན་ཞར་བྱུང་ཡུལ་ཕྱོགས་ཙམ་དུ་ཡང་ནད་རིམས་མི་འབྱུང་བའི་བསྲུང་བ་༼མུ༽དང་སེར་བ་བསྲུང་རྫོང་པོད་ན་འདི་མ་གཏོགས་ཞར་བྱུང་གཞན་གཉིས་པོ་མེད། བ་མྱོང་གྲུབ་མ་ཡིན་ནོའི་མཐའ་ཅན་ཞར་བྱུང་གསུམ་པོ་འདི་གོང་གི་ཁོངས་སུ་བགྲངས་པ་ལས་དཀར་ཆག་ན་མི་གསལ། འགོར་ཡུལ་ཕྱོགས་ཀྱི་ནད་རིམས་བསྲུང་བའི་གཅོད་པ་ཞེས་ཡོད་པའི་མདུན་གང་འཕགས་པའི་བསྲུང་འཁོར་གྱི་ཞལ་ཤེས་གཞུང་བཞིན་བྱའོའི་མཐའ་ཅན། བྱད་མ་བསྲུང་འཁོར་ཅན་གསོད་པའི་གདམས་པ་སྔགས་ནུས་ཅན་ལ་ལྷག་པར་འགྲོ་གསུང་བའི་མཐའ་ཅན། རྨི་ལྟས་ངན་པ་བཟློག་པའི་ཟ་བ་རླུང་སྦྱོར་གྱི་གདམས་པ་སྙིང་དང་འདྲ་བ་ལ་སྦྱིན་གྱི་གཞན་ལ་མ་ཡིན་ནོའི་མཐའ་ཅན། དྲག་པོའི་སྦྱིན་སྲེག་ཚིགས་བཅད་༼མུ༽༼ཞ༽༼ཁྲ༽མ་གཞན་ཕན་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་མཐའ་ཅན། ལས་བཞིའི་བྲོ་བརྡུང་གི་ཡི་གེ་བཅོམ་ལྡན་དཔལ་ཆེན་མི་བསྐྱོད་མ་རྣམས། གསུམ་པ་བར་སྐབས་ཀྱི་སྙན་


GLG001_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་འཛིན་པའི་གསུང་སྒྲོས་ཀྱི་ཡི་གེ་ལ། ཟབ་པའི་གནད་ཀྱི་མན་ངག་གི་རྩ་བའི་བསྙེན་པའི་ཡི་གེ་འཾ་ཆོས་སྐྱོང་གི་ཟབ་༼སྡིངས༽གནད་ཐམས་ཅད་གཅིག་ཏུ་དྲིལ་ནས་བསྙེན་པའི་མན་ངག་སྦས་པའི་རྣལ་འབྱོར་པ་བར་སྡིངས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ་དུས་གཅིག་ལ་ཆིག་བརྒྱུད་གྲས། ལས་མགོན་ཟངས་གྲི་ཅན་གྱི་སྔགས་དང་བསྐྱེད་ཆོག་གི་ཡི་གེ་ཞབས་གཉིས་བརྐྱངས་བསྐུམ་ཀྱིས་བཞུགས་པར་བསྐྱེད་དོ་གུ་ཧྱ་ས་མཱ་ཡ་ཁ་ཐམ་གྱི་མཐའ་ཅན། སྔགས་འཆང་ཀུན་དགའ་ཟླ་བས་མཛད་པའི་དབང་ཕྱུག་ཆེན་པོའི་སྲས་པོ་དྲག་པོ་ཆེན་པོའི་བསྙེན་སྒྲུབ་ལས་ལ་འཇུག་པ་དོན་གསུམ་མ་ཞེས་པ་ཐུན་མོང་མ་ཡིན་པའི་བསྙེན་པའི་ཡི་གེ་ཆིག་བརྒྱུད་མའི་གྲས། དེས་མཛད་པའི་བསྙེན་སྒྲུབ་ལས་གསུམ་གྱི་དུས་སུ་རྨི་ལམ་གཏན་ལ་དབབ་པའི་མན་ངག་རྟགས་ཡིག་དུ་གྲགས་པ། པུ་ཏྲའི་གཏོར་ཆོག་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་དཔལ་ཉན་པོའི་གཙུག་ལག་ཁང་དུ་མཛད་པ། གུར་ཞལ་རྣམ་གཉིས་ཀྱི་བླ་བརྒྱུད་བདག་ཆེན་རྡོ་རྗེ་འཆང་ཡན་གྱི་མཚན་བྱང་སྐད་གཉིས་སྦྱར་བ། ནག་པོ་ཆེན་པོ་འཁོར་དང་བཅས་པའི་སྤྱན་འདྲེན་སྔགས་བྱང་དང་བཅས་པ་དད་པ་དམ་ཚིག་མ་འབྱུག་རྫས་ཀྱི་ངོས་འཛིན་དང་བཅས་པ་རྗེ་བཙུན་གྱི་ཕྱག་བྲིས་དངོས་ལས་ཞལ་བཤུས་པ། ཤཱ་ས་ནའི་སྔགས་དོན་༼ཨེ༽སེར་པོད་ན་ཨི་དཾ་དུཥྚཾ་ཡ་ན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་འགྲོལ་བར་མཛད་དེ་མན་ཞབས་ཏོག་ཏུ་བྲིས་ཟེར་བ་འདུག །དཀྱུས་སུ་བཀྲལ་བ་གཅིག །དཀར་ཆག་ན་གུར་ཞལ་ལས་མཁན་དང་བཅས་པའི་སྔགས་བྱང་ཟེར་བ་ལས་ངོར་པ་དང་ས་བཟང་པ་སོགས་ནང་གསེས་ཀྱི་དབྱེ་གསལ་མི་འདུག །ཡང་ས་བཟང་མ་ཏིས་རྒྱ་དཔེ་བདུན་ལ་གཏུགས་ནས་མཆན་བུས་


GLG001_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

༼ཨེ༽༼མུ༽བཀྲལ་བ་གཅིག །ལྷ་མོའི་སྔགས་ཀྱང་བཀྲལ་འདུག །དེས་ཤྭ་ས་༼ཨེ༽༼མུ༽ན་པོད་འདི་གླེགས་བམ་དུ་བཞུཊ་ཀྱང་དཀར་ཆག་ཏུ་མི་གསལ། སྐད་ཀྱི་ཚིགས་བཅད་དུ་སྡེབས་པ་གཅིག །གུར་ཞལ་ལས་མགོན་དང་བཅས་པའི་སྔགས་བྱང་རྒྱས་པ་མཆན་བུས་བཀྲོལ་བ། གོང་གསལ་ཀྱི་སྔགས་བྱང་གསུམ་པོ་དཔེ་ཚན་གཅིག་ཏུ་ཡོད། མགོན་ཆེན་ལས་མགོན་དང་བཅས་པའི་གྲོལ་མེད་པའི་སྔགས་བྱང་། ༼མུ༽བསྡུས་པར་གྲགས་པ་བླ་མ་དམ་པ་ངག་དབང་གྲགས་པའི་དཔལ་གྱིས་གོང་མའི་ཕྱག་དཔེ་ལ་གཏུགས་ཏེ་མཛད་པ། ཡང་སྔགས་བྱང་མཇུག་ན་ཀུན་ལ་ངག་འཛིན་བྱེད་པ་ཕྱག་ལེན་ཡིན་ཞེས་ཡོད་པའི་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ཞུས་དག་མཛད་པ་ལྟར་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་དཔལ་གྱི་ཀླུའི་དགོན་པར་བྲིས་པའི་ཕྱག་བྲིས་དངོས་ལས་བཤུས་པ། གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ་དང་བསྟན་མ་བཅུ་གཉིས་ཀྱི་སྲོག་སྔགས་དང་བུམ་རྫས་ལྔ་ཚན་ལྔའི་ངོས་འཛིན་ཕན་ཡོན་དང་བཅས་པ་རྣམས། བཞི་པ་བདག་ཆེན་རྡོ་རྗེ་འཆང་གི་གསུང་ལ། དེ་ཉིད་ཀྱིས་མཛད་པ་དངོས་དང་དེའི་གསུང་སྒྲོས་ཟིན་བྲིས་སུ་བྱས་པ་གཉིས། དང་པོ་ལ། འགོར་བླ་མ་དང་རྡོ་རྗེ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ་འདིར་རྡོ་རྗེ་ནག་པོ་ཆེན་པོའི་མན་ངག་གི་ཐོ་བླ་མའི་ཞལ་ལས་བྱུང་བ་ཅུང་ཟད་བརྗོད་ན་ཞེས་ཡོད་པའི་སྒྲུབ་སྐོར་གྱི་ཁོག་ཕུབ་ཀྱི་ཡི་གེ་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་གི་མཐའ་ཅན། མེ་འབར་མའི་དཀར་ཆག་ཡིད་བཞིན་ནོར་བུའི་བང་མཛོད། མགོན་པོ་ལྷ་བརྒྱད་ཀྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་གསང་བ་ཡིད་བཞིན་ནོར་བུ། དེང་སང་གསང་བའི་མགོན་ཁང་ལ་གསང་བ་ཡིད་བཞིན་ནོར་


GLG001_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་མགོན་ཁང་ཞེས་པའང་སྒྲུབ་ཡིག་འདི་ལ་བརྟེན་ནས་ཐོགས་ཤིང་། ཐོག་མར་སློབ་དཔོན་སངས་རྒྱས་དཔལ་བར་ཟིན་བྲིས་ཙམ་ཞིག་གནང་བ་ཁོང་གི་གྲོགས་དམ་པ་ཞིག་ནས་འཕེལ་བའི་ཕྱག་ཏུ་འབྱོར་པས་མན་ངག་ཤེས་པར་འདོད་ན་མེད་ཁ་མེད་ཅིག་བྱུང་འདུག་པར་དགོངས་ནས་ཆོས་ཀྱི་བུ་དང་རིགས་གྱི་ཚ་བོ་རྣམས་ཀྱི་དོན་དུ་ཞུས་དག་དང་མཇུག་གི་ཚིགས་བཅད་སོགས་གནང་བ་ཡིན་ལ། དེ་ཡང་གངས་ཀྱི་ཆུ་དང་འོ་མ་འདྲེས་པ་དེ། །ངང་པ་རྒྱལ་པོས་འབྱེད་ཤེས་གཞན་མིན་ལྟར། །མ་ནོར་གནད་ཀྱི་བཅུད་རྣམས་ལེན་ཤེས་པ། །ད་ལྟའི་དུས་ན་བདག་ལས་གཞན་སུ་ཞིག །དེ་ལྟའི་བློ་གྲོས་གང་གིས་མཐུས་བྱུང་བ། །མཁྱེན་བརྩེ་ནུས་མཐུ་མཆོག་གི་འབྱོར་བ་ཅན། །དཔལ་ལྡན་བླ་མ་ནམ་མཁའི་མཚན་ཅན་ཞབས། །འདྲེན་མཆོག་དེ་ཡི་དྲིན་ལས་རྙེད་པར་གྱུར། །ཞེས་ཟབ་པ་ལས་ཀྱང་ཆེས་ཟབ་པ་སྙིང་ནང་གི་ཁྲག་ལྟ་བུ་སྙན་ནས་ཞལ་ནས་སྙན་ཞལ་དུ་བརྒྱུད་པའི་གདམས་པ་རྣམས་ནི་ཡབ་འཇམ་དབྱངས་ཆོས་རྗེ་ནམ་མཁའ་རྒྱལ་མཚན་ཁོ་ན་ལགསན་ཞིང་། དེ་ཡན་དུ་གདམས་པ་ཁ་འཐོར་ནས་ཤེས་རློམ་ཕལ་ཆེར་གྱིས་ཟིང་ཟིང་པོར་གྱུར་ནས་རྟོགས་དཀའ་བ་དག་བསྟན་པ་རིན་པོ་ཆེའི་ལྕགས་རིར་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་བཀོད་པ་གནང་བ་ཡིན་པས། སྤྱིར་སྙན་བརྒྱུད་ཀྱི་གླེགས་བམ་ཡོངས་རྫོགས་བཀའ་དམ་པར་མ་ཟད། གསང་བ་ཡིད་བཞིན་ནོར་བུའི་ཡི་གེ་འདི་དུས་གཅིག་ལ་སྣོད་ལྡན་གྱི་སློབ་མ་གཅིག་ལ་ཆིག་བརྒྱུད་དུ་སྤེལ་བའི་ཕྱག་ལེན་ཉམས་པ་མེད་ཅིང་། དེའི་རྒྱུ་མཚན་ཡང་ཇི་སྐད་དུ། མཐུ་ཆེན་དྲེགས་པའི་དབང་ཕྱུག་གདོང་བཞི་ལ། །གཉེར་དུ་གཏད་དོ་དམ་


GLG001_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སྣོད་མིན་ལ། །སྤེལ་ན་དེ་ཡི་སྙིང་ཁྲག་གསོལ་བར་མཛོད། །བླ་མ་ལ་གུས་དམ་ཚིག་སྙིང་རྗེར་ལྡན། བསྟན་ལ་སེམས་པའི་སྣོད་ལྡན་བྱུང་གྱུར་ན། །ཐོག་མར་དམ་བཏགས་གཅིག་བརྒྱུད་ཚུལ་དུ་སྦྱིན། །དེ་མཐར་བཀའ་རྒྱས་གདབ་པ་ཤིན་ཏུ་གཅེས། །ཞེས་གསུང་པ་བརྒྱུད་འཛིན་མཐའ་དག་གིས་སྙིང་གི་དཔལ་བེའུར་བཅངས་ཤིང་འཆང་བར་འགྱུར་བ་ཤ་སྟག་གོ །འགོར་ན་མོ་གུ་ར་ཝེ་འདི་ལྟར་ཕྱི་ནང་གིས་བསྡུས་པའི་དེ་ལྟར་གྱི་འཆར་སྒོ་རྟོག་རིགས་བག་ཆགས་དང་བཅས་པ་འདི་དག་ཅེས་ཡོད་པའི་ནང་སྒྲུབ་དང་གསང་སྒྲུབ་ཀྱི་གནད་ཀྱི་ཟིན་བྲིས་སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་འབྱུང་བ་མཚོན་པའོའི་མཐའ་ཅན། ནང་གསང་གི་འཁྲིད་མ་ཐོབ་པར་ལུང་མི་མཛད་པ་ཕྱག་ལེན་ནོ། །མགོན་པོ་ཁྲོ་བཅུའི་བསྲུང་འཁོར་ལ་ཉེ་བར་མཁོ་བའི་ཁྲོ་བཅུའི་མན་ངག་ཞལ་༼ཞ༽གདམས་དང་བཅས་པ་བྱ་འགྱུར་རྡོ་རྗེའི་ཕོ་བྲང་དུ་ཀུན་དགས་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས་མཛད་པ་རྣམས། གཉིས་པ་གསུང་སྒྲོས་ཟིན་བྲིས་ཀྱི་སྐོར་ལ། བཀའ་བབས་བཞིའི་རྣམ་གཞག །སྐུ་གསུང་ཐུགས་ཕྱི་ནང་གསང་བའི་རྟེན་བཤམ་ཚུལ། བསྙེན་སྒྲུབ་ལས་སྦྱོར། གཏོར་མ་དང་མཆོད་པའི་རིམ་པ། དམ་པའི་ཤོག་དྲིལ་དྲུག་ལག་ལེན་རྣམས་གསལ་བར་སྟོན་པའི་ཟིན་བྲིས་མཆན། ༼ཞ༽མོར་གྲགས་པ། མཇུག་ན་ཇི་སྐད་དུ། འདི་ལས་ཕུན་ཚོགས་དགེ་བ་གང་ཐོབ་དེས། །བློ་གྲོས་ཁང་བཟང་སྙན་བརྒྱུད་ནོར་གྱིས་གཏམས། །རྒྱལ་མཚན་འཕྱར་བས་གཟི་བརྗིད་ཁམས་གསུམ་འགེངས། །དཔལ་འབྱོར་བཟང་པོས་དབུལ་ཕོངས་ཞི་བར་ཤོག་ཅེས་པའི་མཐའ་ཅན། འདི་ཡང་དུས་གཅིག་ལ་ཆིག་བརྒྱུད་ལས་མི་གནང་། ཡང་དགོན་མཁན་ཆེན་དཔལ་


