Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
collapse section
 
  
  
  
  
  
  
རྒྱལ་སྲས་ཐོགས་མེད་ཀྱི་བཀའ་འབུམ་སོགས་གསན་པའི་ལུང་བརྒྱུད།
  
  
  
  
  
  
 
  
  
  
  
  
  
  
  
  
  


4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརྒྱལ་སྲས་ཐོགས་མེད་ཀྱི་བཀའ་འབུམ་སོགས་གསན་པའི་ལུང་བརྒྱུད།next

རྒྱལ་སྲས་ཐོགས་མེད་ཀྱི་བཀའ་འབུམ་སོགས་གསན་པའི་ལུང་བརྒྱུད།


GLG002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་སྲས་པོ་འཇིག་རྟེན་དབང་ཕྱུག་ཐོགས་མེད་བཟང་པོ་དཔལ་བའི་བཀའ་འབུམ་གྱི་སྐོར་ལ། བཤེས་གཉེན་ཐར་པ་དཔལ་


GLG002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྐུལ་བའི་དོན་དུ་མཛད་པའི་འཇམ་དབྱངས་འཁོན་སྟོན་ཐུགས་རྗེ་རིན་ཅེན་གྱི་བསྟོད་པ་སྔོན་སྦྱངས་མ། བྱང་སེམས་རིན་ཅེན་མགོན་གྱི་བསྟོད་པ་རིན་པོ་ཆེའི་ཅོད་པན་ནམ་སྤྱི་གཙུག་ཉི་ཟླ་མ། ཡང་དེའི་བསྟོད་པ་དད་པ་སྐྱེད་བྱེད་མཁྱེན་རབ་མ། མཁན་ཆེན་བྱང་ཆུབ་རྩེ་མོས་བསྐུལ་བ་ལྟར་མཛད་པའི་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་གསོལ་འདེབས་སྐུ་ཚེ་དཔག་མེད་མ། བཤེས་གཉེན་འཇམ་དབྱངས་དཀར་པོས་བསྐུལ་བའི་ངོར་མཛད་པའི་ཆོས་རྗེ་བུ་སྟོན་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་གསོལ་འདེབས་ཚོགས་གཉིས་མ། བཤེས་གཉེན་མི་ཉག་བློ་ལྡན་དཔལ་དང་སློབ་དཔོན་དཔལ་ལྡན་ཡེ་ཤེས་གཉིས་ཀྱིས་བསྐུལ་ངོར་མཛད་པའི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསོལ་འདེབས་ལེགས་རྒྱུ་དགེ་ཚོགས་མ། བྱ་བྲལ་བ་དཔལ་རིན་གྱིས་བསྐུལ་བའི་ངོར་མཛད་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་བརྒྱུད་འདེབས་གནས་སྤྱི་གཙུག་མ། དམར་འཁྲིད་བརྒྱུད་པའི་བླ་མ་ལ་ཕྱག་འཚལ་བ་ཤེས་བྱ་མ་ལུས་མ། བཤེས་གཉེན་ཤེས་རབ་བཟང་པོས་བསྐུལ་བའི་ངོར་མཛད་པའི་ཐེག་པ་ཆེན་པོ་བློ་སྦྱོང་གི་བརྒྱུད་འདེབས་ཚོགས་གཉིས་རབ་རྫོགས་མ། རྟེན་འབྲེལ་སྙིང་པོའི་བརྒྱུད་པའི་གསོལ་འདེབས་ཐེག་བདེ་མ། བཅུ་གཅིག་ཞལ་གྱི་སྨྱུང་གནས་བརྒྱུད་པ་ལ་ཕྱག་འཚལ་བ་འགྲོ་ཀུན་མ། དོན་ཡོད་ཞགས་པ་ལྷ་ལྔ་བརྒྱུད་པ་དང་བཅས་པ་ལ་བསྟོད་པ་འགྲོ་བའི་སྐྱབས་གཅིག་མ། སེམས་ཙམ་ལུགས་ཀྱི་བྱང་སེམས་སྡོམ་པའི་བརྒྱུད་འདེབས་མཁྱེན་བརྩེ་མ། བླ་མ་སེ་སྟོན་གྱིས་བསྐུལ་བའི་ངོར་མཛད་པའི་དབུ་མ་ལུགས་ཀྱི་སྨོན་འཇུག་སེམས་བསྐྱེད་


GLG002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བརྒྱུད་འདེབས་ཤེས་བྱ་མ་ལུས་མ། བྱམས་ཆོས་པ་བྱང་ཆུབ་རྒྱལ་མཚན་གྱི་ངོར་མཛད་པའི་བླ་ཆེན་ལུགས་ཀྱི་བསྙེན་རྫོགས་སྡོམ་པའི་བརྒྱུད་འདེབས་ཐམས་ཅད་མཁྱེན་པ་མ། བཤེས་གཉེན་ཤཱཀྱ་ཡེ་ཤེས་ཀྱི་ངོར་མཛད་པའི་སུམ་པ་ལོ་ཙཱའི་སྙན་བརྒྱུད་ཀྱི་བརྒྱུད་འདེབས་ཟག་མེད་མ། སྐྱིད་སྡུག་ལམ་ཁྱེར་གྱི་བརྒྱུད་འདེབས་རིག་པའི་གནས་ལྔ་མ། བླ་མ་སེ་སྟོན་གྱིས་བསྐུལ་བའི་ངོར་མཛད་པའི་སྙིང་པོ་དོན་གསུམ་གྱི་བརྒྱུད་འདེབས་རབ་མཛེས་མ། ཕྱོགས་བཅུའི་སངས་རྒྱས་ལ་བསྟོད་པ་རྒྱལ་བ་མཉེས་བྱེད་ཤར་ཕྱོགས་མ། མཁན་ཆེན་དཀའ་བཞི་པ་གྲགས་པ་གཞོན་ནུས་མཛད་པའི་ཆོག་ཁྲིགས་ལྟར་སྨན་བླ་བདེ་གཤེགས་སྡེ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བསྟོད་པ་རྒྱལ་བ་མཉེས་པར་བྱེད་པའི་མཆོད་པ་བླ་མེད་གསེར་མདོག་མ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོའི་གླིང་གཞི་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་གི་བསྟོད་པ་མཁྱེན་རབ་མ། སྨན་བླ་དེ་བཞིན་གཤེགས་པ་བདུན་གྱི་འཁོར་གྱི་ལྷ་ཚོགས་ལ་ཕྱག་འཚལ་བ་བཅོམ་ལྡན་འདས་མ། ཇོ་བོ་སྐོར་བ་རྣམས་ཀྱི་དོན་དུ་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང་པོ་བྱང་ཆུབ་མ། བཤེས་གཉེན་དཔལ་ལྡན་ཡེ་ཤེས་ཀྱི་ངོར་མཛད་པའི་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དུས་གསུམ་རྒྱལ་བ་མ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ་ཚིག་རྒྱན་མེ་ཏོག་གི་འཕྲེང་བ་མཚན་དཔེ་ཆ་ཤས་མ། ཡང་དེ་ཉིད་ལ་བསྟོད་པ་ཤླཽ་ཀ་ཉི་ཤུ་རྩ་ལྔ་པ། བཅོམ་ལྡན་འདས་བྱམས་པ་མགོན་པོ་ལ་བསྟོད་ཅིང་གསོལ་བ་གདབ་པ་སྟོབས་བཅུ་མ། བཅོམ་ལྡན་


GLG002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མ་སྒྲོལ་མ་ལ་བསྟོད་པ་མཁྱེན་བརྩེ་མ། རང་གཞན་ལ་ཕན་པའི་དོན་དུ་མཛད་པའི་རྒྱལ་སྲས་ལག་ལེན་མ། གཉེན་པོ་བསྟེན་པའི་ཚིགས་སུ་བཅད་པ་ཚུལ་བཞིན་ཡིད་བྱེད་མ། སྡིག་སྤོང་དགེ་སྒྲུབ་ལ་བསྐུལ་བ་དགེ་བ་དགེ་བཤེས་མ། ཆོས་ལ་བསྐུལ་བའི་གཏམ་རིན་པོ་ཆེའི་རྒྱན་གྱི་མཆོད་སྡོང་མ། རང་གི་སེམས་ལ་གྲོས་འདེབས་པ་གང་ཞིག་སྐྱོན་བྲལ་མ། རང་ལ་གྲོས་འདེབས་པའི་གཏམ་ཨང་དྲུག་མ། སློབ་མ་རྣམས་ལ་སྙིང་གཏམ་དུ་གསུངས་པ་དཔག་ཡས་མཁྱེན་བརྩེ་མ། རང་ལ་བསྐུལ་བ་མཁྱེན་བརྩེ་ནུས་པ་མ། རང་ལ་བསྐུལ་བ་སྔར་སྤྱད་བདེ་སྡུག་མ། རང་གི་སེམས་ལ་འདྲི་བར་བསྐུལ་བ་ཉོན་མོངས་དུག་ལྔ་མ། སྒོ་ཡིག་དང་པོ་བདག་ལ་ཕྲད་འདོད་མ། སྒོ་ཡིག་གཉིས་པ་བདག་ནི་སྔོན་ལས་མ། སྨོན་འཇུག་གི་སེམས་བསྐྱེད་པའི་ཆོ་ག་ཇོ་བོ་ཆེན་པོའི་གཞུང་ལས་ཇི་ལྟར་བྱུང་བ་བཞིན་མཛད་པ། ཇོ་བོ་ཆེན་པོས་མཛད་པའི་རྗེས་སུ་འབྲངས་ཏེ་བདག་ཉིད་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་གའམ་སེམས་བསྐྱེད་དང་སྡོམ་པ་རང་གིས་བླང་བའི་ཆོ་ག །དགེ་བའི་བཤེས་གཉེན་འཇམ་དཔལ་རྡོ་རྗེ་སྙིང་པོས་བསྐུལ་བའི་ངོར་མཛད་པའི་སློབ་དཔོན་ཆེན་པོ་ཞི་བ་ལྷ་ལུགས་ཀྱི་སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་ག །རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་བསྐུལ་བའི་ངོར་མཛད་པའི་བློ་སྦྱོང་དོན་བདུན་མའི་འཁྲིད་ཡིག །སྨྱུང་བར་གནས་པའི་ཆོ་ག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཆེན། ལས་དང་པོ་པ་འགའ་ཞིག་གི་དོན་དུ་གསུངས་པའི་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་བསྡུས་པ། བྱ་བྲལ་བ་དཔལ་འབྱོར་བཟང་པོའི་ངོར་གནང་བའི་ཐུགས་རྗེ་ཆེན་པོའི་


GLG002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་གང་ཟག་རྣམས་ཀྱི་ཆོས་སྤྱོད་ཀྱི་རིམ་པ་ལ་སྐྱབས་འགྲོ། ཟས་ཀྱི་སྒོ་ནས་ཚོགས་གསོག་པ། ཡན་ལག་བདུན་པ། གཏོར་མ་བརྒྱ་རྩ། ཡི་དྭགས་ཀྱི་ཆུ་སྦྱིན། དབྱུག་གུ་དྲུག་ཅུ་རྩ་བཞི། བྲུལ་གཏོར། ཛམ་ལྷའི་ཆུ་སྦྱིན། དཀར་ཆ་བཞི། སཱཙྪ་གདབ་པའི་རིམ་པ། བླ་མ་ལ་གསོལ་བ་གདབ་པ། ཡང་དག་པའི་དོན་སྤྲོས་བྲལ་བསྒོམ་པ། རྟེན་འབྲེལ་སྙིང་པོའི་འཁྲིད་དམིགས་པ་ཟུར་འདེབས་གསུམ་དང་བཅས་པ། བྱ་བྲལ་བ་དཔལ་འབྱོར་བཟང་པོས་བསྐུལ་བའི་ངོར་མཛད་པའི་འོད་དཔག་མེད་ཀྱི་བླ་མའི་རྣལ་འབྱོར། ངན་སོང་སྦྱོང་བའི་མངོན་རྟོགས་ཤིན་ཏུ་བསྡུས་པ་དགེ་བའི་བཤེས་གཉེན་ཀུན་ལེགས་པའི་ངོར་མཛད་པའི་སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད། རྒྱལ་མཚན་དཔལ་གྱིས་བསྐུལ་བའི་ངོར་མཛད་པའི་བྱང་སེམས་རིན་ཅེན་མགོན་གྱི་ནང་རྟེན་དཀར་ཆག །བསོད་ནམས་འོད་ཟེར་གྱི་དོན་དུ་མཛད་པའི་ལམ་རིམ་རྒྱས་པ་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་པའི་མན་ངག །ཕ་ཇོ་གཡུང་དྲུང་དཔལ་གྱི་དོན་དུ་མཛད་པའི་ལམ་རིམ་བསྡུས་པ་ཡང་དག་སྒྲུབ་པ། ཡང་དེའི་དོན་དུ་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གསུངས་པའི་ཡན་ལག་བདུན་པ། ལ་ཤིང་མཁན་པོ་ཤེས་རབ་གྲུབ་ཀྱིས་བསྐུལ་བའི་ངོར་མཛད་པའི་ཞལ་གདམས་ཚུལ་གནས་མ། བཤེས་གཉེན་རབ་རྩེ་ནམ་མཁའ་འགྲུབ་ལ་གདམས་པའི་བློ་སྦྱོང་ཕར་ཕྱིན་དྲུག་ལྡན་མ། ཡང་དེ་ལ་གསུངས་པའི་ཞལ་གདམས་ཐུགས་རྗེ་ཆེན་པོ་མ། སྟག་ལུང་པ་ཤཱཀྱ་དཔལ་བཟང་པོ་ལ་གསུངས་པའི་ཞལ་གདམས་ཤཱཀྱ་བསྟན་འཛིན་མ། ཡང་དེ་ལ་གསུངས་པའི་ཞལ་གདམས་


GLG002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བརྒྱད་ལམ་དུ་སློང་བ། ཡང་དེ་ལ་གདམས་པའི་སྦྱོར་དངོས་རྗེས་གསུམ་ཚང་བའི་བློ་སྦྱོང་དལ་འབྱོར་རྙེད་དཀའ་མ། སྟག་ལུང་ཀ་དྲུག་པ་ལ་གསུངས་པའི་ཞལ་གདམས་རྒྱལ་བ་རྒྱ་མཚོ་མ། སི་ཏུ་ཆེན་པོ་ལ་ནག་ཅན་ཞིག་སྐྱོབ་པའི་ཕྱིར་དུ་ཕུལ་བའི་འཕྲིན་ཡིག་མཆོད་གནོད་མ། བླ་མ་རྫོགས་ཆེན་པ་ཆོས་ཉིད་རྒྱལ་མཚན་གྱི་དྲིས་ལན་དཀོན་ཅོག་མ། བཤེས་གཉེན་དཔལ་ལྡན་ཡེ་ཤེས་ཀྱིས་བསྐུལ་བའི་ངོར་མཛད་པའི་གནོད་བྱེད་ལ་ཕན་གདགས་པའི་དམ་བཅའ་དང་སྨོན་ལམ་སྔོན་བཅོམ་མ། ལྷག་བསམ་ཟླ་བ་ཚེས་པས་བསྐུལ་ནས་དམ་ཆོས་ཚུལ་བཞིན་སྒྲུབ་པའི་ཐབས་ཡོན་ཏན་འོད་ཟེར་མ། བསོད་ནམས་དཔལ་གྱིས་བསྐུལ་བའི་ངོར་མཛད་པའི་ལྟ་སྒོམ་སྤྱོད་འབྲས་གཞི་ལམ་འབྲས་བུའི་ངོས་འཛིན་ཐུགས་རྗེ་ཆེན་པོ་མ། དྲུང་ནས་པའི་དྲིས་ལན་བསམ་མི་ཁྱབ། རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པའི་སྨོན་ལམ་བདག་གམ་བདག་བཤེས་མ། རིགས་དང་བསོད་ནམས་ཐུགས་དགོངས་ཕུན་སུམ་ཚོགས་པ་དང་ལྡན་པ། བྱམས་ཆེན་པར་ཕུལ་བའི་ཞུ་འཕྲིན། ཆེན་པོ་བསོད་ནམས་བཟང་པོའི་ཐུགས་དམ་བསྐུལ་བ་སྔོན་ཆད་བསོད་ནམས་མ། བྱང་པ་དཔོན་ཤཱཀྱ་བཟང་པོ་ཞབས་བསྙུན་པའི་དུས་གདམས་པ། སྟག་ལུང་སངས་རྒྱས་དཔལ་ལ་དམ་བཅའ་བརྟེན་པའི་དོན་དུ་གདམས་པ་གནོད་བྱེད་མ། སློབ་དཔོན་ནམ་མཁའ་རིན་ཅེན་དཔལ་བཟང་པོ་ལ་གདམས་པ་བདེ་ལམ་མ། དེས་བསྐུལ་བའི་ཕར་ཕྱིན་དྲུག་གི་ངོས་འཛིན་ཡོན་ཏན་དཀྱིལ་འཁོར་མ། རོང་པ་ཆོས་བློའི་དོན་དུ་མཛད་པའི་དཀོན་ཅོག་གི་ངོས་འཛིན་སྒྲིབ་གཉིས་མ། བོན་པོ་ཁྱི་ཐུལ་གྱི་སེམས་ལ་ཕན་པའི་གདམས་པ། མཁན་པོ་ལོ་ཙཱ་བ་


GLG002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་རྩེ་མོའི་དྲིས་ལན་མཉམ་མེད་མ། ས་སྐྱ་དགེ་བཤེས་ཤིག་གིས་དྲིས་ལན་ནད་ལ་སོགས་པ་ལམ་དུ་འཁྱེར་ཚུལ་བདག་ཞེན་མ། དགེ་བཤེས་ཤཱཀྱ་བསོད་ནམས་ལ་གདམས་པ་ཤཱཀྱ་སེང་མ། སློབ་དཔོན་ནམ་མཁའ་དཔལ་གྱི་འཕྲིན་ལན། དེ་ལ་གདམས་པ་དམ་ཆོས་མཐར་ཐུག་རིན་ཅེན་འཕྲེང་བ་འཕྲིན་ལས་བཟང་པོ་མ། གནས་རྙེད་པ་རྒྱལ་དབང་ལ་གདམས་པ་བློ་དཀོན་ཅོག་མ། སློབ་དཔོན་ཆེན་པོ་གྲགས་པ་རིན་ཅེན་ལ་གདམས་པ་བསླབ་གསུམ་མ། སློབ་དཔོན་ལྡོང་སྟོན་གྱིས་བསྐུལ་བ་ལ་བརྟེན་ནས་གདམས་པ་ཕན་བདེ་མ། སློབ་དཔོན་ཆོས་བློ་དབོན་པོ་ཀུན་དགའ་རྒྱལ་མཚན་ལ་གདམས་པ་ཤེས་བྱ་མ་ལུས་མ། དེ་ལ་གདམས་པ་ཆོས་ཀྱི་བློ་གྲོས་མ། ཡང་དེ་ཉིད་ཆོས་ལ་བསྐུལ་ཕྱིར་ཐོགས་མེད་ཅེས་བྱས་སྦྱར་བ། མཁན་ཆེན་གྲོ་ས་པ་ལ་ཕུལ་བའི་ཞུ་འཕྲིན་ཡང་དག་མ། སློབ་དཔོན་ཆོས་མཆོག་ལ་ཕུལ་བའི་ཞུ་འཕྲིན། དེ་ཉིད་ཤིག་ནད་ཀྱིས་བསྙུན་དུས་སུ་ཕུལ་བའི་ཞུ་འཕྲིན། བླ་མ་སྤོ་ཏོག་པའི་དོན་དུ་གདམས་པ་དལ་འབྱོར་རིན་ཅེན་མ། སྦུད་སྒྲའི་རྟོགས་ལྡན་བསོད་ནམས་རིན་ཅེན་གྱི་དམ་བཅའ་བཞི་པོ་བརྟན་པའི་དོན་དུ་མཛད་པ་དངོས་གྲུབ་རྩ་བ་མ། འོད་ཟེར་བཟང་པོ་ལ་གདམས་པ་ཉེས་པའི་འབྱུང་གནས་མ། ཡང་དགོན་གདན་ས་པ་བླ་མ་རི་པ་གཞོན་ནུ་རྒྱལ་མཚན་གྱི་ཐུགས་དམ་གསལ་འདེབས་དལ་འབྱོར་རིན་ཅེན་མ། རྩིབས་རི་བ་སློབ་དཔོན་གཞོན་ནུ་བྱང་ཆུབ་ཀྱི་དམ་བཅའ་བརྟན་པའི་དོན་དུ་མཛད་པ་གཞན་ཕན་མ། སྒོམ་ཆེན་པ་བསོད་ནམས་རྒྱལ་མཚན་ལ་གདམས་པ་ཆོས་ཀུན་མ། ཁམས་པ་བློ་གྲོས་དཔལ་ལ་གདམས་པ་དལ་འབྱོར་མི་ལུས་མ། མི་ཉག་རྒྱལ་མཚན་འབུམ་


