Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

33 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
33  collapse section
 expand section
33  collapse section
 expand section
expand section
  
  
  
 
 
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
  
 
 
  
 
  
 
  
 
  
  
  
 
  
  
  
ལས་སྦྱོར་ཐོར་བུའི་སྐོར་ལས་སྒྲུབ་ཐབས་སྣ་ཚོགས་ཀྱི་བརྒྱུད་ལུགས།
 
  
 
  
  
 


33 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousལས་སྦྱོར་ཐོར་བུའི་སྐོར་ལས་སྒྲུབ་ཐབས་སྣ་ཚོགས་ཀྱི་བརྒྱུད་ལུགས།next

ལས་སྦྱོར་ཐོར་བུའི་སྐོར་ལས་སྒྲུབ་ཐབས་སྣ་ཚོགས་ཀྱི་བརྒྱུད་ལུགས།


GLG001_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལས་སྦྱོར་ཐོར་བུའི་ཡི་གེ་ལ། དཔལ་ནག་པོ་ཆེན་པོ་དང་ལས་བྱེད་རྡོ་རྗེ་མོང་སྤུ་ཅན་གྱི་སྒོ་ནས་སེར་བ་དབབ་པའི་ཡི་གེ་མགོན་པོའི་སེར་བ་རྫོགས་བྱང་གི་མཐའ་ཅན། འགོར་གཞན་ཡང་སེར་བ་དབབ་པ་དང་ཞེས་པ་ནི་


GLG001_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་ཟེར་བ་ཡོད་པའི་གོང་གི་གསལ་བྱེད་ཀྱི་ཡི་གེ་གཞན་རྣམས་གཞུང་ན་གསལ་ལོའི་མཐའ་ཅན། འགོར་གཞན་ཡང་མན་ངག་འདི་ལྟ་སྟེ་ཞེས་ཡོད་པའི་རྦོད་གཏོང་བཟློག་པའི་མན་ངག་མཐར་ནི་བྱང་ཤར་མཚམས་སུ་མནན་ཞེས་པའི་མཐའ་ཅན། ནག་པོ་ཆེན་པོའི་རྒྱུད་ལས་རྡོ་རྗེ་ཚིག་ཏུ་སྦས་ནས་གསུངས་པའི་མན་ངག་༼རྡོ་རྗེ༽༼མུ༽བརྒྱད་ཅེས་པ་དྲག་བྱེད་ཐམས་ཅད་གནོན་པར་བྱེད་པ། བགེགས་ཐམས་ཅད་རླག་པར་བྱེད་པ། ཆར་དབབ་པ། ཆར་གཅད་པ། ཡི་དྭགས་བསྐྲད་པ། ཕྱག་རྒྱ་མ་འགུགས་པ། རྒྱལ་པོ་ལ་སོགས་དབང་དུ་བྱ་བ། རིག་སྔགས་རྦོད་གཏོང་གཅོད་པ་རྣམས། ལྔ་པ་དཀར་ཆག་ཏུ་མ་འཁོད་པའི་ཡི་གེ་ལ། རྫོང་ཆུང་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་༼མུ༽དཀར་ཆག །འཇམ་དབྱངས་མཁྱེན་བརྩེས་དཔལ་བདེ་གསལ་གྱི་མགོན་ཁང་དུ་༼ཞ༽༼ཁྲ༽མཛད་པའི་བརྒྱུད་འདེབས་ཁྱབ་བདག་སྐུ་བཞི་མ། འགོར་བླ་མ་ལ་ན་མོ་ནག་པོ་ཆེན་པོའི་དབང་བསྐུར་བ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་ཞེས་ཡོད་པའི་མགོན་པོ་ལྷ་བཅུ་བདུན་༼མཆོད་རྟེན༽མའི་དབང་གི་ཐོ་ཡིག་རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་བླ་མའི་ཕྱག་བཞེས་བཞིན་བྲིས་སོའི་མཐའ་ཅན། དེས་མཛད་པའི་འགོར་དཔལ་རྡོ་རྗེ་འཆང་དབང་ཆེན་པོ་ལ་ཕྱག་འཚལ་ལོ་དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་ཞེས་ཡོད་པའི་གྱི་ལྗང་༼མཆོད་རྟེན༽ལུགས་ཀྱི་དབང་གི་ལག་ལེན་ཉི་ཤུ་དགུའི་དགོངས་མོ་བཀའ་གནང་བ་ཤིན་ཏུ་གལ་ཆེ་གསུང་པའི་མཐའ་ཅན་རྣམས་ལེགས་པར་ཐོབ། དེ་ཡང་ཕལ་ཆེར་གྱིས་


