Nitartha Digital Library
Tibetan
 
previous དང་པོ། བསྟན་པར་འཇུག་པའི་སྒོ་སོ་སོ་ཐར་པའི་སྡོམ་རྒྱུན།next

དང་པོ། བསྟན་པར་འཇུག་པའི་སྒོ་སོ་སོ་ཐར་པའི་སྡོམ་རྒྱུན།


GLG001_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་འཇུག་པའི་སྒོ་སོ་སོ་ཐར་པའི་སྡོམ་རྒྱུན། ཞུགས་ནས་ཐོས་བསམ་བྱ་བ་གནས་ལྔ་རིག་པའི་སྐོར་དང་གཉིས། དང་པོ་ནི། རང་ལོ་དགུར་སླེབས་པ་བསྟོད་འགྲེལ་བའི་ལུགས་ལྟར་འཕགས་ཡུལ་བའི་སྐད་དུ་ཀེ་ན་དྷ་སྟེ་ཁྲོ་བོར་འབོད་ཅིང་རྒྱ་ནག་པོའི་སྐད་དུ་ཡི་ཚེའུ་ཞེས་པ་ཤིང་མོ་གླང་གི་ལོ་ཉིན་མོར་བྱེད་པ་ཉའི་ཁྱིམ་དུ་སྤྱོད་པ་དབོ་ཟླ་བའི་དཀར་ཆའི་རྒྱལ་བ་གསུམ་པའི་ཉིན་འཕགས་ཡུལ་གྱི་དྷནྱ་ཀ་ཊ་ཀ་གཉིས་པར་གངས་ཀྱི་རྭ་བས་བསྐོར་བའི་ལྗོངས་འདིར་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་བཀའ་འགྱུར་རོ་ཅོག་གི་ཚལ་ཆེན་པོའི་གཟིམས་ཁང་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་མངོན་དགར། བོད་དང་བོད་ཆེན་པོ་བྱང་ཕྱོགས་ཧོར་གྱི་ཡུལ་གྲུ་སོགས་ཀྱི་དྲེགས་ལྡན་རྣམས་ཀྱི་རལ་པར་ཞབས་སེན་ཟླ་བ་གསར་དུ་ཚེས་ཤིང་། སྡེ་སྣོད་གསུམ་འཛིན་པ་མཁས་པ་གསལ་བ་རིག་པ་དང་ལྷག་པའི་བསླབ་པ་གསུམ་གྱི་ཐུགས་རྒྱུད་ཡོངས་སུ་གང་བ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ཆེན་པོའི་མངའ་བདག་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་དཔལ་ལྡན་བླ་མ་དམ་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མཁན་པོ། གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་སའི་སྟེང་ན་མཁས་པ་ཐམས་ཅད་ཀྱིས་འགྲན་པའི་ཟླ་དང་བྲལ་བ་འཇམ་དབྱངས་གཞོན་ནུ་ངུར་སྨྲིག་གི་གར་གྱིས་བརྩེན་པ་རྗེ་བཙུན་དཀོན་ཅོག་ཆོས་འཕེལ་གྱིས་ལས་ཀྱི་སློབ་དཔོན། རབ་འབྱམས་སྨྲ་བའི་བཤེས་གཉེན་གནས་བརྟན་འདུལ་བ་


