Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
collapse section
 
  
  
  
  
  
  
  
  
  
  
  
  
 
གསང་སྔགས་སྔ་འགྱུར་གྱི་རྒྱ་ཆེ་བ་བཀའ་མ་དང་ཟབ་པ་གཏེར་མ་གཉིས་ཀྱི་སྐོར།
  
  
  
  
  
  
  
  
  
  


4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགསང་སྔགས་སྔ་འགྱུར་གྱི་རྒྱ་ཆེ་བ་བཀའ་མ་དང་ཟབ་པ་གཏེར་མ་གཉིས་ཀྱི་སྐོར།next

གསང་སྔགས་སྔ་འགྱུར་གྱི་རྒྱ་ཆེ་བ་བཀའ་མ་དང་ཟབ་པ་གཏེར་མ་གཉིས་ཀྱི་སྐོར།


GLG002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གསང་སྔགས་སྔ་འགྱུར་གྱི་སྐོར་ལ་རྒྱ་ཆེ་བ་བཀའ་མ་དང་ཟབ་པ་གཏེར་མ་གཉིས། དང་པོ་ནི། རྣལ་འབྱོར་མ་རྒྱུད་བདེ་སྟོང་སངས་རྒྱས་མཉམ་སྦྱོར་གྱི་སྙིང་པོའི་བཅུད་བསྡུས་ཤིང་ཡེ་ཤེས་གསང་བ་ལ་སོགས་པའི་རྒྱུད་སྡེ་བཅུ་གསུམ། ནམ་མཁའ་དང་མཉམ་པ། ཡེ་ཤེས་རྫོགས་པ། ཀློང་དགུ་པ། ཡེ་ཤེས་བདུན་འབྱུང་། ཉ་མོ་འཁོར་ལོ། རྒྱ་མཚོ་སྒྲོན་མ། རྙོག་པ་མེད་པ། སྙིང་པོ་དོན་རྒྱུད། རིག་པ་ནམ་མཁའ་ལྟར་གསལ་བ། མདོ་ལྔ་སྙིང་པོ། མཁའ་དང་མཉམ་པ། ཕྱི་མའི་ཕྱི་མ་རྣམས། རྡོ་རྗེའི་ཟམ་པ་དབང་གི་མན་ངག་ལ་སོགས་པའི་སྒྲུབ་སྡེ་བཅུ་གསུམ། འཕྲུལ་གྱི་མེ་ལོང་བརྩེགས་པ། ཟམ་པ་ཆུང་ངུ་། རིན་པོ་ཆེའི་འོད། སྣང་བ་འོད། གསལ་བ་འོད། འགྲོ་དྲུག་གཡང་ས་བཅད་པ། རིན་པོ་ཆེའི་པྲ་ཀྲྀ་ཏ། རྣ་


GLG002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཚིག་གསུམ། ལམ་གྱི་དཔེ་བཞི། གཞི་ལམ་འབྲས་བུའི་གདམས་པ། རྣ་བརྒྱུད་ལུང་འཕྲེང་། རིན་པོ་ཆེ་གསེར་འཕྲེང་རྣམས། ལྟ་བའི་ཀློང་ལ་སོགས་པ་ཀློང་དགུའི་སྒོམ་པའི་ཀློང་། སྤྱོད་པའི་ཀློང་། འབྲས་བུའི་ཀློང་། ས་ལམ་གྱི་ཀློང་། དཀྱིལ་འཁོར་གྱི་ཀློང་། དབང་གི་ཀློང་། དམ་ཚིག་གི་ཀློང་། འཕྲིན་ལས་ཀྱི་ཀློང་རྣམས། དོན་གྱི་བཅུད་ཕྱུང་རང་བཞིན་རྫོགས་པ་ཆེན་པོ་སྙན་བརྒྱུད་རྡོ་རྗེའི་ཟམ་པ་ཞེས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་གྱུར་པ་འདི་ཉིད་འཇིག་རྟེན་གྱི་མིག་གཅིག་པུ་ལོ་ཆེན་བཻ་རོ་ཙ་ནས་མཁས་པ་ཤྲཱི་སིངྷ་སོགས་རྒྱ་གར་གྱི་པན་ཆེན་ཉི་ཤུ་རྩ་ལྔའི་ཐུགས་ཀྱི་གསང་མཛོད་བརྟོལ་བའི་གདམས་པ་ཟབ་མོ་ལ་བརྒྱུད་པ་སྔ་ཕྱི་བར་གསུམ་ལས་ཕྱི་མའི་སྐོར་བཻ་རོའི་འདྲ་འབག་ཏུ། བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་བསླབས་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་པས་ཚ་བའི་རོང་དུ་མཆིས། །རྒྱུད་སྡེ་ཀློང་སྡེའི་བཀའ་བཀྲོལ་བས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། ཅེས་དཔང་མི་ཕམ་མགོན་པོ་ལ་སྙན་བརྒྱུད་དུ་གདམས་ཤིང་དེ་ནས་བཟུང་སྟེ་བརྒྱུད་པ་བདུན་གྱི་བར་ཕུང་པོ་ལྷག་མེད་འཇའ་ལུས་འོད་སྐུར་གྲོལ་བ་ཤ་སྟག་ཏུ་བྱོན་པའི་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་ནས་ཞལ་སྙན་ནས་སྙན་དུ་རྒྱུད་པའི་ཟབ་ཅིང་ཆེས་དཀོན་པའི་ཆོས་སྐོར་ནོད་པ་ལ། ཚོམ་བུ་བུམ་པ་བདུད་རྩི་སིནྡྷུ་རའི་དཀྱིལ་འཁོར་དུ་འཛེང་རྡོ་རྗེ་སྲ་བས་མཛད་པའི་བྱིན་རླབས་རྒྱས་འབྲིང་


GLG002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་གསུམ་གྱི་སྟེང་ནས་མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ལུང་ཞར་བྱུང་དུས་བཞི་རྣལ་འབྱོར་གྱི་ལུང་འབོགས་པ། སྒོ་གསུམ་ལས་ཀྱི་སྤྱོད་པ་སྔོན་འགྲོ་ཆོས་སྤྱོད། འཇུག་པ་དང་བཅས་པ་སྔོན་དུ་བཏང་བའི་བྱིན་རླབས་རྒྱས་པ་བུམ་པས་རིགས་ལྔ་སྐུ་ལྔ། ཡེ་ཤེས་ལྔ། སྐུ་གསུང་ཐུགས་ཀྱི་དབང་། བདུད་རྩི་ཀ་པཱ་ལས་གསང་དབང་། ཐིག་ལེ་དཀར་དམར་གྱིས་ཤེར་དབང་། རྡོ་རྗེ་ཚེ་དབང་། ཞིང་ཁམས་བསྟན་པ། ཚུལ་ཤིང་གིས་ཚིག་དབང་། སྒོམ་ཐག །སྒོམ་རྟེན་གཏད་པ། བཀའ་སྲུངས་མཁའ་འགྲོ་གསུམ་གྱི་གཉེར་གཏད། བྱིན་རླབས་འབྲིང་པོ་ཤར་སྒོར་བའི་རྣམ་ལྔའི་སྟེང་དུ་བུམ་པ། ལྷོ་སྒོར་ཤ་ལྔ་བདུད་རྩི་ལྔའ་ིསྟེང་དུ་ཐོད་པ། ནུབ་སྒོར་ཐིག་ལེའི་སྟེང་དུ་མེ་ལོང་། བྱང་སྒོར་གུར་ཀུམ་གྱི་སྟེང་དུ་ཚུལ་ཤིང་བཏད་པ་སྟེ་དབང་བཞི། བྱིན་རླབས་བསྡུས་པ་གཏོར་མས་ལྷ་དབང་ལུས། བདུད་རྩིས་སྔགས་དབང་ངག །ལྕེ་སྟེང་མྱང་བས་ཆོས་དབང་སེམས། ཚིག་གི་བརྡ་སྤྲད་པས་དེ་ཁོ་ན་ཉིད་དེ་དབང་བཞི་ལེགས་པ་ནོད་ནས། རྒྱབ་རྟེན་ལུང་ལ། གཞུང་དང་ཡིག་སྣའི་སྐོར། བྱིན་རླབས་དབང་གི་སྐོར། སྒོམ་སྒྲུབ་ཉམས་ལེན་གྱི་སྐོར། ཞལ་གདམས་གདམས་པའི་སྐོར་དང་བཞི། དང་པོ་ལ། སྒྲུབ་སྡེ་བཅུ་གསུམ་གྱི་སྙིང་པོ་རྣ་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་རྩ་བའི་གཞུང་ཆུང་སློབ་དཔོན་ཆེན་པོ་བཻ་རོ་ཙ་ནས་མཛད་པ། དེའི་འགྲེལ་པ་ལོ་རྒྱུས་ཆེན་མོ་གདམས་པ་གཞུང་བཤད་བཅས་པ། འཛེང་ཡབ་སྲས་ཀྱི་སློབ་མ་སློབ་དཔོན་ཀུན་བཟང་རྡོ་རྗེས་མཛད་ནས་བླ་མ་རྒྱ་ཡེ་ཤེས་སེང་གེ་ལ་ཐུགས་ལ་བཏགས་ཏེ་གནང་བ་བཀྲ་ཤིས་ཆོས་སྐུ་ཀུན་བཟང་མ་དང་བཅས་པ། ལོ་རྒྱུས་ཆུང་བ་གདམས་ངག་དང་བཅས་པ་སྒྲུབ་


GLG002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བཅུ་གསུམ་གྱིསྙིང་པོ་རྣ་བརྒྱུད་རིན་པོ་ཆེ་ཟམ་པའི་མན་ངག །འདིའི་ལོ་རྒྱུས་སྐབས་མཐའ་བཞི་སྟོན་པ་གཞོན་ནུ་བྱང་ཆུབ་ཡན་ཡོད་པ་མཛད་པ་པོ་ཀུན་བཟང་རྡོ་རྗེ་ཡིན་མིན་དོགས་གནས་ཅུང་ཟད་སྣང་མོད་འོན་ཀྱང་བརྒྱུད་པ་ལྷག་མ་རྣམས་སླར་བསབས་སམ་སྙམ། དགོངས་བརྒྱུད་བརྡ་བརྒྱུད་སྙན་བརྒྱུད་བྱུང་ཚུལ་ཀུན་བཟང་ཆོས་ཉིད་མ་མཁའ་འགྲོ་གཏད་རྒྱའི་མཐའ་ཅན། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོས་ཆོས་སྡེ་རྒྱུད་སྡེ་ཀློང་སྡེ་གསུམ། ལོངས་སྐུའི་སྟོན་པ་གངས་ཆེན་མཚོས་ཀྲྀ་ལ་ཨུ་པ་ཡོ་ག་གསུམ། སྤྲུལ་སྐུའི་སྟོན་པ་ཤཱཀྱ་ཐུབ་པས་སྡེ་སྣོད་གསུམ་བསྟན་ཚུལ་དོན་ཆེད་བཅས་པ་འོད་གསལ་བའི་མཐའ་ཅན་སྐབས་སྦྱོར། སློབ་དཔོན་དགའ་རབ་རྡོ་རྗེའི་སྤྱི་བོར་རྡོ་རྗེ་སེམས་དཔས་ཕྱག་བརྐྱངས་ནས་བརྡ་བསྟན་པས་གྲོལ་བའི་ལོ་རྒྱུས་མནལ་བར་བྱ་བ་ལགས་སྐད་ཀྱི་མཐའ་ཅན་སྐབས་སྦྱོར། འདྲ་འབག་ནས་ཕྱུང་བའི་བཻ་རོ་ཚ་བ་རོང་ནས་བོད་དུ་བྱོན་ཏེ་ཆོས་བསྒྱུར་བ་དང་མ་ལ་སྡོམ་པ་གསུམ་ཕོག་ཚུལ་སྐབས་སྦྱོར། བཻ་རོའི་སྙིང་པོ་བཅུ་གསུམ་གྱི་མགུར། དཔེ་དྲུག་གིས་མཚོན་པའི་མགུར། ཨཱཪྱ་པ་གླིང་དུ་བཻ་རོ་དང་གཙང་ལེགས་གྲུབ་ལ་རྨི་ལམ་རྟགས་བཟང་བྱུང་བ། ཨོ་རྒྱན་ཡུལ་གྱི་མཚན་ཉིད། སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་ཡིན་ནོའི་མཐའ་ཅན་སྐབས་སྦྱོར། གྲོལ་བ་མཐར་ཕྱིན་རྡོ་རྗེའི་ཚིག་ཅེས་སྒོམ་མེད་དོན་གྱི་གཟེར་ཆེན་གསེར་འགྱུར་གྱི་རྩི་བཏང་བ་ལྟར་རོའི་མཐའ་ཅན་སྐབས་སྦྱོར། བཀའ་བབས་ཕྱི་མའི་ཀས་མནྟ་བདེ་བ་ཀུན་སྤྱོད་ཀྱི་ལམ་གཏན་ལ་དབབ་པ་སྐབས་སྦྱོར། མཆོད་བརྗོད་དང་སྟོན་པར་དམ་བཅའ་


GLG002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་འཕྲོས་ཏེ་ཀུན་ཏུ་བཟང་པོས་དབང་པོ་རབ་གསུམ་ལ་རྒྱུད་ཀློང་སྡེ་གསུམ། རྣམ་པར་སྣང་མཛད་ཀྱིས་དབང་པོ་འབྲིིང་གསུམ་ལ་ཀྲྀ་ཡོ་ག་ཨུ་གསུམ། ཤཱཀྱ་ཐུབ་པས་དབང་པོ་ཐ་མ་གསུམ་ལ་འདུལ་སྡེ་མངོན་གསུམ་བསྟན་ཚུལ་སོགས་དམ་བཅའ་བ་བསྟན་པ་པོའི་མཐའ་ཅན་སྐབས་སྦྱོར་ལྷན་ཐབས་རྒྱས་པ། བཀྲ་ཤིས་མཚན་ལྡན་ཀ་པཱ་ལའི་དོན་བཤད་པ། སྙན་བརྒྱུད་རྡོ་རྗེ་ཟམ་པའི་མན་ངག་གི་དཀར་ཆག །འཛེང་དྷརྨ་བོ་དྷིའི་ལོ་རྒྱུས་སྐབས་སྦྱོར། ཁོག་ཆིངས་བཀའི་ངོས་འཛིན་རྣམས། གཉིས་པ་བྱིན་རླབས་དབང་གི་སྐོར་ལ། བདུད་རྩི་འཁྱིལ་པར་བརྟེན་པའི་རྒྱ་མཚོ་ཁྲུས་ལུང་སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ། སྔོན་འགྲོ་ཁྲུས་ཆོག་ལ་བུམ་པ་གསུམ་བཅའ་ཚུལ། ནང་དག་པ་རྒྱ་མཚོ་ཁྲུས་ཀྱི་ལུང་། སྒོ་གསུམ་གྱིས་ཕྱག་འཚལ་སྙིང་པོ་བཟླ་ཞིང་བསྒོམ་པའི་མན་ངག །སྨིན་པ་གྲོལ་བྱེད་བསྒོམ་ཚུལ་བླ་མའི་ལུང་གིས་དབང་བཞི་པ་ཚུལ་བཞིན་གཏོད་པ་དུས་བཞི་རྣལ་འབྱོར་གྱི་ལག་ལེན་ནོའི་མཐའ་ཅན། འཛེང་རྡོ་རྗེ་སྲ་བས་མཛད་པའི་མངོན་རྫོགས་རྒྱལ་པོའི་གཞལ་ཡས་ཁང་བསྒོམ་པ། མཎྜལ་བྱིན་རླབས་བསྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་འབྲིང་བསྡུས་གསུམ་རྫོགས་བྱང་གི་མཐའ་ཅན་རྣམས། གསུམ་པ་སྒོམ་སྒྲུབ་ཉམས་ལེན་སྐོར་ལ། སྒོམ་པ། སྒྲུབ་པ། ཆ་ལག་དང་གསུམ། དང་པོ་ལ་བརྒྱུད་འདེབས་རྒྱས་པ་མ་ནོར་མ་བཅོས་མ། འབྲིང་པོ་གཞོན་ནུ་དཔལ་འཛིན་མ། ཁྱུང་ཚང་པ་དཔལ་འཛིན་མ། ཁྱུང་ཚང་པ་དཔལ་ལྡན་བློ་གྲོས་ཀྱིས་མཛད་པའི་བསྡུས་པ་ཀུན་བཟང་རྡོར་སེམས་མ། རྒྱུད་བསྟོད་པ་ན་མོ་ཆོས་དབྱིངས་མ། བདུན་


GLG002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་རྡོ་རྗེ་སློབ་དཔོན་མ། ཡན་ལག་བདུན་པ་ཚིགས་ལྷུག །བླ་མ་འཛེང་གི་བསྔོ་བ་ཕྱག་ལེན། སྔོན་འགྲོ་སྒོ་གསུམ་གྱིས་ཕྱག་འཚལ་སྙིང་པོ་བཟླ་ཞིང་བསམ་གཏན་སྒོམ་པ་གཉུག་མའི་རང་ས་ཟིན་པར་བྱིན་གྱིས་རློབས་ཀྱི་མཐའ་ཅན། ཉམས་ལེན་གྱི་སྙིང་པོ་རྣ་བརྒྱུད་རྡོ་རྗེ་ཟམ་པའི་བརྒྱུད་པ་མཐའ་མའི་མན་ངག་ལོ་ཆེན་བཻ་རོས་མཛད་པ་རྒྱ་གར་ཡུལ་གླིང་ཆེན་པོ་དགུའི་ལོ་རྒྱུས་ཡོད་པ། དམ་པ་རིན་པོ་ཆེའི་སྙན་བརྒྱུད་རྡོ་རྗེ་ཟམ་པའི་གདམས་པ་དམར་འཁྲིད་ལག་ཏུ་བླངས་པའི་རིམ་པ། འདི་དཔང་མི་ཕམ་མགོན་པོའི་གསུང་ཡིན་མིན་བརྟག །འཛེང་དྷརྨ་བོ་དྷིས་འོ་ལ་བཛྲ་སིདྡྷི་ལ་གནང་བའི་ཉམས་འཁྲིད་སྒོམ་གྱི་ཡི་གེ་གསལ་བའི་སྒྲོན་མ། སྙན་བརྒྱུད་ཀྱི་འཁྲིད་འོ་ལ་ཇོ་སྲས་ཀྱིས་རྒྱ་སྒོམ་གྱི་སྣོད་དུ་བླུག་པ། སྒོམ་གྱི་ཁྲིགས་རིམ་བཅོ་ལྔ་རྒྱུད་ལུང་མན་ངག་དང་མི་འགལ་བར་འོ་ལས་གོ་རི་བའི་ཐུགས་དམ་དུ་གནང་བ། སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ཞྭ་དམར་བཞི་པས་མཛད་པའི་འཁྲིད་ཡིག་སྐལ་བཟང་མིག་འབྱེད་རྣམས། གཉིས་པ་སྒྲུབ་པ་ལ། ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་སྒྲུབ་ཐབས་རྩ་བ་སློབ་དཔོན་ཨ་ཝ་དྷཱུ་ཏི་པ་རྡོ་རྗེ་ཆོས་ཀྱིས་མཛད་པ། ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱི་སྒྲུབ་ཐབས་ཉམས་སུ་བླང་བའི་ཆོས་དཔལ་ཨ་ཝ་དྷཱུ་ཏི་པ་རྡོ་རྗེ་ཆོས་ཀྱིས་མཛད་པ། ཡབ་ཡུམ་གྱི་མངོན་རྟོགས་ལྷན་ཐབས་རྒྱལ་པོ་ཉི་མ་སེང་འོད་ཀྱིས་དུར་ཁྲོད་སོ་ས་ལར་བསྒྲུབ་པས་ཞག་བདུན་ནས་ཡབ་དང་དེ་ནས་ཞག་བདུན་ལ་ཡུམ་ཞལ་གཟིགས་ཚུལ་ཡོད་པ། རིན་པོ་ཆེ་དབང་གི་མན་ངག་ཅེས་པ་སྐྱེད་རྫོགས་ཟུང་འཇུག་གི་གདམས་པ་མངོན་རྫོགས་རྒྱལ་པོའི་ཡང་དག་གི་འཕྲིན་ལས་སྒྲུབ་པ་དངོས་གཞི་ཚོགས་


GLG002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དང་བཅས་པ། བདེ་བ་སྟོབས་དང་ལྡན་པའི་སྒྲུབ་ཐབས་མི་གཡོ་མགོན་པོས་གསུངས་པ། མཁའ་འགྲོ་རྣམ་གསུམ་གྱི་སྒྲུབ་ཐབས་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོའི་མཐའ་ཅན། རྒྱུ་རྐྱེན་བཟླས་བརྗོད་ཀྱི་སྔགས་བསྟན་པ། ཌཱ་ཀི་མངོན་སྤྱོད་ཀྱི་དངོས་གྲུབ་བླང་བའི་སྒྲུབ་པ་ཛ་ལནྡྷ་རའི་གནས་རྣམ་པར་བསྒྱུར་བ་དཔལ་གནས་པའི་གཞུང་ལུགས་ལས་དཔལ་མི་མོ་ཞབས་ཀྱི་དགྲ་བགེགས་ཚར་གཅོད་པ་རྣལ་འབྱོར་ཐམས་ཅད་ལ་དངོས་གྲུབ་སྟེར་བའི་གཞུང་ལུགས་སྦྱིན་སྲེག་བྱ་འོའི་མཐའ་ཅན་མཁན་པོ་ཛྙཱ་ན་བཛྲ་ལོ་ཙཱ་བ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བ། རིན་པོ་ཆེའི་གཟུགས་དང་འཁོར་ལོར་བརྟེན་པའི་ཌཱ་ཀི་ལོངས་སྤྱོད་ཀྱི་སྒྲུབ་པ། ཛ་ལནྡྷ་རའི་གནས་རྣམ་པར་བསྒྱུར་བ་དཔལ་གནས་པའི་གཞུང་ལུགས་ལས་དཔལ་མི་མོ་ཞབས་ཀྱི་དངོས་གྲུབ་དགྲ་ཚར་གཅད་པ་ཨོཾ་ཀ་ནན་བྱ་འོའི་མཐའ་ཅན་མཁན་པོ་ཛྙཱ་ན་བཛྲ་དང་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་བསྒྱུར་བ། ལྷ་མོ་གཏུམ་མོའི་སྒྲུབ་ཐབས་དཔལ་མི་མོའི་ཞབས་ཀྱི་རིམ་པ་ལས་བྱུང་བ་ཛྙཱ་ན་བཛྲ་དང་སྨོན་ལམ་བྱང་ཆུབ་ཀྱིས་ཞུས་ཏེ་ལོ་ཙཱ་བ་ལྷ་བྱང་ཆུབ་ཀྱིས་ཁ་ཆེ་འབྲིང་ཁ་ཝ་ཏིའི་དཔེ་ལ་ཞུ་གཏུགས་བྱས་ཤིང་། སླར་ཡང་ཇོ་བོ་མ་ཧཱ་བཛྲ་དང་མར་དོ་ཆོས་ཀྱི་དབང་ཕྱུག་གིས་གཏན་ལ་ཕབ་པ། ལྷ་མོ་གཏུམ་མོ་ལ་དགྱེས་པའི་བསྟོད་པ་འཇིགས་དུས་མེ་འོད་མ། རྣལ་འབྱོར་པ་ཐམས་ཅད་ཀྱི་དགྲ་ཚར་གཅོད་པའི་དངོས་གྲུབ་ཀྱི་ལས་ཞེས་པ་ཛྙཱ་ན་བཛྲ་དང་ཤེས་རབ་གྲགས་ཀྱིས་བསྒྱུར་བ། འབར་མ་དཔོན་གཡོག་བཞིའི་བསྟོད་པ་འགྲོ་དོན་འཕྲིན་ལས་མ། གཏུམ་མོ་ནི་བཟང་སྒྲོལ་མའི་སྒྲུབ་ཐབས་དཔལ་མི་མོའི་


GLG002_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱི་རིམ་པ་ལས་བྱུང་བ་ཛྙཱ་ན་ཙནྡྲ་དང་ལྷ་བྱང་ཆུབ་དམ་པས་བསྒྱུར་བ། ཛ་ལནྡྷ་རའི་གནས་བསྒྱུར་བ་དཔལ་གནས་པའི་གཞུང་ལུགས་ལས་དཔལ་མི་མོ་ཞབས་ཀྱི་དངོས་གྲུབ་བླང་བ་དང་དགྲ་བགེགས་ཚར་གཅོད་པའི་གདམས་ངག་རྣལ་འབྱོར་པ་ཐམས་ཅད་ལ་དངོས་གྲུབ་སྟེར་བའི་གཞུང་བཀའ་སྐྱོང་ཞི་བ་དང་ཁྲོ་མོ་དཔོན་གཡོག་གསུམ་གྱི་མཆོག་གི་དངོས་གྲུབ་བསྒྲུབ་པ། ཐུན་མོང་དངོས་གྲུབ་བསྒྲུབ་པ། ཌཱ་ཀི་ངན་སྔགས་སུ་བསྒྲུབས་ནས་དགྲ་གེགས་ཚར་གཅོད་པ་ཛྙཱ་ན་བཛྲ་དང་ཤེས་གྲགས་ཀྱིས་བསྒྱུར་བ། མཁའ་འགྲོ་མ་གསང་སྤྱོད་ཀྱི་སྒྲུབ་ཐབས་དོན་རྣམ་པ་གསུམ་གྱིས་བསྟན་པ། རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་མཁའ་སྤྱོད་བསྒྲུབ་པ་རྣམས། གསུམ་པ་ཆ་ལག་སྐོར་ལ། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་གཏོར་ཆོག །མཁའ་འགྲོའི་མཆོད་གཏོར་དང་ཁྱད་པར་སྤོས་སྦྱོར། བདུད་རྩི་བྱིན་གྱིས་བརླབས་ཏེ་རང་ཉིད་རོལ་ཐབས། བྱང་སེམས་དཀར་དམར་སྦྱོར་ཐབས། ཆོས་དམ་ཚིག་ལས་ཀྱི་མུ་དྲ་གསུམ་གྱི་སྔགས་འགྲོལ། འཕགས་པ་འཇམ་དཔལ་ཡི་གེ་འབྲུ་གཅིག་པའི་ཆོ་ག་ཕྱི་ནང་གསང་གསུམ་གྱི་བཅུད་ལེན་སྨན་གྱི་མཱུ་ལ། བཅུད་ལེན་བདུད་རྩིའི་སྒྲུབ་ཐབས། བདུད་རྩི་ཁུ་འདོན་གྱི་ཞལ་གདམས། མ་དག་པ་དག་བྱེད་རྒྱ་མཚོ་ཁྲུས་ལུང་ཞེས་པ་གནས་པ་རྒྱ་མཚོའི་ལུང་དང་བརྟན་པ་རྒྱ་མཚོའི་ལུང་གཉིས། རྒྱུད་ལས་བཏུས་པའི་དམ་ཚིག་ཉི་ཤུ་པ། གསན་ཡིག་ལ་ལར་ཉི་ཤུ་རྩ་བཞི་ཟེར་བའང་འདུག །ཧེ་རུ་ཀ་རོ་ཧཾ་གི་གདམས་པ་རྒྱུད་དང་གདམས་ངག་གཉིས་ཀྱི་བསྟན་པ། སྐུ་གསུང་ཐུགས་ཀྱི་གདམས་པ་དོན་གསུམ་གྱིས་བསྟན་པ། ཉིན་མོ་སྣ་ཚོགས་སྣང་བ་ལམ་དུ་ཁྱེར་