GLG001_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་འདི་ཉིད་རྩ་ཁུངས་མ་ཆོད་པས་བཟང་ངན་གྱི་རྟོག་དཔྱོད་མེད་ལ། ཕྱོགས་འདིར་སྦྱངས་པའི་མཁས་པ་དག་གིས་ས་ལུགས་དང་གྱི་ལྗང་ལུགས་ཞེས་སྲོལ་མི་གཅིག་པ་གཉིས་སུ་བཞེད་ནས། རྫོང་ལུགས་མགོན་པོད་གཉིས་ཀྱི་དཀར་ཆག་ཏུ། ཆོས་ཚན་ཕན་ཚུན་ཡེ་མ་འདྲེས་པར་མཛད་པ་ནི་དེང་སང་མན་ངག་གི་སྙིང་པོ་དང་ཕུར་བུ་དང་སྲོག་གི་སྤུ་གྲིའི་སྐོར་ལས་མགོན་གཉིས་ཙམ་མ་གཏོགས་དབང་ལུང་གི་བརྒྱུད་པར་ས་ཆེན་མི་བཞུགས་པས་འཁྲུལ་གཞི་བྱས་པ་འདྲ་སྟེ། མདོ་སྨད་གཞག་ར་ལྷ་རྩེར་གྲགས་པའི་ལྷ་གཉན་གནས་པའི་ཡུལ་ལྗོངས་སུ་འཁྲུངས་པའི་བླ་མ་གྱི་ལྗང་ལོ་ཙཱ་བ་བླ་ཆེན་འབྲོག་མིའི་གཞུང་རྫོགས་པའི་སློབ་མ་གཅིག་ཡིན། རྒྱ་གར་དུ་བྱོན་ནས་ལ་ལཱི་ཏ་བཛྲ། ཨཱ་ཙཪྻ་དམར་པོ་སོགས་པཎ་གྲུབ་མང་པོ་ལ་ཟབ་ཁྱད་ཀྱི་ཆོས་གསན་པའི་ནང་ནས་མགོན་པོའི་སྐོར་འདི་རྣམས་དབུས་གཙང་སའི་ཆ་སྟོད་དུ་མལ་ལོ་ཙཱ་བ་བློ་གྲོས་གྲགས་སོགས་ལ་གནང་བར་ཕྲིན་ལས་གསང་བ་དང་ལས་མགོན་ཟངས་གྲི་ཅན་གཉིས་སོགས་གཙོ་ཆེ་བ་ལ་སྟོད་ལུགས། མདོ་སྨད་དུ་བྱོན་ནས་ལྡང་འཆང་སྟོན་པ་ཐོགས་མེད་མཐུ་རྒྱས་ཀྱིས་བསྒྲལ་ཞིང་སློབ་མ་ཚར་དགུ་སྟོན་པ་དང་གྲུ་གུ་སྟོན་པ་སོགས་ལ་སྒྲུབ་ཐབས་ཆེ་ཆུང་ཕུར་བུའི་ལུགས་སོགས་གནང་བས་སྨད་ལུགས་སུ་གྲགས། གྱི་ལྗང་གི་སྐོར་མལ་ལ་གསན་ནས་ས་སྐྱ་བ་ཆེན་པོ་ཐུགས་གཙིགས་ཆེ་བས་གསང་བའི་ཚུལ་གྱི་ཉམས་ལེན་མཛད་ཚུལ་སོགས་ཚར་ཆེན་གྱི་དཀར་ཆག་ཆེན་མོར་ཤིན་ཏུ་གསལ། ས་སྐྱ་ཚང་ལ་མེད་པའི་སྙན་བརྒྱུད་གསེར་ཆོས་ཀྱི་


GLG001_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་ཡས་སྲས་ལ་འདིའི་བཀའ་བབས་ཤིང་དབང་རྗེས་གནང་ཡང་ཉི་ཤུ་དགུའི་མཚན་མ་གཏོགས་མི་མཛད་པས་དམ་དོག་ཆེ། སྙན་བརྒྱུད་རོལ་མཚོར། སྲོལ་འཛིན་ཕྱི་མ་འགས་འདི་པའི་མན་ངག་དང་། ས་ལུགས་བསྲེས་པ་ནི་དག་དུག་བསྲེས་པའི་གོས་དང་མཚུངས་གསུངས་པ་བྲག་སྟེང་པ་ནས་མལ་ལ་བརྒྱུད་པའི་སྐོར་ལ་སྒོས་མིང་སྤྱི་ལ་བཏགས་སམ་ཡང་ན་གསུང་རྒྱུན་དངོས་གཞི་དང་མི་མཐུན་པའི་ཡིག་སྐྱོན་ཤོར་བ་ཡིན། གང་ལྟར་ཕན་ཚུན་མེ་བསྲེ་གསུང་པའི་དགོངས་གཞི་གྱི་ལྗང་ལུགས་འདི་གཞན་ལ་ལྟོས་མི་དགོས་པར་དབང་བརྒྱུད་མན་ངག་ཐམས་ཅད་རྐང་ཚུགས་པས་ལྷ་དང་མན་ངག་མགོན་པོད་དངོས་གཞི་དང་མི་མཐུན་པ་མཐའ་དག་བསྲེ་བསླད་མི་བྱེད་པའི་དོན་ཡིན་གྱི་འདི་ས་ལུགས་སུ་མི་གཏོགས་པའི་མི་བཞེད་ལ། རྣ་ཐོས་ཙམ་ལས་མན་ངག་གི་གནད་མ་རྟོགས་པ་ལ་ལ་དག་གྱི་ལྗང་སྐོར་རྒྱ་གར་དུ་མེད་པའི་བོད་མར་འདོད་པ་སོགས་ཀྱི་ངན་སྨྲས་བྱེད་པ་ནི། མགོན་པོ་གཤིན་རྗེ་ལྟར་སྒྲུབ་པ་ལྷ་བཅུ་བདུན་མ་འདི་ཇོ་བོ་ཆེན་པོ་དཱི་པཾ་ཀ་ར། པཎྚི་ཏ་འཇམ་དཔལ་དབྱངས། པཎ་ཆེན་བྱམས་པ་གླིང་པ་སོགས་མང་པོ་ལ་ཡང་ཡོད་པས་རང་ཉིད་ཀྱིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་ཕལ་ཆེར་ལ་ངན་སྨྲས་བྱེད་པའི་མུས་པ་དཀོན་གྲགས་པ་ལྟ་བུ་རྣམས་བག་ཡོད་པའི་གནས་ལ་འགོད་པར་འགྱུར་རོ། །བདུན་པ་འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་པའི་སོལ་བ་ཅན་གྱི་སྐོར་ལ། དེ་ཡང་དཔལ་ལྡན་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་ལ་རྗེ་ཁོལ་གཉིས་སུ་གྲགས་པའི་དུད་པའི་སོལ་བ་ཅན་འདི་རྗེ་མོ་རེ་


