Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
collapse section
 
  
  
  
  
  
  
  
  
སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་བཀའ་འབུམ་གླེགས་བམ་གྱི་རིམ་པ་ནོས་པའི་སྐོར།
  
  
  
  
 
  
  
  
  
  
  
  
  
  
  


4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་བཀའ་འབུམ་གླེགས་བམ་གྱི་རིམ་པ་ནོས་པའི་སྐོར།next

སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་བཀའ་འབུམ་གླེགས་བམ་གྱི་རིམ་པ་ནོས་པའི་སྐོར།


GLG002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་བཀའ་འབུམ་གླེགས་བམ་གྱི་རིམ་པ་ནོས་པ་ལ། བྱང་ཆུབ་ལམ་རིམ་ཆེ་ཆུང་། སྒྲོན་གསལ་གྱི་མཆན་བུ། མཐའ་དཔྱོད་སོགས་གོང་དུ་སོང་གྲུབ་པས་འདིར་མ་སྨོས། དེ་ལས་གཞན་པའི་ཕྲ་རགས་རྣམས་བགོད་པ་ལ། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་༼མཁན༽བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། ཁྱབ་བདག་རྡོ་རྗེ་སེམས་དཔའ་བསྙེན་སྒྲུབ་བཞིའི་སྦྱོར་༼མཁན༽བས་


GLG002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པར་བྱེད་པ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་༼མཁན༽དབང་དོན་དེ་ཉིད་རབ་ཏུ་གསལ་བ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་༼མཁན༽རིམ་ལྔ་༼གུ༽གདན་རྫོགས་ཀྱི་དམར་འཁྲིད། བསྲེ་འཕོའི་༼ཕ༽གདམས་ངག །རིམ་ལྔ་བསྡུས་༼ཕ༽པའི་ཟིན་བྲིས། བཤད་རྒྱུད་རྡོ་རྗེ་འཕྲེང་༼ཕ༽བའི་ཟིན་བྲིས། རྡོ་རྗེའི་བཟླས་པའི་རིམ་༼ཕ༽པའི་ཟིན་བྲིས། མངོན་པར་བྱང་ཆུབ་༼ཕ༽པའི་རིམ་པའི་ཟིན་བྲིས། བདག་བྱིན་བརླབ་༼ཕ༽ཀྱི་ཟིན་བྲིས། དགོངས་པ་བླ་༼ཕ༽ན་མེད་པའི་རིམ་པའི་ཟིན་བྲིས། ཆོ་ག་ཉི་ཤུའི་༼ཕ༽ཁུངས་འགོད་པ། རྡོ་རྗེ་འཆང་གི་གོ་འཕང་༼ཕ༽བརྙེས་པར་བྱེད་པའི་ལམ་ལ་སློབ་ཚུལ། འདུས་པའི་དཀའ་༼ཕ༽བའི་གནད་བསྟན་པ་ཚིགས་བཅད་མ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་༼ཁྲི༽པ་བཤད་རྒྱུད་ཐབས་ཀྱི་མན་ངག་གསལ་བར་བསྟན་པ། དཔལ་གསང་བ་འདུས་པའི་བཤད་བརྒྱུད་ལྷ་མོ་བཞིས་ཡོངས་སུ་ཞུས་པ་ཞེས་བྱ་བའི་རྒྱ་ཆེར་བཤད་༼ཁྲི༽པ་སྲོག་རྩོལ་གྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ། རྣམ་གཞག་རིམ་པའི་རྣམ་བཤད་༼ཁྲི༽དཔལ་གསང་བ་འདུས་པའི་གནད་ཀྱི་དོན་གསལ་བ། སྟོབས་པོ་ཆེའི་སྒོ་ནས་༼ཕ༽ཆར་འབེབས་པ། རྟ་མགྲིན་གྱི་སྒོ་ནས་༼ཕ༽སྤྲིན་དཔྲལ་བ། ཁྲོ་༼ཕ༽བཅུའི་ཟིན་བྲིས། རྗེ་བཙུན་འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས་༼མཁན༽འཇམ་དཔལ་དབྱངས་ཀྱི་དགོངས་པ་གསལ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་༼མཁན༽བདུད་ལས་རྣམ་པར་རྒྱལ་བ། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་༼མཁན༽རིན་པོ་ཆེའི་ཟ་མ་ཏོག །གཤིན་རྗེ་གཤེད་དགྲ་༼མཁན༽ནག་པོའི་


GLG002_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་རིན་ཅེན་འབར་བ། གཤིན་རྗེ་གཤེད་བཅུ་གསུམ་མ་གསུམ་གྱི་དཀྱིལ་འཁོར་གྱི་ཆོ་ག་༼མཁན༽རིན་པོ་ཆེའི་འཕྲེང་བ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཕྲིན་ལས་༼མཁན༽བཞིའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ། དཪྤན་ཨཱ་ཙཪྻའི་མན་ངག་ལས་བྱུང་བའི་འཇམ་དཔལ་ཞི་དྲག་གི་སྒོ་ནས་༼མཁན༽བགེགས་ཀྱི་བར་ཆོད་བསྲུང་བ་དང་ཚེ་བསྲིང་བ་སོགས་ཀྱི་གདམས་པ། ཡི་གེ་༼ཕ།དགའ་འཁྱིལ༽བཞི་པའི་བསྲུང་བ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་ཡི་དམ་༼ཕ།དགའ་འཁྱིལ༽རང་ཉིད་ཀྱིས་གསུངས་པའི་ཡི་གེ་བཞི་པའི་མན་ངག་རྩ་རོ་བརྐྱངས་དབུ་གསུམ་༼ཕ།དགའ་འཁྱིལ༽དང་གཤིན་རྗེ་སྦྱོར་ཚུལ། གྲུབ་པའི་འཁོར་ལོས་སྒྱུར་བ་གྲུབ་ཆེན་དཔལ་འཛིན་གྱི་རྣལ་༼ཕ།དགའ་འཁྱིལ༽འབྱོར་བཞིའི་དེ་ཁོ་ན་ཉིད་ལས་རྣལ་འབྱོར་བཞིར་བཤད་པ། ནང་གི་རྩ་འཁོར་དང་༼ཕ།དགའ་འཁྱིལ༽གཤིན་རྗེ་སྦྱོར་ཚུལ། གྲུབ་པའི་དབང་ཕྱུག་ལཱུ་ཧི་པའི་ལུགས་ཀྱི་༼མཁན༽དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་བདེ་ཆེན་གསལ་བ། བདེ་མཆོག་དྲིལ་བུ་ལུགས་༼མཁན༽ཀྱི་མངོན་པར་རྟོགས་པའི་ངག་འདོན་གྱི་ཆོ་གའི་རིམ་པ། འཁོར་ལོ་སྡོམ་པ་ལཱུ་༼མཁན༽ཧི་པའི་དཀྱིལ་ཆོག །ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་བཅས་པ་༼ཕ༽རྒྱལ་བ་བཙོང་ཁ་པའི་ཕྱག་བཞེས་བཞིན་བཀོད་པའི་ཟིན་བྲིས། བདེ་མཆོག་༼མཁན༽མཆོད་འཕྲེང་། བདེ་མཆོག་ལུས་དཀྱིལ་གྱི་དཀྱིལ་འཁོར་དུ་༼མཁན༽དབང་བསྐུར་བའི་ཆོ་ག་རིན་པོ་ཆེའི་བང་མཛོད། དཔལ་འཁོར་ལོ་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་༼མཁན༽མོའི་གཞུང་གི་རྣམ་པར་བཤད་པ་དངོས་གྲུབ་ཀྱི་སྙེ་མ། རྫོགས་རིམ་རྣལ་འབྱོར་ཆེན་མོའི་འཁྲིད་རིམ་༼ཕ༽མདོར་བསྡུས་པ། འཁོར་ལོ་བདེ་མཆོག་གི་རིམ་པ་ལྔའི་རྣམ་༼ཕ༽བཤད་སྦས་དོན་ལྟ་བའི་མིག་གིས་རྣམ་པར་འབྱེད་པ། བདེ་མཆོག་


