Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of མགོན་པོ་བེང་
[Clear Hits]


  
 expand section
  
  
སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་རིམ་པ་ཇི་ལྟར་ནོས་པ་སོགས་ཀྱི་སྐོར།
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  


3 occurrences of མགོན་པོ་བེང་
[Clear Hits]

 
previousསྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་རིམ་པ་ཇི་ལྟར་ནོས་པ་སོགས་ཀྱི་སྐོར།next

སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་རིམ་པ་ཇི་ལྟར་ནོས་པ་སོགས་ཀྱི་སྐོར།


GLG002_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་ཀུན་ལས་བཏུས་པའི་བ་རི་བརྒྱ་རྩའམ་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་རིམ་པ་ལ། རྫོང་ཆུང་བ་སོགས་རྒྱ་མཚོ་ཐོབ་ན་རྒྱུན་ཡོད་ཕྱིན་དེ་དང་མངོན་རྟོགས་མཐུན་པའི་ལྷ་རྣམས་རྗེས་གནང་ཟུར་དུ་མི་དགོས་པར་བཞེད་ཀྱང་རྒྱ་མཚོའི་རྗེས་གནང་གི་ཆིངས་སྐུ་གསུང་ཐུགས་དང་། འདིར་ལུང་གསུམ་གྱི་ཆིངས་པས་ཕྱག་ལེན་མི་འདྲ་བའི་དབང་གིས་སོ་སོར་མ་འདྲེས་པ་དངོས་གཙང་བ་ནས་ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པའི་ཐོ་ཡིག་མུན་སེལ་སྒྲོན་མེའི་སྟེང་ནས་ཕྱག་ལེན་འཕྱུག་མེད་དང་། རྒྱ་གཞུང་གི་གོ་རིམ་སོར་བཞག་ལ་གསལ་བྱེད་ཀྱི་མཆན་བུ་དང་བཅས་བཀོད་པ་ལ། དཔལ་རྡོ་རྗེ་གདན་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་མན་ངག་གི་ཆོ་ག་ཁམས་པ་བ་རི་བའི་འགྱུར། རྗེས་གནང་ཡོད། བཅོམ་ལྡན་འདས་འཇམ་དཔལ་དབྱངས་དམར་སེར་ཕྱག་གཉིས་པའི་སྒྲུབ་འདི་གསུམ་བསྡོམས་པར་རྗེས་གནང་གཅིག །ཐབས་བསྟན་པའི་འཁོར་ལོ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་བིདྱ་པ་ཏྲ་དང་ལོ་ཙཱ་བ་རིན་ཅེན་བཟང་པོས་བསྒྱུར་བ། བསྟན་པའི་འཁོར་ལོའི་སྒྲུབ་ཐབས་སློབ་དཔོན་བ་སྐན་ཏས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར། འདི་གསུམ་བསྡོམས་པར་


GLG002_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་གཅིག །ཚིག་ལྷུག་པའི་བསྟན་པའི་འཁོར་ལོའི་སྒྲུབ་ཐབས་བ་རི་བའི་འགྱུར། ཚིག་ལྷུག་པའི་ཨ་ར་པ་ཙ་ན་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་རྒྱ་གར་གྱི་སློབ་དཔོན་གཞན་ཞིག་གི་མཚན་གྱི་རྣམ་གྲངས་ཡིན་པ་འདྲ། པདྨ་འབྱུང་གནས་ཀྱིས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར། འདི་གཉིས་དང་འོག་ཏུ་འབྱུང་བའི་འཕྲལ་དུ་ཉམས་སུ་མྱོང་བའི་འཇམ་དབྱངས་ཀྱི་སྒྲུབ་ཐབས་གསུམ་ལ་རྗེས་གནང་གཅིག །ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་མི་ཕམ་པ་ཤེས་གཉེན་གྱིས་མཛད་པ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཀུཾ་ཏ་དང་ལོ་ཙཱ་བ་རིན་བཟང་གི་འགྱུར། རྣམ་དག་འཇམ་དཔལ་ལམ་འཇམ་དཔལ་རྡོ་རྗེ་སེར་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་བ་རི་བའི་འགྱུར་རྗེས་གནང་ཡོད། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་དམར་པོ་ཕྱག་གཉིས་པ་གཙོ་འཁོར་ལྔའི་སྒྲུབ་ཐབས་སྒྱུར་བྱེད་གོང་འདྲ། རྗེས་གནང་ཡོད། འཇམ་དཔལ་ངག་གི་རྒྱལ་པོ་སེར་པོ་ཕྱག་གཉིས་པ་གཙོ་འཁོར་གཉིས་པའི་སྒྲུབ་ཐབས་བ་རི་བ་རཏྣ་ཀཱིརྟིའི་འགྱུར། རྗེས་གནང་ཡོད། འཇམ་དཔལ་རྒྱལ་པོ་རོལ་པ་དམར་སེར་ཕྱག་གཉིས་པའི་སྒྲུབ་ཐབས་འགྱུར་གོང་འདྲ། རྗེས་གནང་ཡོད། རིག་པ་འཛིན་པའི་སྡེ་སྣོད་ལས་གསུངས་པའི་འཇམ་དཔལ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་འགྱུར་གོང་འདྲ། རིག་པ་འཛིན་པའི་སྡེ་སྣོད་ལས་བསྡུས་པའི་འཇམ་དབྱངས་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར། འཇམ་དཔལ་གྱི་ཤེས་རབ་སྦྱོང་བ་བ་རི་བའི་འགྱུར། འདི་གསུམ་བསྡོམས་པར་རྗེས་གནང་གཅིག་ཅིང་ཐོབ་ཡིག་ན་ཡེ་ཤེས་སྦྱོར་བ་ཞེས་པ་འདི་ཁ་ལས་ཟུར་པ་མ་རྙེད། གུར་ནས་གསུངས་པའི་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེ་སེར་པོ་ཕྱག་དྲུག་པའི་སྒྲུབ་ཐབས་དོན་ཡོད་རྡོ་རྗེ་དང་།


GLG002_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་ཀཱིརྟིའི་འགྱུར། རྗེས་གནང་ཡོད། ཆོས་དབྱིངས་ངག་གི་དབང་ཕྱུག་དཀར་པོ་ཞལ་བཞི་ཕྱག་བརྒྱད་པའི་སྒྲུབ་ཐབས་བ་རི་བའི་འགྱུར། རྗེས་གནང་ཡོད། མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་དཀར་པོ་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། འཇམ་དཔལ་རྡོ་རྗེ་དཀར་པོ་དཔའ་བོ་གཅིག་པ་ཕྱག་གཉིས་པའི་སྒྲུབ་ཐབས་བ་རི་བའི་འགྱུར། རྗེས་གནང་ཡོད། འཇམ་དཔལ་ཤེས་རབ་འཁོར་ལོ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་འགྱུར་གོང་འདྲ། རྗེས་གནང་ཡོད། འཕྲལ་དུ་ཉམས་སུ་མྱོང་བའི་འཇམ་དཔལ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་འགྱུར་གོང་འདྲ། རྗེས་གནང་གོང་གི་ཨ་ར་པ་ཙ་ན་གཉིས་ལས་ལོགས་སུ་མེད། གཤིན་རྗེའི་གཤེད་ནག་པོ་གདོང་དྲུག་པའི་སྒྲུབ་ཐབས་འགྱུར་གོང་འདྲ། རྗེས་གནང་ཡོད། གཤིན་རྗེའི་གཤེད། ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས་འགྱུར་གོང་འདྲ། རྗེས་གནང་ཡོད། གཤིན་རྗེའི་གཤེད་དགྲ་ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་འགྱུར་གོང་འདྲ། རྗེས་གནང་ཡོད། རྡོ་རྗེ་ཆོས་བནྡྷུ་ཀའི་མེ་ཏོག་མདངས་ཅན་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཛ་ན་པ་ཏྲས་མཛད་པ་འགྱུར་གོང་འདྲ། རྗེས་གནང་ཡོད། སེང་གེ་སྒྲ་དཀར་པོ་ཕྱག་གཉིས་མའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར། རྗེས་གནང་ཡོད། ཧ་ལ་ཧ་ལ་དཀར་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་དོན་ཡོད་རྡོ་རྗེ་དང་བ་རིའི་འགྱུར། འདི་དང་འོག་གི་ཧ་ལ་ཧ་ལ་གཉིས་ལ་རྗེས་གནང་གཅིག །ཁ་སཪྤཱ་ཎི་དཀར་པོ་ཕྱག་གཉིས་པ་ལྷ་ལྔ་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ཡི་གེ་དྲུག་པ་དཀར་པོ་ཕྱག་


GLG002_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་དཔལ་ལྡན་ལྷན་སྐྱེས་རོལ་པས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྤྱན་རས་གཟིགས་དཀར་པོ་ཕྱག་དྲུག་པའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ཧ་ལ་ཧ་ལ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པ་ལོ་པཎ་གོང་འདྲའི་འགྱུར་འདི་དང་གོང་གི་ཧ་ལ་ཧ་ལ་གཉིས་ལ་རྗེས་གནང་གཅིག་ལས་མེད། པདྨ་གར་དབང་དམར་པོ་ཕྱག་གཉིས་པ་གཙོ་འཁོར་དགུ་པའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། སྒྱུ་འཕྲུལ་དྲ་བའི་རིམ་པའི་སྤྱན་རས་གཟིགས་ནག་པོ་དབུ་ལྔ་ཕྱག་བཅུ་གཉིས་པའི་སྒྲུབ་ཐབས་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། དབང་དུ་བྱེད་པ་སྒྲོལ་མ་ལྗང་གུ་ཕྱག་གཉིས་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། སྒྲོལ་མ་དཀར་མོ་ཕྱག་བཞི་མ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། སེང་སྡེང་ནགས་སྒྲོལ་ལྗང་གུ་ཕྱག་གཉིས་མ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས། རྗེས་གནང་ཡོད། སངས་རྒྱས་ཀྱིས་གསུངས་པ་ཀླུ་སྒྲུབ་ཀྱིས་མཛད་ཟེར་བའང་སྣང་། ལོ་པཎ་གོང་འདྲའི་འགྱུར། སྒྲོལ་དཀར་ཚེ་འཛིན་ཕྱག་གཉིས་པའི་སྒྲུབ་ཐབས་ངག་གི་དབང་ཕྱུག་གྲགས་པའི་སློབ་མ་ཐུ་བོས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ཨཽ་ཌི་ཡཱ་ནའི་འོད་ཟེར་ཅན་མ་དམར་མོ་ཞལ་དྲུག་ཕྱག་གཉིས་གཙོ་འཁོར་གཉིས་མའི་སྒྲུབ་ཐབས་


