Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

17 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
17  collapse section
 expand section
17  collapse section
 expand section
collapse section
  
  
  
 
བློ་སྦྱོང་དོན་བདུན་མ་སོགས་བློ་སྦྱོང་ཁག་གི་ལུང་བརྒྱུད།
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
  
  
  
 
 
  
 
  
  
  


17 occurrences of བྱམས་པ་གླིང་
[Clear Hits]

 
previousབློ་སྦྱོང་དོན་བདུན་མ་སོགས་བློ་སྦྱོང་ཁག་གི་ལུང་བརྒྱུད།next

བློ་སྦྱོང་དོན་བདུན་མ་སོགས་བློ་སྦྱོང་ཁག་གི་ལུང་བརྒྱུད།


GLG001_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཕྱུག་བཟང་པོ་དཔལ་གྱིས་མཛད་པའི་བློ་སྦྱོང་དོན་བདུན་མའི་འཁྲིད་ཡིག་གི་སྟེང་ནས་ཐེག་པ་ཆེན་པོའི་བློ་སྦྱོང་ཉམས་འཁྲིད་དུ་ལེགས་པར་ནོས་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྒྱལ་ཚབ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། གུ་ཎ་མི་ཏྲ། སློབ་དཔོན་སེང་གེ་བཟང་པོ། བཤེས་གཉེན་གང་བ་སྤེལ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། དཔལ་ལྡན་ཨ་ཏི་ཤ །རྒྱལ་བ་འབྲོམ། པོ་ཏོ་བ་རིན་ཅེན་གསལ། ཤ་ར་བ་ཡོན་ཏན་གྲགས། འཆད་ཀ་ཡེ་ཤེས་རྡོ་རྗེ། སེ་ལོ་པ་སྤྱན་སྔའི་གསན་ཡིག་དང་ཡར་ཀླུངས་ཇོ་བོ་ཆོས་འབྱུང་མཐུན་པར་འདི་བཞིན་འདུག །རྗེ་མཁྱེན་བརྩེ། ཐར་རྩེ་པ། མཁན་ངག་ཆོས་པ་གསུམ་གྱི་གསན་ཡིག་ན་འོད་ཟེར་གཞོན་ནུ་ཟེར་བ་འདུག་པ་བརྟག །ལ་ལར་དྷརྨ་ཤེས་རབ་ཅེས་པ་སྣང་ཞིང་རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་འདི་ནས་ཚོགས་པའི་དབུ་མཛད་ཀྱི་བར་ལ་རོང་ལྷ་རིང་པ་ཁུ་དབོན་གཉིས་ཞེས་པ་ལས་


GLG001_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང་བ་ཡིག་སྐྱོན་ཞིག་ཞུགས་པ་འདྲའོ། །སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན། ལྷ་སྟོན་འོད་ཟེར་བླ་མ། ཇོ་བོ་ཆོས་འབྱུང་ན་བྱང་ཆུབ་འོད་ཟེར་དང་ལོ་པ་སྤྱན་སྔའི་གསན་ཡིག་ན་སྐྱེས་མཆོག་ལྷ་ཆེན་ཟེར་བ་སྣང་། ལྷ་སྡིངས་པ་བྱང་ཆུབ་འབུམ། ལོ་པ་སྤྱན་སྔ་པའི་གསན་ཡིག་ན་ཤེས་རབ་འབུམ་ཞེས་འདུག་ཀྱང་མཁྱེན་བརྩེ་ཐར་རྩེ་ངག་ཆོས་གསུམ་གྱི་གསན་ཡིག་ན་འདི་ལྟར་སྣང་། ལྷ་སྡིངས་དབོན་པོ་ཀུན་དགའ་རྒྱ་མཚོ། ཐར་རྩེ་བ་དང་། འཇམ་དབྱངས་མཁྱེན་བརྩེ་ངག་ཆོས་གསུམ་གྱི་གསན་ཡིག་ན་འདི་གཉིས་ལྷ་སྡིངས་པ་ཡོན་ཏན་དཔལ་ཞེས་གཅིག་ཏུ་བགྲངས་འདུག་ཀྱང་ངོར་ཆེན་ལོ་པ་སྤྱན་སྔ་དང་སྒྲུབ་ཁང་པ་གསུམ་གྱི་གསན་ཡིག་ན་འདི་བཞིན་བྱུང་བས་བླ་མ་གཉིས་ཀྱི་མཚན་གཅིག་ཏུ་འདུས་པའི་བྲིས་ནོར་བྱུང་ངམ་སྙམ། ཚོགས་པའི་དབུ་མཛད་ཡོན་ཏན་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་དཀའ་བཞི་པ་གྲགས་པ་གཞོན་ནུ། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། རྒྱ་མ་བ་ཡོན་ཏན་འོད། འཕགས་པ་བློ་འཕེལ་བ། སྤྱན་སྔ་ཚུལ་ཁྲིམས་དར་མ། སྤྱན་སྔ་བ་བསོད་ནམས་ལྷའི་དབང་པོ། རྒྱལ་སྲས་བསོད་ནམས་ལེགས་མཆོག །པཎ་ཆེན་ངག་དབང་གྲགས་པ་དཔལ་བཟང་། གཉུག་ལ་པཎ་ཆེན། སྤྱན་སྔ་ངག་དབང་ཆོས་གྲགས། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སློབ་དཔོན་དབྱིག་གཉེན་ནས། ཁ་ཆེ་བློ་གྲོས་བརྟན་པ། ཀུ་སཱ་ལི་ཆེ་ཆུང་གཉིས་མན་འདྲ། ཡང་ན་རྒྱལ་སྲས་ཐོགས་མེད་པ་ནས། གཉག་དབོན་བསོད་ནམས་བཟང་པོ། མཚན་ལྡན་ཞིག་མོ་རང་གྲོལ། ཀུན་དགའ་དཔལ་མོ། རྗེ་ངག་དབང་གྲགས་པ་དཔལ་བཟང་། ངག་དབང་ཆོས་གྲགས་མན་འདྲ། ཡང་ན་རྒྱལ་སྲས་རིན་པོ་ཆེ་ནས། མཁན་ཆེན་