GLG002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོ་ཤེས་བྱ་བུམ་པར་གཞུག་པ་། དེ་གཉིས་ཀྱི་གདམས་པ་ཡིག་འབྲུ་ལྔ་ལ་བརྟེན་པའི་མན་ངག །སློབ་དཔོན་ར་མ་པའི་རྒས་པ་ན་བ་འཆི་བ་གསུམ་བཅིང་པ། ཐིག་ལེ་གོར་བ་དང་རྩ་ཁ་སྡོམ་པའི་མན་ངག་འཛེང་ཆེན་གྱིས་འཛེང་ཆུང་ལ་གནང་བ། རྡོ་རྗེ་སེམས་དཔའ་ཁུ་ཚུར་གྱི་མན་ངག་ལས་དང་རྐྱེན་བཅིང་བ། བསྙེན་པ་དང་སྒྲུབ་པ་ལས་སྦྱོར་གཉིས་ཀྱི་ཞལ་གདམས་ཌཱ་ཀི་མའི་སྤོས་སྦྱོར་རོའི་མཐའ་ཅན། མཁའ་འགྲོའི་ལས་ཀྱི་འགོ་མཇུག་ཏུ་དབང་དུ་བྱ་བ། དགུག་པ། སྡང་བ། རྨུགས་པ། རེངས་པ། ཕུར་བུས་གདབ་པ། ངག་འཕྲོག །རྨོངས་པ། ཞ་བ། འོན་པ། ལོངས་སྤྱོད་ཉམས་པའི་ལས་བཅུ་གཉིས་ཡོད་ཚུལ་གྱི་ཞལ་གདམས་དུས་བཞི་བསྲེག་གོའི་མཐའ་ཅན། སྟེགས་བུའི་ཞལ་གདམས་བླ་མའི་ཞལ་ལས་དྲིས་ཀྱི་མཐའ་ཅན་མཁའ་འགྲོ་མ་སྡེ་གསུམ་གྱི་ཞལ་གདམས་སྔགས་འབུམ་ལོགས་སུ་བཀོལ་བ། ཤིན་ཐེན་ཝ་ལ་ཤའི་མདོ་ལས་རྐྱེན་གྱིས་ཐར་པའི་ལུང་། དགའ་རབ་རྡོ་རྗེའི་ཡེ་ཤེས་ལྷ་དབང་དབབ་པ་ཞེས་པ་རྫས་ལ་བརྟེན་ནས་ཚེ་ལ་དབང་བའི་རིག་འཛིན་བསྒྲུབ་པ་རྡོ་རྗེ་ཟམ་པའི་ཚེའི་ཆོག་ཆུང་ཞར་བྱུང་མངོན་རྟོགས་དང་བཅས་པ། ནག་འཁྲིད་དམར་འཁྲིད་ཀྱི་གདམས་པ་འཛེང་གི་བནྡེས་སེམས་ཅན་གྱི་དོན་དུ་བཤད་པ་སེམས་ཀྱི་དཀྱིལ་དུ་སྦ་བ། སངས་རྒྱས་ཀྱི་དགོངས་པ་གཏན་ལ་འབེབས་པ་འཕྲུལ་གྱི་མེ་ལོང་དགུ་སྐོར། རྡོ་རྗེ་སེམས་དཔའི་རྡོ་རྗེའི་ཚིག་རྡོ་རྗེ་ཟམ་པར་གྲགས་པ་བརྡས་དོན་སྤྲོད་པ། སློབ་དཔོན་ཉང་བྱང་ཆུབ་གྲགས་ཀྱི་ལྟ་སྒོམ་རྡེའུ་བཅུ་དྲུག་པ། གདོད་ནས་དག་པ་བྱང་ཆུབ་སེམས་ཉིད་ངོ་བོའི་དོན་བརྡར་ཤ་བཅད་པའི་མན་ངག །ཀུན་བཟང་ཐུགས་ཡེ་


GLG002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་མེ་ལོང་ཞེས་པ་གདམས་པ་ལྟ་སྒོམ་སྤྱོད་འབྲས་ལྔས་བསྟན་པ། ཆོས་ལ་མི་བརྟེན་རྐྱེན་གྱིས་གྲོལ་བའི་དཔེ། ཉང་ཤེས་རབ་འབྱུང་གནས་ཀྱིས་རྒྱུ་སེམས་ཅན་འབྲས་བུ་སངས་རྒྱས་བསྒྱུར་བ་ལ་མི་དགོས་པའི་རྡེའུ་བཅུ། གཡོ་འཛིན་རླུང་ནི་མན་ངག་སྦྱིན་པ། རླུང་གི་མན་ངག་སཾ་བཛྲ་ཀཱིརྟིས་ཞུས་པ། དུས་བཞིའི་རྣལ་འབྱོར་ལུང་འབོག་པ་རྣམས། བཞི་པ་ཞལ་གདམས་གདམས་པའི་སྐོར་ལ་ཕྱི་ནང་གསང་གསུམ། དང་པོ་ཕྱིའི་ཞལ་གདམས་ལ། ཟམ་ཆུང་བསྡུས་པ་ཐུན་གཅིག་མ། ཟམ་ཆུང་གི་ཡིག་སྣ་ཐུན་མོང་དང་ཁྱད་པར་བ་གཉིས། ཟམ་ཆུང་ཐུན་གཅིག་གི་བསྡུས་དོན། སྙན་བརྒྱུད་རིན་པོ་ཆེ་ཉམས་ཀྱི་འཕྲེང་བ་ཞེས་པ། རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། བཻ་རོ་ཙ་ན། དཔང་མི་ཕམ་མགོན་པོ། བྱང་ཆུབ་རྒྱལ་མཚན། རིན་ཅེན་དབྱིག །གསལ་བ་མཆོག །བྱང་ཆུབ་གྲགས་པ། ཤེས་རབ་འབྱུང་གནས། ཡེ་ཤེས་བྱང་ཆུབ། དྷརྨ་བོ་དྷི། འཛེང་ཇོ་སྲས། འོ་ལ་བནྡེ། འོ་ལ་དགེ་སློང་རྣམས་སྔ་མ་སྔ་མས་ཕྱི་མ་ཕྱི་མར་གདམས་པ། འཛེང་གི་རྒྱབ་ཤ་ཚད་མ་བཞིའི་གདམས་པ་རྣམས། གཉིས་པ་ནང་གི་ཞལ་གདམས་ལ། ཤྲཱི་སིངྷའི་རྣ་བརྒྱུད་ཚིགས་གསུམ་པ། ཤྲཱི་སིངྷའི་རྣ་བརྒྱུད་ཚིག་དོན་ལྔ་པ། གསང་སྔགས་རིན་པོ་ཆེའི་གདུང་སྒྲུབ། བསྲེ་བ་རྣམ་བཞིའི་མན་ངག་སེམས་ཉིད་བརྡར་ཤ་གཅོད་པ་འཆི་ཁ་བར་དོའི་གདམས་པ། ཟླ་བ་བཞིའི་འཆི་ལྟས་བརྟག་པའི་ཞལ་གདམས། འཆི་བ་བརྟག་པ། བླུ་བ། མ་ལྷུས་ན་འཕོ་བ་བྱ་བ་གསུམ་ཆོས་སྡེ་གཅིག་པ། ཤིང་པཱ་ལ་ཤ་ལ་བརྟེན་ནས་གསང་བའི་དགྲ་གསུམ་གསང་


GLG002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཡོངས་སུ་མ་སྨིན་པའི་སེམས་ཅན་ངན་སོང་གི་གནས་ལས་བསྲུང་བའི་སྦྱོར་བ་རྣམས། གསུམ་པ་གསང་བའི་ཞལ་གདམས་ལ། གསང་བའི་རྫས་ཁྱད་པར་ཅན་གྱི་འོད་གསལ་རྒྱུད་ལ་སྐྱེ་བ་འཛེང་གི་གདམས་པ། འཛེང་དྷརྨ་བོ་དྷིའི་གལ་ཆེན་གྱི་གདམས་པ། སློབ་དཔོན་དགའ་རབ་རྡོ་རྗེའི་ཉམས་ཀྱི་སྐྱུག་པ། མེ་ལོང་ངོ་སྤྲོད་ཀྱི་གདམས་པ། རྫས་ལ་བརྟེན་ནས་རླུང་གི་གནས་འགྱུར་བ། རྡོ་རྗེ་ཟམ་པའི་མན་ངག་ཉིང་ཁུང་འཛེང་དྷརྨ་བོ་དྷིའི་གསུང་། ཌཱ་ཀིའི་གད་མོ་བཞིའི་ཞལ་གདམས་སུ་གྲགས་པ། ཚུལ་ཆེན་བཞི་གཏད་པ། སྒོམ་རྟེན་ལ་འདྲི་སྐད་དོའི་ཡི་གེ་དང་བཅས་པ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུའི་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་སེམས་དག་ལྷའི་ནོར་བུ། འདི་ཡན་དགོངས་བརྒྱུད། སྟོན་པ་དགའ་རབ་རྡོ་རྗེ། གུ་རུ་འཇམ་དཔལ་བཤེས་གཉེན། སློབ་དཔོན་ཤྲཱི་སིངྷ། འདི་ཡན་བརྡ་བརྒྱུད། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏ། དགུང་ལོ་སུམ་བརྒྱ་དང་དྲུག་ཅུ་བཞུགས། དཔང་མི་ཕམ་མགོན་པོ། རྟེན་ཁྱིམ་པ། དགུང་ལོ་ལྔ་བརྒྱ། དབུ་རུ་བྲག་རལ་པ་ངན་ལམ་བྱང་ཆུབ་རྒྱལ་མཚན། རྟེན་དགེ་སློང་། དགུ་ལོ་བརྒྱ་དོན་གཉིས། མདོ་ཁམས་སྟོད་པ་ཟ་དམ་རིན་ཅེན་དབྱིག །རྟེན་དགེ་སློང་། དགུང་ལོ་བརྒྱ་ཞེ་བཞི། ཡར་ཀླུངས་འཕྱོས་པ་ཁུ་འགྱུར་གསལ་བ་མཆོག །རྟེན་དགེ་སློང་། དགུང་ལོ་བརྒྱ་བཅུ་བདུན། སྙེ་མོ་གཡུང་དྲུང་བ་ཉང་བྱང་ཆུབ་གྲགས་པ། རྟེན་དགེ་སློང་། དབུ་རུ་ཞ་ལྷ་ཁང་པ་ཉང་ཤེས་རབ་འབྱུང་གནས། འདི་ཡན་སྣང་གསུམ་ཟད་སར་འཁྱོལ་ནས་འཇའ་ལུས་གྲུབ་སྟེ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་པ་ཤ་སྟག་གོ །ལོ་མོ་བ་སྦ་སྒོམ་ཡེ་ཤེས་བྱང་ཆུབ། རྟེན་དགེ་བསྙེན། དགུང་ལོ་གོ་བརྒྱད། ཨེ་གོང་པོ་བ་འཛེང་དྷརྨཱ་བོ་དྷི། རྟེན་ཁྱིམ་པ། དགུང་ལོ་བརྒྱ་བཅུ་བདུན། ཨེ་གོང་པོ་འཛེང་


GLG002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སློབ་དཔོན་ཇོ་སྲས། རྟེན་ཁྱིམ་པ། སློབ་དཔོན་ཀུན་བཟང་རྡོ་རྗེ། གཞུང་བཤད་ཆེན་མོ་མཛད་མཁན་ཡིན། རྗེ་བཙུན་སངས་རྒྱས་རྡོ་རྗེ། སྐྱེ་ཚེ་ཡེ་ཤེས་དབང་ཕྱུག །དྭགས་པོ་ཟེ་དཀར་བ་གཟིགས་ཡེ་ཤེས་དབང་པོ། རྟེན་ཁྱིམ་པ། ཁྲབ་ལ་ཁ་བའི་མཁན་ཆེན་ངུར་པ་བསོད་ནམས་འོད། རྟེན་དགེ་སློང་། ལ་ཁ་བའི་དུར་སྟོན་བཛྲེ་ཤྭ་ར། རྟེན་ཁྱིམ་པ། བླ་མ་གོ་རི་བློ་ལྡན། བླ་མ་འོ་ལ་ཇོ་སྲས། མཐའ་བཞི་གཞོན་ནུ་དབང་ཕྱུག །མཐའ་བཞི་བརྩོན་འགྲུས་དབང་ཕྱུག །མཐའ་བཞི་གྲགས་པ་རིན་ཅེན། ཁྲབ་ལ་ཁ་བ་ཤཱཀྱ་རྒྱལ་པོ། ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་ཡིད་བཟང་རྩེ་པ་འགོས་ལོ་གཞོན་ནུ་དཔལ། ངེས་པར་ཐམས་ཅད་མཁྱེན་པ་སྤྱན་སྔ་ཞྭ་དམར་བ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་། ཤེལ་བྲག་སྤྲུལ་སྐུ་ཆོས་ཀྱི་བློ་གྲོས་ཁྱུང་ཚང་རས་ཆེན་བློ་གྲོས་དཔལ་ལྡན། སྤྲུལ་སྐུ་ཀརྨ་གུ་རུ། ཆོས་དབང་བསྟན་འཛིན་ཉི་མ། ཁྱབ་བདག་ཁྲ་ཚང་པ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་ཀརྨ་གུ་རུ་ནས། རང་གྲོལ་ནམ་མཁའ་ཆོས་དབང་། ཁྲ་ཚང་པ། དེས་བདག་ལའོ། །ཡང་ན་ངུར་སྟོན་བཛྲེ་ཤྭ་ར་ནས། མཁན་ཆེན་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྒྱལ་མཚན། མཁན་ཆེན་གཞོན་ནུ་ཤེས་རབ། མཚུངས་མེད་གཞོན་ནུ་གྲགས་པ། བླ་མ་སངས་རྒྱས་བཟང་པོ། མཐའ་བཞི་བརྩོན་འགྲུས་དབང་ཕྱུག་མན་སྔར་ལྟར། ཡང་ན་བླ་མ་སངས་རྒྱས་བཟང་པོ་ནས། ལ་ཁ་བ་ཤཱཀྱ་རྒྱལ་པོ་མན་འདྲ། ཡང་ན་སྐྱེ་ཚེ་ཡེ་ཤེས་དབང་ཕྱུག །ལ་ཁ་བ་པུརྞ་བྷ་དྲ། གང་དམར་བ་ཛྙཱ་ན་ཤྲཱི། གོ་རི་བློ་ལྡན་མན་འདྲ། ཡང་ན་ལ་ཁ་བ་ཤཱཀྱ་རྒྱལ་པོ་ནས། བླ་མ་ཉེ་གནས་པ། ཆོས་རྗེ་ནོར་བུ་དཔལ་བཟང་


GLG002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཡོད་བྱ་རྒོད་གཤོང་པ་པཎ་ཆེན་འབུམ་ཕྲག་གསུམ་པ་བྱམས་པ་ཆོས་ཀྱི་དོན་གྲུབ། ཤེལ་བྲག་པ་ཆོས་ཀྱི་བློ་གྲོས་མན་འདྲ། ཡང་ན་འགོས་ལོ་གཞོན་ནུ་དཔལ་ནས། པཎ་ཆེན་འབུམ་ཕྲག་གསུམ་པ། ཤེལ་བྲག་པ་མན་སྔར་བཞིན་ནོ། །བླ་མ་ཕྱི་མ་རྣམས་ཀྱི་སྐུ་ཚེ་སོགས་ཞིབ་པར་མ་ངེས་ནའང་ཕལ་ཆེར་དགུང་ལོ་བརྒྱད་ཅུར་ཉེ་བར་བཞུགས་ཞེས་གྲགས། སྤྱིར་བཻ་རོ་ཙ་ནའི་སྐུ་ཚེའི་སྟོད་ལ་རྗེ་མངའ་བདག་རྒྱལ་པོར་གདམས་པ་ཕོག་ཀྱང་རྒྱལ་པོ་སྙན་སྲབ་ཅིང་བཙུན་མོ་དང་བློན་པོ་གདུགས་པ་ཆེས་པས་ཆོས་མཐར་མ་ཕྱིན་སྐུ་ཚེའི་སྨད་ལ་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་རྫོགས་པར་གནང་། དེས་གཉག་ཛྙཱ་ན་ཀུ་མཱ་ར་སོགས་ལ་ཐ་སྙད་སྐོར་བསྟན་ཀྱང་གཏད་རྒྱ་མཐར་མ་ཕྱིན། གཡུ་སྒྲ་ཁམས་སུ་ལོག་ནས་དཔང་སངས་རྒྱས་མགོན་པོར་རྒྱས་གཏད་རྒྱ་གསུམ་པའི་ལུགས་ཚང་བ་ཞིག་བཞག་ཟེར་བ་ལུགས་གཞན་ཡིན། དེ་ནས་མར་བྱོན་ཏེ་རྒྱ་བློ་གྲོས་གཞོན་ནུའི་ལམ་རྒྱུད་ཉི་ཤུ་རྩ་ལྔ་ཕྲ་མོ་བཅས་པ་གཏད། དེ་ནས་ཞིང་གཞན་དུ་འཕོ་ཁར་དབས་རྡོ་རྗེ་རྒྱལ་མཚན་ལ་རྫོགས་པར་གནང་། དེས་མདོ་སྨད་དན་ཏིག་དགོན་པར་བསྐྱངས་ཞེས་ལོ་རྒྱུས་སུ་གསལ་བ་རྣམས་བརྒྱུད་པ་བར་མའི་སྐོར་ཡིན་ཀྱང་དེང་སང་རྒྱུན་མི་སྣང་ངོ་། ༈ །སྡོང་སྟོན་རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་ནས་འཇམ་དབྱངས་བསོད་ནམས་རྒྱལ་མཆོག་གི་བར་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་རྣམས་དང་བླ་རེས་སློབ་རེས་སུ་བྱུང་ཞིང་ཟབ་དོན་སྙིང་བརྒྱུད་ཀྱི་བསྟན་པ་འཛིན་པའི་མཁས་ཤིང་གྲུབ་པ་བརྙེས་པའི་རིགས་སུ་བལྟམས་པ་ཡར་ཀླུངས་རྩེས་དང་བསམ་གཏན་གླིང་པ་མཉམ་མེད་ནམ་མཁའ་བསོད་ནམས་གང་དེ་སྐུ་ན་ཕྲ་མོའི་དུས་རྣལ་འབྱོར་དབང་ཕྱུག་


GLG002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོང་སྟོན་སེང་གེ་རྒྱལ་མཚན་གྱིས་བྱིན་གྱིས་བརླབས་ཤིང་། རང་གི་ཁུ་བོ་འཇམ་དབྱངས་བསོད་ནམས་རྒྱལ་མཆོག་གིས་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གྱིས་རྗེས་སུ་བཟུང་བས་རྐྱེན་བྱས། ངོ་བོ་སྐུ་ཚེ་དུ་མར་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་གོམས་པའི་རྟོགས་པ་ཀློང་དུ་གྱུར་པའི་བག་ཆགས་བཟང་པོ་སད་དེ་སངས་རྒྱས་གཉིས་པར་པདྨ་ཐོད་འཕྲེང་རྩལ་སོགས་སྐྱེས་མཆོག་མང་པོ་དངོས་ཉམས་རྨི་ལམ་དུ་མཇལ་ཏེ་དམ་པའི་ཆོས་ནོད་པར་བརྟེན་པའི་ཉམས་ཆོས་བསམ་གཏན་གླིང་པའི་ཨ་ཏི་ཞེས་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྐོར་ལ། ཁུངས་བཙུན་པ་བརྒྱུད་པ་དང་ལོ་རྒྱུས་སྐོར། མན་ངག་ཉམས་ལེན་དངོས་ཀྱི་སྐོར། ཁུངས་དང་རྒྱབ་རྟེན་སྐོར། རྩ་གསུམ་ལས་བྱང་ཆོས་སྲུངས་སྐོར་ཏེ་བཞི། དང་པོ་ལ། ཤིན་ཏུ་ཉེ་བརྒྱུད་ཀུན་ཏུ་བཟང་པོ་དང་ཉེ་བརྒྱུད་སློབ་དཔོན་པདྨ་འབྱུང་གནས་ལ་གསན་པ། རིང་བརྒྱུད་རིན་པོ་ཆེ་དོན་གྲུབ་དཔལ་འབྱོར་དང་མཁན་ཆེན་བསོད་ནམས་རྒྱལ་མཆོག་ལ་གསན་པ། གཉན་ལོ་ནས་བརྒྱུད་པའི་ཡི་གེའི་རིམ་པ་རྣམས་བསྟུན་པའི་འཇུག་ཏུ་སྟོང་ཉིད་མ་རྟོགས་ཐར་པ་གང་གིས་ཐོབ་ཅེས་སོགས་ཀྱི་ཚིགས་བཅད་ཡོད་པ། འདིའི་ཐོག་མར་ཕ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བསམ་གཏན་གླིང་པ་ཞེས་འདུག་པས་མཉམ་མེད་ཆེན་པོའི་གསུང་སློབ་མ་ཞིག་གིས་བཀོད་དམ་སྙམ། མཉམ་མེད་ཆེན་པོས་སྔོན་གྱི་ཡིག་རྙིང་རྣམས་ལས་བཏུས་ཏེ་མཛད་པའི་རྫོགས་ཆེན་གྱི་རྩོད་སྤོང་ཚིག་ཉུང་དོན་རྒྱས་སྦྱར་བྱང་དུ་དེ་སྐད་འདི་ནི་འདྲི་བ་པོ་ཞེས་སོགས་ཚིགས་བཅད་ཡོད་པ། རྩོད་སྤོང་འདིས་སྔ་ཕྱིར་བྱོན་པའི་མཁས་རློམ་གྱི་རྩོད་


GLG002_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་དག་ཉི་མ་དང་བ་མོའི་དཔེ་བཞིན་གྱུར་པས་སྙིིང་གི་ཟེའུ་འབྲུར་བསྟེན་འོས་པ་ཞིག་གོ །བསམ་གཏན་མིག་གི་སྒྲོན་མེའི་བརྒྱུད་འདེབས་སྤྱི་གཙུག་ཉི་ཟླ་མ། བརྒྱུད་པ་མཐར་ཆགས་མིན་པར་ཆོས་འདིར་བཀའ་དྲིན་ཆེ་བའི་བླ་མ་རྣམས་བསྡུས་པའི་ཡང་ཕུར་ཐུན་མོང་གི་གདམས་པའི་རྫོགས་ཆེན་བརྒྱུད་འདེབས་འགྱུར་མེད་ཐིག་ལེ་མ། འདི་གཉིས་ཀ་མཉམ་མེད་ཆེན་པོའི་གསུང་ལ་མཇུག་ཏུ་ཤློ་ཀ་རེ་གཉིས་རྗེས་འཇུག་རྣམས་ཀྱིས་བཅུག་པར་མངོན། སྡེ་སྣོད་འཛིན་པ་སངས་རྒྱས་ལྷུན་གྲུབ་ཀྱིས་མཛད་པའི་མཉམ་མེད་ཆེན་པོའི་བསྟོད་པ་དད་པའི་སྒྲ་དབྱངས། རྗེ་བཙུན་ཉིད་ཀྱི་ཉམ་ང་བའི་རྩར་རླུང་སེམས་འདུས་པའི་གནད་ཀྱི་འཁུ་འཁྲིག་གི་མཚན་མ་བྱུང་བའི་ཚེ་གནས་ལུགས་སྟོན་པའི་བླ་མ་རྣམས་ལ་གསོལ་འདེབས་མཛད་པ་གནས་སྤྱི་བོ་བདེ་ཆེན་མ་དད་པའི་སྤུ་ལོང་གཡོ་བར་ནུས་པའི་རང་གི་རྣམ་ཐར་རྗེ་བཙུན་བསམ་གླིང་པ་ཉིད་ཀྱིས་མཛད་པའི་མནལ་ལམ་བརྡ་ཆོས་ཀྱི་ཚུལ་དུ་འཇམ་དཔལ་དབྱངས། རྗེ་འབྲོག་མི། ཞང་དགོན་པ། བ་རི་ལོ་ཙཱ་བ། གོང་མ་ལྔ། དྲུང་ཆོས་རྗེ་པ། པདྨ་ཐོད་འཕྲེང་རྩལ། ཆོས་དབང་རིན་པོ་ཆེ། གནུབས་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་རྗེས་སུ་བཟུང་ཚུལ་བསྟན་པ། མཉམ་མེད་བསམ་གླིང་པས་མཛད་པའི་ཡང་ཕུར་གྱི་ཆོས་འབྱུང་བདུད་རྩི་ཁུངས་འབྱན་རྣམས། ༈ གཉིས་པ་མན་ངག་ཉམས་ལེན་དངོས་ཀྱི་སྐོར་ལ། མཉམ་མེད་ནམ་མཁའ་བསོད་ནམས་ཀྱི་གསུང་རྒྱུན་བླ་མ་སངས་རྒྱས་ལྷུན་གྲུབ་ཀྱི་རེག་ཟིག་ཨ་ཏི་ཡོ་གའི་འཁྲིད་ཀྱི་ས་བཅད་འགྲོ་ཀུན་དགའ་བསྐྱེད། རྗེ་བཙུན་བསམ་གླིང་པས་མཛད་པའི་ཡང་ཕུར་ཐུན་མོང་གི་རྫོགས་རིམ་ཨ་ཏི་ཡོ་གའི་འཁྲིད་ལམ་རིམ་ཐར་པའི་སྒོ་གཅིག་ངོ་མཚར་བའི་གནད་


GLG002_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས་ཁྱད་ཞུགས་པ་མཇུག་ཏུ་སྔགས་བདག་གྱིང་ཆེན་བཅོ་བརྒྱད་དང་སྔགས་སྲུང་མར་གཉེར་གཏད་ཅན། རྗེ་བཙུན་ཉིད་ཀྱིས་མཛད་པའི་སེམས་འཛིན་གྱི་མན་ངག་ཅུང་ཟད་ཟུར་དུ་ཕྱེ་བ། ཀ་མ་ལས་ཧྭ་ཤང་གི་ལྟ་ངན་དང་བི་མཱ་ལས་ཉང་ཏིང་འཛིན་བཟང་པོའི་ཞི་གནས་ལྟེང་པོ་བཀག་པ་དང་། སེམས་གནས་ཙམ་ལ་ཕྱག་ཆེན་མིང་བཏགས་པར་མདོ་བསྟན་བཅོས་ཀྱི་ཁུངས་མེད་ཚུལ་སོགས་བསྟན་པའི་སྒོ་ནས་བསམ་གཏན་གྱི་གོལ་ས་གཅོད་པ་མཉམ་མེད་ཆེན་པོས་མཛད་པ་རྣམས། མཆོད་བརྗོད་ཚིག་རྐང་ལྔ་པོ་འཕགས་པ་རིན་པོ་ཆེར་ཆོས་རྗེ་པཎྜི་ཏས་ཡེ་ཤེས་ཀྱི་སྐུ་བསྟན་ནས་རྟོགས་པ་དཔེའི་ཕྱག་ཆེན་ངོ་སྤྲད་ཚེ་འཕགས་པས་མཛད་པ་ཡིན་ནོ། ༈ །གསུམ་པ་ཁུངས་དང་རྒྱབ་རྟེན་སྐོར་ལ། ཆོས་འདིའི་སྣང་བཞི་སྒྲོན་དྲུག་སྐོར་གྱི་རྩ་བ་པཎ་ཆེན་བི་མཱ་ལ་མི་ཏྲས་མཛད་པའི་བསམ་གཏན་མིག་གི་སྒྲོན་མ། ཚིག་དྲུག་དྲུག་གིས་རྡོ་རྗེ་སེམས་དཔའི་ཞལ་མཐོང་བར་བྱེད་པ་སྤྲོས་པ་གཅོད་པའི་སྒྲོན་མ། རིག་པ་ཚད་འབེབས་ཀྱི་སྣང་བ་སྟོན་པ། མེའི་ལོག་གནོན་ཞར་བྱུང་རྨི་ལམ་སྦྱང་བ། རྗེ་བཙུན་ནམ་མཁའ་བསོད་ནམས་ཀྱིས་མཛད་པའི་གསང་འདུས་དུས་འཁོར་དང་མི་འདྲ་བའི་བསྐྱེད་རྫོགས་དང་ལྟ་བའི་གནད་སོགས་སྟོན་པ་རིམ་གཉིས་ལ་འཇུག་པའི་སྒོ། རླུང་སྦྱོར་ལ་མཁོ་བ་རིན་པོ་ཆེ་རླུང་གི་ཕྲ་ཐིག །འདི་ཟབ་པ་པོད་བཞིར་ཡོད་པ་དང་འདྲ་མིན་སྣང་། ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད་པའི་སྒྲོན་མ་དྲུག་གི་གནད་སྟོན་པ་གསང་བའི་ཐིག་པ་ཡང་གསང་སྦས་པའི་དུམ་བུ། དེས་མཛད་པའི་རྒྱུད་བཅུ་བདུན་གྱི་ཁོང་སྙིང་ཉམས་སུ་ལེན་ཚུལ་སྣོད་མིན་ལ་མི་སྤེལ་བའི་བཀའ་རྒྱ་ཅན། བཻ་རོས་མཛད་པའི་གདོད་ནས་