GLG002_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་ངུའི་རྩ་རྒྱུད་ཀྱི་རྒྱ་ཆེར་བཤད་༼མཁན༽པ་སྦས་དོན་ཀུན་གསལ། བདེ་མཆོག་གི་མངོན་པར་རྟོགས་པའི་རྒྱ་ཆེར་༼མཁན༽བཤད་པ་འདོད་འཇོ། རྫོགས་རིམ་དཔྱིད་ཀྱི་ཐིག་༼ཕ༽ལེ་དགེ་འདུན་བརྒྱ་ཙམ་ལ་གནང་དུས་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཅེན་གྱིས་ཟིན་བྲིས་སུ་མཛད་པ། ཟབ་ལམ་ནཱ་རོ་ཆོས་དྲུག་གི་འཁྲིད་༼མཁན༽ཡིག་ཡིད་ཆེས་གསུམ་ལྡན། ཀྱེ་རྡོར་སྒྲུབ་ཐབས་ཀྱི་ཟིན་༼ཤྲཱི༽བྲིས། བདག་མེད་མའི་དཀྱིལ་འཁོར་སྒྲུབ་༼ཤྲཱི༽ཐབས་ཀྱི་ཟིན་བྲིས། བརྟག་གཉིས་ཀྱི་༼ཤྲཱི༽ཟིན་བྲིས། མཁའ་སྤྱོད་མ་དམར་མོའི་སྒྲུབ་༼ཤྲཱི༽ཐབས། ལྷག་པའི་ལྷ་ནི་གཅིག་༼ཤྲཱི༽པུ་ཉིད་ཅེས་པའི་དོན་བཤད་པ། རྒྱུད་ཀྱི་རྒྱལ་པོ་ཁ་སྦྱོར་གྱི་བརྟག་པ་བརྒྱད་པའི་རབ་བྱེད་གསུམ་༼མཁན༽པ་རྣམ་ཤེས་གོང་དུ་འཕོ་བའི་རྒྱ་ཆེར་བཤད་པ་གསེར་གྱི་སྒོ་འབྱེད། སྦྱོར་བ་ཡན་ལག་༼ཕ༽དྲུག་རྡོ་རྗེའི་ཚིགས་བཅད། དེའི་དོན་བཤད་༼ཕ༽པ། འདིར་གཉིས་སུ་མེད་པ་ཞེས་སོགས་༼ཕ༽དུས་འཁོར་གྱི་ཟིན་བྲིས་ཉུང་ངུ་། དུས་འཁོར་གྱི་མངོན་རྟོགས་དང་༼ཕ།དགའ་འཁྱིལ༽དབང་གི་ཟིན་བྲིས། སྦྱོར་དྲུག་༼ཕ།དགའ་འཁྱིལ༽ཟིན་བྲིས། འཆི་ཞག་དང་ཚེ་ལྷག་༼ཕ།དགའ་འཁྱིལ༽ བཤད་པ། བསྡུས་རྒྱུད་ཀྱི་ཟིན་༼ཕ། དགའ་འཁྱིལ།༽བྲིས། འཇིག་རྟེན་ཁམས་ལེར་གནས་པའི་སེམས་ཅན་རྣམས་ཀྱི་སྐྱེ་གནས་༼ཕ།དགའ་འཁྱིལ༽འཇིག་པའི་རྣམ་དག་སྟོན་པ་ནང་གི་ལེའུའི་ཟིན་བྲིས། བསམ་གཏན་ཕྱི་མ་༼ཕ།དགའ་འཁྱིལ༽ལས་བཟླས་བརྗོད་རྣལ་འབྱོར་གྱི་ཆེ་བ། གྲུབ་ཆེན་བརྒྱད་༼ཕ།དགའ་འཁྱིལ༽ ཀྱི་བཞུགས་ཚུལ། སྒྲ་མི་སྙན་པའི་ཚེ་སྒྲུབ་༼ཕ༽ཀྱི་མན་ངག །བླ་མ་ལྔ་བཅུ་༼མཁན༽པའི་ཊཱིཀྐ། སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་༼མཁན༽ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཉི་མ། དྲང་བ་དང་ངེས་པའི་དོན་རྣམ་༼མཁན༽པར་འབྱེད་པ་ལེགས་བཤད་སྙིང་པོ། དབུ་