GLG001_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་སྒོ་མང་སློབ་དཔོན་སངས་རྒྱས་བཀྲ་ཤིས་པས་གྲིབ་ཚོད་པ་མཛད་དེ་བསྟན་པའི་རྩ་བ་སོ་སོ་ཐར་པ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ནོས། རང་ལོ་ཉེར་གཉིས་པ་འབྲུ་མང་ཞེས་པ་ས་ཕོ་སྟག་གི་ལོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་པོས་ཆོས་ཀྱི་རྒྱལ་པོ་ཟླ་བ་ བཟང་པོར་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་པའི་དུས་ཆེན་ཆུ next hit་ཤེལ་གྱི་དབང་པོ་ནག་པའི་དགའ་མ་དང་རྩེ་བའི་དཀར་ཆའི་ཚེས་ལྔ་དབྱངས་ཨོ། །རེས་གཟའ་ཉི་མ་ཟླ་སྐར་སྣར་མ་འཛོམ་པའི་མཚན་མོའི་ཆ་རྒྱུ་སྐར་ཤར་བའི་དུས་སུ་བོད་ཡུལ་གྱི་རྡོ་རྗེ་གདན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོར་སྟོན་པ་ཉི་མའི་གཉེན་དང་དབྱེར་མ་མཆིས་པ་ལྟ་བུའི་ཞལ་སྐྱིན་ཤཱཀྱ་མུ་ནིའི་དྲུང་དུ། ཚིགས་སྔ་མ་དགེ་ཚུལ་གྱི་མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཁན་པོ་དང་གསང་སྟེ་སྟོན་པའི་སློབ་དཔོན་སྦྲགས། འཇམ་དབྱངས་བླ་མ་དཀོན་ཅོག་ཆོས་འཕེལ་གྱིས་ལས་ཀྱི་སློབ་དཔོན། བྱེས་པ་ཞལ་སྔ་ནས་བྱམས་པ་སྨོན་ལམ་གྱིས་གྲིབ་ཚོད་པ། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གྲ་ཚང་བདུན་དང་སེ་ར་ཐེག་ཆེན་གླིང་གི་གྲྭ་ཚང་གསུམ་གྱི་སློབ་དཔོན་ལུང་སྡེ་སྣོད་གསུམ་ལ་རབ་ཏུ་སྦྱངས་ཤིང་མངོན་རྟོགས་བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་གནས་བརྟན་འདུལ་བ་འཛིན་པ་བཅུ་ཕྲག་གཅིག་གིས་ལས་ཀྱི་ཁ་སྐོང་མཛད་དེ་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་


GLG001_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཤཱཀྱའི་སེང་གེ །འཕགས་མཆོག་ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་པོ་ཞི་བ་འཚོ། སྦ་རཏྣ། དམར་ཤཱཀྱ་མུ་ནི། གཡོར་དགེ་འབྱུང་། བླ་ཆེན་དགོངས་པ་རབ་གསལ། སྤ་གོང་ཡེ་ཤེས་གཡུང་དྲུང་། གྲུབ་པ་ཡེ་ཤེས་རྒྱལ་མཚན། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན། སྣེ་པོ་གྲགས་པ་རྒྱལ་མཚན། འབྲེ་ཤེས་རབ་འབར། བྱ་བརྩོན་འགྲུས་འབར། མཁན་པོ་གཞོན་ནུ་སེང་གེ །གྲོ་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། མཁན་པོ་གྲགས་པ་ཤེས་རབ། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། དཔང་སྟོན་གྲུབ་པ་ཤེས་རབ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། དགའ་ལྡན་ཁྲི་རིན་པོ་ཆེ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། པཎ་ཆེན་དམ་ཆོས་ཡར་འཕེལ། མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན། དེས་བདག་ངག་དབང་བློ་བཟང་རྒྱ་མཚོ་ལ་བཀའ་དྲིན་དུ་སྩལ་ཏོ། །བླ་ཆེན་བརྒྱུད་དང་པཎ་ཆེན་བརྒྱུད་གཉིས་ཀར་སྲས་སྒྲ་གཅན་འཛིན་དང་བྲམ་ཟེ་སྒྲ་གཅན་འཛིན་གྱི་བར་དུ་བླ་མ་གཞན་མི་འདུག་པ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ན་མི་རུང་བའི་གཞི་བཅུ་སུན་དབྱུང་བའི་བཀའ་བསྡུ་བར་པའི་ཚེ་ཐམས་ཅད་འདོད་དང་ནོར་ཅན་སོགས་ཀུན་དགའ་