GLG001_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏཱི་ཡིན་ཞིང་གུར་མགོན་ཀྱི་སྐབས་མགོན་པོ་ལྕམ་དྲལ་གཉིས་སུ་གྲགས་ནའང་ས་སྐྱ་པའི་ལུགས་ལ་རྗེས་གནང་ཟུར་པ་མེད་ཅིང་སྒྲུབ་ཐབས་ལ་ཚོགས་བདག །བཀའ་སྡོད། ཕྱི་པ། ནང་པ་ལྟར་སྒྲུབ་ཚུལ་ཡོད་ཀྱང་མན་ངག་ཡོངས་སུ་རྫོགས་པ་མེད་པར་བརྟེན་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་ཡུམ་བཀའི་སྐོར་གྱི་རྗེས་གནང་མན་ངག་ཚང་བ་ཞིག་ཐུགས་ལ་བཞེད་ནས། ཚུལ་དེ་ས་ལུགས་དྭགས་བརྒྱུད་པ་སོགས་གང་དུའང་མ་རྙེད་པར་རིམ་གྱིས་རྩད་གཅོད་གནང་བས་ཆུ་འགོ་གངས་དཀར་གྱི་དཔེ་བཞིན། རྗེ་མར་པས། དུད་སོལ་ལྷ་མོ་མ་གཏོགས་པའི། བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཞུས། ཞེས་གསུངས་པ་ལྟར་ཤིན་ཏུ་གཅེས་སྤྲས་སུ་མཛད་པའི་ལྷ་མོའི་སྐོར་འདི་སྤྱིར་དཔལ་ནཱ་རོ་པ་ལ་བསྟན་སྲུང་བརྒྱ་རྩ་བརྒྱད་ཡོད་པའི་ཁྲོད་ནས་གཏོར་མ་དངོས་སུ་ལེན་པའི་ཆོས་སྐྱོང་གསུམ་ཡོད་པའི་ནང་ནས་གདམས་པ་འདི་ལ་མཛད་པས་རྟེན་འབྲེལ་གྱི་སྒོ་འགྲིག །ལོ་གསུམ་བལ་པོའི་མཐིལ་དུ་བསྡད། རྗེ་བྱིན་རླབས་ཅན་གྱི་བལ་པོ་ལ། རྒྱུད་གཉན་པོར་གྲགས་པའི་གདན་བཞི་ཞུས། ཆོས་སྐྱོང་དུད་སོལ་ལྷ་མོ་ཞུས། །ཞེས་བལ་པོ་ཕམ་ཐིང་པ་སྤྱི་ཐེར་བ་ལ་ཡང་གསན་ཅིང་རྗེ་མར་པ་ལ་སློབ་མའི་གཙོ་བོ་ཀ་ཆེན་བཞིའི་ནང་གི་རྔོག་ཆོས་ཀྱི་རྡོ་རྗེས་ལོ་ཙཱ་བའི་ཆོས་སྐྱོང་གི་གཙོ་བོར་དུད་སོལ་མ། ཀཾ་ཀ་རྩལ། ཐོད་ཕྲེང་ཅན་གསུམ་ཞུས་པས་གསུམ་ག་མི་ཡོང་འདམ་བཏང་བར་ཀྱེ་རྡོར་དང་གདན་བཞི་སོགས་རྒྱུད་མང་པོའི་བཀའ་སྲུང་དུ་འདུག་པ་དང་བླ་མ་ཡང་ཐུགས་གཙིགས་ཆེ་བར་འདུག་པ་སོགས་ནས་འདོད་ཁམས་མ་འདམས་ཏེ་རྫོགས་པར་གསན། དེ་ནས་རྔོག་ཚང་འོག་མར་གྲགས་པའི་