GLG002_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་༼མཁན༽རིག་པའི་རྒྱ་མཚོ། འཇུག་པའི་རྣམ་བཤད་༼མཁན༽དགོངས་པ་རབ་གསལ། བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ནས་ཚུལ་ཁྲིམས་ཀྱི་ཕུང་པོ་༼མཁན༽ཡོངས་སུ་དག་པར་བྱ་བའི་ཚུལ་རྣམ་པར་བཤད་པ་བྱང་ཆུབ་གཞུང་ལམ། འདུལ་བའི་བསླབ་༼མཁན༽བྱ་གནམ་རྩེར་ལྡེང་མ། གུ་གེ་ཆོས་རྗེ་སྙིང་སྟོབས་རྒྱ་མཚོ་དང་ལྷ་བ་སྐུ་སྐྱེ་སོགས་ཐོག་མ་ནས་ལུང་རྒྱུན་མ་འཕེལ་ཞེས་གླེང་ཡང་ཁུངས་ཇི་ལྟར་ཡིན་མ་ཆོད། སྤྱོད་འཇུག་༼དཔལ༽ ཤེར་ལེའི་ཟིན་བྲིས། ཐལ་རང་གི་ཁྱད་པར་༼དཔལ༽འབྱེད་པ། བདེན་གཉིས་༼དཔལ༽ཟིན་བྲིས། དབུ་༼དཔལ༽མའི་ཟིན་བྲིས། རྣམ་འགྲེལ་༼དཔལ༽རྒྱན་གྱི་ཟིན་བྲིས། ཡིད་དང་ཀུན་གཞིའི་༼ཁྲི༽དཀའ་གནད་ཀྱི་ཟིན་བྲིས། འདུལ་༼ཁྲི༽བའི་ཟིན་བྲིས། གསན་༼ཕ༽ཡིག་གི་དུམ་བུ། གསུང་འབུམ་ཐོར་༼ཁྲི༽བུའི་སྐོར་ལ་བྱང་ཆུབ་ལམ་གྱི་རིམ་པའི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས་པ་ལམ་མཆོག་སྒོ་འབྱེད། བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་དངོས་གྲུབ་སྙེ་མ། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཐའ་བྲལ་མ། རྗེ་བཙུན་རེ་མདའ་པ་གཞོན་ནུ་བློ་གྲོས་ཀྱི་བསྟོད་པ་མཁྱེན་རབ་མ། དེའི་གསོལ་འདེབས་དྲི་མེད་མ། དེའི་གསོལ་འདེབས་མཁས་གཞོན་མ། སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་ཀྱི་གསོལ་འདེབས་དཔག་ཡས་མ། རྗེ་བཙུན་ས་པཎ་གྱི་བསྟོད་པ་རིག་གནས་རྒྱ་མཚོ་མ། སྤྱན་སྔ་གྲགས་པ་བྱང་ཆུབ་ལ་རྗེས་ཁྲིད་ཀྱིས་སྒོ་ནས་བསྟོད་པ། མཁན་ཆེན་ཕྱག་རྡོར་བའི་གསོལ་འདེབས་ཤེས་བྱ་མ། ལོ་ཆེན་སྐྱབས་མཆོག་དཔལ་གྱི་གསོལ་འདེབས་ལེགས་སྦྱང་མ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་ཕྱག་འཚལ་བ་ཕུན་ཚོགས་མ། རྒྱལ་


GLG002_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤཱཀྱ་ཐུབ་པ་ལ་བསྟོད་པ་བྱིན་རླབས་ཉེར་འཇུག །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ། དེ་ལ་བསྟོད་པ་མཁས་པའི་སྐྱེ་བོ་མ། མགོན་པོ་འོད་དཔག་མེད་ཀྱི་བསྟོད་པ་ཞིང་མཆོག་སྒོ་འབྱེད། དེ་ལ་བསྟོད་པ་ཉི་གཞོན་འཆར་ཀ་མ། དེ་ལ་བསྟོད་པ་དྲི་མེད་མ། ས་སྐྱོང་ཀུན་དབང་དང་བཀྲ་ཤིས་རྒྱལ་མཚན་གཉིས་ཀྱིས་ཚེ་དཔག་མེད་ཀྱི་སྐུ་བཞེངས་པའི་སྨོན་ལམ་པད་རག་མ། འོད་དཔག་མེད་ཀྱི་ཞིང་བཀོད་ལ་བསྔགས་པའི་སྨོན་ལམ་ལེགས་ཚོགས་རྒྱ་མཚོ་མ། འཇམ་དབྱངས་ཀྱི་ཞིང་བཀོད་སྨོན་ལམ་ཇི་བཞིན་མ། མི་འཁྲུགས་པའི་ཞིང་བཀོད་བསྟོད་པ་སྔོན་ཚེ་མ། ཐུབ་དབང་ལ་གསོལ་བ་འདེབས་པ་གདེངས་ཅན་མ། རྡོ་རྗེ་རྣམ་པར་གནོན་པ་ལ་བསྟོད་པ་ཀུན་ནས་ཡོངས་དག་མ། སྨན་བླའི་ཞིང་བཀོད་བསྟོད་པ་རླབས་ཆེན་སྨོན་ལམ་མ། སྤྱན་རས་གཟིགས་ལ་བསྟོད་པ་ཐབས་མཁས་མ། ཁ་སཪྤཱ་ཎི་ལ་བསྟོད་པ་མཆོག་དུལ་མ། བྱམས་པའི་བསྟོད་པ་ཚངས་པའི་ཅོད་པན་མ། དེའི་བསྟོད་པ་རིན་ཅེན་གསལ་བའི་སྒྲོན་མེ། དེའི་བསྟོད་པ་གསེར་བཟང་མ། དེའི་གསོལ་འདེབས་ཟབ་ཡངས་མ། འཇམ་དཔལ་དབྱངས་ཀྱི་བསྟོད་པ་བསྟོད་སྤྲིན་རྒྱ་མཚོ། དེའི་བསྟོད་པ་རྒྱལ་ཀུན་མ། དེའི་བསྟོད་པ་ཕུན་ཚོགས་དགེ་ལེགས་མ། དེའི་བསྟོད་པ་མི་འཇིགས་མཆོག་བརྙེས་མ། དེའི་བསྟོད་པ་འཚམས་སྤྲིན་མ། དེའི་བསྟོད་པ་སྨྲ་སེང་ལ་ཕྱག་འཚལ་བ་དང་བའི་མཚོ་སྔོན་མ། དེའི་བསྟོད་པ་སྟོན་དུས་དག་པ་མ། རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་ཐལ་ཆེན་མ། མི་གཡོ་བའི་བསྟོད་པ་བྱིན་རླབས་ཀྱི་