GLG001_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བཀྲ་ཤིས་པས་ཟིན་བྲིས་སུ་བཏབ་པའི་སྐོར་ལ། འགོར་ཨོཾ་སྭ་སྟི་སིདྡྷཾ་བླ་མ་དང་དམ་ཅན་སྲུང་མའི་ཚོགས་ལ་གུས་པས་ཕྱག་འཚལ་ལོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞིའི་དབང་ཕྱུག་ཅེས་ཡོད་པའི་རྒྱུད་སྡེ་བཞིའི་དབྱེ་བ། བརྒྱུད་ནས་ཆོས་སྐྱོང་བསྟེན་ཚུལ། བརྒྱུད་པའི་ལོ་རྒྱུས། རྐྱང་སྒྲུབ་སྦྲགས་སྒྲུབ། ཕྱི་རྟེན་ཕྱི་རུ་བཅའ་བ། ནང་རྟེན་ནང་དུ་བཅའ་བ་བསྙེན་སྒྲུབ་ལས་སྦྱོར། གསང་རྟེན་གསང་བར་བཅའ་བ་འཁུ་ལྡོག་སྤོང་བ། ཕྱི་སྒྲུབ་ཤོག་དྲིལ་དྲུག་གི་ལག་ལེན་སོགས་སྟོན་པའི་ཟིན་བྲིས་རྒྱས་པ་གཞན་གྱི་རྐྱེན་བཟློག་ཏུ་སོང་བའི་ཉེན་ཡོད་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་མན་ངག་གོའི་མཐའ་ཅན། དུས་གཅིག་ལ་ཆིག་བརྒྱུད་མའི་གྲས། འགོར་ས་སྐྱ་པའི་མགོན་པོའི་རུ་མཚོན་བཅའ་ཐབས་ལ་ཞེས་ཡོད་པའི་ཐུན་མོང་མ་ཡིན་པའི་རུ་མཚོན་གྱི་ཟིན་བྲིས་བསྟོད་པ་བྱེད་ཚུལ་རྣམས་གཞན་དང་འདྲ་འོའི་མཐའ་ཅན། མགོན་པོའི་གཏོར་ཆེན་བྱེད་ཚུལ་ལ་རྣལ་འབྱོར་པ་ཁ་ལྷོ་ལ་བལྟས་པའི་མདུན་དུ་ཞེས་ཡོད་པའི་གཏོར་ཆེན་གྱི་ཟིན་བྲིས་རྐང་རྗེས་རྣམས་རྡོ་རྗེ་རྒྱ་གྲམ་དུ་བསམ་མོའི་མཐའ་ཅན་འགོར་མདོས་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལ་དང་པོ་ནི་ཞེས་གཉིས་སོགས་ཡོད་པའི་མདོས་ཀྱི་ཟིན་བྲིས་མཁའ་འགྲོ་རྣམས་ཀྱི་འཁུ་ལྡོག་མི་འབྱུང་ཞིང་བཟོད་པར་གསོལ་གྱི་མཐའ་ཅན། དེའི་ཆ་ལག་མདོས་བྱིན་གྱིས་བརླབ་འདི་དཀར་ཆག་ན་མི་གསལ་ཡང་གོང་གི་འཕྲོས་ཡིན་ནམ་སྙམ། པ་བདག་གི་བསམ་པའི་སྟོབས་དང་ནི་ཞེས་སོགས་བརྗོད་དོའི་མཐའ་ཅན། ཡང་དགོན་མཁན་ཆེན་པའི་ཟིན་བྲིས་འདི་རྣམས་ངོ་མཚར་བའི་ལེགས་བཤད་དང་ནོར་འཁྲུལ་ཅུང་ཟད་ཀྱང་ཡོད་ཅེས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་གསུང་པས།


GLG001_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

སླད་མར་ཡང་ཡི་གེ་མན་ངག་གཞན་དག་དང་བསྟུན་པའི་དཔྱད་དགོས་པར་སྣང་ངོ་། །ལྔ་པ་རྗེ་བཙུན་རྡོ་རིང་པ་ཆེན་པོས་མཛད་པའི་ཡི་གེ་ལ། ནག་པོ་ཆེན་པོའི་ཁུ་ལྡོག་སྤང་བ། བཟླས་པའི་སྤྱིའི་སྔོན་དུ་འགྲོ་བ་བརྒྱད་དང་སོ་སོའི་ཁྱད་པར་གསུམ་བསྟན་པའི་ཐུན་མོང་མ་ཡིན་པའི་བསྙེན་པ། སྲོག་ཕུར་གྱི་མན་ངག་རྣམས་བདག་ཆེན་རྡོ་རྗེ་འཆང་གིས་ཡིག་རིས་སོ་སོར་བཀོད་པ་སློབ་མའི་དོན་དུ་མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མ་ཕུལ་ནས་མི་དགག་པའི་མཚན་མ་བྱུང་བར་བརྟེན་བཅོས་བསླད་མེད་པར་གཅིག་ཏུ་བསྡོམས་ནས་ཁའུ་སྐྱེད་ལྷས་ནས་འགོ་བརྩམས་དཔལ་ཨེ་ཝཾ་ཆོས་ལྡན་དུ་རྫོགས་པར་གྲུབ་པའི་ཡི་གེ་མཇུག་ཏུ་འཕགས་པ། དམ་པ་ཀུན་དགའ་གྲགས། བཛྲ་ཤྲཱི་མཾ་ག་ལ་སིདྡྷི། བར་སྡིངས་པ། འཇམ་དབྱངས་ཆོས་རྗེ་རྣམས་ལས་རིམ་པར་བརྒྱུད་པ་བདག་ཆེན་རྡོ་རྗེ་འཆང་གིས་བཀའ་རྒྱས་བཏབ་ནས་གནས་ཚུལ་བཅས་ཡོད་པ་དུས་གཅིག་ལ་ཆིག་བརྒྱུད་ལས་མི་གནང་བ། མངའ་རིས་པ་དགེ་སློང་ཆོས་སྐྱོང་གྲགས་དང་དམར་ཁམས་པ་གྲགས་པ་དཀོན་ཅོག་སེང་གེས་ལོ་དྲུག་བདུན་གྱི་བར་དུ་བསྐུལ་བ་ལ་བརྟེན་ནས་ཆོས་སྐྱོང་ལ་གསོལ་བ་བཏབ་པས་མི་དགག་པའི་གནང་༼ཞ༽༼ཁྲ༽བ་བྱུང་བར་བརྟེན་ལྕགས་བྱ་སྣོན་ཟླ་བའི་ཉེར་ལྔ་ལ་དཔལ་ཨེ་ཝམ་ཆོས་ལྡན་དུ་མཛད་པའི་ཁ་སྦྱོར་དབྱེ་བ་བརྒྱད་ཀྱི་མན་ངག་གི་ཡི་གེ་དུས་གཅིག་ལ་ཆིག་བརྒྱུད་མའི་གྲས། དེའི་མཇུག་ཏུ་ལྷ་དབྱེའི་ངག་འདོན་གྱི་རིམ་པ། འདི་དཀར་ཆག་ན་མི་གསལ་བ་གོང་གི་འཕྲོས་སུ་གཏོགས་སམ་སྙམ། ནག་པོ་ཆེན་པོའི་ནང་སྒྲུབ་ཐུན་མོང་མ་ཡིན་པའཾ་གསང་སྒྲུབ་ཀྱི་འཁྲིད་ཡིག་༼འ༽རབ་འབྱམས་པ་བློ་གྲོས་རབ་གསལ་གྱིས་བསྐུལ་བ་ལ་བརྟེན་དཔལ་མགོན་


GLG001_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གསོལ་བ་བཏབ་པས་གནང་བའི་སྐབས་ཐོབ་ནས་ཁའུ་བྲག་རྫོང་དུ་མཛད་པ། བསྲུང་འཁོར་རྡོ་རྗེ་བྲག་རྫོང་གི་ཉམས་ལེན་གྱི་ཡི་གེ་རྒྱས་པ་ཚར་ཆེན་གྱིས་ཡུན་རིང་ནས་བསྐུལ་ཞིང་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས་ནག་པོ་ཆེན་པོས་གནང་བའི་སྐབས་ཐོབ་སྟེ་ཁའུ་བྲག་རྫོང་གི་གནས་མཆོག་ཏུ་སྦྱར་བ། འགོར་ན་མོ་གུ་ར་ཝེ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་བསྲུང་འཁོར་བྲག་རྫོང་གི་ནང་གི་ཉམས་ལེན་ཞེས་ཡོད་པའི་དྲག་པོ་སྔགས་རྒོད་ཀྱི་མན་ངག་གསུང་གི་བདུད་རྩི་འི་མཐའ་ཅན། འགོར་བླ་མ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་བསྒོམ་པའི་མན་ངག་ལ་གསུམ་གྱི་དང་པོ་ཞེས་ཡོད་པའི་ནང་དམ་ཚིག་གི་འཁོར་ལོ་ཞེས་བྱ་བ་གསང་བའི་བྲག་རྫོང་མའི་ཡི་གེ་སྣོད་དང་ལྡན་པ་ལ་སྦྱིན་གྱི་གཞན་ལ་ནི་མ་ཡིན་ནོའི་མཐའ་ཅན། ཕྱི་ནང་གི་འཁྲིད་ཡིག་འདི་རྣམས་ཉམས་འཁྲིད་མ་ཐོབ་པར་གནང་སྲོལ་མི་འདུག་གོ །སེར་བ་བསྲུང་བའི་ཡི་གེ་མཇུག་ཏུ། །འདི་འདྲའི་མན་ངག་གདམས་པས་ནི། །སེར་བ་ཐུབ་པ་ཐེ་ཚོམ་མེད། །རང་གི་སློབ་མས་བསྐུལ་ནས་ནི། །སྙན་བརྒྱུད་གདམས་པ་བྲིས་པ་ལ། །བླ་མ་མཁའ་འགྲོས་བཟོད་པར་མཛོད། །ཅེས་སོགས་ཀྱི་ཚིགས་བཅད་ཡོད་པ། སྔགས་པ་ནང་རྒྱས་ཀྱི་མན་ངག་ཤིན་ཏུ་གསང་ཞིང་སྦ་བར་བྱ་ཞེས་པའི་མཐའ་ཅན་དུས་གཅིག་ཏུ་ཆིག་བརྒྱུད་ཀྱི་གྲས། འདིའི་རྗེས་སུ་རྡོ་རིང་རིན་པོ་ཆེའི་གསུང་རྗེ་བཙུན་སྒོ་རུམ་པས་ཟིན་བྲིས་མཛད་པའི་བྲག་རྫོང་མ་ནི་དཔེ་མ་འབྱོར་བས་མ་ཐོབ། ལས་མགོན་བྲན་བདུད་གཤིན་རྗེ་ནག་པོའི་གཏོར་ཆོག་ཚར་ཆེན་གྱིས་བསྐུལ་བ་ལ་བརྟེན་ནས་ཁའུ་བྲག་རྫོང་དུ་མཛད་པ་རྣམས། དྲུག་པ་རྡོ་རྗེའི་འཆང་ཚར་པ་ཆོས་རྗེས་མཛད་པའི་ཡི་གེ་ལ། མེ་འབར་མའི་དཀར་ཆག་སྙིང་པོ་གནད་ཀྱི་སྒྲོན་མེ་


GLG001_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་མ། འདིའི་མཇུག་ན་དེ་ལྟ་བུའི་མན་ངག་གླེགས་བམ་འདི་ཞེས་སོགས་ཀྱི་ཤོ་ལོ་ཀ་དྲུག་ཙམ་ཞིག་ས་སྐྱའི་ཕྱག་དཔེར་བྲིས་འདུག་ཀྱང་གནས་གསར་དང་བོད་མཁར་བ་གཉིས་ཀའི་ཕྱག་དཔེར་མི་འདུག་ཅིང་ལུང་ཡང་མ་ཐོབ། མགོན་པོའི་མན་ངག་ཟབ་བསྡུས་ཁ་སྐོང་རྣམས་ཀྱི་དཀར་ཆག་ཟབ་དོན་གསལ་བའི་སྒྲོན་མེ། སྙན་བརྒྱུད་ཞལ་ཤེས་ཡི་གེར་བཀོད་པའི་དཀར་ཆག་གསང་ཆེན་གནད་ཀྱི་ཟ་མ་ཏོག །གྱི་ལྗང་ལུགས་ཀྱི་ཁོག་ཕུབ་དཀར་ཆག་ཟབ་དོན་གནད་ཀྱི་ལྡེ་མིག །འདོད་ཁམས་དབང་ཕྱུག་དུད་སོལ་མའི་དཀར་ཆག་སྙན་བརྒྱུད་གསལ་བའི་མེ་ལོང་། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ལྷ་དང་ཆོས་སྐོར་བྱུང་ཚུལ་གྱི་ལོ་རྒྱུས་མན་མལ་ལོ་ཙཱ་བའི་ལོ་རྒྱུས་ཀྱི་མཚམས་ནས་འཕྲོར་ལུས་པས་མ་ཚང་ཀྱང་ལུང་བྱུང་ལ། འདིའི་རྗེས་སུ་ནག་པོ་ཆེན་པོ་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པའི་ཟིན་བྲིས་དང་བཅུ་གཉིས་མའི་ཟིན་བྲིས་དཔེ་མ་འབྱོར་བས་མ་ཐོབ། ངག་གི་ཁོག་ཕུབ་སྙན་བརྒྱུད་རིན་པོ་ཆེའི་ལྡེ་མིག །འགོར་ན་མཿ ཤྲཱི་གུ་རུ་བཛྲ་མ་ཧཱ་ཀཱ་ལཱ་ཡ་གུར་གྱི་མགོན་པོ་ཁྲོ་བཅུའི་ཞེས་ཡོད་༼ཞ༽པའི་མགོན་པོ་ཁྲོ་བཅུའི་རྗེས་གནང་གི་ཡི་གེ་བཀྲ་ཤིས་སེང་གེ་དེས་བདག་བློ་གསལ་ལའོའི་མཐའ་ཅན། ལས་མགོན་ཟངས་གྲི་ཅན་རྣམ་གཉིས་ཀྱི་རྗེས་གནང་གི་ཡི་གེ་ཆོས་རྗེ་ཚུལ་ཁྲིམས་པ་དེས་བདག་ལའོའི་མཐའ་ཅན། དཔལ་ས་སྐྱ་པའི་བསྟན་སྲུང་དབང་པོ་རྣམས་ལ་གཏོར་མ་འབུལ་བའི་ཆོ་ག་སྙན་བརྒྱུད་ཟབ་མོའི་མན་ངག་གིས་རྣམ་པར་བརྒྱན་པའི་ཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ། འགོར་བླ་མ་མཆོག་དང་དཔལ་ཧེ་རུ་ཀ་དབྱེར་མེད་པ་ལ་ཕྱག་འཚལ་ལོ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞེས་ཡོད་པའི་མགོན་པོ་ལྕམ་དྲལ་གྱི་གཏོར་ཆོག་ངག་དབང་གཞོན་ནུའི་གསུང་གིས་