GLG001_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

རྔོག་སྟོན་ཆེན་པོས་བསོད་ནམས་བསྟན་འཛིན་གྱི་བར་དུ་རིགས་དང་ཆོས་ཀྱི་བརྒྱུད་པ་ཟམ་མ་ཆད་པའི་ངེས་ཤེས་ཀྱི་གནས་ཆེན་པོར་གྱུར་ཏེ་རྗེས་གནང་སྒྲུབ་སྐོར་དང་བཅས་པ་ཡོངས་སུ་རྫོགས་པར་གསན། ཕྱོགས་དེར་བླ་མའི་སྐུ་སྲོག་ལ་སྡོ་བའི་བསྒྲལ་བྱའི་ཞིང་ཞིག་འདུག་པ་ཆོས་བཀའ་རྣམས་རྫོགས་པར་གནང་བའི་བཀའ་དྲིན་གསབ་ཆེད་དུ་ཆོས་སྐྱོང་འདིའི་སྒོ་ནས་གཏོར་མ་ལ་བརྟེན་པའི་ལས་སྦྱོར་མཛད་པས་རིང་པོར་མ་ལོན་པར་རྗེས་མེད་དུ་གྱུར་པ་སོགས་ངོ་མཚར་ཡིད་ཆེས་དང་ལྡན་པའི་ཆོས་སྐོར་ལ། དཔལ་ལྡན་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་འཇིགས་བྱེད་དུད་པའི་སོལ་བ་ཅན་གྱི་ཆོས་སྐོར་གྱི་དཀར་ཆག་སྙན་བརྒྱུད་གསལ་བའི་མེ་ལོང་ཞེས་བྱ་བ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། དེ་ལས་བསྟན་པའི་གདམས་པ་ལ། འགོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་དཔལ་ལྡན་ལྷ་མོའི་སྒོ་ནས་གཏོར་མའི་རྗེས་གནང་བྱེད་པར་འདོད་པས་ཞེས་ཡོད་པའི་ལྷ་མོ་ཕྱི་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་རྔོག་ཞེ་སྡང་རྡོ་རྗེ་མཛད་པ། འདི་ཉིད་ཀྱི་ལག་ལེན་གསལ་བྱེད་རྔོག་བསོད་ནམས་དོན་གྲུབ་ཀྱིས་གཞུང་རི་བོ་ཁྱུང་ལྡིང་གི་ཆོས་གྲྭར་མཛད་པ་ནི་དཔེ་མ་འབྱོར་བས་མ་ཐོབ། ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ་དང་པོ་རྟེན་རྫས་ཐམས་ཅད་ཚོགས་པར་བྱས་ལ་ཞེས་ཡོད་པའི་ལྷ་མོ་གསང་སྒྲུབ་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་ནན་ཆགས་མར་གྲགས་པའི་རྩ་བའི་ཡི་གེ་རྔོག་ཞེ་སྡང་རྡོ་རྗེས་མཛད་པ། དེའི་གསལ་བྱེད་མར་རྔོག་གི་ཕྱག་ལེན་ཞེས་པའི་གསང་སྒྲུབ་རྗེས་གནང་གི་ཡི་གེ་མཁས་པའི་དབང་པོ་བློ་གསལ་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་རྔོག་བསོད་ནམས་བསྟན་འཛིན་གྱིས་སྟོད་


GLG001_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། མ་མོ་སྤྱིའི་རྒྱུད་དཔལ་རྡོ་རྗེ་མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ་ཨོ་རྒྱན་གྱི་གནས་ཆེན་པོར་མཁའ་འགྲོ་མ་ཌོམྦྷི་ཀ་མ་ལའི་ཞལ་སྔ་ནས་དང་སྒྱུར་བྱེད་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཞུས་ཏེ་གཏན་ལ་ཕབ་པ། དུད་སོལ་མའི་སྒོ་ནས་རྒྱུད་དཔལ་ལྷ་མོ་ནག་མོ་དངོས་གྲུབ་ཐམས་ཅད་འབྱུང་བའི་རྒྱུད་ལེའུ་བཅོ་ལྔ་པ་རྒྱ་གར་གྱིས་མཁན་པོ་ནཱ་རོ་པ་དང་བོད་ཀྱི་ལོ་ཙཱ་བ་བཎྡེ་ལོ་ཀ་ཤྲཱིས་བསྒྱུར་བ། ཡང་ལོ་པཎ་དེ་གཉིས་ཀྱིས་བསྒྱུར་བའི་འདོད་ཁམས་དབང་ཕྱུག་མ་ཕྱི་སྒྲུབ་ཀྱི་རྒྱ་གཞུང་ཞེས་པ་བསྙེན་པ། སྨྱོ་ཞིང་གསད་པ། བསམ་གཏན་གྱི་གསོད་པ་རྣམས་སྟོན་པའི་མཁའ་འགྲོ་དུད་སོལ་མའི་སྒྲུབ་ཐབས་མཁས་པ་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། འདི་དང་མེ་འབར་མའི་ཕྱི་པ་ལྟར་སྒྲུབ་པ་གཉིས་ཁྱད་པར་མེད་ཅེས་དཀར་ཆག་ཏུ་གསུང་པ་ལྟར་ཞུས་དག་ཀྱང་ཕེར་བ་འདུག་གོ །དེའི་བསྡུས་དོན་ས་གཅད་འགོར་དཔལ་ལྡན་ལྷ་མོ་ནག་མོ་ལ་གུས་པས་ཕྱག་འཚལ་ལོ་འདི་སྒྲུབ་པ་ལ་དོན་བཞི་སྟེ་ཞེས་ཡོད་པ་རྫོགས་བྱང་གི་མཐའ་ཅན། བསྙེན་པ་ལ་དོན་བཅོ་ལྔ། སྒྲུབ་པ། ལས་སྦྱོར། སྨྱོ་ཞིང་གསད་པ་ལ་དོན་ལྔ། དོན་ལྔ་ཟེར་ཡང་རྫས་བསགས་པ་ནས་སྦྱིན་སྲེག་གི་བར་བརྒྱད་བདུག་གོ །བསྐྱར་བའི་ཆོ་ག་དང་བཅས་པའི་ལག་ལེན་ཤིན་ཏུ་ཟབ་ཅིང་གསང་བ་རྒྱ་གཞུང་གི་འགྲེལ་པ་ཞལ་གདམས་མར་གྲགས་པ་ཞག་བདུན་དུ་ཅི་ཡང་མི་ཟ་བར་བྱེད་དོ་དེས་ངེས་པར་འགྲུབ་པོའི་མཐའ་ཅན། སྙན་བརྒྱུད་པོ་ཏིར་བཞུགས་པའི་ཡིག་ཆུང་ཡིད་བཞིན་ནོར་བུ་དང་ཞུ་དག་ཕེར་ཞེས་དཀར་ཆག་ན་སྣང་ངོ་། །འགོར་དཔའ་བོ་ཆུ་སྐྱེས་སྔོན་པོའི་