GLG001_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་རྒྱལ་མཚན། མཁན་ཆེན་གྲགས་པ་བཤེས་གཉེན། འཇམ་དབྱངས་རིན་ཅེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་བློ་པ། གཉུག་ལ་པཎ་ཆེན་ངག་གི་དབང་པོ། ངག་དབང་ཆོས་གྲགས་མན་འདྲ། ཡང་ན་རྒྱལ་སྲས་རིན་པོ་ཆེ་ནས། མང་མཁར་ཚུལ་ཁྲིམས་དཔལ། སེམས་དཔའ་གཞོན་ནུ་རྒྱལ་མཆོག །མུས་ཆེན་སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན། ཆོས་རྗེ་ཤེས་རབ་བཟང་པོ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག །རྗེ་མི་གཡོ་གྲུ་བཞི། དེ་ལ་པཎ་ཆེན་དོན་གྲུབ་རྒྱལ་མཚན་དང་མཁན་ཆེན་སངས་རྒྱས་དཔལ་བཟང་གཉིས་ཀྱིས་གསན། གཉིས་ཀ་ནས་རྗེ་བཙུན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་མན་འདྲ། ཡང་ན་གཞོན་ནུ་རྒྱལ་མཆོག་ནས། བྱམས་ཆེན་སྐུ་སྐྱེ། ཆེན་པོ་ཀུན་དགའ་བཀྲ་ཤིས། འཕགས་མཆོག་ཡོན་ཏན་རྒྱ་མཚོ། པཎ་ཆེན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་མན་འདྲ། །ཡང་ན་ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས་ནས། བླ་མ་དཔལ་ལྡན་ཆོས་འབྱོར། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། །དེས་བདག་ལའོ། །ཡང་ན་མཁན་ཆེན་ཀུན་བློ་བ་ནས། མཁན་ཆེན་ཀུན་དགའ་དཔལ་འབྱོར། གྲགས་པ་རྒྱལ་མཚན། མཁན་ཆེན་བཀྲ་ཤིས་རྣམ་རྒྱལ། མཁན་ཆེན་ཀུན་དགའ་ལེགས་པ། མཁན་ཆེན་དཀོན་ཅོག་རིན་ཅེན། མཁན་ཆེན་རྣམ་སྲས་བཟང་པོ། མཁན་ཆེན་ཤེས་རབ་རིན་ཅེན། སྤྱན་


GLG001_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཀུན་དགའ་དོན་གྲུབ་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན་ནས། ཀུན་མཁྱེན་སངས་རྒྱས་འཕེལ། འཇམ་དབྱངས་ཀུན་དགའ་ཆོས་བཟང་། མཁས་པ་ལྷ་དབང་བློ་གྲོས། རྗེ་བྱམས་པ་ཕུན་ཚོགས། རས་ཆེན་དཔལ་འབྱོར་ཤེས་རབ། ངོར་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། བཀའ་དྲིན་མཉམ་མེད་གནས་གསར་བ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ཡང་ན་སེམས་དཔའ་གཞོན་ནུ་རྒྱལ་མཆོག་ནས། རི་པ་དཔལ་ལྡན་གྲགས། མཁན་ཆེན་གྲགས་པ་རྒྱ་མཚོ། མཁན་ཆེན་རིན་གྲགས་པ། མཁན་སངས་རྒྱས་བཀྲ་ཤིས། མཁན་ཆེན་དབང་ཕྱུག་དཔལ་བཟང་། པཎ་ཆེན་ངག་དབང་ཆོས་གྲགས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །འཇིག་རྟེན་དབང་ཕྱུག་བཟང་པོ་དཔལ་གྱི་དངོས་སློབ་རྗེ་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བློ་སྦྱོང་སྙན་བརྒྱུད་ཆེན་མོའམ་འཁྲིད་ཡིག་གསུང་སྒྲོས་མར་གྲགས་པའི་ལོ་རྒྱུས་གདམས་པ་དངོས་དང་བཅས་པའི་ལུང་བརྒྱུད་ནི། བཤད་མ་ཐག་པའི་དཔལ་ལྡན་ཆོས་འབྱོར་ལ་ལོ་པ་སྤྱན་སྔས་གསན་པ་དང་། མཁན་ཆེན་ངག་དབང་ཆོས་གྲགས་བརྒྱུད་པར་བཞུགས་པ་སོར་གནས་ལ་སྤྱན་སྔ་རིན་པོ་ཆེ་དང་མཁན་ཆེན་གཉིས་ཀ་ལ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། དེ་ལ་རྡོ་རྗེ་འཆང་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་གཞོན་ནུ་རྒྱལ་མཆོག་ནས། མུས་ཆེན་སེམས་དཔའ་ཆེན་པོ། མཚུངས་མེད་སངས་རྒྱས་འཕེལ། རྗེ་བཙུན་ཀུན་དགའ་ཆོས་བཟང་། ལྷ་དབང་བློ་གྲོས། བྱམས་པ་ཕུན་ཚོགས། དཔལ་འབྱོར་ཤེས་


GLG001_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རབ། སྒྲུབ་པ་ཁང་པ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །བརྒྱུད་པ་འདི་སྐོར་ལ་རྩོམ་པ་པོ་དངོས་སུ་མི་གསལ་བ་རྒྱལ་སྲས་རིན་པོ་ཆེའི་གསུང་ཇི་ལྟ་བ་ཟིན་བྲིས་སུ་མཛད་པའི་དབང་གིས་རྒྱལ་སྲས་པས་རྒྱ་མ་བ་དང་མང་མཁར་བ་སོགས་ལ་གནང་བ་ཡིན་འདུག །ཡང་ན་རྒྱལ་སྲས་རིན་པོ་ཆེ་ནས་འགྲོ་མགོན་དཔལ་ལྡན་ཡེ་ཤེས། མཁས་པ་གཞོན་ནུ་རྒྱལ་མཆོག་མན་འདྲ། མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལའང་ནོས་པ་སླར་གྱི་རྟེན་འབྲེལ་དུ་མཇུག་ནས་ཤོག་བུ་སུམ་ཅུ་ཙམ་ཞིག་འཇོག་པ་གནང་སོང་བ་འཕྲོ་ཅན་དུ་ལུས། རྗེ་དེ་ཉིད་ཀྱིས་དབེན་ས་བླ་མ་སངས་རྒྱས་ཡེ་ཤེས་ལ་གསན། དེ་ཡན་གྱི་བརྒྱུད་པ་མ་རྙེད། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གིས་མཛད་པའི་ཐེག་པ་ཆེན་པོའི་བློ་སྦྱོང་གི་ལུས་ཡན་ལག་དང་བཅས་པའི་དོན་ཅུང་ཟད་བཤད་པ་བློ་སྦྱོང་དོན་གསལ་ཤེས་རབ་གསལ་སྒྲོན་ནམ་ལེགས་བཤད་ཀུན་འདུས་སུ་གྲགས་པའི་ལུང་ནོས་པའི་བརྒྱུད་པ་ནི། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་ཡན་དོན་བདུན་མ་ལྟར་ལ། དེ་ནས་བྱམས་ཆེན་སྐུ་སྐྱེ། རྗེ་ཀུན་དགའ་བཀྲ་ཤིས། འཕགས་མཆོག་ཡོན་ཏན་རྒྱ་མཚོ། པཎ་ཆེན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། བཀའ་དྲིན་མཉམ་མེད་ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །སུམ་པ་ལོ་ཙཱ་བ་དཔལ་