GLG001_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བའི་ངོར་གཙང་སྟོད་ཞ་ལུའི་ཆོས་གྲྭར་སྦྱར་བ། འགོར་བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞེས་ཡོད་པའི་ལྕམ་དྲལ་གྱི་གཏོར་ཆོག་ཤིན་ཏུ་བསྡུས་པ་སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ་སོགས་བརྗོད་ཀྱི་མཐའ་ཅན། འགོར་ན་མཿ ཤྲཱི་མ་ཧཱ་ཀཱ་ལཱ་ཡ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒོ་ནས་ཚེའི་དངོས་གྲུབ་སྒྲུབ་པ་ཞེས་ཡོད་པའི་གུར་མགོན་དཀར་པོའི་ཚེ་སྒྲུབ་ཀྱི་ཡི་གེ་དགྱེས་པས་བསྐྱང་དུ་གསོལ་གྱི་མཐའ་ཅན། མགོན་པོའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་བླ་མ་མཆོད་པའི་ཆོ་ག་༼ཞ༽དངོས་གྲུབ་རིན་ཅེན་བང་མཛོད། བརྒྱུད་འདེབས་རྣམ་ཀུན་མཆོག་ལྡན་མ། བསྲུང་འཁོར་༼འ༽གསང་འཁྲིད་ལྗགས་ལུང་དངོས་གཞིའི་སྐབས་གསང་འཁྲིད་མན་གྱི་དཔེ་མ་འབྱོར་དང་བཅས་པ་རྒྱུན་དུ་ཉམས་སུ་ལེན་ཚུལ་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་པའི་སྙན་བརྒྱུད་ཡིད་བཞིན་ནོར་བུ་རྡོ་རྗེའི་མཆེད་ཟླ་ཨཪྠ་སིདྡྷི་ཤྲཱིམཾ་གྱི་ཉམས་ལེན་དུ་ཞོ་ལུང་མཚོ་ཁའི་རི་ཁྲོད་དུ་མཛད་པ། དཔལ་གུར་གྱི་མགོན་པོ་ལྷ་བརྒྱད་སྦྲགས་ཏེ་བསྒྲུབ་པའི་བསྲུང་འཁོར་མདུན་ཁང་འཕགས་པའི་ཡི་གེའི་གསལ་༼ཞ༽བྱེད་རྗེ་བླ་མ་མ་ཧཱ་ཀཱ་ལའི་གསུང་གི་བདུད་རྩི་མྱངས་ཏེ་ཐོ་ཙམ་བཀོད་པ། འདིའི་ཉམས་ལེན་ཡོད་ན་ནད་ཡམས་སོགས་ཡུལ་ཕྱོགས་ཙམ་དུ་ཡང་མི་འབྱུང་ཞེས་སྒ་ཨཱ་ནན་དམ་པས་ཆེ་བ་དཔག་ཏུ་མེད་པ་མཛད་པས་ཟབ་གནད་མའོ། །འགོར་གུ་རུ་བཛྲ་དྷ་ར་ན་མོ་གསང་སྒྲུབ་ཀྱི་སྐབས་སུ་རྗེ་བླ་མའི་གསུང་ནས་ཞེས་ཡོད་པའི་གསང་སྒྲུབ་ཀྱི་སྐབས་སུ་ཉེ་བར་མཁོ་བའི་གསུང་སྒྲོས་སྙིང་གི་དཀྱིལ་ལས་གཞན་དུ་མ་ཡིན་ནོའི་མཐའ་ཅན་ཆིག་བརྒྱུད་ཀྱི་གྲས། རྡོ་རྗེ་གུར་གྱི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་དཀྱིལ་འཁོར་ཆེན་པོ་བསྡུས་པའི་


GLG001_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ལས་ནང་སྒྲུབ་དང་གསང་སྒྲུབ་བསྟན་ཚུལ་ཕ་རྒོད་རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མའི་གསུང་ཇི་ལྟ་བ་བཞིན་དེ་མ་ཐག་ཏུ་ཟིན་བྲིས་བགྱིས་པ། གསང་རྟེན་བླ་རྡོ་བཅང་ཐབས། འདིའི་སྦྱར་བྱང་དུ། དམ་ཅན་འཁུ་ལྡོག་སྤོང་བའི་གདམས་པའི་བཅུད། །རྩ་བརྒྱུད་བླ་མས་ཅུང་ཟད་ཡིག་རིས་སུ། །མཛད་ཀྱང་ནམ་མཁའི་མཛུབ་རིས་ཇི་བཞིན་དུ། །སྙན་བརྒྱུད་ཞལ་ཤེས་བྲལ་བས་རྟོགས་མི་ནུས། །འདིར་ནི་མ་སྦས་ལག་ལེན་ལྷུག་པར་བྲིས། །བཀའ་དྲིན་དྲན་ནོ་རྗེ་བཙུན་ཁའུ་པ། །གསང་ཆེན་བསྟན་པ་གཏད་དོ་སྙིང་གི་བུ། ཞེས་མདོ་ཁམས་རྡོ་རྗེ་བཀྲ་ཤིས་ལ་གནང་བ་ཡིན་པས་བཀའ་རྒྱ་ཤིན་ཏུ་དམ་པར་འདུག་ཅིང་ཆིག་བརྒྱུད་ཀྱི་གྲས་ཀྱང་ཡིན། ནང་སྒྲུབ་ཀྱི་འཁོར་ལོ་ལྔའི་ལས་སྦྱོར་ཐུན་མོང་མ་ཡིན་པ་སྤུ་གྲི་སོ་འདེབས་ཀྱི་གདམས་པ་རྗེ་བཙུན་རྡོ་རིང་པ་ཆེན་པོའི་ཕྱག་བྲིས་དངོས་ཟིན་བྲིས་ཐོར་བུ་འཁྲུགས་ཅན་དུ་བཞུགས་པ་ལས་བཀའི་གནང་བ་ཞུས་ཏེ་དཀྱུས་སུ་བྲིས་པ་ཆིག་བརྒྱུད་མའི་གྲས། འགོར་ན་མོ་བཛྲ་ཨཱ་ཙཪྻ་དམ་ཅན་རྒྱ་མཚོའི་ཡུམ་ཆེན་མ་ཞེས་ཡོད་པའི་ཨེ་ཀ་ཛ་ཊི་ལ་བརྟེན་ནས་རིམས་ནད་བསྲུང་བའི་གདམས་པ་རྗེ་བཙུན་རྡོ་རིང་པའི་གསུང་གི་ཉིང་ཁུ་ས་མ་པ་ཐ་མིའི་མཐའ་ཅན། ནག་པོ་ཆེན་པོ་ལ་ཀླུ་བརྒྱད་ཀྱིས་བསྐོར་བའི་སྒོ་ནས་ཆར་འབེབས་པའི་ཡི་གེ་ཞག་གསུམ་ཚུན་ལ་འབབས་བར་འགྱུར་རོའི་མཐའ་ཅན། འགོར་ན་མོ་གུ་རུ་བླ་མ་དང་མ་ཧཱ་ཀཱ་ལའི་ཚོགས་ལ་ཕྱག་འཚལ་ལོ་འདིར་མགོན་པོ་དབྱེར་མེད་དུ་བསྲེ་བ་ཞེས་ཡོད་པའི་ཆོས་སྐྱོང་གི་སྙིང་ཆུ་བསྲེ་བའི་ཞལ་ཤེས་ཀྱི་ཡི་གེ་མཁས་གྲུབ་རིན་པོ་ཆེའི་གསུང་བརྗེད་བྱང་དུ་བཀོད་པའི་མཐའ་ཅན། བསྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ཟབ་གནད་ཀྱི་བསྡུས་དོན་ནམ་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཀྱི་ས་བཅད་མཐོང་


GLG001_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་དགེ་ལེགས་ཀུན་འབྱུང་དུ་གྲགས་པ། བྲག་རྫོང་མའི་ལྡེ་ཁ་གདགས་པའི་མན་ངག་ཕྱི་རོལ་རྫས་ཀྱི་སྦྱོར་བའི་མན་ངག་ཞལ་ཤེས་མལ་ཕུར་གྱི་ཡི་གེ་དཔོན་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་བསྐུལ་ནས་མཛད་པ་བཀའ་བརྒྱ་དམ་པའི་གྲས། འགོར་སྭ་སྟི་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་བསྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ཡིག་ཆུང་ལས་ཞེས་ཡོད་པའི་གཏོར་མ་ལ་བརྟེན་ནས་དགྲ་བགེགས་རང་གཤེད་རང་ལ་དབབ་པའི་མན་ངག་གི་ཡི་གེ་ལྟ་བུའི་ངང་དུ་བཞག་རྗེས་སྤྱི་ལྟར་བྱའོའི་མཐའ་ཅན། སེར་བ་བསྲུང་འབེབས་ཀྱི་མན་ངག་དུག་གི་རླུང་ཆེན་ནག་པོ་ཞར་བྱུང་ཐོག་བསྲུང་ཤྭ་བཟློག་དང་བཅས་པ་དཔལ་བྲག་མིག་ཆོས་རྫོང་གི་ཡང་དབེན་དུ་མཛད་པ། དམ་ཅན་སྲུང་མ་རྣམས་ལ་ཕྱི་རྟེན་འཛུགས་པའི་ལག་ལེན་གྱི་ཡི་གེ་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་གཙང་རོང་མཚོ་ལའི་མགུལ་གྱི་རི་ཁྲོད་བསམ་གཏན་རྩེར་སྦྱར་བ། གནས་དེ་ཉིད་དུ་མཛད་པའི་དམ་ཅན་སྲུང་མ་རྣམས་ཀྱི་ཐུན་མོང་གི་རུ་མཚོན་འཛུགས་པའི་ཡི་གེ །ཟབ་གནད་འདི་དག་ལ་བརྟེན་ནས་ཆོས་སྲུངས་རྣམས་མཚོ་ལ་ངང་པ་དང་ཤ་རུལ་ལ་སྦྲང་མ་ལྟར་འདུས་པས་ཁའུ་སྐྱེད་ལྷས། རྩེས་དང་བསམ་གཏན་གླིང་། ཕན་ཡུལ་དཔལ་ལྡན་རྩེ་སོགས་སྲུང་མ་རང་བཞིན་གྱིས་འདུ་བའི་གནས་ཡིན་ཞེས་པའང་གནད་འགག་ཟབ་མོ་ལ་བརྟེན་པ་ཡིན་གྱིས། སྣང་ཤེས་དབང་གི་ཁང་པའི་ཡང་ཐོག་རྩེར། །རྔ་ཐུག་འཛུགས་པའི་སྐྱེ་བོ་མང་ན་ཡང་། །བརྒྱུད་པའི་མན་ངག་ལག་ལེན་དང་ལྡན་པ། །འདི་འདྲ་ཤེས་པའི་སྔགས་འཆང་ཉིན་སྐར་ཙམ། ཞེས་གསུངས་པ་དོན་ལ་གནས་པས་ཟབ་གནད་མི་ཤེས་པའི་ལྡེར་བཟོ་གོག་པོ་ཙམ་ལ་ཡིད་གཏོད་པར་མི་བྱའོ། །ནག་པོ་ཆེན་པོའི་དམར་ཆེན་གཏོར་བཟློག་


GLG001_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆོ་ག་དགྲ་བགེགས་ཀྱི་སྟོབས་འཕྲོག་རོལ་པ། འདི་ནི་མགོན་པོ་ལ་བརྟེན་པའི་གཏོར་ཟློག་གི་ཆོ་ག་འཁྲུལ་པ་མེད་པ་ཡིན་ལ། དེང་སང་དམར་ནག་འཇིགས་གསུམ་གྱི་ཚབ་ལ་མགོན་པོ་དང་ལས་གཤིན་གྱི་ཚབ་ཏུ་པུ་ཏྲས་བྱས་པའི་མགོན་པོ་དྲུག་ཅུ་པར་གྲགས་པ་སོགས་ནི་ཞྭ་དཔེ་ལྷམ་ལ་བཀབ་པ་ཁོ་ན་ལས། ཇི་སྐད་དུ། རྩང་ཟློག་མུ་སྟེགས་བྱེད་ལ་ཡོད་ཅེས་ཐོས། །དགྲ་ཆོས་ཞེས་བྱ་གཡུང་དྲུང་བོན་གྱི་ཡིན། །དྲུག་ཅུ་རྩ་བཞི་གཤིན་རྗེ་པ་ལ་གྲགས། །འདི་ནི་དྲག་པོ་གཏོར་མའི་ཟློག་པར་བརྗོད། ཅེས་གསུངས་པ་ཡིད་ལ་རི་མོར་འདྲི་བར་བྱའོ། །བསྟོད་བསྐུལ་འོག་མིན་བདེ་ཆེན་མ། དམ་ཅན་པུ་ཏྲའི་བསྐང་གསོ་ཕྲིན་ལས་ལྷུན་གྲུབ། དེའི་བསྐང་རྫས་བྱིན་རླབས་རླུང་ལྟར་ཚུབ་སྟེ་བྱོན་པར་གྱུར་བཛྲ་ས་མཱ་ཛའི་མཐའ་ཅན། ཆོས་སྐྱོང་གི་དྲི་བ་ལྷག་བསམ་རབ་དཀར་རྣམས། བདུན་པ་དཀར་ཆག་དུ་མི་བཞུགས་པའི་ཡིག་ཆའི་སྐོར་ལ། མཐུ་ཆེན་ཨཱ་ནན་དམ་པས་མཛད་པ། བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ། རྗེ་བཙུན་རྡོ་རིང་པ་ཆེན་པོས་མཛད་པ། རྗེ་བཙུན་སྒོ་རུམ་པས་མཛད་པ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ་དང་གསུང་རྒྱུན་ཟིན་བྲིས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱིས་མཛད་པ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་མཛད་པ། ཁྱབ་བདག་མཁན་ཆེན་ཞ་ལུ་པས་མཛད་པ། ཁའུ་བྲག་རྫོང་པའི་ཕྱག་ལེན་དུ་མཛད་པའི་བསྟོད་འབུམ་དང་བཅུ་གཉིས། དང་པོ་ནི། ནང་སྒྲུབ་ལ་བརྟེན་པའི་བསྙེན་པ། མི་འཁུ་མི་ལྡོག་སྲོག་ཏིག་བླང་བའི་གནད་


GLG001_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་ཀར་བསྒྲུབ་པ། ལས་སྦྱོར། མྱུར་བའི་གནད་གཏོར་མའི་མན་ངག་དང་བཅས་པ་མ་ཧཱ་ཀཱ་ལའི་སྤུ་གྲི་སོ་འདེབས་ཀྱི་མན་ངག་ཤིན་ཏུ་རྣོ་མྱུར་དུ་བསྒྲུབ་པར་གྲགས་པ། དུས་གཅིག་ཏུ་ཆིག་བརྒྱུད་ཀྱི་གྲས། གཉིས་པ་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ། མཁའ་འགྲོ་འཁུ་ལྡོག་སྤོང་བར་༼ཞ༽༼ཁྲ༽རྒྱུ་རྟགས་ཉེས་དམིགས། མི་ལྡོག་པའི་མན་ངག་གི་ཕྱི་རོལ་ལྷ་སོགས་གནད་དྲུག་འདི་གཉིས་གཞན་དུ་ཞལ་འཕངས་ནང་སྔགས་སོགས་གནད་དྲུག་གི་མན་ངག །གསང་བ་ཡང་ཏིག་སེམས་ཀྱི་གནད་ལྔ་ལ་བརྟེན་ནས་བྲན་བཞིན་བཀོལ་བའི་ཟབ་པའི་གནད་ཀྱི་མན་ངག་སྤོགས་ཆོག་འདི་གཞན་དུ་ཁ་འཕངས། དང་བཅས་པ་སྙིང་ནང་གི་ཁྲག་ལྟ་བུ་གཞན་ལ་ཕན་པའི་བློས་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་བཏབ་སྟེ་མདོ་སྨད་གཉན་ཚེའི་སའི་ཆར་སྦྱར་བ། མཇུག་ན། བླ་མ་ལ་གུས་སྙིང་རྗེར་ལྡན། །བསྟན་ལ་སེམས་པའི་བུ་ཡི་མཆོག །སྙིང་དང་འདྲ་བ་གཅིག་ལ་སྦྱིན། །གཞན་ཡང་མང་དུ་སྤེལ་གྱུར་ན། ལས་མཁན་པུ་ཏྲ་འཁོར་བཅས་ཀྱིས། །མགོ་ཆོད་སྙིང་ཁྲག་ཞལ་དུ་གསོལ། ཞེས་བཀའ་རྒྱ་དམ་པར་སྣང་ངོ་། །འཁུ་ལྡོག་སྤོང་བའི་ས་བཅད་བཞི་པའི་ཞལ་འཕངས་པ་སྤོགས་ཆོག་གི་གསལ་བྱེད་སྲོག་ཕུར་གྱིས་གནད་དུ་སྡིགས་པས་ལས་མྱུར་དུ་འགྲུབ་པ་སྙིང་ནང་གི་ཁྲག་ལྟ་བུའི་ཡི་གེ་རང་གི་དྲན་པ་གསོ་ཕྱིར་བྲིས་པ། རྗེ་བཙུན་རྡོ་རིང་པས་མཛད་པའི་ཡིག་ཆ་འདི་རྣམས་འཁྲུགས་སྡེབས་སུ་གོང་དུའང་བཞུགས། འགོར་ན་མོ་གུ་རུ་མགོན་པོའི་གཏོར་ཆེན་བྱ་བར་འདོད་པས་རྣལ་འབྱོར་པ་ཁ་ལྷོར་བལྟས་ཞེས་ཡོད་པའི་མགོན་པོ་ལྷ་བརྒྱད་༼ཞ༽༼ཁྲ༽ཀྱི་གཏོར་ཟློག་གི་ཕྱག་ལེན་དབེན་གནས་ཁའུ་བྲག་རྫོང་དུ་སྦྱར་བ་རྣམས།