GLG002_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་སེམས་ཀྱི་གནས་ལུགས་སྟོན་པའི་རྩ་བ། གནུབས་ཡོན་ཏན་རྒྱ་མཚོས་མཛད་པའི་བྱང་ཆུབ་ཀྱི་སེམས་སྒོམ་པ་དོན་དྲུག་པ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་གཏེར་ཐིག་ལེ་གསང་སྐོར་གྱི་གནད་ཆོག་བཞི་མ་གདམས་པ་ཚིག་གཅིག་མ་གནད་གསུམ་མན་ངག་གསུམ། ཨོ་རྒྱན་ཆེན་པོས་ཆོས་དབང་རིན་པོ་ཆེར་མནལ་ལམ་གྱི་ཚུལ་དུ་གསུངས་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་གནད། ཨ་ཏི་ཡོ་གའི་ལམ་གྱི་རིམ་པ་ལ་མཁོ་བའི་བཀའ་བསྟན་བཅོས་ཀྱི་ལུང་ཁུངས་བསམ་གླིང་པ་ནམ་མཁའ་བསོད་ནམས་ཀྱི་གསུང་སྒྲོས་ཐོར་བུ་ཞལ་སློབ་རྣམས་ཀྱིས་རེག་ཟིག་ཏུ་བཏབ་པ་ཇོ་བོ་སྟན་གཅིག་པ་དཔལ་འབྱོར་བཟང་པོས་འཁྲིད་ཡིག་གི་གོ་རིམ་དང་བསྟུན་བསྒྲིགས་པར་རྗེ་བཙུན་ཉིད་ཀྱི་དངོས་སློབ་གསང་ཕུ་བ་ཆོས་རྒྱལ་བས་དག་ཐེར་མཛད་པ། ཆོས་འདིའི་ཉམས་ཆགས་སྐོང་བའི་རྩ་བ་གླང་པོ་ཆེ་རབ་འབོགས་ཀྱི་རྒྱུད་ལས་བཀོལ་བའི་དྲི་མེད་བཤགས་རྒྱུད་ཀྱི་ལྷ་དང་ཁོན་གཅུགས་བཤགས་པའི་ལེའུ་ཟུར་དུ་ཕྱུང་བ་ལྟ་བའི་ཀློང་བཤགས་ཡེ་ཤེས་སྐུ་མཆོག །དེའི་བཤད་ཐབས་རྗེ་བཙུན་བསམ་གླིང་པའི་དངོས་སློབ་ཞལ་ཕུ་བ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པ། རྫོགས་པ་ཆེན་པོ་ཕྱི་སྐོར་ནང་སྐོར་གསང་སྐོར་གསང་བ་བླ་ན་མེད་པ་རྣམས་ཀྱི་རྣམ་པར་དབྱེ་བ་གསལ་བའི་སྒྲོན་མེ་ཞེས་པས་བསམ་གླིང་པ་ནམ་མཁའ་བསོད་ནམས་ཀྱི་བཞེད་པ་ལྟར་ཚོགས་ཆེན་པོ་དཔལ་འབྱོར་བཟང་པོས་མཛད་པ། རྫོགས་པ་ཆེན་པོ་ཕྱི་སྐོར་གྱི་གཞུང་དོན་གསལ་བྱེད་གཤམ་ན་གངས་རིའི་ཁྲོད་ཀྱི་ལམ་རྫོགས་པ་ཞེས་སོགས་ཀྱི་ཚིགས་བཅད་ཡོད་པ། འདི་མཉམ་མེད་ཆེན་པོའི་གསུང་ཡིན་ནམ་སྙམ། རྗེ་བཙུན་བསམ་གླིང་པའི་གསུང་རྒྱུན་རེ་ཁ་


GLG002_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་དང་དྲི་མེད་འོད་ཟེར་གྱི་འཆར་ཚུལ། ཀརྨ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེས་མཛད་པའི་ཨ་ཏི་ཕྱི་སྐོར་གྱི་འཁྲིད་ཡིག་ཚིགས་བཅད་མ། འདི་ཉིད་ལ་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་བག་ཆགས་སད་པའི་ཉམས་ངོ་མཚར་བ་ཞིག་སྣང་བས་གང་གི་ཡང་སྲིད་དུ་གྲགས་པའི་མི་བསྐྱོད་རྡོ་རྗེ་སོགས་དང་འདྲ་བ་ནི་མིན་ནོ། །ཟབ་ཆོས་འདིའི་བཤད་ཁུངས་ཡང་དག་རྩ་བ། སློབ་དཔོན་ཧཱུྃ་ཀ་རས་མཛད་པའི་རུ་ལུ་འབྲུ་བརྒྱད་གསེར་འཕྲེང་ཐུགས་ཀྱི་ལྡེ་མིག །ཟབ་ཆོས་འདིའི་བཤད་ཁུངས་ཕུར་པ་རྩ་དུམ། ཨ་ཏི་འདི་ས་སྐྱ་འཁོན་གྱི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་རྫོགས་རིམ་ཟབ་པའི་མཐར་ཐུག་ཡིན་པས། གནད་དེ་མ་གོ་བར་སྡེ་པ་སྣང་རྩེ་བས་འདིའི་སྒོས་དབང་ཡིན་ཞེས་ཡང་ཕུར་གྱི་བྱིན་རླབས་ཉུང་ངུ་ཞིག་བརྩམས་པ་སོགས་བཟློག་པ་དང་གོང་ར་བ་སོགས་སྤེལ་གྱི་ཡོད་འདུག་པ་ནི་ནང་ཟོང་ཕྱིར་སྟོན་ནོ། །མཉམ་མེད་བསམ་གླིང་པའི་གསུང་རྒྱུན་བཞིན་གསང་ཕུ་ཆོས་རྒྱལ་བས་མཛད་པའི་ཕུར་པ་རྩ་དུམ་གྱི་བཤད་རྒྱུན་ཟིན་བྲིས། རྗེ་བཙུན་བསམ་གླིང་པའི་གསུང་རྒྱུན་ཕུར་པ་སྟོད་ལས་ཀྱི་དོན་འགྲེལ། མཉམ་མེད་ཆེན་པོར་མནལ་ལམ་དུ་ལྷས་གནང་བ་བྱིན་པར་བརྟེན་ནས་མཛད་པའི་རྩ་བ་གསུམ་གྱི་བསྟོད་པ། སིང་གྷ་ལའི་སློབ་དཔོན་ཧཱུྃ་ཀ་རས་མཛད་པའི་བུམ་རྨུགས་ལུང་ངམ་དཔལ་ཡང་གསང་སྒྲུབ་པའི་བཀོལ་བྱང་། རྗེ་བཙུན་བསམ་གླིང་པས་ཟབ་དོན་འདི་ལ་འཇུག་པའི་སྐྱེས་བུ་ཡིད་ཆེས་སླད་ལུང་ཚད་མ་བཀའ་བསྟན་བཅོས་ཀུན་ལས་བཏུས་པར་བར་བར་དུ་གནད་ཀྱི་འཚམས་སྦྱོར་ཡོད་པའི་ཟབ་མོ་ལུང་གི་འཕྲེང་བ་ཞེས་ལུང་སྦྱོར་ཆུང་བ། ཚོགས་ཆེན་པ་དཔལ་འབྱོར་བཟང་པོས་


GLG002_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་ཆེན་པོའི་དྲུང་དུ་གསུང་རབ་དགོངས་འགྲེལ་གྱི་ལུང་དང་དཀའ་གནད་གསན་པ་རྣམས་ཀྱི་སྟེང་དུ་ཞལ་སློབ་གཞན་གྱི་ཟིན་བྲིས་རྣམས་ཀྱང་བསྣན་ནས་བསྒྲིགས་པའི་ལུང་སྦྱོར་ཆེ་བར་གྲགས་པ་རྣམས། ༈ བཞི་པ་རྩ་གསུམ་ལས་བྱང་དང་ཆོས་སྲུངས་སྐོར་ལ། རྩ་བ་གསུམ་གྱི་ལས་བྱང་ཞེས་པ་རང་ཉིད་གཟའ་རྒོད་སྒྱིད་རེངས་སུ་བསྒོམས་ནས་བསྟན་མ་བཅུ་གཉིས་དང་མོན་བུ་པུ་ར་སྤུན་གཉིས་ལ་འཕྲིན་ལས་འཆོལ་བ། གནུབས་ཆེན་གྱི་གསུང་སྒྲོས་འཁོར་ལོ་རྣམ་ལྔའི་གནད་གལ་ཆེ་ཚུལ་བསྟན་པ། གུར་མགོན་གྱི་བསྐང་བ་ལས་ཉེ་བར་བཏུས་པའི་འདྲ་རུང་གཅིག །ནཱ་ག་ཀཱ་ལའི་གནད་ཀྱི་མན་ངག །སྟན་གཅིག་པ་དཔལ་འབྱོར་བཟང་པོས་མཛད་པའི་མ་མོ་སྦོད་གཏོང་གི་རྣམ་བཤད་གསལ་བར་བྱེད་པའི་སྒྲོན་མེ་ཡིད་ཀྱི་མུན་སེལ། རྗེ་བཙུན་ཆེན་པོས་རྩ་གསུམ་ལས་བྱང་གི་གསལ་བྱེད་ལག་ལེན་མདོར་དྲིལ་བ། ཡང་ཕུར་སྒྲགས་མའི་སྒྲུབ་ཐབས་མ་མོ་སྦོད་གཏོང་ངམ་སྡེ་བརྒྱད་འོ་དོད་མའམ་བདེ་གཤེགས་འདུས་པར་གྲགས་པ། རྩ་གསུམ་སྐོར་ལ་སྐབས་འགའ་སོ་སོར་ངོས་འཛིན་ཡོད་པ་འདྲ་བ་མན་ངག་གབ་ཉམས་ཀྱིས་ཧ་ཅང་མི་གསལ་ཞིང་ཆོས་སྐྱོང་གཟའ་རྒོད་སྒྱིད་རེངས་དང་ཡི་དམ་གཅིག་པ་འདྲ་ཞིག་འདུག་པ་མ་དཔྱད་ན་བློར་མི་ཆུད་པ་ལ་ཞིབ་ཏུ་བརྟགས་ཚེ་རྫོགས་ཆེན་གྱི་གནད་འགག་ཟབ་མོར་མཐོང་། གཟའ་རྒོད་འདི་རྗེ་མི་ལས་ལྷ་རྗེ་གནུབས་ཆུང་པར་ཞུས་པའི་དྲག་སྔགས་གཟའ་གདོང་དམར་ནག་དེ་ཡིན་པར་འདོད་པའང་འདུག་པ་དཔྱད་དོ། །ལྡོང་ནམ་མཁའ་བསོད་ནམས་ཀྱིས་མཛད་པའི་པུ་ཏྲའི་ལོ་རྒྱུས་ཡོངས་གྲགས་དང་ཁྱབ་འཇུག་གི་ཀིང་ཀང་ལས་ཕུར་སྲུང་གི་བསེ་


GLG002_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཞི་དང་། དཔེ་ཧར་བྱུང་བ། གློག་མ་སྲིན་གནས་ཚུལ་གྱི་སྒོ་ནས་གདོང་མོ་བཞིར་ངོས་གཟུང་བ། གྱིང་ཆེན་བཅོ་བརྒྱད། དགེ་བསྙེན་ཉེར་གཅིག །དབང་ཕྱུག་ཉེར་བརྒྱད་སོགས་ཀྱི་ལོ་རྒྱུས་སྔོན་མེད་ངོ་མཚར་སྟོན་པ་དམ་ཅན་སྤྱི་གནད། ཏ་ཐཱ་ག་ཏ་རཀྵི་ཏས་གནོད་སྦྱིན་ཁོལ་པོར་བསྒྲུབ་ཚུལ་མཇུག་ན་བསྟོད་པ་སྲིན་གཟུགས་མ་དང་པཎྜི་ཏ་དང་གཉན་ལོ་གྲོ་མོ་ཤང་དཀར་དུ་མཇལ་ཚུལ་ཡོད་པའི་གཏུམ་མོ་ཁྱི་གཟུགས་ཅན་གྱི་ལོ་རྒྱུས། པུ་ཏྲ་མིང་སྲིང་བཀའ་གཏེར་ནས་འབྱུང་བའི་ལོ་རྒྱུས། གནོད་སྦྱིན་དམར་ནག་གཉིས་སུ་གྲགས་པའི་དམར་པོའི་ཉམས་ལེན་ཞར་བྱུང་རྣམ་སྲས་ལ་བརྟེན་ནས་མི་ནོར་ཟས་གསུམ་དབང་དུ་བྱེད་པ། བྱང་གཏེར་གྱི་སྲོག་བདག་བདུད་རྒྱལ་གྱི་སྒྲུབ་ཐབས་ལོ་རྒྱུས་མཆོད་འཕྲེང་དང་བཅས་རྫོགས་པར་ཐོབ་པའི་བརྒྱུད་པ་ལ། ཤིན་ཏུ་ཉེ་བརྒྱུད། ཉེ་བརྒྱུད། དེ་ལས་ཅུང་ཟད་རིང་ཙམ། རིང་བརྒྱུད་དངོས་དང་བཞི་ཡོད་པའི་དང་པོ་ནི། མཉམ་མེད་བསམ་གླིང་པ་ཉིད་ཀྱི་ཐུགས་ཀྱི་ཀློང་ནས་བརྡོལ་བས་སྟོན་པ་ཀུན་ཏུ་བཟང་པོ་དངོས་ལ་གསན་པ་ཡིན། ཉེ་བརྒྱུད་ནི། དཔལ་ཨོ་རྒྱན་ཆེན་པོ་དང་དངོས་ཉམས་སུ་མཇལ་ཞིང་གསན་པས་ཀུན་ཏུ་བཟང་པོ་ནས་མཉམ་མེད་ཆེན་པོའི་བར་བླ་མ་གཉིས་གསུམ་ཙམ་གྱིས་ཆོ་ག །གསུམ་པ་ཅུང་ཟད་རིང་ཙམ་ནི་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ལ་དངོས་ཉམས་སུ་གསན་པས་དེ་མན་ཆད་ཀྱི་བརྒྱུད་པར་རག་མ་ལུས། བཞི་པ་རིང་བརྒྱུད་དངོས་ལ། རྫོགས་ཆེན་བསམ་གཏན་མིག་སྒྲོན་གྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་ཧཱུྃ་ཀ་ར། ཨོ་རྒྱན་


GLG002_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གཉིས་པ། པཎ་ཆེན་བི་མཱ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མཁར་ཆེན་གཟའ་འཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག །སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་སྟོན་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་གྱི་སེང་གེ །ཉང་ཏིང་འཛིན་བཟང་པོ། སྦ་སྒོམ་བློ་གྲོས་དབང་ཕྱུག །ལྡང་མ་ལྷུན་གྱི་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག་གྲུབ་ཐོབ་ལྕེ་སྒོམ་ཆེན་པོ། སློབ་དཔོན་གཉེར་སྒོམ་ཆེན་པོ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །མཚུངས་མེད་ཤེས་རབ་རིན་ཅེན། འབྲི་ཕྱུག་པ་རིན་ཆེན་འབུམ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག །མཉམ་མེད་བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས། ཞལ་ཕུ་བ་ནམ་མཁའ་རྒྱལ་མཚན། རིན་པོ་ཆེ་ནམ་མཁའ་རྡོ་རྗེ། གྲུབ་མཆོག་ངག་དབང་ཆོས་རྒྱལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དེ་སྲས་འཁོན་སྟོན་ངག་དབང་བསོད་ནམས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ཞ་ལུ་མཁན་ཆེན་རིགས་ཀུན་བདག་པོ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེའི་ཟབ་ཆོས་སུ་བཀའ་དྲིན་དུ་སྩལ་ཏོ། །ཡང་དག་རྩ་བའི་བརྒྱུད་པ་ནི། སློབ་དཔོན་ཧཱུྃ་ཀ་ར་ཡན་གོང་ལྟར་ལ། མཁས་པ་བི་མ་ལ་མི་ཏྲ། གཉག་ཛྙཱ་ན་ཀུ་མཱ་ར། འོ་བྲན་དཔལ་གྱི་གཞོན་ནུ། འོ་བྲན་དཔལ་གྱི་དབང་ཕྱུག །འོ་བྲན་ཆོས་ཀྱི་འབྱུང་གནས། འོ་བྲན་གྲགས་པ་རྒྱ་མཚོ། འོ་བྲན་དབང་གི་རྒྱལ་པོ། འོ་བྲན་རྟ་མཆོག་རྒྱལ་པོ། འོ་བྲན་རི་རབ་བརྟན་པ། རིན་པོ་ཆེ་དོན་གྲུབ་དཔལ་འབྱོར། མཉམ་


GLG002_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བསམ་གཏན་གླིང་པ་མན་སྔར་ལྟར། ཕུར་པ་རྩ་དུམ་ཀློང་བཤགས་དང་བཅས་པའི་བརྒྱུད་པ་ནི། ལས་ཀྱི་དབང་མོ་ཆེ་ཡན་གོང་ལྟར་ལ། སློབ་དཔོན་པྲ་ཧ་སྟི། ལྷ་ལྕམ་ཨུ་པ་ད་ན། ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་མཚོ་རྒྱལ། ཨཱ་ཙར་ཡ་ནུ་རུ། ཇོ་བོ་ལང་ལབ། ཁྱི་གྱད་འགྱེལ། སྟོང་གསུམ་སྒོམ་ཆེན། ཐག་བཙུན་ཤེས་རབ་འོད། གནུབས་ཆེན་སངས་རྒྱས་ཡེ་ཤེས། ལང་ལབ་རྭ་ལོ་མི་ལ་སོགས་དུས་མཚུངས་ཤིང་། མི་ལ་གནུབས་ཆུང་བའི་སློབ་མ་ཡིན་པས་འདི་གནུབས་པའི་ཞལ་གོ་ཕྱི་མ་ཞིག་ཡིན་ནོ། །རྒྱ་ཆོས་གྲགས། ཡོལ་ལྕགས་རྒྱ་སྟོང་འབར། རྣལ་འབྱོར་གཞུང་སྨྱོན། ཕོ་རོག་མདོ་སྡེ་མགོན། ཡོལ་ལྕགས་སངས་རྒྱས་ཉི་འབུམ། རྗེ་དོན་གྲུབ་གཞོན་ནུ། དཔྱལ་འཕགས་པ། དཔྱལ་ཀུན་དགའ་ཉི་མ། དཔྱལ་ཀུན་མཁྱེན་ཆེན་པོ། འཇམ་དབྱངས་རྒྱལ་བ་མཆོག །མཉམ་མེད་བསམ་གཏན་གླིང་པ་མན་འདྲ། ཡང་ན་ཨོ་རྒྱན་ཆེན་པོ་ནས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཁམས་པ་སྒོམ་ཆེན། མཆོག་གི་ལེགས་པ། ཤེས་རབ་ཚུལ་ཁྲིམས། མཆོག་གི་སེམས་དཔའ། འཁོན་དཀོན་ཅོག་རྒྱལ་པོ། མཐའ་བཞི་སྟོན་པ། རྡོ་རྗེ་དྲག་པོ་རྩལ། རྡོ་རྗེ་ཐོད་འཕྲེང་རྩལ། རོལ་པའི་རྡོ་རྗེ། གློ་བོ་ལོ་ཙཱ་བ། འཕགས་པ་རིན་པོ་ཆེ། མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ །དྲུང་ཆོས་རྗེ་པ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ། འཇམ་དབྱངས་རྒྱལ་མཆོག་མན་འདྲ། ༈ ཕུར་པ་ལྕགས་ལུགས་སུ་གྲགས་པ་རྩ་བ་གསུམ་གྱི་ལས་བྱང་གཟའ་གདོང་དང་བཅས་པའི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ་ནས། ཅོག་རོ་དཔལ་གྱི་མཆོད་གནས། འཁོན་རྡོ་རྗེ་རིན་ཅེན། འཁོན་ཤེས་རབ་


GLG002_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན། འཁོན་ཡོན་ཏན་འབྱུང་གནས། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་ཅོག་རྒྱལ་པོ། འཁོན་ཀུན་དགའ་སྙིང་པོ། འཁོན་གྲགས་པ་རྒྱལ་མཚན། འཁོན་ཀུན་དགའ་རྒྱལ་མཚན། སློབ་དཔོན་འོད་ཟེར་ཤཱཀྱ། ལྡོང་རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །ལྡང་ཡོན་ཏན་ཁྲི། ལྡོང་སེང་གེ་བཟང་པོ། ལྡོང་སེང་གེ་རྒྱལ་མཚན་མན་གོང་ལྟར། ཡང་ན་འཁོན་ཀུན་དགའ་རྒྱལ་མཚན། འཁོན་འཕགས་པ་བློ་གྲོས་རྒྱལ་མཚན། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། འཁོན་བསོད་ནམས་རྒྱལ་མཚན། ལྡོང་སེང་གེ་རྒྱལ་མཚན་མན་གོང་བཞིན་ནོ། །ཐམས་ཅད་མཁྱེན་པ་བུ་སྟོན་གྱི་རྒྱུད་སྡེ་སྤྱི་རྣམ་དུ་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པར་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། ཞེས་ལུང་འདྲེན་མཛད་པའི་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ནི་མདོ་མང་སོགས་ཀྱི་ནང་དུ་ངོས་འཛིན་རྒྱུ་མི་འདུག་ཅིང་། སྔ་འགྱུར་གྱི་མདོ་དགོངས་པ་འདུས་པར་འགྱུར་ཅུང་ཟད་མི་འདྲ་བ་ཡོད་པ་དེ་ཡིན་པས་ཀུན་མཁྱེན་བུས་ཐུགས་གཏིང་ནས་སྔ་འགྱུར་གྱི་རྒྱུད་རྣམས་ཚད་མར་མི་བཞེད་ཅེས་སྨྲ་བ་མཐའ་དག་འདིས་


GLG002_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་བརྫུན་ཁུངས་རིམ་རྡིབ་བོ། ༈ །དེ་ཡང་རྩ་བའི་རྒྱུད་ཀུན་འདུས་རིག་པའི་མདོ་དང་བཤད་པའི་རྒྱུད་མདོ་དགོངས་པ་འདུས་པ་གཉིས་ཀྱི་སྐོར་རྒྱ་བལ་གྱི་པཎ་གྲུབ་དྷརྨ་བོ་དྷི་དང་སློབ་དཔོན་བ་སུ་དྷ་ར་གཉིས་ཀྱིས་བདེ་བ་གསལ་མཛད་ལ་གསན་པར་མ་ཟད་བྲུ་ཤའི་རུ་ཆེ་བཙན་སྐྱེས་ཀྱིས་དྷ་ན་རཀྵི་ཏ་གདན་དྲངས་ནས་བྲུ་ཤའི་ཡུལ་ཁྲོམ་དུ་བསྒྱུར་རྩིས་ལ་མོས་པ་ཆུང་བས་མ་འགྱུར་བར་སློབ་དཔོན་དྷ་ན་རཀྵི་ཏ་བལ་ཡུལ་དུ་ལོག་ནས་དྷརྨ་བོ་དྷི་དང་བ་སུ་དྷ་ར་ལ་བཤད། སླར་བྲུ་ཤའི་ཡུལ་ཁྲོམ་དུ་འགྱུར་བའི་རྗེས་སུ་དྷརྨ་བོ་དྷི། བ་སུ་དྷ་ར། རུ་ཆེ་བཙན་སྐྱེས་གསུམ་ག་ལ་ཇོ་བོ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་གསན་ནས་བོད་དུ་ལེགས་པར་བསྒྱུར་བའི་ཆོས་སྐོར་ལ། སྨིན་གྲོལ་རྒྱུད་དང་འབྲེལ་བའི་ནང་ཚན་སྨིན་བྱེད་དབང་གི་ཆོ་ག་ལ། གསར་མ་ལ་ལ་དག་མདོ་ཞེས་པའི་ཚིག་ཙམ་ལ་ཞེན་ནས་དེ་ལ་གསང་སྔགས་ཀྱི་དབང་བསྐུར་མི་རིགས་ཞེས་རྒྱུད་ཀྱི་ཚིག་དོན་གང་ཡང་མ་རྟོགས་པའི་ཕྱོགས་སྔའི་སྐྱ་རེངས་མ་ཤར་བར་རྩོད་པའི་ནམ་ལངས་པ་དག་ནི་དཔྱད་བྱའི་ཡུལ་མ་ཡིན་ཞིང་། གོང་ར་བ་སོགས་མཁས་སྙེམས་སྔགས་རློམ་གྱི་དྲེགས་པ་ཅན་འགས། མདོ་རང་སྐད་ལ་དབང་བསྐུར་བའི་ཆོ་ག་མེད་ནའང་ཕྱོགས་འདི་ལ་སྐྱོན་མི་འཇུག་ཚུལ་སྨྲ་བའང་གཡག་ཞར་གྱི་རྩ་ཕྱོགས་རེ་ལས་མི་མཐོང་བ་ཆོས་ཉིད་དེ་སྒྲ་ཡངས་པའི་དབང་དུ་བྱས་ན་དབང་གི་ཆོ་ག་ཞེས་པ་དམ་པའི་ཆོས་སུ་མ་ཟད་སྲིད་ཀྱི་བྱ་བ་ལ་མེད་པར་ཡང་ཁས་ལེན་མི་རིགས་ཏེ། རྒྱལ་རིགས་རྒྱལ་སར་དབང་བསྐུར་བའི་ཆོ་ག་བྱས་པ་ལ་བརྟེན་ནས་རང་གི་མངའ་འབངས་ལ་ཇི་