GLG001_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཅེས་ཡོད་པའི་འདོད་ཁམས་དབང་ཕྱུག་མའི་བསྙེན་པའི་ཡི་གེ་རྗེ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་གསུང་ལས་བྱུང་བ་བླ་མའི་ཞལ་ནས་གསུང་བ་རྫོགས་སོའི་མཐའ་ཅན། འགོར་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ་དམ་ཚིག་ལྡན་པའི་སྔགས་པ་ཡིས་ཞེས་ཡོད་པའི་སྒྲུབ་པ་དང་ལས་སྦྱོར་གྱི་ཞལ་གདམས་ཤིན་ཏུ་ཟབ་པས་གསང་བར་བྱ་ཞེས་པའི་མཐའ་ཅན། མར་པས་ནཱ་རོ་པ་ལ་ཆོས་སྐྱོང་ཞུས་པའི་ལོ་རྒྱུས་ཡོད་པའི་ལྷ་བསྐྱེད། བཟླས་པ། རྨི་ལྟས། སྲོག་ཐུན་སུམ་ཅུའི་རྣོ་ཚད། བཟླས་པའི་སྐྱོན་ཡོན། སྒྲུབ་པ་ལས་སྦྱོར། སྦྱིན་སྲེག་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ཚུལ། བོད་རྦད་གསད་གསུམ་གྱི་སྔགས་བྱང་། གཏོར་མ་དང་ལིང་ག་བསྟབ་ཚུལ་རྣམས་ཆོས་སྡེ་གཅིག་ཏུ་བཞུགས་པའི་འདོད་ཁམས་དབང་ཕྱུག་མའི་ཞལ་གདམས་རྔོག་གཞུང་པ་ཡབ་སྲས་ལ་གནང་བ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདོད་ཁམས་དབང་ཕྱུག་མའི་ཞལ་གདམས་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་ཞེས་པ་འདུག །འགོར་མ་ཧཱ་དེ་ཝི་ན་མོ། གཞན་ཡང་བདག་གི་རྨི་ལྟས་སུ་ཞེས་ཡོད་པའི་སྒྲུབ་པ་ལས་སྦྱོར་གྱི་ཡི་གེ་ཞལ་གདམས་རྨི་ལྟས་མར་གྲགས་པ་དཔལ་ལྡན་ལྷ་མོའི་རྨི་ལྟས་རྫོགས་སོའི་མཐའ་ཅན། འདོད་ཁམས་དབང་ཕྱུག་དུད་སོལ་མའི་གསང་སྒྲུབ་ཀྱི་རྒྱ་གཞུང་རྒྱ་གར་གྱི་མཁས་པ་ཆེན་པོ་ནཱ་རོ་པས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བ། ཡིག་ཆའི་ཁ་ཡིག་ན་བིཪྺ་པས་མཛད་ཟེར་བ་འདུག་པ་འཁྲུལ་གཞི་བྱུང་བ་སྟེ་འདི་དུར་ཁྲོད་དགའ་བའི་ཚལ་དུ་རྣལ་འབྱོར་དབང་ཕྱུག་བིཪྺ་པ་ལ་ལྷ་མོ་དངོས་སུ་གནང་ནས་ཤར་ཕྱོགས་ནག་པོ་ལས་བསྒྱུར་པ་ཡིན་གྱི་ཡིག་ཆ་འདི་མཛད་པ་ནི་མིན་ནོ། །དེའི་


GLG001_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པའི་ལག་ལེན་མ་འདོད་ཁམས་དབང་ཕྱུག་དྲག་མོ་རྐང་ཐང་མ་རྣོ་བའི་མདེའུ་ཧ་ལ་རེག་ཆོད་ཅེས་བྱ་བ་ཞེ་སྡང་རྡོ་རྗེས་ཡི་གེར་བྲིས། འགོར་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ལྷ་མོ་སྒྲུབ་པའི་ཐབས་ལ་གྲུ་གསུམ་སྟེང་དུ་ཞེས་ཡོད་པའི་དྲག་མོ་རྐང་ཐང་གི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་རྫོགས་སོའི་མཐའ་ཅན། དྲག་མོ་རྐང་ཐང་ཡང་སྙིང་བཀོལ་བའི་སྒྲུབ་ཐབས་དུད་སོལ་མ་མངོན་སུམ་དུ་བཀོལ་བའི་མན་ངག་ཏུ་གྲགས་པ་རྔོག་ཞེ་སྡང་རྡོ་རྗེས་མཛད་པ། འགོར་དཔལ་ཁྲག་འཐུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ་དུར་ཁྲོད་སོལ་བ་ཅན་གྱི་སྒྲུབ་ཐབས་ནི་ཞེས་ཡོད་པའི་འདོད་ཁམས་དབང་ཕྱུག་ཡང་གསང་རྐང་ཐང་དུ་བསྒྲུབ་པའི་ཡི་གེ་རྔོག་ཞེ་སྡང་རྡོ་རྗེའི་ཞལ་གདམས་ཇི་ལྟ་བ་བཞིན་དུ་བཀོད་པའི་མཐའ་ཅན། ཚེ་དང་བསོད་ནམས་རྒྱས་པར་བྱེད་པའི་ལས་སྦྱོར་ཀྱི་ཡི་གེ་ལོངས་སྤྱོད་ཐམས་ཅད་ལྷའི་དབང་པོ་དང་མཉམ་མོའི་མཐའ་ཅན། ལ་ཆའི་སྡིག་པར་བརྟེན་ནས་མ་མོ་རང་གི་ལུས་དང་གྲིབ་མ་བཞིན་འགྲོགས་པའི་རྟེན་གྱི་ཡི་གེ །དཔལ་ལྡན་ལྷ་མོའི་སྒོ་ནས་དགྲ་ལ་ལྟས་ངན་དབབ་པའི་ཐབས་བསྟན་པའི་ཡི་གེ་རྫོགས་བྱང་གི་མཐའ་ཅན། དཔལ་ལྡན་ལྷ་མོའི་མངོན་པར་ཤེས་པ་སྒྲུབ་པའི་ལག་ལེན་གནད་དབབ་དང་བཅས་སློབ་དཔོན་ཆེན་པོ་ཞེ་སྡང་རྡོ་རྗེས་མཛད་པ་རྫོགས་སོའི་མཐའ་ཅན། གོང་མ་འདི་ལ་པྲ་རྟེན་གྱི་ཁྱེའུ་སོགས་འདུག་པ་དང་འོག་མ་འདིར་ཁྱེའུ་མེད་པའི་མེ་ལོང་སོགས་ལ་བརྟེན་པའི་མོ་ཡིག་པའི་བརྗོད་བྱ་འདུག་པ་ནས་གོང་འོག་གི་མིང་ནོར་བ་ཡིན་མིན་སོམ་ཉིར་སྣང་ངོ་། །དཔལ་ལྡན་ལྷ་མོའི་སྒོ་ནས་པྲ་དབབ་པ་སྤྱན་འདྲེན་མ་གཅིག་ལྷ་མོ་མ་དང་བཅས་པ། གྲི་སྙིང་