GLG001_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་སློབ་མ་ཤ་སྟག་གི་དགྲ་བཅོམ་པ་བདུན་བརྒྱ་འདུས་པ་ལས་སྲས་སྒྲ་གཅན་འཛིན་སོགས་དངོས་སུ་བཞུགས་པར་མ་བཤད། བཀའ་བསྡུ་བར་པ་ནས་ལོ་ཉིས་བརྒྱ་སྐོར་ན་རབ་ཏུ་བྱུང་བའི་མཚན་བྲམ་ཟེ་སྒྲ་གཅན་འཛིན་སྤྱོད་པ་ལ་གཤེགས་ནས་ས་ར་ཧར་གྲགས་པ་བྱོན་པར་ཆོས་འབྱུང་མང་པོ་ལས་བཤད་པས་དུས་མི་མཚུངས་པའི་དབང་གིས་བར་དེར་མཁན་པོ་གཅིག་གཉིས་ཤིག་ཆད་པ་འདྲ། ཐེག་པ་ཆེན་པོའི་སྐབས་སྤྲུལ་པ་བསྟན་པ་དང་འཇའ་ལུས་རྙེད་ནས་རྗེས་སུ་བཟུང་བ་སོགས་བཤད་ཀྱང་འདུལ་བའི་ལུགས་ལ་ལུས་ཐ་མལ་དུ་གནས་པ་སོགས་ངེས་པར་དགོས་པས་དག་སྣང་དང་ཡེ་ཤེས་ཀྱི་སྐུ་མཇལ་བ་སྐད་དུ་བྱས་ན་སོ་ཐར་གྱི་རང་སྐད་ལ་ཆུ་བུན་གྱིས་ཚོས་རྒྱག་པར་འདུག་པས་མཁྱེན་ལྡན་རྣམས་ཀྱིས་དཔྱོད་ཅིག །ཀརྨ་པ་རང་བྱུང་རྡོ་རྗེའི་དོ་ཧའི་ལོ་རྒྱུས་སུ་སྲས་སྒྲ་གཅན་འཛིན་ལ་ཐེག་ཆེན་དཔལ་གྱི་གྲགས་པས་བསྙེན་པར་རྫོགས། དེ་ལ་ས་ར་ཧས་བསྙེན་པར་རྫོགས་པར་གསུང་བ་རང་བྱུང་ཞབས་མཁས་གྲུབ་ཆེན་པོ་ཡིན་པས་ཁུངས་དང་འབྲེལ་བ་ཞིག་ཡིན་ནམ་སྙམ་གང་ལྟར་དཔྱད་པར་བྱའོ། །པཎ་ཆེན་དམ་ཆོས་ཡར་འཕེལ་གྱིས་ཐོག་མར་ཤངས་སྟོན་བློ་གྲོས་ལེགས་བཟང་ལ་བསྙེན་པར་རྫོགས། དེས་སྤོས་ཁང་ཚོགས་སུ་བསྙེན་པར་རྫོགས་པ་པཎ་ཆེན་བརྒྱུད་ཡིན་ཞིང་སླར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཐེགས་ཁར་བསྐྱར་ནས་བསྒྲུབས་པར་བརྟེན་སོ་སོའི་བློ་དང་མཐུན་པའི་བརྒྱུད་པ་གཉིས་ཀ་འདྲེན་པ་སྣང་ཡང་བསྐྱར་སྒྲུབ་ཀྱི་དུས་སྡོམ་གསུམ་རིམ་གྱིས་ནོས་ན་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་དང་ལྷན་དུ་སྔོན་མ་