GLG001_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་སྤྱིའི་སྔོན་འགྲོ་བརྒྱད། སོ་སོའི་ཁྱད་པར་བསྟན་པ་གསུམ་གྱི་ཞལ་ཤེས་སྐལ་བར་༼ཞ༽༼ཁྲ༽ལྡན་པ་རྣམས་ཀྱི་དོན་དུ་ལེགས་པར་སྦྱར་བ། མཇུག་ན། སྙིང་དང་འདྲ་བའི་མན་ངག་དམ་པ་འདི། །ཀུན་ལ་མི་སྦྱིན་གསང་བའི་བཀའ་རྒྱ་ཡོད། །སྣོད་ལྡན་དག་ལ་ཆིག་བརྒྱུད་ཚུལ་དུ་སྦྱིན། །གཞན་ལ་རྒྱ་ཆེར་མང་དུ་སྤེལ་གྱུར་ན། །ལས་ཀྱི་མགོན་པོས་ཟངས་གྲི་རྣོན་པོ་ཡི། །དེ་ཡི་མགོ་ཆོད་ཡན་ལག་རྒྱན་དུ་གྱིས། །མན་ངག་རིན་ཆེན་སྙིང་གི་དཀྱིལ་དུ་ཆོངས། །ཞེས་སྣང་ངོ་། །ཆོས་ཚན་བཞི་པོ་དུས་གཅིག་ལ་ཆིག་བརྒྱུད་དུ་གནང་བའི་བཀའ་རྒྱ་ཅན་ཡིན་ཅིང་། ལས་སྦྱོར་གྱི་སྔོན་འགྲོ་ཞེས་པ་ཁ་སྦྱོར་དབྱེ་བ་བརྒྱད་ཀྱི་མན་ངག་ལུང་ཡང་སྣང་ངོའི་མཐའ་ཅན་རིགས་སྔགས་གོ་ལྡོག་ཡི་གེ་གཞན་ནས་ཐོན་པ་ལས་འདི་ཁའི་གྲས་ཀྱི་ཡིག་ཆུང་མ་རྙེད་པས་སླར་བཙལ་ལོ། །ནག་པོ་ཆེན་པོའི་སྒོ་ནས་ཕྲིན་ལས་གང་སྒྲུབ་ཀྱང་གཏོར་མ་བཅའ་ཤེས་དགོས་སོགས་ཞི་རྒྱས་དབང་དྲག་གི་གཏོར་མའི་རྣམ་༼ཞ༽གཞག་བཟོད་པར་གསོལ་བའི་མཐའ་ཅན། ལྕམ་དྲལ་གྱི་གཏོར་མ་༼ཞ༽བཤམ་ཐབས་དོན་གསུམ་པ་དམ་པ་ཀུན་དགའ་གྲགས་ལས་བརྒྱུད་པ་མན་ངག་འི་མཐའ་ཅན། གསུམ་པ་རྗེ་བཙུན་རྡོ་རིང་པས་མཛད་པ་ནི། སྤྱི་དོན་གསུམ་པ་དགྲ་བོ་རང་གཤེད་རང་ལ་དབབ་པའི་ཞལ་ཤེས་གཏོར་མ་༼ཞ༽༼ཁྲ༽འཕངས་ན་དེ་ནི་རང་གཤེད་རང་གིས་བྱེད་ངེས་སོའི་མཐའ་ཅན། བཞི་པ་རྗེ་བཙུན་སྒོ་རུམ་པས་མཛད་པ་ལ། སྒྲུབ་ཐབས་བརྒྱ་རྩར་གསུངས་༼ཞ༽༼ཁྲ༽པའི་མགོན་པོའི་རྗེས་གནང་གི་ཐོ། འགོར་རང་ནག་པོ་ཆེན་པོར་གསལ་བའི་སྤྱི་བོའི་ནང་དུ་ཞེས་ཡོད་པའི་ཚེ་སྒྲུབ་༼ཞ༽༼ཁྲ༽པ་བདག་མོ་ཚེ་བརྟན་བུ་འདྲེན་ལ་གནང་བ། འགོར་ན་མོ་གུ་ར་ཝེ་རྣོ་


GLG001_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཚོན་དུ་བརྡུང་བའི་དམིགས་པ་ཚར་༼ཞ༽༼ཁྲ༽ནས་ཞེས་མེད་པའི་བྲག་རྫོང་མའི་ཁྱད་པར་གྱི་ཞལ་ཤེས་རིག་སྟོང་ཐུགས་ཀྱི་རང་བཞིན་དུ་གྱུར་གྱི་མཐའ་ཅན། འགོར་ན་མཿ ཤྲཱྀ་མ་ཧཱ་ཀཱ་ལཱ་ཡ་དབང་སྡུད་བསྲུང་འཁོར་རཾ་ཞེས་ཡོད་པའི་དབང་གི་དངོས་གྲུབ་༼ཞ༽༼ཁྲ༽བསྒྲུབ་པའི་ཐབས་ཟབ་མོ་མི་དབང་བསོད་ནམས་རབ་བརྟན་ལ་གནང་བ། ནག་པོ་ཆེན་པོའི་དབང་གི་སྦྱིན་སྲེག་གི་ཆོ་ག་མི་དབང་༼ཞ༽༼ཁྲ༽བསོད་ནམས་རབ་བརྟན་གྱིས་བསྐུལ་ནས་ཚུལ་ཟང་རབ་བརྟན་དུ་སྦྱར་བ། དེའི་ཞལ་ཤེས་འགོར་སྭསྟི་ཐབ་ཁུང་དུ་མེ་སྦར་ཏེ་མེ་ལྷ་མེ་དཔུང་དུ་གྱུར་བའི་དབུས་སུ་༼ཞ༽༼ཁྲ༽ཞེས་ཡོད་པ་གསུང་གི་བདུད་རྩིའི་མཐའ་ཅན། ཁོན་གཅུགས་༼ཞ༽༼ཁྲ༽སྦྱང་བའི་དམིགས་པ་ཉེས་ལྟུང་ཐམས་ཅད་དག་པར་མོས་པ་འོའི་མཐའ་ཅན། བསྙེན་པའི་དམིགས་༼ཞ༽༼ཁྲ༽པ་བྱིན་གྱི་བརླབས་པའི་མོས་པ་ཉིད་ལགས་ཀྱི་མཐའ་ཅན། ཤཱ་ས་ནའི་རིམས་བསྲུང་༼ཞ༽༼ཁྲ༽བ་མི་དབང་གསོད་ནམས་རབ་བརྟན་ལ་གནང་བ་བོའི་མཐའ་ཅན། ལས་བཞིའི་བསྐུལ་རྒྱལ་ཀུན་མཐུ་སྟོབས༼ཞ༽༼ཁྲ༽མ་མི་དབང་བསོད་ནམས་རབ་བརྟན་ལ་གནང་བ་རྣམས། ལྔ་པ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ་དང་གསུང་རྒྱུན་ཟིན་བྲིས་ལ། ནག་པོ་ཆེན་པོའི་ཆོས་སྐོར་གྱི་ཁོག་ཕུབ་མན་ངག་གི་རྣམ་པར་བཤད༼ཞ༽པ་ཟབ་དོན་སྙན་བརྒྱུད་ཀྱི་རོལ་མཚོ་ལེགས་བཤད་ཀྱི་རྦ་རླབས་རྣམ་པར་གཡོ་བ་མཆོད་པ་བཤམ་པ་མན་འཕྲོར་ལུས་པ། ཁྲོ་བཅུའི་རྗེས་གནང་གི་སྐབས་ཉེ་བར་མཁོ་བའི་སྐུ་གསུང་ཐུགས་མི་འགྱུར་བའི་མན་ངག་རཀྵ་རཀྵ་ཧཱུྃ་བྷྲུྃ་ཧཱུྃ། ཕཊ་སྭཱ་ཧཱའི་མཐའ་ཅན། རུ་མཚོན་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོའི་རྗེས་གནང་བཀའ་གཏད་ཀྱི་


GLG001_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་སྙན་བརྒྱུད་སྦས་དོན་གསལ་བ་ནག་པོ་འགྲོ་ཤེས་སུ་བཀོད་པ། འགོར་ན་མོ་བཛྲ་དྷ་རཱ་ཡ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ལ་ཞེས་ཡོད་པའི་མགོན་པོ་ལྷ་༼ཕ༽བརྒྱད་ཀྱི་བསྲུང་འཁོར་གྱི་ཡི་གེ་སྙན་བརྒྱུད་རྡོ་རྗེའི་གོ་ཁྲབ་ས་མ་པ་ཐ་མིའི་མཐའ་ཅན། འགོར་བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་བསྲུང་བའི་འཁོར་ལོའི་ཞལ་ཤེས་ནི་ཞེས་ཡོད་པའི་བྲག་རྫོང་མའི་བསྲུང་འཁོར་ཐུན་མོངས་མ་ཡིན་པའི་ཞལ་ཤེས་ཟིན་བྲིས་རྡོ་རྗེའི་གོ་ཁྲབ་ཁྱད་པར་གྱི་མན་ངག་ལྡེ་ཁ་གདགས་པ་དང་བཅས་པ་བཀྲ་ཤིས་བདེ་བས་ཁྱབ་པ་དེང་འདིར་སྩོལ་གྱི་མཐའ་ཅན་ཆིག་བརྒྱུད་མའི་གྲས། ནང་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་ལས་སྦྱོར་གྱི་ནང་ཚན་སྙིང་ག་ཆོས་ཀྱི་འཁོར་ལོའི་ལས་སྦྱོར་རྣལ་འབྱོར་སྒོས་དགྲ་སྒྲོལ་བའི་མཚོན་ཆ་མདོ་ཁམས་པ་རྡོ་རྗེ་བཀྲ་ཤིས་ལ་གནང་བ། འདིའི་མཇུག་ཏུ། སྙན་བརྒྱུད་ཉིང་ཁུ་ཡིན་གྱི་བསླུས་པ་མེད། །སྙིང་དཀྱིལ་སྦོས་ལ་བསྙེན་སྒྲུབ་ཚད་དུ་སྐྱོལ། །ཁས་ཞན་སྐྱབས་དང་བྲལ་བའི་དུས་བྱུང་ན། །མཚོན་འདི་འཕྱུང་ལ་སྡིག་ཅན་ཆོས་དབྱིངས་སྐྱོལ། །དེ་མིན་ཉེས་ཆུང་ཙམ་ལ་མི་རྩོམ་ཞིང་། །ཞེས་གསུངས་པས་བག་དང་ལྡན་པ་གནད་དུ་ཆེ་ཞིང་ཆིག་བརྒྱུད་མའི་གྲས་སོ། །རྡོ་རྗེའི་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་མཉེས་བྱེད་གཏོར་སྒྲུབ་བསྐང་གསོའི་ཕྱག་ལེན་གྱི་གསལ་བྱེད་ལྷན་ཐབས་དངོས་གྲུབ་རོལ་མཚོ་བདག་ཆེན་རྡོ་རྗེ་འཆང་གི་ཕྱག་ལེན་འཁྲུལ་མེད་དུ་བཀོད་པ། དཔལ་ས་སྐྱ་པའི་བཀའ་སྲུང་རྣམས་ཀྱི་གཏོར་མ་གསུམ་གྱི་རྣམ་བཤད་ཀྱི་ཞལ་ཤེས་ཐུན་མོང་མ་ཡིན་པ་སྙིང་གི་ཁྲག་ལྟ་བུའི་གདམས་པ་ཟོར་འཕེན་པ་མན་ཅུང་ཟད་མཛད་


GLG001_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོར་ལུས་པ་ཆིག་བརྒྱུད་མའི་གྲས། གུར་མགོན་ཕོ་བརྒྱུད་མོ་བརྒྱུད་ཞལ་སྟག་ཞོན་དང་བཅས་པའི་དམོད་བཅོལ་གྱི་ཡི་གེ་འགོར་སོ་སོའི་སྔགས་དང་གུར་བཞིན་འདྲི་འོའི་མཐའ་ཅན། མང་མཁར་ཐུབ་སྟན་དགེ་འཕེལ་༼ཞ༽གུར་མགོན་ལ་བཅོལ་བའི་དམ་བསྒྲགས། གསུང་སྒྲོས་ཟིན་བྲིས་ལ། འགོར་ཨོཾ་སྭ་སྟི་དཔལ་ལྡན་ས་སྐྱ་བའི་བསྟན་འཛིན་ཐམས་ཅད་ཀྱི་གཙུག་རྒྱན་ཞེས་ཡོད་པའི་མགོན་ཆེན་གྱི་དམ་ཚིག་གསོ་བའི་བསྐང་གསོའི་ཟིན་བྲིས་རྗེས་ཆོ་ག་རྣམས་དཀྱུས་བཞིན་མཛད་དོའི་མཐའ་ཅན། གུར་ཞལ་སྦྲེལ་མའི་གཏོར་ཆེན་གྱི་ཟིན་བྲིས་ཟོར་ལམ་དབྱེ་བ་སོགས་ལྷན་ཐབས་ཇི་ལྟ་བ་བཞིན་མཛད་དོའི་མཐའ་ཅན། སྐུ་རྟེན་བྲིས་འབུར་བཞེང་ཚུལ། རབ་གནས་ཞག་བདུན་མ། གསུང་རྟེན་གླེགས་བམ། ཐོད་རྔ། རྔ་ཆེན། རྐང་གླིང་བཞེང་བ། ཐུགས་རྟེན་རྡོ་རྗེ་གྲི་གུག །ཐོད་པ། གཎྜི། རྩེ་གསུམ་བཞེང་བ། ཕྱི་རྟེན་རྟ་གཡག་སོགས་ཕྱི་རུ་བཅས་ཏེ་ནོར་རྫས་བསྲུང་བ། ནང་རྟེན་ནང་དུ་བཅས་ཏེ་བང་མཛོད་བསྲུང་བ་ཞར་ཕྱུང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རུ་མཚོན། བྱང་ཆེན་མཆོད་རྟེན། འཕན་ནག །བ་དན། ཞྭ་ནག །ལྷམ་ནག །གོས་ནག །གསང་མདོས། ཕོ་མོའི་གསང་རྟེན། གསང་རྟེན་གསང་བར་བཅས་ཏེ་མཁའ་འགྲོ་འཁུ་ལྡོག་སྤོང་བ། གཞན་ཡང་པུ་ཏྲའི་ཐུན་མོང་མ་ཡིན་པའི་རྟེན། ནོར་བསྲུང་གནོད་སྦྱིན་ཕོ་མོའི་ཚུལ་དུ་བསྒྲུབ་པའི་རྟེན་དང་བཅས་པ་རྣམས་ཀྱི་ཞལ་ཤེས་ཐུན་མོང་མ་ཡིན་པ་རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་རྒྱུན་མདོ་ཁམས་པ་རྡོ་རྗེ་བཀྲ་ཤིས་ཀྱིས་ཟིན་བྲིས་སུ་བཀོད་པ་སྣོད་དང་ལྡན་ངེས་ལ་ཆིག་བརྒྱུད་མ། འདི་ལུང་རྒྱུན་ལྟ་ཅི་དཔེ་རྒྱུན་ཡང་དཀོན་