GLG002_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པཎ་གོང་འདྲའི་འགྱུར། འདི་དང་འོག་གི་འོད་ཟེར་ཅན་གཉིས་ལ་རྗེས་གནང་གཅིག་རྒྱ་གཞུང་གི་མཆན་ན་གསུམ་ཟེར་བ་འདུག་པ་བརྟག །རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། ཐོ་ཡིག་ན་འོག་ནས་འབྱུང་བ་ཞེས་མངོན་རྟོགས་ཤིག་ཡོད་ཁུལ་འདུག་ཀྱང་རྒྱ་དཔེར་མི་གསལ་བས་དཔྱད། རྗེས་གནང་ཡོད། རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཞལ་ལྔ་ཕྱག་བཅུ་གཙོ་འཁོར་བཞི་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་རྗེས་གནང་ཡོད། འགྱུར། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་སེར་མོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་རྗེས་གནང་ཡོད། འགྱུར། ཨོ་རྒྱན་གྱི་འོད་ཟེར་ཅན་དམར་པོ་ཞལ་དྲུག་ཕྱག་བཅུ་གཉིས་མ་ལྷ་གཉིས་མའི་སྒྲུབ་ཐབས་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་འགྱུར་གོང་འདྲ། འདིའི་རྗེས་གནང་གོང་གི་ཨོ་ཌི་ཡཱ་ན་དང་གཅིག །ཨཽ་ཌི་ཡཱ་ནའི་རིམ་པའི་འོད་ཟེར་ཅན་མ་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། བཙུན་ཏ་དཀར་མོ་ཕྱག་བཞི་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། དཔལ་སྣོད་ཤྲཱི་ཛམ་བྷ་ལ་ཡང་ཟེར། གནས་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ཨུ་ཚུཥྨ་ཛམ་བྷ་ལ་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས་རྣལ་འབྱོར་པ་དགའ་བ་སྦྱིན་གྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ནོར་རྒྱུན་མ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ཁྲོ་གཉེར་ཅན་སེར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད།


GLG002_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་སྒྱུ་དྲ་ནས་གསུངས་པའི་བྱམས་པ་དམར་སེར་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས་འཕགས་པ་ཐོགས་མེད་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། གུར་ནས་གསུངས་པའི་ཤེར་ཕྱིན་དཀར་མོ་ཕྱག་གཉིས་པའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། གདན་བཞི་དང་སམྦུ་ཊི་ནས་གསུངས་པའི་ཤེར་ཕྱིན་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་སློབ་དཔོན་དགེ་འདུན་གྱི་སྲས་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ཤེར་ཕྱིན་སེར་མོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲ། འདི་དང་འོག་ནས་མདོར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གཉིས་ལ་རྗེས་གནང་གཅིག་ཀྱང་འདི་སྔགས་རིང་ཞིང་འོག་མ་ལ་ཤུབྷཾ་མན་ལས་མེད་རུང་སྔགས་རིང་བའི་རྗེས་ཟློས་བྱས་པས་ཐུང་བ་ཤུགས་ཀྱིས་འབྱུང་བར་དགོངས་སམ་སྙམ། ཤེར་ཕྱིན་སེར་མོ་ཕྱག་གཉིས་མའི་ལོ་པཎ་གོང་འདྲའི་འགྱུར། ཕྱག་མཚན་འཛིན་ལུགས་དང་སྔགས་གོང་དང་མི་མཐུན་ཞིང་འོག་ནས་འབྱུང་བའི་གསེར་མདོག་ཅན་དང་བསྡོམས་པར་རྗེས་གནང་གཅིག །མི་གཡོ་བ་སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་པྲ་བྷ་ཨ་ཀ་ར་ཀཱིརྟིས་མཛད་པ། གཏུམ་པོ་འདི་གཉིས་ལ་རྗེས་གནང་གཅིག་ལས་མེད་ཅིང་དཀོན་ཅོག་ལྷུན་གྲུབ་ཀྱི་ཐོ་ཡིག་ན་གསུམ་ཡོད་ཟེར་བ་བརྟག །སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྡོ་རྗེ་ཧཱུྃ་མཛད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། རི་ཁྲོད་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྗེས་གནང་ཡོད། རི་ཁྲོད་ལོ་མ་གྱོན་མའི་གཟུངས། དགྲ་ནག་ནས་གསུངས་པའི་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་ལོ་པཎ་གོང་


GLG002_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་འགྱུར། རྗེས་གནང་ཡོད། བགེགས་དགྲ་སྣོན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། རལ་གཅིག་མ་ནག་མོ་ཕྱག་བཞི་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། དུག་སེལ་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྗེས་གནང་ཡོད། དུག་སེལ་མའི་གཟུངས་ལོ་པཎ་གོང་འདྲའི་འགྱུར། རིག་བྱེད་མ་དཀར་དམར་ཕྱག་བཞི་མའི་སྒྲུབས་ཐབས་བ་རིའི་འགྱུར། རྗེས་གནང་ཡོད། རྟོག་པ་ལས་གསུངས་པའི་རིག་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། སྒྲོལ་མ་སྔོན་བྱུང་ནས་འབྱུང་བའི་རིག་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་འདི་དང་གོང་གི་རིག་བྱེད་མ་གཉིས་ཕྱག་མཚན་ཅུང་ཟད་མི་མཐུན་རྗེས་གནང་ཡོད། པཎ་གོང་འདྲའི་འགྱུར། ཨོ་རྒྱན་ནས་འབྱུང་བའི་རིག་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། འདི་དང་འོག་ནས་འབྱུང་བའི་རིག་བྱེད་མ་གཉིས་ལ་རྗེས་གནང་གཅིག །ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ས་ར་ཧས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། གང་བ་བཟང་པོའི་རྒྱུད་ནས་བཤད་པའི་ནོར་རྒྱུན་མ་གཙོ་བོར་གྱུར་པའི་དཔལ་སྣོད་གནས་ལྷ་ཉི་ཤུ་རྩ་བདུན་གྱི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། རྒྱ་ནག་རིམ་པའི་སྒྲོལ་མ་ནག་མོ་ཕྱག་བཞི་མའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། གོང་གི་རལ་གཅིག་མ་དང་གཅིག་པར་སྣང་ཡང་རྗེས་གནང་ཟུར་དུ་ཡོད། གུར་ནས་འབྱུང་བའི་རྡོ་རྗེ་སྒྲོལ་མ་སེར་མོ་ཞལ་བཞི་ཕྱག་བརྒྱད་མ་ལྷ་བཅུ་གཅིག་གི་


GLG002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། གཤིན་རྗེའི་གཤེད་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། རྣམ་སྣང་སྒྱུ་དྲ་ནས་གསུངས་པའི་གཙོ་རྐྱང་རྣམས་ལས་སོ་སོ་འབྲང་མ་སེར་མོ་ཞལ་གཅིག་ཕྱག་བརྒྱད་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། གཙུག་ཏོར་རྣམ་རྒྱལ་གཙོ་རྐྱང་གི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། གཙུག་ཏོར་རྣམ་རྒྱལ་གྲ་ལྔའི་ཁྲོད་དུ་བསྲེས་པ་མི་འོས་ཀྱང་རྒྱ་གཞུང་ན་འདི་བཞིན་འདུག་རྗེས་གནང་ཡོད། རྨ་བྱ་ཆེན་མོ་ལྗང་གུ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། སྟོང་ཆེན་རབ་འཇོམས་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། གསང་སྔགས་རྗེས་འཛིན་མཐིང་ནག་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། བསིལ་བའི་ཚལ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ཕྱིར་བཟློག་མ་ཆེན་མོ་ནག་མོ་ཕྱག་དྲུག་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནག་མོ་ཞལ་གསུམ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། རྣམ་པར་རྒྱལ་མ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད་ཅིང་འཕགས་མ་གཞན་གྱིས་མི་ཐུབ་པ་ཡང་ཟེར། རྡོ་རྗེ་གནྡྷ་རི་ནག་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལོ་པཎ་


GLG002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གོང་འདྲའི་འགྱུར། རྡོ་རྗེ་ལྕགས་སྒྲོག་མ་ལྗང་གུ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། སྟོབས་པོ་ཆེ་དམར་པོ་ཕྱག་བཞི་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། གཞན་གྱིས་མི་ཐུབ་པའི་གདུགས་དཀར་པོ་ཅན་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་བརྒྱད་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ཀྱེ་རྡོ་རྗེ་ཧེ་རུ་ཀ་ཕྱག་གཉིས་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། བདག་མེད་མ་ནག་མོ་ཕྱག་གཉིས་མ་གཅིག་བུའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། ཡང་བདག་མེད་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རྗེས་གནང་ཡོད། གསེར་མདོག་ཅན་གྱི་ཤེར་ཕྱིན་མ་ཕྱག་གཉིས་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། གོང་གི་ཤེར་ཕྱིན་སེར་མོ་ཕྱག་གཉིས་མའི་རྗེས་གནང་ལས་ལོགས་སུ་མེད། མདོར་བསྡུས་པའི་རྡོ་རྗེ་ཕག་མོ་དམར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་ལོ་པཎ་རྗེས་གནང་ཡོད་ཅིང་རྒྱ་དཔེ་རྙིང་པ་ཞིག་ན་འདིའི་གོང་དུ་ཧེ་རུ་ཀའི་མངོན་རྟོགས་འདུག་ཅིང་ས་སྐྱ་ངོར་གྱི་དཔེ་རྒྱུན་ན་འདིར་འཛུད་ཅེས་པའི་ཀ་བརྡ་ཞིག་བརྒྱབ་འདུག་པས་སླར་དཔྱད་དོ། །གོང་འདྲའི་འགྱུར། རིག་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། ཨོ་རྒྱན་ནས་འབྱུང་བའི་རིག་བྱེད་མ་ལས་ལོགས་སུ་རྗེས་གནང་མེད། སྒྲོལ་མ་དཀར་མོ་ཉེ་བར་སྟོན་པའི་སྒྲོལ་མ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྗེས་གནང་ཡོད། ལོ་པཎ་གོང་འདྲའི་འགྱུར་རྣམས། སྒྲུབ་ཐབས་བརྒྱ་རྩ་ནས་བཤད་པའི་ལྷ་ཚོགས་རྣམས་