GLG001_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་བརྟེན་ནས་མངོན་ཤེས་བསྒྲུབ་པ། དཀར་ཆག་ན་འདི་ལོགས་སུ་མེད་ལ་ཞལ་གདམས་དང་བཅས་ཟེར་བའི་ཞལ་གདམས་ཡིན་ནམ་སྙམ། འདིའི་རྗེས་སུ་རྔོག་ཞེ་སྡང་རྡོ་རྗེས་མཛད་པའི་དུད་སོལ་མའི་གཏོར་ཆོག་ལག་ལེན་དུ་བསྒྲིགས་པ་ཞིག་ཡོད་འདུག་པ་ནི་མ་ཐོབ། སྤྱན་འདྲེན་ཐོད་པ་དགུ་བརྩེགས་འཕྲུལ་གཞལ་མ་རྒྱལ་ཚ་རྡོ་རྗེ་སེམས་དཔས་མཛད་པ། མཆོད་འབུལ་ཁྱེད་ལ་གཙང་དམེའི་རྟོག་པ་མི་མངའ་མ། གཞན་ཡང་མཆོད་འབུལ་མ། གཏོར་བསྐང་བནྡྷ་ལྕང་ལོ་མ། ཐུགས་དམ་བསྐང་ཞིང་འཕྲིན་ལས་བསྐུལ་བ་བདག་ནི་རིགས་འཛིན་མ་རྫོགས་བྱང་གི་མཐའ་ཅན། གཏོར་གཤེགས་དཔལ་ལྡན་མ། གཏོར་གཤེགས་ཟློག་བསྒྱུར་དང་བཅས་པ་རྡོ་རྗེ་གར་དབང་མ། བསྟན་མ་སྐྱོང་བ་བཀའ་ཡི་ཚོགས་བཅས་མ་རྣམས་དུད་སོལ་གཏོར་ཆོག་གི་ལྷན་ཐབས་སྐབས་ཉེ་བར་མཁོ་བ། བསྟོད་རྙིང་སེམས་ཉིད་འཕྲིན་ལས་མ། ཞབས་བཏགས་མར་ཡང་ཡོད། ལྷའི་དབང་པོ་བརྒྱ་བྱིན་གྱིས་དགེ་བ་བཅུའི་སྒོ་ནས་བསྟོད་པ་སྔོན་འདས་བསྐལ་པ་མ། ཚིག་ཟུར་ཙམ་མ་གཏོགས་རགས་རིམ་ཞུས་དག་ཕེར་བ་མེ་འབར་མར་ཡང་བཞུགས། ཕྱོགས་བཅུའི་ལྷ་མོ་འཁོར་དང་བཅས་པའི་སྒོ་ནས་བསྐུལ་བ་མ་མོའི་གཙོ་བོ་མ། འདིའི་འོག་ཏུ་ཟོར་དང་གཏོར་མནན་གྱི་ཡི་གེ་ཞིག་ཡོད་འདུག་པ་ནི་མ་ཐོབ། འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་སོལ་མའི་འཕྲིན་ལས་ཀྱི་ལས་བྱང་རྒྱས་པ་ཌཱ་ཀི་མའི་ཐུགས་གྱི་ཟེའུ་འབྲུ་དགེ་བར་བྱེད་པའི་མན་ངག་རྒྱ་མཚོ་གསལ་བའི་སྒྲོན་མེ་ཞེས་བྱ་བ་སྔགས་འཆང་ཨཱ་ནནྡ་དྷྭ་ཛ་དང་བཙུན་པ་ཀྱེ་རྡོ་རྗེ་ཤྲཱི་བཛྲ་གཉིས་ཀྱིས་ངན་རྟོགས་སྤངས་ནས་རྒྱུད་སྒྲུབ་ཐབས་རྣམས་དང་མཐུན་པར་བསྒྲིགས་པ་དང་བཅས་པ་