GLG001_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འདི་ནས་རབ་གནས་ཞག་བདུན་མ་ཁོལ་དུ་ཕྱུང་སྟེ་ཟུར་དུ་བྲིས་པའི་ཡི་གེ་ཡང་མཐོང་ངོ་། །དྲུག་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་བསྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་སྙན་བརྒྱུད་ཐུན་མོང་མ་ཡིན་པའི་འཁྲིད་ཡིག་ས་སྐྱ་ཚང་གི་རྣ་བར་མ་གྲགས་པའི་སྙིང་ནང་གི་ཟུངས་ཁྲག་ལྟ་བུ་ལྕགས་བྱི་སྣྲོན་གྱི་ཟླ་བའི་ཉེར་ལྔ་ལ་ཚོང་འདུས་འདོད་རྒུ་འབྱུང་བའི་ལྟེ་བ་རྒྱལ་པོའི་ཕོ་བྲང་ཆེན་པོའི་གཟིམས་ཆུང་ཆོས་རྒྱལ་ཕོ་བྲང་དུ་མཛད་པ། དེའི་སྦྱར་བྱང་དུ། རང་བཟོའི་འཇིགས་འཇིགས་བསྒྲིགས་པའི་རྡོ་ཕལ་མདོག །འབྲེལ་མེད་མགལ་དུམ་སྤེལ་བའི་རྙོག་མ་ཅན། །ཉམས་ལེན་འོད་དཀར་སྤྲོས་ཚེ་སྐལ་ལྡན་གྱི། །སྙིང་གི་པདྨོ་ཟུམ་དང་འདི་མི་འདྲ། །ཞེས་གསུངས་པ་རྡོ་རིང་ཀུན་རྒྱན་པ་སོགས་ཀྱིས་མན་ངག་མ་ཚང་པའི་རས་རུལ་བསྡུས་ནས་འཆད་པ་རྣམས་ལ་དགོངས་པ་འདྲའོ། །རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་སྒྲུབ་པ་ནང་སྒྲུབ་དང་གསང་བ་ཡང་གསང་སེམས་ཀྱི་གནད་ལ་བརྟེན་ནས་སྒྲུབ་པའི་གསང་འཁྲིད་ཡིད་བཞིན་ནོར་བུ། འཁྲིད་མ་ཐོབ་པར་ལུང་མི་གནང་བ་དཀྱུས་གཅིག་ཅིང་སྦྱར་བྱང་དུ། །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །སྙན་བརྒྱུད་ཁོ་ནར་བྱོན་པའི་གསང་ཆེན་འདི། །སྙིང་དབུས་ཆོངས་ལ་ཉམས་ལེན་རྒྱུན་དུ་སྐྱོངས། །ཀུན་ལ་མ་སྤེལ་སྣོད་ལྡན་གཅིག་ལ་བྱིན། །ཞེས་པ་ལྟར་རྗེ་བཙུན་ཁའུ་པ་ཡབ་སྲས་ཡན་ལ་ཚག་བརྒྱུད་ཁོ་ནར་བཞུགས་པས་ཀུན་ལ་མ་གྲགས་ཤིང་། དཔྱོད་ལྡན་གྱིས་དཔྱད་ན་རྗེ་བཙུན་གོང་མའི་གསུང་རབ་ཀྱི་ཚིག་ཟུར་ལ་ཟབ་གནད་འདི་འདྲ་ཐུགས་ལ་གབ་ནས་ཡོད་པར་ཤེས་ནུས་ཀྱང་། རྗེ་བཙུན་གྲོལ་མཆོག་


GLG001_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྗེས་འབྲང་མང་པོའི་ཐུགས་སུ་མི་ཆུད་པ་ཙུ་ཏའི་ཡུལ་གྱིས་རྐང་གཉིས་པ་ལྟར་རོ། །འགོར་ཨོཾ་སྭ་སྟི་བདག་གི་བླ་མ་ཚར་ཆེན་རྡོ་རྗེ་འཆང་གི་ཞལ་སྔ་ནས་ཞེས་ཡོད་པའི་ལྷ་བརྒྱད་ཀྱི་རྗེས་གནང་༼ཁྲ༽༼༽ཐུན་མོང་མ་ཡིན་པའི་ཡི་གེ་ཕ་བླ་མའི་བཀའ་གནང་ཐོབ་ནས་བརྗེད་ཐོར་བཀོད་པ་ཤུ་བྷཾ་གྱི་མཐའ་ཅན། འགོར་ཨོཾ་སྭ་སྟི་བདག་ཅག་གི་བླ་མ་ཐམས་ཅད་མཁྱེན་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་ཡོད་པའི་ལྷ་༼ཁྲ༽བཅུ་གཉིས་མའི་ཐུན་མོང་མ་ཡིན་པའི་རྗེས་གནང་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་བགྱིས་སོའི་མཐའ་ཅན། འགོར་བྲན་བདུད་ཀྱི་རྗེས་གནང་ཐུན་མོང་བའི་ཕྱག་ལེན་ནི་ཞེས་ཡོད་པའི་ཟིན་བྲིས་རྗེས་གནང་བཀའ་རྒྱ་ཅན་ནོའི་མཐའ་ཅན། འདི་གསུམ་རྗེས་གནང་མ་ཐོབ་པར་མི་གནང་བའི་བཀའ་རྒྱ་ཅན་འགོར་ན་མཿཤྲཱྀ་གུ་རུ་མ་ཧཱ་ཀཱ་ལཱ་ཡ་དེ་ལ་རྡོ་རྗེ་ནག་པོའི་བསྙེན་པ་ལ་གསུམ་༼ཞ༽༼ཁྲ༽སྟེ་ཞེས་ཡོད་པའི་བསྙེན་པའི་མན་ངག་དཔེ་འདི་མི་ལ་མི་སྟོན་པའི་བཀའ་རྒྱས་བཏབ་ཡོད་ལགས་ཀྱི་མཐའ་ཅན་ཆིག་བརྒྱུད་མའི་གྲས། ལྷ་བརྒྱད་མཁའ་འགྲོ་སྦྲགས་གྲུབ་ཀྱི་མཆོད་པའི་ཆ་ོག་དམ་ཅན་འདུ་བའི་མཆོད་༼ཞ༽སྤྲིན་མི་དབང་མ་ཎི་བྷ་དྲའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་བདེ་གསལ་རབ་བརྟན་དུ་བཀོད་པ། བཀའ་སྲུང་ཟངས་གྲི་སྐོར་གསུམ་གྱི་གཏོར་འབུལ་༼ཞ༽སྡེ་སྣོད་རྒྱུད་སྡེ་འཛིན་པའི་དྲུང་པ་བསླབ་གསུམ་པས་བསྐུལ་བར་བརྟེན་ནས་འབྲུག་ལོ་ཟླ་བ་བདུན་པའི་ཉེར་གསུམ་ལ་མཛད་པ། མ་ཧཱ་ཀཱ་ལའི་ཆོས་སྐོར་ཐོབ་པའི་བརྗེད་༼ཞ༽བྱང་བསམ་འཕེལ་ནོར་བུའི་འཕྲེང་བ་རྣམས། བདུན་པ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་


GLG001_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ལ། འགོར་ནང་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པ་ལ་ཐོག་མར་གཞི་སྐྱེ་མེད་དངོས་པོའི་གནས་ཚུལ་ཞེས་ཡོད་པའི་ཡར་ཀླུངས་པའི་གུར་མགོན་༼ཞ༽ནང་འཁྲིད་ཀྱི་ཞལ་ཤེས་མཐུ་སྟོབས་ཀྱི་དབང་ཕྱུག་དགོན་གསར་བ་བསོད་ནམས་ཆོས་འཕེལ་གྱི་གསུང་རྒྱུན་ཟིན་བྲིས་སུ་མཛད་པ་ཧཱུྃ་ལ་སེམས་གཏད་ནས་བསྒོམ་པ་སོགས་སྔར་བཞིན་ནོའི་མཐའ་ཅན་ཆིག་བརྒྱུད་གྲས། གསང་འཁྲིད་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་༼ས༽གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག་གིས་བསྐུལ་བ་ལ་བརྟེན་ནས་བླ་མ་མགོན་པོ་དང་བཅས་པ་ལ་གསོལ་བ་བཏབ་ནས་མཛད་པ་འདིའི་རྗེས་གནང་དང་ལུང་མ་ཐོབ་པ་ལ་རྣ་བའི་ལམ་ཙམ་དུ་ཡང་མི་བསྒྲག་པའི་བཀའ་རྒྱ་ཅན། དྲི་ཆུ་ལ་བརྟེན་པའི་རིམས་བསྲུང་༼ཞ༽མི་འདྲ་བ་རྣམས་ཀྱི་ནང་ནས་ཕ་བླ་མ་བསླབ་གསུམ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་ཐུགས་གཙིགས་སུ་གནང་བ་ཟིན་བྲིས་སུ་བཀོད་པ། མགོན་པོ་ཁྲོ་བཅུའི་བརྒྱུད་འདེབས་བདུད་ལས་རྣམ་པར་རྒྱལ་༼ཞ༽པ་རིགས་བརྒྱའི་མཁྱེན་བརྩེ་མ་མི་དབང་ཚེ་དབང་དོན་གྲུབ་ཀྱིས་བསྐུལ་ནས་ཞ་ལུ་རི་སྦུག་ཏུ་མཛད་པ། ཡང་རྗེ་བསླབ་གསུམ་པའི་གསུང་ལ་ཟིན་བྲིས་སུ་མཛད་པའི་རྡོ་རྗེ་བྲག་རྫོང་མའི་བསྡུས་༼ཞ༽དོན་གྱི་ཡི་གེ་རྗེ་ཉིད་ཀྱི་སྤྱན་སྔར་ཞུས་དག་པ་ཉམས་འཁྲིད་འདི་ཉིད་མཁན་ཆེན་བསླབ་གསུམ་པ་ཁོ་ནའི་བཀའ་དྲིན་ལས་བྱུང་བས། སྦྱར་བྱང་དུ། །བློ་འདས་གདོད་མའི་མགོན་པོ་རྡོ་རྗེ་འཆང་། །གང་འདུལ་དག་པའི་ཟློས་གར་དྲིན་ཅན་རྗེ། །བཀའ་དྲིན་དྲན་ནོ་ཕ་རྒོད་བསླབ་གསུམ་ཞབས། །སྙིང་ནས་འདུ་འབྲལ་མེད་དོ་ཐུགས་རྗེ་སྐྱོང་། །ཞེས་དྲིན་བཟོའི་ཚུལ་


GLG001_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟོད་པ་ནི་བརྒྱུད་པ་དང་བླ་མ་ལ་ཅི་ཡང་མི་སེམས་པའི་ཆོས་འདོད་མཁན་པོ་རྣམས་ལ་དགོངས་པ་འདྲའོ། །བྲག་རྫོང་མའི་གཏོར་མ་ལ་བརྟེན་ནས་རང་གཤེད་འབེབས་པའི་མན་ངག་སྒ་ཨཱ་ནན་དམ་པ་སོགས་གོང་མ་མང་པོའི་ཡི་གེར་ཐོ་ཙམ་ལས་མི་གསལ་བའི་གསལ་བྱེད་ནག་འགྲོས་སུ་མགོན་པོ་ཁྲོ་བཅུའི་གཏོར་བཟློག་གི་ཆོས་༼ཞ༽བདུད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་སྐྱེད་ཚལ་མཁན་པོ་ཐར་པ་བཟང་པོའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཆོས་སྡེ་དེ་ཁའི་མགོན་ཁང་དུ་མཛད་པ་རྣམས། བརྒྱད་པ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་མ་༼ངག༽ཡིན་པ་བླ་མ་གོང་མའི་རྗེས་གནང་ཡི་གེ་རྙིང་པ་ལས་ཚིག་སྣ་བསྲིངས་ཏེ་རྒྱས་སུ་བཏང་བ། ཟངས་གྲི་ཅན་སྐོར་གསུམ་གྱི་རྗེས་གནང་གི་ཟུར་༼ངག༽འདེབས་རྗེས་བླ་མ་དབང་ཕྱུག་རབ་བརྟན་ཕྱག་བཞེས་རང་གི་ཡིད་ལ་གང་ཟིན་ཙམ་ཞིག་ཕྱག་ལེན་ཟིན་བྲིས་སུ་བཀོད་པ། འདི་གཉིས་རྗེས་གནང་མ་ཐོབ་པར་མི་གནང་པའི་བཀའ་རྒྱ་ཅན། མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་ཆོས་འཕེལ་གྱི་གསུང་རྒྱུན། ཕྱི་བསྲུང་བའི་འཁོར་ལོ་ལ་བརྟེན་ནས་སྒྲུབ་པའི་བྲག་རྫོང་གི་འཁྲིད་ཀྱི་ཡི་གེ་འདོད་༼ངག༽དགུའི་དཔལ་སྟེར་ཚ་ལུང་དགོན་པར་ཤིང་རྟའི་ལོ་ཟིན་བྲིས་སུ་མཛད་པ་རིན་པོ་ཆེ་རྟ་ར་བས་ནང་གི་བྲག་རྫོང་མའི་འཁྲིད་རྒྱ་༼ངག༽འདྲེ་ཚར་བཅད་པའི་ལོ་རྒྱུས་ཀྱང་སྣང་བས་ཤིན་ཏུ་ཟབ་གསུང་ངོའི་མཐའ་ཅན། གསང་བའི་བྲག་རྫོང་སེམས་ཉིད་ཡེ་ཤེས་ཀྱི་རྩ་འདོད་གྱི་འཁྲིད་༼ངག༽རིགས་སྔགས་འཆང་གཙུག་རྒྱན་བསོད་ནམས་ཆོས་འཕེལ་གྱི་གསུང་ལ་