GLG001_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བས་པཎ་ཆེན་བརྒྱུད་ཀྱི་དོགས་པའང་མེད། ལ་ལ་སྐལ་བ་བཟང་བཟང་ཡིན་ཟེར་བསྙེན་རྫོགས་ཁེ་རྐྱང་ལས་མི་སྒྲུབ་པའི་རིགས་ཡོང་གི་འདུག་པ་སྡོམ་པ་སྔོན་མ་མ་བཏང་བར་ཕྱི་མ་མི་སྐྱེ་བས་བླ་ཆེན་བརྒྱུད་འོང་དོན་མེད་ཅིང་། འདི་སྐོར་གྱི་མཛད་ཚུལ་ལོ་རྒྱུས་ཞིབ་པ་མི་འདུག་པས་བརྒྱུད་པ་གང་ཡིན་ཐེ་ཚོམ་གྱི་གཞིར་སྣང་ཡང་འདིར་ཕྱི་མ་བཙན་པའི་དབང་དུ་བྱས་ནས་བགྲངས་ཀྱི་གང་ལྟར་བྱང་སེམས་དང་སྔགས་སྡོམ་ལྟར་བརྒྱུད་པ་མང་པོ་ཆུ་བོ་གཉིས་འདྲེས་སུ་བྱེད་པ་དཔེ་འདིར་བཀབ་ན་སོ་ཐར་གཟུགས་ཅན་གྱི་སྡོམ་པ་ཡིན་པས་འདུལ་བའི་ཆོས་སྐད་འཇིག་པའི་སྐྱོན་དུ་འགྱུར་རོ། །འདུལ་བ་འཛིན་པ་ཆེན་པོ་འཕགས་པ་དགེ་འདུན་འབངས་ཀྱི་སློབ་མ་དགྲ་བཅོམ་པ་ས་ག་ལྷས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་ཚིག་ལེའུར་བྱས་པ་མེ་ཏོག་འཕྲེང་རྒྱུད་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་དང་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའི་ལུང་གི་བརྒྱུད་པ་ནི། ཐུབ་དབང་། འོད་སྲུངས་ཆེན་པོ། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ །ནག་པོ་ལ། ལེགས་མཐོང་། དགེ་འདུན་འབངས། འཕགས་པ་ས་ག་ལྷ། སློབ་དཔོན་མ་ཏི་རཏྣ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། གནུབས་ལོ་ཙཱ་བ་བྱམས་པའི་དཔལ། སེང་གེ་ཟིལ་གནོན། རིན་ཅེན་བསོད་ནམས་སེང་གེ །འུམ་ཕུག་གནས་རྙིང་པ་ཀུན་དགའ་དབང་ཕྱུག །མཁན་ཆེན་ཉི་མ་རྒྱལ་མཚན། དཀའ་བཞི་པ་ཤེས་རབ་སེང་གེ །དཀའ་བཞི་པ་ཤེས་རབ་རྒྱལ་མཚན། སློབ་དཔོན་དགེ་བ་དཔལ། མཁས་བཙུན་སྐལ་བཟང་པ། མཁན་ཆེན་གྲུབ་པ་ཤེས་རབ། འཇམ་དབྱངས་ཆོས་རྗེ། ཆོས་


GLG001_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཀུན་དགའ་དབང་ཕྱུག །སློབ་དཔོན་སངས་རྒྱས་དཔལ་གྲུབ། ངོར་ཆེན་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཉེ་བ་འཁོར། འོད་སྲུངས། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ །ནག་པོ་པ། ལེགས་མཐོང་། ཕྱིར་འོང་བློས་མི་འབེབས། སློབ་དཔོན་ཡོན་ཏན་འོད། ཆོས་ཀྱི་བཤེས་གཉེན། ཤཱཀྱ་འོད། སེང་གེའི་གདོང་ཅན། ཁ་ཆེ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། གཡོ་དགེ་འབྱུང་། བླ་ཆེན་མུ་ཐུར་བ་དགོངས་པ་རབ་གསལ། ཀླུ་མེས་ཚུལ་ཁྲིམས་བྱང་ཆུབ། གཟུས་རྡོ་རྗེ་རྒྱལ་མཚན། སོག་ཚུལ་ཁྲིམས་བླ་མ། ཀོ་ཁྱིམ་པ་ཡེ་ཤེས་བླ་མ། ཉང་འཚམས་པ་རིན་ཅེན་བླ་མ། དེ་གསུམ་ག་ལ་རྒྱ་འདུལ་བ་དབང་ཕྱུག་ཚུལ་ཁྲིམས་དེ་ནས་རྨ་ཚོ་བྱང་ཆུབ་རྡོ་རྗེ། བྱ་འདུལ་བརྩོན་འགྲུས་འབར། ཆོས་ཀྱི་དབང་ཕྱུག །ཆོས་ཀྱི་བྱང་ཆུབ། ཆོས་ཀྱི་བརྩོན་འགྲུས། ཆོས་གྲགས། རིན་ཅེན་དཔལ་བཟང་། རིན་པོ་ཆེ་བསོད་ནམས་གྲགས་པ། ཀུན་མཁྱེན་བུ་སྟོན་རིན་ཅེན་གྲུབ། དམར་སྟོན་རྒྱ་མཚོ་རིན་ཅེན། ཆོས་རྗེ་གཞོན་ནུ་རྒྱལ་མཆོག །འཇམ་དབྱངས་ཤེས་རབ་རྒྱ་མཚོ། སློབ་དཔོན་དོན་གྲུབ་ཤེས་རབ། བླ་མ་ལྷ་མཆོག་སེང་གེ །ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ཐར་རྩེ་པ་ནམ་མཁའ་དཔལ་བཟང་མན་གོང་དང་འདྲ།