GLG002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་དུ་གདམས་པ་དལ་འབྱོར་རྙེད་དཀའ་མ། མི་ཉག་བླ་མ་རབ་སྟོན་འཇམ་དབྱངས་གྲགས་པ་ལ་གདམས་པ་སྙིགས་དུས་མ། རིན་པོ་ཆེ་སྐྱོབ་པ་དཔལ་ལ་གདམས་པ་སེམས་རྟོག་མེད་མ། རྒྱལ་སྲས་ལག་ལེན་གྱི་ཕ་ཡུལ་སྤོང་བའི་སྐབས་སུ་བླང་དོར་བྱེད་པ་དང་བརྗེད་པའི་གཏི་མུག་མུན་ནག་ཅན་གཉིས་པོ་གང་ཡིན་ལ་འགའ་ཞིག་མ་འཆམ་པར་རྒྱལ་བཙུགས་པ་ཡིན་ཟེར་ནས་དྲིས་པའི་ལན། ནམ་མཁའ་བཟང་པོས་དྲིས་པའི་ལན་དཀོན་ཅོག་མ། དགེ་སློང་ཆོས་དབང་རིན་ཅེན་གྲོགས་མཆེད་གཉིས་ཀྱི་འཕྲིན་ལན། བཤེད་གསར་བ་རྣམས་ཀྱི་དོན་དུ་མཛད་པའི་ཚོགས་ཀྱི་གཏམ། མ་ཎི་བ་ཟླ་བཟང་གི་དྲང་པོའི་གཏམ། བྱ་བྲལ་བ་རིན་ཅེན་དཔལ་གྱིས་བསྐུལ་བའི་ངོར་མཛད་པའི་བསྔོ་བ། དཔོན་རིན་ཅེན་བཟང་པོའི་དོན་དུ་མཛད་པའི་སྨོན་ལམ་བདག་གི་སྐྱ་ཞིང་མ། ལམས་པ་མ་ཎི་བས་བསྐུལ་བའི་ངོར་མཛད་པའི་སྨོན་ལམ་བདག་ནི་བྱང་ཆུབ་མ། དཔོན་རིན་གྱི་ཡུམ་བར་མ་གསེར་ལས་བཞེངས་པའི་རབ་གནས་ཀྱི་དོན་དུ་མཛད་པའི་བཀྲ་ཤིས་ཐུགས་དབང་མ། བཤེས་གཉེན་རྒྱལ་མཚན་དར་རས་རྐྱང་པའི་ཁ་ཆེམས་དྲིས་ལན་གཏུམ་མོ་འབར་བ་མ་རྣམས་ཀྱི་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། རྒྱ་མ་བ་ཡོན་ཏན་འོད། བྱང་སེམས་འཕགས་པ་བློ་འཕེལ། སྤྱན་སྔ་ཚུལ་ཁྲིམས་དར། སྤྱན་སྔ་བསོད་ནམས་ལྷ་དབང་། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་སྩལ་ཏོ། ༈ །ཀུན་


GLG002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་གཡག་པ་དང་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་འཇམ་མགོན་ས་སྐྱ་པཎྜི་ཏའི་བསྟོད་པ་དང་རྗེས་སུ་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཀྱི་ཚུལ་དུ་ནོས་ཤིང་། བསྟོད་པ་ཆོས་རྒྱལ་མ་བླ་མའི་རྣལ་འབྱོར་གྱི་ཡི་གེ་གཡག་ཕྲུག་མི་ཕམ་སངས་རྒྱས་དཔལ་གྱིས་མཛད་པ། བྱིན་རླབས་ཀྱི་ཡི་གེ་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་འཇམ་དབྱངས་བླ་སྒྲུབ་ཚིགས་བཅད་མཆན་བུ་མ་རྣམས་ཀྱི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། འཇམ་མགོན་ས་སྐྱ་པཎ་ཆེན། བླ་མཆོད་གོང་མ་ཏོག །ཏི་ཤྲཱི་གྲགས་པ་འོད་ཟེར། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། བྱང་པ་དཀོན་ཅོག་གྲགས་པ། གཡག་མི་ཕམ་ཆོས་ཀྱི་བླ་མ། རོང་སྟོན་ཤེས་བྱ་ཀུན་རིག །རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན། འབྲས་མོ་བ་བསོད་ནམས་རྒྱ་མཚོ། མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། དྲིན་ཅན་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། པཎ་ཆེན་ངག་དབང་ཆོས་གྲགས། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །རྗེ་བཙུན་རེ་མདའ་བ་ཆེན་པོས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ལ་ཞུས། བརྒྱུད་པ་མ་བྱུང་། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་མན་ངག་གུར་བརྒྱད་རྩ་འགྲེལ་གྱི་ལུང་འཇམ་དབྱངས་དཀོན་ཅོག་ཆོས་


GLG002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་ལ་ཞུས་བརྒྱུད་པ་མ་བྱུང་། ༈ །དཔལ་ཁྲོ་ཕུ་བའི་མན་ངག་བརྒྱ་རྩའི་སྐོར་ལ། པཎ་ཆེན་ཤཱཀྱ་ཤྲཱི་དང་སིདྷ་ལའི་དགྲ་བཅོམ་པའི་ལོ་རྒྱུས། ཡུམ་ཆེན་མོའི་བསྲུང་བ་ཟབ་མོ། ཕྱག་རྒྱ་ཆེན་པོ་ཅིག་ཅར་དུ་སྟེན་པ་ཞེས་ཀྱང་བྱ་རང་བཞིན་མཚན་ཉིད་ངོ་བོ་གསུམ་གྱི་ངོ་སྤྲོད། འཕྲིན་ཡིག་རྨི་ལམ་མ། ཁ་སཪྤཱ་ཎའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཤཱནྟ་ཀ་རས་མཛད་པ། དཔེ་དོན་བཅུ་གཉིས་ཀྱི་མན་ངག །ཏིང་ངེ་འཛིན་གྱི་དབང་བསྐུར། འཇིག་རྟེན་དབང་ཕྱུག་ལྷ་ལྔའི་སྒྲུབ་ཐབས་ཤྲཱི་མི་ཏྲ་ཨཱ་ནནྡའི་གདམས་པ། མན་ངག་གནད་ཀྱི་ལྡེ་མིག་ལྷུག་པར་བཤད་པ། ཉི་ཟླ་འབར་འཛག་ཤྲཱི་མི་ཏྲ་ཨཱ་ནནྡའི་གདམས་པ། བདེ་ཆེན་གྱི་བར་དོའི་གདམས་ངག །མཎྜལ་གྱི་ཆོ་ག །བྱམས་པའི་སྒྲུབ་ཐབས་པཎ་ཆེན་ཤཱཀྱ་ཤྲཱིས་ཞལ་གཟིགས་ནས་མཛད་པ། ཆོས་རྗེ་ཤཱཀྱ་ཤྲཱི་ལ་གསོལ་བ་འདེབས་པ་གདུང་བའི་ཤུགས་རིངས། རིན་ཅེན་འབྲུ་དགུའི་གདམས་པ། ཁ་སཪྤཱ་ཎི་འཁོར་ལོ་རྣམ་གསུམ་དམ་ཚིག་བཞི་ཞེས་བཤད་པའི་མན་ངག །དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་གཉིས། འཛབ་འགྱུར་བཅོ་བརྒྱད་པ། རྒྱལ་ཆེན་རྣམ་སྲས་རྒྱ་ནག་མ་སྤྱན་དྲངས་པའི་གསང་སྔགས། འཕགས་མ་སྒྲོལ་མས་དམ་བཅས་པའི་གཟུངས། པཎ་ཆེན་ཤཱཀྱ་ཤྲཱིའི་པུར་སྦྱངས་པའི་ཚེ་ནམ་མཁའ་ནས་རོལ་མོའི་སྒྲ་ལས་བྱུང་བའི་ཚིགས་བཅད། ནམ་མཁའི་སིལ་སྙན་ལས་བྱུང་བའི་གདམས་པ་བདུན་ཕྲག་བདུན་མ། པཎ་ཆེན་ཤཱཀྱ་ཤྲཱི་སྐུ་གཤེགས་པའི་དུས་སུ་རཱ་ཧུ་ལ་ཤྲཱི་ལ་སོགས་པའི་པཎྜི་ཏ་བཞིས་སྦྱར་བ། མཆོད་པའི་སྤྲིན་གྱི་གཟུངས། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ་སྒྲ་གཅན་འཛིན་བཟང་པོའི་


GLG002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱིས་མཛད་པ། བྱང་ཆུབ་སེམས་དཔའི་ལམ་མདོར་བསྡུས་པའི་བསྡུས་དོན། བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་མདོར་བསྡུས་པ་པཎ་ཆེན་གྱིས་མཛད་པ། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས་བརྟག་པའི་རྒྱལ་པོ་བདུན་བརྒྱ་པ་ལས་བཏུས་པ། ཆོས་རྗེའི་གསུང་སྔ་ཕྱི་གོ་བསྒྱུར་གྱི་མན་ངག །གདོན་བགེགས་ལྟར་བསྒྲུབ་པའི་གདམས་པ། དེའི་བསྡུས་དོན། བསྲེ་བ་བཞིའི་གདམས་པ། དེའི་སྙིང་བྱང་། མན་ངག་གནད་ཀྱི་ལྡེ་མིག །རྣལ་འབྱོར་བདུན་གྱི་ལམ་རྣམ་པར་ངེས་པ་དེ་ཁོ་ན་ཉིད་རྣལ་འབྱོར་དུ་མཚོན་པའི་མན་ངག །རང་གི་སེམས་ཀྱི་མདུད་པ་འགྲོལ་བའི་མན་ངག །ཕྱག་རྒྱ་ཆེན་པོ་ཆིག་ཆོད་ཀྱི་དོ་ཧ། ཁ་སཪྤཱ་ཎི་ཡབ་ཡུམ་གྱི་སྒྲུབ་ཐབས་ཤྲཱི་མི་ཏྲའི་གདམས་པ། ཕ་རོལ་དབང་དུ་བྱེད་པའི་མན་ངག །བཞི་གསུམ་བཅུ་གཉིས་ཀྱི་མན་ངག །ཧཱུྃ་ཆེན་མེ་འབར་ལ་བསྟོད་པ། བསོད་སྙོམས་ཀྱི་ཀུན་ཏུ་སྤྱོད་པ་རྒུད་པ་རྣམ་སེལ། ཆབ་གཏོར་དྲི་མ་མེད་པའི་གཞུང་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྒན་སྟོན་ལེགས་པའི་ཤེས་རབ་ཀྱིས་ཞུས་པ། འཕགས་པའི་གནས་བརྟན་བཅུ་དྲུག་གི་གསོལ་འདེབས། ཀླུ་སྒྲུབ་ཡབ་སྲས་ཀྱི་བསྟོད་པ། ཐུགས་རྗེ་ཆེན་པོ་སྙིང་གི་དུག་སྦྱོང་གི་མན་ངག །དཔལ་སྒྲོལ་མ་དཀར་མོའི་འཆི་བ་བླུ་བའི་སྒྲུབ་ཐབས་སློབ་དཔོན་ངག་དབང་གྲགས་པས་མཛད་པ། དེའི་བསྟོད་པ། ཆོས་རྗེ་ལོ་ཙཱ་བས་རང་ལ་སྨོད་ཅིང་གཤུང་བའི་ཚིགས་བརྒྱད། བྷ་སུ་ཀེའི་གཏོར་མའི་མན་ངག །དེ་ཁོ་ན་ཉིད་ཡེ་ཤེས་སྦར་བའི་མན་ངག་ཤྲཱི་མི་ཏྲས་མཛད་པ། རྡོ་རྗེ་ཐེག་པའི་བསྔོ་བ་ནོར་བུའི་སྒྲོན་མ་སློབ་དཔོན་མི་ཕམ་ཟླ་བས་མཛད་པ། དེའི་


GLG002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱིཀྐ། དེའི་བསྡུས་དོན། རྨི་ལམ་བརྡ་སྟོན་གྱི་མན་ངག །རྣམ་ཐོས་སྲས་མཆོད་པའི་ཆོ་ག་ཡན་ལག་བདུན་པ། ཐུགས་རྗེ་ཆེན་པོའི་ནད་སེལ་ཤྲཱི་མི་ཏྲའི་གདམས་པ། གཞུ་མདའི་མཛེ་ཕོར་གསུངས་པའི་ཚིགས་བཅད། བལ་ཡུལ་མཐིལ་གྱི་འཕགས་པ་ཛ་མ་རི་ཐུགས་རྗེ་ཆེན་པོར་བསྟོད་པ། རྣམ་ཐར་གསང་བའི་བཀའ་རྒྱ་མ། སྒྲོལ་མའི་སྒྲུབ་ཐབས་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། དེའི་གཏམ་རྒྱུད། ཆོས་སྤྱོད་ཡན་ལག་བཞི་པ་ཤྲཱི་མི་ཏྲས་མཛད་པ། ཆོས་སྤྱོད་ཡན་ལག་བཞི་པའི་མན་ངག་མདོ་ཙམ་དུ་བཤད་པ། སྨོན་ལམ་གྱི་ཚུལ་གྱིས་དགའ་ལྡན་དུ་སེམས་བསྐྱེད་པའི་ཆོ་ག །སྐབས་ཀྱི་སྙིང་གྲོས། གསལ་མེད་གཞག་མེད་ཀྱི་ངོ་སྤྲོད། བསྔོ་བ་གསུམ་གྱི་བསྔོ་བའི་ཆོ་ག་མདོར་བསྡུས་པ། མགུར་ལ་རིངས་པར་ལུང་སྟོན་པ། སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་བདུན་མའི་སྒྲུབ་ཐབས། དཔལ་ནཱ་རོ་པའི་གདམས་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། ཆོས་རྗེ་པས་པཎྜི་ཏ་དང་གྲུབ་ཐོབ་གསུམ་གདན་དྲངས་པའི་རྣམ་ཐར་བསྡུས་པ། མཐར་ཐུག་དགུའི་གདམས་པ། རྣལ་འབྱོར་གསུམ་གྱི་མན་ངག །རྣལ་འབྱོར་གསུམ་གྱི་གཅེས་པ་གསུམ། སྙིང་གཏམ་ཚིག་བཞི་པ། སེམས་ཉིད་སྙིང་པོའི་དོན་གྱི་ངོ་སྤྲོད་ཞལ་ཏ་ཚིག་བཞི་པ། མེད་པ་བཞིའི་གདམས་ངག །མན་ངག་ཐོར་བུ་ནང་གི་བསམ་པ་མ། མན་ངག་ཉིང་ཁུ་རྣམ་གསུམ། རང་ལ་གྲོས་འདེབས་ཨང་བཅུ་མ། དེའི་བསྡུས་དོན། ཨང་བཞི་པ་འོར་པ་དགེ་བཤེས་དང་གྲ་པ་ཤཱཀ་སེང་ལ་གྲོས་སུ་གསུངས་པ། སྙིང་པོ་གསུམ་གྱི་ཞལ་ཤེས། རིན་ཅེན་འབྲུ་དགུའི་གདམས་པ། ངོ་མཚར་དགུའི་མན་ངག །སྐུ་གསུམ་ངོ་སྤྲོད་ཀྱི་མན་ངག །རྒྱལ་པོ་རྣམ་བཞིའི་ཡིད་


GLG002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་སྙིང་གཏམ་བཞི་གསུམ་བཅུ་གཉིས་ཀྱི་འགྲེལ་པ་ཚིགས་བཅད་མ། སྐྱིད་གྲོང་འཕགས་པ་ཝ་ཏིའི་སྤྱན་སྔར་མཛད་པའི་དམ་བཅའ་བཞི་པ། གསུང་ཐོར་བུ་ལྟོས་མེད་མ། མཐར་ཐུག་གནད་ཀྱི་ལྡེ་མིག་གི་རྩ་བ། གནད་ཀྱི་ལྡེ་མིག་ཆུང་ངུ་། གཙུག་ཏོར་འཁོར་ལོ་སྒྱུར་བའི་སེར་བསྲུང་སྨོན་ལམ་རིན་པོ་ཆེའི་ལྗོན་ཤིང་། ཆོས་རྗེ་རྒྱལ་ཚའི་མནལ་ལམ་དུ་ཕག་མོ་གྲུ་པས་གདམས་པ་གནང་བ་ཆོས་རྗེ་ལོ་ཙཱ་བའི་ཞལ་ཆེམས་འགྲོ་མགོན་མ། ལྷ་མོ་སྒྲོལ་མ་ལ་སྨྲེ་སྔགས་ཀྱིས་གསོལ་འདེབས་ཀྱི་བསྟོད་པ་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། ཆོས་རྗེ་ལོ་ཙཱ་བས་ཇོ་བདུད་ལ་གསུངས་པའི་མན་ངག །དངོས་གྲུབ་ཀྱི་རྫས་ཉི་ཤུའི་མཆོད་པ། དྲིས་ལན་གསེར་གྱི་མེ་ཏོག །ཐུགས་རྗེ་ཆེན་པོ་ཕྱི་ནང་གསང་གསུམ་གྱི་མན་ངག །རྡོ་རྗེ་ཐེག་པ་ལ་ཁྱད་པར་ལྔ་ལྡན་གྱི་བསྟོད་པ་རྒྱ་ཆེན་བཅུ་གཉིས་ཀྱི་མགུར། འཕར་བ་རོང་ལ་བྱོན་དུས་ལམ་འཆོས་མཁན་ལ་བསྟོད་པ། ཁ་སཪྤཱ་ཎི་བགེགས་འདུལ་གྱི་མན་ངག །ཆོས་རྗེ་ལོ་ཙཱ་བས་ཁ་རག་རོང་ལ་གཤེགས་དུས་གསུངས་པའི་ཚིགས་བཅད་མ། བལ་ཡུལ་མཐིལ་གྱི་མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་བྷ་དྷ་ལ་བསྟོད་པ། ཁ་ཟས་ལོངས་སྤྱོད་པར་བྱ་བ་ཡིན་མིན་གྱི་གདམས་པ། སྐུ་དགྲའི་སྔགས་ཟློག་གི་མན་ངག་དམ་ཚིག་བཞི་པའམ་ཐུམ་བཞི་པའང་ཟེར་བ། ཁ་སཪྤཱ་ཎིའི་སྒྲུབ་ཐབས་ཚིགས་སུ་བཅད་པ་བཞི་པ་སུ་ག་ཏ་ཤྲཱི་ཀཱིརྟིས་མཛད་པ། ཆོས་རྗེའི་གསུང་ད་རུང་མ་དྲུག་པ། རྫིང་འབྲིང་པ་ཡབ་སྲས་འཁོར་བཅས་ཡོ་ཐང་གནས་སུ་སྐྱེལ་མ་མཛད་པའི་ཚེ་འགྲོ་ཆོས་སུ་གསུངས་པ་ཁ་སྐང་དྲུག་མ། ཆོས་རྗེས་


