Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

142 occurrences of བརྒྱུད་གསུམ་
[Clear Hits]


  
collapse section
 
 
 
 
11   
 
 
 
རྒྱལ་བ་གཡའ་བཟང་པར་དྲང་སྲོང་གཟས་དངོས་སུ་ཕུལ་བའི་གཟའ་ཉི་མ་མདུང་གང་མའི་སྐོར།
 
 
 
 
24   
19   
 
 
  
 
 
 
 
 
12   
 


142 occurrences of བརྒྱུད་གསུམ་
[Clear Hits]

 
previousརྒྱལ་བ་གཡའ་བཟང་པར་དྲང་སྲོང་གཟས་དངོས་སུ་ཕུལ་བའི་གཟའ་ཉི་མ་མདུང་གང་མའི་སྐོར། next

རྒྱལ་བ་གཡའ་བཟང་པར་དྲང་སྲོང་གཟས་དངོས་སུ་ཕུལ་བའི་གཟའ་ཉི་མ་མདུང་གང་མའི་སྐོར།


GLG002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གནུབས་འདུལ་བ་འཛིན་པ་ཆེན་པོ་རྒྱལ་བ་གཡའ་བཟང་པར་དྲང་སྲོང་གཟས་དངོས་སུ་ཕུལ་བའི་གཟའ་ཉི་མ་མདུང་གང་མའི་སྐོར་ལ། རོང་སྐོར་གཡུང་དྲུང་


GLG002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ལ་དགོས་པའི་སྒོམ་ལུང་། རོང་གི་སྐོར་ལེ་ཚན་གཉིས། གཡའ་བཟང་ཡང་དགོན་གྱི་སྐོར། ཤམ་པོ་ཅལ་གྱི་སྐོར། གཟིམས་ཆུང་མའི་སྐོར་དང་དྲུག །དང་པོ་ནི། དཔལ་ཕྱག་ན་རྡོ་རྗེའི་སྒོམ་ལུང་ཟླ་བ་གང་ཡང་རུང་བའི་ཉེར་དགུའི་ཉི་མ་མདུང་གང་གི་དུས་ཕྱག་ལེན་ལྟར་གནང་བ་ནས་བཟུང་ཟླ་བ་གཅིག་གི་བར་ཉམས་ལེན་ཆགས་མེད་མཚན་ཉིད་དང་ལྡན་པ་ནོས་པའི་བརྒྱུད་པ་ནི། རྒྱལ་བ་གཡའ་བཟང་པ། ཁམས་སྒོ་བྱ་བྲལ་བ་ཉི་མ་རྒྱལ་མཚན། ཐར་པ་དེ་རྒྱས་པ་དོན་ཡོད་དཔལ་བ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མདོ་སྟོད་པ་བརྩོན་འགྲུས་དཔལ། གཙང་ཉེག་པ་རིན་ཅེན་རྒྱལ་མཚན། ཞ་ལུའི་ཕུ་ཤར་བསམ་གཏན་སྒང་ནས་ཡིན། དབེན་ས་བླ་མ་རིན་ཅེན་དཔལ་གྲུབ། ཞ་ལུའི་ཕུ་ནུབ་པ། ཆོས་རྗེ་སྟོན་དགེ་བ། སྲད་པ། ཆོས་རྗེ་དཀར་བཅུ་དར་བཟང་། སྣར་ཐང་པ། ཆོས་རྗེ་དོན་གྲུབ་གྲགས་པ་དཔལ་བཟང་། སྲད་པ། སློབ་དཔོན་དཀའ་བཅུ་བསོད་ནམས་གྲགས་པ། ཐམས་ཅད་མཁྱེན་པ་ལོ་ཆེན་ཆོས་སྐྱོང་བཟང་པོ། བར་འདིར་བླ་མ་གཅིག་གཉིས་ཤིག་མ་རྙེད། འཇམ་དབྱངས་བྱང་གླིང་ཆོས་རྗེ་རིན་ཅེན་བཀྲ་ཤིས་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལ་སྩལ་ཏོ། །ཡང་ན་གཙང་ཉེག་པ་རིན་ཅེན་རྒྱལ་མཚན་ནས། སྣར་ཐང་བྱང་ཆེན་པ་བསོད་ནམས་བློ་གྲོས། ཆོས་རྗེ་དོན་གྲུབ་གྲགས་པ། དཀའ་བཅུ་བསོད་ནམས་གྲགས་པ་མན་འདྲ། ཡང་ན་བླ་མ་དམ་པ་ནས། གཙང་ཉེག་པ་རིན་ཅེན་རྒྱལ་མཚན་མན་འདྲ། སྒོམ་ལུང་གི་ཡིག་ཆའི་ལུང་བརྒྱུད་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས་