GLG002_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏེར། དེ་ལ་སྨོན་ལམ་དུ་གསོལ་བ་བདག་གི་ཚེ་རབས་མ། རྡོ་རྗེ་རྣམ་འཇོམས་ཀྱི་བསྟོད་པ་གང་གི་མཁྱེན་པ་མ། གསང་བདག་གི་བསྟོད་པ་མཐུ་སྟོབས་མ། དེའི་བསྟོད་པ་དཔག་མེད་མ། གཙུག་ཏོར་རྣལ་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པ་མ། དེའི་བསྟོད་པ་གང་གསུང་མ། གདུགས་དཀར་གྱི་བསྟོད་པ་རྒྱལ་བ་མ། ཡང་དེའི་བསྟོད་པ་རྒྱལ་ཀུན་མ། དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་མ། དེའི་བསྟོད་པ་མར་གད་མ། ཤེས་རབ་གསལ་བྱེད་ཀྱི་བསྟོད་པ་ལྷག་བསམ་རྣམ་དག་མ། ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ་བདུད་དཔུང་རྣམ་འཐག་མ། འཇམ་དབྱངས་ཀྱིས་གསུངས་པའི་ཉམས་ལེན་མདོར་བསྡུས་ཤློ་ཀ་བཞི་དང་རྐང་པ་གཉིས་ཀྱིས་བསྡུས་པ། བགྲོད་པ་ཕྱག་རྒྱ་དང་འདུས་པ་ལ་ལྟོས་པའི་རྒྱུ་མཚན་དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་གི་རྡོ་རྗེའི་ཚིགས་བཅད། གླང་ལོ་ཟླ་བ་བཅུ་གཉིས་པའི་ནང་དུ་ངོ་མཚར་བའི་ལྟས་ཁྱད་པར་ཅན་བྱུང་བའི་ཚིགས་བཅད། རང་གི་རྟོགས་པ་བརྗོད་པ་མདུན་ལེགས་མ། ལམ་རིམ་བསྡུས་དོན། བླ་ན་མེད་པའི་རིན་ཅེན་གསུམ་གྱི་གཏམ་གྱི་སྦྱོར་བ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ཕན་བདེ་ལ་སྦྱོར་བའི་རིམ་པ། དང་པོ་ལས་ཅན་བཀྲི་བའི་གནད་གསལ་བར་སྟོན་པ། འདུལ་བ་རྒྱ་མཚོའི་སྙིང་པོ། རྗེ་བཙུན་རེ་མདའ་བ་ས་སྐྱར་བཞུགས་སྐབས་རྟོགས་ལྡན་བྱང་སེང་བ་གྲོགས་མཆེད་བཏང་ནས་ཕུལ་བའི་ཞུ་ཡིག །བླ་མ་དབུ་མ་པ་ལ་མདོ་ཁམས་སུ་ཕུལ་བའི་ཞུ་ཡིག །མཁན་ཆེན་ཕྱག་རྡོར་བ་ལ་སྨན་མཆོག་བདུད་རྩིའི་འཕྲེང་བ་འབྱོར་ཚུལ་གྱི་ཞུ་ལན། ལམ་གྱི་གནད་གསུམ་བསྟན་


GLG002_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ། དྲི་བ་ལྷག་བསམ་རབ་དཀར། བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་ལེན་པའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད། བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་བརྗོད་སྙན་ངག་དཔག་བསམ་གྱི་ལྗོན་ཤིང་། ས་སྐྱོང་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་སྙན་ངག་བྱིན་རླབས་ཀྱི་ལྷུན་པོ། ཚོགས་ཆེན་པོའི་མཁན་པོ་རྒྱལ་དབང་ལ་ཕུལ་བའི་ཞུ་ཡིག །བཤེས་གཉེན་ཆེན་པོ་བྱང་ཆུབ་བླ་མའི་འཕྲིན་ལན། ས་བཟང་ལོ་ཙཱ་བས་འཇིགས་བྱེད་ལ་དགག་པ་མཛད་པའི་ལན། གསང་འདུས་འཇམ་དཔལ་རྡོ་རྗེའི་སྒྲུབ་དཀྱིལ་གྱི་དྲིས་ལན། དཀོན་ཅོག་ཚུལ་ཁྲིམས་ཀྱི་ཞལ་སྔ་ནས་བཀའ་སྩལ་སྤྲིངས་པའི་ལན། དཀའ་བཞི་འཛིན་པ་གྲགས་པ་རྒྱལ་མཚན། འདུལ་བ་འཛིན་པ། ལ་འདི་ཕྱིར་ཕན་པའི་ཐབས་ལ་གནང་བ། མཁས་པ་ཆེན་པོ་གསང་ཕུ་བ་གཞོན་ནུ་བློ་ལྡན་གྱི་དྲིས་ལན། དཀའ་བཞི་འཛིན་པ་ཤེས་རབ་དཔལ་བཟང་ཤངས་པ་ཀུན་མཁྱེན། གི་དྲིས་ལན། གཉལ་སྟོན་རིན་ཅེན་བསམ་གྲུབ་གསང་ཕུ་བ། ཀྱི་དྲིས་ལན། དབོན་པོ་ནམ་མཁའ་དཔལ་བཟང་མ་གཅིག་དབོན་པོ། གི་འཕྲིན་ལན་གསུམ། དཔལ་འབྱོར་བཟང་པོ་ལ་གནང་བའི་གཉེན་པོ་སྟོབས་བཞིའི་བཤགས་པ། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྒྱ་ཡུལ་དུ་ཐེགས་དུས་གནང་བའི་བསྲེ་འཕོའི་གདམས་པ། ཚ་ཁོ་དབོན་པོ་ངག་དབང་གྲགས་པའི་དྲིན་ལན། དེ་ལ་གདམས་པའི་ལམ་གྱི་གཙོ་བོ་རྣམ་གསུམ། ཡང་དེའི་ཞུ་ལན། འགྲོ་མགོན་རྡོ་རྗེ་དཔལ་ལ་གདམས་པ། གསལ་བྱེད་སུམ་ཅུ་ལ་ཨེ་སྲོག་ཏུ་ཞུགས་པའི་རྒྱན་གྱི་ཞལ་གདམས། ཨོ་སྲོག་ཏུ་ཞུགས་པའི་ཞལ་གདམས། བྱང་བླ་མའི་ཞུ་ལན། རེ་མདའ་པའི་ཉེ་གནས་ཡོན་ཏན་རྒྱལ་མཚན་