GLG001_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་པོའི་རྡོ་རྗེས་རྒྱ་གར་དུ་བྱོན་དུས་མཁའ་འགྲོ་མའི་རྡོ་རྗེའི་ཚིག་བཞི་པ་རྗེ་བཙུན་སྒྲོལ་མས་གསུངས་པ་ལ་བརྟེན་ནས་ཐུགས་རྒྱུད་ལ་འཁྲུངས་པའི་སུམ་པ་ལོ་ཙཱ་བའི་བློ་སྦྱོང་སྙན་བརྒྱུད་དུ་གྲགས་པ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་ཟིན་བྲིས་ཀྱི་སྟེང་ནས་ཉམས་འཁྲིད་དུ་ལེགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། རྗེ་བཙུན་སྒྲོལ་མ། སུམ་པ་ལོ་ཙཱ་བ། ཆོས་རྗེ་ས་པཎ། འགྲོ་མགོན་འཕགས་པ། ཞང་དཀོན་ཅོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ཆོས་རྗེ་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་ཀུན་སྤངས་ཆོས་རྗེ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བསྟན། བཀའ་དྲིན་མཉམ་མེད་སེམས་དཔའ་ཆེན་པོ་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལ་སྩལ་ཏོ། ཡང་ན་བླ་ཆེན་ཀུན་དགའ་རྒྱལ་མཚན་ནས། ངོར་ཆེན་རྡོ་རྗེ་འཆང་། རྗེ་བསོད་ནམས་སངས་རྒྱས། རྗེ་བཙུན་རྡོ་རིང་པ་ཆེན་པོ་མན་འདྲ། ཡང་ན་རྗེ་རྡོ་རྗེ་རིང་པ་ནས། སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ས་པཎ་ནས། གྲུབ་ཐོབ་མཚོ་འཕྲེང་བ་རིན་ཅེན་བཟང་པོ། འདར་ཕྱར་ཡིན། མཁས་གྲུབ་ཆོས་རྗེ། རི་ཁྲོད་རས་ཆེན། པྲ་ཛྙ་བོ་དྷི། དོན་ཞགས་པ་སངས་རྒྱས་རིན་ཅེན། འཁྲུལ་ཞིག་གྲགས་པ་ཚུལ་ཁྲིམས། མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བསོད་ནམས་རིན་ཅེན།


GLG001_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་གཞོན་ནུ་རྒྱལ་མཆོག །མུས་ཆེན་སེམས་དཔའ་ཆེན་པོ། དྲིན་ཅན་མཁྱེན་རབ་ཆོས་རྗེ། དྲིན་ཅན་རྡོ་རྗེ་རིང་མན་འདྲ། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་འཁྲིད་ཡིག་གི་ལུང་ཡང་ཐོབ།མཁས་པ་ཆེན་པོ་གཞོན་ནུ་རྒྱལ་མཆོག་དང་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན་དཔོན་སློབ་གཉིས་ཀྱིས་ཐེག་པ་ཆེན་པོ་བློ་སྦྱོང་གི་རྒྱ་གཞུང་བོད་གཞུང་ཤིན་ཏུ་གཅེས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྐོར་ལ། མུས་ཆེན་སེམས་དཔའ་ཆེན་པོས་མཛད་པའི་གླེགས་བམ༼ཀ༽དཀར་ཆག །ཇོ་བོ་ཆེན་པོ་ལྷ་གཅིག་གིས་རྒྱལ་སྲིད་སྤངས་ནས་ཐར་པར་བྱོན་པའི་རྣམ་པར་༼ཀ༽ཐར་པ་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པ། ཇོ་བོ་རྗེས་མཉམ་མེད་གསེར་གླིང་པ་ཆོས་ཀྱི་གྲགས་པའི་དྲུང་དུ་བྱང་ཆུབ་ཀྱི་སེམས་འཚོལ་བའི་སླད་དུ་དཀའ་བ་སྤྱད་ནས་བྱོན་པའི་རྣམ་༼ཀ༽ཐར་ཇོ་བོ་ཆེན་པོ་ཉིད་ཀྱིས་གསུངས་པ། ཇོ་བོ་ཆེན་པོ་ཨ་ཏི་ཤས་མཛད་པའི་བློ་སྦྱོང་དོན་བདུན་མའི་༼ཀ༽གཞུང་རྒྱས་པ་མཆན་བཅས། རྩ་བ་འདི་གཉིས་ལ་མང་ཉུང་ཡོད་པས་ལུང་སོ་སོར་གནང་བ་དེ་ཀ་དངོས་གཙང་། དེ་ལས་བཏུས་བའི་རྩ་༼ཀ༽བ་མཆན་མེད་གཅིག །འགོར་བདེ་ལེགས་ཀུན་འབྱུང་རིན་ཐང་མེད་པའི་སྐུ་ཞེས་ཡོད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་བ་བཀའ་གདམས་༼ཀ༽ཡང་སྙིང་པོ་མཚར་ཆེའོའི་མཐའ་ཅན། འཇིགས་པའི་གཅན་གཟན་སྣ་ཚོགས་རྒྱུ་བའི་ནགས་ཁྲོད་དུ་ལུང་རིགས་དང་རྟོགས་པའི་རྣལ་འབྱོར་པ་ཆེན་པོ་དྷརྨ་རཀྵི་ཏས་བླ་མ་དམ་པའི་གསུང་ལྟར་བསྡེབས་ནས་ཇོ་བོ་ཨ་ཏི་ཤ་ལ་གནང་བའི་དགྲ་བོ་གནད་ལ་དབབ་