GLG002_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། ༈ །གཉིས་པ་རོང་སྐོར་ནི། གཡའ་བཟང་རིན་པོ་ཆེ་རོང་ཕྱོགས་ཀྱི་རི་ཁྲོད་གཅིག་ན་སྒྲུབ་པ་ལ་བཞུགས་པའི་དུས་རཱ་ཧུ་ལས་མི་དཀར་པོ་ཞིག་ཏུ་སྤྲུལ་ནས་འོངས་བར་བཀའ་བསྒོས་ཤིང་གདམས་པ་རྣམས་ཕུལ་བའི་ལོ་རྒྱུས་ཉུང་ངུ་། ཐོག་མར་ནད་ཀྱིས་མ་ཐེབས་པ་རྣམས་ལ་མི་འབྱུང་བར་བྱེད་པའི་ཐབས། ཐེབས་པ་རྣམས་ལ་ནང་གསེས་ཀྱིས་བརྟག་པ་དང་ཞི་བྱེད་སྤུར་བ་གཉིས་ལ་བརྟེན་པའི་བཅོས་ཐབས་དངོས་དང་བཅས་བསྟན་པ་རཱ་ཧུ་ལ་བསྒྱུར་ནན་ཞེས་གདགས་སོའི་མཐའ་ཅན། གསུམ་པ་རོང་སྐོར་ནི། རིན་པོ་ཆེ་གཡའ་བཟང་པ་དུས་གཅིག་གི་ཚེ་རོང་ཁ་ཕྱོགས་ཀྱི་རི་ཁྲོད་ཅིག་ན་སྒྲུབ་པ་དམ་པོ་མཛད་ཀྱིན་ཡོད་པའི་དུས་རཱ་ཧུ་ལས་མི་དཀར་པོ་ཞིག་ཏུ་སྤྲུལ་ནས་འོངས་པར་བདེན་པ་བདར་ཞིང་མན་ངག་ཕུལ་ཚུལ་གྱི་ལོ་རྒྱུས་ཉུང་ངུ་། ཐོག་མར་ནད་ཀྱིས་མ་ཐེབས་པ་རྣམས་ལ་ཕྱིས་མི་འབྱུང་བར་བྱ་ཐབས། ཐེབས་པ་རྣམས་ལེགས་པར་འཆོས་པའི་མན་ངག་ལ་ནང་གསེས་ཀྱིས་བརྟག་པ། ནང་དུ་ཞི་བ་དང་ཕྱིར་སྦུར་པ་ལ་བརྟེན་ནས་འཆོས་པ་རྣམས་བསྟན་པ་འདི་ཤིན་ཏུ་ཟབ་པའི་མན་ངག་གོའི་མཐའ་ཅན། དེའང་བསྙེན་པ་བྱེད་པའི་ཚེ་ཞེས་སོགས་ཉི་མ་མདུང་གང་མའི་དམིགས་པ་དང་གཏོར་མ་གཏོང་ཚུལ་ཕྱིའི་རྒྱ་མཚོའི་འགྲམ་དུ་སོང་བར་བསམ་མོའི་མཐའ་ཅན། བཞི་པ་གཡའ་བཟང་ཡང་དགོན་སྐོར་ལ། རྗེ་གཡའ་བཟང་པ་ཡང་དགོན་ན་བཞུགས་པའི་དུས་གཅིག་ན་རཱ་ཧུ་ལས་མི་དཀར་པོ་ཞྭ་མོ་སྤྱི་རིང་ཅན་ཞིག་ཏུ་སྤྲུལ་ནས་འོངས་པའི་ལོ་རྒྱུས། འབྱུང་བ་ལྔ་གང་ལ་བབས་ཀྱི་ནད་བརྟག་ཐབས། འབྱུང་བ་ལྔའི་


GLG002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མ་བུ་དགྲ་གྲོགས་བརྩིས་ནས་རྟེན་འབྲེལ་རྒྱ་འབག་གི་མིག་ཏུ་འཁྲུལ་འཁོར་བྱ་བ། ལྐུགས་པ་ཁ་འབྱེད། ན་ལུགས་དབྱེ་བ་འོས་འཛིན་བརྟག་པ། འགྱུ་དུས། འབྱུང་བ་སོ་སོའི་རྟེན་འབྲེལ་གྱིས་འཆོས་པ་སྨན་སྦྱོར་ཉེར་ལྔ་པ། དུག་བྱིན་རྣམས་ལྔ་པ་ཤམ་པོ་ཅལ་གྱི་སྐོར་ལ། རྒྱལ་རབ་སེབ་ན་ཡོན་བདག་ཡུལ་དགའ་ལ་ནད་ཕོག་པ་མཁྱེན་པའི་ལོ་རྒྱུས། ཚེས་གྲངས་སྐོར་འགོ་བང་ཆེན། ལ་ཉེ། ཁ་སྟོན་ཕྱོགས། ན་ལུགས། འབྱུང་བའི་རྟེན་འབྲེལ་གྱིས་འཆོས་པ། རྟེན་འབྲེལ་གཏོར་མ་རྣམས། དྲུག་པ་གཟིམས་ཆུང་མའི་སྐོར་ལ། ཐུགས་དམ་མཛད་པའི་ཐོ་རེངས་ཀ་གཟིམས་ཆུང་དུ་མི་ནག་པོ་ཆེན་པོ་ཞིག་བྱུང་ནས་ཕུལ་བའི་བསྲུང་བ་གདམས་ངག་ཟབ་མོ་སྲོག་ལས་གཅེས་པ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། གནུབས་འདུལ་འཛིན་ཆེན་པོ་གཡའ་བཟང་རིན་པོ་ཆེ་ཆོས་སྨོན་ལམ། བླ་མ་ཉི་མ་རྒྱལ་མཚན། བླ་མ་དོན་ཡོད་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་བྱང་སེང་པ། ཐེག་ཆེན་ཆོས་རྗེ། བླ་མ་ཆོས་གྲགས་པ། བླ་མ་རིན་ཅེན་བཟང་པོ། གངས་ཅན་པ་ཀུན་དགའ་དཔལ། ཆོས་རྗེ་རིན་ཅེན་ལེགས་འཕེལ་པ། བླ་མ་ཨོ་རྒྱན་དཔལ་འབྱོར། གཡའ་བཟང་པ་རིན་ཅེན་ཕུན་ཚོགས། སྔགས་འཆང་རིན་ཅེན་དར་རྒྱས། དར་ལྡིངས་པ་རིགས་འཛིན་འཕྲིན་ལས་ལྷུན་གྲུབ། རྗེ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། །ས་བཅད་previous hit གསུམ་པའི་ལུང་བརྒྱུད next hit་ལུགས་གཅིག་ནི། ཐེག་ཆེན་ཆོས་རྗེ་ནས། དམར་སྟོན་རྒྱལ་མཚན་འོད་ཟེར། བྲག་ནག་པ་རིན་ཅེན་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། སློབ་དཔོན་ལྷའི་བཙུན་པ་གྲགས་པ་བྱང་ཆུབ། ཀུན་སྤངས་རིན་པོ་ཆེ། ཁྲབ་ཆེན་སངས་རྒྱས་དཔལ་བཟང་། རྗེ་