GLG001_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྨིན་གྲོལ་རྗེས་གནང་ཉམས་འཁྲིད་ལུང་མན་ངག་ཕྱག་བཞེས་དང་བཅས་ལེགས་པར་ཐོབ་པའི་དང་པོ་རྣལ་འབྱོར་དབང་ཕྱུག་བིཪྺ་པ་ནས་བརྒྱུད་པའི་ནག་པོ་ཆེན་པོ་དཔའ་བོ་གཅིག་པའི་རྗེས་གནང་གི་བརྒྱུད་པ་ནི་རྒྱལ་བ་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རྗེ་བདག་མེད་མ། པཎ་གྲུབ་བིཪྺ་པ། ཤར་ཕྱོགས་ནག་པོ་པ། གྲུབ་ཆེན་ཌཱ་མ་རུ་པ། གཉིས་སྤངས་ཞབས། གྷ་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། སེ་སྟོན་ཀུན་རིག །ཞང་དགོན་པ་བ། རྗེ་བཙུན་ཡབ་སྲས་གསུམ། ཆོས་རྗེ་ཁུ་དབོན། ཞང་དབོན་ཞང་། ཆོས་རྗེ་བླ་མ་དམ་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་ཀུན་སྤངས་ཆེན་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། དེ་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བླ་མ་དམ་པ་ནས། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་རྗེ་བཙུན་རྡོ་རིང་པ་ནས། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེ་མན་འདྲ། མཆོད་རྟེན་དང་སཏྭ་ལྷན་ཅིག་གི་རྟགས་ཡོད་པའི་ལུང་བརྒྱུད་ནི། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ནས་


GLG001_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་ནམ་མཁའ་དཔལ་བཟང་། གྲུབ་ཆེན་སངས་རྒྱས་རིན་ཅེན་ལྡན། སྒོ་རུམ་པ་སངས་རྒྱས་རྒྱལ་མཚན། སྒོ་རུམ་པ་ཀུན་དགའ་ལེགས་པ་མན་འདྲ། བཀའ་བབས་གཉིས་པ་བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་མགོན་པོ་དཔའ་བོ་གཅིག་པའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཨ་ཤྭ་ཀ་ཤྲཱི། པཎྜི་ཏ་ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། རྗེ་བཙུན་ཡབ་སྲས་གསུམ། རྗེ་ས་པཎ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། མཐུ་སྟོབས་དབང་ཕྱུག་གཟུངས་ཀྱི་དཔལ་བ། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ཁྱབ་བདག་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །རྗེ་དཀོན་ཅོག་འཕེལ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་ཅོག་དཔལ་ལྡན། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། རབ་འབྱམས་པ་ཆོས་རྗེ་རིན་ཅེན་རྒྱ་མཚོ། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྜེ་ལའོ། །ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། དཀོན་ཅོག་འཕེལ་མན་འདྲ། ཡང་ན་ངོར་ཆེན་ནས། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ །དཀོན་ཅོག་འཕེལ་མན་འདྲ། ཡང་ན་མུས་ཆེན་ནས། རྭ་སྟོན་ཡོན་ཏན་དཔལ། གློ་བོ་མཁན་ཆེན་ལེགས་འབྱུང་། འཇམ་དབྱངས་ནམ་མཁའ་བརྟན་པ། དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་དཀོན་ཅོག་འཕེལ་ནས། རྗེ་ལྷ་མཆོག་སེང་གེ །


GLG001_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་སངས་རྒྱས་སེང་གེ །པཎ་ཆེན་ནམ་མཁའ་དཔལ་བཟང་། མཁས་གྲུབ་དཔལ་ལྡན་དོན་གྲུབ། མཁན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །མཆོད་རྟེན་དང་བུདྡྷའི་རྟགས་ཡོད་པའི་ལུང་ནི། ངོར་ཆེན་ཡན་གོང་ལྟར་ལ། དེ་ནས་མུས་ཆེན་སེམས་དཔའ་ཆེན་པོ། རྗེ་སངས་རྒྱས་དཔལ་བཟང་། བདག་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱ་འགྱུར་བ་བསོད་ནམས་སེང་གེ །སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ།བཀའ་བབས་གསུམ་པ་ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་སྤུ་གྲི་སྐོར་གསུམ་ག་དང་ལྷན་ཅིག་པའི་མཆོད་རྟེན་གྱི་རྟགས་ཡོད་པའི་ལུང་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད་ནས་རིམ་པར། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི། ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན། དགེ་སློང་ཟླ་བ་ཀྱེ་རྡོར་ཀྱི་ཞལ་ལན་གསུམ་གཟིགས་པར་གྲགས། རྒྱལ་མཚན། བླ་མ་ཁམས་པ། རི་པ་དགེ་ཚུལ་དར་མ་དཔལ། འདི་གསུམ་གྱིས་ཆོས་སྐྱོང་ཞལ་ལན་ལྔ་རེ་གཟིགས་སྐད། རིམ་བཞིན་ཡབ་ཆོས་རྗེ་ནམ་མཁའ་རྒྱལ་མཚན་མན་ཞལ་ངོ་ནང་བརྒྱུད་ལྟར་རོ། །ཨེའི་རྟགས་ཡོད་པའི་ལུང་ནི། དར་མ་དཔལ་ནས་རིམ་བཞིན། ཁྱབ་བདག་ཀུན་དགའ་བཟང་པོ་མན་ངོར་ལུགས་བཞིན་ནོ། །མུའི་རྟགས་ཡོད་པའི་བརྒྱུད་པ་ནི། དར་མ་དཔལ་ནས། རལ་ལམ་སྟོན་པ་ཤྭ་ཀྱ་དྷྭ་ཛ་ནས་རིམ་པར། སྔགས་འཆང་གཟུངས་པ་མན་རྫོང་ལུགས་བཞིན་ནོ། །བཀའ་བབས་བཞི་པའི་གྲི་གུག་ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཉིས་མ་རྣམས་ཀྱི་རྒྱ་གཞུང་ལུགས་ཀྱི་དབང་རྡོ་