GLG001_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་སྦྱོང་མཚོན་ཆ་༼ཁ༽འཁོར་ལོ། །རི་ནག་པོའི་ཁོང་གསེང་ན་གནས་པའི་བླ་མ་དམ་པ་བཤད་མ་ཐག་པས་མཛད་པའི་བློ་སྦྱོང་རྨ་བྱ་དུག་༼ཁ༽འཇོམས། བླ་མ་བྱམས་པའི་རྣལ་འབྱོར་པའི་གྱེར་སྒོམ་རྡོ་རྗེའི་གླུ་༼ག༽བླངས་པས་ཆུ་བོ་གངྒཱའི་འགྲམ་དུ་བྱམས་པ་ལྷའི་རྒྱལ་པོའི་ཆ་བྱད་ཀྱིས་གསུངས་པ་ཇོ་བོ་ཆེན་པོས་བོད་དུ་ལྐོག་ཁྲིད་དུ་མཛད་པ། བྱམས་པའི་རྣལ་འབྱོར་པ་ལུགས་ཀྱི་བློ་སྦྱོང་སེམས་དཔའི་རིམ་པ་ལས་ཉོན་མོངས་༼ག༽པ་གཏན་ལ་དབབ་པའི་ཆོས། བློ་སྦྱོང་སེམས་དཔའི་རིམ་པ་ལས་བཟློག་ཕྱོགས་༼ག༽གཉེན་པོའི་ཆོས། བློ་སྦྱོང་སེམས་དཔའི་རིམ་པ་ལས་རང་རྒྱུད་ངན་སྨ་དབབ་༼ག༽པའི་ཆོས། བློ་སྦྱོང་སེམས་དཔའི་རིམ་པ་ལས་ཟག་བཅས་དགེ་བའི་སྟོབས་བསྐྱེད་༼ག༽པའི་ཆོས། གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆེད་དུ་གནང་པའི་༼ང༽བློ་སྦྱོང་གི་རྩ་བ། འདི་དང་འོག་གི་འགྲེལ་བའི་ནང་གི་རྩ་བ་གཉིས་ཞུས་དག་མི་འཕེར་བ་འདུག །ཉོན་མོངས་ལམ་དུ་བླང་བའི་མན་༼ཅ༽ངག་ཉོན་མོངས་པ་ཐམས་ཅད་ལ་སྦྱར་བར་ཤེས་པར་བྱ་བ། བླ་མའི་རྣལ་འབྱོར་དངོས་མཇུག་༼ཅ༽གསུམ་གྱིས་བསྟན་པ་སྤྱིལ་བུ་བའི་ཞལ་ནས་ངའི་སྙིང་ཕྱུང་ནས་བསྟན་ཀྱང་ཤ་དམར་ལྷོ་ལྷོག་པ་ཁམ་གཅིག་ལས་མི་གདའ་ཞེས་བསྔགས་པར་མཛད་པ། ཡི་གེ་གསུམ་ལ་༼ཅ༽བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་སྡིག་གྲིབ་སྦྱོང་བ། འདི་ལ་ལུང་རྒྱུན་སྣང་བས་དཀར་ཆག་དང་གསན་ཡིག་ན་མི་གསལ་བ་ཆད་དམ་སྙམ། རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་ཤ་འཁོན་སྦྱོང་བའི་མན་༼ཅ༽ངག །རྡོ་རྗེ་གདན་གྱི་ཤར་ཕྱོགས་ནས་རྣལ་འབྱོར་མ་གཉིས་ཀྱི་དྲི་བ་དྲིས་ལན་གྱི་ཚུལ་གྱིས་ཇོ་བོ་ཆེན་པོ་ལ་སེམས་


GLG001_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་༼ཆ༽བར་བསྐུལ་ནས་གནང་བའི་བློ་སྦྱོང་། འདི་ལ་ལོ་རྒྱུས་ལས་བློ་སྦྱོང་དངོས་གཞི་མ་བྱུང་བ་གསང་སྔགས་ལུགས་འདི་གསུངས་ཞེས་པ་ལྟར་ན་འདི་ཁའི་གོང་འོག་གཉིས་པོ་སུ་རིགས་ཤིག་ཡིན་ནམ་སྙམ། ཇོ་བོ་ཆེན་པོས་གསུངས་པའི་ཕན་ཡོན་བརྒྱད་དང་ལྡན་པའི་ཀུ་སུ་ལུའི་ཚོགས་༼ཆ༽གསོག་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱིས་ཁྲོ་ཕུ་ལོ་ཙཱ་བར་གནང་བའི་བློ་སྦྱོང་སྐྱིད། ༼ཇ༽སྡུག་ལམ་འཁྱེར་གྱི་མན་ངག་གོའི་མཐའ་ཅན། འཇམ་དབྱངས་ས་ལོས་ཟུར་ཆག་ཏུ་འདི་ལྟར་གྲགས་ཀྱང་དགེ་བ་ཅན་ཏེ་ཀུ་སཱ་ལིར་བཞེད་ལ་ལོ་ཆེན་བྱང་རྩེས་མ་བཅོས་པའམ་ལྷུག་པ་ཞེས་པའི་སྐད་དོད་ཡིན་གསུངས། གྲུབ་ཐོབ་སུམ་པ་ལོ་ཙཱ་བ་ལ་མཁའ་འགྲོ་མ་དམར་སྔོ་གཉིས་ཀྱི་དྲི་བ་དྲིས་ལན་གྱི་ཚུལ་གྱིས་གནང་བའི་སྙན་བརྒྱུད་༼ཉ༽བློ་སྦྱོང་འཆི་རྒྱུ་མེད་པ་ལགས་སོའི་མཐའ་ཅན། རིགས་གསུམ་མགོན་པོ་ལས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཛད་པ་རླབས་ཆེ་བར་བསྟན་པའི་ཀུན་ཏུ་བཟང་པོའི་བློ་སྦྱོང་༼ཏ༽འཁོར་བ་མ་སྟོངས་བར་དུ་འབྱུང་གསུང་བའི་མཐའ་ཅན། ཇོ་བོ་ཆེན་པོ་ལ་བྱང་ཆུབ་ཀྱི་སེམས་སྟོན་པའི་བླ་མ་གསུམ་གྱི་ནང་ནས་གསེར་གླིང་པ་ལྷག་པའི་ལོ་རྒྱུས་དང་བཅས་པའི་བློ་སྦྱོང་ཐུན་བརྒྱད་༼ཏ༽མ་ཞོ་ཤ་མི་བསྲི་བར་ཕན་འདོགས་གསུང་བའི་མཐའ་ཅན། ཐུན་བརྒྱད་མ་ལག་ལེན་དུ་བྱེད་ཚུལ་དགེ་བཤེས་སྟོན་པའི་༼ཐ༽མན་ངག་ལ་ཟས་ལ་བརྟེན་པའི་བློ་སྦྱོང་ལེའུ་དང་པོ། དབུགས་ལ་བརྟེན་པའི་བློ་སྦྱོང་ལེའུ་གཉིས་པ། ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་བློ་སྦྱོང་ལེའུ་གསུམ་པ། ཤ་ཁྲག་གཏང་བའི་བློ་སྦྱོང་ལེའུ་བཞི་པ། གཏོར་མ་ལ་བརྟེན་པའི་བློ་སྦྱོང་ལེའུ་ལྔ་པ། འབྱུང་བ་ལ་བརྟེན་པའི་བློ་སྦྱོང་ལེའུ་དྲུག་པ། ལུས་ཡིད་