GLG002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མངོན་རྟོགས་རྗེས་གནང་དང་བཅས་པའི་ཐོ་ཡིག་མུན་སེལ་སྒྲོན་མེ་ཞེས་བྱ་བ་འཇམ་དབྱངས་དཀོན་ཅོག་ལྷུན་གྲུབ་ཀྱིས་མཛད་པ་སྟེ་རྗེས་གནང་རྒྱ་གཞུང་དང་བཅས་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། མཁས་གྲུབ་གཟུངས་ཀྱི་དཔལ་བ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་ཅོག་འཕེལ། རྗེ་ལྷ་མཆོག་སེང་གེ །ངོར་ཆེན་སངས་རྒྱས་སེང་གེ །པཎ་ཆེན་ནམ་མཁའ་དཔལ་བཟང་། མཁས་གྲུབ་དཔལ་ལྡན་དོན་གྲུབ། མཁན་ཆེན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ་ཆེན་པོ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་ཏུ་སྩལ་ཏོ། །ཡང་ན་ངོར་ཆེན་ནས་མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ །དཀོན་ཅོག་འཕེལ་མན་འདྲ། ཡང་ན་ངོར་ཆེན་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ། དཀོན་ཅོག་འཕེལ་མན་འདྲ། བོད་གཞུང་ཐོ་ཡིག་མུན་སེལ་སྒྲོན་མེའི་བརྒྱུད་པ་ནི། འཇམ་དབྱངས་དཀོན་ཅོག་ལྷུན་གྲུབ་ནས་པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲ། རྒྱ་གཞུང་གི་ལུང་བརྒྱུད་ལུགས་གཅིག་ནི། དཀོན་ཅོག་འཕེལ་ནས། རྗེ་དཀོན་ཅོག་ལྷུན་གྲུབ་མུས་པ་དཀོན་


GLG002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་རྒྱ་མཚོ། བཅོ་བརྒྱད་པ་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྗེ་བྱམས་པ་ངག་དབང་ལྷུན་གྲུབ། མཚུངས་མེད་འཕྲིན་ལས་རྣམ་རྒྱལ། ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཐོ་ཡིག་མུན་སེལ་སྒྲོན་མེར་རྗེས་གནང་བདུན་ཅུ་དོན་དགུ་ཡོད་གསུང་ཡང་དོན་བརྒྱད་ལས་མ་བྱུང་ཞིང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་གསན་ཡིག་ཏུ་ཡང་དོན་བརྒྱད་ལས་མི་འདུག་པས་སྒོ་མཐུན། ཡང་ཧེ་རུ་ཀའི་སྒྲུབ་ཐབས་ཤིག་ཡོད་མེད་ཐེ་ཚོམ་གྱི་གཞིར་བྱུང་བས་དེའི་རྗེས་གནང་ཡོད་ན་དོན་དགུ་འགྲིག་རུང་དེའི་རྒྱུན་ཡོད་མེད་སོམ་ཉིར་སྣང་བས་སླར་ཡང་དཔྱད་དོ། །ལ་ལ་དག་སྒྲུབ་ཐབས་བརྒྱ་རྒྱམ་ལ་གཏོར་དབང་བྱེད་པ་བྱུང་བ་ཆོས་སྐྱོང་གི་རྗེས་གནང་ལ་རིགས་འགྲེ་དཔའ་ཐལ་བའི་རྩིང་ཆོས་དང་། ཀར་ལུགས་ཀྱི་སི་ཏུ་དྲུང་པས་ཡིག་ཆ་སྤྲོས་པ་ཅན་ཞིག་བརྩམས་འདུག་པ་ནི་ཕྱག་རྒྱ་བ་རྒན་པོའི་ནང་རྟགས་ཕྱིར་གསལ་བའི་ཝ་སྐྱེས་རམས་ཀྱིས་ཁ་དོག་བསྒྱུར་བའི་རྣམ་པར་ཐར་པའོ། ༈ །འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་རྒྱན་གངས་རིའི་ལྗོངས་འདིར་ཐུབ་པའི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པ་སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་རོལ་གར་དཔལ་ཇོ་བོ་ཆེན་པོ་ཨ་ཏི་ཤ་ནས་ཉེ་བར་བརྒྱུད་པའི་ཡིད་དམ་གྱི་ལྷའི་མངོན་རྟོགས་རྗེས་གནང་མན་ངག་ཐོར་བུ་རྣམས་དཔལ་སྣར་ཐང་གི་མཁན་ཆེན་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པར་བརྟེན་སྣར་ཐང་བརྒྱ་རྩར་གྲགས་པའི་ཆོས་སྐོར་ནོས་པའི་རྗེས་གནང་གང་ཡོད་མཆན་བུས་བཀྲོལ་ཏེ་བཀོད་པ་ལ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་གཙོ་རྐྱང་གི་མངོན་


GLG002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། རྗེས་གནང་ཡོད། ༡ རྟེན་འབྲེལ་གྱི་གཟུངས་ཆུང་། ལུང་ལས་རྗེས་གནང་མེད། ༢ མཉམ་པ་མེད་པའི་བླ་མ་དགེ་བའི་བཤེས་གཉེན་རིན་ཅེན་སྒང་བའི་ཞལ་ནས་བྱུང་བའི་བླ་མའི་རྣལ་འབྱོར། ལུང་ལས་རྗེས་གནང་མེད། ༣ རང་ཁམས་མ་བདེ་བའི་དུས་བླ་མ་ལ་གསོལ་བ་གདབ་པ་སྐྱེར་སྒང་པ་ལས་བརྒྱུད་པའི་མན་ངག །༤ བླ་མའི་འདས་མཆོད་བྱ་ཐབས་བླ་མའི་གསུང་བཞིན་ནམ་མཁའ་གྲགས་ཀྱིས་བསྡེབས་པ། ལུང་ལས་རྗེས་གནང་མེད། ༥ དེས་བསྡེབས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་ཚུལ་བཟུང་ནས་བྱང་ཆུབ་སེམས་དཔའི་འཕྲིན་ལས་མཛད་པ་གནས་བརྟན་ཆེན་པོ་བཅུ་དྲུག་ལ་གསོལ་བ་འདེབས་པ། རྗེས་གནང་ཡོད། ༦ བཅོམ་ལྡན་འདས་མི་འཁྲུགས་པ་སྤྲུལ་སྐུའི་ཆ་ལུགས་ཅན་གྱི་མངོན་རྟོགས་བླ་མ་ཞང་སྟོན་པའི་ཞལ་ནས་བྱོན་པ་ལྟར་བཀོད་པ། རྗེས་གནང་ཡོད། ༧ ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པ་ཕྱག་བཞི་པའི་མངོན་རྟོགས་བླ་མའི་གསུང་བཞིན་བསྡེབས་པ། རྗེས་གནང་ཡོད། ༨ རྗེ་བཙུན་སེང་གེ་སྒྲའི་མངོན་རྟོགས་མཆིམས་ནས་མཆིམས་ལ་བརྒྱུད་པའི་མན་ངག་བླ་མའི་གསུང་ལས་བྱུང་བ་ལྟར་བསྡེབས་པ། རྗེས་གནང་ཡོད། ༩ ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གཙོ་རྐྱང་གི་བཟླས་ལུང་མངོན་རྟོགས་ཞང་མའི་ཞལ་ལས་བྱུང་བ་ལྟར་དགེ་སློང་ནམ་མཁའ་གྲགས་ཀྱིས་བསྡེབས་པ། རྗེས་གནང་ཡོད། ༡༠ དེས་བསྡེབས་པའི་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལྗང་གུ་གཙོ་རྐྱང་གི་མངོན་པར་རྟོགས་པ་བླ་མའི་གསུང་ལས་བྱུང་བ། རྗེས་གནང་ཡོད། ༡༡ དེས་བསྡེབས་པའི་ཐམས་ཅད་མཁྱེན་པ་སྒྲུབ་པའི་བར་གཅོད་ཐབས་ཀྱིས་བསྲུང་བ་ཇོ་མོ་ལ་གསོལ་བ་གདབ་པ་བླ་མའི་གསུང་ལས་བྱོན་པ། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་འདོན་པའི་མན་ངག་ཡིན། ལུང་ལས་རྗེས་གནང་མེད། ༡༢དེས་བསྡེབས་པའི་སྒྲོལ་