GLG002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་སངས་རྒྱས། རྗེ་བཙུན་དམ་པ་ཆོས་དབང་ཕྱུག །མུས་ཆེན་སངས་རྒྱས་རྒྱལ་མཚན། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་མགོན་བསོད་ནམས་དབང་ཕྱུག །རྡོ་རྗེ་འཆང་མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། ༈ །ཡང་ན་ཐེག་ཆེན་རིན་པོ་ཆེ་ནས། ལྕང་ལུང་ཆོས་རྗེ་གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀ་མཆོག་མན་འདྲ། རྒྱལ་བ་ཡང་དགོན་པ་ཐུགས་ཀྱི་རྡོ་རྗེས་མཛད་པའི་རི་ཆོས་ཡོན་ཏན་ཀུན་འབྱུང་རིན་པོ་ཆེ་འབར་བ་ཞེས་པ་མན་ངག་གི་རྩ་བ་ཀ་ཐོ་གསལ་བ་དགུ་བཅུ་ཐམ་པ། ཆོས་ཚན་སོ་སོ་དང་ཀ་ཏ་མ་བུ་སྒྲིག་ཏུ་ཡོད་པའི་ཡོན་ཏན་ཀུན་འབྱུང་གི་ཞལ་ཤེས་ལྡེ་མིག །འདི་གནད་ཆེ་བས། རི་ཆོས་གནད་ཀྱི་གཏེར་ཆེན་ལ། ཞལ་ཤེས་གབ་ཡིག་སྒོ་ལྕགས་བཅུག །ལྷན་ཐབས་ལྡེ་མིག་མི་བདོག་ན། །མཛོད་ཕུགས་རང་བྱན་ཆུད་པ་དཀའ། །ཕྱག་བཞེས་མན་ངག་ལྡེ་མིག་ཞུས། ཞེས་གསུངས་སོ། །བར་དོའི་ལོ་རྒྱུས་རང་གིས་ཉམས་སུ་མྱོང་བ་རྗེས་སུ་དྲན་པའི་ཚད་མ། བར་དོ་གནད་ཀྱི་འཕྲང་སྒྲོལ་ཀུ་སུ་ལུ་པའི་སྤྲང་པོ་ཡང་དགོན་པས་དཔལ་བུ་ལེ་དཀར་པོའི་གངས་འདབས་སུ་མཛད་པ། བར་དོ་གནད་ཀྱི་འཕྲང་སྒྲོལ་གྱི་གདམས་ངག་སྦས་པ་གནད་ཀྱི་གཏེར་མཛོད། བར་དོའི་ཞལ་ཤེས་ལྡེ་མིག་དག་པའི་བསམ་གཏན་ཉམས་སུ་བླང་གི་མཐའ་ཅན། རྡོ་རྗེ་ལུས་ཀྱི་སྦས་བཤད། འདིའི་མཇུག་ན། དུས་གསུམ་མཁྱེན་པ་འབྲི་གུང་རིན་ཆེ་དང་། །དཔལ་ལྡན་སྐྱེས་བུ་མངའ་རིས་པཎ་ཆེན་དང་། །རྣལ་འབྱོར་དབང་ཕྱུག་རྡོ་རྗེའི་མཚན་ཅན་དང་། །བསོད་ནམས་རྫོགས་པ་མི་ནུབ་རྒྱལ་མཚན་གྱི། །བསླུ་བ་མེད་པའི་ཞལ་གྱི་བདུད་རྩི་ལས། །བཅུད་ཀྱི་སྙིང་པོ་དེང་འདིར་རབ་


GLG002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ། །ཞེས་འཇིག་རྟེན་གསུམ་མགོན། འཇམ་དབྱངས་ས་པཎ། རྒོད་ཚང་པ་མགོན་པོ་རྡོ་རྗེ། ཀོ་བྲག་པ་བསོད་ནམས་རྒྱལ་མཚན་བཞིའི་བཀའ་དྲིན་ལས་བྱུང་ཚུལ་སྣང་ངོ་། །རྡོ་རྗེ་ལུས་ཀྱི་སྦས་བཤད་ཀྱི་ས་བཅད་སངས་རྒྱས་འཐོབ་པར་ཤོག་གི་མཐའ་ཅན། དེའི་ཁྱད་པར་གྱི་ཞལ་གདམས་སྐལ་ལྡན་རྣམས་ཀྱི་ཐུགས་གཉེར་མཛོད་ཅིག་གི་མཐའ་ཅན། འཛག་བསྲུང་བཀའ་རྒྱ་མ། ནད་གདོན་ཧཱུྃ་སྐོར་མ་རྣམས་ཀྱི་ལུང་ལེགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏཻ་ལོ་པ། ནཱ་རོ་པ། རྗེ་མར་པ་ལོ་ཙཱ། མི་ལ་བཞད་པ་རྡོ་རྗེ། སྒམ་པོ་ཟླ་འོད་གཞོན་ནུ། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ། གླིང་རས་པདྨ་རྡོ་རྗེ། རྗེ་གཙང་པ་རྒྱ་རས། རྒོད་ཚང་པ་མགོན་པོ་རྡོ་རྗེ། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ། ཐུགས་སྲས་སྤྱན་སྔ་རིགས་ལྡན། རྗེ་ཟུར་ཕུག་པ། འབའ་ར་བ་རྒྱལ་མཚན་དཔལ་བཟང་། རྗེ་ཀུན་དགའི་མཚན་ཅན། བླ་མ་དཔལ་འབྱོར་རྒྱལ་མཚན། ཡབ་རྗེ་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ལྷ་བཙུན་བསོད་ནམས་དཔལ་བཟང་། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །དེས་མཛད་པའི་བླ་མ་ལ་མོས་གུས་བྱེད་ལུགས་ཀྱི་ལུང་ནི་མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ཞུས་བརྒྱུད་པ་མ་རྙེད། ཤུད་བུ་པ་མཁན་ཆེན་ནམ་མཁའ་རྒྱལ་མཚན་ནམ་གསང་མཚན་ལས་ཀྱི་རྡོ་རྗེར་གྲགས་པ་ལ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སོགས་ཡི་དམ་གྱི་ལྷས་བྱིན་གྱིས་བརླབས་ཤིང་གསུང་གི་གནང་བ་དངོས་སུ་སྩལ་བའི་བསྙན་བརྒྱུད་ཀྱི་ཆོས་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྐོར་ནོས་པ་ལ།