GLG002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞུ་ལན། སློབ་དཔོན་བློ་གྲོས་འཕེལ་གྱི་ཞུ་ལན། ཀརྨ་དེ་བཞིན་གཤེགས་པ་ལ་ཕུལ་བའི་ཞུ་ཡིག །སྤྱན་སྔ་རིན་ཅེན་དཔལ་བའི་ཕེབས་ལམ། གོང་མ་ཧོར་རྒྱལ་བུ་མིའི་དབང་པོའི་དྲུང་དུ་ཕུལ་བའི་ཞུ་ཡིག །གོང་མ་གྲགས་པ་རྒྱལ་མཚན་ལ་ཕུལ་བའི་ཞུ་ཡིག་གཉིས། ཡར་ཀླུངས་ཇོ་བོ་ལ་གདམས་པ། དཔོན་ཡིག་རིན་ཅེན་རྒྱལ་པོ་ལ་གདམས་པ། སྟོད་ལུང་པ་དཔོན་ཡོན་ཏན་རྒྱ་མཚོ་ལ་གདམས་པ། སྒོམ་པ་གྲགས་པ་རིན་ཅེན་ལ་གདམས་པ། སྐུ་གཟུགས་བྲི་བའི་ལས་ལ་མཁས་པ་དཔལ་ལྡན་གྱི་ངོར་མཛད་པའི་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པར་བསྐུལ་བ། རྒྱ་མ་ཁྲི་དཔོན་རིན་ཅེན་རྒྱལ་མཚན་གྱི་ཞུ་ལན། བྱང་བླ་མའི་ཞུ་ལན་སྨྲ་བ་ཟླ་མེད་མ། དཀའ་བཅུ་དགེ་ལེགས་དཔལ་བཟང་གི་གསུང་ཤོག་ལན། གོན་ཏའི་ཞིན་ལ་གནང་བའི་ཆབ་ཤོག །དཔོན་ནམ་མཁའ་དབང་ཕྱུག་གི་ཞུ་ལན། བྱང་པ་དཔོན་ཆེན་བསོད་ནམས་རྒྱལ་མཚན་ལ་གདམས་པ། མང་ཡུལ་སྐྱིད་གྲོང་གི་ཆོས་རྒྱལ་ཆེན་པོའི་ནང་བློན་ལ་གདམས་པ། སྒོམ་པ་གུང་རུ་ལ་གདམས་པ་བཤེས་གཉེན་ཆེན་པོ་སྤོང་གཤོད་ནང་པར་གནང་བའི་ཆབ་ཤོག །རིན་སྤུངས་པ་སློབ་དཔོན་ནམ་མཁའ་རྒྱལ་མཚན་ལ་གནང་བའི་ཆབ་ཤོག །སྐྱོ་ཚ་དཀའ་བཅུ་པ་ཡོན་ཏན་རྒྱལ་མཚན་ལ་གདམས་པ། འདུས་པའི་བཤད་པ་རྫོགས་པའི་འོག་ཏུ་རྡོ་རྗེའི་སློབ་དཔོན་ལ་གཏང་རག་གི་མཆོད་པ་བྱ་ཚུལ། དཔའ་བོ་འཇའ་ཚོན་མའི་བཞུགས་གསོལ་མཆོད་བསྟོད། གསང་འདུས་ཀྱི་མཆོད་འཕྲེང་གསང་བའི་འཁོར་ལོ་མ། གསང་འདུས་ཀྱི་སྨོན་ལམ་ཤིས་བརྗོད་དང་བཅས་པ་དཔྱིད་ཀྱི་རྒྱལ་མོའི་གླུ། བདེ་མཆོག་


GLG002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཆོད་འཕྲེང་ལེ་ཚན། བདེ་མཆོག་གི་སྨོན་ལམ་ཤིས་བརྗོད། ལྷ་ས་སྨོན་ལམ་གྱི་ཆོག་ཁྲིགས། ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ། དཔལ་འབྱོར་བཟང་པོའི་ངོར་མཛད་པའི་མི་གཡོ་བར་གསོལ་བ་འདེབས་ཚུལ། རྒྱལ་སྲས་བདེ་འབྱུང་བའི་ངོར་མཛད་པའི་སྨོན་ལམ་དཔག་ཡས་བསྐལ་པ་མ། སྨོན་ལམ་རྒྱལ་བ་དཔག་མེད་མ། སྣེའུ་པ་ནམ་མཁའ་བཟང་པོས་ཡུམ་རྒྱས་པ་བཞེངས་པའི་དུས་གནང་བའི་དཀར་ཆག་སྨོན་ལམ། གོང་མ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་བཀའ་གནང་བ་ལ་བརྟེན་ནས་འོལ་དགའ་བ་རིན་ཅེན་རྒྱལ་མཚན་གྱིས་ཡུམ་བར་མ་བཞེངས་པའི་དུས་གནང་བའི་སྨོན་ལམ་བདེ་གཤེགས་མ། རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་སྒྲུབ་ཐབས། དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས། བསྔོ་བ་མདོར་བསྡུས། ཆོས་སྐྱོང་ལ་བཀའ་བསྒོ་བ། དགེ་འདུན་སྤྱིའི་ཁྲིམས་སུ་བཅའ་བ་ཆེན་མོ། བྱེ་བྲག་འོལ་དགའ་བྱམས་པ་གླིང་གི་ཁྲིམས་སུ་བཅའ་བ་ཆུང་བ་དང་བཅས་པ་རྣམས་ལེགས་པར་ནོས་པའི་མཁན་གྱི་རྟགས་ཡོད་པ་རྣམས་ནི། མཁན་པོ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལས་ཐོས། དེ་ཉིད་ཀྱིས་རྗེ་སངས་རྒྱས་ཡེ་ཤེས་ལ་གསན། དེ་ཡན་གྱི་བརྒྱུད་པ་མ་རྙེད། ཁྲིའི་རྟགས་ཡོད་པ་རྣམས་ཀྱི་ལུང་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ལས་ཐོས། དེ་ཉིད་ཀྱི་གསུང་འབུམ་ཐོར་བུ་ཁྲི་རིན་པོ་ཆེ་སངས་རྒྱས་རིན་ཅེན་དང་། རྣམ་གཞག་རིམ་པ་ཆོས་རྗེ་ཕག་སྨྱོན་ལ་ཞུས་གསུང་བརྒྱུད་པ་གཞན་མ་བྱུང་། ཕ་རྐྱང་གི་རྟགས་ཡོད་པའི་ལུང་རྣམས་ཀྱི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་། བ་