GLG001_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ནོར་བུ་རིན་པོ་ཆེར་སྤྲུལ་པའི་བློ་སྦྱོང་ལེའུ་བདུན་པ། འཆི་ཁ་མའི་བློ་སྦྱོང་གི་མན་ངག་ལེའུ་བརྒྱད་པ་རྣམས། ལྟས་ངན་གཡང་དུ་ལེན་པ་སོགས་མན་ངག་བཞི་ལ་བརྟེན་པའི་བློ་སྦྱོང་གེགས་སེལ་༼ཐ༽འདོད་ཐོག་ཏུ་བྱེད་པ་ཡིན་གྱི་མཐའ་ཅན། བརྗེད་པའི་གནས་བཞི་དང་འཆོར་བའི་གནས་བཞི་ལ་བརྟེན་པའི་མ་འོངས་པའི་འགལ་རྐྱེན་སྤོང་བའི་བློ་སྦྱོང་༼ཐ༽དཔལ་མར་མེ་མཛད་ནས་བརྒྱུད་པའི་གདམས་པ། འགོར་དུས་གསུམ་སངས་རྒྱས་ཀུན་གྱི་ལམ་གྱི་མཆོག་ཅེས་ཡོད་པའི་ཇོ་བོའི་བློ་སྦྱོང་༼ད༽དོན་བདུན་མ་མདོ་དང་བསྟན་བཅོས་རྣམས་ལ་ལེགས་པར་བལྟའོའི་མཐའ་ཅན། བློ་སྦྱོང་ཡིད་བཞིན་ནོར་བུ་དང་ལྷན་ཐབས་བཞི་པ་ཆེ་བར་ཡང་གྲགས། བློ་སྦྱོང་ཐུན་གཅིག་༼ན༽མ་ཞེས་པ་དཔལ་སྣར་ཐང་གི་མཁན་པོ་མཆིམས་ནམ་མཁའ་གྲགས་པས་མཛད་པ། མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་འབྱོན་ཁར་རྣམ་དག་གཙུག་གི་ནོར་བུ་ལ་སྤྱི་ཆོས་སུ་༼པ༽གདམས་པ། དཔལ་ལྡན་བིར་ཝ་པའི་བློ་སྦྱོང་དར་པཎ་གྱི་གསུང་གློ་བོ་ལོ་ཙཱ་བའི་འཁྲིད་ཡིག་མཉམ་མེད་སྙིང་རྗེའི་༼ཕ༽མན་ངག །དགེ་བའི་བཤེས་གཉེན་གླང་ཐང་པ་ཆེན་པོས་མཛད་པའི་བློ་སྦྱོང་ཚིག་རྐང་བརྒྱད་མའི་རྩ་༼བ༽བ་ལ་འཆད་ཀ་བས་འགྲེལ་བ་མཛད་པ་སྨོན་ལམ་ཡང་ཡང་གདབ་པར་བྱའོའི་མཐའ་ཅན། དེའི་ཞར་བྱུང་དུ་ཨ་ཙ་ར་གཟུགས་ངན་གྱི་གཏམ་རྒྱུད་ཡོད་པ། མགོན་པོ་ཨ་ཏི་ཤ་ལ་གསེར་གླིང་པ་ཆོས་ཀྱི་གྲགས་པས་གསུངས་པའི་གོང་གི་མཐའ་འཁོབ་འདུལ་བའི་༼ད༽རྩ་བ། འདྲ་མིན་ལ་འགྲེལ་བ་དང་བཅས་པ་གསུང་བར་གདའ་འོའི་མཐའ་ཅན། འགོར་བྱམས་པ་ཐོགས་མེད་ལ་སོགས་དང་ཞེས་པའི་བློ་སྦྱོང་དོན་བདུན་མ་སྡེ་སྣོད་ཐམས་ཅད་ཀྱི་བཅུད་ཏིག་པའི་