GLG001_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འདུལ་བ་སུམ་བརྒྱ་པ་དང་། དེའི་འགྲེལ་པ་འོད་ལྡན་གྱི་བརྒྱུད་པ་ནི། སློབ་དཔོན་ཡོན་ཏན་འོད། ཆོས་ཀྱི་བཤེས་གཉེན། ཤཱཀྱ་འོད། སེང་གདོང་ཅན། དྷརྨ་ཕ་ལ། ཞང་ཞུང་པ་རྒྱལ་བའི་ཤེས་རབ། རབ་འབྱོར་ཤེས་རབ། བྱང་ཆུབ་ཤེས་རབ། བྱང་ཆུབ་སེང་གེ རྡོ་རྗེ་སེང་གེ །སྨད་གཡུང་དྲུང་། རྩི་འདུལ་ཐུགས་རྗེ་བྱང་ཆུབ། བདེ་བ་ཅན་པ་ཤཱཀྱ་བྱང་ཆུབ། ཟུལ་ཕུ་བ་ཡོན་ཏན་གྲགས། སློབ་དཔོན་བསོད་བློ། སློབ་དཔོན་དཀའ་བཅུ་པ། མཁན་ཆེན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། འཇམ་དབྱངས་ཤེས་རབ་རྒྱ་མཚོ་མན་འདྲ།ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་རབ་ཏུ་བྱུང་བ་དང་ཞར་བྱུང་ཁྱིམ་པ་ལ་ཕན་གདགས་པའི་འདུལ་བའི་ལག་ལེན་གྱི་ཆོ་ག་དྲི་མ་མེད་པའི་འཕྲེང་བའི་ལུང་ནོས་པའི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། སློབ་དཔོན་བསོད་ནམས་དཔལ་གྲུབ། མཁས་པ་ནོར་བཟང་རིན་ཅེན། དཀའ་བཞི་པ་རིན་ཅེན་རྒྱལ་མཚན། སྐུ་ཞང་མཁྱེན་རབ་ཆོས་རྗེ། འཇིག་རྟེན་གྱི་མིག་གཅིག་པུ་ཞ་ལུ་ལོ་ཙཱ་བ་རིན་ཅེན་ཆོས་སྐྱོང་བཟང་པོ། ས་ལོ་ཐམས་ཅད་མཁྱེན་པ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། རྗེ་ཤེས་རབ་རྒྱལ་མཚན། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་མཁས་གྲུབ་དཔལ་ལྡན་དོན་གྲུབ། རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། ཁྱབ་བདག་ཞ་ལུ་པ་ཆེན་པོ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །དེས་མཛད་པའི་དུས་གོ་བློ་གསལ་
དགའ་བའི་མཛེས་རྒྱན་དང་ཡར་འཕྲོག་མཚོ་མོ་ཆེའི་གྲུ་ནང་དུ་མཛད་པ་གཉིས་ཀྱི་ལུང་བརྒྱུད་ནི། དཀའ་བཞི་པ་རིན་ཅེན་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་རྗེ་བཙུན་མཁྱེན་རབ་ཆོས་རྗེ། རྗེ་དོན་གྲུབ་རྒྱལ་མཚན། འཇམ་དབྱངས་བྱང་གླིང་རྗེ། དྲུང་པ་ཀུན་དགའ་བཀྲ་ཤིས། རི་ལྡིང་སློབ་དཔོན་དཀོན་ཅོག་རྒྱལ་མཚན། རྩ་བའི་བླ་མ་མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་གཞི་གསུམ་གྱི་ཆོ་གའི་ལུང་མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་པར་ཞུས། བརྒྱུད་པ་མ་བྱུང་། འདུལ་འཛིན་པས་མཛད་པའི་དགེ་སློང་དང་དགེ་ཚུལ་གྱི་བསླབ་བྱའི་ལུང་ཁྲི་རིན་པོ་ཆེ་དཀོན་ཅོག་ཆོས་འཕེལ་ལ་ཞུས། གྲུབ་ཆེན་ཕག་སྨྱོན་ལ་གསན་གསུང་། དེ་ཡན་གྱི་བརྒྱུད་པ་མ་བྱུང་།


previous དང་པོ། བསྟན་པར་འཇུག་པའི་སྒོ་སོ་སོ་ཐར་པའི་སྡོམ་རྒྱུན།next