GLG002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མ་རིན་ཅེན་སྒང་གི་ཐུགས་རྗེ་ཆེན་པོར་བསྟོད་པ། ཨའི་དེ་ཁོ་ན་ཉིད་སྒོམ་པ་ཡང་དག་པའི་མན་ངག །ཁྱད་པར་གྱི་ཡན་ལག་བདུན་པ། རྣལ་འབྱོར་ནང་གི་ཡན་ལག་བདུན་པ། འཚམས་སྦྱོར་རྣམ་པ་གསུམ་གྱི་མན་ངག །གཅེས་པ་བཞི། གྲ་པ་ཤཱཀྱ་སེང་གེ་ལ་འགྲོ་ཆོས་སུ་གསུངས་པའི་མན་ངག །མན་ངག་བདུད་རྩིའི་ཐིག་ཆེན། མན་ངག་བདུད་རྩིའི་ཐིག་དགུ ། མན་ངག་བདུད་རྩིའི་ཟིལ་པ། དཔལ་ཕྱག་རྒྱ་བཞིའི་མན་ངག །བཟོད་གསོལ་ཉི་ཤུའི་མགུར། ལས་ཐུན་མོང་མ་ཡིན་པ་སྟོབས་ཀྱིས་བསྒྲུབ་པའི་བཅུད་ལེན། ཐུགས་རྗེ་ཆེན་པོའི་གདམས་པ་འཕོ་བ་འོད་ཀྱི་སྦུ་གུ་མ། སྐྱེས་བུ་བཞིའི་འཁྲིད་ཞལ་གདམས་སུ་གསུངས་པ། གདོན་བགེགས་ལམ་ཁྱེར་གྱི་མན་ངག །འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་ཙནྡྲ་ཀ་ར་གུཔྟས་མཛད་པ། དེའི་བསྡུས་དོན། དེའི་གནད་བཅུ་གཉིས། དེའི་རྗེས་གནང་གི་ཆོ་ག །དེའི་གནད་ཀྱི་མན་ངག །དེའི་ཁྱད་པར་བླ་ན་མེད་པའི་ཞལ་གདམས། དེའི་སྒྲུབ་ཐབས་ཀྱི་ཊཱིཀྐ་གསལ་བྱེད་མེ་ལོང་། ཨ་ར་པ་ཙ་ནའི་སྒྲུབ་ཐབས་དང་སྦྱར་བའི་བསྟོད་པ། ལྷ་མོ་ཡིད་འཕྲོག་མ་ནོར་རྒྱུན་མའི་སྒོ་ནས་ཟས་ནོར་བསྒྲུབ་པ། སྒྲོལ་མ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས། གནས་བརྟན་རྡོར་ཡེ་ལ་གསུངས་པའི་མན་ངག །རྗེ་བཙུན་མ་སྒྲོལ་མའི་མན་ངག་ལ་བརྟེན་ནས་འཆི་ཁའི་ཉམས་ལེན་ཆོས་རྗེ་ཤཱཀྱ་ཤྲཱིའི་ཞལ་སྔ་ནས་བྱུང་བ་གནོད་སྦྱིན་སྤུན་གཉིས་ཀྱི་སྒྲུབ་ཐབས་སློབ་དཔོན་ཨ་ཛི་ཏ་མི་ཏྲས་མཛད་པ། དེའི་མན་ངག །བླ་མ་རྒྱལ་ཚའི་གསུང་ཉུང་ངུ་གཅིག །ཀུན་ལྡན་གྱིས་མཛད་པ་སྟོན་རིན་ལ་གསུངས་པའི་མན་ངག །དེས་སྟོན་པ་དར་ལོ་ལ་གསུངས་པ། ཀུན་ལྡན་ལ་སློབ་


GLG002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ཀྱིས་ས་མི་བདེ་བ་ཤིང་མེད་པ། འདིར་མི་བཞུགས་པར་ཞུས་པའི་ཚེ་གསུངས་པའི་མན་ངག །མཎྜལ་རྒྱས་པར་འབུལ་བའི་མན་ངག་བླ་མ་པཎ་ཆེན་གྱིས་མཛད་པ། དེས་མཛད་པའི་སྒྲོལ་མ་བུམ་པའི་སྒྲུབ་ཐབས་དེའི་གདམས་པའི་མི་ནག་དཀར་པོར་གཏོང་བའི་གདམས་པ། དེའི་ཞལ་གདམས་རྗེ་བཙུན་མ་སྒྲོལ་མའི་སཱཙྪའི་སྒོ་ནས་རིམས་ནད་སེལ་བ་དང་སེར་བ་གཅོད་པ། དེའི་སྒྲོལ་མའི་རྫོགས་རིམ། དེས་མཛད་པའི་བྱམས་པའི་སྒྲུབ་ཐབས། ཐོགས་མེད་ཀྱིས་མཛད་པའི་བྱམས་པའི་སྒྲུབ་ཐབས། སྨོན་ལམ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ཚིག་ལེའུར་བཅད་པ་བརྒྱད་ཅུ་པ། དེའི་བསྡུས་དོན། རྗེ་རྒྱལ་ཚ་སྐུ་གཤེགས་པའི་དུས་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ཐེག་གསུང་འོད་ཀྱི་དྲ་བ་ཅན། སེམས་ཉིད་ངལ་གསོའི་སྐབས་ཀྱི་མཎྜལ་འབུལ་བའི་ཚིགས་བཅད། རིན་པོ་ཆེ་པས་བླ་མ་འཛིམས་པ་ལ་གསུངས་པའི་མན་ངག །ཨརྒའི་ཆོ་ག་ཉི་མའི་འཁོར་ལོ། མཆོད་པའི་ཆོ་ག་ཆོས་རྗེ་པས་མཛད་པ། དགེ་བའི་བཤེས་གཉེན་གྱི་རྣམ་པར་ཐར་པ་ལ་རྗེས་སུ་དྲན་པ། བླ་མའི་འདས་མཆོད་བྱས་པའི་ཕན་ཡོན། དུབ་པ་ལ་ངལ་གསོའི་རྩ་ཚིག །ཅོལ་ཆུང་བཞིའི་མགུར། ཆོས་རྗེའི་མགུར་ལྷན་སྐྱེས་ངོ་སྤྲོད། ངོ་སྤྲོད་ཚིག་བཞི་པ། རང་སེམས་ཆོས་སྐུར་ངོ་སྤྲོད་པའི་ཚིག་བཞི་མ། རང་རྒྱུད་ཐ་མལ་དུ་ལུས་ཀྱི་དོགས་པའི་ཆོས་རྗེའི་གསུང་། གནད་ཀྱི་ཉིང་ཁུ་གསུམ་ཐུག་ཕྲད་ལམ་ཁྱེར་གྱི་མན་ངག །རྡོ་རྗེའི་ཚིག་བཞི་པ། རང་གྲོལ་གསུམ་པ། སྒྲུབ་པ་ལ་བསྔགས་པ་བརྗོད་པ། གནད་ཀྱི་གཟེར་གསུམ། ངོ་སྤྲོད་མདོར་བསྡུས། སྐུ་མཚམས་དང་གསུང་བཅད་མཛད་དུས་གསུངས་པའི་གསུང་ཐོར་བུ། ལྷོ་བྲག་མཁོ་མཐིང་


GLG002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཁར་ཆུ་ལ་གཟིགས་སུ་གཤེགས་པ་ལ་མ་ཚུད་པར་ལམ་ནས་ལོག་དུས་གསུངས་པའི་ཚིགས་བཅད། བསྔོ་བའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་དང་བཅས་པ་རྣམས་ཀྱི་ལུང་མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ཞུས། ཚང་བ་ཡིན་པའི་ལུགས་སུ་གནང་གི་འདུག་ཀྱང་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གསན་ཡིག་དང་བསྟུན་ཚེ་ཁྲོ་ཕུ་བའི་མན་ངག་བརྒྱ་རྩ་ལ་རྒྱས་འབྲིང་བསྡུས་གསུམ་དུ་མཛད་པའི་བསྡུས་པ་འབྲིང་པོའི་ཁོང་དུ་ཚང་ཞིང་འབྲིང་པོ་ལའང་པོ་ཏི་གཅིག་ལྷག་ངེས་ཙམ་པའི་ཚོད་ཀྱི་ཆོས་ཚན་འདུག །ཆེ་བ་ལ་པོ་ཏི་གསུམ་གྱི་ཚོད་ཙམ་ཡོད་འདྲ་བའི་སེམས་ཉིད་ངལ་གསོའི་བླ་མ་བརྒྱུད་པའི་གསོལ་འདེབས་ནས་བཟུང་། མེ་ལོང་བདུན་པ་ཡན་གྱི་པོ་ཏི་གཉིས་ཙམ་དང་འབྲིང་པོའི་སྐོར་མི་འདུག་པས་འདིར་སྨོས་པ་དེ་མན་ཆད་གྱི་པོ་ཏི་གཅིག་གི་རྩིས་ཡིན་འདུག་སོ་སོའི་སྒོས་བརྒྱུད་ཆོས་རྗེ་ཐམས་ཅད་མཁྱེན་པ་ཡན་གསན་ཡིག་ཏུ་འདུག་རུང་། དེ་མན་གསལ་བར་མ་བྱུང་བས་སྟོད་ཆ་འགོད་པའི་ངལ་བ་མ་བགྱིས་སོ། ༈ །བཀའ་བར་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དགོངས་དོན་བདུད་བཞི་ཟིལ་གྱིས་གནོན་པ་དགག་སྒྲུབ་དང་བྲལ་བས་འགལ་རྐྱེན་ལམ་དུ་འཁྱེར་ཞིང་ལྟས་ངན་གཡང་དུ་ལེན་པའི་གདམས་པ་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་སྐོར་ལ། རྒྱན་དྲུག་དང་མི་རྐང་སོགས་གཏོད་པའི་ནམ་མཁའ་སྒོ་འབྱེད་ཀྱི་བྱིན་(རླབས་ཆུང་བ། འཇམ་དབྱངས་མགོན་པོའི་ཆོས་སྒོ་སྒོ་འབྱེད་དང་བྱིན་རླབས་སྒོ་འབྱེད་གཉིས་ཀྱི་སྟེང་ནས་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞིའི་དོད་ཚང་བ་ནོས་ནས། ཉམས་ཁྲིད་ལ་གཅོད་ཡུལ་དུ་གསལ་བའི་མེ་)ལོང་གི་སྟེང་ནས་སྟོན་ཐོགས་གཅིག་མ་ལུགས་ཀྱི་དཀར་འགྱེད། དམར་འགྱེད། ཕུང་པོ་ཟན་སྐྱུར། མི་རྐང་འབུད་པའི་འཁྲུལ་འཁོར་


GLG002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དམིགས་རིམ། ཡང་འཇམ་དབྱངས་མགོན་པོའི་ཕྱག་བཞེས་གཙོ་བོར་བཏོན་པའི་མགོ་འཁོར་ཚར་ཚད་མི་འབྱུང་བ་ཟིལ་གནོན། དབྱིངས་རིག་བསྲེ་བ་དཀར་འགྱེད། དམར་འགྱེད། ཀེང་རུས་མེ་འབར་གྱི་དམིགས་རིམ་རྣམས་ལེགས་པར་ཐོབ་ནས། རྒྱབ་རྟེན་ལུང་ལ། གཅོད་ཐམས་ཅད་ཀྱི་གོ་བ་བསྐྱེད་པ་སྤྱི་འཁྲིད་ཀྱི་སྐོར། ལག་ལེན་ཉམས་ཁྲིད་ཀྱི་སྐོར། ཞལ་གདམས་གེགས་སེལ་བོགས་འདོན་གྱི་སྐོར་དང་གསུམ། དང་པོ་ལ། དཀར་ཆག་གསལ་བའི་མེ་ལོང་། བརྒྱུད་པའི་ལོ་རྒྱུས་ཇོ་མོའི་རྣམ་ཐར་དང་བཅས་པ། པྲཛྙཱ་སྭ་བྷཱ་ཝས་མཛད་པ། བཀའ་ཚོམས་ཆེན་མོ་ཞུ་ལན་སུམ་ཅུ་རྩ་ལྔ་པ་གེགས་སེལ་ཉེར་གཅིག་ཡང་། ཚོམས་ཉེར་ལྔ་དང་བཅས་པ། ཨ་མའི་ཞལ་གདམས་ལེ་ལག་དྲུག་སྐོར། པྲཛྙཱ་སྭ་བྷཱ་ཝས་མཛད་པའི་ཟབ་དོན་ཐུགས་ཀྱི་སྙིང་པོའི་སྤྱི་ཁྲིད་ཀྱི་གཞུང་། དེའི་བསྡུས་དོན་འཇམ་དབྱངས་མགོན་པོས་མཛད། དེའི་འགྲེལ་པ་བཀའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དགོངས་པ་གྲུབ་ཐོབ་རྣམས་ཀྱི་ཞལ་གདམས་བདུད་ཀྱི་གཅོད་ཡུལ་འཇིག་རྟེན་ན་རྙེད་པར་དཀའ་བའི་ཆོས་འཇམ་དབྱངས་མགོན་པོས་མཛད་པ་རྣམས། གཉིས་པ་ཉམས་ཁྲིད་ཀྱི་སྐོར་ལ། ཞག་བདུན་མ་ཞེས་རྒྱས་པ་དང་བསྡུས་པ་སྟན་ཐོག་གཅིག་མ་གཉིས་སོ། ༈ །གསུམ་པ་གེགས་སེལ་བོགས་འདོན་གྱི་སྐོར་ལ་སྒོ་འབྱེད་དང་ཐོར་བུ་གཉིས་ལས། དང་པོ་ལ། དབང་བསྐུར་ཆོས་ཀྱི་སྒོ་འབྱེད། ངོ་སྤྲོད་ནམ་མཁའ་སྒོ་འབྱེད། སྒྲུབ་ཐབས་བྱིན་རླབས་སྒོ་འབྱེད། རྨི་ལམ་ཉི་ཟླ་སྒོ་འབྱེད། འགོ་བ་ཐར་པའི་སྒོ་འབྱེད། བར་དོ་འོད་གསལ་སྒོ་འབྱེད། གེགས་སེལ་རྟེན་འབྲེལ་སྒོ་འབྱེད། བོགས་འདོན་ཡོན་ཏན་སྒོ་འབྱེད། གཞན་དོན་འཕྲིན་ལས་སྒོ་


GLG002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད། གྲུབ་མཐའ་ཁྱད་འཕགས་སྒོ་འབྱེད། དེ་བཅུ་པོ་འཇམ་དབྱངས་མགོན་པོས་མཛད་པ། གཉིས་པ་ཐོར་བུའི་སྐོར་ལ། སྒྲུབ་ཐབས་ཀྱི་ལྷན་ཐབས། དུར་ཁྲོད་རྒྱན་གྱི་གསང་སྒྲུབ། སངས་རྒྱས་སྟོན་པའི་ཞལ་གདམས། གཏོར་འབུལ་དང་སྡེ་བརྒྱད་འབུམ་བསྐུལ་དམིགས་འབུམ་ཆེན་མོ། ནག་སྦྱོར་བཅོ་ལྔ་རྣམས་ནོས་པའི་གཡུང་དྲུང་གི་རྟགས་ཡོད་པའི་བརྒྱུད་པ་ལ་ལུགས་བཞིར་ཡོད་པའི་ཕོ་བརྒྱུད་ནི། ཐབས་བརྒྱུད་ཀྱང་ཟེར། བྱ་རྒོད་ཕུང་པོར་སྟོན་པ་སངས་རྒྱས། རི་བོ་རྩེ་ལྔར་འཇམ་དབྱངས་སྨྲ་སེང་། རྒྱ་གར་འཇག་སྤྱིལ་དུ་ཨཱཪྻ་དེ་ཝ། སྲས་བརྒྱུད་ནི། ཐར་རྩེ་དང་ལོ་པའི་གསན་ཡིག་ཏུ་ཕོ་བརྒྱུད་ཆུང་བ་ཟེར། དར་ལྡིངས་པའི་གསན་ཡིག་ཏུ་བདེ་གཤེགས་བཀའི་བརྒྱུད་པར་ངོས་གཟུང་། བྱ་རྒོད་ཕུང་པོར་སྟོན་པ་སངས་རྒྱས། དགའ་ལྡན་ལྷ་ཡུལ་དུ་བྱམས་པ་མགོན་པོ། རི་བོ་བྱ་རྐང་དུ་འཕགས་པ་ཐོགས་མེད། ནཱ་ལེནྡྲ་རུ་པཎ་ཆེན་དབྱིག་གཉེན། རྒྱ་གར་འཇག་སྤྱིལ་དུ་ཨཱཪྻ་དེ་ཝ། མོ་བརྒྱུད་ནི། ཤེས་རབ་བརྒྱུད་ཀྱང་ཟེར། འོག་མིན་དུ་ཡུམ་ཆེན་མོ། གཡུ་ལོ་བཀོད་པར་རྗེ་བཙུན་སྒྲོལ་མ། རྒྱ་གར་དུར་ཁྲོད་དུ་སུ་ཁ་སིདྡྷི། བཞི་པ་གསུམ་ག་འདུས་པ་དོན་གྱི་བརྒྱུད་པ་ནི། དར་སྡིངས་པའི་གསན་ཡིག་ན་ཉམས་ལེན་ལག་འཁྲིད་ཀྱི་བརྒྱུད་པ་ཟེར། དིང་རི་གླང་འཁོར་དུ་དམ་པ་སངས་རྒྱས། འདིས་འཕགས་པ་ལྷ་དང་བདེ་བའི་དངོས་གྲུབ་གཉིས་ཀ་ལ་གསན། ར་ས་ཆུ་བཟང་དུ་སྐྱོ་ཆེན་ཡེ་ཤེས་བླ་མ། དར་སྡིངས་པའི་གསན་ཡིག་ན་འདི་མི་འདུག །གངས་བར་ལྷ་ཁང་དུ་སྐྱོ་ཆུང་བསོད་ནམས་བླ་མ། ཐར་རྩེ་དང་ལོ་པའི་གསན་ཡིག་ཏུ་ར་ས་སྤང་ལུང་ཟེར་བ་སྣང་། ཟངས་རི་ཁང་དམར་དུ་མ་གཅིག་ལབ་སྒྲོན། ཨེ་ཆུང་གླང་ལུང་དུ་རྒྱལ་བ་དོན་གྲུབ། མཁྱེན་བརྩེ་ཐར་རྩེ་ཡོན་གསུམ་གྱི་གསན་ཡིག་ན་བླ་མ་འདི་གཉིས་མ་བྱུང་བས་དཔྱད། དག་པ་ཆོས་དབྱིངས་ཕོ་བྲང་དུ་འཇམ་དབྱངས་མགོན་པོ། སྙེ་མོ་ཁུའི་ར་བར་ཁུ་