GLG001_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཉིང་༼ད༽ཁུ་འོའི་མཐའ་ཅན། འགོར་ཀུན་མཁྱེན་ཐུགས་ནི་བརྩེ་བའི་དབང་སྒྱུར་ཅིང་ཞེས་ཡོད་པའི་སྣར་ཐང་པ་སངས་རྒྱས་སྒོམ་པས་མཛད་པའི་བློ་སྦྱོང་ཚོགས་༼ཆ༽བཤད་ཆེན་མོ། ཞང་རཏྣ་གུ་རུའི་ཚོགས་ཆོས་ཀྱང་ཟེར། འདུས་བྱས་ལ་རྟག་པ་མེད་ཀྱི་ཞེས་སོགས་རྒྱལ་བ་ཡང་དགོན་པས་མཛད་པའི་བློ་སྦྱོང་ཉམས་ལེན་གནད་ཐོག་༼མ༽ཏུ་སྐྱོང་ངོའི་མཐའ་ཅན། ཇོ་བོ་རྗེ་ལྷ་གཅིག་གི་བློ་སྦྱོང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་ན་རྟེན་འབྲེལ་༼ཙ༽སྙིང་པོ་ཞེས་བྱའོའི་མཐའ་ཅན་རྣམས། རྟེན་འབྲེལ་སྙིང་པོའི་འཁྲིད་ཀྱང་ཟེར། དཀར་ཆག་ཏུ་མི་གསལ་བ་བློ་སྦྱོང་༼ཀ༽གསུང་སྒྲོས་མའི་ཁ་སྐོང་དུ་མུས་ཆེན་སེམས་དཔའ་ཆེན་པོས་སངས་རྒྱས་སྒོམ་པའི་ཚོགས་བཤད་ནས་བཏུས་ཏེ་མཛད་པ་རྣམས་ལེགས་པར་ཐོབ་པའི། ཀའི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། ཐུབ་དབང་། བྱམས་པ། ཐོགས་མེད་སྐུ་མཆེད། གྲོལ་སྡེ་རྣམ་གཉིས། གུ་ཎ་མི་ཏྲ། སེང་གེ་བཟང་པོ། གང་སྤེལ། དགེ་བ་ཅན་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་ཆེན་པོ། འབྲོམ། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། ལྷ་སྟོན་པ། ལྷ་སྡིངས་པ། དེ་དབོན་ཀུན་རྒྱམ། དབུ་མཛད་ཡོན་ཏན་དཔལ། མཁན་བདེ་བ་དཔལ། དཀའ་བཞི་པ་གྲགས་གཞོན། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་པ། མང་མཁར་ཚུལ་ཁྲིམས་དཔལ། སེམས་དཔའ་གཞོན་ནུ་རྒྱལ་མཆོག །མུས་ཆེན་སེམས་དཔའ་ཆེན་པོ། རྗེ་བཙུན་སངས་རྒྱས་རིན་ཅེན། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། རྗེ་དཀོན་ཅོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། མུས་པ་གྲུབ་པའི་དབང་ཕྱུག །འཇམ་དབྱངས་ངག་དབང་ཀུན་དགའ་བསོད་


GLG001_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ནམས། དེ་སྲས་འཁོན་སྟོན་བསོད་ནམས་དབང་ཕྱུག །ཞ་ལུ་མཁན་ཆེན་ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །རྣམ་ཐར་ཆོས་ཀྱི་འབྱུང་གནས་ཀྱི་བརྒྱུད་ལུགས་གཅིག་ནི། མུས་ཆེན་སེམས་དཔའ་ཆེན་པོ་ནས། རྒྱལ་བ་བྱམས་ཆེན་རབ་འབྱམས་པ། རྗེ་ཀུན་དགའ་ཆོས་བཟང་། མངའ་རིས་པ་ལྷ་དབང་བློ་གྲོས། བླ་མ་བྱམས་པ་ཕུན་ཚོགས། རྗེ་དཔལ་འབྱོར་ཤེས་རབ། མཁས་གྲུབ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཁའི་རྟགས་ཡོད་པའི་བརྒྱུད་པ་ནི། ཐུབ་དབང་། བྱམས་པ། བྱམས་པའི་རྣལ་འབྱོར་བ། བླ་མ་དྷརྨ་རཀྵི་ཏ། ཇོ་བོ་ཆེན་པོ། འབྲོམ། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། སྐྱེས་མཆོག་ལྷ་ཆེན། ལྷ་འགྲོ་བའི་མགོན་པོ། འོད་འཇོ་བ། ལོ་པ་སྤྱན་སྔའི་གསན་ཡིག་ན་འདི་གཉིས་གཅིག་ཏུ་བྱས་ནས་སྨྲ་སྟོན་ཞེས་སྣང་བས་དཔྱད། མཁན་པོ་དམར་སྟོན། མཁན་ཆེན་ཤེས་རབ་རྡོ་རྗེ། དོན་ཞགས་པ་སངས་རྒྱས་རིན་ཅེན། བླ་མ་གྲགས་པ་ཚུལ་ཁྲིམས། ཆོས་རྗེ་རྒྱལ་བ་བཟང་པོ། གནུབས་ཆོས་ལུང་པ་བསོད་ནམས་རིན་ཅེན། མཁན་ཆེན་གཞོན་ནུ་རྒྱལ་མཆོག་མན་འདྲ། ཡང་ན་དོན་ཞགས་པ་ནས། འཆད་ཀ་བ་སེང་གེ་རྒྱལ་མཚན། མཁན་རིན་ཅེན་རྒྱལ་མཚན། མཁན་རྒྱལ་བ་ཕྱག་ན། མཁན་ཀུན་དགའ་བློ་གྲོས། གཉུག་ལ་པཎ་ཆེན། སྤྱན་སྔ་ངག་དབང་ཆོས་གྲགས། ལོ་གཟིམས་འོག་པ་བྱམས་པ་ཆོས་འབྱོར་དཔལ་བཟང་། ཡངས་ཅན་སྤྱན་སྔ་རྣམ་རྒྱལ་དཔལ་བཟང་། སྟག་ལུང་པ་ངག་དབང་རྣམ་རྒྱལ། འོལ་བ་པ་ངག་དབང་ཆོས་གྲགས། ཁྱབ་བདག་སྨན་ལུང་བློ་གྲོས་མཆོག་གི་རྡོ་