GLG001_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་ལུང་དགོན་པར་ཟིན་བྲིས་སུ་མཛད་པ། ནག་པོ་ཆེན་པོའི་གསང་འཁྲིད་ཀྱི་ཡི་གེ་རིན་པོ་ཆེ་རྟ་ར་བའི་གསུང་སྒྲོས་ཡིད་བཞིན་ནོར་བུ་༼ངག༽དེ་བླ་མའི་བཞུགས་གནས་ཚ་ལུང་དགོན་པར་ཟིན་བྲིས་སུ་ཟླ་བ་དགུ་པའི་ཉེར་གསུམ་གྱི་ཉིན་རྫོགས་པར་གྲུབ་པ་རྣམས་ཉམས་འཁྲིད་མ་ཐོབ་པར་མི་གནང་བ་ཕྱག་ལེན་གྱི་རྒྱུན་བཞིན་ནོ། །དགུ་པ་ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱི་མཛད་པ་ལ། ནང་གི་བྲག་རྫོང་དྲག་པོ་སྔགས་རྒོད་ཀྱི་༼ལོ༽ཉམས་ལེན་རྗེ་བླ་མ་མི་ཕམ་ཆོས་ཀྱི་རྒྱ་མཚོའི་གསུང་བཞིན་དཔལ་ལྡན་ས་སྐྱའི་ལྷ་ཆེན་གསང་བའི་མགོན་ཁང་དུ་སྦྱར་བ། བྲག་རྫོང་མའི་སྔགས་པ་ནང་རྒྱས་ཀྱིས་མན་ངག་གི་ཞལ་ཤེས་ལུས་དབྲལ་བ། སྟོབས་གཞོམ་པ། རྣམ་ཤེས་སྤོར་བ་གསུམ་གྱི་གདམས་པ་༼ལོ༽ཁྱད་པར་ཅན་སྤྱན་ལྔ་མི་ཕམ་ཆོས་ཀྱི་རྒྱ་མཚོའི་གསུང་བཞིན་འཇམ་དབྱངས་གདུང་བརྒྱུད་ལ་ཡབ་ཆོས་ཕུལ་བའི་ཚེ་ལྷ་ཆེན་གསང་བའི་མགོན་ཁང་དུ་སྦྱར་བ། འདི་དང་དབྱིབས་འདྲ་བ་ཞིག་ཚར་ཆེན་དང་འཇམ་དབྱངས་མཁྱེན་བརྩེས་མཛད་པ་དེང་སང་ལུང་རྒྱུན་ཆད་འདུག་པས་འདི་ཉིད་མཁོ་བར་སྣང་ངོ་། །ཡི་གེ་གཉིས་ཀ་ཆིག་བརྒྱུད་ཀྱི་གྲས། བཅུ་པ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་༼འ༽མཛད་པ་ནི། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྐུ་རྟེན་བཞེང་ཚུལ་དང་ཁྱད་པར་གྱི་རབ་གནས་བྱ་ཚུལ་གསལ་བའི་མེ་ལོང་ཆིག་བརྒྱུད་མ་བཅུ་གཅིག་པ་ཁྱབ་བདག་ཞ་ལུ་༼ཞ༽བས་མཛད་པ་ནི། བྲག་རྫོང་མའི་རྫས་ཟློག་ལས་ཀྱི་མཚོན་ཆ། ཚད་མེད་བཞི། ལྕེ་བྱིན་བརླབ། བཟླས་པ། སྐྱབས་ཡུལ། དགྲ་བགེགས་ཀྱི་ས་བོན། ཐལ་རྡེབ། འཁོར་ལོ་འཁོར་ལུག །ཐུན་བསྡུ་བ།


GLG001_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པའི་སྐུའི་ཚད་རྣམས་ཀྱི་ཞལ་ཤེས་རྣམས་ཀྱང་ཆིག་བརྒྱུད་མའོ། །བཅུ་གཉིས་པ་ཁའུ་བྲག་རྫོང་པའི་ཕྱག་ལེན་དུ་མཛད་པའི་བསྟོད་འབུམ་ལ། སྲིན་གཟུགས་མའི་ཤླཽ་ཀ་གསུམ། འདི་ཡན་མེ་འབར་མར་ཡང་ཡོད། འགོར་ཡོད་པའི་དཔལ་ལྡན་མགོན་པོ་མ་༼མུ༽འཕགས་པས་མཛད་པ། རྫོང་ཁ་བས་རྒྱུད་ནས་ཕྱུང་གསུང་ཡང་ལྷག་བསམ་རབ་དཀར་གྱི་དྲི་ལན་དུ་པོད་མར་བཞེད་པས་དཔྱད་དོ། །ཨེ་ཀ་ཛ་ཊིའི་བསྟོད་པ་ཀུན་བཟང་མ། ལྷ་མོའི་བསྟོད་པ་༼མུ༽ཏིལ་མར་མ། དེ་བསྟོད་པ་རྒྱ་༼མུ༽མཚོའི་ཀློང་གནས་མ། ཞལ་གྱི་བསྟོད་པ་ས་པཎ་གྱིས་མཛད་པའི་དཔལ་ལྡན་མ། མཆོག་སྲེད་ཀྱིས་མཛད་པའི་གུར་གྱི་བསྟོད་པ་༼མུ༽སྔོན་ཚེ་བདེ་གཤེགས་མ། མེ་འབར་མ་དང་གྱི་ལྗང་པོ་ཏིར་ཡང་ཡོད། མལ་ལོས་ལྷ་མོར་བསྟོད་པ་༼མུ༽གང་གི་སྐུ་གསུང་མ། རྫོང་ཆུང་པ་འཕགས་པ་རིན་པོ་ཆེས་མི་ཉག་ཏུ་མཛད་པར་བཞེད། འཕགས་པས་མཛད་པའི་འཕྲིན་བཅོལ་ཁྱོད་ཀྱི་ཕྲིན་ལས་མ། གནམ་ཁའུ་པས་མགོན་པོ་གདོང་བཞི་པ་ཞལ་གཟིགས་དུས་བསྟོད་པའི་རྡོ་རྗེ་འཆང་དབང་མ། ཞབས་བཏགས་མར་ཡང་ཡོད། འཕགས་པས་མགོན་པོར་བསྟོད་པ་གང་༼མུ༽ཐུགས་མ། འདི་མེ་འབར་མར་ཡང་ཡོད། ༼མུ༽པཎྜི་ཏ་ལོ་ཀ་ཤྲཱྀའི་སྒྲུབ་ཐབས་ལས་བྱུང་བའི་མཆོག་སྲེད་ཀྱིས་ལྷ་༼མུ༽མོ་ལ་བསྟོད་པ་མི་ཕམ་སྲིད་གསུམ་མ། དུད་སོལ་ཕྱི་སྒྲུབ་ཀྱི་རྒྱ་གཞུང་ནའང་ཡོད། གཉན་ལོས་ཞལ་ལ་བསྟོད་པ་པཾ་པད་རཾ་ཉི་མ། ལས་མགོན་རྣམས་ཀྱི་བསྟོད་པ་མགོན་པོའི་བཀའ་ཉན་མ། བསྟོད་པ་ནག་པོ་རྔམས་པ་མ། དཔལ་ལྡན་དབང་ལྡན་མའི་ཤླཽ་ཀ་གཅིག་བཅུག་འདུག་པ་མ་གཏོགས་ཁ་སྐོང་བསྟོད་འབུམ་དང་ཞབས་བཏགས་མར་


GLG001_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡོད། བསྐུལ་མགོན་པོ་མ་ཧཱ་ཀཱ་ལ་མ་རྣམས། གཞན་ཡང་ཁྲོ་བཅུའི་ཕྲིན་ལས་བསྐུལ་བ་མཁའ་དབྱིངས་དག་ཀློང་མ་ས་རྟ་རྒྱལ་ཟླ་ལ་ཕོ་བྲང་དུ་འཕགས་པ་རིན་པོ་ཆེས་མཛད་པ། ཁྲོ་བོ་བཅུ་གཅིག་གི་གཏོར་འབུལ་དང་བསྟོད་པ་སེར་སྣ་རྣམས་དག་མ་མཁན་ཆེན་གནས་དྲུག་པས་རྒྱུད་ལས་ཕྱུང་བ། ཡང་དེས་རྒྱུད་ལས་ཕྱུང་བའི་བསྐུལ་བྱང་ཆུབ་སེམས་བསྐྱེད་མ། དེས་མཛད་པའི་བསྟོད་པ་མེ་སྟག་ཐིམ་འགྱུར་མ་རྣམས་ཀྱང་ཐོབ། བརྒྱད་པ་དེ་དག་ཀུན་ལ་ཐུན་མོང་དུ་ཉེ་བར་མཁོ་བའི་སྐོར་ལ། བསྙེན་སྒྲུབ་ལས་གསུམ་གྱི་སྤྱི་དོན་གསལ་བར་སྟོན་པ་དྲེགས་པ་སྤྱིའི་གནད་བཅོ་ལྔ་པ་སློབ་དཔོན་ཤྲཱྀ་སིདྡྷིས་ཡི་གེར་བཀོད་པ་སྤ་གོར་ལོ་ཙཱ་བ་བཻ་རོ་ཙ་ན་ནས་བསྒྱུར་བ། དེའི་ཞལ་གདམས་ཀྱི་ཉིང་ཁུ་ཁྱད་པར་གནད་བརྒྱད་ཀྱི་མན་ངག་འདི་དང་གོང་གི་སྤྱི་དོན་བཅོ་ལྔ་པ་བསྡོམས་པར། སློབ་དཔོན་ཆེན་པོ་ཤྲཱི་སིདྷ་ཡི། །སྤྱི་དོན་གནད་ཀྱི་མན་ངག་ཉི་ཤུ་གསུམ། །ཕྱི་རབས་རྣལ་འབྱོར་དོན་དུ་ཡི་གེར་བཀོད། ཅེས་སྣང་ལ་ཡིག་ཆའི་ཁ་ཡིག་ཏུ་སློབ་དཔོན་པདྨས་མཛད་ཟེར་བ་འདུག་པ་བརྟག །ལས་སྦྱོར་གྱི་ཟབ་གནད་དྲིལ་བ་དྲག་སྔགས་ཀྱི་མིག་འབྱེད་ཞུ་ལན་གསེར་གྱི་ཐུར་མ་ཞེས་བྱ་བའམ་སྒྲིབ་པ་ཐམས་ཅད་བསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་དཔལ་ཨོ་རྒྱན་ཆེན་པོས་མངའ་བདག་ཆེན་པོ་ལ་གདམས་པ། ཡང་དེས་མངའ་བདག་ལ་གདམས་པའི་བསྙེན་སྒྲུབ་ལས་གསུམ་གྱི་དྲོད་ཚད་གསལ་བར་སྟོན་པ་རྨི་ལམ་བརྟག་པ་རིན་པོ་ཆེའི་ཤེལ་གྱི་སྒྲོན་མེ། ཆོས་སྐྱོང་བྲན་བཞིན་བཀོལ་བ་ཟབ་པའི་གནད་ལྔ་མ། འཁུ་ལྡོག་རྩེ་ལོག་སྤོང་བ་ཆོས་སྐྱོང་སྙིང་ཆུ་གཅིག་ཏུ་བསྲེ་བ། ཡང་


GLG001_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག་ལ་གདམས་པའི་བཟློག་ཐབས་བརྒྱད་ཀྱི་མན་ངག །སྒྲུབ་པ་སྤྱི་ལ་གཅེས་པའི་གཏོར་མའི་བཀྲ་བརྟག་པ་གུ་རུ་པདྨའི་ཡིག་ཆ་འཕགས་པ་དང་རྒ་ལོས་ཉམས་སུ་བླངས་པ། རྒྱ་གསུམ་འགྲོལ་པའི་གདམས་པ་སློབ་དཔོན་ཆེན་པོས་མཛད་པ་རྣམས། རྩ་བའི་གསུམ་པ་བླ་མ་གྱི་ལྗང་ལོ་ཙཱ་བ་ནས་བརྒྱུད་པའི་གྱི་ལྗང་པོ་ཏིའི་སྐོར་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཁོག་ཕུབ་ཡི་གེའི་དཀར་ཆག་ཟབ་དོན་གནད་ཀྱི་ལྡེ་མིག །དེ་ལས་བྱུང་བའི་ཆོས་སྐོར་ལ། སྔོན་དུ་འགྲོ་བ་ལོ་རྒྱུས་ཀྱི་ཡི་གེ །སྣོད་རུང་དུ་བྱ་བ་དབང་དང་རྗེས་གནང་གི་ཡི་གེ །རྩ་བར་གྱུར་བ་རྒྱུད་ཀྱི་ཡི་གེ །ཉམས་སུ་ལེན་པ་སྒྲུབ་ཐབས་ཀྱི་ཡི་གེ །དཀར་ཆག་ཏུ་མ་འཁོད་པའི་ཡི་གེ་དང་ལྔ། དང་པོ་ལ། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་རྡོ་རྗེ་ནག་པོ་ཆེན་པོའི་སྐྱེ་རྒྱུད་ནི་ཞེས་ཡོད་པའི་ཡིག་རྙིང་༼མཆོད་རྟེན༽གུར་མགོན་གྱི་སྐྱེ་རྒྱུད་རྫོགས་སོའི་མཐའ་ཅན། འགོར་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་དེ་ལ་སྔོན་གྱི་དུས་ན་རྒྱལ་བུ་གཅིག་དང་བློན་པོའི་བུ་གཅིག་གིས་ཞེས་ཡོད་པའི་༼རྡོ་རྗེ༽ལྷ་དངོས་ཀྱི་ལོ་རྒྱུས་དང་བྲམ་ཟེ་མཆོག་སྲེད་སོགས་བརྒྱུད་པའི་བླ་མ་རྣམས་སྟོན་པའི་ཡི་གེ་དགེ་སློང་དྷརྨཱ་གཟི་བརྗིད་ལ་གནང་བ་ལགས་སོའི་མཐའ་ཅན། རྫོང་ཆུང་པ་དམ་པས་མཛད་པའི་ལྕམ་དྲལ་གཉིས་ཀའི་ལོ་རྒྱུས་འདྲེན་པས་མཚོན་ཏེ་རྒྱུད་སྒྲུབ་ཐབས་བསྟོད་པ་ཐམས་ཅད་དུ་ལྷ་མོའི་རྣམ་གཞག་མཛད་ཀྱང་ལུགས་འདི་ལ་ལྷ་མོའི་སྒྲོས་མེད་པས་འཐད་པར་མ་མངོན་ཞིང་ཀུན་མཁྱེན་རྡོ་རྗེ་གདན་པ་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་གཉིས་ཀྱང་མི་བཞེད་དོ། །འདི་དྷརྨཱ་གཟི་བརྗིད་ཀྱིས་མཛད་ཅེས་དཀར་ཆག་ན་འདུག་གོ །


GLG001_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྣོད་དུ་བྱ་བ་དབང་དང་རྗེས་གནང་གི་ཡི་གེ་ལ། དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་བྲམ་༼རྡོ་རྗེ༽༼མུ༽ཟེ་མཆོག་སྲེད་ཀྱིས་མཛད་པ་རྒྱ་གར་གྱི་མཁན་པོ་ལ་ལཱི་ཏ་བཛྲ་དང་བོད་ཀྱི་ལོ་ཙཱ་བ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། རྡོ་རྗེ་གདན་པ་གཅིག་ལྷ་ལྔ་དང་གཅིག་བཅུ་བདུན་པའི་དབང་ཆོག་ཡིན་པར་བཞེད་པ་གསན་ཡིག་དང་ཕྱག་དཔེ་གཉིས་ཀར་འདུག་པ་བརྗོད་དོན་ལྷག་པོ་མི་འདུག་པས་དཔྱད་དགོས་པར་སྣང་ངོ་། །འདི་དང་ཚིག་སྣ་རིང་ཐུང་ཅུང་ཟད་ཡོད་པའི་མཆན་བུ་དང་བཅས་པ་ནག་པོ་རོ་འཛིན་དང་གྱི་ལྗང་གིས་བསྒྱུར་བ་དང་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པའི་དབང་ཆོག་གཉིས་དཔེ་མ་འབྱོར་བས་མ་ཐོབ། ལ་ལཱི་ཏ་བཛྲ་འདི་ཕལ་ཆེར་དུར་ཁྲོད་རྣམས་སུ་བཞུགས་པས་མཚན་དུར་ཁྲོད་ནག་པོ་རོ་འཛིན་དུ་གྲགས་ཞེས་ཁོག་ཕུབ་དང་རྡོ་རྗེ་གདན་པའི་གསན་ཡིག་ཏུ་སྣང་ནའང་འདིར་དབང་ཆོག་འདྲ་མིན་གཉིས་བྱུང་བའི་སྔོན་མར་ལ་ལཱི་ཏ་དང་ཕྱི་མ་ལ་ནག་པོ་རོ་འཛིན་ཞེས་སོ་སོར་བྱུང་བ་དང་འབྱུང་ཁུངས་བསྡུས་དོན་ན་མི་གཅིག་པར་བཤད་ཅིང་འཇམ་དབྱངས་མཁྱེན་རྩེའི་གསན་ཡིག་ནའང་སོ་སོར་སྣང་བ་བརྟག་དགོས་འདུག་གོ །འགོར་དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་འདི་ལ་སྤྱི་དོན་གསུམ་སྟེ་ཞེས་ཡོད་པའི་དབང་ཆོག་རྒྱ་གཞུང་གི་ས་༼རྡོ་རྗེ༽བཅད་དཀྱིལ་འཁོར་གཤེགས་སུ་གསོལ་བའོ་རྫོགས་སོའི་མཐའ་ཅན་དྷརྨ་གཟི་བརྗིད་ཀྱི་མཛད་པ། འདིའི་རྗེས་སུ་དེས་མཛད་པའི་དབང་གི་ལག་ལེན་དང་གཅེར་བུ་ཟངས་གྲི་ཅན་གྱི་རྗེས་གནང་ཟུར་འདེབས་ཡོད་འདུག་པ་མ་ཐོབ། འགོར་ཡེ་ཤེས་མགོན་པོའི་དབང་བསྐུར་བའི་རྗེས་ལ་ཞེས་ཡོད་