GLG002_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འདོད་པ་བཞིན་དུ་དབང་བར་ནུས་པས་མཚོན་ལ། མདོ་ཕྱོགས་ལའང་འོད་ཟེར་ཆེན་པོའི་དབང་བསྐུར་བ་སོགས་རྒྱ་ཆེར་གསུངས་པ་དག་མིག་དང་རྣ་བར་མ་སོན་པའི་སྦུབས་འཐུམས་ཀྱི་སྒྲོག་ཏུ་ཆུད་པའི་ཉེས་པས་ནོངས་སོ། ༈ །དབང་བསྐུར་བ་ཙམ་དེ་ལྟར་ཡིན་དུ་ཆུག་ཀྱང་ཆོ་ག་ཞེས་སྦྱར་མི་རུང་ཞེ་ན། སོ་ཐར་ལ་བསྙེན་རྫོགས་ཀྱི་ལས་ཆོག་དང་། བྱིངས་ལས་མིང་དང་མིང་ལས་ཚིག་ཏུ་བསྒྲུབ་པའི་ཆོ་ག་བྱ་ཞེས་པ་ཀཱ་ཙན་སོགས་སྒྲ་རིག་ཀུན་ལ་གྲགས་པར་རྩོད་པ་ཇི་ལྟར་སྤོང་། འོ་ན་སྐབས་འདིའི་འདུས་པ་མདོ་དབང་རྡོ་རྗེ་ཐེག་པ་དང་འབྲེལ་བའི་ཆོ་ག་ཡིན་པས། མདོ་སྔགས་གཉིས་སུ་གྲགས་པའི་མདོ་རང་སྐད་ཀྱི་ཆོ་ག་མ་ཡིན་པ། བཤད་རྒྱུད་དགོངས་པ་འདུས་པ་ལས། ཀུན་འབྱུང་འདྲེན་པ་དཀའ་ཐུབ་རིགས། །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་རང་བྱང་སེམས་གསུམ། དཀའ་ཐུབ་རིགས་བྱེད་ཀྱི་ཐེག་པ་ཀྲྀ་ཡ་ཨུ་པ་ཡོ་ག་གསུམ། དབང་སྒྱུར་ཐབས་ཀྱི་ཐེག་པ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་སྟེ་ཐེག་པ་དགུར་གསུངས་པས། རྒྱུད་སྡེ་རིན་པོ་ཆེའི་དགོངས་པ་བླ་ན་མེད་པ་ཨ་ནུ་ཡོ་ག་གཙོ་བོར་བྱས་པའི་ཐེག་པ་རིམ་དགུ་ཚང་བའི་འདུས་པ་མདོའི་དབང་ནི། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་འབྱུང་བའི་ཆུ་བོ་བྱ། བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོ་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོ་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོ་བྱ། ཆུ་བཞི་རྫོགས་པའི་དབང་བཞི་བསྐུར། །ཞེས་ཕྱི་དབང་བརྒྱུད་ཀྱི་ཆུ་བོ་བཅུ་ལ་ནང་གསེས་དབྱེ་ན་བརྒྱ་རྩ་བརྒྱད། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག་ལ་ནང་གསེས་


GLG002_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན་དྲུག་བརྒྱ་དང་དྲུག །སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ་ལ་ནང་གསེས་དབྱེ་ན་བརྒྱ་དང་བཅོ་ལྔ། གསང་དབང་རྫོགས་པའི་ཆུ་བོ་གཉིས་པོ་ལ་ནང་གསེས་མེད་པས་ཀུན་དྲིལ་བས་རྣམ་གྲངས་བརྒྱད་བརྒྱ་དང་སོ་གཅིག་ཡོད་པ་གོ་རིམ་དུ་དགོས་པའི་རྒྱུ་མཚན་ནི། ཇི་སྐད་དུ། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་རང་གི་ཐོབ་བྱ་གང་ཡིན་པ་དེ་ཐོབ་པར་བྱེད་པ་ལ་ལམ་ཉམས་སུ་ལེན་པ་གོ་རིམ་མ་འཆོལ་བ་ཞིག་དགོས་པར་གསུངས་ཤིང་། སྐབས་འདིར་ཐོབ་བྱའི་གཙོ་བོ་གསང་བ་སྙིང་པོ་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་ཐེག་པ་རྣམ་གྲངས་མང་ནའང་དེ་དག་གང་ནས་གང་དུ་བརྒྱུད་པའི་མཐར་ཐུག་གི་བླ་ན་མེད་པའི་བྱང་ཆུབ་ཡིན་ལ། དེ་ཡང་བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་རྗེས་རྣལ་འབྱོར་དཔྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །ཞེས་པའི་དགོངས་པ་དང་མཐུན་པར་ལྟ་བའི་རྒྱལ་པོ་རྫོགས་པ་ཆེན་པོ་ཤིན་ཏུ་མཐོ་བ་མར་བུབ་ཀྱང་སྤྱོད་པ་ཤིན་ཏུ་ཞིབ་པ་མས་ནས་ཡར་འཛེག་པའི་དབང་དུ་བྱས་ཏེ་ངན་སོང་འདྲེན་པའི་དཀྱིལ་འཁོར་ནས་བརྩམས་ཏེ་རིམ་པ་བཞིན་རིགས་འཛིན་བརྒྱུད་པའི་ཕྱག་བཞེས་ཉམས་པ་མེད་པར་ནོད་པ་ལ། དེང་སང་ཟུར་ལུགས་དང་ཀ་ཐོག་ལུགས་ཞེས་གྲགས་པ་ལས་ཤིན་ཏུ་ཁུངས་


GLG002_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་ཟུར་གྱི་ལུགས་ཟུར་ཧྭཾ་ཤཱཀྱ་འབྱུང་གནས་ཀྱི་ཕྱག་ལེན་ལྟར་བླ་མ་བདེ་ལེགས་པས་མཛད་པའི་དབང་ཆོག་རིན་ཅེན་འཕྲེང་བའི་སྟེང་ནས་སྨིན་བྱེད་དབང་བརྒྱད་བརྒྱ་སོ་གཅིག་གི་ཐོག་མར་སྒོ་འབྱེད་དཔལ་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་དུ་གསོལ་གདབ། བདུན་རྣམ་དག །སྐྱབས་སེམས་ཀྱིས་རྒྱུད་དག་པ་སྔོན་དུ་འགྲོ་བའི་མཆོག་དབང་བཅུ་དྲུག་ལ་བྲམ་ཟེ་དུང་འཕྲེང་ཅན་གྱི་སློབ་མ་ངན་སོང་ནས་གསང་བདག་གིས་དྲངས་པ་ལྟར་གསང་བའི་ཕྱག་རྒྱས་རིགས་དྲུག་གི་གནས་སྦྱང་ཞིང་དབུ་རྒྱན་གྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་དང་གསང་བའི་རྟེན་གྱི་གསང་བའི་བདག་པོའི་དབང་དམ་པ་རང་རྟགས་ཕྱག་མཚན་དང་བཅས་པ། བུམ་པས་ནད་བྱང་ཞིང་ཡེ་ཤེས་ལྔ་ལྡན་གྱི་འགྲོ་དོན་ཆུ་བོའི་རྒྱུན་བཞིན་བྱ་བ། མེ་ཏོག་གིས་ཚུལ་ཁྲིམས་རྫོགས་ཤིང་ངན་སོང་ལས་བཟློག་པ། ཅོད་པན་གྱིས་ཁམས་གསུམ་དུ་གནས་པའི་བསམ་སྦྱོར་ངན་པའི་བག་ཆགས་བྲལ་བ། ཐུར་མས་མ་རིག་བསལ་ཏེ་སྤྱན་ལྔ་དང་ལྡན་པ། མེ་ལོང་གིས་ཆོས་ཀུན་སྒྱུ་མར་མཐོང་བ། འཁོར་ལོས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ནས་ཁམས་གསུམ་དུ་འགྲོ་ནུས་པ། དུང་གིས་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པ། རྒྱ་གྲམ་གྱིས་རིག་སྔགས་གྲུབ་པ་རྣམས་ཀྱིས་རྟག་ཏུ་བསྲུང་བ། རྒྱལ་སྲིད་སྣ་བདུན་གྱིས་ཕྱིར་མི་ལྡོག་པར་འཁོར་ལོ་སྒྱུར་བའི་དབང་ཕྱུག་ཐོབ་པ། རལ་གྲིས་འཁྲུལ་པའི་བག་ཆགས་དག་པ། མདའ་གཞུས་ཐབས་ཤེས་ཟུང་འབྲེལ། སེང་གེས་ལོག་ཕྱོགས་ཟིལ་གྱིས་མནན་ཏེ་སྐད་ཅིག་མར་འཚང་རྒྱ་བ། ཉི་མས་ཡེ་ཤེས་འཆར་ཞིང་ཟླ་བས་ཁམས་གསུམ་མུན་བསལ། བཀྲ་


GLG002_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་རྫས་བརྒྱད་ཀྱི་ཡུངས་ཀར་གྱིས་བགེགས་འདུལ། ཞོས་ཏིང་འཛིན་བཅུད་ཀྱིས་འཚོ་བ། དུརྦས་རྡོ་རྗེའི་ཚེ་འགྲུབ་པ། ལི་ཁྲིས་ལྷ་མོ་དབང་སྡུད། དུང་གིས་ཆོས་ཀྱི་གྲགས་པ། གྷི་ཧཾ་གིས་དུག་གསུམ་ཞི་བ། མེ་ལོང་གིས་ཆོས་ཀུན་གཟུགས་བརྙན་ལྟར་མཐོང་བ། བིལ་བས་བྱང་ཆུབ་མཆོག་ཐོབ་པའི་དབང་རྣམས། ལམ་འཁྱེར་བཞི་ལ། དམ་ཚིག་ཐེག་ཆེན་སྐྱབས་འགྲོའི་བསླབ་བྱ་དང་དབང་གི་གེགས་བརྒྱད་བསྲུང་བ། དབང་མཆོག་དབང་བཅུ་དྲུག །ལྷ་གསང་བའི་བདག་པོ་རིགས་ལྔའམ་རིགས་བསྡུས་གང་རུང་། སྙིང་པོ་ནི་ལམ་བྷ་ར་དྷ་ར་རྣམས། ངན་འགྲོའི་གཡང་ས་བཀག་ནས་ཐོག་མར་ལྷ་མིའི་ཐེག་པ་ལ་རྩ་བའི་དཀྱིལ་འཁོར་ངན་སོང་ཡོངས་སུ་སྦྱོང་བ་ཀུན་རིག་རྣམ་པར་སྣང་མཛད། ལས་ཀྱི་སྒྲིབ་པ་གཅོད་པ་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་མི་འཁྲུགས་པ། བསྙེན་གནས་ཀྱི་ལྷ་གསུམ་ཞེས་པ་ནད་ཀྱི་བསྐལ་པ་ཞི་བར་བྱེད་པ་ཚེས་བརྒྱད་ཀྱི་ལྷ་སྨན་གྱི་བླ། མཚོན་གྱི་བསྐལ་པ་ཞི་བྱེད་ཉའི་ལྷ་སྣང་མཐའ། མུ་གེའི་བསྐལ་པ་ཞི་བྱེད་སྟོང་གི་ལྷ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྟེ་དཀྱིལ་འཁོར་ལྔ་རེ་རེ་ལའང་། རྒྱལ་ཆེན་བཞི། ལྷ་ཆེན་བཞི་ཡབ་ཡུམ་ཕོ་ཉ་མངག་གཞུག་རེ་དང་བཅས་པ་སྟེ་ལྷ་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར། གཅིག་ཏུ་དྲིལ་ན་པདྨ་འདབ་བཞིའི་ཤར་ནས་གཡས་བསྐོར་དུ་མི་འཁྲུགས་པ། སྨན་བླ། སྣང་བ་མཐའ་ཡས། ཤཱཀྱ་ཐུབ་པ། རི་རབ་གླིང་བཞི་སོགས་ལ། རྒྱལ་ཆེན་ལྷ་ཆེན། ཕོ་ཉ་མངག་གཞུག་བཀོད་པའི་ལྷ་ཉེར་ལྔ་སྟེ་དཀྱིལ་འཁོར་དྲུག་ཏུ་གསོལ་གདབ་བསྙེན་གནས་ཀྱི་སྡོམ་པ་སྔོན་དུ་འགྲོ་བའི་ཅོད་པན་གྱིས་རྒོལ་བ་ཟིལ་གནོན། ཡུམ་


GLG002_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱག་རྒྱས་ཉོན་མོངས་པའི་སྡུག་བསྔལ་ཞི་བ། སེང་ཕྲུག་ཟུང་གཅིག་གིས་རྒོལ་བ་ཟིལ་གནོན། གླང་ཆེན་ཕྲུག་གུ་ཟུང་གཅིག་གིས་འཇིག་རྟེན་འདྲེན་པ། ཀཱ་ཤི་ཀའི་རས་ན་བཟས་མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པ། བུམ་པས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་དག་པ། མིང་གིས་མཁྱེན་པའི་ཡེ་ཤེས་ལ་ཐོགས་པ་མེད་པས་གཞན་དོན་འགྲུབ་པ། རྒྱན་གྱིས་འགྲོ་བ་རྣམས་ཀྱི་སེམས་ཤེས་པ། ཡིག་ཤིང་གིས་ཆོས་སྒྲ་སྒྲོག་པ། གནམ་རུ་ཟུང་གིས་བདུད་དཔུང་འདུལ་བའི་འཕོང་རྩལ་ལྡན་པ། བཙུན་མོས་རིགས་མི་ནུབ་ཅིང་འགྲོ་དོན་བྱེད་པ། རྒྱ་ཡིག་ལྔ་བཅུ་ཐམ་པ་རིམ་བཞིན་མ་སྐྱེས། བྱ་བའི་ཡེ་ཤེས། ཁྱབ་བྱེད། དོན་འགྱུར། གནས་པ། འཛིན་མེད། འགག་མེད། འདའ་བར་མེད་པ། མ་བྱུང་བ། སྙོག་མེད། སྦྱོར་བྲལ། ང་རྒྱལ་མེད་པ། སྒྱུ་རྩལ་མེད་པ། འདྲེན་པ་མེད་པ། བསླུ་མེད། ཀུན་འགྱུར། ཐ་སྙད་མེད། རྟེན་བྲལ། གཏོང་བྲལ། རང་བཞིན་མེད་པ། ཡུལ་བྲལ། ངེས་འབྱུང་། དངོས་མེད། བརྗོད་མེད། རྡུལ་བྲལ། ཆགས་མེད། དྲི་མེད། རྒྱུ་མེད། རྐྱེན་བྲལ། བླང་བ་མེད་པ། སྤྲོས་མེད། ཁུར་བྲལ། ཡང་དག །རྒྱུ་བྲལ། ཁམས་བྲལ། མ་སྐྱེས། མཐོང་མེད། ཐོས་མེད། ཚོར་མེད། མྱོང་མེད། རེག་བྲལ། ཆོ་འཕྲུལ་རྣམས་ཀྱི་སྒོ་ནས་གྲོལ་བའི་དབང་། བོད་ཡིག་སུམ་ཅུ་རིམ་པར་ཉོན་མོངས་གྲོལ་བ། འཁོར་བ་ལས་གྲོལ་བ། མ་ཆགས་ཤིང་རྣམ་པར་དག་པ། མཚན་མ་ལས་རྒྱལ་བ། མཚན་འཛིན་གཉིས་མེད། ཐབས་ཤེས་ཟུང་འབྲེལ། བག་ཆགས་ཀྱིས་མ་གོས་པ། རིག་པ་ཡེ་ཤེས་ཀྱི་བྱིན་རླབས། སྙིང་རྗེའི་འོད་ཟེར་འབྱུང་བ། ཟབ་མོའི་ཡེ་ཤེས་རྟོགས་པ། མཉམ་ཉིད་ངང་དུ་བདེ་བ། འཁོར་


GLG002_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡུག་བསྔལ་གཏན་སྤོང་བ། གཞན་རིག་བསྐྱེད་པ། མྱ་ངན་ལས་འདས་པ། དངོས་མཚན་མཉམ་ཉིད། ཀུན་གྱི་གཞི་རྟེན་གྱུར་པ། ཆོས་སྐུ་དང་འདུ་འབྲལ་མེད་པ། རྒྱུ་འབྲས་ཡོངས་རྫོགས། ཐུགས་རྗེའི་འོད་ཟེར་འབྱུང་བ་འཁོར་བའི་མྱ་ངན་འདུལ་བ། གཞལ་ཡས་ཁང་བདེ་བ་ཆེན་པོ། མ་རིག་མུན་སེལ། རང་བཞིན་མེད་པར་སྒྲ་སྒྲོག་པ། གཟུགས་སྐུ་རྣམ་གཉིས་ཀྱིས་འགྲོ་བའི་དོན་བྱེད། ཉོན་མོངས་གཅོད་པ། སེམས་ཅན་དོན་བྱེད་གསུམ། འགྲོ་དོན་མཐར་ཕྱིན་གཉིས་རྣམས་ཀྱི་དབང་། རྣམ་སྣང་གིས་ངན་སོང་སྦྱོང་བ། མི་འཁྲུག་པས་སྡིག་སྒྲིབ་སྦྱོང་བ། ཤཱཀ་ཐུབ་ཀྱིས་མུ་གེ་ལས་ཐར་པ། སྣང་མཐས་མཚོན་གྱི་བསྐལ་པ་ལས་ཐར་པ། སྨན་བླས་ནད་ཀྱི་བསྐལ་པ་ལས་ཐར་པ། རྒྱལ་ཆེན་བཞི། བརྒྱ་བྱིན། ཚངས་པ། ཁྱབ་འཇུག །དབང་ཕྱུག །བཙུན་མོ། ཕོ་ཉ། མངག་གཞུག་དང་བཅས་པའི་ལྷ་དབང་། ལམ་ཁྱེར་ལ། ཐེག་པ་ལྷ་མིའི་ཐེག་པ། འཇུག་སྒོ་ཆོས་སྤྱོད་བཅུ། ལྟ་བ་ལས་འབྲས། བསྲུང་བྱ་མི་དགེ་བཅུ། བསྒོམ་བྱ་ཚད་མེད་བཞི། སྤྱོད་པ་དགེ་བཅུ་བསྒྲུབ་པ། འབྲས་བུ་ལྷ་མིའི་གོ་འཕང་། ལྷ་ལམ་ཁྱེར་རྣམ་སྣང་མི་བསྐྱོད་དུས་བཟང་གི་ལྷ་གསུམ་སོ་སོར་འཁོར་ཉི་ཤུ་དང་བཅས་པ། སྙིང་པོ་ལམ་ཁྱེར་དུ་རྒ། ཀཾ་ཀ་ནི། མུ་ནི། ཨོཾ་པདྨ་ཨ་མི་དེ་ཝ་ཧྲཱིཿ བྷཻ་ཥ་ཛེ། བསླབ་བྱ་ནི་མིའི་ཆོས་བཅུ་དྲུག་དང་སྒོམ་མི་དང་སྒོམ་ཆུང་། ནམ་མཁའ་ཀློང་ཡངས་ལས། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་མེད་ཆོས་སྐུ་སྤྱོད་པར་བཤད། །ཅེས་སེམས་རང་གསལ་འཛིན་མེད་དགུས་ལྷ་མིའི་ངང་སྒོམ་བསྟན་པ་རྣམས། ལྷ་མིའི་ཐེམ་སྐས་ལ་བརྟེན་པའི་སྨིན་གྲོལ་གྱི་ལམ་སྔོན་དུ་སོང་


GLG002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉན་ཐོས་ཀྱི་དཀྱིལ་འཁོར་ལ་གཙོ་བོ་སྟོན་པ་ཤཱཀྱའི་རྒྱལ་པོ་ལ། དུས་བཟང་གི་ལྷ་གསུམ། དུས་ཆེན་པོའི་ལྷ་མར་མེ་མཛད། ཤཱཀྱ་ཐུབ་པ། མགོན་པོ་བྱམས་པ་སྟེ་དུས་གསུམ་གྱི་སངས་རྒྱས་ཀྱིས་བསྐོར་བའི་དཀྱིལ་འཁོར། ཡང་འཁོར་རྣམ་བཞིས་བསྐོར་བའི་དཀྱིལ་འཁོར། ཡང་དགྲ་བཅོམ་པ། ཕྱིར་འོང་། ཕྱིར་མི་འོང་། རྒྱུན་ཞུགས། ཉན་ཐོས་མཆོག་བརྒྱད། རང་རྒྱུད་པ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར། ཡང་ཀུན་དགའ་བོ་སོགས་ཉན་ཐོས་མཆོག་བཅུ་དྲུག་གིས་བསྐོར་བའི་དཀྱིལ་འཁོར། ཡང་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་རྣམས་སུ། གསོལ་གདབ། དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་འབོགས་པ་སྔོན་དུ་འགྲོ་བའི་དབང་ལ། ངུར་སྨྲིག་ཆོས་གོས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པ། འཁར་གསིལ་ལྷུང་བཟེད་ཀྱིས་མཚོན་དང་མུ་གེའི་བསྐལ་པ་ལས་ཐར་པ། གཙོ་བོ་ཐུབ་པའི་དབང་པོའི་སྐུས་དཀོན་ཅོག་གསུམ་དང་མི་འབྲལ་བ། ཉན་ཐོས་མཆོག་བཅུ་དྲུག་གིས་རིམ་བཞིན། རྟག་ཏུ་ཞམ་རིང་བྱེད་པ། ཤེས་རབ། རྫུ་འཕྲུལ། དྲི་ལན་ལྡོན་པ། ལྷའི་མིག །དད་པ་བསྐྱེད་པ། ཐོས་སྒྲོལ། སྤྱོད་ལམ་མཛེས་པ། འདུལ་འཛིན། འགོག་པའི་ཏིང་ངེ་འཛིན། སྦྱངས་པའི་ཡོན་ཏན། བསླབ་ལ་གུས་པ། མཚན་དཔེ། བཀའ་ལ་གུས་པ། དབུལ་བ་སེལ་བ། ཡོན་སྦྱོང་བ་མཆོག་གི་དབང་། འཕགས་པ་གནས་བརྟན་བཅུ་དྲུག་གིས་དམ་པའི་ཆོས་ཀྱི་ཆབ་སྲིད་འཛིན་པའི་དབང་། བུམ་པས་ཉོན་མོངས་བག་ཆགས་ཀྱི་དྲི་མ་དག་པ། མིང་གིས་ཤེས་བྱ་ཐམས་ཅད་ཐོགས་མེད། ཤིང་རྟས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སུན་དབྱུང་། ཆིབས་ཀྱིས་ཉོན་མོངས་པའི་འཆིང་བ་གྲོལ་བ་


GLG002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཤན་རལ་གྲིས་འཁྲུལ་བའི་དྲ་བ་གཅོད་པ། གསེག་པར་གྱིས་འགྲོ་དོན་མཐར་ཕྱིན། ན་བཟའ་ངུར་སྨྲིག་གིས་འཁོར་བའི་གདུང་སྐྱོབ། སྦྲང་རྩིས་འབྲས་བུ་ཕུན་ཚོགས། འོ་ཐུག་འབྲས་ཆེན་གྱིས་མཚན་དཔེ་འབར་བ། རྩའི་གདིང་བས་བཀྲ་ཤིས་ཤིང་བར་གཅོད་ཀྱིས་མི་ཚུགས་པ། སྙིང་པོ་འཛབ་ཀྱིས་ཆོས་ཐམས་ཅད་ཀྱི་མཛོད་འཛིན་པ་རྣམས་ཀྱི་དབང་། ངང་སྒོམ་གསུམ་གྱི་སྔོན་འགྲོ་ཤེས་པ་བཅུ། དངོས་གཞི་ཡེ་ཤེས་དང་སྒོམ། ལམ་ཁྱེར་བཞི་ལ། ཐེག་པ་ཉན་ཐོས། ལྷ་དུས་གསུམ་སངས་རྒྱས་སམ་ཤཱཀྱ་ཐུབ་པ་གཙོར་གྱུར་པའི་དཀྱིལ་འཁོར་ལྔ། སྙིང་པོ་མུ་ནེ། བསླབ་བྱ་མི་དགེ་བཅུ་དགྲ་དང་ཚེར་མ་ལྟར་སྤོང་། དགེ་བཅུ་སྨན་བཞིན་བསྟེན་པའོ། ༈ །ཉན་ཐོས་ཐེག་པའི་སྨིན་གྲོལ་གྱི་རྗེས་སུ། གཙོ་བོ་བཅོམ་ལྡན་འདས་ལ་བསེ་རུ་ལྟ་བུའི་རང་རྒྱལ་གྱིས་བསྐོར་བའི་དཀྱིལ་འཁོར། ཡང་ནེ་ཙོ་ལྟ་བུའི་རང་རྒྱལ་གྱིས་བསྐོར་བའི་དཀྱིལ་འཁོར། ཡང་ཚོགས་སྤྱོད་ཆེ་འབྲིང་གི་རང་རྒྱུད་པ་དང་སྤྲུལ་པས་བསྐོར་བའི་དཀྱིལ་འཁོར། ཡང་རྟེན་འབྲེལ་བཅུ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར། ཡང་རང་རྒྱལ་བཅུ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར་རྣམས་སུ། གསོལ་གདབ་དགེ་ཚུལ་དགེ་སློང་གི་སྡོམ་པ་ལེན་པ་སྔོན་དུ་འགྲོ་བའི་བུམ་པའི་དབང་གིས་ཉོན་མོངས་པའི་བག་ཆགས་དག་པ། མིང་གི་ཤེས་བྱ་ལ་མ་རྨོངས་པ། ཤན་རལ་གྲིས་འཁྲུལ་བའི་དགྲ་གཅོད་པ། ན་བཟའ་ངུར་སྨྲིག་གིས་ཉོན་མོངས་གདུང་སྐྱོབ། སྦྲང་རྩིས་འབྲས་བུ་ཕུན་ཚོགས། གདིང་བས་བར་གཅོད་མི་ཚུགས་པ། རྟེན་འབྲེལ་བཅུ་གཉིས་དང་བསེ་རུ་ནེ་ཙོ་ལྟ་བུའི་རང་རྒྱལ་རྣམས་ཀྱི་ལྷ་དབང་གིས་རྟེན་འབྲེལ་ལུགས་


GLG002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལུགས་ལྡོག་གི་ཡིད་བཞིན་བདེ་བ་མཆོག་ཐོབ། གཙོ་བོའི་སྐུས་འཁོར་བའི་སྡུག་བསྔལ་སེལ་བ། གཅིག་པོ་དང་ཚོགས་སྤྱོད་ཀྱི་གྲོགས་ལ་བརྟེན་ནས་བདེ་བ་མཆོག་དམ་པ། རང་རྒྱལ་བཅུ་གཉིས་ཀྱིས་རིམ་བཞིན། འཁོར་བ་ལས་སྐྲག་པ། ཏིང་འཛིན་རབ་སྣང་། སྲིད་པ་བསྙིལ་བ། ཉོན་མོངས་གདུང་སེལ། ཤེས་རབ་རྩལ་ལྡན། སྤྲུལ་པའི་ཆོ་འཕྲུལ། དུག་ལྔ་འདུལ་བ། གསུང་གི་དབང་ཕྱུག །ཏིང་འཛིན་རྩེ་གཅིག །འཁོར་བའི་རླུང་གིས་མི་བསྐྱོད་པ། འཇིགས་པ་བྲལ་བ། ཏིང་འཛིན་རྫུ་འཕྲུལ་མྱུར་བ་རྣམས་ཀྱི་དབང་། ལམ་ཁྱེར་ལ། ལྷ་ནི་ཐུབ་པ་རང་རྒྱལ་བཅུ་གཉིས་དང་བཅས་པ། སྙིང་པོ་ཡེ་དྷརྨཱ། དབང་རྟེན་འབྲེལ་བཅུ་གཉིས། ཐེག་པ་རང་རྒྱལ་ཐེག་པ། ལྟ་བ་གང་ཟག་གི་བདག་མེད། བསྲུང་བྱ་ཚུལ་ཁྲིམས། ཏིང་འཛིན་རྟེན་འབྲེལ་ལུགས་ལྡོག །སྤྱོད་པ་ཡ་མ་ཟུང་གི་རྫུ་འཕྲུལ། འབྲས་བུ་རང་རྒྱལ་དགྲ་བཅོམ། ངང་སྒོམ་ཐིག་ལེ་དཀར་དམར་གསལ་འདེབས་རྣམས། རང་རྒྱལ་གྱི་སྨིན་གྲོལ་མངོན་དུ་གྱུར་ནས་བྱང་ཆུབ་སེམས་དཔའི་ཐེག་པ་ལ། གཙོ་བོ་ཐུབ་པའི་དབང་པོར་ཡུམ་ཆེན་མོ། ཕྱག་ན་རྡོ་རྗེ། ཤཱ་རིའི་བུ། སྤྱན་རས་གཟིགས་ཀྱིས་བསྐོར་བ། ཡང་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། ཡང་ནང་གི་པད་འདབ་ལ་ལྷ་ལྔ་གོང་ལྟར་ལ་ཕྱིའི་འདབ་བརྒྱད་ལ་གླང་པོ་དམ་པ། རིན་འབྱུང་། པདྨ་དམ་པ། ཏིང་འཛིན་རྒྱལ་པོ། རྡོ་རྗེ་སེམས། རིན་ཅེན་སེམས་མ། ཆོས་ཀྱི་སེམས་མ། ལས་ཀྱི་སེམས་མ་རྣམས་ཀྱིས་བསྐོར་བ། ཡང་ལིང་ཚེ་དགུའི་དབུས་སུ་ཡང་ཐུབ་དབང་ལ་རིགས་བཞིའི་སངས་རྒྱས་དང་འཁོར་ལོ་རྩིབས་བཅུ་ལ་ཕྱོགས་བཅུའི་སངས་རྒྱས་