GLG002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་འཁྲིད་ཀྱི་རྗེས་གནང་གི་ཡི་གེའི་སྟེང་ནས་དོན་དམ་སེམས་བསྐྱེད་ཀྱི་བྱིན་རླབས། དོན་གསལ་སྒྲོན་མེ་ལ་རྡོ་རྗེ་རྣམ་འཇོམས་ཀྱི་ཚེ་སྒྲུབ་ནས་ཁ་འགེང་བའི་ཕྱག་ལེན་ལྟར་མགོན་པོ་ཚེ་དཔག་མེད་ལྷ་བཅུ་དགུའི་ཚེ་དབང་། སྣུར་ལུགས་ཀྱི་མངོན་རྟོགས་དང་དཀྱིལ་ཆོག་བདུད་རྩིའི་ཆུ་རྒྱུན་གྱི་སྟེང་ནས་རྡོ་རྗེ་རྣམ་འཇོམས་རྩ་བའི་ལྷ་སོ་ལྔ་འཁྱམས་ཀྱི་ཕོ་ཉ་མ་དྲུག་ཅུ་ཕྲག་བཞི་དང་བཅས་པའི་དབང་། དངོས་གྲུབ་གཏེར་མཛོད་ཀྱི་ཡི་གེའི་སྟེང་ནས་ཕྱག་རྡོར་ཞལ་གཅིག་ཕྱག་གཉིས་པ་སྐུ་ལྔའི་རྗེས་གནང་། ཕྱག་རྡོར་ཞལ་གསུམ་ཕྱག་དྲུག་པའི་མངོན་རྟོགས་གཅེས་འཕྲེང་གི་ཡི་གེའི་སྟེང་ནས་ཕྱག་རྡོར་གཏུམ་པོ་ཞལ་གཅིག་ཕྱག་གཉིས་པ་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་ཕྱག་དྲུག་པ་བཀོད་པའི་རྗེས་གནང་། གཅེས་འཕྲེང་གི་བདག་བྱིན་རླབས་དང་བདུད་རྩི་ཐིགས་པའི་མངོན་རྟོགས་ཀྱི་ཡི་གེ་ལ་བརྟེན་ནས། ཕྱག་རྡོར་ཞལ་གསུམ་ཕྱག་དྲུག་པ་བདུད་རྩི་ཐིགས་པའི་རྗེས་གནང་རྣམས་ལེགས་པར་ནོས། རྒྱབ་རྟེན་ལུང་མཁན་ཆེན་ཕྱག་རྡོར་བའི་ཤངས་མཚལ་སྣག་ཚར་བསྲེས་ནས་དངོས་ཀྱི་སློབ་མ་ནམ་མཁའ་བློ་གྲོས་དང་ནམ་མཁའ་འོད་ཟེར་གཉིས་ཀྱིས་རྒྱུ་སྦྱར་གཉོས་ཀྱི་བཙུན་པ་རིན་ཅེན་ལེགས་གྲུབ་ཀྱིས་བྲིས་པའི་གླེགས་བམ་གྱི་སྟེང་ནས་ནོས་པ་ལ་ཉེ་གནས་ནམ་མཁའ་ལྷུན་རྒྱལ་གྱི་ངོར་གནང་བའི་ཕྱིའི་རྣམ་ཐར་ལུང་བསྟན་བདུད་རྩིའི་འཕྲེང་བ་ཞེས་བྱ་བ་སྒྲུབ་པའི་ཞལ་བཀོད་དང་བཅས་པ། གསང་བདག་གྱིས་ཤུད་བུའི་ཞལ་ངོ་འགའ་ཞིག་གིས་སྐུའི་སྐྱེ་བ་བསྟན་པའི་ལུང་བསྟན་ཉུང་ངུ་། ནང་