GLG002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཀར་མོས་ཚེ་བསྲིང་བའི་མན་ངག །རྗེས་གནང་ཡོད། ༡༣ དེས་བསྡེབས་པའི་རྗེ་བཙུན་རི་ཁྲོད་ལོ་མ་གྱོན་མ་སེར་མོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། རྗེས་གནང་ཡོད། ༡༤ དེས་བསྡེབས་པའི་ལྷ་མོ་འོད་ཟེར་ཅན་མ་ཕྱག་གཉིས་མའི་སྒྲུབ་ཐབས། རྗེས་གནང་ཡོད། ༡༥ཞར་བྱུང་ཆོམ་རྐུན་འཆིང་བ་དང་བཅས་པ། ལུང་ལས་རྗེས་གནང་མེད། ༡༦ དགྲ་ནག་ནས་གསུངས་པའི་ལྷ་མོ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྗེས་གནང་ཡོད། ༡༧ ཞར་བྱུང་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་པཎྜི་ཏ་སུ་མ་ཀཱིརྟི་ནས་བརྒྱུད་པ། ལུང་ལས་རྗེས་གནང་མེད། ༡༨ འཕགས་པ་འཇམ་དཔལ་སྨྲ་བའི་སེང་གེ་དམར་སེར་ཕྱག་གཉིས་མའི་སྒྲུབ་ཐབས། རྗེས་གནང་ཡོད། ༡༩ ཞར་བྱུང་འཇམ་དབྱངས་དང་དབྱངས་ཅན་མ་ཡབ་ཡུམ་ལ་བརྟེན་པའི་རིལ་བུའི་ལས་སྦྱོར། ལུང་ལས་རྗེས་གནང་མེད། ༢༠ འཕགས་པ་འཇམ་དཔལ་དཀར་པོའི་སྒྲུབ་ཐབས། རྗེས་གནང་ཡོད། ༢༡ ཞར་བྱུང་མ་ཤའི་ལས་སྦྱོར། ལུང་ལས་རྗེས་གནང་ཟུར་དུ་མེད། ༢༢དཔལ་ཛམ་བྷ་ལ་སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། རྗེས་གནང་ཡོད། ༢༣ བགེགས་མཐར་བྱེད་མཐིང་ཁ་ཕྱག་གཉིས་པའི་སྒྲུབ་ཐབས། རྗེས་གནང་ཡོད། ༢༤ ཁྲོ་བོ་སྟོབས་པོ་ཆེ་དམར་པོ་ཕྱག་བཞི་པའི་སྒྲུབ་ཐབས། རྗེས་གནང་ཡོད། ༢༥ དཔལ་འབྱུང་པོ་འདུལ་བྱེད་ཕྱག་བཞི་པའི་སྒྲུབ་ཐབས། རྗེས་གནང་ཡོད། ༢༦ སྨེ་བ་བརྩེགས་པ་དུད་ཁ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། རྗེས་གནང་ཡོད། ༢༧ ཁྲོ་བོ་གཏུམ་པོ་ཆེན་པོ་མི་གཡོ་བ་དཀར་པོའི་སྒྲུབ་ཐབས་པཎྜི་ཏ་དཱ་ན་ཤཱི་ལའི་རང་འགྱུར། རྗེས་གནང་ཡོད། ༢༨ ཇོ་བོ་མི་གཡོ་བ་སྔོན་པོའི་མངོན་པར་


GLG002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་བླ་མའི་གསུང་བཞིན་བསྡེབས་པ། རྗེས་གནང་ཡོད། ༢༩འཕགས་པ་མི་གཡོ་བའི་དམིགས་པ་སྐོར་གསུམ་སྒོམ་པའི་མན་ངག །ལུང་ལས་རྗེས་གནང་མེད། ༣༠ བཅོམ་ལྡན་འདས་པདྨ་དབང་ཆེན་ཕྱག་གཉིས་པའི་མངོན་པར་རྟོགས་པ་བླ་མའི་གསུང་ལས་བྱོན་པ་ལྟར་བསྡེབས་པ། རྗེས་གནང་ཡོད། ༣༡ སྐུ་གསུང་ཐུགས་ཀྱི་རྟེན་ལ་སྐུ་ཁྲུས་གསོལ་བ་དགེ་བཤེས་འཆད་ཁ་བའི་ལུགས་སྐྱེར་སྒང་པ་ལས་བྱུང་བ། ལུང་ལས་རྗེས་གནང་མེད། ༣༢ གཙུག་ཏོར་འབར་བའི་སྒོ་ནས་རྨི་ལམ་མཚན་མ་ངན་པ་དང་བར་གཅོད་ཞི་བའི་གདམས་པ། ལུང་ལས་རྗེས་གནང་མེད། ༣༣ བཟང་པོ་སྤྱོད་པའི་སྒོ་ནས་འཆི་བ་སླུ་བའི་ཆོ་ག་སྐྱེར་སྒང་པའི་མན་ངག །༣༤ བདག་ཉིད་ནམ་འཆི་བ་དང་གར་སྐྱེ་བ་སོགས་བརྟག་པ་དཔལ་ཨ་ཏི་ཤའི་གདམས་པ། ལུང་ལས་རྗེས་གནང་མེད། ༣༥ ཇོ་བོ་ལུགས་ཀྱི་སཱཙྪ་དགུ་མ་བྱ་ཐབས་ཇོ་བོ་རྗེས་གཟུས་རྡོ་རྗེ་རྒྱལ་མཚན་ལ་གནང་བ། ལུང་ལས་རྗེས་གནང་མེད། ༣༦ རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་ཅེན་བཟང་པོས་བསྒྱུར་བ། ལུང་ལས་རྗེས་གནང་མེད། ༣༧ ཇོ་མོ་གདུགས་དཀར་མོ་ཅན་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། རྗེས་གནང་ཡོད། ༣༨ ཞར་བྱུང་ནད་པ་ལ་ཕན་གདགས་པ། རྗེས་གནང་ཟུར་དུ་མེད། ༣༩ ཕྱག་ན་རྡོ་རྗེ་མདོ་ལུགས་སྔོན་པོ་ཕྱག་གཉིས་དཔའ་བོ་གཅིག་པའི་མངོན་རྟོགས། རྗེས་གནང་ཡོད། ༤༠ ཁ་འབར་མའི་གཏོར་མ་ཆ་ལྔ་པ། ༤༡ ཁ་འབར་མའི་གཏོར་ཆེན་ཇོ་བོ་ཆེན་པོ་ལྷ་གཅིག་ནས་བརྒྱུད་པ། ལུང་ལས་རྗེས་གནང་མེད། ༤༢ ཀླུ་ལ་གཏོར་མ་བཏང་སྟེ་འབྱོར་པ་སྒྲུབ་པའི་མན་ངག །ལུང་ལས་རྗེས་གནང་མེད། ༤༣ ཀླུ་སྨན་དང་བཅས་པའི་ཀླུ་གཏོར་གྱིས་གནོད་པ་ཞི་བའི་མན་ངག །ལུང་ལས་རྗེས་གནང་མེད། ༤༤ རྒྱལ་པོ་ཆེན་པོ་སྡེ་བཞིའི་


GLG002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་དགེ་བཤེས་སྟོན་པས་བསྒྱུར་བ། ༤༥ རྗེན་གཏོར་གྱི་མན་ངག་བླ་མའི་ཞལ་ལས་བྱུང་བ་དགེ་སློང་ཆོས་ཀྱི་བླ་མས་ཡི་གེར་བྲིས་པ། ༤༦ སྤྱན་སྔ་བ་ལུགས་ཀྱི་གཏོར་མ་བརྒྱ་རྩའི་མན་ངག །ལུང་ལས་རྗེས་གནང་མེད། ༤༧ འཇུར་བགེགས་ཀྱི་ཆུ་སྦྱིན་བྱ་ཐབས། ལུང་ལས་རྗེས་གནང་མེད། ༤༨ ཐུགས་རྗེ་ཆེན་པོ་ཁ་སཪྤཱ་ཎིའི་སྒྲུབ་ཐབས། རྗེས་གནང་ཡོད། ༤༩ དེའི་སྒོ་ནས་ཆུ་སྦྱིན་བྱ་ཐབས། ལུང་ལས་རྗེས་གནང་མེད། ༥༠ ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས། རྗེས་གནང་ཡོད། ༤༡ སོར་འབྲང་སེར་མོ་ཞལ་གསུམ་ཕྱག་བཅུ་མ་གཙོ་བོར་གྱུར་པའི་ལྷ་མོ་ལྔའི་སྒྲུབ་ཐབས། རྗེས་གནང་ཡོད། ༥༢ ལྷ་མོ་ནོར་རྒྱུན་མ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྗེས་གནང་ཡོད། ༥༣དེའི་གཟུངས་ཀྱི་མན་ངག །ལུང་ལས་རྗེས་གནང་མེད། ༥༤ རྡོ་རྗེ་ཕག་མོ་དབང་དུ་བྱ་བའི་ཆོ་ག །ལུང་ལས་རྗེས་གནང་མེད། ༥༥ གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་བླ་མ་རྡོ་རྗེ་གདན་པས་མཛད་པ་པཎྜི་ཏ་ཆོས་ཀྱི་སྡེ་དང་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བ། རྗེས་གནང་ཡོད། ༥༦ བྱམས་པ་སེར་པོ་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས། རྗེས་གནང་ཡོད། ༥༧ ཤེར་ཕྱིན་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ་ལོ་ཙཱ་བ་དགེ་སློང་རིན་ཅེན་གྲགས་ཀྱིས་བསྒྱུར་བ། རྗེས་གནང་ཡོད། ༥༨ ནོར་རྒྱུན་མ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ལོ་ཙཱ་བ་དགེ་སློང་བ་རི་རིན་ཅེན་གྲགས་ཀྱིས་བསྒྱུར་བ། རྗེས་གནང་ཡོད། ༥༩ ཁྲོ་གཉེར་ཅན་མ་སེར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་ཙཱ་བ་དགེ་སློང་རིན་ཅེན་གྲགས་ཀྱིས་བསྒྱུར་བ། རྗེས་གནང་ཡོད། ༦༠ རྣམ་སྲས་ལྗང་གུ་བེ་