GLG001_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །གའི་རྟགས་ཡོད་པའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། བྱམས་པའི་རྣལ་འབྱོར་པ། ཇོ་བོ་ཆེན་པོ་མན་མཚོན་ཆ་འཁོར་ལོ་དང་འདྲ། ངའི་རྟགས་ཡོད་པའི་བརྒྱུད་པ་ནི། སངས་རྒྱས།  བྱམས། ཐོགས་མེད་སྐུ་མཆེད། བློ་གྲོས་བརྟན་། ཀུ་སཱ་ལི་ཆེ་ཆུང་གཉིས། བླ་མ་གསེར་གླིང next hit་པ། ཇོ་འབྲོམ་ཡབ་སྲས། པོ་ཏོ་བ། ཤ་ར་བ། མལ་དྲོ་བ། བྲག་དམར་བ། ཞང་བྲག་དཀར་བ། བླ་མ་དཀོན་ཅོག་བྱང་ཆུབ། གཞོན་ནུ་གྲགས་པ། སློབ་དཔོན་ཞང་། ཤེས་རབ་བསོད་ནམས། སློབ་དཔོན་བརྩོན་འགྲུས། སློབ་དཔོན་ཆོས་མཆོག །དོན་ཞགས་པ་མན་མཚོན་ཆ་འཁོར་ལོ་དང་འདྲ། ཅའི་རྟགས་ཡོད་པའི་བརྒྱུད་པ་ནི། སངས་རྒྱས། previous hit བྱམས། ཐོགས་མེད་སྐུ་མཆེད། ཀུ་སཱ་ལི་གཉིས། གསེར་གླིང next hit་པ། ཇོ་འབྲོམ། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སྤྱིལ་བུ་བ། སློབ་དཔོན་ལྷ། ལྷ་སྡིངས་དབོན་པོ། །ཆོས་ཀྱི་སེང་གེ །རྒྱ་སྟོན་བྱང་རྒྱལ། མཁན་པ་གཞོན་བྱང་། རིན་ཅེན་འབྱུང་གནས་དཔལ། དོན་ཞགས་པ་མན་འདྲ། ཆའི་རྟགས་ཡོད་པའི་བརྒྱུད་པ་ནི། ཇོ་མོ་སྒྲོལ་མ། ཁྲོ་གཉེར་ཅན། ཇོ་འབྲོམ་གཉིས། སྤྱན་སྔ་བ། བྱ་ཡུལ་བ། གཙང་པ་རིན་པོ་ཆེ། གླང་ལུང་པ། སངས་རྒྱས་སྒོམ་པ། ཟམ་སེ་རིན་སངས་པ། ལོ་པ་སྤྱན་སྔའི་གསན་ཡིག་ན་ཟེམ་སེ་རིང་པོ་ཟེར་པ་དག་གམ་སྙམ། གོམ་པ་བྱང་སྐྱབས་ཡེ་ཤེས་ཞབས། ལོ་པ་སྤྱན་སྔའི་གསན་ཡིག་ན་འདི་གཉིས་གཅིག་ཏུ་བརྩིས་པའི་ཤཱི་ལ་པྲཛྙཱ་ཟེར་བ་འདུག །ཤཱི་ལ་བཛྲ། དོན་ཞགས་པ་མན་མཚོན་ཆ་འཁོར་ལོ་དང་གཅིག །ཇའི་རྟགས་ཡོད་པའི་བརྒྱུད་པ་ནི། ཁ་ཆེ་པཎ་ཆེན། ཁྲོ་ཕུ་ལོ་ཙཱ་


GLG001_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བ། ལྷོ་བྲག་པ་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། བྱང་སེམས་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་བཤེས་གཉེན། གནུབས་ཆོས་ལུང་པ་བསོད་ནམས་རིན་ཅེན་མན་མཚོན་ཆ་འཁོར་ལོ་དང་འདྲ། ཡང་ན་མཁན་ཆེན་བདེ་བ་དཔལ་ནས་བཀའ་བཞི་པ་གྲགས་གཞོན། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་པ། རྗེ་ཚུལ་ཁྲིམས་དཔལ། གཞོན་ནུ་རྒྱལ་མཆོག་མན་མཚོན་ཆ་འཁོར་ལོ་དང་འདྲ། ཉའི་རྟགས་ཡོད་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། སྒྲོལ་མ། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན། རྗེ་ས་པཎ། གྲུབ་ཐོབ་འདར་ཕྱར། མཁས་གྲུབ་ཆོས་རྗེ། རི་ཁྲོད་རས་ཆེན་ཤེས་རབ་བྱང་ཆུབ། དོན་ཞགས་པ་མན་འདྲ། ཡང་ན་ས་པཎ་ནས། འཕགས་པ། ཞང་དཀོན་ཅོག་དཔལ། བྲག་ཕུག་པ། བླ་མ་དམ་པ། རྒྱལ་སྲས་ཐོགས་མེད་པ་མན་སྐྱིད་སྡུག་ལམ་ཁྱེར་དང་འདྲ། ཏའི་རྟགས་ཡོད་པའི་བརྒྱུད་པ་ནི། ཇོ་བོ་ཆེན་པོ། ལོ་པའི་གསན་ཡིག་ན་བར་འདིར་འབྲོམ་སྟོན་འདུག །འཛེང་དགོན་པ་བ་དབང་རྒྱལ། སྣེའུ་ཟུར་པ། སྒྱེར་སྒོམ་པ། སངས་རྒྱས་དབོན་སྟོན་གཞོན་ནུ་འབྱུང་གནས། ཟངས་དགོན་པ། ལོ་པའི་གསན་ཡིག་ན་ཟོང་དགོན་ཟེར་ཞིང་འདི་གཉིས་སྦྲེལ། མཁན་པོ་ཆོས་ལྡན་པ། སློབ་དཔོན་ཤཱཀྱ་བཀྲ་ཤིས། རྒྱ་མ་བ་བཀྲ་ཤིས་རྒྱལ་མཚན། དོན་ཞགས་པ་མན་འདྲ། ཐའི་རྟགས་ཡོད་པའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད་སྐུ་མཆེད། གྲོལ་སྡེ་གཉིས། མཆོག་གི་སྡེ། དུལ་བའི་སྡེ། རྣམ་སྣང་མཛད། སེང་བཟང་། རིན་པོ་ཆེའི་མདོ། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན་པ། སྐུ་མཆེད་གསུམ། གསུམ་གས་གླང་ཐང་པ་རྡོ་རྗེ་སེང་