GLG002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་ཐར་གྱི་གང་ཟག་གང་ལ་བཀའ་གཏོད་པའི་ལུང་བསྟན་ནམ་མཁའ་ལྷུན་རྒྱལ་སྐལ་བར་ལྡན་པར་གཟིགས་ནས་མཛད་པ། ནམ་མཁའ་ལྷུན་རྒྱལ་གྱིས་ཞུས་པ་དང་ཕྱིས་འབྱུང་རྣམས་དད་པ་བསྐྱེད་པའི་ཕྱིར་མཛད་པའི་ས་བཅད་ཀྱི་ལུང་བསྟན་གསལ་བྱེད་སྒྲོན་མེ། ལས་ཅན་གྱི་སློབ་མ་previous hit གསུམ་གྱི་ངོར་མཛད་པའི་ནང་ཏིང་ངེ་འཛིན་གྱི་ཉམས་སྣང་རྣམ་ཐར་རང་བསྟོད་སྙན་བརྒྱུད next hit་ཀྱི་ལྡེ་མིག་སྐྱེ་བ་བཅུ་དྲུག་མ་ཕྲན་དང་བཅས་པ། དཔེ་ལ་འདི་ལྟར་སྣང་ཡང་གསང་བའི་རྣམ་ཐར་ཡིན་ནམ་བརྟག །ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པས་གོས་ཡུག་དྲུག །དར་ཡུག་དྲུག་རིན་པོ་ཆེའི་ཕོར་པ་གསེར་སྲང་གང་གིས་བཀང་བ་དང་བཅས་བསྐུལ་བ་ལྟར་མཛད་པའི་གསང་བའི་རྣམ་ཐར་ལོག་རྟོག་མུན་སེལ། རྗེ་བཙུན་བཙོང་ཁ་པ་ཆེན་པོ་དང་མཇལ་ཚུལ། ནམ་མཁའ་ལྷུན་རྒྱལ་གྱི་ངོར་དབེན་པ་སྟན་ཅིག་པ་ལ་གདམས་པ་སྐྱེ་བ་དུ་མའི་ལུང་བསྟན་ཡི་གེར་བཀོད་པ། ཡི་དམ་གྱི་ལྷས་གསུངས་པའི་གདམས་པ་རྣམས་ཀྱི་ཐོག་མ་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་དྲག་པོ་ཆེན་པོའི་སྒྲུབ་ཐབས་གསང་བའི་སྙིང་པོ་བཤེས་གཉེན་ནམ་མཁའ་སེང་གེ་དང་གྲགས་པ་བློ་གྲོས་ཀྱིས་བསྐུལ་ནས་གླེགས་བམ་ལ་བཀོད་པ། གཏུམ་པོ་མེ་འབར་དྲག་པོའི་སྒྲུབ་ཐབས་ཡང་གསང་བདུད་རྩིའི་རྒྱ་མཚོ་གསང་བདག་གིས་གསུངས་ནས་ལོ་བཅུ་སོང་བ་ན་རང་གིས་ངང་གི་མ་ཐུབ་པར་ཡི་གེར་བཀོད་པ། དཔལ་རྡོ་རྗེ་གཏུམ་པོ་དྲག་པོ་ལུས་དཀྱིལ་གསང་བདག་གིས་གསུངས་པ་ནམ་མཁའ་སེང་གེ་དང་གྲགས་པ་བློ་གྲོས་གཉིས་ཀྱི་ངོར་བྲིས་པ། ཡང་དེ་ཉིད་ཀྱི་ངོར་མཛད་པའི་འཕགས་པ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་དྲི་མེད་སྙིང་པོ་ཞེས་པ་རྡོ་རྗེ་སྙིང་


GLG002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པོས་གསུངས་པ། གསང་བདག་གི་སྐུ་གསུང་ཐུགས་ལ་བསྟོད་པ་སྒྲོ་བ་དགོན་པར་མཛད་པ། མཁས་གྲུབ་བསོད་ནམས་བཟང་པོ་དང་ནམ་མཁའ་ལྷུན་རྒྱལ་གྱི་ངོར་མཛད་པའི་གཙུག་ཏོར་གདུགས་དཀར་གྱི་སྒྲུབ་ཐབས་ཟབ་ལམ་རིན་པོ་ཆེའི་གཏེར་མཛོད། རྔོག་སྟོན་རོལ་པའི་ངོར་མཛད་པའི་བྱང་ཆུབ་སེམས་འཁྲིད་ཀྱི་རྗེས་གནང་། མདོ་སྨད་དཀའ་བཞི་པ་གྲགས་པ་བློ་གྲོས་ཀྱིས་བསྐུལ་བའི་ངོར་མཛད་པའི་བྱང་ཆུབ་སེམས་འཁྲིད་སྦས་དོན་གསལ་བ། ཆོས་རྗེ་སྒྲོལ་མ་པ། སྡེ་སྣོད་འཛིན་པ་ནམ་མཁའ་སེང་གེ །བཤེས་གཉེན་གྲགས་པ་བློ་གྲོས་རྣམས་ཀྱི་ངོར་མཛད་པའི་ཟབ་ལམ་སྦས་དོན་འབྱེད་པ། སྣེའུ་གདོང་རྩེའི་གོང་མ་ཆེན་པོ། དབང་གྲགས་པ་རྒྱལ་མཚན་གྱི་བཀའ་ཤོག་དང་གནང་བྱིན་བྱུང་བའི་ལན་དུ་ཕུལ་བའི་ལུང་བསྟན་དང་བཅས་པའི་རྗེས་གནང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཁྱད་ཅན། དེའི་སྒོ་ནས་སྒྲུབ་པ་སློབ་དཔོན་ཉི་མ་སྦས་པའི་སྒྲུབ་ཐབས་ལ་བརྟེན་ནས་བཀོད་པ། མི་ཉག་རྡོ་རྗེ་རྒྱལ་མཚན་དང་ཚར་རོང་ཤཱཀྱ་རྒྱལ་མཚན་གཉིས་ཀྱིས་ངོར་གསུངས་པའི་སྣང་སྲིད་གསལ་བའི་པྲ་མོ། དཔལ་ལྡན་ལྷ་མོ་ཉིད་ཀྱིས་དངོས་སུ་ཕུལ་བའི་ཨེ་ཀ་ཛ་ཊིའི་དཔག་བསམ་ལྗོན་ཤིང་གི་སྐོར་ལ། ལས་བྱང་། མ་མོའི་སྐོངས་ཀྱི་སྨྲེང་ངམ་སྔགས་སྲུང་མའི་བསྐང་གསོ། བྱིན་འབེབས་སྤྱན་འདྲེན་དང་བཅས་པ་དད་པ་དམ་ཚིག་མ། ལྷ་མོ་དམ་ཚིག་མའི་སྒོ་ནས་སྐོངས་འབྱུང་བ་ལས་གྲུབ་པ། མ་མོ་སྤྱི་བསྐུལ་བསྐལ་མེ་མ་དང་བཅས་པ། མདོ་རྒྱུད་ཀུན་གྱི་སྦས་དོན་རྣམས་བསྡུས་ཏེ་གསལ་བར་བསྟན་པ་ལྟ་སྒོམ་སྤྱོད་གསུམ་ཡི་དམ་གྱི་ལྷར་ཞུས་པའི་ལན། སེམས་མ་བཅོས་