GLG002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ལ་བྱང་ཆུབ་སེམས་དཔའ་བཞི་རེས་བསྐོར་བ། གྲུ་ཆང་ལ་སྒེག་སོགས་བརྒྱད། ཁྱམས་ལ་སེམས་དཔའ་བཅུ་དྲུག །འདོད་སྣམ་ལ་བཀྲ་ཤིས་ལྷ་མོ་བརྒྱད། སྒོ་མ་བཞི། དཀྱིལ་འཁོར་བཞི་པོ་འདི་ལ་ཐུབ་པ་དང་ཡུམ་ཆེན་མོ་གོ་ས་བརྗེས་པའི་གཙོ་བོ་འཕོས་པས་དཀྱིལ་འཁོར་བརྒྱད་དུ་འགྱུར། ཡང་གཙོ་བོ་ཐུབ་པའི་ངོ་བོ་རྡོ་རྗེ་སེམས་དཔའ་ལ་དགའ་བའི་སྤྱན་སོགས་བརྒྱད་ཀྱིས་བསྐོར་བ། བྱང་ཤར་གྱི་རྩིབས་དབུས་ཐུབ་པ་ལ་ཡུམ་ཆེན་མོ་སོགས་བརྒྱད། ཤར་ལྷོའི་རྩིབས་དབུས་རྣམ་སྣང་ལ་ཟླ་འོད་དཔལ་སོགས་བརྒྱད། ལྷོའི་རྩིབས་སུ་དབུས་རིན་འབྱུང་ལ་གསེར་འོད་འཕྲོ་སོགས་བརྒྱད། ལྷོ་ནུབ་ཀྱི་རྩིབས་དབུས་ཤཱཀྱ་སེང་གེ་ལ་དྲི་མ་མེད་པའི་སྒྲ་སོགས་བརྒྱད། ནུབ་བྱང་གི་རྩིབས་དབུས་སུ་སྣང་མཐའ་ལ་ངེས་པར་ཤེས་པ་སོགས་བརྒྱད། བྱང་གི་རྩིབས་དབུས་སུ་དོན་གྲུབ་ལ་དགེ་བའི་བཤེས་གཉེན་སོགས་བརྒྱད་ཀྱིས་བསྐོར་བ། གྲ་བཞིར་སྒེག་སོགས་བརྒྱད། ལྷ་སྣམ་ལ་སེམས་དཔའ་བཅུ་དྲུག །སྒོ་བ་བཞི། འདོད་སྣམ་ལ་ལྷ་མོ་བརྒྱད་དང་བཅས་པ། ཡང་དབུས་སུ་ཡུམ་ཆེན་མོ་དང་ཐུབ་པ་ཞལ་སྤྲོད་ཀྱི་ཕྱོགས་མཚམས་སུ་གླང་པོ་དམ་པའི་དཔལ་སོགས་བརྒྱད། ཤར་གྱི་པདྨའི་དབུས་སུ་མྱ་ངན་མེད་པ་ལ་ཆོས་ཀྱི་རྒྱལ་མཚན་སོགས་བརྒྱད། ལྷོའི་པདྨའི་དབུས་སུ་རིན་ཅེན་དཔལ་ལ་སྣང་བའི་མཆོག་སོགས་བརྒྱད། ནུབ་ཀྱི་པདྨའི་དབུས་སུ་གདུགས་དམ་པའི་དཔལ་ལ་པདྨའི་རྒྱལ་པོ་སོགས་བརྒྱད། བྱང་གི་པདྨའི་དབུས་སུ་དབང་དུ་གྱུར་པ་ལ་རིན་ཅེན་དབང་ཕྱུག་སོགས་བརྒྱད། བྱང་ཤར་གྱི་པདྨའི་དབུས་སུ་ཤཱཀྱ་སེང་གེ་ལ་ཕྱག་ན་རྡོ་རྗེ་སོགས་བརྒྱད། ཤར་ལྷོའི་པདྨའི་དབུས་སུ་


GLG002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འོད་ལ་ཀུན་ཏུ་བཟང་པོ་སོགས་བརྒྱད། ལྷོ་ནུབ་ཀྱི་པདྨའི་དབུས་སུ་རྣམ་པར་གྲོལ་བའི་དཔལ་མོ་ལ་མཐུ་ཆེན་ཐོབ་སོགས་བརྒྱད། ནུབ་བྱང་གི་པདྨའི་དབུས་སུ་བདུད་རྩི་རྒྱལ་བ་ལ་གཞོན་ནུ་རྒྱན་སོགས་བརྒྱད། སྟེང་གི་པདྨའི་དབུས་སུ་དགའ་བའི་དཔལ་ལ་བཟང་སྐྱོང་སོགས་བརྒྱད། འོག་གི་པདྨའི་དབུས་སུ་པདྨ་དམ་པའི་དཔལ་ལ་ཡེ་ཤེས་ཏོག་སོགས་བརྒྱད། གྲྭ་བཞིར་སྒེག་སོགས་བརྒྱད། ལྷ་སྣམ་ལ་བརྒྱ་བྱིན་སོགས་ཕྱོགས་སྐྱོང་བཅུ། སྒོ་བཞིར་རྒྱལ་པོ་བཞི་རྣམས། དེ་ལྟར་སེམས་ཙམ་པའི་ལུགས་ལ་ཡུམ་ཆེན་མོ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ལྔ་དང་། དབུ་མ་ལ་ཐུབ་དབང་གཙོར་གྱུར་པའི་དཀྱིལ་འཁོར་ལྔ་སྟེ་བཅུར་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཆོ་ག་སྔོན་དུ་འགྲོ་བའི་བུམ་པས་སྣ་དྲངས། ལྷ་ལྔ་མ། བཅུ་མ། བཅོ་ལྔ་མ། དགུ་བཅུ་རྩ་གཅིག་མ། དགུ་བཅུ་རྩ་དགུ་མ། བརྒྱ་ཉེར་ལྔ་མ་རྣམས་ལྷ་གཅིག་པ་མང་བའི་དབང་གིས་དབང་ཆོག་ནག་འགྲོས་སུ་བལྡབས་པ་མི་འདུག་རུང་། ཕྱག་ལེན་ལ་སོ་སོའི་དཀྱིལ་འཁོར་དང་མཐུན་པའི་ལྷ་དབང་ཡོངས་རྫོགས། རྫས་དབང་ལ་དབུ་རྒྱན་གྱིས་ཆོས་ཀྱི་རྒྱལ་ཚབ་། ཡུམ་གྱི་ཕྱག་རྒྱས་ནད་དང་སྡུག་བསྔལ་ཞི་བ། སེང་ཕྲུག་ཟུང་གིས་རྒོལ་བ་ཟིལ་གནོན། གླང་ཕྲུག་ཟུང་གིས་འཇིག་རྟེན་འདེགས་པ། ཀཱ་ཤིའི་རས་ཀྱིས་ཡེ་ཤེས་གསལ་བ། བུམ་ཆུས་ཉོན་མོངས་བག་ཆགས་དག་པ། མིང་གིས་ཤེས་བྱ་ལ་མ་རྨོངས་པ། རྒྱན་གྱིས་འགྲོ་ཀུན་ཤེས་པར་ལྡན་པ། ཡིག་ཤིང་གིས་ཆོས་སྒྲ་སྒྲོག་པ། གནམ་རུས་བདུད་དཔུང་འཇོམས་པ། བཙུན་མོས་རིགས་མི་ནུབ་པ། ཤིང་རྟས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སུན་ཕྱུང་བ། ཆིབས་ཀྱིས་རབ་ཏུ་འབྱུང་ཞིང་ཉོན་


GLG002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ལས་གྲོལ། རལ་གྲིས་ཉོན་མོངས་དྲ་བ་གཅོད་པ། གསེག་པར་གྱིས་འགྲོ་དོན་མཐར་ཕྱིན། ན་བཟའ་ངུར་སྨྲིག་གིས་སྲིད་པའི་གདུང་སྐྱོབ། འབྲས་ཆེན་གྱིས་མཚན་དཔེ་རབ་བརྗིད། རྩའི་སྟན་གྱིས་བདུད་ཀྱིས་མི་ཚུགས་པ། བུ་རམ་སྦྲང་རྩིས་འབྲས་བུ་ཕུན་སུམ་ཚོགས་པ་སྟེ་སངས་རྒྱས་ཀྱི་མཛད་པ་ཉི་ཤུ་དང་སྦྱར་བའི་དབང་། ལམ་ཁྱེར་ལ། ཐེག་པ་བྱང་སེམས་ཐེག་པ། ལྷ་ཐུབ་དབང་དང་ཡུམ་ཆེན་མོར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བའི་དཀྱིལ་འཁོར་བཅུ། སྔགས་མུ་ནི་དང་པ་ར་ག་ཏེ། དབང་མཛད་པ་ཉི་ཤུ། དང་སྒོམ་འཇུག་སྒོ་བདེན་པ་གཉིས། ལྟ་བ་བདག་མེད་གཉིས། བསྲུང་བྱ་བྱང་སེམས་སྡོམ་པ། སྤྱོད་པ་བདག་གཞན་མཉམ་བརྗེ། ཚུལ་ཁྲིམས་མི་དགེ་བཅུ་སྤོང་། དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད། འབྲས་བུ་ས་བཅུ་བགྲོད་ནས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་ནོ། ༈ །ཐེག་པ་འོག་མ་དང་འབྲེལ་བའི་སྨིན་གྲོལ་རྫོགས་ནས། གསང་སྔགས་ཕྱི་ཀྲྀ་ཡའི་ཐེག་པ་ལ། རིགས་གསུམ་སོ་སོའི་དཀྱིལ་འཁོར་གསུམ། དེ་གསུམ་པོ་རེ་རེ་གཙོ་བོ་བྱས་པ་ལ་ཀྲྀ་ཡ་དོན་གྱི་ལྷ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་གསུམ། སྟེང་དུ་རྣམ་སྣང་ལྷ་ལྔ་མ། བར་དུ་འོད་དཔག་མེད་ལྷ་ལྔ་མ། འོག་ཏུ་རྡོར་སེམས་ལྷ་ལྔ་མ་སྟེ་ཀྲྀ་ཡ་ལྷ་བཅོ་ལྔའི་དཀྱིལ་འཁོར་རྣམས་སུ། གསོལ་གདབ་དང་རིགས་གསུམ་སྤྱིའི་དམ་ཚིག་བཟུང་བ་སྔོན་དུ་འགྲོ་བའི་བུམ་དབང་གིས་སྣ་དྲངས་ཏེ་རིགས་གསུམ་མགོན་པོ་བདེ་གཤེགས་དྲུག །རིགས་ཀྱི་བདག་པོ་གསུམ། ཤེས་རབ་གཙོ་བོ་གསུམ། ཡུམ་གསུམ། ཕོ་ཉ་གསུམ། སྤྲོ་ན་ལྷ་མོ་དཔལ་སོགས་བཀའ་སྡོད་རེ་


GLG002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་སྤྲུལ་མ་སོགས་རིགས་ཀྱི་ལྷ་མོ་རེ། ཚངས་པ་སོགས་ལྷ་ཆེན་རེ། བསྐལ་བཟང་བཅུ་དྲུག །བཀྲ་ཤིས་ལྷ་མོ་བཅུ་དྲུག་རྣམས་ཀྱི་ལྷ་དབང་། རྫས་དབང་ལ་རིན་ཅེན་སྣ་ལྔའི་རི་རབ་ཀྱིས་མཐུ་སྟོབས་ཕུན་ཚོགས། རང་བཞིན་དང་སྤྲུལ་པའི་མཆོད་རྟེན་གྱིས་ཆོས་སྐུ་ཐོབ་པ། དཔག་བསམ་ཤིང་གིས་གང་འདོད་ཡིད་བཞིན་འགྲུབ་པ། རྒྱ་མཚོ་ཆེན་པོས་སྐྱེ་མེད་རྒྱུད་ལ་རྟོགས་པ། ས་གཞིས་བཀྲ་ཤིས་བྱིན་ཆགས། བུམ་ཆུས་སྐྱེ་འཆི་མེད་པ། དར་གྱི་ཟ་ར་ཚགས་ཀྱི་རྒྱལ་སྲིད་མངའ་བརྙེས་པ། རིན་ཅེན་ཁྲི་རྐང་གིས་ཆོས་མ་ནོར་བ་སྒྲོག་པ། མེ་ཏོག་ཆུན་པོས་འཁོར་བ་ལས་ཡིད་འབྱུང་བའི་མཛེས་རྒྱན། རྔ་ཡབ་ཀྱིས་དགྱེས་པ་ཆེན་པོའི་གཟི་བརྗིད་དང་ལྡན་པ། རྡུལ་ཡབ་ཀྱིས་ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པ། སྦྲང་ཡབ་ཀྱིས་འཛིན་ཆགས་ཀྱི་སྐྱོན་གྲོལ་བ། བླ་བྲེས་ཉོན་མོངས་པའི་རྡུལ་གྱིས་མི་གོས་པ། རྒྱལ་མཚན་གྱིས་ཆོས་ཀྱི་ཡོན་ཏན་མི་ནུབ་པ། གདུགས་ཀྱིས་ཉོན་མོངས་ཚ་གདུང་ཞི་བ། དར་གྱི་ལྡ་ལྡིས་ངན་སོང་ཐར་པ། སྐེ་རགས་ཀྱིས་ལུས་བརྟན་པ། སྤོས་ལྔས་དབང་པོ་ཚིམ་པ། སྙིང་པོ་ལྔས་ཚེ་མི་འཛད་པ། རིན་ཅེན་ལྔས་ལོངས་སྤྱོད་མི་འཛད་པ། འབྲུ་ལྔས་མུ་གེའི་བསྐལ་པ་ལས་ཐར་བ། བྱ་ཏྲི། སིང་ཏྲི། ཤུ་དག་དཀར་པོ། དབང་ལག །ཀཎྜ་ཀ་རི་ལྔས་ནད་ཀུན་ཞི་བའི་དབང་སྟེ་ཉི་ཤུ་རྩ་དྲུག །ལམ་ཁྱེར་ལ། ཐེག་པ་ཀྲྀ་ཡའི་ཐེག་པ། ལྷ་རིགས་གསུམ། ལྷ་བདུན། ལྷ་བཅོ་ལྔ་མའི་དཀྱིལ་འཁོར། སྔགས་ཝཱ་གཱ་ཤྭ་ར། མ་ཎི། བཛྲ་པཱ་ཎི། དབང་ཉི་ཤུ་རྩ་དྲུག་འཇུག་སྒོ་ཁྲུས་དང་གཙང་སྦྲ། ལྟ་བ་སྟོང་གསལ་ཡེ་ཤེས། དམ་ཚིག་རིགས་གསུམ་མམ་བདུན་ནམ་ཉི་ཤུ་རྩ་དྲུག་


GLG002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཚོད་ཚེས་གྲངས་བཟང་པོ་ལ་འཇུག་པ། ངག་སྒོམ་ཐིག་ལེ་གསུམ་བརྩེགས། འབྲས་བུ་སྐུ་གསུམ་མོ། །ཀྲྀ་ཡའི་སྨིན་གྲོལ་རྫོགས་ནས་ཨུ་པ་ལ། ལ་ལ་དག་ཀྲྀ་ཡའི་དབང་ཉེར་དྲུག་དང་ཡོ་གའི་དབང་དྲུག་ཅུ་རྩ་བཞི་གཉིས་ལ་འདུས་པར་བྱས་ནས་ཟུར་དུ་མི་བྱེད་པ་བྱུང་ནའང་། དེ་ལྟར་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་འབྲིང་གི་ཐ་མ། འབྲིང་གི་འབྲིང་། འབྲིང་གི་རབ་གསུམ་ཡོད་པའི་བར་མ་མ་ཚང་བར་འགྱུར་བའི་སྐྱོན་ཡོད་པ་ནས། ཟུར་ཐམས་ཅད་མཁྱེན་པ་ཤཱཀ་འབྱུང་སོགས་ཕྱག་ལེན་དུ་ངེས་པར་མཛད་པས། དེ་ཡང་ཀྲྀ་ཡ་གཙོ་ཆེ་བའི་དབང་དུ་བྱས་ན་རིགས་བཞི་ལ་པད་འདབ་བཞི། ཡོ་ག་གཙོ་ཆེ་བར་རིགས་ལྔའི་ལིང་ཚེའི་དཀྱིལ་འཁོར་གཉིས་སུ་གསོལ་གདབ་སོགས་སྟ་གོན། ཡན་ལག་བདུན་པ། སྐྱབས་སེམས། རིགས་གསུམ་སྤྱིའི་དམ་ཚིག་བཟུང་ནས། བུམ་པའི་ཆུས་རིགས་བཞི་རྡོ་རྗེ་འཆང་གི་དབང་། རྣམ་སྣང་མ་གཏོགས་པའི་རིགས་བཞིའམ་རིགས་ལྔའི་ལྷ་དབང་། སྤྲོ་ན་ཀྲྀ་ཡའི་དབང་ཉེར་དྲུག་དང་བཅས་པ། ལམ་ཁྱེར་ལ་ཐེག་པ་ཨུ་པ། ལྷ་རྣམས་སྣང་གཙོ་འཁོར། སྙིང་པོ་རིགས་ལྔའི་སྔགས། དབང་བུམ་པ་དང་ལྷ་དབང་། ལྟ་བ་ཡོ་ག །དམ་ཚིག་རྗེ་འབངས་ཀྱི་ཚུལ། ཏིང་ངེ་འཛིན་རང་རིག་རང་གསལ། གདམས་པ་བདག་ལྷ་སྔགས་ཆོས་ཉིད་བཞི། དཔྲལ་མགྲིན་སྙིང་ལྟེར་ཨོཾ་དཀར་ཨཱཿདམར། ཧཱུྃ་སྔོན། ཏྲཾ་སེར་བསྒོམས་པས་མིང་བཞིའི་ཕུང་པོ་སྦྱོང་། འབྲས་བུ་རིགས་བཞི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་རྣམས། ཨུ་པའི་སྨིན་གྲོལ་གྱི་རྗེས་སུ་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་རྡོར་དབྱིངས་ལྷ་ང་གསུམ་གྱི་ལྷ་དབང་


GLG002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དབང་ལ་ཕྱག་རྒྱ་རིམ་ལྔའི་སྐུས་ཡེ་ཤེས་ལྔ་མཐར་ཕྱིན། སྙིང་པོ་སྔགས་ཀྱིས་ཡེ་ཤེས་ཕུན་སུམ་ཚོགས་པ། གསེར་ཐུར་གྱིས་ཤེས་རབ་ཀྱི་མིག་གསལ་བ། མེ་ལོང་གིས་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མར་རྟོགས་པ། འཁོར་ལོས་རྫུ་འཕྲུལ་གྱི་རྐང་པ་དང་འགྲོ་དོན་ཐོགས་མེད། དུང་གིས་ཚངས་དབྱངས་ལྟ་བུར་སྒྲོག །མེ་ཏོག་གིས་ཚུལ་ཁྲིམས་ཡོངས་སུ་རྫོགས་པ། རྡོ་རྗེས་མེ་ལོང་ཡེ་ཤེས། རིན་པོ་ཆེས་མཉམ་ཉིད་ཡེ་ཤེས། པདྨས་ཀུན་རྟོག་ཡེ་ཤེས། རྒྱ་གྲམ་གྱིས་བྱ་གྲུབ་ཡེ་ཤེས། བུམ་པས་ཉོན་མོངས་ནད་སྦྱང་བ། སེང་གེས་ཐམས་ཅད་ཟིལ་གནོན། ཉི་མས་ཡེ་ཤེས་འཆར་བ། ཟླ་བས་ཉོན་མོངས་གདུང་སེལ། རྒྱལ་སྲིད་སྣ་བདུན་གྱི་འཁོར་ལོར་འགྲོ་ཀུན་སྨིན་གྲོལ་ལ་འགོད་པ། གླང་པོས་རྒལ་བ་ཟིལ་གནོན། རྟ་མཆོག་གིས་འཁོར་བའི་ཆུ་བོ་ལས་སྒྲོལ་བ། ནོར་བུས་ལྷག་མཐོང་ཡེ་ཤེས་རྟོགས་པ། བློན་པོས་འཕགས་ནོར་བདུན་ལྡན། བཙུན་མོས་འཇིག་རྟེན་ལས་འདས་པའི་རྒྱུད་ཡོངས་སུ་དག་པ། དམག་དཔོན་གྱིས་འཇིགས་ཚོགས་ལྟ་བའི་རི་བོ་ཉི་ཤུ་འཇོམས་པ། རལ་གྲིས་འཁྲུལ་བའི་དྲ་བ་གཅོད་པ། མདའ་གཞུས་ཐབས་ཤེས་ཟུང་འཇུག །གནམ་རལ་གྱིས་བདུད་དཔུང་འཇོམས་པ། ཤན་ཉེ་བ་རིན་པོ་ཆེས་འཁོར་བའི་སྒྲིབ་པ་གཅོད་པ། ཞ་ཉེ་བ་རིན་པོ་ཆེས་བགེགས་བར་གཅོད་མི་ཚུགས་པ། ཁབ་སྐུད་ཉེ་བ་རིན་པོ་ཆེས་ལེགས་པའི་ཡོན་ཏན་འགྲུབ་པ། ན་བཟས་གྲང་བའི་སྡུག་བསྔལ་ཞི་བ། ཆགས་ཉེ་བ་རིན་པོ་ཆེས་ཐུགས་རྗེ་འགྲོ་ལ་ཆགས་པ། ཀྲྀཥྞ་ས་རའི་པགས་པས་འགྲོ་དོན་རྒྱ་ཆེར་འགྲུབ་པ། བཀྲ་ཤིས་རྫས་བརྒྱད་ཀྱི་ཡུངས་ཀར་གྱིས་སྟོང་ཕྲག་བརྒྱད་ཅུའི་བགེགས་


GLG002_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚུགས་པ། ཞོས་ཏིང་འཛིན་གྱི་གཟི་བརྗིད་ལྡན་པ། དུར་བས་བསོད་ནམས་ཕུན་སུམ་ཚོགས་པ། ལི་ཁྲིས་ཐུགས་རྗེ་སེམས་ཅན་རྗེས་འཛིན། མེ་ལོང་གིས་བག་ལ་ཉལ་གྱི་དྲི་མ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་འཇོམས་པ། དུང་གཡས་འཁྱིལ་གྱིས་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པ། གྷི་ཧཾ་གིས་ཉོན་མོངས་ནད་བཞི་བརྒྱ་རྩ་བཞི་སེལ་བ། བིལ་བས་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ། བཀྲ་ཤིས་རྟགས་བརྒྱད་ཀྱི་དཔལ་བས་ཐུགས་ལ་དཔལ་འབར་བ། འཁོར་ལོས་ཕྱག་ཞབས་འཁོར་ལོ། པདྨས་ལྗགས། རྒྱལ་མཚན་གྱིས་སྐུ། བུམ་པས་མགུལ། གདུགས་ཀྱིས་དབུ། དུང་གིས་ཚེམས། ཉས་སྤྱན་དང་ཉ་བཞི་མཚན་པ། སྣ་ཚོགས་རྡོ་རྗེས་འཕྲིན་ལས་བཞི། ཅོད་པན་གྱིས་སྡུག་བསྔལ་བག་ཆགས་བྲལ་བ། མཆོད་པ་ལྔས་རྡོ་རྗེ་རྒྱས་ཐེབས་ལས་མཐའ་དག་བྱེད་པ། ཀ་པཱ་ལིས་ཉན་པ། འཆད་ཤིང་གི་འཆད་པ། གླེགས་བམ་གྱིས་ཆོས་ཀྱི་སྒོ་ཐམས་ཅད་ལ་མཁས་པ། རྡོར་དྲིལ་གྱིས་ཡེ་ཤེས་ལྔ་རྟོགས་པ། དབུ་རྒྱན་གྱིས་ཆོས་ཀྱི་རྒྱལ་སྲིད། དཔུང་རྒྱན་གྱིས་མི་འཇིགས་པ་བཞི། དོ་ཤལ་གྱིས་ཆེ་བའི་ཡོན་ཏན་རྒྱས་པ། ཕྱག་གདུབ་ཀྱིས་ཚུལ་ཁྲིམས་དག་པ། ཞབས་གདུབ་ཀྱིས་སྟོབས་བཅུ་ལ་མངའ་བརྙེས་པ། དར་དཔྱངས་ཀྱིས་འཁོར་འདས་མཉམ་ཉིད་དུ་རྟོགས་པ། མིང་གིས་རྒྱལ་བའི་སྲས་སུ་ངེས་པ། མངོན་ཤེས་ལྔས་རྡོ་རྗེ་རྒྱལ་པོའི་དབང་ཆོག་ཡོངས་རྫོགས་ཏེ་རྫས་དབང་དྲུག་ཅུ་རྩ་གཉིས་མཐའ་རྟེན་བུམ་པའི་དབང་དང་བཅས་པ། ལམ་ཁྱེར་ལ་ལྷ་རྣམ་སྣང་གཙོར་གྱུར་པའི་རྡོར་དབྱིངས། སྙིང་པོ་བུད་དྷ་བཻ་རོ་ཙ་ན་སོགས་དང་ཡང་སྙིང་བཛྲ་ས་ཏྭ་ཧཱུྃ། དབང་ཡོ་ག་དྲུག་ཅུ་རྩ་གཉིས། ཐེག་པ་ཡོ་གའི་ཐེག་