GLG001_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྲན་བདུད་རྗེས་གནང་གི་ཟུར་༼མུ༽འདེབས་གྱི་ཡི་གེ་ལས་མགོན་གྱི་རྗེས་གནང་རྫོགས་སོའི་མཐའ་ཅན་རྣམས། ཡིག་ཆ་དང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་རྗེས་གནང་གི་ཡི་གེ་རྙིང་པ་ཞེས་སྣང་ངོ་། །གསུམ་པ་རྩ་བར་གྱུར་པ་རྒྱུད་ཀྱི་ཡི་གེ་ལ། འགོར་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་ཡོད་པའི་གཙོ་རྐྱང་སྟོན་༼མཆོད་རྟེན༽པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་ལས་ཕྱུང་བ། འདི་མེ་འབར་མར་ཡང་བཞུགས། ལྷ་བཅུ་བདུན་དངོས་སྟོན་པ་དུར་ཁྲོད་ནག་པོའི་རྒྱུད་བརྟག་པ་བཅུ་གཉིས་༼རྡོ་རྗེ༽༼མུ༽པ་བླ་མ་ནག་པོ་རོ་འཛིན་དང་། གྱི་ལྗང་དབུ་དཀར་གྱིས་ཞུས་ཏེ་གཏན་ལ་ཕབས་པ། འདིའི་སྔགས་བཏུའི་ལེའུའི་འགྱུར་ཁྱད་ཚིགས་བཅད་མ་ལོ་པཎ་གཉིས་ཀྱི་གཡར་དམ་བརྒྱུད་པ་ཞེས་དཀར་ཆག་ཏུ་གསུངས་པ་ལེའུ་བཅུ་གཅིག་པ་འདི་ཁ་ལས་ལོགས་སུ་མ་རྙེད་ཅིང་རྗེ་མཁྱེན་བརྩེའི་གསན་ཡིག་ནའང་མི་སྣང་ངོ་། །ནག་པོ་ཆེན་པོ་འདིའི་རྒྱུད་ལ་དུར་ཁྲོད་ཆེན་པོ་སྐུའི་རྒྱུད། དུར་ཁྲོད་ནག་པོ་གསུང་གི་རྒྱུད། གྲི་གུག་བརྩེགས་པ་ཐུགས་ཀྱི་རྒྱུད་ཅེས་གསུམ་ཡོད་པ་ལས་གླེགས་བམ་དུ་ཡང་དུར་ཁྲོད་ནག་པོའི་རྒྱུད་ལས་མི་བཞུགས་ཤིང་ཉམས་ལེན་མན་ངག་རྣམས་ཀྱང་འདི་ཁོ་ན་ལ་བརྟེན་པའོ། །རྫོང་ཆུང་པའི་དཀར་ཆག་ན་ལྷ་མོ་སྲོག་གི་འཁོར་ལོའི་རྒྱུད་དྲངས་ཤིང་གཏེར་མ་ཡིན་པས་གྱི་ལྗང་དུ་འཐད་མི་འཐད་ཐེ་ཚོམ་མཛད་འདུག་ཀྱང་རང་ལུགས་ལ་དོགས་པ་ཙམ་ཡང་མ་དགོས་སོ། །རྒྱུད་གྱི་དོན་འགྲེལ་བཞི་སྡོམ་བཅུ་༼མུ༽པ་སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། དཀར་ཆག་དང་རྗེ་མཁྱེན་བརྩེའི་གསང་ཡིག་ན་འདི་ལྟར་སྣང་ཡང་


GLG001_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཆ་ན་ལ་ལཱི་ཏས་མཛད་ཟེར་བ་འགྱུར་བྱང་དང་ནོར་རམ་བརྟག །དུར་ཁྲོད་ནག་པོའི་འབྱུང་ཁུངས་སྟོང་ཐུན་༼མུ༽གྱི་ཁོག་དོན་བསྡུས་པ་རྫོགས་བྱང་གི་མཐའ་ཅན། རྫོང་ཆུང་པའི་དཀར་ཆག་ན་ཕྱིས་ཀྱི་བླ་མ་དག་གིས་མཛད་ཅེས་སྣང་ངོ་། །རྒྱུད་དུར་ཁྲོད་ནག་པོའི་བསྡུས་༼རྡོ་རྗེ༽དོན་ས་བཅད་དགེ་སློང་དྷརྨ་གཟི་བརྗིད་ཀྱི་སྦྱར་བ། དེས་མཛད་པའི་དུར་ཁྲོད་ནག་པོའི་རྒྱུད་ཀྱི་རྣམ་༼རྡོ་རྗེ༽པར་བཤད་པ་རྡོ་རྗེ་ཚིག་དོན་གསལ་བྱེད་རྣམས། གོང་དཀར་བའི་གསན་ཡིག་ན་རྒྱུད་རྟོག་པ་བཅུ་གཉིས་པའི་འགྲེལ་པ་ཞེས་སྣང་། བཞི་པ་ཉམས་སུ་ལེན་པ་སྒྲུབ་ཐབས་ཀྱི་ཡི་གེ་ལ། མགོན་པོའི་སྒྲུབ་ཐབས། ལས་མགོན་གྱི་སྒྲུབ་ཐབས། ལས་སྦྱོར་ཐོར་བུའི་ཡི་གེ་དང་གསུམ། དང་པོ་ལ་གང་ཟག་དབང་པོ་རབ་སྤྲོས་པ་ལ་མི་དགའ་བའི་དོན་དུ་རྡོ་རྗེ་གུར་དང་དུར་ཁྲོད་ནག་པོའི་རྒྱུད་ཀྱི་དགོངས་པ་ཐུན་མོང་བ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་འགོར་སྐད་ཤན་སྦྱར་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་སྙིང་རྗེ་ལྡན། ཚུལ་ཁྲིམས་ལ་སོགས་བསྡུ་དངོས་བཞི། ཞེས་ཡོད་པའི་སྒྲུབ་༼མཆོད་རྟེན༽༼རྡོ་རྗེ༽༼མུ༽ཐབས་བསྡུས་པ་དཔའ་བོ་འདི་མེ་འབར་མར་ཡང་ཡོད། གཅིག་པའི་སྒྲུབ་ཐབས་པཎྜི་ཏ་ནག་པོ་རོ་འཛིན་ཡིག་ཆ་ན་པཎྜི་ཏ་ཨ་ཐུ་ལ་བཛྲ་ཞེས་སྣང་བ་བརྟག །དང་ལོ་ཙཱ་བ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། འགོར་དཔལ་ནག་པོ་དཔའ་བོ་གཅིག་པས་སྲས་ཀྱི་ཚུལ་དུ་ཞེས་ཡོད་༼རྡོ་རྗེ༽པའི་གོང་གི་བསྡུས་དོན་བསམ་གྱིས་མི་ཁྱབ་པ་ཡོད་པ་བསྟན་པ་འོའི་མཐའ་ཅན། སྒྲུབ་ཐབས་འབྲིང་པོ་འགོར་སྐད་ཤན་སྦྱར་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་མི་བསད་མཚོན་ནམ་སེང་ལྡེང་ལ། ཁོག་ཕུབ་ན་ཕུར་བུའི་སྒྲུབ་སྐོར་རྣམས་ལ་གཞན་ཡང་


GLG001_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྒྲུབ་ཐབས་ཆེ་འབྲིང་ཆུང་གསུམ་དུ་མི་གཏོགས་པའི་ཟུར་པར་མཛད་ནའང་དཀར་ཆག་ཏུ་སྒྲུབ་ཐབས་འབྲིང་པོ་ངོས་བཟུང་བས་དེ་དོན་བཞིན་བཀོད་པ་ཡིན་ཞིང་མེ་འབར་པོ་ཏིར་ཡང་ཡོད་རྡོ་རྗེ་གདན་པའི་ཕྱག་དཔེར་དཔའ་བོ་གཅིག་པའི་སྒྲུབ་ཐབས་གྱི་སྟོད་འདྲ་བ་ལ་སྨད་མི་འདྲ་བ་ཞིག་འདིའི་ཚབ་ཏུ་འདུག །ནག་པོ་ཁྲོས་པའི་སྐུ་བྱས་ལ་ཞེས་ཡོད་པའི་དཔལ་༼མཆོད་རྟེན༽མགོན་པོ་ནག་པོ་ཕུར་བུའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལ་ལཱི་ཏ་བཛྲ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་པ། འགོར་སྐད་ཤན་སྦྱར་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསྟན་པ་གནས་པར་བྱ་བའི་ཕྱིར། །ནག་པོ་ཆེན་པོའི་ཕུར་བུ་སྒྲུབ། ཅེས་ཡོད་པའི་ནག །༼མཆོད་རྟེན༽༼རྡོ་རྗེ༽༼མུ༽པོ་ཆེན་པོའི་སྲོག་ཕུར་གྱི་ཡི་གེའམ་ཕུར་བུ་གདབ་པ་སྲོག་ཕུར་དང་བཅས་པའི་སྒྲུབ་ཐབས་སུ་གྲགས་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། མེ་འབར་མར་འདི་དང་ཕལ་ཆེར་ཞུས་དག་ཕེར་བ་ལ། འགོར་སྐད་ཤན་སྦྱར་མེད་པ་སོགས་པ་མི་མཐུན་པ་ཁ་ཤས་ཡོད་ཅིང་། དེ་ཡང་དཀར་ཆག་ཏུ་ཕུར་བུ་བསྒྲུབ་པའི་ཁོངས་སུ་སྦུབས་འདྲེན་ལས་ལོགས་སུ་མི་སྣང་། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ཕྱག་དཔེར་འོག་ནས་ཡིག་འཕྲེང་གཉིས་ཙམ་མི་གཅིག་པའི་དེ་ཕྱིན་མེ་འབར་མའི་དེ་དང་ཞུས་དག་ཕེར་བ་ཞིན་འདུག །འགོར་བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་ནག་པོ་ཆེན་པོའི་ཕུར་བུའི་སྒྲུབ་ཐབས་ཀྱི་རིམ་པ་གཟའ་སྐར་དྲག་པོ་ལ་ཞེས་ཡོད་༼མཆོད་རྟེན༽༼མུ༽པའི་མགོན་པོ་ཕུར་བུའི་སྒྲུབ་ཐབས་ཀྱི་གསལ་བྱེད་མེ་འབར་མར་ཡང་བཞུགས། ས་ཆེན་གྱིས་མཛད་པ་བླ་མའི་གསུང་བཞིན་བྲིས་པ་ས་མ་པ་ཐ་མིའི་མཐའ་ཅན། འགོར་སྐད་ཤན་སྦྱར་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། སློབ་དཔོན་སྐུ་ལ་སྡོ་


GLG001_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང་། དཀོན་ཅོག་གསུམ་ལ་གནོད་བྱེད་དང་། ཞེས་ཡོད་༼མཆོད་རྟེན༽༼མུ༽འི་ནག་པོ་ཆེན་པོ་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། འདི་གཉིས་མེ་འབར་མར་ཡོད་ཀྱང་སྒྲུབ་ཐབས་དངོས་གཞི་རྒྱ་གཞུང་གི་སྡེབས་སུ་སྐུ་སྨད་ཕུར་བུའི་གསལ་ཁ་ཡང་མི་འདུག་པས་དེ་དང་མིང་གཅིག་པའི་སྒྲུབ་ཐབས་ཟུར་པ་ཞིག་ཡོད་མེད་དཔྱད། འགོར་བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་དཔལ་ནག་པོ་ཆེན་པོ་སྲོག་གི་སྤུ་གྲི་སྒྲུབ་པར་འདོད་པས་ཞེས་ཡོད་པའི་གོང་གི་གསལ་༼མཆོད་རྟེན༽༼མུ༽བྱེད་བརྩེ་བ་ཆེན་པོས་མཛད་པའི་ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས་ས་མ་ཡ་པ་ཐ་མི་ཐིའི་མཐའ་ཅན། འདི་ལ་རྫོང་ཆུང་བ་དགེ་སློང་ཤྲཱྀབྷ་དྲས་མཛད་པ་ལ་ས་ཆེན་གྱིས་མཛད་བྱང་སྦྱར་གསུང་ཡང་ཤྲཱྀ་བྷ་དྲ་ཞེས་པའི་གང་ཟག་སུ་ཡིན་འཆད་རྒྱུ་རང་གཞན་གཉིས་ཀར་ངོས་འཛིན་རྒྱུ་མ་བྱུང་ཞེས་རྡོ་རྗེ་འཆང་ཚར་པ་གསུང་ངོ་། །འགོར་སྐད་ཤན་སྦྱར་དང་དཔལ་ཧེ་རུ་ཀ་ཕྱག་འཚལ་ལོ་ནམ་མཁའ་ལྟ་བུས་འཇིགས་བྱེད་འཕྲོས་ཞེས་ཡོད་པའི་སྒྲུབ་ཐབས་རྒྱས་པ་ལ་གང་ཟག་དབང་པོ་འབྲིང་གི་ཁོག་ཕུབ་དང་བརྗོད་བྱ་ལ་དཔགས་ན་འདི་འབྲིང་དུ་འདྲེན་རིགས་ནའང་དཀར་ཆག་བཞིན་བཀོད་པའོ། །དབང་དུ་བྱས་ནས་ལས་ཀྱི་གཤིན་རྗེ་ཕོ་མོ་བཅུ་དྲུག་ལུས་ལ་བཀོད་དེ་བསྒོམས་པའི་སྒྲུབ་ཐབས་༼མུ༽གསང་བ་ཞེས་བྱ་བ་གསང་སྒྲུབ་བམ་འཕྲིན་ལས་གསང་བའི་སྒྲུབ་ཐབས་སུ་གྲགས་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ཨཱ་ཙཪྻ་རཱ་ཧུ་ལ་དམར་པོའི་གདམས་ངག་བླ་མ་གྱི་ལྗང་གིས་བསྒྱུར་བ། འགོར་སྐད་ཤན་སྦྱར་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་བླ་མ་ལ་གུས་སྡོམ་པ་བསྲུང་ཞེས་ཡོད་པའི་དབང་པོ་ཐ་མ་སྤྲོས་པ་ལ་དགའ་བའི་ཆེད་དུ་