GLG002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཀྱི་ཕྱག་ན་རྡོ་རྗེ་ལ་སེམས་བྱུང་ལས་ཀྱི་རྡོ་རྗེས་ཞུས་པའི་རྟོགས་པ་རང་ཤར་གྱི་བསྟན་བཅོས་མ་རིག་མུན་སེལ་སྒྲོན་མེ། དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོ་ལ་ལག་ན་རྡོ་རྗེས་ཐོབ་པ་ལས་ཀྱི་རྡོ་རྗེར་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྡོ་རྗེའི་ཚིགས་བཅད་ནམ་མཁའ་སེང་གེ་དང་གྲགས་པ་བློ་གྲོས་སོགས་ཀྱི་ངོར་མཆན་བུ་དང་བཅས་བྲིས་པ། ཀུན་སྤངས་བློ་གྲོས་རྒྱལ་མཚན་སྒྲོལ་མ་པ་གྱིས་ཞུས་ངོར་མཛད་པའི་དཔལ་གསང་བ་བསམ་གྱིས་མི་ཁྱབ་པའི་བསྐྱེད་རྫོགས་ཉམས་སུ་ལེན་པའི་རིམ་པ་གསང་དོན་གསལ་བྱེད། དགེ་བཤེས་བློ་གྲོས་འཕེལ་སོགས་སློབ་མ་བདུན་གྱི་ངོར་གནང་བའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཟུར་འཁྲིད་ཡང་གསང་སྒྲོན་མེ། གསང་བ་བསམ་གྱིས་མི་ཁྱབ་པའི་ལས་ཚོགས་དྲུག་ཅེས་པ་ཚེ་སྒྲུབ། འཕོ་བ། ཁྲུས། སྦྱིན་སྲེག །སཱཙྪ། གཏོར་མ་རྣམས། སྡེ་སྣོད་འཛིན་པ་གྲགས་པ་བློ་གྲོས་ཀྱིས་ཞུས་ངོར་མཛད་པའི་བྱ་རྒྱུད་དང་འབྲེལ་བའི་ཚེ་སྒྲུབ། དེའི་ངོར་གནང་བའི་སྤྱོད་རྒྱུད་དང་འབྲེལ་བའི་ཚེ་སྒྲུབ། དེས་ཞུས་ངོར་གནང་བའི་རྣལ་འབྱོར་རྒྱུད་དང་འབྲེལ་བའི་ཚེ་སྒྲུབ། དེའི་ངོར་གནང་བའི་བླ་མེད་དང་འབྲེལ་བའི་ཚེ་སྒྲུབ། དད་ལྡན་སློབ་མས་ཡང་ཡང་ཞུས་ངོར་མཛད་པའི་ཚེ་སྒྲུབ་ཀྱི་རྡོ་རྗེའི་ཚིག་རྐང་བདུད་རྩིའི་ཆུ་རྒྱུན། རྡོ་རྗེ་རྣམ་འཇོམས་ཀྱི་སྒོ་ནས་ཚེ་སྒྲུབ་པ། བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་གྱི་ཚིགས་བཅད། འཆི་མེད་ཚེ་སྒྲུབ་དབང་ཆོག་དོན་གསལ་སྒྲོན་མེ་དཔལ་གྱི་ཐིག་ཕྱིར་མཛད་པ། སློབ་དཔོན་ཡེ་ཤེས་རྒྱལ་པོས་ཞུས་ངོར་གནང་བའི་གྲི་སྲི་གཅོད་པ། གནོན་པ། ཁ་བསྒྱུར་བ། རང་གི་མཚོན་ཆར་དར་འདོགས་པ། ཕས་ཀྱི་ནུས་


GLG002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཤིག་ཅིང་རང་གི་ནུས་པ་སྤར་བ་ཞར་བྱུང་དམིགས་པ་ལོ་རྒྱུས་དང་བཅས་པ། དྲག་སྔགས་ཀི་ཀང་མ། མཁས་བཙུན་བསོད་ནམས་བཟང་པོ་དང་བཤེས་གཉེན་ནམ་མཁའ་སེང་གེའི་ངོར་མཛད་པའི་རྡོ་རྗེ་རྣམ་འཇོམས་ཀྱི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་མང་ཐོས་ནམ་མཁའ་བསོད་ནམས་དང་ནམ་མཁའ་བསམ་འབུམ་གཉིས་ཀྱི་ངོར་གནང་བའི་རྣམ་འཇོམས་སྣུར་ལུགས་ཀྱི་མངོན་རྟོགས། རྡོ་རྗེ་རྣམ་འཇོམས་ཀྱི་བསྟོད་པ་ཤློ་ཀ་དགུ་པ། རྡོ་རྗེ་རྣམ་པར་འཇོམས་པའི་མངོན་རྟོགས་མུན་སེལ་སྒྲོན་མེའམ་རིན་ཅེན་སྒྲོན་མེ། རྣམ་འཇོམས་དཀྱིལ་འཁོར་རྣམ་དག་དུར་ཁྲོད་ཀྱི་ལྷན་ཐབས་དང་བཅས་པ་གཞུང་ན་གསལ་བར་བདོག་གོའི་མཐའ་ཅན། གཟའི་ནད་གདོན་བརྟག་འཆོས་བསྲུང་བ་ཆིག་ཆོག་རིན་ཅེན་གཏེར་མཛོད་དམ་ཞལ་གདམས་གསེར་གྱི་ཡང་ཞུན། སྔགས་བྱང་། ཁྱབ་འཇུག་གིས་དངོས་སུ་ཕུལ་བའི་སྔགས་ཆིག་ཐུབ་མ། དཔལ་རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་ཀྱི་འགྲེལ་པ་ཚིག་དོན་གསལ་བར་བྱེད་པའི་སྒྲོན་མེ་འདི་གྲུབ་ཆེན་གྱི་གསུང་དངོས་མིན་ཡང་ཆ་ལག་ཏུ་བཀོད་པ་ཡིན་འདུག །ཁྲོ་ཕུ་ལོ་ཙཱ་བའི་བཀའ་འབངས་ལྷོ་བྲག་གཉིས་པའི་སྟོན་པ་རྡོ་རྗེ་རབ་རྩལ་གྱིས་བྲིས་པ། ཡེ་ཤེས་ཁྱུང་གི་གྲུ། ཐབས་རྡོ་རྗེ་ཐོག་འབེབས། གསང་བའི་བདག་པོར་ཞུས་པའི་ལན་རྡོ་རྗེའི་འཕྲེང་བ་ལོ་བཅུ་གཉིས་ཙམ་སོང་བ་ན་ཁམས་པ་སངས་རྒྱས་རྒྱལ་མཚན། བྱང་ཆུབ་བློ་གྲོས་ཤེས་རབ་རྒྱལ་མཚན་གསུམ་གྱིས་ཞུས་ངོར་བཀོད་པ། ཡི་དམ་གྱི་ལྷར་ཞེས་པའི་ལན་གནད་དོན་གསལ་བའི་མེ་ལོང་བླ་བོ་དགོན་པར་ཡི་གེར་བཀོད་པ། དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་མངོན་རྟོགས་རྗེས་སུ་གནང་བའི་ཆོ་ག་