GLG002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཆོས་ཀྱི་རྒྱལ་མཚན། རྗེ་གྲགས་པ་བསམ་གྲུབ། པཎ་ཆེན་ངོ་མཚར་རྒྱ་མཚོ། མར་སྟོན་སེམས་དཔའ་ཆེན་པོ། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་ཀུན་དགའ་བཀྲ་ཤིས། མངའ་རིས་དྲུང་པ་རིན་པོ་ཆེ་ལྷའི་བཙུན་པ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཕ་དགའ་འཁྱིལ་ཅན་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། མཁས་གྲུབ་དགེ་ལེགས་དཔལ་ནས། འཕགས་མཆོག་དོན་གྲུབ་རིན་ཅེན། པཎ་ཆེན་ངོ་མཚར་རྒྱ་མཚོ། རྡོ་རྗེ་འཆང་སྔགས་རམ་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། གྱེ་རེ་ལྷ་དབང་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཕ་གཡུང་དྲུང་ཅན་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། རྒྱལ་བ་བཙོང་ཁ་པ་ཆེན་པོ། མཁས་གྲུབ་ཤེས་རབ་སེང་གེ །རྗེ་སྦྱིན་པ་དཔལ་བ། རྗེ་སྨྲ་བའི་སེང་གེ །མར་སྟོན་ཚུལ་ཁྲིམས་རིན་ཅེན། རྡོ་རྗེ་འཆང་སྔགས་རམ་པ། མངའ་རིས་ལྷའི་བཙུན་པ་བསོད་ནམས་དཔལ་བཟང་། སྔགས་རམ་པ་བཟང་པོ་རྣམ་རྒྱལ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། ༈ །ཤྲཱིའི་རྟགས་ཡོད་པའི་ལུང་བརྒྱུད་ནི། རྒྱལ་བ་བཙོང་ཁ་པ་ཆེན་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་བློ་གྲོས་ཆོས་སྐྱོང་། ལྷ་རི་མཁས་བཙུན་ཡོན་ཏན་རྒྱ་མཚོ། མཁན་ཆེན་དཔལ་ལྡན་འོད་ཟེར། རྡོ་རྗེ་འཆང་སྔགས་རམ་པ། མངའ་རིས་ལྷ་བཙུན་པ། ཨེ་པ་ལྷ་ཆོས་རྗེ་ངེས་ལེགས་དཔལ་འབྱོར་ལྷུན་གྲུབ། རྡོ་རྗེ་འཆང་


GLG002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །དཔལ་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། རྒྱལ་བ་བཙོང་ཁ་པ་ཆེན་པོ། རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཅེན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། མཁས་གྲུབ་ནོར་བཟང་རྒྱ་མཚོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ཞལ་སྔ་ནས་སྐལ་བཟང་རྒྱ་མཚོ། འོལ་དགའ་ལྦ་བ་འཇམ་དབྱངས་བློ་བཟང་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གུའི་རྟགས་ཡོད་པའི་བརྒྱུད་པ་ནི། རྗེ་བཙུན་བཙོང་ཁ་པ། རྒྱལ་སྲས་བཟང་སྐྱོང་པ། ཤར་པ་རིན་ཅེན་རྒྱལ་མཚན། རྗེ་ཤེས་འབྱུང་བློ་གྲོས། མཁས་གྲུབ་དཔལ་ལྡན་སེང་གེ །ལྷ་རི་བ་ཡོན་ཏན་རྒྱ་མཚོ། རྗེ་དགེ་ལེགས་དཔལ་བཟང་། བླ་མ་འོད་ཟེར་བཟང་པོ། ཞལ་སྔ་ནས་ཆོས་གྲགས་འོད་ཟེར། རྗེ་ནམ་མཁའ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོའི་ཞལ་ཤེས་ཀྱི་གདམས་པ་ཡིག་ཆུང་ཉི་ཤུ་རྩ་གཅིག་གི་སྐོར་ལ། མཁས་གྲུབ་རྗེས་ཟིན་བྲིས་སུ་མཛད་པའི་དཀར་ཆག་ཐོའི་ཡིག་ཆུང་། དམ་ཚིག་རྡོ་རྗེའི་བཟླས་པ། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ལྟ་བའི་ཡིག་ཆུང་། བསྐྱེད་རིམ་གྱི་འཁྲིད། རྫོགས་རིམ་ལ་དམིགས་རིམ། ལག་རྗེས། ཉེར་མཁོ་སྟེ་སྤྱིའི་ཡིག་ཆུང་གསུམ། རྡོར་བཟླས། སེམས་དབེན། སྒྱུ་ལུས་ཏེ་སོ་སོའི་ཡིག་ཆུང་གསུམ། བསྲེ་བ། འཕོ་བ། བོགས་འདོན། གེགས་སེལ། རྣམ་གསུམ་རིགས་དབྱེ། ཕྱག་རྒྱ་སྲོག་རྩོལ་ཏེ་ཡོངས་བསྡོམས་བཅུ་བདུན། དེའི་སྟེང་དུ་གསང་འདུས་རྒྱུད་འགྲེལ། རྡོ་རྗེ་