GLG002_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པ། འཇུག་སྒོ་མཚན་བཅས་མཚན་མེད། དམ་ཚིག་བསླབ་པ་གསུམ་དང་རིགས་ལྔའི་སྡོམ་པ། ཏིང་འཛིན་མངོན་བྱང་ལྔ་། སྤྱོད་པ་གཞན་དོན། ངང་སྒོམ་ཐིག་ལེ་གཉིས་བབས་སྙིང་དཀྱིལ་འདྲེས་པ། འབྲས་བུ་དོན་དམ་ཡེ་ཤེས་རྟོགས་པ་ཆོས་སྐུ། རིགས་ལྔ་ལོངས་སྐུ། དེ་ལས་ཤར་བ་སྤྲུལ་སྐུའོ། །ཀྲྀ་ཡོ་ག་སྡེ་གསུམ་གྱི་སྨིན་གྲོལ་གྱི་རྗེས་ལ་ཡོ་ག་རྣམ་གསུམ་ལས། རྩ་བའི་དཀྱིལ་འཁོར་མ་ཧཱ་ཡོ་ག་ལ་དཀྱིལ་འཁོར་བདུན། ཨ་ནུ་ཡོ་ག་ལ་དཀྱིལ་འཁོར་བདུན་གསུངས་པའི་མ་ཧཱ་ལ་ཕྱི་དབང་གཙོ་ཆེ། ཨ་ནུ་ལ་སྒྲུབ་དབང་གཙོ་ཆེ་ཡང་ཟུར་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གནས་སོགས་ཀྱིས་ཨ་ནུའི་ཁོག་ནས་མ་ཧཱ་ཞོར་ལ་ཐོན་ཡོང་བར་དགོངས་ནས་ལྷ་ངོ་བོ་གཅིག་པས་ཙག་ལི་ཉུང་ཁྱད་བཅས་མ་ཧཱ་དང་ཨ་ནུའི་དཀྱིལ་འཁོར་ཐུན་མོང་དུ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་སྒོ་སྦྲགས་བཅུ་གཅིག་ཏུ་ཡོད་པ་ལ་ཐོག་མར་ལས་ཐིག་བཏབ་པ། ཚོམ་བུ་བཀོད་པའི་ལྷ་སྟ་གོན་མཛད་རྗེས་སློབ་མ་སྟ་གོན་དང་། ཚོན་གྱི་བྲི་བྱ་ལ་དཀྱིལ་འཁོར་བཅུ་གཅིག་གི་དབུས་སུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར། གཉིས་པར་སྤོར་བྱེད་མ་བརྒྱད་དང་གསང་བའི་ཡུམ་བཞི། གསུམ་པར་དབང་ཕྱུག་མ་ཉི་ཤུ་བརྒྱད། བཞི་པར་མཁའ་འགྲོ་སུམ་ཅུ་རྩ་གཉིས། ལྔ་བར་མ་བདུན་སྲིང་བཞི། དྲུག་པར་གིང་ཆེན་བཅོ་བརྒྱད། བདུན་པར་ཁྲོ་བོ་ཁྲོ་མོ་དྲུག་ཅུ། བརྒྱད་པར་ཕོ་ཉ་ཉིས་བརྒྱ་བཞི་བཅུ། དགུ་པར་མ་མོ་དྲུག་ཅུ། བཅུ་པར་དཀའ་བརྒྱད་ཐེག་དགུའི་ལྷ་ཚོགས་བཅུ་གཅིག་པར་རིག་འཛིན་རྩལ་འཆང་རྒྱ་བོད་བླ་མ་རྣམས། དབུས་ཀྱི་ཁྲོ་བོའི་སྟེང་དུ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར། ཟུར་དུ་སྒྲུབ་བཀའི་དཀྱིལ་འཁོར་ལྔ་ཞེས་པའི་འགྱོད་


GLG002_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མཚང་རྒྱལ་པོའི་དཀྱིལ་འཁོར་ལྔ་ལ། བདག་གིས་ཞུས་དུས་དབང་ཆོ་ག་སོར་གནས་ལས་དཀྱིལ་འཁོར་ལྔ་པོ་འདི་མེད། དབང་དོན་རྒྱས་པའི་ལུགས། ཀུན་འདུས་རིག་པའི་ལུགས། དགོངས་པ་འདུས་པའི་ལུགས། ཧེ་རུ་ཀ་འདུས་པའི་ལུགས། ཁྲོ་བོ་རྐྱང་པའི་དཀྱིལ་འཁོར་ཏེ་ལྔར་མཛད་པའང་ཡོད། རྡོར་དྲིལ་རྔ་འཕྲེང་ཕུར་པ་སོགས་ཀྱི་རྫས་ལ་བརྟེན་ནས་བསྙེན་པར་གནང་བའི་དབང་དང་། ཞི་ཁྲོའི་དཀྱིལ་འཁོར་དུ་སློབ་མ་ཁྲུས་བྱ་བ་ནས་དཀྱིལ་འཁོར་ལྷའི་དོན་རྟགས་བཤད་པའི་བར་གྱི་སྔོན་འགྲོ་སོང་ནས། གསངསྔགས་ནང་གི་དབང་ལ་ཕྱི་དབང་བཅུ། ནང་དབང་བཅུ་གཅིག །སྒྲུབ་དབང་བཅུ་གསུམ། ཟབ་མོའི་དབང་གཉིས་སུ་བསྟན་པ་ལ། སློབ་དཔོན་རྣམས་གོས་བཟང་རྒྱན་ཐོར་ཚུགས་དབུ་རྒྱན་སོགས་བརྗིད་བག་དང་ལྡན་པས་ཁ་གཡུ་ཁ་གསེར་ཐོགས་པ་རྒྱལ་པོ་ལྟར་དབང་བསྐུར་བ། ཁྲུས་དང་གོས་གཙང་མ་གྱོན། དཔྲལ་མགྲིན་སྙིང་གར་དྲི་བཟང་པོའི་ཐིག་ལེ་དང་བཅས་པས་བྲམ་ཟེ་ལྟར་དབང་བསྐུར། ཐམས་ཅད་ཡེ་ཤེས་ལྷའི་ངང་ནས་གཙང་དམེའི་རྟོག་པ་དང་ཉམ་ང་བག་ཚ་མེད་པར་བརྟུལ་ཞུགས་ཆེན་པོའི་ངར་དང་ལྡན་པས་གདོལ་པ་ལྟར་བསྐུར། དེ་དག་རྣམས་ཀྱང་རྣམ་པ་མཆོག་དམན་དུ་སྣང་ཡང་ངོ་བོ་རང་སེམས་རོལ་པའི་རྩལ་ལས་མ་འདས་པས་ཐོག་མར་ཕྱིའི་དབང་ལ། ཞི་བའི་ཕྱག་རྒྱ་ལྔས་རིགས་ལྔ་ཡེ་ཤེས་ལྔ་ཕུན་སུམ་ཚོགས་པ། རྡོ་རྗེས་མེ་ལོང་ཡེ་ཤེས། འཁོར་ལོས་སྟོང་ཉིད་ཡེ་ཤེས། རིན་པོ་ཆེས་མཉམ་ཉིད་ཡེ་ཤེས། པདྨས་སོར་རྟོག་ཡེ་ཤེས། རལ་གྲིས་འཕྲིན་ལས་ཡེ་ཤེས། ཤེས་རབ་གཟུངས་མས་བདེ་བ་ཆེན་པོ། བུམ་པས་དཀྱིལ་འཁོར་རྫོགས་པ། བཀྲ་ཤིས་རྫས་བརྒྱད་ཀྱི་དུར་བས་ཚེ་འཕེལ་བ། ལི་ཁྲིས་


GLG002_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བསྡུ་བ། མེ་ལོང་གིས་ཆོས་ཀུན་སྒྱུ་མ་ལྟ་བུ། དུང་གིས་ཆོས་སྒྲ་སྒྲོག་པ། གྷི་ཧཾ་དུག་གསུམ་འཇོམས་པ། བིལ་བས་བྱང་ཆུབ་སྙིང་པོ་མཆོག་འགྱུར། ཞོས་བསམ་གཏན་ཏིང་འཛིན་བཅུད་ལྡན། ཡུངས་ཀར་གྱིས་བགེགས་འཇོམས། རྒྱལ་སྲིད་བདུན་གྱི་འཁོར་ལོས་ས་བཅུ་ལ་དབང་བསྒྱུར། གླང་པོ་ཆེས་སྟོབས་བཅུ་ལ་དབང་སྒྱུར། རྟ་མཆོག་གིས་རྫུ་འཕྲུལ་གྱི་རྐང་པ་བཞི། དམག་དཔོན་གྱིས་རྒོལ་བ་ཚར་གཅོད། བཙུན་མོས་སྐྱེ་འགག་མེད་པའི་དོན་རྟོགས་པ། བློན་པོས་རྫུ་འཕྲུལ་ཆེན་པོ་ལྷའི་རྒྱལ་པོ། ནོར་བུས་མཚན་དཔེར་ལྡན་པ། གདན་གྱི་སེང་གེས་མི་འཇིགས་བཞི། གླང་པོས་སྟོབས་བཅུ། རྟས་རྫུ་འཕྲུལ་རྐང་པ། རྨ་བྱས་དབང་བཅུ། ཤང་ཤང་གིས་ཤེས་བྱ་ཐོགས་མེད། རིན་ཅེན་ཁྲིས་ཡོན་ཏན་བརྟན་པ། པདྨ་སེང་ཁྲིས་འགྲོ་བ་ལྷ་བཅས་ཀྱི་བླ་མར་འགྱུར་བ། རྒྱན་གྱིས་མཚན་དཔེ་སོགས་འབྲས་བུའི་ཆོས་ལ་དབང་བ། རྡོ་རྗེ་མིང་གིས་རྒྱལ་བའི་ཞིང་ཀུན་ལ་དབང་བ། གསེར་འཁོར་གྱིས་འཁོར་ལོས་བསྒྱུར་བའི་རྒྱལ་ཐབས་འཇིག་རྟེན་གྱི་ཁ་ལོ་གྱེན་དུ་སྒྱུར་བ། ནང་གི་དབང་བཅུ་གཅིག་ལ། གླེགས་བམ་གྱིས་ཉན་དབང་། སྣ་ཚོགས་རྡོ་རྗེས་འཕྲིན་ལས། འཁོར་ལོས་འཆད་པ། པུ་ཏི་རྡོར་དྲིལ་གྱིས་རྡོ་རྗེ་རྒྱལ་པོ། གདན་ཁྲིའི་དོམ་དྲེད་ཀྱིས་བརྟེན་པ་ཟིལ་གནོན། ཉི་ཟླས་ཐབས་ཤེས་འབྲེལ་བ། དོམ་གྱིས་བརྟུལ་ཞུགས་གསུམ། ལྷ་ཆེན་གྱིས་དྲེགས་པ་ཟིལ་གནོན། ཁྱུ་མཆོག་གིས་ཐམས་ཅད་ཟིལ་གནོན། མ་ཧེས་མཛེས་པ། གཟིག་གིས་ཐབས་ལ་མཁས་པ། སྟག་གིས་ཁྱད་པར་འཕགས་པའི་ས་ནོན་པ། རིན་ཅེན་བདུན་གྱི་ལྷ་ཡབ་ཀྱི་འཁོར་ལོས་སྐྱེ་བ་རྣམ་བཞི་ལས་སྒྲོལ་བ།


GLG002_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་བཙུན་མོས་ཐབས་ཀྱི་སྤྱོད་པར་འཇུག་པ། རྡོ་རྗེ་བློན་པོས་བློ་གྲོས་ཕུན་སུམ་ཚོགས་པ། སྟོབས་པོ་ཆེ་དམག་དཔོན་གྱིས་བདུད་ཚོགས་འདུལ་བ། བྱང་ཆུབ་སེམས་དཔའ་སྤོས་གླང་གི་སྟོབས་བཅུས་ཕ་རོལ་ཟིལ་གནོན། སྤྲིན་གྱི་རྟ་མགྲིན་གྱིས་ཐོགས་པ་མེད་པའི་རྫུ་འཕྲུལ། རྡོ་རྗེ་རིན་ཅེན་གྱིས་གདུལ་བྱའི་རེ་སྐོང་། གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་དབང་ལ། རྩ་བའི་བླ་མའི་སྐུ་གཟུགས་ཙཀ་ལིའི་དབུས་སུ་སྦམ་སྟེ་གསོལ་བའི་རྟེན་བྱས་ལ། རྡོར་སེམས། རྣམ་སྣང་རིན་འབྱུང་། སྣང་མཐའ། དོན་གྲུབ་སྟེ་ཞི་བ་རིགས་ལྔ་ཞལ་གསུམ་ཕྱག་དྲུག་པ་ཡབ་ཡུམ། སོ་སོའི་འཁོར་གྱི་རིགས་ཆུང་ཡང་ཡུམ་བཞི་བཅུ་དང་བཅས་པའི་ལྷ་དབང་། ཨ་ནུ་ཡོ་ག་གོང་དུ་བསྟན་པ་སྤྱི་དབང་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དངོས་སམ་ཁྱད་པར་གྱི་དབང་རྣམས་ལས་ཐོག་མར་ཀུན་བཟང་། རིགས་ལྔ། བྱང་སེམས་བརྒྱད། ཁྲོ་བོ་བཞི་ཡབ་ཡུམ་བཅས་ཐུབ་པ་དྲུག་སྟེ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དབང་། ཁྲོ་བོ་ཆེ་མཆོག །རྒྱུད་ཀྱི་ཁྲོ་བོ། ལུང་གི་ཁྲོ་བོ། ཧེ་རུ་ཀ་རིགས་ལྔ། སྒྲོལ་བྱེད་ཀྱི་ཧེ་རུ་ཀ་བཞི་རྣམས་ཡུམ་བཅས། གནས་མ་བརྒྱད། ཡུལ་མ་བརྒྱད། སྤོར་མ་བརྒྱད། གསང་བའི་ཡུམ་བཞི། དབང་ཕྱུག་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། མ་བདུན་སྲིད་བཞི། གིང་ཆེན་བཅོ་བརྒྱད། ཁྲོ་བོ་ཁྲོ་མོ་དྲུག་ཅུ། ཕོ་ཉ་ཉིས་བརྒྱ་ཞི་བཅུ་ལས་བྱེད་མ་མོ་དྲུག་ཅུ། ཁྲོ་བཅུ་ཡུམ་བཅས་རྣམས་ཀྱི་ལྷ་དབང་། ཐོད་པའི་དབུ་རྒྱན་གྱིས་རྣམ་ཤེས་ཚོགས་བརྒྱད་དག་ནས་ཡེ་ཤེས་ལྔའི་དོན་རྟོགས་པ། རིགས་ལྔས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མཐའ་དག་ཐོབ་པ། རིགས་གསུམ་


GLG002_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་དབང་། བཀྲ་ཤིས་རྫས་དབང་ལ། ཐུགས་ཀར་དཔལ་བེའུ། ཕྱག་ཞབས་འཁོར་ལོ། ལྗགས་ལ་པདྨ། སྐུ་ལ་རྒྱལ་མཚན། མགུལ་ལ་བུམ་པ། དབུ་སྐྲ་གདུགས། གསུང་ལ་དུང་། ཉྭ་བཞིར་ཉ་མིང་གིས་ཐམས་ཅད་འདུས་པའི་དབང་རྣམས། སྒྲུབ་དབང་བཅུ་གསུམ་ལ། རྡོ་རྗེས་ཤེས་རབ་རིག་པའི་དབང་། འཁོར་ལོས་ཁམས་གསུམ་བྱང་ཆུབ་སེམས་ཀྱི་དབང་། ཡིག་འབྲུས་ཡི་གེ་འཁོར་ལོའི་དབང་། ཐོང་གཤོལ་གྱིས་འགྲོ་དོན་རྫོགས་པ། ཐོད་པ་ཚར་གསུམ་གྱིས་དུག་གསུམ་གཏིང་ནས་དཀྲུག་པ། མཚོན་ཆ་སྣ་ཚོགས་ཀྱིས་ཉོན་མོངས་གཅོད་པ། པདྨས་སྤྱོད་བཞིན་མ་ཆགས་པ། དབྱུག་ཏོས་འཕྲིན་ལས་རྣམ་བཞི་རྫོགས་པ། སྦྲུལ་ཆུན་གྱིས་དོན་དམ་དབྱེར་མེད། རིག་མས་གཉིས་མེད་མདོ་སྦྱོར། ཞལ་ཟས་བཟའ་བཏུང་གིས་འདོད་ཡོན་ལྔར་ལོངས་སྤྱོད་པ། སྒྲུབ་རྫས་སྟག་ཤམ་གྱིས་རྣམ་རྟོག་འཇོམས་པ། གླང་ལྤགས་ཀྱིས་གཏི་མུག་དག་པ། གཡང་བཞིས་ཐམས་ཅད་འཇོམས་པ། ཐོད་པ་ཚར་གསུམ་གྱིས་ཐམས་ཅད་འདུལ་བ། སྦྲུལ་ཆུན་གྱིས་འཇིགས་བྱེད་ཆེན་པོའི་སྐུ་ཐོབ་པ། ཁྱུང་གཤོག་གིས་ཡོངས་ལ་ཁྱབ་པ། མེ་དཔུང་གིས་མཚན་མའི་འཛིན་རྟོག་སྲེག་པ། ཞག་གི་ཚོམ་བུས་ཆེ་བའི་ཡོན་ཏན་རྒྱས་པ། ཐལ་ཆེན་གྱིས་གདུག་པའི་ཟིལ་གནོན། རཀྟས་གཏུམ་པོ་དྲག་པོ་འཇོམས་པ། སྒྲུབ་རྫས་ཀྱི་རྔ། དུང་། རྡོར་དྲིལ། ཕུར་པ། འཕྲེང་བ། ཞག་ཐལ་ཆེན། རཀྟ། གཡང་བཞི། ཀོ་རློན། སྟག་ལྤགས། ཐོད་སྦྲུལ་རྣམས་ཀྱིས་མཆོག་ཐུན་དངོས་གྲུབ་མ་ལུས་བསྒྲུབ་པར་དབང་བ། མིང་གིས་ལྷ་དང་གཉིས་སུ་མེད་པར་གྲགས་


GLG002_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེའི་དབང་། དེ་ནས། སྒྲུབ་པའི་དབང་མཆོག་ཐོབ་པ་དང་། །གསང་བའི་བདག་པོ་ཡིན་པས་ན། །གསང་བའི་དབང་ཆོག་སྦྱིན་པར་བྱ། །ཞེས་པ་བཞིན་ཙཀ་ལི་གསང་བ་ཤེས་རབ་བདེ་བ་ཆེན་པོའི་བརྡ་དབང་། བྱིན་རླབས་ཀྱི་རྫས་ཀྱི་སྒོ་བྱང་། མར་མེ། སྨན་ཕུད། ཕུར་བ། མདོས་རག་ཆོས་སྐྱོང་གི་གཏོར་མ། ལས་བཞིའི་རྫས་ཟོར་གཏོར། ཚེ་རྫས། རིག་འཛིན་སྤྱི་གཏོར་རྣམས་ལ་བརྟེན་ནས་སྒྲུབ་པ་བཀའ་བརྒྱད། རྒྱ་བོད་རིགས་འཛིན་བརྒྱ་རྩ་བརྒྱད་དང་བཅས་པའི་བྱིན་རླབས་ཐུགས་རྗེའི་དབང་། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་པ། ལུང་ཨ་ནུ་ཡོ་གའི་བརྒྱུད་པ། བསྐྱེད་པ་མ་ཧཱ་ཡོ་གའི་བརྒྱུད་པའི་བླ་མའི་བར་གྱི་དབང་། ཐོབ་པའི་དབང་དེ་བསྟན་པའི་ཡན་ལག་ཏུ་ལྷ་ནི་མ་ཧཱ་ལ་ཞི་བའི་རིགས་ལྔ་དང་ཁྲོ་བོ་རིགས་ལྔ། ཨ་ནུ་ལ་ཞི་བ་ཀུན་བཟང་ཞལ་གསུམ་ཕྱག་དྲུག་གཙོར་བྱས་པའི་མདུན་དུ་རྡོར་སེམས་དང་། ཁྲོ་བོ་ལ་ཆེ་མཆོག་ཡབ་ཡུམ་གཙོར་བྱས་པའི་མདུན་དུ་རྡོ་རྗེ་ཁྲག་འཐུང་ཡིན་ལ། དེའི་ནང་ནས་གཙོ་བོར་བསྒོམ་བྱ་མེ་ཏོག་ཕོག་པའི་ལྷ་གང་ཡིན་བསྟན་ལ་སྐུ་ངོ་སྤྲད། སྙིང་པོ་མ་ཧཱ་ལ་བཛྲ་དྷྲྀ་ཀ་དང་རུ་ལུ། ཨ་ནུ་ལ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་དང་གུ་ཧྱ་ཛྙཱ་ནའི་སྙིང་པོ་བཟླ། ལུང་ཕོག་ལ་གསུང་ངོ་སྤྲད། ཆོས་ཐམས་ཅད་མཉམ་པ་ཉིད་ཐུགས་སུ་ངོ་སྤྲད། ནུས་པ་ཕུན་སུམ་ཚོགས་པས་ཡོན་ཏན་ངོ་སྤྲད། རྫས་དབང་བསྐུར་བས་འཕྲིན་ལས་ངོ་སྤྲད། དེ་དག་ཀྱང་ཐོག་མ་ནས་རང་ལ་ཡོད་ཅིང་དེ་ལྟར་ཡིན་པའི་ངོ་སྤྲད། དེས་མཚོན་ནས་སྣང་སྲིད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་ལོངས་སྤྱོད་ཅིང་ལམ་དུ་ཁྱེར། ཐམས་ཅད་ལྷར་གསལ་ལྟ་བ། དེའི་ངང་ལ་གནས་པ་


GLG002_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ། ལྷ་ལ་ལྷ་རོལ་བ་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག །མངོན་དུ་གྱུར་པ་འབྲས་བུ། མན་ངག་སྒོམ་པ་མ་ཧཱ་ལ་སྟེང་སྒོམ་ཞེས་པ་ལུས་མཆོད་རྟེན་སྲོག་ཤིང་རྩ་འཁོར་གྱི་ཚུལ་དུ་ཐིག་ལེ་དཀར་དམར་ལ་བརྟེན་པའི་བདེ་སྟོང་། ཨ་ནུ་ལ་ལྟ་བ་དབྱིངས་ཡེ་ཤེས་དབྱེར་མེད། དེའི་ངང་ལ་གནས་པ་སྒོམ་པ། མི་འབྲལ་བ་སྤྱོད་པ། མི་འདའ་བ་དམ་ཚིག །མཐར་ཕྱིན་པ། འབྲས་བུ། རྒྱུན་ཆད་མེད་པར་རྣལ་འབྱོར། སྒོམ་ཐབས་དང་སྒོམ་ཆེན་པོའོ། །ཐེག་པ་རིམ་པ་བརྒྱད་ཀྱི་སྨིན་གྲོལ་སོང་ནས་དགུ་པ་ཐེག་པ་ཀུན་གྱི་རྩེ་རྒྱལ་ལ་ཨ་ཏི་ཡོ་ག་ལ་པད་འདབ་བཅུ་དྲུག་ཨ་བཅུ་དྲུག་གིས་མཚོན་པའི་དཀྱིལ་འཁོར་དུ། བུམ་པ་ལ་བརྟེན་ནས་ཨ་ཏི་ཡོ་ག་ལྟ་བ་རབ་འབྱམས་ཀྱི་དབང་སྔོན་འགྲོ་དང་། དངོས་གཞི་སེམས་བཟུང་ངོ་སྤྲོད་ལ་བཟླ། བུམ་པའི་དབང་དང་བཅས་པ། ལམ་ཁྱེར་གྱི་ལྷ་ཀུན་བཟང་ཡུམ་བཅོ་བརྒྱད། སྙིང་པོ་ཨོཾ་ཨཱཿ ཧཱུྃ་དང་བླ་མའི་གསོལ་འདེབས། རྣལ་འབྱོར་གདོན་མ་ཞུགས་པའི་སྨྱོན་པ་ལྟ་བུ་ཤེས་པ་ཆིག་ཆོད་ཀྱི་ཉམས། ཡང་ལུགས་གཅིག་ལ་ཨ་ཏིའི་གསང་དབང་གི་རྗེས་སུ་བསྐུར་ཏེ། ངོ་སྤྲོད་སྣང་བ་སེམས། སེམས་སྟོང་པ་ཆོས་ཉིད། ཆོས་ཉིད་བདེ་བ་ཆེན་པོར་ངོ་སྤྲད། སྙིང་པོ་མ་ཧཱ་གུ་རུ་ཤ་རི་རཾ་ཧཱུྃ། དབང་ལ་རིག་འཛིན་ཐམས་ཅད་འདིར་བསྐུར་པའང་ཡོད་པ་ལེགས་ཞེས་རྣམ་གྲངས་ཙམ་དུ་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེའི་གསན་ཡིག་ན་འདུག་གོ །ཁྱད་པར་གྱི་དབང་གཉིས་ཀྱི་གསང་དབང་ལ། ཙནྡན་ནམ་གསེར་ལས་བྱས་པའི་མཁའ་གསང་གི་ཚད་


GLG002_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་དཀྱིལ་འཁོར་དུ། གསོལ་བཏབ་གནང་བ་སྦྱིན་པ། ལྷ་བསྐྱེད། གོ་གྱོན། ལུས་བསྲུང་སྔོན་དུ་འགྲོ་བའི་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་ལྕེ་ཐོག་ཏུ་བཞག་པའི་དབང་། སློབ་མ་བློ་དམན་ལ་ཐབས་ཀྱིས་བསྐུལ་ཐབས་མཐར་སློབ་མ་ཆེ་མཆོག་ཏུ་གསལ་བར་ཐོད་པའི་དབུ་རྒྱན། ཞིང་ཤུན་ཅོད་པན། རྡོ་རྗེའི་ཁྱུང་གཤོག །གསང་བའི་གཉེར་གཏད་སོགས། མདོར་ན་སངས་རྒྱས་གསང་བའི་དབང་ངེས་འབྱེད་ལས། སྣོད་དང་དཀྱིལ་འཁོར་བསྐུར་བའི་དུས། རང་གི་ངོ་བོ་ངེས་ཚིག་དང་བསྐུར་རྫས་ཐབས་དང་རྒྱུ་རྐྱེན་དང་། །གནས་དང་སྒྲིབ་སྤོང་ཐོབ་པའི་ཚད། །ཆོས་དང་དགོས་ཆེད་སྐྱོན་ཡོན་གྱིས། །མདོར་བསྡུས་ལུས་ཀྱི་མཚན་ཉིད་བཞག །ཅེས་པའི་དོན་ཚན་བཅུ་དྲུག་ཚང་བ། ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སློབ་མའི་ལུས་རྩའི་དཀྱིལ་འཁོར་དང་བྷ་གའི་དཀྱིལ་འཁོར་དུ་ལྷ་བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ་བརྟེན་ནས་སྙོམས་པར་བཞུགས་པའི་དགའ་བཞིའི་དབང་དང་། བློར་མི་ཚུད་པ་རྣམས་ཏིང་ངེ་འཛིན་སྙོམས་འཇུག་སྟེ་གོང་གི་གསང་དབང་དང་འདྲ་བའི་བསྐུར་ཐབས་བཅུ་དྲུག་ཡོངས་སུ་ཚང་བ། བདེ་བ་ཆེན་པོའི་དབང་ནི། བྷ་གའི་དཀྱིལ་འཁོར་དུ་གསུམ་པའི་ཉམས་ལེན་ལ་གོམས་པ་མཐར་ཕྱིན་པའི་ཚེ་བླ་མས་བདེ་བ་ཆེན་པོ་ཕྱིར་མི་ལྡོག་པའི་ངོ་སྤྲོད་དང་སྦྱོར་ཐབས་ཤེས་དབང་བཞིན་ཉམས་སུ་བླངས་པའི་དགའ་བ་བཅུ་དྲུག་གི་ས་བཅུ་རྫོགས་མཐར་རྡོ་རྗེའི་རྩེར་སླེབས་པས་བཅུ་གཅིག་ཏུ་ཀུན་ཏུ་འོད་སྤྲུལ་འཁོར་དུ་པདྨ་ཅན། རྩ་གནས་ལ་ལྷའི་དཀྱིལ་འཁོར་ཡི་གེ་འཁོར་ལོའི་ཚོགས་ཆེན་དེ་དག་ལས་མངོན་ཤེས་དྲུག་དང་མཚན་དཔེ་གསལ་རྫོགས་ཀྱི་སྐུ་མངོན་དུ་བྱེད་པ་དང་། དེ་ཙམ་མི་ནུས་པ་ལའང་མོས་པ་ལམ་བྱེད་ཀྱི་ཚུལ་དུ་བསྐུར།