GLG002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་གཏེར་མཛོད། ཤཱཀྱའི་དགེ་སྦྱོང་རྣམས་ཀྱིས་གསོལ་བ་བཏབ་ངོར་མཛད་པའི་ཟབ་དོན་གཅེས་འཕྲེང་གི་རྗེས་གནང་དྲི་མེད་བདུད་རྩིའི་ཆུ་རྒྱུན། བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་ངོར་མཛད་པའི་དཔལ་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པའི་མངོན་རྟོགས་རང་གིས་མཐོང་སྣང་ལྟར་བཀོད་པ། ཡི་དམ་གྱི་ལྷས་གསུངས་པ་གསང་བར་འོས་ཀྱང་དགེ་བཤེས་བློ་གྲོས་བཟང་པོ་གྲོགས་མཆེད་སོགས་དད་ཅན་མང་པོས་ཞུས་ངོར་མཛད་པའི་གཅེས་འཕྲེང་རྡོ་རྗེའི་རྩ་ཚིག །གསང་བདག་ལ་ཞུས་པའི་ལན་གཅེས་འཕྲེང་རྡོ་རྗེའི་འཁྲིད་ཡིག་གི་ཡིད་བཞིན་ནོར་བུའི་གཏེར་མཛོད། གཅེས་ཕྲེང་ཡི་གེ་བཞི་པའི་འཁྲིད་ཡིག །གསང་བདག་གི་ཞལ་དབུས་མ་ནས་གསུངས་པའི་གཅེས་ཕྲེང་གི་མན་ངག་དོན་འགྲེལ། བསླབ་གསུམ་ལྡན་པ་བློ་གྲོས་མཚན་ཅན་གྱི་དོན་དུ་མཛད་པའི་ཟབ་དོན་གཅེས་འཕྲེང་རྡོ་རྗེ་ཚིག་གི་རྣམ་པར་བཤད་པ། དཔལ་ཕྱག་ན་རྡོ་རྗེའི་བསྐྱེད་རྫོགས་ཡང་གསང་བླ་མེད་བདུད་རྩིའི་ཐིགས་པ་གསང་བདག་གིས་ལྗངས་དཀར་དགོན་པར་ལས་ཀྱི་རྡོ་རྗེ་ལ་གནང་བ། སྦས་ཡུལ་མཁན་པ་ལུང་གི་གཞི་བདག་བདུད་པོ་མཆེད་གསུམ་མཆོད་ཐབས་ཀུན་སྤངས་བློ་གྲོས་རྒྱལ་མཚན་ལ་གནང་བ། བདུད་པོ་མཆེད་གསུམ་གྱི་མདོས། ཡི་དམ་ཁྲོ་རྒྱལ་འདུས་པས་གནང་བའི་དཔལ་གཤིན་རྗེ་གཤེད་ཁྲོ་རྒྱལ་འདུས་པ་ཡང་གསང་དྲིལ་སྒྲུབ་ཞར་བྱུང་བསྲུང་ཟློག་གི་གནད། གྲི་སྲི་དང་ཤི་ཁའི་འཕྲོ་གཅོད། ཚེ་དང་བསོད་ནམས་རྒྱས་པ། ཀིང་ཀང་གཤམ་ཐིག །བླ་རྡོ་གསང་འཁོར། སྦྱིན་སྲེག་དང་བཅས་པ་བཤེས་གཉེན་བསོད་ནམས། དར་གྲོགས་