GLG002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཆོས་སེང་། ཁུང་སྨད་ལྕང་སར་དགོན་པར་དོལ་པ་ཟང་ཐལ། ཐར་རྩེ་དང་ལོ་པའི་གསན་ཡིག་ན་ལྕང་འཚལ་དབུས་ཟང་ཐལ་ཟེར་བ་འདུག །རྗེ་མཁྱེན་བརྩེའི་གསན་ཡིག་ན་དོལ་བ་རང་སྣང་ངོ་། །གཡོར་སྟོད་ཆུ་བོ་རིར་རྒྱ་ནག་གཅེར་བུ། བཀྲ་ཤིས་མཐོང་སྨོན་དུ་རྒྱ་སྒོམ་རི་པ། ར་བ་གྲོང་གསེར་གླིང་དུ་སངས་རབ་སྟོན། རྗེ་མཁྱེན་བརྩེའི་གསན་ཡིག་ན་ཕུག་མོ་ཆེར་སངས་རྒྱས་རས་སྒོམ་ཞེས་པ་སྣང་། ཟལ་མོ་བྲག་གི་མཐར་རྩར་རྟོགས་ལྡན་དགེ་སློང་། རྗེ་མཁྱེན་བརྩེའི་གསན་ཡིག་ཏུ་སངས་རྒྱས་དགེ་སློང་ཞེས་སྣང་། ཁ་རག་མུན་ཁང་དུ་སུམ་སྟོན་རས་པ། རྗེ་མཁྱེན་བརྩེའི་གསན་ཡིག་ཏུ་དྷརྨ་བཛྲ་ཞེས་སྣང་། རི་གོང་དཔལ་གྱི་གནས་སུ་སངས་རྒྱས་སྟོན་པ། བརྩོན་འགྲུས་སེང་གེ་ཟེར། ཉང་སྟོད་བསམ་གླིང་དུ་མཁས་པ་རྡོ་རྗེ། དར་སྡིངས་པའི་གསན་ཡིག་ན་མཁས་གྲུབ་ཆོས་རྗེ་ཟེར། གནས་མཆོག་གྲགས་ཆེན་དུ་རྡོ་རྗེའི་མཚན་ཅན། དར་སྡིངས་པའི་གསན་ཡིག་ན་འདི་གཉིས་གོང་འོག་ལྡོག་འདུག །གསེར་གླིང་དགོན་པ་རུ་བཀྲ་ཤིས་མཚན་ཅན། དག་པའི་གཞལ་ཡས་སུ་ཀུན་དགའི་མཚན་ཅན། དཔལ་གྱི་མཐར་རྩ་རུ་ཆོས་ཀྱི་རྒྱ་མཚོ། ཆོས་སྡིངས་རི་ཁྲོད་དུ་རྒོད་ཕྲུག་རས་པ། ཨོ་རྒྱན་རྩེ་མོར་ནམ་མཁའི་མཚན་ཅན། རྒྱལ་ཕྲན་རི་ཁྲོད་དུ་བཀྲ་ཤིས་བཟང་པོ། སྣང་གསལ་དགོན་པ་རུ་བཀྲ་ཤིས་རྒྱ་མཚོ། བཀྲ་ཤིས་སྟག་མགོ་རུ་ཀུན་དགའ་ཚེ་མཆོག །གོང་མའི་གདན་ས་རུ་ཀུན་དགའ་བཀྲ་ཤིས། བདེ་བའི་རྡོ་རྗེའི་ཕོ་བྲང་དུ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །རྟགས་མེད་པ་རྣམས་ཀྱི་དབང་ཁྲིད་ལུང་གི་བརྒྱུད་པ་ནི། རྒོད་ཕྲུག་རས་པ་ཡན་གོང་ལྟར་ལ། དེ་ནས་དུར་ཁྲོད་གནས་ཆེན་དུ་ཤཱ་ལ་མ་ཏི། འོན་མདའ་སྲས་ཁང་དུ་ཡེ་བཟང་རྩེ་པ། ཕྱོགས་མེད་རི་ཁྲོད་དུ་ཆོས་ཀྱི་བློ་གྲོས། དར་རྒྱས་ཆོས་སྡིངས་སུ་སྣ་ཚོགས་རང་གྲོལ། གོང་མའི་གདན་ས་རུ་བསྟན་འཛིན་གྲགས་པ། ཕྱོགས་བྲལ་རྒྱལ་ཁམས་སུ་ཀུན་དགའ་ལྷུན་གྲུབ།


GLG002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

མོན་ཡུལ་བུམ་ཐང་དུ་པདྨ་འཕྲིན་ལས། གུ་རུ་ལྷ་ཁང་དུ་ཚུལ་ཁྲིམས་རྡོ་རྗེ། ལྷོ་བྲག་བྱང་གླིང་དུ་འཕྲིན་ལས་ལྷུན་གྲུབ། གྲ་ནང་དར་སྡིངས་སུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་རྒོད་ཕྲུག་པ་ནས། མཁའ་སྤྱོད་ཞིང་ཁམས་སུ་བསོད་ནམས་རྒྱལ་པོ། འོད་གསལ་ཁོར་ཡུག་ཏུ་ཀུན་དགའ་དཔལ་ལྡན། དབེན་པོའི་རི་ཁྲོད་དུ་ཀུན་དགའ་རྒྱལ་མཚན། ཆོས་དབྱིངས་དག་པའི་ཞིང་དུ་རྒྱལ་མཚན་དཔལ་བཟང་། སྐྱེ་མེད་ཀློང་ཡངས་སུ་ཀུན་དགའ་བསོད་ནམས། སྣ་ཚོགས་རང་གྲོལ་མན་གོང་བཞིན་ནོ། ༈ །རྒྱ་གར་དམ་པ་སངས་རྒྱས་ཀྱིས་བོད་དུ་ལན་གསུམ་བྱོན་པའི་མཐའ་མར་མན་ངག་འཁྲུག་དཔྱད་དཀར་ནག་ཁྲ་གསུམ་ཁམས་ཀྱི་ཀློང་ཐང་སྒྲོལ་མར་གཏེར་དུ་སྦས་པ་མཁའ་འགྲོའི་ལུང་བསྟན་ལྟར་ཁམས་སྟོན་ཤེས་རབ་དཔལ་གྱིས་བཏོན་པའི་དང་པོ་འཁྱུག་དཔྱད་དཀར་པོའི་སྐོར་ལ། འཁྲུག་པ་དང་ནད་ཞི་བ། མི་ཁ་དང་ནད་ངན་ཕྱོགས་ངན་ཐུབ་པ། སྐེ་ནད་ཁ་ནད་ཞི་བ། མི་ཕྱུགས་ཀྱི་ནད་རྒྱུན་ཆད་པ། སྲིས་རྨེ་བ། སྙིང་རླུང་། རོ་སྟོད། ལག་པ་སོ་དང་ལྡན་པ་ན་བ་རྣམས་སེལ་བ། རླུང་གི་མགོ་ན་བ། དཔྲལ་བ། མིག །བད་ཀན་གྱི་ནད། དཔུང་པ། རོ་སྟོད། པུས་མོ། བྱིན་པ། ལོང་བུ། རྐང་མཐིལ་ན་བ་རྣམས་གསོ་བ། རླུང་། ཚད་པ། གྲང་བ། ལུས་ཚ་ཧྲ་བ་བྱེད་པ་རྣམས་སེལ་བ། སྐྱུག་པ། འཁྲུ་བ། གཟེར་ནད། མགོ་གཅོད་སེལ་བ། རྒྱུན་དུ་གནོད་པའི་འདྲེ་ཞི་བ་རྣམས། འཁྱུག་དཔྱད་ཁྲ་བོ་ལ་རྟ་ཕྱུགས་ཀྱི་ནད་ཞི་བ་འདྲེ་བྱེར་པ། འཐབ་མོ་ཉུང་བ། འདྲེ་གནོད་ཐོག་འཚང་འོད་འཁྱུག་ཞི་བ། བཀྲ་ཤིས་ཤིང་ས་དཔྱད་ངན་པ་ཞི་བ། ཡམས་ནད་འཆད་ཅིང་ཞི་བ། ས་འདུལ། དགྲ་ཞི་བ། ངག་དང་སྟོབས་ཞི་བ། རླུང་ཆེན་སྡང་བ། འདྲེ་ཐམས་ཅད་ཐུབ་པ། མི་ཁ་དང་དགྲ་ཉུང་བ། སྟོབས་བསྐྱེད་པ། ཆུ། ཁ་སྨྲས། མེས་མི་འཚིག་པ་དང་།


GLG002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མཆེད་པ་ཞི་བ། ཕན་གནོད་གང་ཡང་སྡེབ་ཐུབ་པ། མི་ཁ་ཞི་བ། དགྲ་འདྲེ་ཐུབ་པ། དགྲ་ཇག་འཐབ་རྩོད་ཞི་བ། འཐབ་མོ་མི་འབྱུང་བ། འཁྲུག་པ་བཟླུམ་པ། རླུང་གནོན། ལྷོག་པ་ཐུབ་པ། ནམ་མཁའི་ནད་ཞི་བ། སེལ་ཞི་བ། ནད་ངན་ཐུབ་ཅིང་དོན་འགྲུབ་པ། འདྲེ་དྲག་པོའི་གནོད་པ་དང་ཟུག་གཟེར་གཅོག་པ། རྦད་འདྲེ་དང་ཁྱི་ངུ་བ་མཚན་མ་ངན་པ་རྣམས་ཞི་བ། སེར་བ་ཞི་བ། རྐུན་ཇག་གྲོལ་བ། སྨྱོ་བའམ་ཁ་སྨྲས་དང་ནད་འབྱུང་བ། ཐོག་བསྲུང་རྣམས། ནག་པོའི་སྐོར་ལ། འཆི་ལ་ཁད་བསོས་པ། དམག་བཟློག་པ། དམག་བྱེར་བ། གྲལ་དཔོན་འཆི་བ། ནད་ཁ་བསྒྱུར་བ། དམག་དང་གནོད་པ་ཁ་སྨྲས་ཞི་བ། གཟེར་གྱིས་འཆི་བ། སྔོ་སྐམ་ལ་འགོ་བ། ཁང་པ་འགས་པ་རྣམས། ཟླ་བའི་འཁྱུག་དཔྱད་ལ། དམག །བག་མ་གཏོང་ལེན། ཁྱིམ་རྩིག་འཇིག །ལམ་འཇུག་ལྡོག །སྟོན་མོ། གྱོད་ལེན་གང་ལའང་བཀྲ་ཤིས་པར་བྱ་བ་རྣམས། ཚེས་གྲངས་ཀྱི་འཁྱུད་དཔྱད་ཀྱིས་དམག །བག་མ། མཁར་ལས། ལམ་ཞུགས། སྟོན་མོ། ཁ་མཆུ་སོགས་གང་ལའང་ཤིས་པར་བྱ་བ། ཡི་གེའི་འཁྱུད་དཔྱད་ཀྱིས་ཟུག་གཅོག་ཅིང་ནད་རྨང་ནས་འདོན་པ། སྐུད་པའི་འཁྱུད་དཔྱད་ཀྱིས་ནད་རྣམས་ཞི་བ། མཚོན་ཆའི་འཁྱུད་དཔྱད་ལ། ཐོག་འཚེག་པ་དང་། གདོན། གནོད་བྱེད་ཞི་བ། དམག་བཟློག །དགྲ་བགེགས་ཞི་བ། བརྒྱལ་བར་བྱེད་པ། ལྟས་ངན་དང་གནོད་པ་ཞི་བ་རྣམས། འཆི་བླུའི་འཁྱུད་དཔྱད་ཀྱིས་ནད་གསོ་བ། སྣ་ཚོགས་པའི་འཁྱུད་དཔྱད་ལ། སྐྱུག་པ་གཅོད་པ། གཟེར་ནད་ཞི་བ། སྦོས་པ་སེལ་བ། འཁྲུ་པ་གཅོད་པ། སྐྲན་ནད་གསོ་བ་རྣམས། དྲང་སྲོང་རྒྱུ་སྐར་གྱི་འཁྱུད་དཔྱད་ལ།


GLG002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་དཀར་པོ་ལ། སྐར་མ་སོ་སོའི་ཟླ་སྐར་ལ་བརྟེན་པའི་རྟེན་འབྲེལ་གྱི་ནད་གསོ་བ། ནག་པོའི་འཁྱུད་དཔྱད་ལ། སྔགས་ཀྱི་ཁབ་སྒྱུར་བསྟན་པ། རྟ། བོང་བུ། གླང་། མཛོ། རྟོལ་གསོད་པ། བུ་ཆུང་ངུ་བ། ཁྱི་ཟུག་པ་ཞི་བ། མཛེ་འོང་བ། ཁྱི་ཐམས་ཅད་སྒོ་ལ་ཟུག་པ། ཞིང་ལ་ལོ་མི་སྐྱེ་བ། ལོ་ཏོག་སྔོ་སྐམ་ལ་འགྲོ་བ། ཆང་གཏད། ཕོ་མོ་དབྱེ་བ། ཁང་པ་བཤིག་པ། ལྟས་ངན་གཏོང་བ། འོད་ཡོང་བ། མེ་འབྱུང་བ། བྱ་སྣ་ཚོགས་འབབ་པ། གདུང་ཐམས་ཅད་སྦྲུལ་དུ་འགྲོ་བ། ཆུ་ཁྲག་ཏུ་འགྲོ་བ། ཁང་པ་འཇིག་པ། རྨི་ལམ་ངན་པ་སྣ་ཚོགས་འབྱུང་བ། ཞིང་སེལ། ཟླ་མཚན་ནར་མར་འབབ་པ། ལོ་ཏོག་གཏན་ནས་མི་སྐྱེ་བ། ལྗང་པ་སེར་སྐམ་དུ་འགྲོ་བ། ཞིང་རི་དྭགས་ཀྱིས་མི་ཟ་བ། སྨྱོ་བར་བྱེད་པ། གནག་ཐམས་ཅད་འགུམ་པར་བྱེད་པ། འབྱེད་པ། མོ་མཚན་སྨྲ་བར་འགྱུར་བ། རབས་ཆད་པ། ཞིང་ལ་རི་བོང་བསྲུང་བ། དགྲ་ཐམས་ཅད་གཉིད་དུ་འགྲོ་བ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། འགྲོ་མགོན་དམ་པ་སངས་རྒྱས། ཁམས་སྟོན་ཤེས་རབ་དཔལ། སྟོན་པ་ཆོས་བརྩོན། ཁམས་སྟོན་ཤེས་རབ་དཔལ་གྱིས་གཏེར་བཏོན་ནས་ཇ་སིག་ཏུ་བཅུག་སྨོན་ལམ་གྱི་གཏད་རྒྱ་དང་བཅས་བསྐུར་བ་ཡིན་ནོ། །འཁྲུལ་ཞིག་དཀོན་ཅོག་གཞོན་ནུ། མཚུངས་མེད་རིན་ཅེན་ཤེས་རབ། འཁྲུལ་ཞིག་ཡེ་ཤེས་དཔལ་བ། རྒྱལ་སྲས་ཤེས་རབ་བཟང་པོ། མཚུངས་མེད་ཀུན་དགའི་མཚན་ཅན། རྩེ་སྒང་འཇིགས་མེད་འོད་འཕྲོ། དྲིན་ཅན་སངས་རྒྱས་བསྟན་པ། རི་ཁྲོད་པ་གྲགས་པ་བསོད་ནམས་དཔལ་དབང་། ཞི་བྱེད་བསྟན་པའི་ཉི་མ་ཀརྨ་ཆོས་གྲགས། གྲུབ་དབང་ཉི་ཟླ་གྲགས་པ། རྗེ་མགོན་པོ་ལྷུན་གྲུབ། སྤྲུལ་སྐུ་ཤཱཀྱ་རིན་ཅེན། དྲིན་ཅན་གཏེར་


GLG002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ལྷ་གཟིགས་རས་པས་མཛད་པའི་འཁྲིད་ཡིག་མ་རིག་མུན་སེལ་དང་རིག་འཛིན་ཆེན་པོ་ཀུན་དགའ་ཚེ་མཆོག་གིས་མཛད་པའི་སངས་རྒྱས་སྤར་འདེབས་ཀྱི་ཡི་གེ་གཉིས་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་འཁྲིད་དང་མ་རིག་མུན་སེལ་གྱི་ལུང་དང་བཅས་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སེམས་དཔའ་རྣམ་གཉིས། གྲུབ་ཐོབ་ས་ར་ཧ། མགོན་པོ་ཀླུ་སྒྲུབ། དཔལ་ལྡན་ཤ་བ་རི། རྗེ་བཙུན་མཻ་ཏྲེ་པ། རྗེ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། དབང་ཕྱུག་མི་ལ་རས་པ། དྭགས་པོ་ཟླ་འོད་གཞོན་ནུ། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ། གླིང་རས་པ་པདྨ་རྡོ་རྗེ། རྗེ་གཙང་པ་རྒྱ་རས། རྒོད་ཚང་པ་མགོན་པོ་རྡོ་རྗེ། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ། ཐུགས་སྲས་སྤྱན་སྔ་རིགས་ལྡན། རྗེ་ཟུར་ཕུག་པ། བླ་མ་གཡག་ཕུག་པ། ཐར་ཆུང་པ་ཤཱཀྱ་སེང་གེ །འཁོན་ཇོ་སྲས། བྱ་བྲལ་བ་ནམ་མཁའ་འོད། བླ་མ་མཁས་བཙུན་པ། མཚུངས་མེད་རྡོར་འཛིན་པ། བླ་མ་རིན་ཅེན་གཞོན་ནུ། སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ལྷ་གཟིགས་རས་པ། རྗེ་བཙུན་བྲག་ལྕོག་ཆོས་རྗེ། དབུས་སྨྱོན་ཀུན་དགའ་བཟང་པོ། གྲུབ་ཐོབ་ནམ་མཁའ་ལེགས་གྲུབ། རས་ཆུང་རྣམ་སྤྲུལ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་ཆེན་པོ་ཀུན་དགའ་ཚེ་མཆོག །རྗེ་ངག་དབང་ཡེ་ཤེས་གྲུབ་པ། རྩ་བའི་བླ་མ་རིགས་ཀུན་བདག་པོ་ཆོས་དབྱིངས་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་ཡང་དགོན་པ་ནས། བླ་མ་རྒྱལ་མཚན་འབུམ། རྟོགས་ལྡན་ཤེས་རབ་མགོན་པོ། རིན་ཅེན་གཞོན་ནུ་མན་འདྲ། ཡང་ན་རྒོད་ཚང་པ་ནས། ཨོ་རྒྱན་པ་རིན་ཅེན་དཔལ་


GLG002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཝོ་པ། བློ་བཟང་པ། ཁམས་སྟོན་པ། སྣེའུ་པ། བླ་མ་རིན་ཅེན་གཞོན་ནུ་མན་འདྲ། དེང་སང་ཕྱག་ཆེན་པ་རྣམས་རྡོ་རྗེ་འཆང་ཏཻ་ལོ་ནཱ་རོ་ཞེས་འདྲེན་པ་ནི་མི་རིགས་ཏེ་ཕྱག་ཆེན་འདི་རྒྱ་གར་ནས་ཆིག་བརྒྱུད་བྱུང་བའི་དབང་དུ་སོང་ན་རྗེ་མར་པས་ལྟ་བའི་ཕུ་ཐག་གཅོད་ས་མཻ་ཏྲི་པ་ཡིན་པས་སྤྱན་སྔ་ལྷ་གཟིགས་རས་པའི་བརྒྱུད་ལུགས་འདི་ཉིད་དཔྱད་བཟོད་པར་མངོན། སྤྱིར་ཕྱག་རྒྱ་ཆེན་པོ་ཞེས་པ་དབང་དང་རིམ་གཉིས་ལས་བྱུང་བའི་གསང་སྔགས་ཀྱི་ལམ་ཡིན་ལ། གནས་ལུགས་ཀྱི་ལྟ་བ་ལ་ཕྱག་ཆེན་དུ་མིང་བཏགས་པ་འདི་འདྲ་རྗེ་མི་ལ་ཡན་མེད་པའི་རྒྱུ་མཚན་སྒམ་པོ་དང་མི་ལ་མཇལ་བའི་དུས་སྒམ་པོ་པས་བཀའ་གདམས་ཀྱི་ཆོས་ལ་ཐོས་བསམ་མཛད་ཚུལ་སོགས་ཞུས་པས་དེ་འདྲས་གར་ཡང་མི་ཕྱིན། ཁོ་བོའི་གཏུམ་མོ་ཨ་ཐུང་འདི་སྒོམས་དང་ད་བཟོད་སེམས་ཀྱི་ངོ་བོ་མཐོང་བ་ཡིན་ཞེས་རྒྱ་ཆེར་གསུངས་པ་ལས་ཕྱག་རྒྱ་ཆེན་པོའི་སྒྲོས་ཙམ་ཡང་མི་འདུག་པས། འདི་དྭགས་པོ་རིན་པོ་ཆེའི་ཐུགས་ཉམས་སུ་ཤར་བའི་གྲུབ་ཐོབ་ཉམས་ཀྱི་བརྒྱུད་པ་ཡིན་པར་སེམས་སོ། ༈ །ཡར་ཀླུངས་ཇོ་བོས་མཛད་པའི་རྒྱལ་རབས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སྤྱན་སྔ་ལྷ་གཟིགས་རས་པ་ནས་བར་སྐབས་ཀྱི་བརྒྱུད་པ་རྣམས་མ་རྙེད། རྩེས་དང་བྱང་མ་ཁང་གསར་པ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །དཔལ་ཨོ་རྒྱན་ཆེན་པོའི་གཏེར་ལུང་དུ་འདན་མ་རྩེ་མང་གི་སྐྱེ་བར་ལུང་གིས་ཟིན་པའི་ཚལ་པ་སི་ཏུ་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་སམ་དྲུང་ཆེན་ཀུན་དགའ་རྡོ་རྗེར་གྲགས་པའི་ཕྱག་བྲིས་མའི་