GLG001_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གེ་དང་ཤ་བོ་སྒང་པ་གཉིས་ལ་གནང་། དེ་གཉིས་ཀྱིས་སློབ་དཔོན་ཞང་ཞུང་པ་དང་ཏམ་ཏང་བུ་ཁུར་གཉིས་ལ་གནང་། དེ་གཉིས་ཀྱིས་སངས་རྒྱས་ཇོ་བོ་ལ་གནང་ལུང་ནང་མཁན་པོ། ལོ་པའི་གསན་ཡིག་ན་ལུང་སྒོམ་པ་དང་མཁན་པོ་རིན་ཅེན་ཞེས་སོ་སོར་ཕྲལ་འདུག །འབྲོམ་སྟོན་ཤེར་རིན། སློབ་དཔོན་གཞོན་ནུ་བསམ་གཏན། དོན་ཞགས་པ་མན་འདྲ། གླང་རི་ཐང་པའི་ཚིག་རྐང་བརྒྱ་པའི་རྩ་བ་ཁྱབ་བདག་ཞ་ལུ་པས་སྒྱེ་ཆུ་མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་ལ་གསན་ཞིང་དེ་ཡན་སླར་དཔྱད་དོ། །དའི་རྟགས་ཡོད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏཻ་ལོ་པ། ནཱ་རོ་པ། ཌོམྦྷི་པ། ཇོ་བོ་རྗེ། འཛེས་དབང་རྒྱལ། པོ་ཏོ་བ། གླང་ཐང་པ། རྒྱ་ལྕགས་རི་བ། ལྷ་རི་རྩ་བརྒྱད་པ། དྭགས་པོ་ལྷ་རྗེ། ཕག་མོ་གྲུ་པ། རྒྱ་སྒོམ་ཞིག་པོ། རྒྱ་མཁར་རི་པ། བྲག་དམར་བ་མན་མཐའ་འཁོབ་འདུལ་བ་དང་འདྲ། ནའི་རྟགས་ཡོད་པའི་བརྒྱུད་པ་ནི། ཇོ་འབྲོམ་གཉིས། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། ལྷ་དབོན་པོ། གནས་བརྟན་འདུལ་འཛིན། མཆིམས་ཆེན་མོ། མཆིམས་ཡོན་ཏན་བླ་མ། འགྲོ་མགོན་བཤེས་གཉེན། དོན་ཞགས་པ་མན་མཚོན་ཆ་འཁོར་ལོ་དང་འདྲ། པའི་རྟགས་ཡོད་པའི་བརྒྱུད་པ་ནི། ཇོ་འབྲོམ་ཡབ་སྲས། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། ལྷ་སྤྱིལ་བུ་བ། ལྷ་འགྲོ་མགོན། འོད་འཇོ་བ། མཁན་པོ་དམར་སྟོན། ཇོ་གདན་རླུང་ཤོད་པ། བཤེས་གཉེན་ཤེས་རབ་བཟང་པོ། དོན་ཞགས་པ་མན་མཚོན་ཆ་འཁོར་ལོ་དང་འདྲ། ཕའི་རྟགས་ཡོད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བིལ་བ་པ། ཌོམྦྷི་པ། དཔལ་འཛིན། མ་ཏི་བ། ནི་སྐ་ལཾ་ཀ །རེ་ཝེནྡྲ། ཆག་ཆོས་རྗེ་དཔལ་གཞོན་ནུ་རྒྱལ་མཚན། བློ་


GLG001_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་དཔལ། ཡེ་ཤེས་ཞབས་བཟང་པོ། དོན་ཞགས་པ་མན་འདྲ། བའི་རྟགས་ཡོད་པའི་བརྒྱུད་པ་ནི། ཐུབ་པ། previous hit བྱམས། ཐོགས་མེད་སྐུ་མཆེད། གྲོལ་སྡེ་གཉིས། སེང་བཟང་། དགེ་བ་ཅན་ཆེ་ཆུང་། གསེར་གླིང next hit་པ། ཇོ་འབྲོམ་གཉིས། པོ་ཏོ་བ། གླང་རི་ཐང་པ། གླང་ཐང་ཞང་ཞུང་པ། སངས་རྒྱས་ཇོ་བོ། ལུང་སྒོམ་པ། མཁན་པོ་རིན་ཅེན། འབྲོག་སྟོན་ཤེར་རིན། སློབ་དཔོན་གཞོན་བསམ། དོན་ཞགས་པ་མན་འདྲ། མའི་རྟགས་ཡོད་པའི་བརྒྱུད་པ་ནི། རྒྱལ་བ་ཡང་དགོན་པ་ནས་བླ་མ་གཉིས་ཙམ་ཞིག་མ་རྙེད། དེ་ནས་བྱང་སེམས་གཞོན་ནུ་རྒྱལ་མཆོག་མན་འདྲ། ཙའི་རྟགས་ཡོད་པའི་བརྒྱུད་པ་ནི། ཐུབ་པ། previous hit བྱམས། གསེར་གླིང next hit་པ། ཇོ་འབྲོམ་གཉིས། པོ་ཏོ་བ། ལྕགས་རི་བ། ཆོས་ཀྱི་གཡུང་དྲུང་། སྙེ་ཕུ་རྒྱ་སྒོམ། བྲག་རམ་པ། ཉེན་ཆེན་པ། ཤེས་རབ་འབུམ། ཐོགས་མེད་བཟང་པོ་དཔལ། མང་མཁར་ཚུལ་ཁྲིམས་དཔལ། སེམས་དཔའ་གཞོན་ནུ་རྒྱལ་མཆོག་མན་མཚོན་ཆ་འཁོར་ལོ་དང་འདྲ།བྱང་སེམས་རྭ་བསྒྲེང་པས་མཛད་པའི་བློ་སྦྱོང་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱི་བརྒྱུད་པ་ནི། ལྷ་སྟོན་པ་ཡན་བློ་སྦྱོང་དོན་བདུན་མ་དང་འདྲ་བ་ལ། དེ་ནས་ལྷ་བྲག་ཁ་པ། ལྷ་ཟུར་ཁང་པ། ལྷ་ཆོས་སྐུ་བློ་གྲོས་འོད། དེ་ལ་བྱང་སེམས་སེང་གེ་རྒྱལ་མཚན། ལྷ་ཤཱཀྱ་བསོད་ནམས་རྒྱལ་མཚན་གཉིས་ཀྱི་གསན། གཉིས་ཀ་ལ་བྱང་སེམས་རྭ་བསྒྲེང་བ། བར་འདིར་བླ་མ་གསུམ་ཙམ་ཞིག་མ་རྙེད། རིམ་བཞིན་ལྷ་བཙུན་བསོད་ནམས་དཔལ་བཟང་། བྲག་དགོན་སྤྱན་སྔ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །


previousབློ་སྦྱོང་དོན་བདུན་མ་སོགས་བློ་སྦྱོང་ཁག་གི་ལུང་བརྒྱུད།next