GLG001_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དང་གཡུང་དྲུང་ལྷན་ཅིག་པའི་རྟགས་ཅན་གྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ་རྡོ་རྗེ་གུར། བྲམ་ཟེ་ཆེན་པོ། ནོར་བུ་གླིང་པ། སློབ་དཔོན་ཤྲཱདྡྷ་རྡོ་རྗེ་གདན་པའི་གསན་ཡིག་ན་དྷ་དང་ཀ་གཉིས་རིང་པོར་མཛད་ནས་དད་པའི་འབྱུང་གནས་གོ་ཆ་ཞེས་བསྒྱུར་བར་དག་གསུང་རང་ལུགས་གསོལ་འདེབས་སུ་དད་བྱེད་གོ་ཆ་ཞེས་དྷ་དང་ཀ་གཉིས་ཀ་ཐུང་ངུ་འདི་ཀའོ། །ཀ་ར་ཝརྨ། ལོ་ཆེན་རིན་བཟང་། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ། རྗེ་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པཎ་ཆེན། ཆོས་གྱི་རྒྱལ་པོ་འཕགས་པ། བཀྲས་ལུང་པ་ནམ་མཁའ་བསོད་ནམས། དགེ་སྡིིངས་པ་ཆེན་པོ། རྗེ་སངས་རྒྱས་དཔལ། རིན་ཆེན་གླིང་པ། དཀར་གཤོངས་པ་རིན་ཅེན་རྡོ་རྗེ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། རྫོང་ཆུང་པ་ཀུན་དགའ་རྒྱལ་མཚན། མཁན་འཇམ་དབྱངས་གྲགས་པའང་ཟེར་དབང་ལྔ་པོའི་ཆོ་ག་མཛད་མཁན་དེ་ཡིན། ཆེན་ནམ་མཁའ་ལྷུན་བཟང་། ཇོ་སྟན་ཁྲོམ་ཡོན་ཡང་ཟེར། བྲག་ཐོག་པ་དཔལ་འཛིན་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། དེ་ལ་ཀླུང་དབང་གླིང་པ་གནས་ཀྱི་མིང་ཡིན་ཞིང་ཡོངས་གྲགས་ཐུགས་སྲས་ཟེར། ཀུན་དགའ་རྒྱལ་པོ་དང་ལྕང་ལོ་ཅན་པ་བསོད་ནམས་མཆོག་ལྡན་གཉིས་ཀས་གསན། དེ་གཉིས་ལ་རིགས་འཛིན་ཚེ་དབང་བཀྲ་ཤིས་དེ་ནས་ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་རྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། རིགས་ཀུན་བདག་པོ་ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ནམ་མཁའ་ལྷུན་བཟང་ནས། མུས་སྲད་པ་བྱམས་པ་རྡོ་རྗེ་
རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ་ནས། ཤར་པ་ཡེ་ཤེས་རྒྱལ་མཚན། འདི་ངོར་ཆེན་གྱི་བླ་མ་དེ་དང་མི་གཅིག །བདེ་བ་ཅན་པ་ཡེ་ཤེས་མགོན་པོ། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་པོ་བ། མཁན་ཆེན་བྱང་སེང་བ། ཐེག་ཆེན་ཆོས་རྗེ་མན་འདྲ། ཁྱད་པར་ལྷ་བརྒྱད་རྒྱ་གཞུང་ལུགས་ཀྱི་དབང་བརྒྱུད་གཅིག་ནི། ཀུན་མཁྱེན་རྡོ་རྗེ་གདན་པ་ནས། ཡངས་པ་ཅན་བྱང་ཆུབ་དབང་རྒྱལ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས་མན་གོང་ལྟར་རོ། །ཡང་གྲི་གུག་ལྷ་ལྔའི་གསན་ཡིག་ཕལ་ཆེར་དང་དཀར་ཆག་ཚོར་བརྒྱུད་པ་གོང་མ་རྣམས་གཅིག་པའི་རྩིས་ལས་གསལ་ཁ་མི་འདུག་ནའང་འདི་རྗེ་རྡོ་རྗེ་གདན་པའི་གསན་ཡིག་ལྟར་ན་ས་ཆེན་ཡན་སིནྡྷུ་རའི་དབང་དང་འདྲ་བའི་ཕྱོགས་འདུག་པ་གྲི་གུག་ལྷ་ལྔའི་རྒྱ་གཞུང་ལུགས་འདི་ལ་འབྲོག་མི་དང་མལ་ནས་བརྒྱུད་པ་སྟེ་གཉིས་ཡོད་པ་འདྲ་ཞིང་གྱི་ལྗང་ལུགས་ཀྱི་ལྷ་བཅུ་བདུན་མའི་ཆོ་ག་ཡང་འདིས་བསྡུས་པར་བཞེད་དོ། །


previousལས་སྦྱོར་ཐོར་བུའི་སྐོར་ལས་སྒྲུབ་ཐབས་སྣ་ཚོགས་ཀྱི་བརྒྱུད་ལུགས།next