GLG002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མགོན་ཞང་གཡུ་བྲག་པའི་དཀའ་འབུམ་པོད་བཞི་མའི་སྟེང་ནས་ལུང་ནོས་པ་ལ། སི་ཏུ་དགེ་བའི་བློ་གྲོས་ཀྱིས་མཛད་པའི་བཀའ་འབུམ་གྱི་དཀར་ཆག་ནོར་བུའི་འཕྲེང་བ། དེ་ལས་འོངས་པའི་ཆོས་སྐོར་ལ། གསོལ་འདེབས་བསྟོད་པའི་བསྐོར། མཛད་པ་རྣམ་ཐར་གྱི་སྐོར། བསླབ་བྱ་ལག་ལེན་གྱི་སྐོར། ཐེག་པ་ཆེ་ཆུང་གི་གྲུབ་མཐའི་སྐོར། ཉམས་ལེན་སྒོམ་འཁྲིད་ཀྱི་སྐོར། ངེས་དོན་ཁོ་ན་གཙོ་བོར་སྟོན་པའི་སྐོར། གསུང་སྒྲོས་ཐོར་བུའི་སྐོར། ཉམས་མྱོང་ཤུགས་ཀྱི་རྡོ་རྗེའི་གླུའི་སྐོར་དང་བརྒྱད། དང་པོ་ལ། ཤཱཀྱའི་དགེ་སློང་བརྩོན་འགྲུས་འབར་གྱི་དོན་དུ་མཛད་པའི་གསོལ་འདེབས་ཆེན་མོ་གནད་དུ་སྐྱོང་བའི་རྡོ་རྗེ། གསོལ་འདེབས་གཉིས་མེད་ཐུགས་རྗེ་ཕོ་ཉ་མྱུར་མགྱོགས་མ། བཀའ་བརྒྱུད་ལ་གསོལ་བ་གདབ་པ་བདེ་ཆེན་མ་དང་ཆོས་དབྱིངས་མ་གཉིས། ལྷན་སྐྱེས་བརྒྱུད་འདེབས་མ་ཧཱ་ཀུ་མཱ་ར། སྦྱོར་དྲུག་གི་བརྒྱུད་འདེབས་ཇི་བཞིན་ཡེ་ཤེས་མ། ལམ་གསུམ་བརྒྱུད་འདེབས་ཆོས་ཉིད་དོན་ཆགས་མ། ཕག་མོ་ར་ལུག་ཀྱི་བརྒྱུད་འདེབས་གནས་མཆོག་མ། རྩ་བའི་བླ་མ་དྲུག་ལ་གསོལ་འདེབས་གསང་སྔགས་མ། ཡང་གསོལ་འདེབས་བསིལ་ཚལ་མ། དྭགས་པོ་སྒོམ་པ་ལ་བསྟོད་པ་ཆོས་ཀྱི་མིག་ཅན་མ། དཔལ་རྒྭ་ལོ་ལ་བསྟོད་པ་དང་པོ་ཨུ་དུམ་ཝཱ་ར་མ། གཉིས་པ་བརྩེ་ལྡན་མ། གསུམ་པ་རྒྱལ་སྲས་མ། བཞི་པ་ཕ་གཅིག་གྲུབ་ཐོབ་མ། དེ་ལ་སྨྲེང་གསོལ་ཀྱེ་མ་སེམས་ཅན་མ། དེ་ལ་ཡན་ལག་བདུན་པའི་སྒོ་ནས་བསྟོད་པ་སྡོམ་གསུམ་མ། རྩ་བའི་བླ་མ་བཞིའི་གསོལ་འདེབས་བདག་གསོལ་གཅིག་མ། རྗེ་པར་རིགས་གསུམ་མགོན་པོའི་སྒོ་ནས་བསྟོད་པ། དེ་ལ་བསྟོད་པ་བདག་འདྲ་བློ་དམན་


GLG002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མ། རྗེ་བཙུན་སྐུ་མཆེད་ལ་བསྟོད་པ་བསྐལ་པ་དཔག་མེད་མ། རྗེ་ལ་བསྟོད་པ་སྐུ་ལ་བདེ་ཆེན་མ། དཔལ་ལྡན་ལྷན་ཅིག་སྐྱེས་པ་ལ་གནས་ལུགས་ཀྱི་སྒོ་ནས་བསྟོད་པ་དངོས་ཀུན་མ། རང་བསྟོད་དགོས་འདོད་རེ་སྐོང་མ་དང་གྲུབ་པ་གཙོར་མཛད་མ་རྣམས། གཉིས་པ་མཛད་པ་རྣམ་ཐར་སྐོར་ལ། ཏཻ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ་ལྷ་རྗེ། དྭགས་པོ་སྒོམ་པ་རྣམས་ཀྱི་རྣམ་ཐར་རང་གི་དྲན་པ་གསོ་བའི་ཕྱིར་ཕྱོགས་ཙམ་ཞིག་བཀོད་པ། དཔལ་ཆེན་རྒྭ་ལོའི་རྣམ་ཐར་བྱང་ཆུབ་སེམས་འབྱོངས་མ། བླ་མ་གཤེན་གྱི་རྣམ་ཐར་གང་ཞི་ཉི་མ། མལ་ཡེར་པ་བའི་རྣམ་ཐར་བསྐལ་པ་དཔག་མེད་མ། བཻ་རོའི་རྣམ་ཐར་བླ་མ་རྣལ་འབྱོར་པ། བརྒྱུད་པ་སྣ་ཚོགས་ཀྱི་རྣམ་ཐར་དཔལ་ཆེན་མ། བླ་མ་སྣ་ཚོགས་ཀྱི་རྣམ་ཐར་ད་ལྟ་རྩ་བ་མ། དགེ་སློང་ཤེས་རབ་གྲུབ་ཀྱི་ངོར་གསུངས་པའི་རང་ཉིད་ཀྱི་རྣམ་ཐར་མ་ནོར་བདེ་ལེགས་རྣམས། གསུམ་པ་བསླབ་བྱ་ལག་ལེན་གྱི་སྐོར་ལ། བྱ་བྱེད་ཐམས་ཅད་ཀྱི་སྔོན་འགྲོའི་ལག་ལེན་རང་གི་སྙིང་ག་མ། སྤྱན་འདྲེན་ཆེན་པོ་ཕྱག་རྒྱ་ཆེན་པོ་མ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཀྱི་སྙིང་པོ་ཇོ་ཆུང་མ། བདེ་མཆོག་ལྷན་སྐྱེས་ཀྱི་མངོན་རྟོགས་ལྷན་ཆུང་མ། ཏིང་ངེ་འཛིན་གྱི་དབང་རང་གིས་རང་ལ་བསྐུར་བ་ཏིང་ཆུང་མ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་ལས་མ་འདས་པའི་མཐའ་ཅན། དཔལ་ལྡན་ལྷན་ཅིག་སྐྱེས་པའི་མན་ངག་དབང་པོ་འབྲིང་གི་ཏིང་ངེ་འཛིན། ཡང་རབ་ཀྱི་ཏིང་ངེ་འཛིན། དེའི་འབྲས་བུ་སྔོན་དུ་བྱེད་ཚུལ། དེའི་མན་ངག་འོད་དུ་དྲིལ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་དུ་བྱེད་དོའི་མཐའ་ཅན། དབང་དང་བྱིན་རླབས་དང་མཆོད་པ་སོགས་ཀྱི་དུས་སུ་གཏོར་མ་བྱིན་


GLG002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་པ། སློབ་དཔོན་ནག་པོ་པས་མཛད་པའི་གཞུང་ལ་རྗེ་བཙུན་ཡེར་པ་བའི་ཕྱག་ལེན་ལྟར་མཛད་པའི་རྣལ་འབྱོར་མའི་ཚོགས་གསོག །དེའི་ལྷན་ཐབས་གསལ་བྱེད་ཁམས་པ་རྡོ་རྗེ་བློ་གྲོས་ཀྱི་ངོར་བཀོད་པ། གསང་སྔགས་ལ་ཞུགས་ཤིང་སྒྲུབ་པ་བྱེད་པར་འདོད་པ་དག་གིས་ལམ་དུ་བླང་བའི་རིམ་པ། བདག་ཉིད་ཆེན་པོའི་ཚོགས་གསོག་པཎ་ཆེན་ནཱ་རོ་པའི་རྗེས་སུ་འབྲངས་པ། མི་ལ་བཞད་པའི་བདག་ཉིད་ཆེན་པོའི་ཚོགས་གསོག །བདག་ཉིད་ཆེན་པོའི་ཚོགས་གསོག་རྭ་ལུགས་འཁོར་བ་ཐོག་མེད་མ། བླ་མའི་ལམ་ཁྱེར་བདུན་གྱི་དང་པོ་རྡོར་འཆང་མ། གཉིས་པ་དུས་ཐམས་ཅད་མ། གསུམ་པ་རྣལ་འབྱོར་པ། བཞི་པ་བླ་མ་སངས་རྒྱས་མ། ལྔ་པ་དུས་གསུམ་སངས་རྒྱས་མ། དྲུག་པ་མཆོག་གི་དངོས་གྲུབ་མ། བདུན་པ་གལ་ཏེ་སྐྱེས་བུ་མ། ཐུན་བཞིའི་ཉམས་ལེན་གདམས་པ་མ་ནོར་བ། རྒྱུན་དུ་བྱ་བའི་ཆོས་སྤྱོད་སྤྱིའི་ལག་ལེན་དཔལ་དུས་ཉ་ག་ཆེ་བ་རྣམ་པ་ཐམས་ཅད་མ། ཆུང་བ་ཕ་རོལ་ཕྱིན་མ། གནས་བརྟན་མགོན་པོའི་དོན་དུ་མཛད་པའི་ཟས་ཀྱི་རྣལ་འབྱོར། དྭགས་པོ་འདུལ་འཛིན་གྱིས་ཞུས་པའི་གཏོར་མའི་ལག་ལེན། ལག་ཏུ་བླང་བའི་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་ནས་སྐྱེ་མེད་གཏན་ལ་འབེབས་པར་བྱེད་པ་སྣ་ཚོགས་ཆོས་སྐུ་མ། ཚེ་འདས་ཀྱི་པུར་སྦྱང་ཐབས། གཤིན་པོའི་བསྔོ་བ། བསྔོ་བའི་ཡོན་བཤད་བསྡུས་པ། རྒྭ་ལོ་ལུགས་ཀྱི་བསྔོ་བ་ཤིན་ཏུ་བསྡུས་པ། རབ་ཏུ་གནས་པའི་ཆོ་ག་མདོ་ལུགས་བསྡུས་པ། དགོན་གནས་བཀྲ་ཤིས་པར་བྱེད་པ་ཆོས་སྐུ་ཡེ་ཤེས་མ། སེམས་བསྐྱེད་ཀྱི་རྣམ་གཞག་དཔལ་རྒྭ་ལོའི་ཞལ་གདམས་ཨ་


GLG002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་དང་ཙ་མིའི་བཞེད་པ་ཐུན་མོང་མ་ཡིན་པ། སེམས་བསྐྱེད་པའི་དངོས་གཞིའི་ཆོ་ག་ཙ་མི་ལོ་ཙཱས་བསྒྱུར་བ་རྒྭ་ལོས་བོད་དུ་གདན་དྲངས་པ། སྐྱབས་སེམས་ཤིན་ཏུ་བསྡུས་པ་སངས་རྒྱས་ཆོས་ཚོགས་མ། ཡོངས་གྲགས་དང་མི་གཅིག །བསྙེན་གནས་ཀྱི་ཆོ་ག་རྣམས། བཞི་པ་ཐེག་པ་ཆེ་ཆུང་གི་གྲུབ་མཐའི་སྐོར་ལ། ཆོས་སྤྱིའི་སྟོང་ཐུན་གླེང་གཞི་ཆེན་མོ་ཁམས་སྟོན་བློ་གྲོས་ཀྱི་ངོར་བཀོད་པ། དཀར་ཆག་ན་རྒྱས་བསྡུས་གཉིས་ཞེས་སྣང་ཡང་བསྡུས་པ་མ་རྙེད། གྲུབ་མཐའ་ཚིགས་གསུམ་འཕྲུལ་གྱི་ལྡེ་མིག་གཅིག་ཤེས་ཀུན་ལ་མཁས་པ་གཞི་ལམ་འབྲས་གསུམ་གསལ་བྱེད། འཇག་སྒོམ་བྱང་ཆུབ་སྙིང་པོའི་དོན་དུ་མཛད་པའི་ཚོམ་གྱི་རིམ་པ། བདེན་གཉིས་ཟུང་འབྲེལ་ལེའུ་བཅོ་ལྔ་པ། དེའི་ས་བཅད། གྲུབ་མཐའི་རང་བློའི་སྐྱོན་སེལ། དེའི་ས་བཅད། རྣལ་འབྱོར་ལམ་གྱི་རིམ་པ་བླ་མ་བསམ་གྲུབ་ཀྱི་དོན་དུ་མཛད་པ། དེའི་ས་བཅད། རྣལ་འབྱོར་ལམ་གྱི་རིམ་པ་ཉི་མ་སྣང་བ་ལེའུ་བཅུ་པ་འབྲས་བུ་འཆར་ཚུལ་དང་བཅས་པ། ལམ་མཆོག་བདུད་རྩིའི་ཆུ་རྒྱུན། ཕན་བྱེད་རབ་གསལ་ནོར་བུའི་ཕྲེང་བ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཉིང་ཕུག་ཆེན་མོ་ཟབ་པ་དང་རྒྱ་ཆེ་བའི་དོན་གཏན་ལ་འབེབས་པར་བྱེད་པ་ཕན་བདེ་ཉི་མའི་སྙིང་པོ་ལེའུ་བཅུ་བཞི་པ། ཁམས་སྟོན་རྡོ་རྗེ་དབང་ཕྱུག་གིས་ཞུས་པའི་ཟུང་འཇུག་གི་དོན་ཕྱིན་ཅི་མ་ལོག་པ་དམ་པའི་དོན་གྱི་མཐར་ཐུག །རྗེ་རྒྱལ་བཙས་པོ་འཕྲེང་གོ་བཙས་པོ། ལ་གདམས་པ་ཀུན་ཚང་ཐུགས་ཀྱི་གཉེན་པོ། བྱང་ཆུབ་སེམས་ཀྱི་ཚིགས་སུ་བཅད་པ་བཅོ་བརྒྱད་པ། ཟུང་གསུམ་ཡ་དྲུག་གི་ཞལ་གདམས། དགོངས་པ་བཀང་བའི་གླེང་


GLG002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བསླང་། ལེའུ་ལྔ་པ། ཆོས་བརྒྱད་སྤང་བའི་ཡིག་ཆུང་། འདུལ་བ་ཐམས་ཅད་ཀྱི་ལྡེ་མིག་སོ་སོ་ཐར་པའི་སྡོམ་པ་བློ་གྲོས་ངེས་པ་རྣམས། ལྔ་པ་ཉམས་ལེན་སྒོམ་འཁྲིད་ཀྱི་སྐོར་ལ། ཆོས་དང་ཆོས་ཉིད་གཏན་ལ་འབེབས་པར་བྱེད་པ་འཁྲིད་ཀྱི་ལུང་སྦྱར་ཞེས་པ་གཞི་ལམ་འབྲས་བུའི་རྣམ་གཞག །སློབ་དཔོན་ཤཱཀ་ཡེ་སྐུ་མཆེད་ལ་གསུངས་པའི་འཁྲིད་ཡིག་བཤེས་གཉེན་དམ་པའི་ངོ་ལ་འཁྲིད་ལུགས་ཤིན་ཏུ་གསལ་བར་བྲིས་པ། ཡང་དེ་ཉིད་ལ་གསུངས་པའི་འཁྲིད་བསྡུས་པ་གང་ལའང་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོའི་མཐའ་ཅན། རས་སྒོམ་གྱི་དོན་དུ་སྦྱར་བའི་འཁྲིད་ཡིག་སྙིང་པོའི་དོན་གཏན་ལ་འབེབས་པ་ཟག་མེད་བདེ་ཆེན་རྒྱས་ཤོག་གི་མཐའ་ཅན། ཕྱག་རྒྱ་ཆེན་པོ་དབུ་བསྙུང་མ་ཞེས་པ་ཐུན་མོང་མ་ཡིན་པའི་སྙིང་གཏམ། ཕྱག་རྒྱ་ཆེན་པོ་མཚོན་པར་བྱེད་པའི་མན་ངག་དགེ་སློང་རི་ཁྲོད་པའི་དོན་དུ་མཛད་པ། ཕྱག་རྒྱ་ཆེན་པོའི་མན་ངག་མཐར་ཐུག་དོན་གྱི་སྙིང་པོ་མདོར་བསྡུས་པ་ཞེས་པ་སློབ་མས་བསྐུལ་ནས་སློབ་མ་འགའི་བརྗེད་ཐོར་བྲིས་པ། སྟག་སྒོམ་ལ་གསུངས་པའི་གནད་ཀྱི་མན་ངག་ཕ་སྦད་སྙིང་གཏམ་མ། གཙང་པ་ཇོ་བཙུན་མཆེད་ལ་གསུངས་པའི་མན་ངག་དང་པོ་བཟང་ཡུལ་ཡར་སྣར་འཁྲུག་པའི་དུས་སུ་བཀོད་པ། ཡང་དུས་དེར་གསུངས་པའི་གནད་ཀྱི་མན་ངག་གཉིས་པ། མཐར་ཐུག་གནད་ཀྱི་མན་ངག་ཐུན་མོང་མ་ཡིན་པ་མི་ལ་མ་སྟོན་ཅིག་གི་མཐའ་ཅན། གྲ་ཕུལ་པ་སྟོན་ཁྲི་ཁ་ལ་གསུངས་པའི་ཏིང་ངེ་འཛིན་གསུམ་གྱི་དང་པོ་འཁོར་བ་ཐོག་མེད་མ། གཉིས་པ་ལུས་ངག་ཡིད་གསུམ་མ། གསུམ་པ་རང་ལྷར་གསལ་བ། གནས་བརྟན་གྲགས་