GLG002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གུར། བླ་མའི་མན་ངག་གིས་བསྟན་པ་སྟེ་གསལ་བྱེད་གསུམ། མ་རྒྱུད་ཀྱི་རྫོགས་རིམ་གཏུམ་མོ་ལ་བརྟེན་ནས་དགའ་བཞི་འདྲེན་ཚུལ་སོགས་གནད་ཆེ་བའི་ཡིག་ཆུང་བསྣན་པས་ཉི་ཤུ་རྩ་གཅིག །ཡིག་ཆུང་ཉེར་གཅིག་ཏུ་མི་གཏོགས་པའི་ལུས་དཀྱིལ་གྱི་ཡིག་ཆུང་སོགས་བསྐྱེད་རིམ་ལ་ཉེ་བར་མཁོ་བ་རྗེས་འབྲེལ་དང་བཅས་པ་རྣམས་ནོས་པའི་བརྒྱུད་པ་ནི། རྒྱལ་བ་བཙོང་ཁ་པ་ཆེན་པོ། ཆོས་རྗེ་དགེ་ལེགས་དཔལ་བཟང་། རྗེ་ཆོས་ཀྱི་རྒྱལ་མཚན། མཚུངས་མེད་གྲགས་པ་བཟང་པོ། མཁན་ཆེན་དཔལ་ལྡན་འོད་ཟེར། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས། ལྷའི་བཙུན་པ་བསོད་ནམས་དཔལ་བཟང་། སློབ་དཔོན་བཀྲ་ཤིས་པ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །རྗེ་འདུལ་བ་འཛིན་པས་མཛད་པའི་འདུལ་བའི་གླེང་འབུམ་གྱི་ལུང་ནོས་པའི་བརྒྱུད་པ་གོང་མ་རྣམས་གསན་ཡིག་འཐོར་པའི་ཁྲོད་དུ་སོང་བས་མ་རྙེད། རྩེས་དང་བྱང་མ་ཁང་གསར་པ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །འདུལ་བ་འཛིན་པ་ཆེན་པོའི་གཞི་གསུམ་ཆོ་གའི་ལུང་མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ཞུས། དེས་རྗེ་སངས་རྒྱས་ཡེ་ཤེས་ལ་གསན། དེ་ཡན་གྱི་བརྒྱུད་པ་མ་རྙེད། ༈ མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ་ཐོར་བུའི་སྐོར་ལ། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པ་དད་པའི་རོལ་མཚོ། དེའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པའི་སྒོ་ནས་གསོལ་བ་གདབ་པ་དཔལ་ལྡན་ས་གསུམ་མ། དེ་ཉིད་


GLG002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་མངོན་པར་རྟོགས་པར་འཚང་རྒྱ་ཚུལ་ལ་སྟོན་པའི་སྤྲུལ་པའི་སྐུའི་བཀོད་པར་སྨོན་ལམ་དུ་བྱ་བ། དེ་ཉིད་ལ་བསྟོད་པ་མི་བྱེད་མ། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་བསྟོད་ཚིག་ཚངས་པའི་དབྱངས། ཀུན་མཁྱེན་ཤེས་རབ་དཔལ་བཟང་ལ་བསྟོད་པ་བྱིན་རླབས་ཀྱི་འདོད་འཇོ། སློབ་དཔོན་རིན་པོ་ཆེ་གྲགས་པའི་མཚན་ཅན་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་ཚོགས་གཉིས་མ། མཁན་ཆེན་ཚ་ཁོ་བ་ངག་དབང་གྲགས་པ་ལ་བསྟོད་པ་ཚོགས་གཉིས་ཆ་ཤས་མ། སྙིང་པོ་དོན་གསུམ་གྱི་བརྒྱུད་འདེབས་ཚོགས་གཉིས་མ། གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས་ལ་བསྟོད་པ་ཁྱབ་བདག་མ། བདེ་མཆོག་ཡབ་ཡུམ་ལ་མངོན་པར་བསྟོད་པ་དཔལ་ལྡན་མ། འཇམ་དབྱངས་སྨྲ་བའི་སེང་གེ་ལ་བསྟོད་པ་མཚན་དཔེ་མ། དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པར་བསྟོད་པ་དཔལ་ལྡན་མ། རྗེ་བཙུན་འཇམ་དབྱངས་ཀྱི་གསོལ་འདེབས་དུས་གསུམ་མ། དེ་ལས་བསྟོད་པ་གང་ལ་མ། དེ་ལ་བསྟོད་པ་རྒྱལ་སྲས་མ། དེ་ལ་སྨོན་ལམ་དུ་གསོལ་བ་རིན་ཅེན་མ། དེའི་ཤིས་པ་བརྗོད་པ་དགེ་ལེགས་མ། མི་གཡོ་བའི་བསྟོད་པ་གཏུམ་ཆེན་མ། སྐྱེས་བུ་གསུམ་གྱི་ལམ་རྣམ་པར་ངེས་པ་བྱ་དཀའ་བའི་མཛེས་རྒྱན། འདི་གཉིས་མེ་ལོང་གི་གཞུང་དངོས་དང་མི་འདྲ་བའི་ཟུར་པ་ཞིག་ཡིན་འདྲ། སྒྲ་རྒྱན་གྱི་དཔེ་རབ་ཏུ་གསལ་བར་བྱེད་པ་ཚིག་གི་འདོད་འཇོ། སྨྲ་བ་རྣམ་པར་ངེས་པ་རབ་དགའི་འཇུག་པ་རང་གི་རྟོགས་པ་གཏམ་དུ་བསྙད་པ། ཆོས་རྒྱལ་རྒྱལ་མཁར་རྩེ་བ་དང་ཐུགས་མ་མཐུན་པའི་ཚེ་མཛད་པ་དེ་ཡིན་འདྲ། ཐུན་དྲུག་གི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ། རྟོགས་པ་དང་ལྡན་པ་དག་ལ་གཏམ་དུ་བྱ་བ་གཟུགས་བརྙན་གསལ་བར་བྱེད་པའི་མེ་ལོང་། ཀུན་མཁྱེན་