GLG002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཅོན་ཅན། རྗེས་གནང་ཡོད། ཕྱག་གཉིས་པ་བླ་མ་ཁ་ཆེ་དགོན་པ་བའི་མན་ངག་གསང་བའི་ཡང་སྙིང་ལ་སྒྲུབ་ཐབས་གནད་ལ་དབབ་པ། བླ་རྡོ་བཅང་པ་གསུམ་གྱིས་བསྟན་པ། ལུང་ལས་རྗེས་གནང་མེད། ༦༡ དཔལ་མགོན་པོའི་གྲི་གུག་མཐིང་ནག་ཕྱག་གཉིས་པའི་སྒྲུབ་ཐབས། རྗེས་གནང་ཡོད། ༦༢ དེའི་རྒྱུན་གཏོར། འཛིན་གཏོར། མཆོག་སྲེད་ཀྱིས་མཛད་པའི་བསྟོད་པ་སྲིན་གཟུགས་མ་དང་བཅས་པ། ལུང་ལས་རྗེས་གནང་མེད། ༦༣ ནག་པོ་ཆེན་པོའི་བསྟོད་པ་ཨ་ཝ་དྷཱུ་ཏི་པས་མཛད་པ། ༦༤ མགོན་པོའི་རྟགས་ཀྱི་ལེའུ། ལུང་ལས་རྗེས་གནང་མེད། ༦༥ ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འདག་པར་བྱེད་པའི་ཆོ་ག་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ལུང་ལས་རྗེས་གནང་མེད། ༦༦ གོང་དུ་བཤད་པའི་ལྷ་རྣམས་ཀྱི་རྗེས་གནང་གི་ཆོ་ག་༦༧ སྟེ། རྗེས་གནང་སྒྲུབ་ཐབས་མན་ངག་རྣམས་བསྡོམས་པའི་བརྒྱ་ཐམ་པ་ལེགས་པར་ནོས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། ཀུན་མཁྱེན་བློ་གྲོས་བརྟན་པ། པཎ་ཆེན་ཤནྟི་པ། སློབ་དཔོན་སཱ་ར་ཨེ་ཏ། ཇོ་བོ་ཆེན་པོ་དཔལ་ལྡན་མར་མེ་མཛད། འབྲོམ་རྒྱལ་བའི་འབྱུང་གནས། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ། རྔོག་ལོ་བློ་ལྡན་ཤེས་རབ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཆ་པ་ཆོས་ཀྱི་སེང་གེ །གཙང་ནག་ཐུགས་རྗེ་སེང་གེ །གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། འདི་ཕྱོགས་གཅིག་ཏུ་བསྒྲིགས་མཁན། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་པཎ་ཆེན། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་


GLG002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། དཔང་སྟོན་གྲུབ་པ་ཤེས་རབ། ཁུ་སྟོན་བསོད་ནམས་མཆོག་གྲུབ། ཆོས་རྗེ་དཔལ་འབར་བ་དཔལ་ལྡན་དོན་གྲུབ། རྩེས་དང་ལས་ཆེན་ཀུན་དགའ་རྒྱལ་མཚན། ཐེལ་བྲག་ལྕོག་ཐམས་ཅད་མཁྱེན། ཐོན་པ་བློ་གྲོས་རྒྱལ་མཚན། ཤངས་རི་བོ་དགེ་འཕེལ་བ་རྗེ་ཕྱོགས་ལས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་མགོན་སྤྱན་སྔ་བ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་བཀའ་དྲིན་ཏུ་སྩལ་ཏོ། །ཡང་གོང་གསལ་འགའ་ཞིག་ལ་སྒོས་བརྒྱུད་འདུག་པ། བླ་མའི་རྣལ་འབྱོར་གྱི་བརྒྱུད་པ་ལུགས་གཅིག་ནི། ཇོ་བོ་རྗེ་ནས། དགོན་པ་པ། སྤྱན་སྔ་བ། བྱ་ཡུལ་བ། དགྱེར་སྒོམ་ཆེན་པོ། སངས་རྒྱས་དབོན། དཔལ་ལྡན་གྲོ། མཆིམས་ནམ་མཁའ་གྲགས་མན་འདྲ། གནས་བརྟན་བཅུ་དྲུག་གི་རྗེས་གནང་ཕྱག་མཆོད་ཀྱི་བརྒྱུད་པ་ལུགས་གཅིག་ནི། ཇོ་བོ་རྗེ་ནས། སེམས་ཙམ་རྣམ་བདེན་གྱི་པཎྜི་ཏ། རྔོག་བྱང་ཆུབ་འབྱུང་གནས། པོ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་པ། ལྷ་སྤྱིལ་བུ་བ། རྒན་མོ་ལྷས་པ་ཆེན་པོ། གྲོ་མོ་ཆེ། མཆིམས་ནམ་མཁའ་གྲགས་པ་མན་འདྲ། ཡང་མི་འཁྲུགས་པའི་ཉེ་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་སེམས་དཔའ། ཇོ་བོ་རྗེ། རྣལ་འབྱོར་པ་ཆེན་པོ། སྤྱན་སྔ་ཚུལ་ཁྲིམས་འབར། བྱ་ཡུལ་བ། མུ་སྨན་པ་ཚར་ཆེན། གྲོ་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས་མན་འདྲ། ཡང་མཆིམས་ནས། འདུལ་འཛིན་གྲགས་པ་བརྩོན་འགྲུས། མཆིམས་བློ་བཟང་གྲགས་པ་མན་འདྲ། ཡི་གེ་དྲུག་པའི་བརྒྱུད་པ་ལུགས་གཅིག་ནི་བྱ་ཡུལ་


GLG002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡན་མི་འཁྲུགས་ལ་ལྟར་ལ། དེ་ནས་གནུབས་ཡེ་ཤེས་སེང་གེ། སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། འདུལ་འཛིན་གྲགས་པ་བརྩོན་འགྲུས། མཆིམས་བློ་བཟང་གྲགས་པ་མན་འདྲ། སེང་གེ་སྒྲའི་བརྒྱུད་ལུགས་གཅིག་ནི། བྱ་ཡུལ་པ་ནས། བར་འདིར་བླ་མ་གཞན་ཡོད་མེད་བརྟག །མཆིམས་བརྩོན་སེང་། མཆིམས་དོན་རྒྱལ། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས་མན་འདྲ། བཅུ་གཅིག་ཞལ་གྱི་བརྒྱུད་ལུགས་གཅིག་ནི། ཇོ་བོ་རྗེ་ནས། དགོན་པ་པ། ཀརྨ་པ་ཤེས་རབ་འོད། ལུམ་པ་བ་ཡེ་ཤེས་བྱང་ཆུབ། ཆུ་མིག་པ་ཤེས་རབ་གྲགས་པ། གྲོ་སྟོན་བདུད་རྩི་གྲགས། ཞང་སྟོན་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་མན་སྔར་བཞིན་ནོ། །སེང་ལྡེང་ནགས་ཀྱི་སྒྲོལ་མ་དང་འོད་ཟེར་ཅན་མའི་བརྒྱུད་ལུགས་གཅིག་ནི་བཅུ་གཅིག་ཞལ་བཞིན་ནོ། །དབྱངས་ཅན་མ་དམར་མོའི་བརྒྱུད་ལུགས་གཅིག་ནི། པཎྜི་ཏ་སུ་མ་ཀཱིརྟི། མར་དོ་ཆོས་ཀྱི་དབང་ཕྱུག །མཆིམས་ནམ་མཁའ་གྲགས་མན་འདྲ། འཇམ་དབྱངས་སྨྲ་སེང་གེ་བརྒྱུད་ལུགས་གཅིག་ནི། གྲོ་སྟོན་བདུད་རྩི་གྲགས་ཡན་སྤྱི་བརྒྱུད་ལྟར་ལ། དེ་ནས་ཞང་སྟོན་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་མན་འདྲ། ཛམ་བྷ་ལ་བརྒྱུད་པ་འདི་མཆིམས་བློ་བཟང་གྲགས་པ་ནས་སྤྱི་བརྒྱུད་དང་འབྲེལ་བ་མ་གཏོགས། མཆིམས་ནམ་མཁའ་གྲགས་ནས་མིན་ནོ། །སེར་པོའི་བརྒྱུད་ལུགས་


GLG002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནི། པཎྜི་ཏ་མཉྫུ་གྷོ་ཥ། ཤཱི་ལ་ཙནྡྲ། བླ་མ་གྲགས་རྒྱལ་བ། རྒྱང་རོ་པཎ་ཆེན། མཆིམས་བློ་བཟང་གྲགས་པ་མན་སྔར་ལྟར་རོ། །བགེགས་མཐར་བྱེད། སྟོབས་པོ་ཆེ། མི་གཡོ་བ་དཀར་སྔོན་རྣམས་ཀྱི་བརྒྱུད་ལུགས་གཅིག་ནི་བཅུ་གཅིག་ཞལ་དང་འདྲ། མི་གཡོ་བའི་དམིགས་པ་སྐོར་གསུམ་གྱི་བརྒྱུད་ལུགས་གཅིག་ནི། ཆུ་མིག་པ་ནས། རྨ་བྱ་ཤཱཀ་གཞོན། བར་འདིར་བླ་མ་གཞན་ཡོད་མེད་བརྟག །དཔལ་ལྡན་གྲོ། སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས་མན་འདྲ།གདུགས་དཀར་གྱི་འདི་གྲོ་སྟོན་ནས་བརྒྱུད་པ་འདྲེན་པ་ལས་མཆིམས་ནམ་མཁའ་གྲགས་ཀྱི་བརྒྱུད་པ་ནི་མིན་ནོ། །བརྒྱུད་པ་ལུགས་གཅིག་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཨ་བྷ་ཡཱ་ཀ་ར། ཀཱིརྟི་ཙནྡྲ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རིན་ཅེན་རྒྱལ་མཚན། བསོད་ནམས་རྒྱལ་མཚན། བླ་མ་གཞོན་ནུ། དཀའ་བཅུ་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན་མན་འདྲ། ཁ་འབར་མའི་གཏོར་མ་ཆ་ལྔའི་བརྒྱུད་ལུགས་གཅིག་ནི། ཇོ་བོ་ནས། འབྲོམ་སྟོན་པ། པོ་ཏོ་བ། རམ་སྡིངས་པ། ལྡན་ཤེས་རབ་གྲགས། སློབ་དཔོན་ཆུ་ནག་པ་རིན་ཅེན་སེང་གེ །ར་ཟ་བ་དར་མ་རྒྱལ་མཚན། གཉིས་ཀ་ལ་མཆིམས་ནམ་མཁའ་གྲགས་པ་མན་འདྲ། རྗེན་གཏོར་གྱི་བརྒྱུད་ལུགས་གཅིག་ནི། ཇོ་བོ་རྗེ་ནས། ནག་ཚོ་ལོ་ཙཱ་བ། དགེ་བཤེས་ཕྱག་སོར་བ། ཞུ་ལྡན་པ། དཔལ་ལྡན་གྲོ། ཞང་སྟོན་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས་པ་མན་འདྲ། ནོར་རྒྱུན་མའི་བརྒྱུད་ལུགས་གཅིག་ནི་ཛམ་བྷ་ལ་དང་འདྲ། ཤེར་ཕྱིན་མ་དཀར་པོ་དང་ཁྲོ་གཉེར་ཅན་སེར་མོའི་བརྒྱུད་ལུགས་གཅིག་ནི་བཅུ་གཅིག་ཞལ་དང་འདྲ། རྣམ་སྲས་ཀྱི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཅེན་རྡོ་རྗེ། ཁ་ཆེ་དགོན་པ་པ། ཟངས་དཀར་ལོ་ཙཱ་བ། བར་འདིར་བླ་མ་གཞན་ཡོད་མེད་བརྟག །ཆུ་མིག་པ། གྲོ་སྟོན་བདུད་རྩི་གྲགས། ཞང་ཆོས་ཀྱི་བླ་མ། མཆིམས་ནམ་