GLG002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ལ་གསུངས་པའི་འཁྲིད་བྱིན་རླབས་གནད་ཀྱི་བརྒྱུད་པ་འཕྱུག་མེད། དངོས་པོའི་གནས་ལུགས་གཏན་ལ་འབེབས་པ་ཞེས་པ་ཤཱཀྱའི་དགེ་སློང་རི་ཁྲོད་པས་གཞན་གྱིས་གསོལ་བཏབ་བརྗེད་བྱང་དུ་བྲིས་པ། དགེ་བཤེས་ཁ་རུ་བ་ལ་གསུངས་པའི་ངན་བུའི་སྙིང་གཏམ་ཡིད་སྤྲུགས་པ་དེ་ལས་མ་མཆིས་པ། བླ་མ་ཕ་ཏ་བ་ལ་གསུངས་པའི་ཕྱག་རྒྱ་ཆེན་པོའི་གདམས་ངག་ཆིག་ཆོད་མ། སྒོམ་མ་མོ་ཆེན་མོ་འདའ་ཁ་འཆི་བྲོད་ཀྱི་གདམས་ངག །བསམ་ཡས་ཀྱི་ཡོན་བདག་མོ་འབུམ་སྐྱིད་ལ་གསུངས་པའི་འཁྲིད་སྤྲོས་པ་ཀུན་ཞི་མ། ཕྱག་རྒྱ་ཆེན་པོ་ཐོག་བབས་སམ་ཆིག་ཆོད་དུ་སྟོན་པ། དེའི་རྩ་བ། དེའི་རྒྱབ་རྟེན་གཞག་ཐབས་གསུམ་པ་རྣམས་རལ་ནག་སྟོན་པའི་དོན་དུ་མཛད་པ། ཞལ་གདམས་གསུམ་གྱི་དང་པོ་ཕྱག་རྒྱ་ཆེན་པོ་དོན་གསུམ་གྱིས་གཏན་ལ་འབེབས་པ་དངུལ་ལས་སྐུ་ལ་སོགས་པ་བྱས་པ་དང་འདྲའི་མཐའ་ཅན། གཉིས་པ་རང་སེམས་རིག་པའི་ངོ་བོ་མ། གསུམ་པ་ཕྱིན་ཅི་མ་ལོག་པའི་གདམས་པ། དགེ་བཤེས་ཤ་མི། དགེ་བཤེས་གྲགས་པ། གཙང་པ་ཇོ་བཙུན་མཆེད་ལ་སོགས་པས་ཞུས་པའི་ཉམས་མྱོང་གི་གླེང་བསླང་རིང་མོ། ཕྱག་རྒྱ་ཆེན་པོ་ལམ་ཁྱེར་ཞེས་པ་གཟའ་གཏད་མེད་པའི་ཚུལ་དུ་འགྲོ་བའི་འགྲོ་ལུགས། མལ་དབུ་དཀར་བ་ལ་གསུངས་པའི་མན་ངག་དང་པོ་བཀའ་གདམས་ཀྱི་བདག་མེད་པ། གཉིས་པ་དུར་ཁྲོད་འདྲེ་ཅན། གནས་བརྟན་རྒན་གྲ་བ་ལ་གསུངས་པའི་འཁྲིད་ཡིག་དང་པོ་དུས་གསུམ་སངས་རྒྱས་མ། གཉིས་པ་དངོས་གཞིའི་མན་ངག །གསུམ་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡང་དག་པའི་ཡེ་ཤེས་སོ་སོ་


GLG002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་རིག་ཅིང་ནང་ནས་འཆར་བའི་མན་ངག །སྐུ་གསུམ་ངོ་སྤྲོད་ཆེ་བ་དམིགས་མེད་བདེ་ཆེན་མ། ཆུང་བ་འབྲས་བུ་སྐུ་གསུམ་མ། ཕ་རོལ་དུ་ཕྱིན་པའི་དོན་ཕྱིན་ཅི་མ་ལོག་པའི་མན་ངག་གཞན་ལ་མ་སྟོན་མཛོད་ཀྱི་མཐའ་ཅན། དྭགས་པོའི་ཆོས་བཞིའི་ངོ་སྤྲོད་མན་ངག་ཚིག་བཞི་པ་ཞེས་པ། རྣལ་འབྱོར་རྣམ་པ་བཞིའི་རྣམ་གཞག་ཁམས་པ་མགོན་སྟོན་གྱི་དོན་དུ་བསྒྲིགས་པ། དེའི་དབྱེ་བ། དེའི་ཉམས་ཀྱི་འཆར་ཚོད་ལག་ན་བྱང་ཆུབ་འདུག་ཅེས་སོའི་མཐའ་ཅན། དེའི་གནས་ལུགས་བློའི་བྱེད་པ་ལས་འདས་པས་ཁྱད་དེ་ཙམ་ཞིག་ཡོད་དོའི་མཐའ་ཅན། དེའི་ངོ་སྤྲོད་ཆུང་བ་རྣལ་འབྱོར་རྣམ་པ་བཞི་རྫོགས་སོའི་མཐའ་ཅན། གཤོར་བཞིའི་ངོས་འཛིན་དེ་ལྟར་མ་རྟོགས་ན་གཉེན་པོ་འཆོར་བ་ཡིན་ནོའི་མཐའ་ཅན། དེའི་ངོས་འཛིན་ཆུང་བ་གཤོར་ས་བཞི་ངོ་སྤྲོད་པ་རྫོགས་སོའི་མཐའ་ཅན། གོལ་ས་བཞིའི་ངོས་འཛིན། རྗེ་བཙུན་ནཱ་རོ་པཎ་ཆེན་གྱི་གདམས་ངག་ཆོས་དྲུག་གི་ཉམས་ལེན་འཆི་ཁར་རང་གི་ཡི་གེ་འདི་མེ་ལ་སྲེགས་ཤིག་མིས་མཐོང་དུ་མི་རུང་ངོའི་མཐའ་ཅན། གཟེར་དང་པོ་ན་ཚ་བོགས་སུ་འདོན་པ། གཉིས་པ་འཆི་བ་གྲོགས་སུ་འཁྱེར་བ། གསུམ་པ་མཚན་རྟོགས་རང་གྲོལ། བཞི་པ་ཉོན་མོངས་ལམ་སློང་། ལྔ་པ་བར་གཅོད་དངོས་གྲུབ་ཏུ་བླང་བའི་གཟེར་རྣམས། དྲུག་པ་ངེས་དོན་དེ་ཁོ་ན་གཙོ་བོར་སྟོན་པའི་སྐོར་ལ། མི་རྟག་པ་བསྒོམ་པའི་རིམ་པ་ཆིག་ལབ་རིང་མོ། ཇོ་སྲས་དར་མ་སེང་གེས་ཞུས་པའི་ལམ་འབྲས་བུ་དང་བཅས་པའི་མཆིད་ཚིག་ལྷུག་པ། དེའི་ས་བཅད། ཉེ་གནས་མར་པས་བསྐུལ་ནས་མཛད་པའི་ལམ་མཆོག་མཐར་ཐུག་བཀའ་དང་བསྟན་བཅོས་རྣམས་དང་བླ་མ་དམ་པའི་


GLG002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་རང་གིས་རྟོགས་ཚོད་གླེང་བ། སྙིང་གིས་སྙིང་ལ་གཏད་པ་གཅེས་པ་བསྡུས་པ། ཆོས་ལག་ལེན་དུ་དྲིལ་བ་ཆོས་བུའི་རྒད་པོ་བྲག་ཏུ་མཛད་པ། ཡིད་ཆེས་པའི་གནས་བཅུ་གསུམ་བསྟན་པ་དཔེ་དཔག་ཏུ་མེད་པ་རིན་པོ་ཆེ་ཉིད་གསུང་ངོའི་མཐའ་ཅན། མོན་མཚོ་སྣའི་གནས་བརྟན་སྤོངས་པ་ལ་གསུངས་པའི་སྙིང་གཏམ། གནས་བརྟན་སྒོམ་ཆེན་ལ་གདམས་པ་ཉ་ག་འགགས་དུས། རང་གིས་རང་ལ་གདམས་པ་བདུད་རྩི་བུམ་འཕྲེང་། ཕྲ་མོ་གཅོད་པའི་གླེང་བསླང་། བརྡ་བཞི་དོན་བཞིས་གདམས་པ། ཕྱག་རྒྱ་ཆེན་པོའི་བརྡ་དོན་རྩ་འགྲེལ་ཅེ་སྤྱང་ཝ་སྟག་མ། ཡོན་ཏན་རྩལ་མཆོག །སྲིད་པའི་འབྲོང་བུ་ལྐུགས་པར་གསུངས་པའི་མན་ངག་ལྷུག་པ། འཁོར་འདས་ཀྱི་རྩ་བ་གཅོད་པའི་མན་ངག་ཡོན་བདག་ཕྱུག་པོ་ཇོ་བཙུན་སྣང་བས་བཏེག་པའི་དུས་སེམས་ལ་ཤར་ནས་བཀོད་པ། ལམ་འབྲས་དྲིལ་བའི་ཉམས་ལེན། སྒོམ་ཆེན་དྷརྨ་སེང་གེའི་ཞུ་ལན་ཐེག་ཆེན་མ། དེ་ཉིད་ལ་འཕྱུག་མེད་གནད་ཀྱི་གདམས་པ་བཀའ་དྲིན་ཅན་མ། གནས་བརྟན་མགོན་པོ་ལ་སྤྲིངས་པ། དེ་ཉིད་ལ་གསུངས་པ་ཀུན་ཚང་ནོར་བུ་རིན་ཅེན་གྲིབ་ཀྱི་ལུག་རུར་ཕག་ལོའི་དགུན་ཟླ་ར་བའི་ཚེས་བཅུ་བཞིའི་ཉིན་བཀོད་པ། ཐུན་མོང་མ་ཡིན་པ་ཉམས་ཐམས་ཅད་མཁྱེན་པ་ཞེས་བྱ་བ་རེའུ་རྩའི་གཙུག་ལག་ཁང་དུ་བསྡེབས་པ། ཆགས་སྡང་རྩད་གཅོད། བླ་མ་དངོས་སུ་བྱོན་པའི་གླེང་བསླང་། སྒྲུབ་བརྒྱུད་ལམ་མཆོག་འཕྲེང་བ་གསུམ་གཅིག་ཏུ་དྲིལ་བའི་གདམས་ངག །སྙིང་གཏམ་ཉི་ཤུ་པ། སེམས་ཉིད་འོད་གསལ་ནོར་བུའི་འཕྲེང་བ། ཡིད་ཆེས་གླེང་བསླང་། མན་ངག་སྙིང་པོ་གསལ་བ། འཆི་བ་གྲོགས་སུ་ཁྱེར་བའི་སྙིང་གཏམ་སྐུ་གནས་འགྲེས་


GLG002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་མ། བདུད་ཀྱི་མདའ་ཉི་ཤུ་རྩ་ལྔ་པ། སྙིང་རྗེའི་གཏམ་བློ་རྡེག །ཡོན་ཏན་ངོམ་པ་ཨོཾ་གྲུབ་མ། བཙད་པོ་ཁྲི་རྩེ། བྲག་དམར་བསམ་ཡས་པ། ལ་གསུངས་པའི་མཆིད་ཚིག །དགེ་འདུན་གྲུ་གུ་སྒང་པའི་གནས་བརྟན་སེང་གེ་གྲགས་སྤུན་ལ་སྤྲིངས་པ། རིག་པ་དང་རྐང་པར་ལྡན་པ་ཞེས་པ་སུམ་སྟོན་རྡོ་རྗེ་སྙིང་པོས་ཞུས་ལན་བསམ་གཏན་སེང་གེ་སྤུན་གྱི་ཕ་མ་རྒན་རྒོན་གཉིས་ཀྱི་གསོན་དགེའི་དུས་སུ་བཀོད་པ། ལྷ་རྗེ་སྲབ་སྨན་གྲགས་སེང་སྔགས་སེང་ཟེར་བའང་འདུག །ལ་གསུངས་པའི་དྲིན་ལན་གསོབ་པའི་སྙིང་པོ། གླིང་རས་སྐུ་ཡལ་བའི་དུས་ཇོ་མོ་ལ་གསུངས་པའི་མྱ་ངན་བསལ་བ། དོར་ཏེ་འཆོར་ནག་ཏུ་གསུངས་པའི་དུམ་བུ་བརྒྱད་ཀྱི་དང་པོ་རྟོགས་ལྡན་དོན་བརྒྱུད། གཉིས་པ་སྤྲང་བན་ཞང་ལ་བྱིན་རླབས་ཞུགས་པ། གསུམ་པ་བྱིན་རླབས་བརྒྱུད་ལྡན། བཞི་པ་སྤྲང་བན་ཞང་གི་སྙིང་རུམ། ལྔ་པ་དཔག་མེད་བསྐལ་བ་མ། དྲུག་པ་རྟོགས་ལྡན་དོན་བརྒྱུད། བདུན་པ་སྤྲང་བན་ཞང་ལ་ཞི་གནས་སྐྱེས་པ། བརྒྱད་པ་བླ་མ་རྗེ་བཙུན་མ། བདུད་ངོས་འཛིན་པའི་མན་ངག་དུམ་བུ་ལྔ་པ། འབྲོང་བུ་ཅལ་ཅོལ་ཆུང་བ། རང་གི་གཤིས་དང་བསྟུན་ནས་སྨྲས་པ། སྙིང་གཏམ་བུ་བརྒྱད་མ་གཉེན་པོ་ལྷན་ཐབས་འཁོར་ལོ་བདེ་མཆོག་མ། ཕུན་ཚོགས་སྣ་ཚོགས་ནོར་བུ་མ། སློབ་དཔོན་རིན་པོ་ཆེས་གསང་ཕུར་ཆོས་གསུངས་པའི་དུས་ཀྱི་བདེ་ཆེན་སྤྲོས་བྲལ་མ། བསྟན་བཅོས་བློ་ལྡོག་གྲོས་འདེབས། སྐྱོ་ཤས་བློ་ལྡེག །གནས་སྐབས་མཐར་ཐུག་གི་དོན་གཏན་ལ་འབེབ་པར་བྱེད་པ་བསྟན་བཅོས་ས་ལོག་གནམ་ལོག་རྣམས། བདུན་པ་གསུང་སྒྲོས་ཐོར་བུའི་སྐོར་ལ། ཤོག་དྲིལ་དང་པོ་ཞང་གི་ཆིག་ཆོད་མ། གཉིས་པ་མཚལ་གྱི་ཆུ་


GLG002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བརྒལ་ནས་མཚམས་རྦད་ཀྱིས་བཅད་པ། གསུམ་པ་བར་དེར་དམ་ཉམས་པ་རྣམས་ཀྱིས་བཟའ་འདོད་ཚུད་པ་མེད་པ། བཞི་པ་དམ་ཉམས་འདི་རྣམས་རླག་པར་བྱེད་པ་ཡིན་ནོའི་མཐའ་ཅན། ལྔ་པ་གཟིམས་ཆུང་གི་སྒོའི་ཡ་ཐེམ་ལ་བཞུགས་སོའི་མཐའ་ཅན། གཉེན་པོའི་ཡིག་ཆུང་། གཉེན་པོ་བསྟེན་པའི་མན་ངག་སྒོམ་ཆེན་གསར་པ་རྣམས་ལ་གདམས་པ། དགེ་བཤེས་ལྷུན་པོ་དང་དོལ་པ་སྟོན་པའི་ཞུ་ལན། དྭགས་པོ་སྒོམ་པའི་གསུང་གི་ཟིན་བྲིས་ལྔ་པ། དེ་ཉིད་ལ་ཞུས་པའི་ལན། ཉང་གོལ་བའི་ཞུས་ལན་བཟང་ཡུལ་ཡར་སྣར་འཁྲུག་པའི་དུས་ཡི་གེར་བཀོད་པ། གསུང་སྒྲོས་རིན་ཅེན་རྒྱ་མཚོ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་ཕྱོགས་གཅིག་ཏུ་བསྡེབས་པ། དེས་ཟིན་བྲིས་སུ་མཛད་པའི་གསུང་སྒྲོས་དང་པོ་སློབ་དཔོན་རིན་པོ་ཆེ། གཉིས་པ་སྐྱེ་བ་ཐོག་མེད་མ། གསུམ་པ་བླ་མ་རིན་པོ་ཆེ། བཞི་པ་ཆོས་ཀྱི་འགག །ལྔ་པ་སྐབས་ཤིག་མ། དྲུག་པ་བླ་མ་རིན་པོ་ཆེ། བདུན་པ་ཡང་བླ་མ་རིན་པོ་ཆེ། བརྒྱད་པ་གཞུང་གི་ཉ་མོ་གྱུར། དགོན་གཉེར་ཧྲིལ་མོའི་ཟིན་བྲིས་དཀོན་ཅོག་རིན་ཅེན་མ། དགེ་ཚུལ་བླ་མ་ཡེ་ཤེས་ཀྱི་ཟིན་བྲིས་དང་པོ་ཡོན་ཏན་ཉི་མ། གཉིས་པ་མ་རིག་མུན་འཁྱམས། གསུམ་པ་སློབ་དཔོན་རིན་པོ་ཆེ་བྲག་ནག་པའི་ཟིན་བྲིས་དགེ་སློང་བསོད་ནམས་གྲགས་པས་རང་ཉིད་ཀྱི་དྲན་པ་གསོ་ཕྱིར་བཀོད་པ་རྣམས། བརྒྱད་པ་ཉམས་མྱོང་ཤུགས་བྱུང་རྡོ་རྗེ་གླུའི་སྐོར་ལ། བསམ་ཡས་བྲག་སྔོན་དུ་གསུངས་པའི་མགུར་དང་པོ་འཆི་བས་འཇིགས་པའི་གཏམ། གཉིས་པ་སྐྱོ་ཤས་བློ་རྡེག །གསུམ་པ་ཕ་རོལ་ཕྱིན་དྲུག །བཞི་པ་རྟོག་པ་ངོས་འཛིན་པའི་ཞི་གནས། ལྔ་པ་མ་མཐོང་བའི་ཞི་གནས།


GLG002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་ཞི་གནས་རྒོད་པོ། བདུན་པ་ཞི་གནས་བསྐྱེད་རིམ། བརྒྱད་པ་ཞི་གནས་དཔེས་མཚོན། དགུ་པ་ཞི་གནས་སྣ་ཚོགས་རོ་སྙོམས། བཅུ་པ་རྟོགས་པ་ལམ་ཁྱེར། བཅུ་གཅིག་པ་རྟོག་པ་གཏན་ལ་དབབ་པ། བཅུ་གཉིས་པ་བྱིན་རླབས་ཀྱི་ཉ་ག །བཅུ་གསུམ་པ་ཞི་གནས་ཆེན་མོ། བཅུ་བཞི་པ་སྙིང་གཏམ་བློ་སྟེགས། བཅོ་ལྔ་པ་མྱོང་གྲུབ་མ། གསང་སྔགས་ལག་ལེན་གྱི་མགུར་ལ། དང་པོ་སྐལ་ལྡན་མ། གཉིས་པ་སྐྱེ་བ་རྣལ་འབྱོར། གསུམ་པ་བདག་རང་སྤྲང་བན། བཞི་པ་རི་ཁྲོད་ཀྱི་སྤྲང་བན། ལྔ་པ་སྐྱེ་ལགས་མ། དྲུག་པ་བླ་མ་རྣམས་དང་མཇལ་ཚུལ། བདུན་པ་འཇིག་རྟེན་དང་བསྟུན་པ། བརྒྱད་པ་རང་སྐྱོན་མ་ཚོར་བ། དགུ་པ་བློ་བདེ་མ། བཅུ་པ་མཆེད་གྲོགས་དམ་པ། བཅུ་གཅིག་པ་གསང་སྔགས་ཐབས་ལམ། བཅུ་གཉིས་པ་དེང་སང་རྩོད་དུས། བཅུ་གསུམ་པ་ལྟ་སྒོམ་སྤྱོད་པའི་གླུ། བཅུ་བཞི་པ་སྐྱོ་སངས་ཀྱི་གླུ། བཅོ་ལྔ་པ་ཚིགས་བཅད་འཐེང་པོ་ཕྱེད་དང་བཅུ་གསུམ་གྱི་གླུ། བཅུ་དྲུག་པ་སེམས་ལ་འགྱོད་པའི་གླུ། བཅུ་བདུན་པ་ཆོས་ཉིད་དག་པའི་དབྱངས། བཅོ་བརྒྱད་པ་དུས་གསུམ་རྒྱལ་བའི་སྙིང་གཏམ། བཅུ་དགུ་པ་ཨ་རེ་སྐྱིད། ཉི་ཤུ་པ་ཞལ་ཏའི་ཡི་གེ །ཕྱའོ་ལུང་དུ་གསུངས་པ་བརྒྱད་ཀྱི་དང་པོ་སྙིང་པོ་འབྲུ་དྲུག །གཉིས་པ་རྟོགས་པའི་ཉམས་ལ་བསྟོད་པ། གསུམ་པ་སྙིང་པོ་དོན་གྱི་གླུ། བཞི་པ་ཕྱི་ཚིས་གཏོར་བའི་གླུ། ལྔ་པ་ཆོས་པའི་མཚང་། དྲུག་པ་དུ་མ་རོ་གཅིག་གི་རྟོགས་པ། བདུན་པ་ལྷན་ཅིག་སྐྱེས་པའི་རྟོགས་པ། བརྒྱད་པ་སྙན་བརྒྱུད་མར་གྱི་ཉིང་ཁུ། གླ་སྒྲོ་མོན་གདོང་དུ་མཛད་པའི་དང་པོ་ལྟ་སྒོམ་སྤྱོད་འབྲས་ཀྱི་གླུ། གཉིས་པ་རྟོག་པའི་གླུ། གསུམ་པ་སྲད་མ་ཅན། བཞི་པ་གླེང་བསླང་། ལྔ་