GLG002_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བླ་མས། དངོས་ཀུན་སེམས་ཡིན་སྤང་བླང་བྲལ། ཞེས་ཀ་དག་ལྷུན་གྲུབ་ཏུ་ངོ་སྤྲད་པས་ཚིག་དབང་དང་རིག་པའི་རྩལ་དབང་ཡིན་ཞིང་། ཤེར་དབང་དང་འདྲ་བའི་དོན་བཅུ་དྲུག་ཚང་བ། མཐའ་རྟེན་ཚེ་དཔག་མེད་རིགས་ལྔའི་དཀྱིལ་འཁོར་དུ། བུམ་པས་སྐུ་འབྲང་རྒྱས་ཀྱིས་གསུང་། མར་མེས་ཐུགས། ཚེ་འགུགས་པ། སྦ་བ། ཞལ་ཟས་ཀྱི་དབང་དར་ཡུག་ལ་ཚོམ་བུ་བཅུ་གསུམ་བཀོད་པའི་གཏད་རྒྱ་དངོས་གྲུབ་གཉིས་གོང་དུ་བཤད་ཀྱང་འཁྲུགས་སྡེབས་ཡིན་པས་འདིར་སྦྱར་རོ། །གཏད་རྒྱའི་དཀྱིལ་འཁོར་དུ་གཏད་རྒྱ་ཚང་བ་དང་། འབྲང་རྒྱས་གསལ་ཤིང་གི་མར་མེ་ཅན་ལ་བརྟེན་པའི་དངོས་གྲུབ་བླང་བ། མཇུག་ཏུ་མར་མེའི་སྨོན་ལམ་དབང་ཆོག་གི་ལུང་དང་བཅས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སྤྱིར་ཐེག་པ་དགུ་ཀ་ལ་བབས་ཚུལ་ཐ་དད་པས་ལུགས་འདི་ལ་ཉན་ཐོས་ཀྱི་ཐེག་པ་ཆུ་བོ་ནཻ་རན་ཛ་ན། རང་རྒྱལ་གྱི་ཐེག་པ་ཀུན་དགའ་ར་བ། བྱང་སེམས་ཀྱི་ཐེག་པ་བྱ་རྒོད་ཕུང་པོའི་རི། ཀྲྀ་ཡིའི་ཐེག་པ་ཡུལ་ཝ་ར་ཎ་སི། ཨུ་པའི་ཐེག་པ་རི་རབ་ཀྱི་རྩེ། ཡོ་གའི་ཐེག་པ་མེ་རེ་འབར་བ། མ་ཧཱའི་ཐེག་པ་ཆོས་རྒྱལ་ཛའི་ཕོ་བྲང་སྟེང་། ཨ་ནུའི་ཐེག་པ་དུར་ཁྲོད་བསིལ་བ་ཚལ། ཨ་ཏིའི་ཐེག་པ་དྷ་ན་ཀོ་ཤའི་གླིང་དུ་བབས་པའི་ཚེ་སློབ་དཔོན་དགའ་རབ་རྡོ་རྗེས་རྒྱལ་པོ་དྷ་ཧེ་ནའི་སྲས་མོ་རིན་ཅེན་གསལ་སྒྲོན་ཕྱག་རྒྱར་ཁྲིད་ནས་ཟླ་གམ་འོད་འཕྲོ་སེང་གེའི་ནགས་སུ་སློབ་དཔོན་གིང་ཀ་ར་ལ་རྩལ་ཆེན་གྱི་དབང་ཞེས་པ་ཕར་ཕྱིན་ཉི་ཤུའི་དབང་ནོད། པདྨ་མེ་ཏོག་གི་ལྗོན་ཤིང་གི་ནགས་སུ་ཀླུ་སྒྲུབ་ཙཎྜི་ཀ་ལ་ཀྲྀ་ཡའི་མཆོག་དབང་ཉེར་དྲུག་ནོད། ལྷ་བྱ་སྐྱེད་ལྗོན་ཤིང་གི་ནགས་སུ་སློབ་དཔོན་པདྨ་ཀུ་མ་ཏི་ལ་ཡོ་ག་བཀྲ་ཤིས་དྲུག་ཅུའི་དབང་ནོས། དེ་ནས་བདེ་བར་རབ་གསལ་ལ་གསང་སྔགས་རྒྱུད་སྡེ་ཐམས་ཅད་ཀྱི་བཀའ་བབས་ནས་སློབ་དཔོན་རོ་


GLG002_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་བདེ་བ་ལ་དབང་བཞི་རྫོགས་པར་བསྐུར། དེ་ནས་རིམ་བཞིན་རིན་ཅེན་གཡུ་སྡིངས་ཚལ་དུ་ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཀཱ་ཡ་དང་ཀླུའི་བུ་མོ་རྒྱ་མཚོ་གཉིས་ལ་བསྐུར། དེ་ནས་ཟ་ཧོར་རྒྱལ་པོ། སིདྷ་ལའི་རྒྱལ་པོ། དགེ་སློང་སོཀྱ་དེ་བ། སློབ་དཔོན་ཆེན་པོ་དྲག་པོ་རྩལ། སློབ་དཔོན་སྒེག་པའི་རྡོ་རྗེ། ཆོས་བློན་དེ་བ། མཁན་ཆེན་ཆོས་རྒྱལ་སྐྱོང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ནས་རིམ་བཞིན་བརྒྱུད་པར་མདོ་དབང་བྱེ་བྲག་པའི་བརྒྱུད་པ་ཡིན་ཞེས་འཆད། ཡོ་ག་གསུམ་ལས་དང་པོ་བསྐྱེད་པ་མ་ཧཱ་ཡོ་གའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་སེམས་དཔའ། གསང་བའི་བདག་པོ། སློབ་དཔོན་ཀུ་ཀུ་རཱ་ཛ། རྒྱལ་པོ་ཛ། རྒྱལ་པོ་ཤ་ཏྲ་པུ་རི། ཨོ་རྒྱན་རྒྱལ་པོ་སིདྷ་རཱ་ཛ། རྒྱལ་པོ་ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་ཝཱི། མཻ་ཏྲི་ཀ་མ་ལ། ཨཱ་ཙཪྻ་ཛ་ནི་མི་ཏྲ། སློབ་དཔོན་རྡོ་རྗེ་བཞད་པ། སློབ་དཔོན་ཉིན་འབྱེད་སེང་གེ །སློབ་དཔོན་བདེ་བ་གསལ་མཛད། སློབ་དཔོན་ཤཱཀྱ་བོ་དྷི། དགེ་སློང་སོཀྱ་དེ་བ། སློབ་དཔོན་སྒེག་པ་རྡོ་རྗེ། ཆོས་བློན་དེ་བ། མཁན་པོ་ཆོས་རྒྱལ་སྐྱོང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། ལུང་ཨ་ནུ་ཡོ་གའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ལོངས་སྐུའི་ཞི་ཁྲོ་རིགས་ལྔ། ལྷའི་བུ་དམ་པ་ཏོག་དཀར། འཇམ་དབྱངས། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ། དམ་པའི་རིགས་ཅན་དྲ་མ་ལྔ་ཞེས་པ། ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། མི་ལི་ཙ་བྱི་དྲི་མ་མེད་གྲགས་པ། སྐལ་ལྡན་རྒྱལ་པོ་ཛ། སློབ་དཔོན་ཨུ་བ་རཱ་ཛ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀླུ་རྒྱལ་ནཱ་ག་སཱུ་ཏྲ། རྒྱལ་


GLG002_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ག་ཡ་སཱུ་ཏྲ། ཀུ་ཀུ་རཱ་ཛ་ཕྱི་མ། སློབ་དཔོན་རོ་ལངས་བདེ་བ། སློབ་དཔོན་རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་ཧ་སྟི། སློབ་དཔོན་ཤཱཀྱ་སེང་གེ །ཤཱཀྱ་མི་ཏྲ། ཤཱཀྱ་པྲ་བྷ། ཤཱཀྱ་གསུམ་པོ་འདི་དབང་ཆོག་ན་མི་འདུག་ཀྱང་རིག་འཛིན་ཆེན་པོའི་གསན་ཡིག་ན་འདུག་པ་བརྟག །དྷ་ན་རཀྵི་ཏ། རྡོ་རྗེ་ཧཱུྃ་མཛད། སྠི་ར་མ་ཏི། ཨཱ་ཙཪྻ་བདེ་བ་གསལ་མཛད། དྷརྨ་བོདྷི། མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་བ་སུ་དྷ་ར། རྒྱ་གར་གཙུག་ལག་དཔལ་དགེ །བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས། གནུབས་ཆེན་སངས་རྒྱས་ཡེ་ཤེས། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། སྡུད་པ་ཕྱག་ན་རྡོ་རྗེ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ན་ཏ་ལོ། སྲས་རཱ་ཛ་ཧ་སྟི། སྲས་མོ་པ་ར་ཎི། ཀླུ་རྒྱལ་འཇོག་པོ། སྲས་གནོད་སྦྱིན་མོ་བྱང་ཆུབ། གཟུང་མ་ཨ་ར་ལི། སློབ་དཔོན་ཨཀྵོ་བྷྱ། སློབ་དཔོན་ཀུ་ཀུ་རཱ་ཛ། སྨད་འཚོང་མ་བུདྡྷ་ས་མཱ་ཡ། སྨད་འཚོང་མ་བུདྡྷ་ས་མ་ཏི། མ་ཧཱ་རཱ་ཛ། སྲས་མོ་གོ་མ་དེ་ཝཱི། སློབ་དཔོན་ཨ་ལོ་ཀེ །ཁྱིའི་མཁན་པོ་ཕྱི་མ། སློབ་དཔོན་མ་ཧཱ་རཱ་ཛ། དྲང་སྲོང་བྷ་ཥི་ཏ། གཟུང་མ་བདག་ཉིད་མ། སློབ་དཔོན་ནཱ་གཱ་རཱ་ཛུ་ན། དྷེ་བ་རཱ་ཛ། འཇམ་དཔལ་བཤེས་གཉེན་ཕྱི་མ། དགེ་བསྙེན་ལེགས་པ། སངས་རྒྱས་གསང་བ། པཎ་ཆེན་ཤྲཱི་སིངྷ། དགེ་སློང་མ་ཀུན་དགའ་མོ། སློབ་དཔོན་བི་མཱ་ལ། ལོ་ཙཱ་བ་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། གཉག་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། འདི་མན་གྱི་བརྒྱུད་པ་ཡོ་ག་གསུམ་ཀ་ལ་མདོ་དབང་སྐབས་གཅིག་པོ་ཁོ་ན་འདྲེན་ནོ། །དེའི་སློབ་མ་གནུབས་ཀྱི་བུ་བཞི། འབྲེ་སྟོན་ཁྲོ་ཆུང་། ཉང་ཤེར་མཆོག །ཉང་ཡེ་འབྱུང་ཟུར་


GLG002_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཤཱཀ་འབྱུང་། དགེ་མཆེད་བཅོ་ལྔ། ཐུགས་སྲས་དང་པོ་བཞི་ལ། སོ་ཡི་དབང་། སུ་ལེགས་སྒྲོན། སྤ་གོར་བློན་རྗེ། དན་ཡོ་མཆོག །ཐུགས་སྲས་གཉིས་པ་གཅིག་ནི་ཁུ་ལུང་པ། གསུམ་པ་སྲུའི་སློབ་མ་མཆོག་བཞི་ནི། གཡར་སྟོན་གསལ་བྱང་། རྒྱ་སྟོན་བློ་གཞོན། རྒྱ་སྟོན་ཤཱཀ་མཆོག །ཞུ་སྟོན་གསོད་ཤཱཀ །སྲས་བཞི་པ་གཅིག་ནི་སྤ་གོར་བེག་སྟོན་ཡེ་ཤེས། སྲས་ལྔ་པ་ལྔ་ནི། རྒྱ་སྟོན་གཞོན་སྙིང་། སྐྱོ་སྟོན་དར་བྱང་། སྐྱོ་སྟོན་དར་རྒྱལ། ལྷོ་པ་ཡོན་སྙིང་། གནུབས་ཡེ་རྒྱམ་རྣམས། རིན་ཅེན་གསུམ། འཁོར་བརྒྱད་དྲུག་ཅུ་སོགས་ཡོད་པ་ལས་ཆོས་འདིའི་བརྒྱུད་པར་དགོས་པ་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། སྲས་གནུབས་ཡེ་ཤེས་རྒྱ་མཚོ། དེའི་བུ་བྱང་ཆུབ་རྣམ་གསུམ། རྒྱ་སྟོན་བློ་གྲོས་བྱང་ཆུབ། མར་ཡོན་ཏན་བྱང་ཆུབ། སྣ་རྣམ་ཚུལ་ཁྲིམས་བྱང་ཆུབ། རྒྱ་སྟོན་བློ་གྲོས་བྱང་ཆུབ། འདི་ལ་སློབ་མ་གཉིས། ཐོ་གར་དང་ཞུ་བསོད། ཐོ་གར་ནམ་མཁའ་ལྡེ་རྡོ་རྗེ་དངོས་གྲུབ་གཏེར། འུག་བྱ་ལུང་པ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཐོ་གར་ལ་ཞི་བ། སྟོང་ཚབ། རྒྱ་སྟོན། བཀའ་སྟོད་གསུམ་ལ་མདོ་ལུང་། དབང་སྒྲུབ། རྒྱུད་འབྲེལ། འཕྲིན་ལས་གསན། དེའི་སློབ་མ་རྩེ་མོ་བཞི། ལྟ་དགོངས་ཀྱི་རྩེ་མོ་ཟུར་ཆུང་པ། རྫུ་འཕྲུལ་གྱི་རྩེ་མོ་པ་རྣམ་གྲེས་ཀྱི་མི་ཉག་འབྱུང་གྲགས། མཁྱེན་རྒྱའི་རྩེ་མོ་ར་བའི་ཞང་འགོས་ཆུང་པ། སྒོམ་སྒྲུབ་ཀྱི་རྩེ་མོ་མཚོ་ཉའི་བཟང་སྒོམ་ཤེར་རྒྱལ། རྩེ་ལྐོག་བརྒྱད་སོགས་ལས་ཟུར་ཆུང་པ་ཤེས་རབ་གྲགས། དེའི་སློབ་མ་སེམས་ཕྱོགས་ཀྱི་ཀ་བ་གོང་བུའི་སྐྱོ་སྟོན་ཤཱཀ་ཡེ། མདོའི་ཀ་བ་བསྐྱེད་ལུང་གི་ཡང་ཁེང་བླ་མ། སྒྱུ་འཕྲུལ་གྱི་ཀ་པ་ཆུ་དབར་གྱི་གླན་ཤཱཀྱ་བཟང་པོ། འཕྲིན་སྒྲུབ་ཀྱི་ཀ་བ་ནག་མོ་རིའི་མདའ་ཏི་ཇོ་ཤཱཀ །བཞི་ག་ལ་གསང་བདག་སྒྲོ་ཕུག་པ་ཤཱཀྱ་སེང་གེས་གསན། དེ་ནས་འགར་སྟོན་ཟུང་ངེ་། སྲེག་སྟོན་རྡོ་རྗེ་རྒྱལ་མཚན། གླན་སྟོན་ཉ་ཚལ་པ་རྡོ་རྗེ་འོད། གླན་སྟོན་བརྩོན་འགྲུས་སེང་གེ །གླན་སྟོན་བསོད་ནམས་


GLG002_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ། སྤྲུལ་སྐུ་ལྷ་རྗེ་ལྷ་འབུམ། གླན་ཆོས་ཀྱི་སེང་གེ །གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ། ཟུར་ཐམས་ཅད་མཁྱེན་པ་ཤཱཀ་འབྱུང་ཕྱི་མ། ལང་འགྲོ་སྤྲུལ་སྐུ་ཚེ་དབང་རྒྱལ་པོ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། འཇམ་དབྱངས་རིན་ཅེན་རྒྱལ་མཚན། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། བླ་ཆེན་ཆོས་རྒྱལ་རྡོ་རྗེ། ཁྱབ་བདག་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་གསང་བདག་སྒྲོ་ཕུག་པ་ནས། དམ་པ་ཤཱཀྱ། བཛྲ་དྷ་ར། མན་ཏི་བླ་མ། མཁས་བཙུན་བསོད་རྒྱལ། འོད་ཟེར་རྒྱལ་མཚན། དཔལ་ལྡན་བྱང་ཆུབ། ཀུན་དགའ་བཟང་པོ། པདྨ་ཐོད་འཕྲེང་། ཟུར་ཤཱཀྱ་ཤྲཱི་དཔལ་བཟང་། ཟུར་ཤཱཀྱ་བཤེས་གཉེན། བརྒྱུད་འཛིན་ལེགས་པ་དཔལ་བཟང་། ཆོས་རྗེ་ཆོས་འཕགས་བཟང་པོ། འཇམ་དབྱངས་རིན་ཅེན་རྒྱལ་མཚན་མན་འདྲ། ཡང་ན་ཤཱཀྱ་བཤེས་གཉེན་ནས། སློབ་དཔོན་དཔལ་བཟང་། ཟུར་རྒྱལ་བ་དཔལ་བཟང་། མཉམ་མེད་འཇམ་དབྱངས་ཆེན་པོ་མན་སྔར་ལྟར་རོ། ༈ །མདོ་མགོན་ལེགས་ལྡན་ནག་པོ་ལྗང་སྔོན་དྲག་པོའི་དབང་ཆོག་གཙང་ཤོད་པ་མ་ཏི་དྷ་ཛས་མཛད་པའི་སྟེང་ནས། ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་རིག་པའི་དབང་ལྔ། གསང་དབང་། ཤེར་དབང་། ཚིག་དབང་། མཐའ་རྟེན་ལྕགས་ཁང་། གྲི་ཁུག །བེང་ཆེན། ཕུར་པ། ཐོད་ཁྲག །མདུང་ནོན། སྦྲུལ་ཞགས་ཙ་མ་ར། ཡུངས་ཀར། གུ་གུ་ལ། རི་རབ་གླིང་བཞི། དྲག་པོའི་མཐུན་རྫས་དང་བཅས་པའི་དབང་དང་། ལུང་ལ། མདོ་དགོངས་འདུལ་དང་རྡོ་རྗེ་བཀོད་པའི་རྒྱུད་ལ་བརྟེན་ནས་སུ་ཞིག་


GLG002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་ལ་རྟག་ཏུ་གནས་པར་འདོད་པས་མགོན་པོའི་བསྙེན་སྒྲུབ་ལས་བྱང་རྫོགས་སོའི་མཐའ་ཅན། དཔལ་མགོན་པོའི་གཞུང་སྔགས་བྷུ་ར་ཀུ་མ། སྤྱན་འདྲེན་ལང་ཀ་མ་བཞུགས་གསོལ་དང་བཅས་པ། མཆོད་པ་དཔལ་མགོན་ནག་པོ་མ་སྔགས་མཆོད་དང་ལྷུག་མཆོད་ཡོད་པ། དམ་ཚིག་འབོགས་པ་རྡོ་རྗེ་རྣལ་འབྱོར་མ། དམ་ཆུ་དམ་བསྲེ་དམ་བདར་དང་བཅས་པ། ལས་བཅོལ་ཚོགས་བདག་མ། སྨོན་ལམ་མགོན་ཁྱེད་མ། ཡང་མགོན་པོའི་གཞུང་གོང་དང་འདྲ་མིན་མཇུག་ན་མཐུན་རྫས་འབུལ་བ་ཡོད་པ། མཚོན་ཆ་སྔོན་རོལ་གྱི་རྒྱུད་ལས་མགོན་པོ་དབང་དུ་སྡུད་ཐབས་ཀྱི་ལེའུ་ཉེར་ལྔ་པ་ཁོལ་དུ་བྱུང་བ། གཉེན་པོ་སྟོབས་ཀྱི་ལྷ་བསྟན་པ་ལེའུ་དྲུག་པ་ཟུར་དུ་ཕྱུང་བ། བསྙེན་སྒྲུབ་གནད་ཀྱི་ལེའུ་བཅུ་གསུམ་པ་ཁོལ་དུ་ཕྱུང་བ། ལེགས་ལྡན་ནག་པོའི་རྩར་མཆོད་དུ་གྲགས་པ་བཅའ་གཞི། བསྙེན་སྒྲུབ་ཀྱི་སྔགས་སྦྲེལ་བ། སྤྱན་འདྲེན་མཆོད་པ་དམ་ཚིག་རྣམས་གོང་དང་དབྱིབས་འདྲ་བ་བཤགས་པ་ཚོགས་བདག །འཕྲིན་གསོལ་སྙན་བསྙུང་མ། ལས་བཅོལ་རྡོ་རྗེ་དྲག་ཆེན་དང་བཅས་པ། དབང་ཆོག་གཙང་ཤོད་པས་མཛད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། རྒྱལ་པོ་ཛ། ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། དྷརྨ་བོ་དྷི། བ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཉང་ཆེན་ཤེར་མཆོག །ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀ་འབྱུང་། ཟུར་ཆུང་ཤེས་རབ་གྲགས། གླན་ཤཱཀྱ་བཟང་པོ། འདར་ནག་བསོད་ནམས་གྲགས་པ། འདར་ནག་ཀུན་དགའ། ཇོ་བཙུན་ཤེས་འབར། ཧོར་ནག་དབང་སྒྲོན་


GLG002_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་བཙུན་ཆོས་སྐྱོང་འོད། འདར་ནག་ཤཱཀྱ་བྱང་ཆུབ། འདར་ནག་ཀུན་དགའ་འོད། བར་སྟོན་བློ་གྲོས་རྒྱལ་མཚན། སྣར་སྟོན་ཤཱཀྱ་ཤྲཱི། སྣར་སྟོན་བུདྡྷ་དྷྭ་ཛ། ཤཱཀྱ་རམ་པ། རྡོར་རྒྱལ་བཟང་པོ། དཔང་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཚན། དེ་གཉིས་ལ་སློབ་དཔོན་ཟུར་ཚོ་སྟོད་པ་བདེ་གཤེགས་རྒྱལ་མཚན་པས་གསན། དེ་ནས་སེ་སྟོན་རིན་ཅེན་རྒྱལ་མཚན། འདར་ནག་ཀུན་བཟང་རིན་ཅེན། སྔགས་འཆང་གཞོན་ནུ་སྟོབས་ལྡན། བྱམས་པ་རིན་ཅེན་རྡོ་རྗེ། དྲིན་ཅན་ཚེ་རིང་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་རྡོ་རྗེ་འཆང་། དེའི་ཞལ་མཐོང་རྡོ་རྗེ་ཧཱུྃ་མཛད། བྲམ་ཟེ་གསལ་བའི་རྒྱན། བལ་པོ་བ་སུ་དྷ་ར། ཡང་ན་རྡོ་རྗེ་འཆང་། གྲུབ་ཆེན་སྠི་ར་མ་ཏི། སྐྱེས་མཆོག་དྷརྨ་བོ་དྷི། བལ་པོ་བྷ་སུ་དྷ་ར། གྲུབ་ཐོབ་རིན་ཅེན་རྒྱེ། རྨད་བུ་ཆོས་ཀྱི་སེང་གེ །གུ་རུ་བྱི་བུ་ལོག་སེ། ཤུད་བུ་རྡོ་རྗེ་སེང་གེ །སྐྱེས་མཆོག་ཞང་སྟོན་བཀྲ་ཤིས། གླན་གྱི་སྔགས་འཆང་ཇོ་ཟུང་། གུ་རུ་དྷ་ན་ཀ་དྱ། བླ་མ་ལྕེ་སྟོན་བཀྲ་ཤིས། ལྕེ་སྟོན་གྲུབ་པ་འབུམ། ཟུར་ཤཱཀྱ་སེང་གེ །ཟུར་སེང་གེ་དཔལ་བཟང་། ཟུར་ཧྭཾ་ཤཱཀ་འབྱུང་། དེ་གཉིས་ལ་འབྲོམ་སྟོན་སངས་རྒྱས་རིན་ཅེན། མཁས་གྲུབ་རྡོ་རྗེ་དཔལ་བཟང་། སྔགས་འཆང་ནམ་མཁའི་རྣལ་འབྱོར། སེ་སྟོན་རིན་ཅེན་རྒྱལ་མཚན་མན་འདྲ། ༈ རྗེ་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་བཟུང་། དེང་སང་གི་བར་དུ་རྒྱུད་ཀྱི་བཤད་སྲོལ་གྱི་བཀའ་མ་ཉམས་པར་གནས་པ་སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་ནི། པཎྜི་ཏ་བི་མཱ་ལ་མི་ཏྲ་དང་ལོ་ཙཱ་བ་རྨ་རིན་ཅེན་མཆོག་གཉིས་ཀྱིས་བསྒྱུར་ཏེ་ལོ་ཙཱ་བས་


GLG002_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏུ་རིན་ཆེན་གཞོན་ནུ་དང་གྱེ་ར་མཆོག་སྐྱོང་གཉིས་ལ་གསུངས། དེ་གཉིས་ཀྱིས་དར་རྗེ་དཔལ་གྱི་གྲགས་པ་དང་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བཤད། ཞང་ནས་བརྒྱུད་པ་ལ་བཀའ་མཆིམས་ཕུ་མ་དང་མན་ངག་བརྒྱུད་དུ་གྲགས་ཤིང་། དར་རྗེས་དབུས་གཙང་ཁམས་གསུམ་དུ་བཤད་པས་དབུས་ལུགས་དང་ཁམས་ལུགས་སུ་གྲགས་པ་སོགས་སྨིན་གྲོལ་རྒྱུད་བཤད་ཀྱི་བསྟན་པ་རྒྱ་ཆེར་དར་རྒྱས་སུ་གྱུར་པའི་སྒྱུ་འཕྲུལ་གྱི་སྐོར་ལ། རྒྱུད་ལས། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །བཏང་ཡལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དང་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་དང་། རྡོ་རྗེ་ལས་རིམ་ལས། སྒྱུ་འཕྲུལ་དྲ་བར་ལེགས་ཞུགས་པས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། །ཞེས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་མཐའ་དག་ཞི་ཁྲོའི་དཀྱིལ་འཁོར་འདིར་མ་འདུས་པ་མེད་པས་དབང་ཐོབ་ན་དཀྱིལ་འཁོར་ཡིན་ནོ་ཅོག་མཐའ་དག་གི་སྨིན་བྱེད་དུ་འགྱུར་བའི་བླ་ན་མེད་པའི་སྨིན་བྱེད་ནི། གླན་སྟོན་གྲྭ་ཕྱི་ཚོང་འདུས་པ་རྒྱལ་བ་གཡུང་སྟོན་རྡོ་རྗེ་དཔལ་བཟང་གསང་མཚན་རྡོ་རྗེ་སྙིང་པོ་རྩལ། གིས་མཛད་པའི་སྒྱུ་འཕྲུལ་ཞི་བའི་དབང་བྱང་བློ་གསལ་ཡིད་འཕྲོག་གི་སྟེང་ནས་ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་། དབང་ལ། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་བརླབ་དམ་ཚིག་སྦྱིན། །དེ་ཉིད་དབབ་དང་ཆུ་ནན་དང་། །བསྒྲག་དང་རིན་ཅེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་