GLG002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་མན་འདྲ། མགོན་པོ་གྲི་གུག་གི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། ཛི་ན་མི་ཏྲ། ཇོ་བོ་རྗེ། དགེ་བཤེས་སྟོན་པ། སྤྱན་སྔ་པ། མུ་སྨན་པ་ཆར་ཆེན། གྲོ་སྟོན་བདུད་རྩི་གྲགས། ཞང་སྟོན་ཆོས་ཀྱི་བླ་མ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་མན་འདྲ། དབྱངས་ཅན་མ་དམར་མོ་མར་དོ་དང་དཱ་ན་ཤཱི་ལའི་རང་འགྱུར་གྱི་མི་གཡོ་བ་སོགས་མཆིམས་ཀྱིས་གསན་པས་བརྒྱུད་པ་སོ་སོར་བྱུང་བ་མ་གཏོགས་བརྒྱུད་པ་དེ་མིན་པའི་ཇོ་བོ་ནས་བརྒྱུད་པ་མེད་པའི་འཁྲུལ་གཞི་མི་བྱའོ། ༈ །ལོ་པ་སྤྱན་སྔ་རིན་པོ་ཆེ་དང་ངག་དབང་ཆོས་གྲགས་ཀྱི་ཕྱག་ལེན་ལྟར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་དབང་བཞིའི་ཚུལ་དུ་ནོས་པ་ལ། གྲུབ་ཆེན་ལཱུ་ཧི་པ། ༡ དཱ་རི་ཀ་པ། ༢ ཌེཾ་ཀི་པ། ༣ ལཱི་ལ་པ། ༤ བིར་ཝ་པ། ༥ ཌོམྦྷི་པ། ༦ ཤཱ་ཝ་རི་པ། ༧ ས་ར་ཧ། ༨ ཀོ་ཀི་ལ་པ། ༩ མི་ན་པ། ༡༠ ཨ་ནངྒ་བཛྲ། གོ་རཀྵ་ཡང་ཟེར། ༡༡ ཙའུ་ན། ༡༢ བཱི་ན་པ། ༡༣ རཏྣ་ཨཱ་ཀ་ར་ཤཱནྟི་པ། ༡༤ ཏོག་རྩེ་པ། ༡༥ ཏིནྡྲ་པ། ༡༦ ཙ་མ་རི་པ། ༡༧ ཁཌྒ་པ། ༡༨ ནཱ་གཱ་རྫུ་ན། ༡༩ ནག་པོ། ༢༠ ཨཱཪྻ་དེ་ཝ། ༢༡ ཐག་ག་པ། ༢༢ ཏཻ་ལོ་པ། ༢༣ ནཱ་རོ་པ། ༢༤ ཤ་ལི་པ། ༢༥ ཙ་ཏ་པ། ༢༦ བྷ་ཏ་པ། ༢༧ དྷོ་ཥནྟི། ༢༨ ཨ་ཛུ་གི ། ༢༩ ས་ཀ་ལ། ༣༠ དྷོཾ་བྷི་པ། ༣༡ མེ་ཀོ་པ། ༣༢ ཀ་མ་རི་པ། ༣༣ ཛ་ལནྡྷ་ར་པ། ༣༤ རཱ་ཧུ་ལ། ༣༥ དྷརྨ་པ། ༣༦ དྷོ་ཀ་རི་པ། ༣༧ མེ་དྷ་ནི། ༣༨ ས་ག་ཛ་ལ། ༣༩ དྲིལ་བུ་པ། ༤༠ ཨ་ཡོ་གེ །༤༡ ཙ་ལོ་ཀི ། ༤༢ གྷུ་དྷུ་རི་པ། ༤༣ ལུ་ཙི་ཀ །༤༤ ཀཾ་ཀ་ར། ༤༥ ཀཾ་ས་ལི། ༤༦ བྷ་དེ་པ། ༤༧ཏནྟེ་པ། ༤༨ ཀུ་ཀུ་རི་པ། ༤༩ ཀུ་ཛྙཱ་ལི། ༥༠ དྷ་མ་པ། ༥༡ མ་དྷི་ལ། ༥༢ ཨ་ཙིནྟ། ༥༣ བྷ་ལ་ཧ། ༥༤ ན་ལི་པ། ༥༥ བྷུ་


GLG002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཀུ། ༥༦ ཨིནྡྲ་བྷཱུ་ཏི། ༥༧ ལྕམ་ལེགས་སྨིན་ཀ་ར། ༥༨ ཛ་ལེནྡྲ་པ། ༥༩ ནི་གུ་ན། ༦༠ ཙ་པ་རི་པ། ༦༡ ཙི་པ་ཀ །༦༢ བྷི་ཥ་ན། ༦༣ ཏིལ་བརྡུང་པ། ༦༤ ཀུ་མཱ་རི་པ། ༦༥ དུ་མེ་བ། ༦༦ མ་ཎི་བྷ་དྲ། ༦༧ མེ་ཁ་ལ། ༦༨ ཀ་ན་ཁ། ༦༩ ཀ་ན་ཀ །༧༠ ཀནྠ་ལི། ༧༡ དྷ་སུ་རི་པ། ༧༢ ཨུ་དྷཱ་རི་པ། ༧༣ ཀ་པ་ལི་པ། ༧༤ ཀི་ར་པ། ༧༥ མཚོ་སྐྱེས་རྡོ་རྗེ། ༧༦ སརྦ་བྷ་བ། ༧༧ ནཱ་ག་བྷོ་དྷི། ༧༨ པུ་ར་ལི། ༧༩ ས་ན་ཧ། ༨༠ ཀོ་ཀ་ལི། ༨༡ ཨ་ན་ཀ །༨༢ ས་མུནྡྲ། ༨༣ བྱ་རི་པ། ༨༤ རྣམས་ཀྱི་བྱིན་རླབས་དང་རྟོགས་བརྗོད་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། མཁའ་འགྲོ་མ་ཀོ་ཀི་ལ་དང་དྷརྨ་དེ་ཝ་མཆེད་གཉིས། པཎྜི་ཏ་སཱུཪྻ་ར་སྨི། དཔའ་བོ་འོད་གསལ་ཡང་ཟེར། བྲམ་ཟེའི་པཎྜི་ཏ་ཀ་མ་ལ། གྲུབ་ཐོབ་ཛ་ཝ་རི་པ། མ་ག་དྷའི་པཎྜི་ཏ་ཨ་བྷ་ཝ་ཡ་དཱ་ན་ཤཱི། མི་ཉག་ཙ་མི་ལོ་ཙཱ་སྨོན་གྲུབ་ཤེས་རབ། རིན་པོ་ཆེ་ཡབ་སྲས། རཏྣ་གུ་རུ། གྲུབ་ཐོབ་ཧཱུྃ་འབར། ཁམས་ཆེན་བྱང་ཆུབ་དཔལ། རྒན་མེ་ལྷས་པའང་ཟེར། སྟག་སྟོན་ཆེ་བྲག་པ། གཞོན་ནུ་དར་མ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་བདེ་ལེགས་པ། འཕགས་མཆོག་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ཏྲེ་པོ་ཆོས་ཀྱི་རྒྱ་མཚོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། གླིང་སྟོད་ཆོས་རྗེ་ཀུན་དགའ་འབྱུང་གནས། གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་བསྟན་འཛིན་བཟང་པོ། བཅོ་བརྒྱད་པ་མཁས་གྲུབ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། དགེ་སློང་འཕྲིན་ལས་རྣམ་རྒྱལ། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་སྩལ་