GLG002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐལ་བའི་གླུ། དྲུག་པ་འགྲོ་བའི་གླུ། བདུན་པ་ནམ་མཁའ་ལྟ་བུ། བརྒྱད་པ་བྱ་བ་བཏང་བ། དགུ་པ་འགྱོད་རི་ཤི་བ། བཅུ་པ་ཉམས་སུ་མྱོང་བ། བཅུ་གཅིག་པ་སྙིང་གཏམ། བཅུ་གཉིས་པ་ཐར་ཆེན་ཐོབ། བཅུ་གསུམ་པ་ཐལ་ཆུག་མ། བཅུ་བཞི་པ་བཀོད་པའི་རྣམ་གྲངས། བསམ་ཡས་རྒོད་པོ་མ་ལ། དང་པོ་ཡོངས་གླུ་རིང་མོ། གཉིས་པ་བདེ་བའི་གླུ། གསུམ་པ་འཕྲོ་བའི་གླུ། བཞི་པ་ནམ་མཁའ་མཛོད། ལྔ་པ་ཡུལ་ཆོག་གོག་པ་སྤོང་བའི་གླུ། ཡང་དགོན་ཀ་དགུ་མར་གསུངས་པ་སྔོན་གྱི་གྲུབ་ཐོབ་སོགས་མ། རང་སེམས་གཏན་ལ་དབབ་པ། བྲེད་མདའི་ཕྱག་ཁྲི་མཆོག་གིས་ཆོས་སྐོར་གྲ་ཚང་དུ་ཤིན་ཏུ་བརྙས་བཅོས་ཀྱི་སྒོ་ནས་བསྟོད་པ། འདི་དཀར་ཆག་ན་མི་སྣང་ཞིང་གསུང་མིན་ཀྱང་ལུང་མཛད་སྲོལ་འདུག །བླ་མས་ཞལ་ཏ་བཏབ་པའི་གདམས་པ་གྱ་གྲོང་གི་དར་བསོད་མ། འདི་གཉིས་དཀར་ཆག་ན་མི་གསལ། དེ་ལ་གསུངས་པའི་ཆིག་ཆོད་ཆེན་མོ། ཞུ་ལྔ་མ། རྡོ་རྗེ་གདན་དྲུག་མ། སེང་གེ་རྒྱལ་པོའི་སྒྲུབ་ཐབས། བྱང་གི་འབྲོང་བུར་གསུངས་པའི་ཀུ་རེའི་འཕྲེང་བ་དུམ་བུ་དང་པོ་འདྲ་མིན་ཉི་ཤུ་རྩ་གཅིག་པ། གཉིས་པ་ཆོས་ཀྱི་དབྱིངས་ལས་སྤྲོས་པ། གསུམ་པ་ཉེས་སྐྱོན་སྤོང་བར་བསྐུལ་བ། བཞི་པ་ཚིག་དང་དོན་ལ་མཁས་པའི་ཁྱད་པར། གྲུབ་ཐོབ་དབུ་སེ་དང་མཇལ་བའི་མགུར། ཡོན་ཏན་སེང་གེའི་གྲང་ཁང་དུ་རྟོག་མེད་སྤྲོས་བྲལ་གྱི་རྗེས་ལ་མགུར་གསུངས་པ་བདེ་ཆེན་སྤྲོས་བྲལ། བློ་བདེ་བཞིའམ་སྐྱིད་པ་བདུན་གྱི་མགུར། མི་རྟག་པ་བསྐུལ་བའི་གླུ་མི་ཚེ་མ། སྐྱོ་བ་སྐྱེད་པའི་གླུ་ཨང་བཅུ་བཞི་མ། ལམ་ཁྱེར་གྱི་དབྱངས་ཆུང་གཉིས་ཀྱི་དང་པོ་རྒྱལ་གྱི་ཆས་བརྒྱད་ཐོ་རངས་བླངས་པ། གཉིས་པ་རིག་པའི་མེ་ལོང་། ཅི་བྱ་དགོས་མེད་མ། གེགས་སེལ་བརྒྱད་


GLG002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནས་མི་དམིགས་མ། རང་ལ་རང་གིས་གྲོས་འདེབས་པ། དོན་བྱེད་བཤགས་པ། ར་མདའ་མ། ཞལ་ཕོ་ཁྱི་དགུ་མ། གུ་རུབ་རེ་བ་སྐྱིད་ཀྱིས་ཞུས་པའི་རང་གིས་རང་ཁྲེལ་མ། རང་རིག་ཡེ་ཤེས་མ། གདོས་པ་དང་འཁྲུས་པའི་དུས་གསུངས་པ་བུ་སྤྲང་བན་མ། སྒམ་པོ་རབ་གནས་བཀྲ་ཤིས་ཕུན་ཚོགས་མ། གཡུ་བྲག་ཡིད་ཆེས་ཀྱི་ལེའུ། ཞང་སྟོན་སྤྲོ་བ་བསྐྱེད་པའི་ལེའུ། གཡའ་ལུང་གི་གདེང་ཆེན་བཅུ་དྲུག་མ། གཡའ་ལུང་ཞལ་ཕོ་མ་བདག་རང་དགེ་སྦྱོང་། གཡའ་གོང་གངས་གོང་མ། བྱེ་མ་ཅན་དུ་གསུངས་པ་གཉིས་ཀྱི་དང་པོ་སྤྱི་གཙུག་རྒྱན་བཞུགས་མ། གཉིས་པ་ལུས་ངག་བག་ཡོད་མ། བླ་མ་ལ་སྒོམ་ཉམས་འབུལ། འདི་དཀར་ཆག་ན་མི་འདུག །ལྷ་ལུང་ནགས་ཀྱི་རྩེ་མོ་ལ་སྒོམ་པའི་ཉམས་མྱོང་ཤར་བ་སྣང་གསལ་གཉིས་མེད་སྟོན་པའི་གླུ། ཁྲེལ་བགོད་རིང་མོ་བྱན་མཁར་མདའ་མཆོག་ཏུ་བཀོད་པ། སྐལ་ལྡན་གདུང་བའི་སྨན་གསོས། འབེན་ནག་བྲག་མ་གསུམ་གྱི་དང་པོ་ཞང་གི་སྤྲང་བན། གཉིས་པ་ཀྭ་ཡེ་མི་སྡོད། གསུམ་པ་འཇའ་ཚོན་ནམ་མཁའ་མ། ཞལ་ཏ་གདམས་ངག་མ་བཀའ་རྒྱས་བཏབ་པ། ངན་འགྲོའི་སྲིད་སྐྱོབ་མ། འདི་དཀར་ཆག་ན་མི་འདུག །སྐུ་གཤེགས་རྗེས་དགེ་བཤེས་བྲག་ནག་པ་ལ་གསུངས་པའི་འཆི་མེད་ཆོས་སྐུ། འཆམས་ཆུང་གསུམ་གྱི་དང་པོ་གནས་ཆེན་མ། གཉིས་པ་གངས་བསྟོད་མ། གསུམ་པ་ཨནྡེ་ཕུག་རོན་མ། འཆམས་ཆུང་སྣང་བ་ཟིལ་གནོན། བླ་མ་དཔལ་ལ་ཤིས་པར་བརྗོད་པ་གཉིས་ཀྱི་དང་པོ་བཀྲ་ཤིས་མཆོག་རབ་མ། གཉིས་པ་བཀྲ་ཤིས་གང་ཞིག་མ། མཚལ་སྒར་རྨང་བྲི་བའི་དུས་སུ་མཛད་པའི་དང་པོ་བདེ་ལེགས་ཐམས་ཅད་མ། གཉིས་པ་བདེ་


GLG002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོ་མ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཆོས་སྐུ་ཡེ་ཤེས་ཀྱི་ཌཱ་ཀི་མ། རྩ་བའི་བླ་མ་དྲུག །སློབ་དཔོན་རྔོག །ཁམས་སརྒྭ་ལོ། མལ་ཡེར་པ་བ། བླ་མ་འོལ་ཁ་པ། བླ་མ་བཻ་རོ་པ། སྒམ་པོ་སྒོམ་ཚུལ་རྣམས། ཞང་འགྲོ་མགོན་གཡུ་བྲག་པ། མཉམ་མེད་ཤཱཀྱ་ཡེ་ཤེས། བླ་མ་བཙན་ཁང་པ། རྗེ་སངས་རྒྱས་གཞོན་ནུ། མཚུངས་མེད་ཀུན་དགའ་རྒྱལ་མཚན། རྗེ་གྲགས་པ་བཟང་པོ། མཁས་གྲུབ་ཤཱཀྱ་བསོད་ནམས། བླ་མ་དྷརྨ་ཕ་ལ། ཆོས་རྗེ་དཔལ་ལྡན་རྒྱལ་མཚན། རྗེ་གྲགས་པ་བསོད་ནམས། བླ་མ་དགེ་འདུན་དཔལ་ལྡན། སྤྱན་ལྔ་གྲགས་པ་རྒྱལ་མཚན། སྤྱན་སྔ་ངག་དབང་རྒྱ་མཚོ། སྤྱན་སྔ་ངག་དབང་བསོད་ནམས་རྒྱལ་མཚན། སྤྱན་སྔ་སྐལ་ལྡན་རྒྱ་མཚོ། རིགས་ཀུན་ཁྱབ་བདག་ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཞང་འགྲོ་བའི་མགོན་པོའི་བཀའ་འབུམ་བཀའ་རྒྱའི་དབང་ལུང་ཐོབ་པ་ལ། དང་པོ་ས་ཆོག །གཉིས་པ་ལྷ་སྟ་གོན། གསུམ་པ་སློབ་མ་རྗེས་གཟུང་གསུམ་སྔོན་དུ་འགྲོ་བའི། བཞི་པ་རྒྱུ་དུས་ཀྱི་དབང་མོ་ཆེ། ལྔ་པ་ལམ་དུས་ཏིང་ངེ་འཛིན་གྱི་དབང་། ཚོམ་བུ་ཞེ་བདུན་མའི་དབང་། རྣམ་ཐར་ལྷ་ས་མའི་དབང་། རྣམ་ཐར་བསམ་ཡས་མའི་དབང་། མགོན་པོ་ཕྱག་བཞི་པའི་རྗེས་གནང་དང་བཅས་ནས། རྒྱབ་བརྟེན་ལུང་ལ། ཞང་འགྲོ་བའི་མགོན་པོའི་ཕྱི་ནང་གསང་གསུམ་གྱི་རྣམ་པར་ཐར་པ་ལས་ཕྱི་ནང་གི་རྣམ་ཐར་གཉིས་བཀའ་འབུམ་དུ་བཞུགས་ཤིང་། གསང་བའི་རྣམ་ཐར་བཀའ་རྒྱས་བཏབ་པ་འདི་ལ་རྒྱས་པར་འདུལ་བ་འོད་ཀྱི་ལུགས། འབྲིང་པ་གཙང་སྟོན་རྣལ་འབྱོར་གྱི་ལུགས། བསྡུས་པ་ལོ་ཞིག་གི་ལུགས་དང་གསུམ། དང་པོ་ལ། མཁའ་འགྲོའི་བཀའ་རྒྱ་གསང་བདུན་གྱི་སྟེང་དུ་


GLG002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ངར་ཕུག་པ་དང་གཟིམས་ཆུང་པ་གཉིས་གཅིག་ཏུ་བྱས་ཏེ་རྣམ་ཐར་བརྒྱད་དུ་གྲགས་པའི་ཕྱི་མ་གཉིས་གཙོ་བོར་གཟུང་བའི་དཔོན་དར་མ་གཞོན་ནུ་དང་འདུལ་བ་འོད་ཀྱིས་ཞུས་པའི་དཀར་ཆག་གི་རྗེས་སུ་འབྲངས་ཏེ་བཀོད་པར། གཟིམས་ཆུང་མ། མོན་གདོང་མ། མཚལ་སྒང་ཆོས་སྤྱིལ་མ། སྤྱིལ་ཁོངས་མ། གཡུ་བྲག་འཁྲུལ་འཁོར་མ། བསམ་ཡས་ཆོས་སྐུ་མ། གཡའ་ལུང་འབྲོང་བུ་མ། ལྷ་ས་མ་དང་བརྒྱད། དང་པོ་ལ། ངར་ཕུག་མའི་ཞུ་ལན་ང་རང་མིན་པ་བསམ་དུ་མེད་པ་རྣམས་ལ་བཀའ་མ་བཅད་ཅིག་གི་མཐའ་ཅན། གུང་ཐང་གཟིམས་ཆུང་དུ་དཔོན་དར་མ་གཞོན་ནུའི་ཞུ་ལན་དང་པོ་འོད་ཟེར་བཀྱེ་ནས་བྱིན་གྱིས་བརླབས་པ་ཡིན་ནོའི་མཐའ་ཅན། གཉིས་པ་སྐུ་གསུམ་དུ་བསྒྲུབ་པར་བྱ་བའོ་མཐའ་ཅན། བཀའ་རྒྱ་སྤྱི་ཆིངས་མ་ལས་ཅན་རྣམས་ཀྱིས་ཉམས་ལེན་འདི་ལ་མཛོད་ཀྱི་མཐའ་ཅན། བླ་མའི་བཀའ་བབས་ལོ་རྒྱུས་དྲིན་ཅན་བརྒྱའི་གསུང་གི་མཐའ་ཅན། གདམས་ངག་བཀའ་བབས་ལོ་རྒྱུས་མར་སྒོམ་དང་རྒྱ་སྟོན་འདུལ་བ་འོད་ལ་བཀའ་བབས་སོའི་མཐའ་ཅན། ཡེ་ཤེས་དབང་གི་མཎྜལ་གྱི་དཔེ་རིས་བྱིན་རླབས་ཡེ་ཤེས་དབང་གི་བཀའ་རང་བབས་བདེ་ཆེན་ཆོས་ཀྱི་སྐུའོོའི་མཐའ་ཅན། སྔོན་འགྲོའི་བྱིན་རླབས་ཡེ་ཤེས་དབང་གི་ལྡེ་མིག་སུ་ལའང་མི་སྟོན་པའི་བཀའ་རྒྱ་ཡོད་དོའི་མཐའ་ཅན། དབང་བཞི་མེ་ཏོག་ཚོམ་བུ་བཞི་བཅུ་ཞེ་བདུན་མ་ལ་ལྷ་ངོ་སྤྲད་པ་དང་བཅས་ཏེ་གདམས་པ་ཡེ་ཤེས་དབང་གི་བཀའ་རྒྱ་ལྡེ་མིག་གོའི་མཐའ་ཅན། ལྷ་ངོ་སྤྲོད་པའི་བཀའ་རྒྱ་ལྡེ་མིག །རྡོ་རྗེ་རྦ་རླབས་ཀྱི་ངོ་སྤྲོད་བཀའ་རྒྱ་ལྡེ་མིག །རིག་པའི་རྩལ་དབང་གླང་ཐང་གི་རྨང་འདིང་པའི་དུས་བདེ་ཆེན་རྡོ་རྗེས་ཇི་ལྟར་ཞལ་མཐོང་


GLG002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་གནང་བ། གཟིམས་ཆུང་མའི་ཞལ་གདམས་ས་མ་ཡ་སྙིང་ལ་སྤོས་ཤིག་གི་མཐའ་ཅན། འདི་ལྷ་ཀ་མའི་ཆོས་སྡེར་ཡང་འདྲེན། ཕྱག་རྒྱ་ཆེན་པོ་ལུས་བརྡའི་དམ་ཚིག་གི་ཆིངས་ཆོས་སྡེ་བརྒྱད་དོའི་མཐའ་ཅན་རྣམས། གཉིས་པ་མོན་གདོང་མ་ལ། བཀའ་རང་བབས་རྡོ་རྗེ་གསང་རྒྱུད་ཀྱི་ལོ་རྒྱུས་ཐུགས་ལ་བཏགས་པ་འདུག་གོའི་མཐའ་ཅན། རྡོ་རྗེ་གསང་རྒྱུད་ཚིགས་སུ་བཅད་པ་མཛད་དོའི་མཐའ་ཅན། བརྡ་དོན་འཆད་པ་སྟག་གི་རི་ལ་སྐུ་གསེང་བའི་ཉིན་པར་ཞལ་ནས་དཔོད་པ། ཐབས་ལམ་ཁྲོ་བོའི་འཁྲུལ་འཁོར་གཙང་སྟོན་རྣལ་འབྱོར་ལ་གདམས་པ། བཀའ་རང་བབས་ཀྱི་འགྲེལ་པ་དཔེ་འདི་མེ་ལ་ཕུལ་ཅིག་བརྗེད་ཐོ་ཙམ་མོའི་མཐའ་ཅན། ཡི་དམ་ལྷས་བརྡ་དོན་དུ་གསུངས་པའི་འགྲེལ་པ་བཀའ་རྒྱས་ལན་གསུམ་ཡོད་དོའི་མཐའ་ཅན། བླ་མ་སྐུ་གསུམ་སྒྲུབ་པའི་ཞལ་གདམས་སྐལ་མེད་རྣམས་ལ་མ་སྤེལ་ཅིག་གི་མཐའ་ཅན། མིང་རུས་སེམས་གསུམ་འཚོལ་བའི་འཁྲིད་བླ་མ་ལ་གསོལ་བ་ཐོབ་ཅིག་བྱས་ལ་ངོ་སྤྲད་དོའི་མཐའ་ཅན། གསང་བ་ངོ་སྤྲོད་གདམས་པ་བཀའ་རྒྱ་ལྡེ་མིག །ལུས་བརྡའི་བསྲེ་བ་སྐོར་ལྔ་ཐུགས་ལ་བཏགས་སོའི་མཐའ་ཅན། བླ་མ་སྤྱིའི་དབང་བསྐུར། བླ་མ་བསྒྲུབ་པའི་དབང་བཞིའི་ཞལ་གདམས་བསྐལ་པ་ཕྱོགས་མེད་ལ་དབང་ངོའི་མཐའ་ཅན། འཁོར་བཞིར་བླ་མ་བསྒྲུབ་པ་བཀའ་རྒྱ་ཡོད་པ་འོའི་མཐའ་ཅན། བླ་མ་བསྒྲུབ་པའི་ཕྱག་རྒྱ་བཞིའི་དོན་ཞལ་གདམས་ལྡེ་མིག་གི་བཀའ་རྒྱ་མ། འཁོར་ལོ་བཞིའི་མན་ངག་རིན་ཅེན་སྒྲོན་མེ། གསུམ་པ་མཚལ་སྒང་ཆོས་སྤྱིལ་མ་ལ། ལམ་ཟབ་བླ་མ་ཆོས་ཐུན་ཉི་ཤུ་རྩ་གཅིག་ཡོད་དོའི་མཐའ་ཅན། འདི་རྣམ་ཐར་འབྲིང་པོའི་ཆོས་ཚན་དུའང་འདྲེན། འཕྲིན་