GLG002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རོང་པོ་དང་རྩོད་པའི་དུས་བཏབ་པའི་ཚེ་མཛད་པའི་ཚིགས་བཅད་མ། རྗེ་བཙུན་བཙོང་ཁ་པ་ཆེན་པོའི་གསང་བའི་རྣམ་ཐར་ཡོངས་སུ་བརྗོད་པའི་གཏམ་རིན་པོ་ཆེའི་སྙེ་མ། རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་བསླབ་བྱ་མདོར་བསྡུས་དཀྱིལ་འཁོར་གྱི་འཁོར་ལོ་ཐ་དད་པ་ཉིན་ཞག་ཕྲུགས་གཅིག་ལ་ཐུན་བཞིར་བསྒོམ་པའི་དྲིས་ལན། ཆོས་གྲྭ་ཆེན་པོ་སྣར་ཐང་གཟིམས་ཁང་དུ་ཕུལ་བའི་ཚིགས་བཅད་མཐོ་རིས་མ། ཆབ་ཤོག་མང་ཐོས་མ། བླ་མ་ནམ་མཁའ་བཀྲ་ཤིས་ལ་ཕུལ་བའི་ཆབ་ཤོག །བཤེས་གཉེན་ཤེས་རབ་བཟང་པོའི་འཕྲིན་ལན། གུ་གེ་བདག་པོ་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་དཔལ་བཟང་པོའི་བཀའ་ཤོག་ལན། དྲུང་བདག་མོ་བའི་འཕྲིན་ལན། ཚ་བ་རོང་པ་བཤེས་གཉེན་ཐར་པ་རྒྱལ་མཚན་གྱི་དྲི་བའི་ལན། དེས་གདམས་ངག་ཉུང་ངུ་དགོས་ཚུལ་བྱུང་བའི་ལན། བྱང་པ་རིགས་ལྡན་ཆེན་པོ་རྣམ་རྒྱལ་གྲགས་བཟང་གི་དྲིས་ལན། རིན་སྤུངས་སུ་དྲུང་ཆེན་པོ་ནོར་བུ་བཟང་པོ་ལ་ཕུལ་བའི་ཞུ་ཡིག །གདན་ས་ཆེན་པོའི་བཤེས་གཉེན་ཀྭན་དིང་གོ་ཤྲཱིས་གསང་འདུས་ལུས་དཀྱིལ་ལ་ལན་བཏབ་པའི་ཡང་ལན། མཉམ་མེད་ཤཱཀྱའི་རྒྱལ་པོར་གསེར་གྱི་མཎྜལ་ཕུལ་བའི་ཁ་བྱང་སྨོན་ལམ། རིན་ཅེན་དབང་ཕྱུག་གིས་བསྐུལ་བའི་ངོར་མཛད་པའི་སྨོན་ལམ་མ་ལུས་ཆོས་ཀུན་མ། ཡང་དག་པའི་ལྟ་བའི་གནད་ལ་རྗེ་ཐམས་ཅད་མཁྱེན་པའི་བཞེད་པ་ལྟར་གོལ་ས་བཅད་པ་ཉུང་ངུ་ཚིག་གསལ། སྔགས་ཀྱི་དམ་རྫས་ཀྱི་རྣམ་གཞག་རྣལ་འབྱོར་རོལ་པའི་དགའ་སྟོན་རྣམས་ཀྱི་ལུང་མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ཞུས། དེ་ཉིད་ཀྱིས་རྗེ་སངས་རྒྱས་ཡེ་ཤེས་ལ་གསན། དེ་


GLG002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་གྱི་བརྒྱུད་པ་མ་རྙེད། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས་བཤད་ལུང་ཞིབ་མོར་འཇམ་དབྱངས་བླ་མ་དཀོན་ཅོག་ཆོས་འཕེལ་ལ་ཞུས། དེས་ཁྲི་རིན་པོ་ཆེ་སྟག་ལུང་བྲག་པར་གསན་འདུག་བརྒྱུད་པ་གཞན་རྣམས་མ་རྙེད། དྲིལ་བུ་ལུས་དཀྱིལ་གྱི་འཁྲིད་ཡིག་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་རྒྱུན་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་ཟིན་བྲིས་སུ་བཏབ་པའི་ལུང་ནོས་པའི་བརྒྱུད་པ་ནི། མཁས་གྲུབ་དགེ་ལེགས་དཔལ་བཟང་། སྤྱན་སྔ་བློ་གྲོས་རྒྱལ་མཚན། མཁན་ཆེན་དཔལ་ལྡན་འོད་ཟེར། རྡོ་རྗེ་འཆང་སྔགས་རམ་པ། ལྷའི་བཙུན་པ་བསོད་ནམས་དཔལ་བཟང་། རྗེ་བཀྲ་ཤིས་མཚན་ཅན། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རིགས་གསུམ་མགོན་པོ་དང་སྙིང་ཞུགས་མའི་ཟབ་ཁྱད་ཅན་གྱི་བརྒྱུད་པ་ནི། རྒྱལ་བ་བཙོང་ཁ་པ་ཆེན་པོ། མཁས་གྲུབ་རྗེ། བ་སོ་ཆོས་ཀྱི་རྒྱལ་མཚན། བར་འདིར་བླ་མ་གཅིག་ཙམ་མ་རྙེད། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། དྲུང་པ་ལྷའི་བཙུན་པ། འཇམ་དབྱངས་སྟག་ལུང་བྲག་པ། ཁྲི་རིན་པོ་ཆེ་དཀོན་ཅོག་ཆོས་འཕེལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་བའི་གླེང་འབུམ་ཆེན་མོ། འདུལ་ཊཱིག་རིན་ཅེན་འཕྲེང་བ། བྱམས་པའི་སྐུ་གཟུགས་ཕུལ་བྱུང་མ་གསུམ་གྱི་ལུང་གི་བརྒྱུད་པ་གོང་མ་རྣམས་མ་རྙེད། རྗེ་སངས་རྒྱས་ཡེ་ཤེས་ལ་མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསན། དེ་ལ་བདག་གིས་ཞུས། སེང་ལྡེང་ནགས་སྒྲོལ་གྱི་
བསྟོད་པ་ལེགས་བྲིས་མ་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ལ་ཞུས། བརྒྱུད་པ་གོང་མ་རྣམས་མ་བྱུང་། ༈ །པཎ་ཆེན་ནགས་རིན་ནས་བརྒྱུད་པའི་རྫས་ཀྱི་གཏུམ་མོའི་གདམས་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། པཎྜི་ཏ་ནགས་ཀྱི་རིན་ཅེན། པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ། འབྲས་སྤུངས་ཆོས་རྗེ་ལེགས་པ་ཆོས་འབྱོར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། དྲུང་པ་ལྷ་རིན་པོ་ཆེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། གྲུབ་ཆེན་ན་ཁ་བ་ཐར་པའི་རྒྱལ་མཚན། སློབ་དཔོན་སྐལ་བཟང་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཐམས་ཅད་མཁྱེན་པ་འགོས་ལོ་ཡེ་བཟང་རྩེ་པ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོའི་ནང་ནས་གསང་སྔགས་རྙིང་མ། བསྟན་པ་ཕྱི་དར། སྤྱོད་ཡུལ་གསུམ་གྱི་ཆོས་འབྱུང་གི་ལུང་ནི། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། རྩིས་དང་ལས་ཆེན་ཀུན་དགའ་རྒྱལ་མཚན། དེ་ནས་བླ་མ་གཉིས་ཙམ་ཞིག་མ་རྙེད། བྱང་མ་ཁང་གསར་བ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ།


previousསྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་བཀའ་འབུམ་གླེགས་བམ་གྱི་རིམ་པ་ནོས་པའི་སྐོར།next