GLG002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། ༈ །སྐྱིད་ཤོད་དགའ་བ་གདོང་དུ་མགོན་པོ་འཇམ་དཔལ་དབྱངས་ཀྱིས་དགེ་བའི་བཤེས་གཉེན་དང་བླ་མ་དབུ་མ་པ་ཆེན་པོས་ལོ་ཙཱའི་ཚུལ་མཛད་དེ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ལ་འཇམ་དཔལ་དབྱངས་དང་རྗེས་སུ་འབྲེལ་བའི་ཟབ་ཆོས་མང་དུ་གསུངས་པའི་འཇམ་དབྱངས་ཆོས་སྐོར་དུ་གྲགས་པ་ལ་བདག་གཞན་གྱི་དོན་གཉིས་མཐར་ཕྱིན་པར་བྱ་བའི་ཕྱིར་འཇམ་དཔལ་དབྱངས་དང་དབྱངས་ཅན་མ་དམར་མོ་ཡབ་ཡུམ་ལ་བརྟེན་པའི་ཟབ་ལམ་བླ་མའི་རྣལ་འབྱོར། འཇམ་དབྱངས་དཔའ་བོ་གཅིག་པ་དམར་སེར་ཕྱག་གཉིས་པའི་མངོན་རྟོགས། དེའི་རྗེས་གནང་གི་ཡི་གེ་འདི་ལ་རྒྱུན་ཡོད། འཇམ་དབྱངས་དམར་སེར་ཕྱག་གཉིས་པ་ལུས་དཀྱིལ་དང་བཅས་པའི་མངོན་རྟོགས། དེའི་རྗེས་སུ་གནང་བའི་ཡི་གེ་རྒྱུན་ཡོད། འཇམ་དབྱངས་དང་དབྱངས་ཅན་མ་ཡབ་ཡུམ་གཉིས་ལ་བརྟེན་པའི་གསང་སྒྲུབ་ཀྱི་མངོན་པར་རྟོགས་པ། དེའི་རྗེས་གནང་གི་ཡི་གེ་རྒྱུན་ཡོད། འཇམ་དཔལ་དབྱངས་དང་དབྱངས་ཅན་ཡབ་ཡུམ་ལ་བརྟེན་པའི་ནང་སྒྲུབ་ཀྱི་མངོན་རྟོགས། དེའི་རྗེས་སུ་གནང་བའི་ཡི་གེ །རྒྱུན་ཡོད། འཁོར་ལོའི་མན་ངག་གི་སྡོམ་ཚིག །རལ་གྲིའི་འཁོར་ལོའི་བསྲུང་འཁོར་ཐུན་མོང་མ་ཡིན་པ། འཁོར་ལོ་ལ་བརྟེན་པའི་ཞི་རྒྱས་དབང་གསུམ་གྱི་མན་ངག །འཁོར་ལོ་ལ་བརྟེན་ནས་ངག་འགྲོལ་བ། རལ་གྲི་ལ་བརྟེན་ནས་གྲིབ་དང་གདོན་སོགས་བསྲུང་བ། སྤྲོས་བྲལ་གྱི་བསྲུང་འཁོར་ཆེ་བ། འཇམ་དཔལ་དང་དམར་འཇིགས་གཉིས་ཀྱི་བསྲུང་འཁོར་འབྲིང་པོ། གཤེད་དམར་གྱི་བསྲུང་འཁོར་ཆུང་བ། རྫས་སྦྱོར་རིལ་བུའི་མན་ངག །ཚད་བརྟག་པའི་ཕྱིར་སྲན་མའི་ལས་སྦྱོར། འཆད་རྩོད་རྩོམ་གསུམ་གྱི་གདམས་ངག །འཇམ་དཔལ་ལུ་


GLG002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་གྱི་ལྷའི་འཕྲིན་ལས་སྒྲུབ་པའི་སྡོམ་ཚིག །དེའི་རྒྱས་བཤད་ལས་གང་སྒྲུབ་ཀྱི་སོ་སོའི་ཁ་བསྒྱུར་བྱ་ཚུལ། དབང་གིས་ཐུན་མོང་གི་ལོངས་སྤྱོད་སྒྲུབ་པའི་མན་ངག་འཇམ་དབྱངས་མཐིང་ནག་ཕྱག་གཉིས་པའི་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། དེའི་སྒོ་ནས་འབྱུང་པོའི་གནོད་པ་ཞི་བར་བྱེད་ཐབས། དོན་སྤྱོད་ཆེ་བར་འདོད་ན་ཤེས་རབ་སྤེལ་བའི་མན་ངག་ཁྲོས་མ་ནག་མོ་ཕྱག་གཉིས་མ་ལུས་དཀྱིལ་དང་བཅས་པའི་སྒྲུབ་ཐབས། དེའི་སྦྱིན་སྲེག་ཉུང་ངུ་བསྡུས་པ། དེའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། རྒྱུན་ཡོད། དཔལ་འཁོར་ལོ་བདེ་མཆོག་དཀར་པོ་ལ་བརྟེན་པའི་འཆི་བ་བླུ་བའི་མན་ངག །དེའི་བྱིན་རླབས་ཀྱི་ཡི་གེ་རྒྱུན་ཡོད། སྒྲོལ་མ་དཀར་མོ་རྒྱལ་མཚན་མའི་སྒྲུབ་ཐབས། དེའི་རྗེས་གནང་གི་ཡི་གེ་རྒྱུན་ཡོད། སྐུ་གསུང་ཐུགས་ཀྱི་སྒོ་ནས་གེགས་སེལ་བ། རླུང་སེམས་གནད་ཀྱི་མན་ངག །ལས་ཀྱི་གཤིན་རྗེ་ཕྱི་སྒྲུབ་མ་ཧེའི་ཞལ་ཅན་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས། ནང་སྒྲུབ་སྲིན་པོའི་ཞལ་ཅན་ཕྱག་གཉིས་པའི་སྒྲུབ་ཐབས། གསང་སྒྲུབ་མ་ཧེའི་ཞལ་ཅན་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། དེ་གསུམ་གྱི་རྗེས་གནང་གི་ཡི་གེ་དང་བཅས་པ་རྒྱུན་ཡོད། རྣམས་ཀྱི་རྗེས་གནང་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱུན་ཡོད། རྒྱལ་བ་རྡོ་རྗེ་འཆང་། རྗེ་བཙུན་འཇམ་དཔལ་དབྱངས། གྲུབ་ཆེན་དཔའ་བོ་རྡོ་རྗེ། རྒྱལ་བ་གཉིས་པ་བློ་བཟང་གྲགས་པ། རྗེ་ཆོས་བཟང་དཔལ་བ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་ཡེ་ཤེས་རྩེ་མོ། རྗེ་ཆོས་ལྡན་པ། མར་སྟོན་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རིན་ཅེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་ཀུན་དགའ་


GLG002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ལས་གཤིན་གསུམ་གྱི་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། རྒྱལ་བ་བཙོང་ཁ་པ་ཆེན་པོ་ནས། མཁས་གྲུབ་དགེ་ལེགས་དཔལ་བཟང་། རིན་པོ་ཆེ་ཆོས་བཟང་པ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། ཡབ་ཆོས་རྗེ་རྡོ་རྗེ་འཆང་། ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། སློབ་དཔོན་ཆོས་གྲགས་འོད་ཟེར། ཆོས་རྗེ་ནམ་མཁའ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་མན་གོང་བཞིན་ནོ། ༈ །ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་གསེར་ཆོས་འཁྲིད་ཆེན་བརྒྱད་དུ་གྲགས་པ་ཐམས་ཅད་མཁྱེན་པ་དཔལ་གཙང་ཆུང་ཆོས་ཀྱི་གྲགས་པས་སྙན་བརྒྱུད་ཟིན་བྲིས་སུ་མཛད་པའི་སྐོར་ལ། གྲུབ་ཆེན་དཔལ་འཛིན་གྱིས་གཤེད་དམར་བཅུ་གསུམ་མ་ལ་མཛད་པའི་རྫོགས་རིམ་རྣལ་འབྱོར་བཞི་རིམ་ཞེས་པ་འཇིགས་བྱེད་བཅུ་གསུམ་མ་ལ་ཁ་སྤོས་ནས་ཉམས་སུ་ལེན་ཚུལ། དཔལ་གསང་བ་འདུས་པ་མི་བསྐྱོད་པའི་རྫོགས་རིམ་རིམ་པ་ལྔ་པ་ཉམས་སུ་ལེན་ཚུལ། ཟབ་ལམ་ནཱ་རོ་ཆོས་དྲུག་ཉམས་སུ་ལེན་ཚུལ་ཡིད་ཆེས་གསུམ་ལྡན་གྱི་སྙིང་པོ། རྣལ་འབྱོར་དབང་ཕྱུག་ལཱུ་ཧི་པའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་མོའི་སྒོམ་ཚུལ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ལ་དངོས་སུ་གནང་བའི་རྫོགས་རིམ་དགའ་བ་བཞིའི་


GLG002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པའམ་ཐིག་ལེ་བཞིའི་རིམ་པ་ཉམས་སུ་ལེན་ཚུལ། རྣལ་འབྱོར་དབང་ཕྱུག་དྲིལ་བུ་ཞབས་ཀྱིས་མཛད་པའི་རྫོགས་པའི་རིམ་པ་ལྔ་པ་ཉམས་སུ་ལེན་ཚུལ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་རྫོགས་རིམ་བྱིན་རླབས་བཞི་ལྡན་ཉམས་སུ་ལེན་ཚུལ། དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ་བཞིའི་རྣལ་འབྱོར། ཐོག་མཐའ་བར་གསུམ་གྱི་རྣལ་འབྱོར། སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་ཉམས་སུ་ལེན་ཚུལ་རྣམས་ཀྱི་ལུང་ལེགས་པར་ནོས་པའི་བརྒྱུད་པ་ནི། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ནས། ཆོས་སྐྱོང་རྒྱ་མཚོ་འོད་ཟེར། པཎྜི་ཏ་ཆོས་ཀྱི་གྲགས་པ། ཐམས་ཅད་མཁྱེན་པ་ནོར་བཟང་རྒྱ་མཚོ། རྗེ་ཤེས་རབ་བཟང་པོ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །དེང་དུས་འཁྲིད་ཆེན་བརྒྱད་ཀྱི་རྣ་ཐོས་བྱུང་བ་རྣམས་ཀྱིས་དབུ་མའི་ལྟ་འཁྲིད་དང་སྙིང་པོ་དོན་གསུམ་སོགས་ཀྱང་འདྲེན་ཞིང་ཕལ་ཆེར་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པས་ཅུང་ཟད་ཐོས་བསམ་དུ་བགྱིས་པའང་བཟང་པོའི་སྐལ་བ་ཅན་དུ་སེམས་སོ། ༈ །འཕགས་པ་ཐུགས་རྗེ་ཆེན་པོའི་དམར་འཁྲིད་ལ་དཔལ་ཇོ་བོ་ཆེན་པོ་ནས་རོང་པ་ཕྱག་སོར་བ་ལ་བརྒྱུད་པ་སྐྱེར་སྒང་ལུགས། དགེ་སློང་མ་དཔལ་མོ་ནས་བརྒྱུད་པ་དཔལ་མོ་ལུགས་ཞེས་རྒྱ་གར་ནས་བྱོན་པ་གཉིས་དང་། བྱང་སེམས་ཟླ་བ་རྒྱལ་མཚན་ལ་འཕགས་པ་ཉིད་ཀྱིས་དངོས་གྲུབ་དངོས་སུ་གནང་བའི་ཟླ་རྒྱལ་ལུགས། བླ་མ་གཉན་དར་མ་འོད་ལ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གནང་བའི་ཚེམ་བུ་ལུགས་ཞེས་བཀའ་སྲོལ་མི་འདྲ་བ་བཞི་ལས་