GLG002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞིས་མཆོག་སྒྲུབ་པའི་རྩ་བ་དམ་དུ་གྱིས་ཤིག་གི་མཐའ་ཅན། དེའི་ལྡེ་མིག་བཀའ་རྒྱ་མ་འདི་ལ་དམ་དུ་གྱིས་ཤིག་གི་མཐའ་ཅན། བྱེ་བྲག་ཏུ་ཕྱག་རྒྱ་བཞིའི་སྒྲུབ་ཚུལ་ནང་འཁོར་ལོ་བཞིའི་བསྟན་བཅོས་སོའི་མཐའ་ཅན། ཆོས་སྐུ་ཡེ་ཤེས་ཀྱི་ཌཱ་ཀི་མའི་མངོན་རྟོགས་གསང་བ་དོན་ལྡན། ཧེ་རུ་ཀའམ་ཆོས་སྐྱོང་གི་གནས་ལུགས་སྟབས་བསྟན་པ་ལ་ནང་གསེས་ཀྱི་རྡོ་རྗེའི་རིགས་ཀྱི་མགོན་པོ་སྔོན་པོ། དེ་བཞིན་རིགས་ཀྱི་མགོན་པོ་དཀར་པོ། རིན་ཅེན་རིགས་ཀྱི་མགོན་པོ་སེར་པོ། པདྨ་རིགས་ཀྱི་མགོན་པོ་དམར་པོ། ཕྲིན་ལས་རིགས་ཀྱི་མགོན་པོ་ལྗང་གུ་སྟེ་ལྔ། རྒྱལ་པོ་ཆེན་པོ་བཞིའི་གནས་ལུགས་སྟབས་བསྟན་པ། དྲང་སྲོང་བསྲུང་བའི་གནས་ལུགས་སྟབས་བསྟན་པ་བཀའ་རང་བབས་ཀྱི་མཐའ་ཅན། དྲང་སྲོང་ཏིང་ངེ་འཛིན་གྱིས་བསྲུང་བའི་བཀའ་བབས་དྲང་སྲོང་བསྲུང་བའི་བཀའ་རྒྱ་ལྡེ་མིག་ཆད་པ་ཆོད་ཅིག་གི་མཐའ་ཅན། འཕོ་བའི་གདམས་པ་ཌཱ་ཀིས་བསྲུངས་པ་ཡི་གེར་བཀོད་པའི་མཐའ་ཅན་རྣམས། བཞི་པ་སྤྱི་ཁུངས་མ་ལ། ཧཱུྃ་ཉི་ཤུ་རྩ་གཅིག་གི་རྩ་བ་དམ་པར་ཉམས་སུ་ལོང་ཞིག་གི་མཐའ་ཅན། དེའི་ལྡེ་མིག་བཀའ་རྒྱས་ཡང་ཡང་བཏབ་བོའི་མཐའ་ཅན། དེའི་གདམས་པ་མན་ངག་གི་གནད་དམ་པ་འོའི་མཐའ་ཅན། དེའི་དམིགས་པ་འདུལ་བ་འོད་དང་རྒྱ་སྟོན་གཉིས་ལ་གདམས་པ་འོའི་མཐའ་ཅན་དང་ཌཱ་ཀིའི་སྙན་བརྒྱུད་བཀའ་རྒྱ་མ་འོའི་མཐའ་ཅན་ཏེ་གཉིས། དེའི་ལྷན་ཐབས་ངག་ཏུ་ཧཱུྃ་བརྗོད་པ་གལ་ཆེ་འོའི་མཐའ་ཅན། སྤྱི་ཁོངས་མའི་བྱིན་དབབ་རྗེ་བཙུན་མའི་གསང་སྒྲུབ། དབང་བཞི་དོན་རྫོགས་མིང་བཤད་དུ་མ་འདོད་ཀྱི་མཐའ་ཅན། བཀའ་རང་བབས་ཚིག་གི་ཞལ་


GLG002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་གསུངས་སོའི་མཐའ་ཅན། སྤྱི་ཆིངས་ཀྱི་ཞལ་གདམས་དག་བྱེད་དབང་བཞིའི་གདམས་པ་མདོར་བསྟན་པ་འོའི་མཐའ་ཅན། ཁྲུས་བཞིའི་གདམས་པ་རྣམ་པར་ཤེས་པའི་ཁྲུས་ཕྱག་རྒྱ་ཆེན་པ་འོའི་མཐའ་ཅན། དག་བྱེད་བཞིའི་རྒྱས་བཤད་བཀའ་རྒྱ་དམ་པ་ཡང་ཡང་བཏབ་བོའི་མཐའ་ཅན། དེའི་གདམས་པ་སྙིང་གཞན་ལ་མ་སྦྱིན་ཞིག་གི་མཐའ་ཅན། སྤྱི་ཁུངས་མའི་མན་ངག་ལྷ་ཐམས་ཅད་དགྱེས་པར་བསམ་མོའི་མཐའ་ཅན། ཚོགས་མཆོད་བཀའ་རྒྱ་མ་ཀླད་པ་མ་ཆུང་ཞིག་གི་མཐའ་ཅན། ལག་མཆོད་བཀའ་རྒྱ་མ་ཚོགས་ཀྱི་ལྡེ་མིག་གོའི་མཐའ་ཅན། གཏོར་མ་བཀའ་རྒྱ་མ་ལུས་དང་གྲིབ་མ་བཞིན་དུ་བྱ་བ་ཐམས་ཅད་བྱེད་དོའི་མཐའ་ཅན། དགོས་འདོད་རེ་སྐོང་མའི་ལོ་རྒྱུས་ཞལ་ལས་ཤེས་པར་བྱ་འོའི་མཐའ་ཅན། དེའི་སྒྲུབ་ཐབས་ཞེས་པ་མཁའ་འགྲོས་བསྟོད་པ་འོའི་མཐའ་ཅན་རྣམས། ལྔ་པ་གཡུ་བྲག་འཁྲུལ་འཁོར་ལ་ཐབས་ལམ་འཁྲུལ་འཁོར། འཁྲུལ་འཁོར་རྩ་བ་བརྟུལ་ཞུགས་ཀྱི་མན་ངག་གོའི་མཐའ་ཅན། བཀའ་རྒྱ་གསང་བདུན་ལག་ཏུ་མ་ཤོར་བགྱིས་ཤིག་གི་མཐའ་ཅན། འཁྲུལ་འཁོར་གྱི་དཔེ་རིས། ནད་ལམ་ཁྱེར་རྣམས། དྲུག་པ་བསམ་ཡས་ཆོས་སྐུ་མ་ལ། བཀའ་རང་བབས་མ་འཕྱུགས་པ་གལ་ཆེ་འོའི་མཐའ་ཅན། སྒྱུ་ལུས་ལྡེ་མིག་གཙང་སྒོམ་ཧྲལ་མོ་ལ་གནང་ངོའི་མཐའ་ཅན། མཆིམས་ཕུ་མ་ལ་ལྷ་བཙུན་ལ་གདམས་པ་བདག་རང་ཞང་དུ་ཐག་འདིས་ཆོད་ཀྱི་མཐའ་ཅན། མཚན་ཡང་དག་པར་བརྗོད་པ་བསྡུས་པ་འཇམ་དཔལ་ཁོང་སྙིང་། ཡང་ལྷ་བཙུན་ལ་གདམས་པ་མེ་འབྲུག་སྤྲེལ་ཟླའི་ཚེས་གསུམ་ལ་བྲིས་པ། མཆིམས་ཕུའི་དབང་འདི་བརྒྱུད་པ་


GLG002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ཤེས་པར་གྱིས་ཀྱི་མཐའ་ཅན། སྤྱི་གནད་ཀྱི་གདམས་པ། ཞལ་གདམས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་ཟབ་དོན་རྣམས། བདུན་པ་གཡའ་ལུང་འབྲོང་བུ་མ་ལ། རྡོ་ལ་ཞབས་རྗེས་བྱུང་བའི་ལོ་རྒྱུས། སྤྱོད་པའི་བོགས་འདོན་གཡའ་ལུང་ལྷ་ས་མ་བཀའ་རྒྱ་ལན་བདུན་ཡོད་པ། སྡོམ་པ་རྒྱ་མཚོའི་རྒྱུད་ཚིག་དེ་ངོ་སྤྲོད་པ་འོའི་མཐའ་ཅན། སྤྱོད་པའི་དོན་བསྟན་པ་མངོན་དུ་གྱུར་པ་འོའི་མཐའ་ཅན། གཡའ་ལུང་འབྲོང་བུའི་གསང་བ་ཆེན་པོ་འདི་དབང་ཉམས་ངོ་སྤྲད་པ་གནད་ཀྱི་ཞལ་གདམས་ལྡེ་མིག །དོན་རྒྱས་ཡེ་ཤེས་ཌཱ་ཀིས་གསུངས་སོའི་མཐའ་ཅན། གསུང་སྒྲོས་བཀའ་རྒྱའི་ལྡེ་མིག་ཤིང་ཕོ་བྱི་བའི་ལོ་ལ་གསུངས་པ་རྣམས། བརྒྱད་པ་ལྷ་ས་མ་ལ། སྦས་པ་མིག་འབྱེད་ངས་ཁྱེད་རྣམས་མི་བསླུ་བ་ཡིན་ནོའི་མཐའ་ཅན། ལྷ་ས་མའི་དབང་ཀླད་པ་མ་ཆུང་ཞིག་གི་མཐའ་ཅན། བཀའ་རང་བབས་གསང་སྔགས་རྡོ་རྗེ་ཐེག་པའི་རྣམ་ཐར་གསང་ལམ་རྡོ་རྗེ་ཐེག་པ་སྦས་པ་གསང་བའི་ལམ་མོའི་མཐའ་ཅན། གདམས་ངག་གཞན་ལུས་ཤེས་རབ་མ་ལ་བརྟེན་པ། དེའི་ས་བཅད་ལེགས་པར་གདའ་འོའི་མཐའ་ཅན། མཐོང་སྣང་རྣམ་པ་སྣ་ཚོགས། གཡའ་ལུང་མའི་ཞལ་གདམས་ལོ་སྒོམ་དང་འདུལ་བ་འོད་དང་གཙང་སྒོམ་ཧྲལ་མོ་གསུམ་ལ་གནང་བ། མཎྜལ་གྱི་དཔེ། ལྷ་ས་མའི་སྤྱི་ཆིངས་སམ་ལྡེ་མིག །དེའི་ཉམས་ལེན་རྡོ་རྗེ་འཆང་དང་དབྱེར་མེད་ཤོག་གི་མཐའ་ཅན། དེའི་མན་ངག་ལག་ལེན་དཔེ་འདི་མེ་ལ་ཕུལ་ཅིག་གི་མཐའ་ཅན། ཉོན་མོངས་ལམ་དུ་སློང་བའི་བློ་སྟེགས་ལྷན་གྱིས་དེད་པར་སམ་མོའི་མཐའ་ཅན། སྦྱོར་ཐབས་བཞི་སྟེང་དང་འོག་ཏུ་བལྟ་བ་ཉིད་


GLG002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཐའ་ཅན། རྡོ་རྗེ་ཆུ་འཐུང་ཞེས་བྱ་བའི་གདམས་པ། ཉོན་མོངས་ལམ་སློང་དབང་གི་གདམས་པ་ངམ་ཤོད་རྒྱ་རས་སྙིང་ལ་ཆོངས་ཀྱི་མཐའ་ཅན། གཟིམས་ཆུང་མའི་ཞལ་གདམས་ས་མ་ཡ་སྙིང་ལ་སྦོས་ཤིག་གི་མཐའ་ཅན་རྣམས། འདི་ས་བཅད་དང་པོར་ཡང་ཡོད། གཉིས་པ་འབྲིང་པོ་གཙང་སྟོན་རྣལ་འབྱོར་གྱི་ལུགས་ལ། ལམ་ཟབ་བླ་མ་ཆོས་ཐུན་ཉེར་གཅིག་པ། འདི་མཚལ་སྒང་ཆོས་ཀྱི་སྤྱིལ་མའི་ཁྲོད་ནའང་ཡོད། གདམས་ངག་ཁྲུས་ཀྱི་རིམ་པ་བླ་མའི་སྒྲུབ་ཐབས་གསང་སྔགས་སྔོན་འགྲོར་གྲགས་པ། བཀའ་རྒྱ་བསྡུས་པའི་ཞལ་གདམས་ཞལ་ལྔ་པོ་འདི་ལགས་སོའི་མཐའ་ཅན། ཞལ་འདྲིས་གནད་ཀྱི་ལྡེ་མིག་ས་བཅུ་རྒྱུན་གྱི་མཐའ་མའི་ཆོས་རི་སྟོང་ཐམས་ཅད་གང་བར་གྱུར་ཅིག་གི་མཐའ་ཅན། དཀར་ཆག་དོན་དགུས་རྒྱས་པར་བསྟན་པ་བསྡུས་པ་འོའི་མཐའ་ཅན་རྣམས། གསུམ་པ་བསྡུས་པ་ལོ་ཞིག་གི་ལུགས་ལ། རྡོ་རྗེ་རྦ་རླབས་ཀྱི་ངོ་སྤྲོད་ཞལ་གྱི་ཐིག་པ། གདམས་ངག་བཀའ་རྒྱ་མ་ཡི་གེ་མི་ལ་མ་སྟོན་བཤེས་གཉེན་པའི་མཐའ་ཅན་དང་བཅས་པའོ། ༈ །དཀར་ཆག་ཏུ་མི་གསལ་བ་བསམ་ཡས་སྒྱུ་ལུས་ཀྱི་གདམས་པ་དོན་དགུས་བསྟན་པ། བཀའ་རྒྱ་མའི་ཆོ་ག་རྡོ་རྗེ་འཛིན་པ་ཨཀྵོ་བྷྱ་བཛྲ་གྱིས་སྦྱར་བ། བཀའ་རྒྱ་ལྷ་ས་མ་དང་བསམ་ཡས་མའི་དབང་བཀའ་སྐལ་ལྡན་པ་སྟོན་ཆེད་དུ་བཀའ་རྒྱ་གཟིམས་ཆུང་མར་ཀ་ཐོ་མཛད་པ་བཞིན་བསྒྲིགས་པ། ཁྲག་འཐུང་ལྷ་ལྔའི་མངོན་རྟོགས་དགུག་གཞུག་དབང་བསྐུར་རྒྱས་གདབ་མཆོད་བསྟོད་ཀྱི་མཐའ་ཅན། ཞང་རིན་པོ་ཆེ་ལུང་བསྟན་རིགས་བཅུ་བཞིས་བསྟན་ཚུལ་རྣམས་ལེགས་པར་ནོས་པའི་རྒྱུ་དུས་དང་ལམ་དུས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྒྱལ་སྲས་


GLG002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་པོ། དཔལ་ལྡན་ས་ར་ཧ་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། རྗེ་བཙུན་རི་ཁྲོད་དབང་ཕྱུག །གྲུབ་ཆེན་ལཱུ་ཧི་པ། འདི་ལ་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་མཁའ་འགྲོས་གནང་བས་གོང་མ་གསུམ་མ་བགྲངས་ཀྱང་ཆོག །རྒྱལ་པོ་དྷ་རི་ཀ་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། གྲུབ་ཆེན་ཨ་ཝ་དྷཱུ་ཏི་པ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། བྱང་ཆུབ་བཟང་པོ། རྡོ་རྗེ་གདན་པ། དེ་ལ་ཙ་མི་སངས་རྒྱས་གྲགས་པ་སྨོན་གྲུབ་ཤེས་རབ་དང་ཨ་བྷ་ཡཱ་ཀ་ར་གཉིས་ཀྱིས་གསན། གཉིས་ཀ་ལ་དཔལ་རྒྭ་ལོ། དེ་ནས་བླ་མ་དང་ཞང་བརྩོན་འགྲུས་གྲགས་པ། མཉམ་མེད་ཤཱཀྱ་ཡེ་ཤེས། བཙན་ཁང་པ། བླ་མ་སངས་གཞོན། ཆོས་རྗེ་ཀུན་དགའ་རྒྱལ་མཚན། རིན་པོ་ཆེ་གྲགས་བཟང་། རྗེ་ཤཱཀྱ་བསོད་ནམས། བླ་མ་ཆོས་བཟང་པ། རྗེ་དཔལ་ལྡན་རྒྱལ་མཚན། རྗེ་གྲགས་པ་བསོད་ནམས། བླ་མ་དགེ་འདུན་དཔལ་ལྡན། སྤྱན་སྔ་གྲགས་རྒྱམ། སྤྱན་སྔ་ངག་དབང་རྒྱ་མཚོ། སྤྱན་སྔ་བསོད་ནམས་རབ་བརྟན། སྤྱན་སྔ་སྐལ་ལྡན་རྒྱ་མཚོ། རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཚོམ་བུ་ཞེ་བདུན་མའི་དབང་། རྣམ་ཐར་ལྷ་ས་མ་བསམ་ཡས་མ་གཉིས་ཀྱི་དབང་། བཀའ་རྒྱ་མའི་ལུང་ཡོངས་རྫོགས་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་ཡེ་ཤེས་ཀྱི་ཌཱ་ཀི་མ། ཞང་རིན་པོ་ཆེ་བདེ་བའི་རྡོ་རྗེ། རྗེ་སངས་རྒྱས་རས་པ། བླ་མ་སངས་རྒྱས་ལྷ་དགེ །དྲིན་ཅན་དབོན་པོ། བླ་མ་ལྷ་གཞོན་ནུ། རྗེ་རྡོ་རྗེའི་མཚན་ཅན། བླ་མ་རིག་པ་བཟང་པོ། ཆོས་རྗེ་དཔལ་ལྡན་རྒྱལ་མཚན་མན་གོང་དང་འདྲ། ༈ ཇོ་མོའི་བྱིན་འབེབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཐོབ་ཨོ་རྒྱན་པ་ཨ་བྷ་པ། བལ་པོ་
བྷ་རོ་ཕྱག་རྡུམ། རྭ་ལོ་རྡོ་རྗེ་གྲགས། ལོ་སྟོན་ཤཱཀྱ་སེང་གེ །གྲུབ་ཆེན་གླིང་ཁ་པ། མལ་ཡར་པ་བ། བླ་མ་ཞང་བརྩོན་འགྲུས་གྲགས། རྗེ་སངས་རས་པ། སངས་རྒྱས་ལྷ་དགེ །སངས་རྒྱས་དབོན་པོ། དེ་ཝ་ཀུ་མཱ་ར། རྡོ་རྗེའི་མཚན་ཅན། ནམ་མཁའི་མཚན་ཅན། བླ་མ་རིན་ཅེན་རྡོ་རྗེ། དཔལ་ལྡན་གྲགས་པ་བསོད་ནམས་མན་གོང་བཞིན་ནོ། །མགོན་པོ་ཕྱག་བཞི་པའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཁོར་ལོ་སྡོམ་པ། རྡོ་རྗེ་རྣལ་འབྱོར་མ། ཀླུ་སྒྲུབ་སྙིང་པོ། ཨཱཪྻ་དེ་ཝ། དུས་ཞབས་པ་ཆེ་ཆུང་གཉིས། རྡོ་རྗེ་གདན་པ། ཙ་མི་སངས་རྒྱས་གྲགས། སློབ་དཔོན་ཨ་བྷ་ཡཱ་ཀ་ར། དཔལ་རྒྭ་ལོ། ཞང་གཡུ་བྲག་པ། ཤཱཀྱ་ཡེ་ཤེས། བཙན་ཁང་པ། སངས་རྒྱས་གཞོན་ནུ། གསེར་ཁང་སྟེང་པ། རིན་པོ་ཆེ་གྲགས་པ་བཟང་པོ་མན་སྔར་བཞིན་ནོ། ༈ །སི་ཏུ་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་ཀྱིས་མཛད་པའི་ཞང་འགྲོ་བའི་མགོན་པོའི་རྣམ་ཐར་གྱི་ལུང་ནོས་པའི་བརྒྱུད་པ་ནི། བརྒྱུད་པ་གོང་མ་རྣམས་མ་རྙེད། སྤྱན་སྔ་གྲགས་པ་རྒྱ་མཚོ། སྤྱན་སྔ་ངག་དབང་རྒྱ་མཚོ། སྤྱན་སྔ་བསོད་ནམས་རབ་བརྟན། སྤྱན་སྔ་སྐལ་ལྡན་རྒྱ་མཚོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །དཔལ་རྒྭ་ལོས་མཛད་པའི་ཀླུ་གཏོར་གྱི་ལུང་ནི། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། དཔལ་ཆེན་རྒྭ་ལོ། བར་འདིར་བརྒྱུད་པ་ཁ་ཤས་མ་རྙེད། དེ་ནས་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ་པ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ།


previousརྒྱལ་སྲས་ཐོགས་མེད་ཀྱི་བཀའ་འབུམ་སོགས་གསན་པའི་ལུང་བརྒྱུད།next