GLG001_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཅུ་བདུན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམས་པ་དུར་ཁྲོད་ནག་པོ་དངོས་བསྟན་གྱི་སྒྲུབ་༼རྡོ་རྗེ༽༼མུ༽ཐབས་རྒྱས་པ་འདི་ལ་བསྙེན་པའི་ཚུལ་དུ་སྒྲུབ་པ། བོད་པའི་མན་ངག་སྒྲུབ་པའི་ཚུལ་དུ་ཉམས་སུ་བླང་བ། རྦད་པའི་མན་ངག་ལས་སྦྱོར་གྱི་ཚུལ་དུ་ཉམས་སུ་བླང་བ་ཡོད་ཅེས་དཀར་ཆག་ཏུ་གསུངས་པ་ལྟར་དོན་ལ་ཚང་ཞིང་གསལ་བ་འོག་གི་བླ་མའི་ཞལ་སྔ་ནས་ཀྱིས་གདམས་པར་འདུག་གོ །ནང་སྒྲུབ་ཏུ་གྲགས་པ་ནག་པོ་ཆེན་པོའི་ཁྱད་པར་གྱི་ཆོ་ག་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལ་ལཱི་ཏ་བཛྲ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། འགོར་སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་དཔལ་མགོན་པོ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་དྲག་བྱེད་ཀྱི་ཚུལ་དུ་ཞེས་ཡོད་༼རྡོ་རྗེ༽པའི་གོང་གི་བསྡུས་དོན་དྷརྨཱ་གཟི་བརྗིད་ཀྱིས་མཛད་པ་ལས་གཞན་བྱ་བར་བསྟན་པའོའི་མཐའ་ཅན། དེས་མཛད་པའི་འགོར་ཨོཾ་སྭཱ་སྟི་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དབང་བསྒྱུར་དམ་ཚིག་སྡོམ་ལ་གནས། ཞེས་ཡོད་པའི་དཔལ་༼རྡོ་རྗེ༽༼མུ༽ནག་པོ་ཆེན་པོའི་སྒྲུབ་ཐབས་བླ་མའི་ཞལ་སྔ་ནས་ཀྱི་གདམས་པ་ལག་ཏུ་བླང་བའི་རིམ་པ། འགོར་བླ་མ་དང་ནི་ཡི་དམ་ལྷ། །ཆོས་སྐྱོང་མགོན་ལ་གུས་བཏུད་དེ། །ཞེས་ཡོད་པའི་དཔལ་ནག་པོ་ཆེན་པོ་ལྷ་བཅུ་བདུན་མའི་བསྙེན་སྒྲུབ་ལས་༼མུ༽གསུམ་གྱི་ཡི་གེ་མི་བསླུ་བའི་གསང་ཚིག་དཔལ་ཆེན་སྐྱེ་མེད་ཇོ་གདན་དང་ལྕེ་རིན་པོ་ཆེ་མཉམ་མེད་མཁྱེན་ཆེན་གྱི་ཞལ་གྱི་བདུད་རྩི་གྲུ་སྟོན་གྱིས་མཛད་པ། འགོར་བླ་མ་ཁྲག་འཐུང་ཕུག་མོར་བཅས། མཆོད་འོས་ཀུན་ལ་བཏུད་བྱས་ཏེ་ཞེས་ཡོད་པའི་མགོན་པོ་ལྷ་བཅུ་བདུན་མའི་བོད་རྦད་གསད་གསུམ་གྱི་མངོན་རྟོགས་རྒྱས་༼མུ༽པ་


GLG001_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྲུབ་ཐབས་ལག་ཏུ་བླང་བའི་རིམ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་གྱི་ལྗང་ལོ་ཙཱ་བ་ཆེན་པོའི་གསུང་ལས་ཇི་ལྟར་བྱུང་བ་བཞིན་མདོ་སྨད་ཀྱི་སློབ་མའི་གཙོ་བོ་ཚར་དགུ་སྟོན་པ་དང་གྲུ་གུ་སྟོན་པ་གཉིས་ཀྱིས་དཀའ་བགྲོས་ནས་ཡི་གེར་བཀོད་པ་མངོན་པར་རྟོགས་པ་ཉེ་བར་མཁོ་བ་རྫོགས་སོའི་མཐའ་ཅན། ལུགས་སྲོལ་འདིའི་ཉམས་ལེན་ལ་སྒྲུབ་ཐབས་འདི་ཀ་མེད་སྙིང་ལྟར་གཅེས་པའི་གདམས་པ་ཡིན་པས་ཆོལ་པར་མི་སྟོན་པའི་བཀའ་རྒྱ་དམ་པོ་དཀར་ཆག་ཏུ་གསལ་བར་འདུག་གོ །ལུགས་སྲོལ་འདི་ཉིད་ཀྱི་སྙིང་པོར་གྱུར་པ་ནག་པོ་ཆེན་པོ་གཤིན་རྗེ་ལྟར་བསྒྲུབ་པའི་སྒྲུབ་ཐབས་དགོས་འདོད་འབྱུང་༼མཆོད་རྟེན༽༼འཁོར་ལོ༽བའི་གཏེར་ཞེས་བྱ་བ་མཐུ་སྟོབས་ཀྱི་དབང་ཕྱུག་སྒ་ཨཱ་ནན་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། དེ་དག་ལ་ཉེ་བར་མཁོ་བའི་ཆ་ལག་འགོར་བླ་མ་རྣམས་ལ་ན་མོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་བསྟན་པ་བསྲུང་ཞིང་མངའ་མཛད་པ་ཞེས་ཡོད་པའི་ནག་པོ་ཆེན་པོ་ལྷ་བཅུ་བདུན་མའི་མངོན་པར་རྟོགས་པ་རྟགས་བྱུང་ནས་རྟགས་གཏོར་ཀྱང་བཏང་ངོའི་མཐའ་ཅན། མགོན་པོའི་ཕྲིན་ལས་བཀའ་གསང་རྨད་༼མུ༽བྱུང་མ་ཐམས་ཅད་བྱང་ཆུབ་ཏུ་བསྔོའོའི་མཐའ་ཅན། འགོར་འཐུང་ཞིག་འཐུང་ཞིག་རྡོ་རྗེའི་ཆུ། ཞེས་ཡོད་པའི་ནག་༼མུ༽པོ་ཆེན་པོའི་མཆོད་འཕྲེང་ལས་ཀྱི་འབྲས་བུ་མཆིས་པར་མཛོད་ཀྱི་མཐའ་ཅན། འགོར་སྐད་ཤན་སྦྱར་ཡོད་པའི་ནག་པོ་ཆེན་པོའི་གཏོར་མའི་ཆོ་ག་༼རྡོ་རྗེ༽སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་དཔལ་སྒེག་པའི་རྡོ་རྗེ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། འགོར་གཏོར་མའི་ཆོ་ག་འདི་ལ་གསུམ་སྟེ་ཞེས་ཡོད་


GLG001_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོང་གི་བསྡུས་༼རྡོ་རྗེ༽དོན་དྷརྨ་གཟི་བརྗིད་ཀྱིས་མཛད་པ། འགོར་སྐད་ཤན་སྦྱར་ཡོད་པའི་དཔལ་ལྡན་ནག་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་བྲམ་ཟེ་༼མུ༽མཆོག་སྲེད་ཀྱིས་མཛད་པ་ཞར་བྱུང་མེ་ལྷའི་བསྟོད་པ་གསང་གསུམ་མ་དང་བཅས་པ། འགོར་སྦྱིན་སྲེག་གི་ཆོ་ག་འདི་ལ་གསུམ་སྟེ་ཞེས་ཡོད་པའི་གོང་གི་བསྡུས༼རྡོ་རྗེ༽དོན་དྷརྨ་གཟི་བརྗིད་གྱིས་མཛད་པ། དེས་མཛད་པའི་དཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ལག་ཏུ་བླང་བའི་རིམ་པ་རྫོགས་བྱང་གི་མཐའ་ཅན། དཔལ་ནག་པོ་ཆེན་པོའི་བསྟོད་པའི་འཕྲེང་བ་༼མཆོད་རྟེན༽༼རྡོ་རྗེ༽༼མུ༽བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལ་ལཱི་ཏ་དང་། ལོ་ཙཱ་བ་གྱི་ལྗང་གིས་བསྒྱུར་བ། ཁ་སྐོང་བསྟོད་འབུམ་དང་ཞབས་བཏགས་མར་ཡང་ཡོད་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཞལ་གཟིགས་མའི་བསྟོད་པ་རྣམས་གསུང་འདུག་པ་པཎྜི་ཏ་སྙིང་འཕྲེང་ཅན་དང་གྱི་ལྗང་གིས་བསྒྱུར་བའི་མགོན་པོའི་བསྟོད་པ་རྣམས་ལ་དགོངས་འདྲ་བ་བརྒྱུད་པ་སོ་སོར་བགྲངས་ཕྱིན་སྒྱུར་བྱེད་ཀྱི་སྟབས་ནས་བགྲངས་ཀྱང་མི་འགལ་ལོ། །ཡང་ལོ་པཎ་དེ་གཉིས་ཀྱིས་བསྒྱུར་བའི་དཔལ་ནག་པོ་ཆེན་པོ་ལ་བསྟོད་ཅིང་འཕྲིན་ལས་བཅོལ་བ། ༼མཆོད་རྟེན༽༼རྡོ་རྗེ༽སྔོན་ཚེ་བདེ་གཤེགས་མ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། མེ་འབར་པོ་ཏི་དང་ཚར་ལུགས་བསྟོད་འབུམ་ནའང་ཡོད། འདིའི་རྗེས་སུ་ནག་པོ་ཆེན་པོའི་བསྙེན་སྒྲུབ་རྦད་གསང་གྱི་ཡི་གེ་སྙིང་པོ་ཞེས་པ་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ནའང་མི་འདུག་ཅིང་རྒྱུན་ཆད་མ་ཆད་ཇི་ལྟར་ཡང་མ་ཐོབ། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་རབ་གནས་ཀྱི་ཆོ་གའམ་བཀྲ་ཤིས་གྱི་ཆོ་གར་གྲགས་པ་སྣ་ཚོགས་རྡོ་རྗེ་མ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ་རྣམས། གཉིས་པ་ལས་མགོན་གྱི་སྒྲུབ་ཐབས་ལ། འགོར་རྒྱ་སྐད་


GLG001_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་མགོན་པོ་གཅེར་བུའི་ངན་སྔགས་སམ་དུར་ཁྲོད་ཀྱི་མགོན་པོ་གཅེར་བུའི་སྒྲུབ་ཐབས་༼རྡོ་རྗེ༽༼མུ༽བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་གྱི་ལྗང་དབུ་དཀར་གྱི་བསྒྱུར་བ། འདི་ལ་ནང་གསེས་སྒྲུབ་པ་ལས་སྦྱོར་སེར་འབེབས་དང་བཅས་པ་ཡོད་ཅིང་རང་འདྲའི་འཁོར་བཞིས་བསྐོར་བའི་ལྷ་ལྔ་དང་ཀྵེ་ཏྲ་པཱ་ལ་དང་པི་ཏཱ་པཱ་ལ་གཉིས་བསྣན་པའི་གཙོ་འཁོར་བདུན་དུ་འགྱུར་པས་འཇམ་དབྱངས་མཁྱེན་རྩེའི་གསན་ཡིག་ན་ལྷ་བདུན་ཞེས་ཡོད། ཁ་ཅིག་གུར་མགོན་དཔའ་གཅིག་དང་རྫོང་ཆུང་པ་གུར་མགོན་ཉིད་དུ་བཞེད་པ་ནི་སྒྲུབ་ཡིག་རྙིང་པར་མདུན་དུ་མགོན་པོའི་བཀའ་ཉན་གྱི་ཚུལ་དུ་བསྐྱེད་པར་བཤད་པ་དང་སྒྲུབ་ལུགས་དང་སྔགས་སོགས་གང་ལའང་ཐེ་ཚོམ་མ་ཞུགས་པའི་སྐྱོན་ཡིན་ཞིང་། གནོད་སྦྱིན་ཀླུ་བདག་ནག་པོ་ཞེས་བྱ་བ་ལས་མཁན་ཤིན་ཏུ་གཉན་པ་ཞིག་ཡིན་ཚུལ་བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་གསུང་བ་སོགས་དཀར་ཆག་ཏུ་གསལ་བར་ཡོད་པ་ཞིབ་མོར་དཔྱོད་པ་གནད་དུ་ཆེ་བའོ། །འགོར་བླ་མ་དམ་པ་རྣམས་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་དུར་ཁྲོད་ན་གནས་པའི་མགོན་པོ་གཅེར་བུ་ཟངས་གྲི་ཅན་ཞེས་ཡོད་པའི་༼མཆོད་རྟེན༽སྒྲུབ་ཐབས་གོང་མའི་ཡི་གེ་ལྷག་ཆད་དང་བྲལ་བར་བྲིས་པ་རྫོགས་སོའི་མཐའ་ཅན། མེ་འབར་མར་ཡང་བཞུགས། འགོར་སྐད་ཤན་སྦྱར་དང་དཔལ་མགོན་པོ་ཆེན་པོ་ལ་། ཕྱག་འཚལ་ལོ་གཙོ་བོའི་ང་རྒྱལ་སྔོན་སོང་བས་ཞེས་ཡོད་པའི་བྲན་བདུད་༼མུ༽༼རྡོ་རྗེ༽གཤིན་རྗེ་ནག་པོའི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་གཞན་ལ་མི་སྤེལ་བར་བཀའ་རྒྱས་བཏབ་པ་གྱི་ལྗང་གིས་བསྒྱུར་བ། འགོར་འདིའི་
ལུང་སྦྱིན་པའི་ཚུལ་འདྲི་སྟེ་ཞེས་ཡོད་པའི་རྗེ་ས་ཆེན་གྱིས་དོ་པ་སྟོན་ཚུལ་གནང་བའི་༼མཆོད་རྟེན༽༼རྡོ་རྗེ༽༼ནོར་བུ༽བྲན་བདུད་གྱི་ལུང་སྦྱིན་པ་ཞེས་བྱ་བའི་རྗེས་གནང་གི་ཡི་གེ་ངག་འཛིན་ཡི་གེ་ཟིན་བྲིས་བྱས་པ་པོའི་མཐའ་ཅན། མེ་འབར་དུ་ཡང་བཞུགས། །འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་དཔལ་ནག་པོའི་ཆེན་པོའི་དྲག་སྒྲུབ་སྤྱིའི་ལས་ལ་ཞེས་ཡོད་པའི་༼མཆོད་རྟེན༽༼རྡོ་རྗེ༽༼ནོར་བུ༽བྲན་བདུད་ཀྱི་སྒྲུབ་ཐབས་དཔལ་བརྩེ་བ་ཆེན་པོ་ཆོས་ཀྱི་རྗེའི་ཞལ་སྔ་ནས་ཀྱི་རྗེས་སུ་བཟུང་སྟེ་རྒྱལ་ཁམས་པ་དོ་པ་སྟོན་ཚུལ་ལ་གཙིགས་སུ་མཛད་དེ་གནང་བ། འགོར་བླ་མ་དང་དཔལ་མ་ཧཱ་ཀཱ་ལ་ལ་ཕྱག་འཚལ་ལོ་ནག་པོ་ལྕམ་དྲལ་མཆོད་དང་བསྟེན་ཞེས་ཡོད་པའི་རུ་མཚོན་བཅའ་༼མཆོད་རྟེན༽༼རྡོ་རྗེ༽ཐབས་ཀྱི་ཡིག་རྙིང་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་ཞུས་དག་མཛད་པ། མེ་འབར་མར་ཡང་ཡོད། ལ་ལ་དག་བྲན་བདུད་འདི་ལུགས་གཞན་ཞིག་དུ་ངོས་འཛིན་པ་དང་འཕགས་པ་རིན་པོ་ཆེས་གཟིགས་སྣང་གི་མགོན་པོ་རྟ་ནག་མར་འདོད་པ་སོགས་རྣམ་པར་མ་བརྟགས་པ་ཁོ་ན་སྟེ་འདིའི་སྒྲུབ་སྐོར་བླ་མ་མལ་ལ་བརྩེ་བ་ཆེན་པོས་གསེར་སྲང་གང་གིས་བླུས་པའི་གཙིགས་ཆེན་ཡིན་ཚུལ་སོགས་ཡིག་རྙིང་དུ་ཡོད་པས་ཀྱང་ཤེས་ནུས་སོ། །བྲན་བདུད་འདི་ཤིན་ཏུ་བཀའ་གཉན་པས་གསེར་གྱི་མཎྜལ་དང་བཅས་ཆིག་བརྒྱུད་དུ་གནང་བ་ཡང་ཕྱག་ལེན་མའོ། །


previousམཁས་གྲུབ་ཕལ་ཆེར་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་བའི་སྙིང་ཁྲག་གི་གཟུངས་ལྟ་བུ་སྙན་རྒྱུད་པོ་ཏིའི་སྐོར།next