GLG002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པ་ཐུགས་རྗེའི་ཆུ་རྒྱུན་གྱི་སྟེང་ནས་ཚེམ་བུ་ལུགས་ཀྱི་དམར་འཁྲིད་སྨིན་རྒྱས་སུ་ལེགས་པར་ནོས་པ་དང་། འཁྲིད་ཡིག་ཐུགས་རྗེའི་ཆུ་རྒྱུན། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་གསོལ་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། རྒྱལ་ཡུམ་རྡོ་རྗེ་ཕག་མོ། གྲུབ་ཐོབ་གཉན་ཚེམ་བུ་པ་དར་མ་འོད། སྤྱི་ལྷས་པ་བྱང་ཆུབ་འོད། མཁས་བཙུན་བྱང་ཆུབ་ཚུལ་ཁྲིམས། སྟག་སྡེ་བྲག་དམར་བའང་ཟེར། ལྷ་བཙུན་དགོན་གསར་བ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། ཁམས་སྟོན་གཞོན་ནུ་སེང་གེ །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་དཔལ་ལྡན་ལེགས་པ། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམས་ཁང་དགའ་ལྡན་ཕོ་བྲང་དུ་སྩལ་ཏོ། ༈ །ཡང་ན་ཀུན་སྤངས་ཞང་ནས། བྲག་ཁ་པ་གྲགས་པ་སེང་གེ །བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མན་འདྲ། ཡང་ན་ཀུན་སྤངས་པ་ནས། སྒྲོ་སྨོན་ཅན་པ་རིན་ཅེན་དཔལ། བླ་མ་དམ་པ་མན་འདྲ། ཡང་ན་བླ་མ་དམ་པ་ནས། འབའ་ར་བ་རྒྱལ་མཚན་དཔལ་བཟང་། གྲུབ་ཆེན་རིན་ཅེན་འཕེལ་


GLG002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་རྡོ་རིང་པ་མན་འདྲ། ཡང་ན་བླ་མ་དམ་པ་ནས། ཐུགས་སྲས་ལོ་ཙཱ་བ་རིན་ཅེན་རྣམ་རྒྱལ། གངས་ཅན་པ་ཀུན་དགའ་དཔལ། ཆོས་རྗེ་དཀའ་བཞི་པ། མཁྱེན་རབ་རྗེ་མན་འདྲ། ཡང་ན་རྗེ་རྡོ་རིང་པ་ནས། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་གོང་བཞིན་ནོ། ༈ །དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ཚེམ་བུ་ལུགས་ཀྱི་འཁྲིད་ཡིག་ཤིན་ཏུ་རྒྱས་པ་ཕྱག་རྒྱ་ཆེན་པོ་གསལ་བར་བྱེད་པའི་མན་ངག་མཚན་རྣམ་པ་བཞི་དང་ལྡན་པའི་འཁྲིད་ཡིག་ངེས་པ་དོན་གྱི་སྣང་བའི་ལུང་ནོས་པའི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ་ཡན་འདྲ་བ་ལས། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་མཁྱེན་རབ་ཆོས་རྗེ། ངེས་པར་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། ལོ་ཆེན་རཏྣ་བྷ་དྲ། སྒྱེ་ཆུ་བ་ནམ་མཁའ་རྒྱལ་མཚན། མཉམ་མེད་སངས་རྒྱས་དོན་གྲུབ། རྗེ་སངས་རྒྱས་བཀྲ་ཤིས། མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་། རྡོ་རྗེ་འཆང་མཁན་ཆེན་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་མཉམ་མེད་སངས་རྒྱས་དོན་གྲུབ་ནས། རྗེ་ཡེ་ཤེས་འབྱུང་གནས། རྗེ་སངས་རྒྱས་བཀྲ་ཤིས་མན་འདྲ། སྒྱེ་ཆུ་བ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་བརྒྱུད་འདེབས་མཁྱེན་བརྩེའི་མངའ་བདག་མའི་ལུང་བརྒྱུད་ནི། སྒྱེ་ཆུ་བ་ནམ་མཁའ་རྒྱལ་མཚན་མན་གོང་བཞིན་ནོ། ༈ །ཡི་དམ་དམར་འཁྲིད་ཀྱི་ཟིན་བྲིས་དོན་ལ་ལྷད་མ་ཞུགས་པ་བོགས་འདོན་ངོ་སྤྲོད་དང་བཅས་པ་དགེ་སློང་ཤེས་


GLG002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབུམ་གྱིས་མཛད་པའི་ལུང་ནི། བླ་མ་དཔལ་ལྡན་ལེགས་པ་ཡན་གོང་ལྟར་ལ། དེ་ནས་རྗེ་རིན་ཅེན་དཔལ། རྗེ་ནམ་མཁའི་མཚན་ཅན། བླ་མ་ཕུན་ཚོགས་རྡོ་རྗེ། རྗེ་སངས་རྒྱས་སེང་གེ །མུས་ཆེན་ནམ་མཁའ་དཔལ་བཟང་། ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །སྐུ་ཞང་མཁྱེན་རབ་ཆོས་རྗེས་དམར་འཁྲིད་འདི་བྱ་རྒྱུད་ཀྱི་ཁོངས་སུ་གཏོགས་གསུངས་ནའང་མཁས་པ་ཕལ་ཆེར་རྒྱུད་སྡེ་སྤྱིའི་དགོངས་པ་འགྲེལ་ཞིང་ཁྱད་པར་བླ་མེད་ཀྱི་ཕྱོགས་སུ་གཏོགས་པར་བཞེད་པ་ཡིན་ནོ། ༈ །གསུམ་པ་ཞར་བྱུང་བླ་མའི་གསུང་འབུམ་སོགས་མདོ་སྔགས་ཐ་སྙད་སོ་སོར་དབྱེ་དཀའ་བའི་སྐོར་ལ། མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོས་མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིམ་ལ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླགས་པས་ཆོག་པ་མདོ་སྡེ་ལས་བསྡུས་པའི་ལུང་ནོས་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འཇམ་དཔལ་དབྱངས། མཁན་པོ་རིན་པོ་ཆེ་བོ་དྷི་ས་ཏྭ། མངའ་བདག་ཁྲི་སྲོང་ལྡེ་བཙན། སད་ན་ལེགས་མཇིང་ཡོན། མངའ་བདག་ཁྲི་རལ། ལྷ་ལུང་དཔལ་རྡོར། མངའ་བདག་འོད་སྲུངས། མངའ་བདག་དཔལ་འཁོར་བཙན། ཁྲི་སྐྱིད་ལྡེ་ཉི་མ་མགོན། མངའ་བདག་བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད། མངའ་བདག་ལྷ་ལྡེ། མངའ་བདག་འོད་ལྡེ། མངའ་བདག་རྩེ་ལྡེ། མངའ་རིས་དགྲ་བཅོམ་པ། དགེ་བཤེས་ཞུ་ལྡན་པ་ཤེས་རབ་གྲགས། སྒྲུབ་ཁང་པའི་གསན་ཡིག་ན་སྣར་བྱང་ཆུབ་ཚུལ་ཁྲིམས་ཟེར་བ་ཞིག་དེའི་ཚབ་ཏུ་འདུག་པ་མཚན་གྱི་རྣམ་གྲངས་ཡིན་མིན་བརྟག །
ར་ས་ཆུ་ལས་པ་དར་མ་རྒྱལ་མཚན། སྒྲུབ་ཁང་པའི་གསན་ཡིག་ན་ཟ་ར་ཞེས་པ་སྣང་། དཔལ་ལྡན་གྲོ་མོ་ཆེ་བ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། གཉག་སྙིང་པོ་རྒྱལ་མཚན། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། དཔང་སྒང་པ་གྲགས་པ་དཔལ། ཆོས་ལུང་མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་འཇམ་དབྱངས་རིན་ཅེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར། ཆོས་ལུང་ཤར་གླིང་པ་འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔལ་འབར། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ་རིགས་ཀུན་བདག་པོ་བློ་གྲོས་མཆོག་གི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཁྱབ་བདག་བཀའ་འགྱུར་བ་ནས། དྲིན་ཅན་ཞ་ལུ་བ་ཆེན་པོ། དེས་བདག་ལའོ། །ཡང་ན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། ཤར་ཁང་པ། མངའ་རིས་ནམ་མཁའ་དཔལ་ལྡན། ཞ་ལུ་པ། །དེས་བདག་ལའོ། །ཡང་ན་མངའ་རིས་ནམ་མཁའ་དཔལ་ལྡན་ནས། རི་སྦུག་དབུ་མཛད་རིན་ཅེན་རྒྱ་མཚོ། ཁྱབ་བདག་ཞ་ལུ་པ།དེས་བདག་ལའོ། །ཡང་ན་སངས་རྒྱས་སྒོམ་པ་ནས། མཆིམས་ནམ་མཁའ་གྲགས། རྗེ་བསོད་ནམས་ཡེ་ཤེས། ཞང་སྟོན་བསོད་ནམས་གྲགས་པ་མན་འདྲ། འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ལ་ནོས་ཀྱང་བརྒྱུད་པ་མ་བྱུང་ངོ་།


previousསྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་རིམ་པ་ཇི་ལྟར་ནོས་པ་སོགས་ཀྱི་སྐོར།next