GLG002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་བཞི་དང་ནམ་མཁའ་ལྷུན་རྒྱལ་གྱི་ངོར་གནང་བ། སྡེ་ཆེན་པ་དང་དུར་ཁྲོད་པ་སྦྲགས་ནས་བྱད་བྱུང་བའི་དུས་གཤིན་རྗེ་གཤེད་ཀྱིས་གནང་བའི་དྲག་པོའི་ཟློག་པ་རང་གཤེད་མ། སྔགས་བྱང་། འཁོར་ལོའི་དཔེ་རིས་ཞལ་ཤེས་དང་བཅས་པ། གསང་བདག་ལ་ཞུས་པའི་ལན་སྨན་མཆོག་བདུད་རྩིའི་འཕྲེང་བ་ཞར་བྱུང་ལུང་བསྟན་དང་བཅས་པ་རྗེ་བཙུན་བཙོང་ཁ་པ་ཆེན་པོ་ལ་གདམས་པ། རྒྱལ་བ་བཙོང་ཁ་པ་ཆེན་པོས་འཕགས་པ་ལག་ན་རྡོ་རྗེའི་གསང་ཚིག་ལྷག་ཆད་ནོར་གསུམ་གྱི་སྐྱོན་དང་བྲལ་བའི་བདུད་རྩི་སྨན་མཆོག་ཅེས་བསྔགས་པ་མཛད་དོ། །དད་ཅན་གྱི་སློབ་མ་འགའི་ངོར་མཛད་པའི་སྣང་བ་ལྷའི་འཁྱེར་སོ། རྔོག་གི་སྔགས་འཆང་ཀུན་དགའ་བློ་གྲོས་ཀྱི་རྣམ་ཐར། མཁན་ཆེན་ཉིད་དང་རྡོ་རྗེ་རྒྱལ་མཚན་པ་ཚོ་འདྲེས་ཇི་ལྟར་བྱུང་ནམ་མཁའ་ལྷུན་རྒྱལ་གྱིས་ཞུས་པའི་སྐྱེ་བརྒྱུད་ནམ་སྟེང་བདུད་འདུལ་ལྷ་ཁང་གི་གཙུག་ལག་ཁང་དུ་བྲིས་པ། ཡོན་བདག་མོ་བཀྲ་ཤིས་སྐྱིད་སོགས་འགའ་ཞིག་གི་སྐྱེ་བརྒྱུད་སྟོད་ཅུང་ཟད་མ་ཚང་བའི་ཤོག་དྲིལ་ཕྱག་རྟགས་མ་ལས་བཤུས་པ། ནམ་མཁའ་ཆོས་གྲགས་ཀྱི་སྐྱེ་བ་བརྒྱུད་ཕྱག་རྟགས་འབྱར་བའི་ཤོག་དྲིལ་ཞབས་ཅུང་ཟད་མ་ཚང་བ་ནས་བཤུས་པ། རྡོ་རྗེ་རྣམ་འཇོམས་ཀྱི་སྒོ་ནས་ཐོག་སེར་བསྲུང་བ། ཀླུ་བདུད་ལ་བརྟེན་པའི་གཏད་འདོན། གསེར་གྱི་རྡོ་རྗེ་ལ་བརྟེན་པའི་གཏད་འདོན། དྲག་པོ་previous hit གསུམ་དྲིལ་གྱི་སྒྲུབ་ཐབས་རྣམས། སྙན་བརྒྱུད next hit་མི་གཏོགས་པ་བྱང་པ་ཏཱ་ཨེན་ནམ་མཁའ་བསྟན་པས་འཕགས་པ་ཝ་ཏིའི་ཞབས་ལ་ཁྲག་འབྱིན་པའི་མཚམས་མེད་ཀྱི་ལས་བསགས་པའི་སྒྲིབ་པ་སྦྱང་ཚུལ། བསམ་རྩེ་བླ་མ་སངས་རྒྱས་འོད་ཟེར་གྱི་ངོར་གནང་པའི་ཕུང་པོ་previous hit གསུམ་པའི་སྒྲུབ་ཐབས་བྱིན་རླབས་ཆར་འབེབས་དང་བཅས་པ་རྣམས། དེ་ལྟར་
དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད next hit་པ་ནི། བཅོམ་ལྡན་འདས་གསང་བའི་བདག་པོ། ཕྱག་ན་རྡོ་རྗེ་མི་ཡི་རོལ་གར་མཁན་ཆེན་ལས་ཀྱི་རྡོ་རྗེ། རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པ། གཉལ་གུང་སྣང་བའི་འབྲོམ་གྱི་བཙུན་པ་པཎ་ཆེན་མཛེས་པ་དཔལ་ལྡན་བཟང་པོ། ཆོས་རྗེ་སེང་གེ་དཔལ་ལྡན་མཛེས་པ། བླ་མ་ནམ་མཁའ་དཔལ་ལྡན་མཛེས་པ་བཟང་པོ། མཚུངས་མེད་ནམ་མཁའ་ཆོས་བཟང་མཛེས་པ། རྗེ་ནམ་མཁའ་འོད་མཛེས་བཟང་པོ། བླ་མ་ནམ་མཁའ་ལྷུན་གྲུབ་དཔལ་མཛེས། ཆོས་རྗེ་ནམ་མཁའ་མཛེས་པ་དཔལ། རྣལ་འབྱོར་དབང་ཕྱུག་བསོད་ནམས་འོད་མཛེས། ཆོས་རྗེ་དཔལ་འབྱོར་དོན་ཡོད་མཛེས་པ། བླ་མ་ཤེས་རབ་གྲགས་པ་མཛེས་པ། སེམས་དཔའ་ཆེན་པོ་ཉི་ཟླ་འོད་མཛེས། རྗེ་མགོན་པོ་དཔལ་ལྡན་མཛེས་པའི་རྡོ་རྗེ། མཁས་གྲུབ་མགོན་པོ་མཛེས་པའི་དབང་ཕྱུག །སྤྲུལ་སྐུ་རིག་འཛིན་གཏེར་བདག་གླིང་པ། དེ་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་མཁན་ཆེན་ཕྱག་རྡོར་བ་ལ་གུང་སྣང་ཆོས་རྗེ་མཛེས་པ་དཔལ་ལྡན་གྱིས་དངོས་སུ་གསན་པ་ཡིན་ནོ།


previousརྒྱལ་བ་གཡའ་བཟང་པར་དྲང་སྲོང་གཟས་དངོས་སུ་ཕུལ་བའི་གཟའ་ཉི་མ་མདུང་གང་མའི་སྐོར། next