GLG002_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཞེས་གསུངས་པའི་དཀྱིལ་འཁོར་དུ་འཇུག་པའི་ཆོས་བཅོ་བརྒྱད་སྔོན་དུ་འགྲོ་བའི་དངོས་གཞི་ལ་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་ལས་ཐོག་མར་ཕན་དབང་གི་སྙིང་པོ་ལྔས་བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་དབང་། དབུ་རྒྱན་གྱིས་ཚོགས་བརྒྱད་མ་སྤངས་པར་གནས་སུ་དག་ནས་ཡེ་ཤེས་ལྔའི་དབང་། བུམ་པས་ཕྱི་ནང་གི་དྲི་མ་དག་ནས་བྱང་ཆུབ་ཀྱི་སེམས་ཏེ་སེམས་ལྔ་ལྡན་ཅོད་པན་གྱིས་ཆོས་ཀྱི་རྒྱལ་སྲིད་ལ་དབང་ཞིང་གདུག་པ་ཅན་ཟིལ་གྱིས་གནོན་པ། འཕྲེང་བས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ། གོ་ཆས་བདུད་སོགས་ཕས་རྒོལ་གྱི་མི་ཚུགས་པ། རྒྱལ་མཚན་གྱིས་བདུད་བཞི་དང་མཐའ་གཉིས་ལས་རྒྱལ་བ། གདུགས་ཀྱིས་ཉོན་མོངས་པའི་གདུང་བ་སེལ་བ། རིགས་ལྔ་ཡབ་ཡུམ། སེམས་དཔའ་བཅུ་དྲུག །ཁྲོ་བོ་བཞི་ཡུམ་བཅས། ཀུན་བཟང་ཡབ་ཡུམ། ཐུབ་པ་དྲུག་རྣམས་ཀྱི་ལྷ་དབང་ངམ་ཕྱག་རྒྱའི་དབང་གིས་རྟོག་ཚོགས་བཞི་བཅུ་རྩ་གཉིས་པ་མ་སྤངས་གནས་སུ་དག་ནས་རྣམ་པར་སྣང་བར་བྱེད་པའི་ཏིང་ངེ་འཛིན་གོམས་པ། བཟའ་བཏུང་གིས་འདོད་ཡོན་ལྔ་ཆོས་ཉིད་ཀྱི་རྒྱན་དུ་རོལ་བའི་དབང་རྣམས། ནུས་པའི་དབང་ལས་ཉན་དབང་གིས་བདེ་བར་གཤེགས་པའི་བཀའ་ཕྱི་ནང་ཐམས་ཅད་ཐོགས་མེད་ཐོས་པ། སྒོམ་དབང་གིས་ལྷ་དང་མིའི་རྟོག་པ་ཐམས་ཅད་ལ་ཐོགས་པ་མེད་པའི་ཏིང་ངེ་འཛིན། འཕྲིན་ལས་ཀྱིས་སྲིད་པ་གསུམ་གྱི་སེམས་ཅན་མ་ལུས་པའི་དོན་བྱེད་པ། འཆད་པས་སེམས་ཅན་ཐམས་ཅད་ལ་ཆོས་


GLG002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་བསྐོར་བ། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱིས་སློབ་མ་དཀྱིལ་འཁོར་དུ་འཇུག་པ་སོགས་གཞན་དོན་གྱི་དབང་རྣམས། ཟབ་དབང་གསུམ་པོ་དེང་སང་བསྐུར་བའི་བཀའ་ཆད་པས་ཞི་བའི་སྐབས་གནང་བའི་རྒྱུན་མེད། རྩ་རྒྱུད་ལེའུ་བཅུ་གསུམ་པ་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱི། །ཕྱོགས་བཅུ་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡིས། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་སྔོན་དུ་མཐོང་བ་ཡིས། །བསོད་ནམས་བརྟགས་པ་གང་ཡིན་པ། །ཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་ལས་དང་པོ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་འདིར་བཞུགས་པ། སྔོན་འོག་མིན་དུ་ཐར་པར་ཞུགས་པ་དང་སྐལ་བ་མཉམ་ཞིང་། སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་འདིར་མོས་པ་ཙམ་ཡང་སྐྱེ་བ་སྔོན་མའི་གོམས་སྟོབས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཉེ་བའི་སྲས་སུ་འགྱུར་བ་སོགས་ཕན་ཡོན་མཐའ་ཀླས་པ་དང་ལྡན་པའི་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་དུ་སྨིན་བྱེད་ནོས་པ་ལ། སྒྱུ་འཕྲུལ་དྲྭ་བ་ཁྲོ་བོ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ལང་འགྲོའི་སྔགས་འཆང་རྟ་ནག་སྒྲོལ་མ་བ་སངས་རྒྱས་རིན་ཅེན་གྱིས་མཛད་པའི་ཡི་གེའི་སྟེང་ནས། ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་། དབང་ལ། དབང་ཕྱུག་ཁྲུས་དང་དབང་ཆས་ལྔས་བརྒྱན་ནས། ལྷ་ལ་གནང་བ་ཞུ་བ། སློབ་མ་འཇུག་པར་ཁྲུས། གདོང་གཡོགས། དྲི་བ། ལན། དྲང་བ། ལུས་དབུལ་བ། བར་གཅོད་བསལ་བ། སྒྲིབ་པ་དབྲལ་


GLG002_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བ། ལྷར་བསྐྱེད་པ། དམ་ཚིག་འབེབས་པ། ཆུ་ནན། དམ་བསྒྲགས། རིན་པོ་ཆེ་དོར་བ། བྱིན་དབབ། ནང་ལྷ་དབབ་པ། མིག་དབྱེ་བ། དཀྱིལ་འཁོར་བསྟན་པ། ཡོན་དབུལ་བ་དང་བཅས་པའི་ཆོས་བརྒྱད་སྔོན་དུ་འགྲོ་བའི་དབང་དངོས་ལ། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་ལས། ཕྱི་ཕན་པའི་དབང་ལ་བཞི་ཡོད་པའི། ཕྱག་རྒྱ་ལྷའི་དབང་གི་རུ་དྲ་ཞིང་ཆེན་ཁྲོ་བོའི་གདན་གྱིས་ཉོན་མོངས་ཆགས་སྡང་དང་འཁོར་བའི་རྣམ་རྟོག་ཟིལ་གནོན། ཁྱུང་། མ་ཧེ། གཟིག །སྟག །དོམ་གྱིས་ས་ལམ་མ་བགྲོད་གནས་སུ་ཕྱིན་པ། ཉི་མས་ཉོན་མོངས་མུན་སེལ། བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱིས་ཞེ་སྡང་གི་མཐའ་ལ་གནས་པ་རྣམས་དུས་གཅིག་ཏུ་སྒྲོལ་བ། བུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱིས་གཏི་མུག་གི་མཐའ་ལ་གནས་པ་རྣམས། རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱིས་ང་རྒྱལ་གྱི་མཐའ་ལ་གནས་པ་རྣམས། པདྨ་ཧེ་རུ་ཀ་ཡབ་ཡུམ་གྱིས་འདོད་ཆགས་ཀྱི་མཐའ་ལ་གནས་པ་རྣམས། ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱིས་ཕྲག་དོག་གི་མཐའ་ལ་གནས་པ་རྣམས། གཽ་རིས་སྲིད་གསུམ་གྱི་སྡུག་བསྔལ་གཏན་འཇོམས། ཙཽ་རིས་ཐུགས་རྗེ་འགྲོ་དོན་མཛད་པ། པྲ་མོ་ཧས་ཁམས་གསུམ་གྱི་བདུད་ལས་རྒྱལ་བ། བཻ་ཏ་ལིས་རྣམ་པར་རྟོག་པ་འདུལ་བ། པུཀྐ་སིས་ལོག་རྟོག་བདེ་ཆེན་དུ་འདྲེན་པ། གྷསྨ་རིས་སྣོད་བཅུད་མ་ལུས་གསོལ་བ། སྨ་ཤ་ནིས་འགྲོ་བ་སྡུག་བསྔལ་ལས་སྒྲོལ་བ། ཙཎྜ་ལིས་ལས་ཉོན་སྡོམ་པ། སེང་གདོང་མས་ལོག་ལྟ་ཟིལ་གནོན། སྟག་གདོང་མས་རྣམ་རྟོག་དབྱིངས་སུ་ཟ་བ། ཝ་གདོང་མས་ཐབས་ཤེས་ཀྱི་སྤྱན་ཐོབ་པ། སྤྱང་གདོང་མས་ལས་ཉོན་ཟ་བ། བྱ་རྒོད་གདོང་མས་ཐམས་ཅད་བསྙེག་པ།


GLG002_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ཀ་མུ་ཁས་སྲིད་གསུམ་དབང་སྡུད། བྱ་རོག་གདོང་མས་རྣམ་རྟོག་རྡུལ་དུ་རློག་པ། འུག་གདོང་མས་མ་རིག་མུན་པ་སེལ་བ། ལྕགས་ཀྱུ་མའི་བྱམས་ཐུགས་ཀྱིས་བདེ་ཆེན་དབྱིངས་སུ་འདྲེན་པ། ཞགས་པ་མའི་སྙིང་རྗེས་རྣམ་རྟོག་དང་མཚན་མ་འཆིང་བ། ལྕགས་སྒྲོག་མའི་དགའ་བས་ལོག་ལྟ་ཆོས་ཉིད་དུ་སྡོམ་པ། དྲིལ་བུ་མའི་བཏང་སྙོམས་ཀྱིས་ལོག་ལྟ་རྡུལ་དུ་རློག་པ། ཤར་གྱི་དབང་ཕྱུག་མ་དྲུག་གིས་དགྲ་བགེགས་ཞི་བ། ལྷོའི་དབང་ཕྱུག་མ་དྲུག་གིས་ཚེ་བསོད་རྒྱས་པ། ནུབ་ཀྱི་དབང་ཕྱུག་མ་དྲུག་གིས་དབང་དུ་བསྡུ་བ། བྱང་གི་དབང་ཕྱུག་མ་དྲུག་གིས་དགྲ་བགེགས་རྡུལ་དུ་རློག་པ། སྒོ་བཞིའི་དབང་ཕྱུག་མས་ལས་བཞི་འགྲུབ་པ། ཧཱུྃ་ཀ་རས་སྐྱེ་བ་ལ་དབང་བ། རྣམ་རྒྱལ་གྱིས་ཡོ་བྱད་ལ་དབང་བ། དབྱུག་སྔོན་ཅན་གྱིས་ཡེ་ཤེས་ལ། གཤིན་རྗེས་ཚེ་ལ། མི་གཡོ་བས་མོས་པ་ལ། རྟ་མགྲིན་གྱིས་ཆོས་ལ། གཞན་གྱིས་མི་ཐུབ་པས་སེམས་ལ། བདུད་རྩི་འཁྱིལ་བས་ལས་ལ། ཁམས་གསུམ་རྣམ་རྒྱལ་གྱིས་རྫུ་འཕྲུལ་ལ། སྟོབས་པོ་ཆེས་སྨོན་ལམ་ལ་དབང་བའི་དབང་། ཕྱག་མཚན་དྲུག་གིས་ཁམས་གསུམ་གྱི་གདུག་པ་ཅན་འདུལ་བའི་དབང་། རྒྱན་ཆས་རྟགས་ལས་ཐོད་པའི་དབུ་རྒྱན་གྱིས་འཁོར་བ་ཕྱགས་མས་འདེབས་པ། ཁྲོ་བོ་གསང་འབུམ་གྱིས་ཕུང་ཁམས་སྐྱེ་མཆེད་ཁྲག་འཐུང་རིགས་ལྔར་གསལ་བ། སྙིང་པོ་ལྔས་འགྲོ་བའི་དོན་བྱེད་པ་ཞིང་ཤུན་ཅོད་པན་གྱིས་ཤེས་བྱ་ཀུན་ལ་ཐོགས་པ་མེད་པས་རྟག་ཆད་ཟིལ་གནོན། གོ་ཆས་བདུད་དང་མུ་སྟེགས་མི་ཚུགས་པ། རུས་འཕྲང་གིས་རིག་འཛིན་གནས་སུ་འདུ་འབྲལ་མེད་པ། གླང་ལྤགས་ཀྱིས་ཐེག་དགུ་ལ་མངའ་བརྙེས་པ། གཡང་གཞིས་ཚད་མེད་


GLG002_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། སྟག་ཤམ་གྱིས་འཁོར་བའི་གཡུལ་ལས་རྒྱལ་བ། སྦྲུལ་ཆུན་གྱིས་འགྲོ་བ་འདྲེན་པ། ཐོད་རློན་འཕྲེང་བས་འགྲོ་བ་མང་པོའི་དོན་མཛད་པ། ཞག་གི་སོར་རིས་ཀྱིས་སངས་རྒྱས་ཀུན་གྱི་ཐུགས་དམ་གཅིག་པ། རཀྟའི་ཐིག་ལེས་འགྲོ་བ་དབང་སྡུད། ཐལ་ཆེན་ཚོམ་བུས་གིང་ཆེན་བྲན་བཞིན་སྡུད་པ། རྡོ་རྗེའི་གཤོག་པས་སྲིད་པ་གསུམ་ན་འགྲན་ཟླ་མེད་པ། མེ་དཔུང་གིས་ཉོན་མོངས་དུག་ལྔ་བསྲེག་པ། རྫས་དབང་ལས་བདུད་རྩི་ལྔའི་དྲི་ཆེན་གྱིས་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ། བྱང་སེམས་ཀྱིས་རྡོ་རྗེ་རིགས་ཀྱི་དངོས་གྲུབ། ཤ་ཆེན་གྱིས་རིན་ཅེན་རིགས་ཀྱི་དངོས་གྲུབ། རཀྟས་སོར་རྟོོགས་རིགས་ཀྱི་དངོས་གྲུབ། དྲི་ཆུས་ལས་ཀྱི་རིགས་ཀྱི་དངོས་གྲུབ། ཤ་ལྔས་རིག་འཛིན་གྱི་གཙོ་བོ་འགྲུབ་སྟེ་མངོན་ཤེས་ལྔ། དགུག་པ་དགུ། ལུས་གཞན་དུ་མི་གནས་པ། རཀྟས་རིག་འཛིན་རྒྱལ་བའི་གོ་འཕང་ལ་བསྙེན་པ། ཞིང་གི་རྒྱལ་མཚན་གྱིས་བདུད་བཞི་དང་མཐའ་གཉིས་ལས་རྒྱལ་བ། ཞིང་གདུགས་ཀྱིས་ལོག་པའི་རྒྱུ་འབྲས་གཉིས་མེད་རྟག་བྲལ་ཡེ་ཤེས་ཀྱི་ཐུགས་རྗེས་སྐྱོབ་པ། ཁ་ཊྭཾ་ཀ་དང་དྲིལ་བུས་སངས་རྒྱས་ཀྱི་ས་ལ་སྦྱོར་བ། ཕུར་པས་དགྲ་བགེགས་ཚར་གཅོད་དང་། རྡོར་དྲིལ་གྱིས་ཆོས་ཀུན་ཇི་ལྟར་འདོད་པ་བཞིན་སྤྱོད་པ། མར་མེས་མུན་པ་རང་བྱུང་ཡེ་ཤེས་ཡུལ་མེད་གསལ་བ། རྔ་ཆུང་གིས་བདུད་སྲིན་ཟིལ་གྱིས་མནན་ནས་མཁའ་འགྲོ་དབང་སྡུད། ཡུངས་ཀར་གྱིས་སྤྲུལ་པ་འགྱེད་ཅིང་གདུག་པ་འདུལ་བ། གཟུངས་མས་བྱང་ཆུབ་སེམས་དཔའ་ལ་དབང་བསྒྱུར་བ། འཕྲེང་བས་དངོས་གྲུབ་ལེན་པ་དང་། རྡོ་རྗེ་ཚེས་སྐྱེ་འཆི་མེད་པའི་དོན་རྟོགས་པ། བཟའ་བཏུང་གིས་འདོད་ཡོན་འཛིན་མེད་སྤྱོད་པ། མིང་གིས་སངས་རྒྱས་ཀྱིས་


GLG002_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དུ་ངེས་པར་གྲགས་པའི་དབང་། ནང་ནུས་པའི་དབང་གི་ཉན་པས་བསྐྱེད་རྫོགས་གསུམ་གྱི་ཆོས་རྣམས་ཐོས་པ། སྒོམ་པས་བསྐྱེད་རྫོགས་གསུམ་གྱི་དོན་བསྒོམ་པ། འཕྲིན་ལས་ཀྱིས་ལས་བཞི་ལྷུན་གྲུབ། འཆད་པས་སྤྱི་དང་ཁྱད་པར་གསང་བའི་བསྟན་པ་མཐའ་དག་ལ་ཐོགས་པ་མེད་པ། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱིས་གཞན་དོན་ཕུན་སུམ་ཚོགས་པའི་དབང་། གསང་བ་ཟབ་མོའི་དབང་གསུམ་གྱི་གསང་དབང་ནི་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ནམ་ཕྱེད་ཀྱི་དུས་བླ་མ་ཡབ་ཡུམ་གྱི་བྷ་གའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་ཀྱི་དབང་བློ་རབ་ལ་བ་དང་བེའུའི་ཚུལ། འབྲིང་ལ་མེ་ཏོག་དང་བུང་བའི་ཚུལ། ཐ་མ་ལ་བྱ་དང་བྱིའུ་ཚུལ་དུ་བསྐུལ་ནས། མཐའ་རྟེན་འཕྲིན་ལས་ཀྱི་བདག་པོར་དབང་བསྐུར་བ། དབུགས་དབྱུང་ལུང་བསྟན་པ། གསང་དབང་ཐོབ་པའི་སློབ་བུ་ལ་གསང་བ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་རང་གསལ་ལམ་ཤེས་རབ་ཡེ་ཤེས་ཀྱི་དབང་དགའ་བཞི་ལུགས་འབྱུང་ལུགས་ལྡོག་གི་ཚུལ་དུ་བསྐུར་བ། དོན་དམ་འོད་གསལ་གྱི་དཀྱིལ་འཁོར་དུ་དབང་བཞི་པ་བདེ་བ་ཆེན་པོ་ཤིན་ཏུ་བསྟན་པའི་དབང་རྣམས། དེ་ཡང་ཞི་ཁྲོའི་དབང་གཉིས་ཀ །རྡོ་རྗེ་ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། །ཞེས་དབང་རེ་རེ་ལ་རྒྱུ། རྐྱེན། ངོ་བོ། འབྲས་བུ། གོ་རིམ། ལས་རིམ། མ་ཐོབ་པའི་སྐྱོན། ཐོབ་པའི་ཡོན་ཏན་དེ་དོན་ཆེན་བརྒྱད་ཀྱིས་གཏན་ལ་དབབ་པ་དང་མཐའ་རྟེན་གྱི་ཚུལ་དུ་ཚེ་དཔག་མེད་ཕྱག་རྒྱ་བཞིའི་ཚོམ་བུའི་དཀྱིལ་འཁོར་དུ་སྒྲུ་འཕྲུལ་གྱི་ཚེ་དབང་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་དགོངས་བརྒྱུད་ཅེས་པ་གོང་མའི་དགོངས་པས་འོག་མ་བྱིན་གྱིས་


GLG002_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པ་ལས་ཤར་པ་སྟེ་སྟོན་པ་ཀུན་བཟང་ཡབ་ཡུམ། རྒྱལ་ཚབ་རིགས་ལྔ་ཡབ་ཡུམ། རིག་འཛིན་གྱི་བརྒྱུད་པ་ཞེས་པ་བྱིན་གྱིས་བརླབས་པ་ཙམ་གྱིས་མི་རྟོགས་པ་དངོས་སུ་སྟོན་ཡང་མི་དགོས་པར་དགོངས་པར་གཏད་པ་ཙམ་ལས་བྱུང་བ་སྟེ། དེ་ལ་ཡང་གཉིས་ཡོད་པའི་མི་མ་ཡིན་ལས་བརྒྱུད་ཚུལ་ནི། རིགས་གསུམ་མགོན་པོ་ནས་ལྟ་གྲུབ་སྤྱོད་གསུམ་རིམ་པར་བསྟན་པའི་འཇམ་དཔལ་གཞོན་ནུ་མཛེས་པའི་སྐུ་དང་ལྡན་པ་དེས་ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ལྷ་གནས་སུ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེ་ནས་རིན་ཅེན་འོད་འབར། སྐྱེ་རྒུའི་བདག་པོ་ཚངས་པ། ཚངས་པ་ཀུན་སྒྲོལ། ཚངས་པ་གཙུག་ཕུད་འཛིན། དབང་པོ་བརྒྱ་བྱིན་སོགས་ལྷའི་རིག་པ་འཛིན་པ་ཚོམ་བུ་འབུམ་སྡེ། སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེས་དུག་ཅན་ཀླུ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ཀླུ་རྒྱལ་མགྲིན་པ་ནག་པོ། དེ་ནས་ཀླུ་མོ་ཁང་འདུལ་མ། ཀླུ་མོ་འདུལ་ཚང་མ། ཀླུ་ཡིད་འོད་དགའ་བ། འཇོག་པོ་སོགས་ཀླུའི་རིག་འཛིན་ཚོམ་བུ་འབུམ་སྡེ། ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུ་དང་ལྡན་པ་དེས་གནོད་སྦྱིན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་གནོད་སྦྱིན་ཀུན་ཏུ་བཟང་པོ། དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེ། གནོད་སྦྱིན་སྐར་མདའ་གདོང་སོགས་གནོད་སྦྱིན་གྱི་རིག་འཛིན་ཚོམ་བུ་འབུམ་སྡེ། མི་དང་མི་མ་ཡིན་གཉིས་ཀ་ལས་བརྒྱུད་པ་ནི་ཐུབ་དབང་གཤེགས་ནས་ལོ་ཉེར་བརྒྱད་ཀྱི་དུས་རི་མ་ལ་ཡའི་རྩེར་གསང་བདག་གིས་ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་ལང་ཀ་མགྲིན་བཅུ། མི་ལི་ཙ་བྱི་དྲི་མེད་གྲགས་པ་ལྔ་ལ་བསྟན། གང་ཟག་སྙན་


GLG002_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ནི། དགོངས་པ་གཏད་པ་ཙམ་གྱིས་མི་རྟོགས་པར་ཐུགས་ཀྱི་དཔལ་བེའུ་ནས་དགོངས། མགུར་གྱི་བུམ་པར་དྲིལ། ལྗགས་ཀྱི་དབང་པོར་བཀྲམ། དུང་གི་ཚེམས་བར་ནས་ཚངས་དབྱངས་ཀྱིས་གསུངས་པ་སྟེ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་མ་ལ་ཡའི་རྩེར་གླེགས་བམ་དུ་བཞེངས་པ་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་བྱུང་བ་ལྟར་ཕོ་བྲང་གི་རྩེར་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ཆར་བབས་པ་རེ་ཞིག་དོན་མ་རྟོགས་པར་ཡབ་རཱ་ཛ་ལ་ག་ཐུང་དང་ཡུམ་ལྭ་བའི་སྐྲ་ཅན་གྱི་སྲས་དགེ་སློང་ཀུ་ཀུ་རཱ་ཛ་བྱ་བའི་བྱང་སེམས་རིན་ཅེན་མང་གི་སྤྲུལ་པ་ཚེ་ལ་དབང་བའི་རིག་འཛིན་གྲུབ་པ་ཞིག་ཡོད་པ་དེ་སྤྱན་དྲངས་ཏེ་ཞུས་པས་དགེ་སློང་གི་རྡོ་རྗེ་སེམས་དཔའི་སྒྲུབ་པའི་ལེའུ་ལ་བརྟེན་ནས་བསྒྲུབས་པས་རྡོར་སེམས་ཞལ་མཐོང་ཞིང་ལུང་བསྟན་པས་དོན་གོ་ནས་རྒྱལ་པོ་ཛ་ལ་སྙན་བརྒྱུད་དུ་གསུངས། ༈ དེ་ནས་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷཱུ་ཏི། སིདྡྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་ས་ལ། སློབ་དཔོན་སྒེག་པ་རྡོ་རྗེ། པཎ་ཆེན་བི་མཱ་མི་ཏྲ། དེས་སྒྱུ་འཕྲུལ་སྡེ་བརྒྱད་དུ་ཕྱེ་ནས་རྨ་ལོ་ཙཱ་བ་རིན་ཅེན་མཆོག་ལ་གསུངས། ཡང་ན་གོ་མ་ས་ལ་ནས་བྷུ་ཏ་ཀཱ་ཊྚ། མཻ་ཏྲི་ཀ་མ་ལ། དྲི་མེད་སངས་རྒྱས་གསང་བ། ཡང་ན་རྒྱལ་པོ་ཛ་ནས། ཨིནྡྲ་བྷཱུ་ཏི། ནཱ་ག་བྷཱུ་ཏི། ཁྱིའི་རྒྱལ་པོ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་ཧ་སྟི། དེས་ཤཱཀྱ་པྲབྷ། ཤཱཀྱ་མཻ་ཏྲི། ཤཱཀྱ་སེང་གེ་གསུམ་ལ་བཤད། ཤཱཀྱ་པྲ་བྷས་གངས་ཏེ་སེར། རྨ་རིན་ཅེན་མཆོག །སྦས་མཉྫུ་ཤྲཱི། བྲན་ཁ་མུརྟི་གསུམ་ལ་བཤད། རྨ་ཙ་ཙུ་རུ་རིན་ཅེན་གཞོན་ནུ། ཡང་ན་སྲས་མོ་ནས་སློབ་དཔོན་སྒེག་པ་རྡོ་རྗེ། བི་མཱ་ལ། རྨ་རིན་ཅེན་མཆོག །ཡང་ན་སྲས་མོ་ནས་སློབ་དཔོན་ཀུ་ཀུ་


GLG002_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཛ་ཕྱི་མ། རོ་ལངས་བདེ་བའི་དངོས་གྲུབ། སློབ་དཔོན་རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་ཧ་སྟི། སློབ་དཔོན་སངས་རྒྱས་གསང་བ། སྒེག་པ་རྡོ་རྗེ། བི་མཱ་ལ། ཡང་ན་ཀུ་ཀུ་རཱ་ཛ་ནས་དྲང་སྲོང་བ་ཤི་ཏ། སློབ་དཔོན་པྲ་ཧ་སྟི། སློབ་དཔོན་སངས་རྒྱས་གཉིས་པ། དེས་གཉག་ཛྙཱ་ན་ཀུ་མཱ་ར་དང་ངན་ལམ་རྒྱལ་བ་མཆོག་དབྱངས་ལ་བཤད། གཉག་གིས་སོག་པོ་དཔལ་གྱི་ཡེ་ཤེས། དེ་ལ་གནུབས་ཆེན་གྱིས་གསན། ཡང་ན་ཀུ་ཀུ་རཱ་ཛ་ནས་དཱ་ན་ལུ་ཀྲྀ་ཤ་ཀ །མ་ཧཱ་རཱ་ཛ། རོ་ལངས་བདེ་བ། ནམ་མཁའི་སྙིང་པོ་སོགས་ལོ་ཙཱ་བ་དྲུག །ཡང་ན་རྒྱལ་པོ་ཛ་ནས་སྒོམ་པ་མ། བི་མཱ་ལ། དེས་རྨ་རིན་ཅེན་མཆོག་དང་གཉག་ཛྙཱ་ན་ཀུ་མཱ་ར་ལ་བཤད། གཉིས་ཀས་ཙུ་རུ་རིན་ཅེན་གཞོན་ནུ་དང་གྱེ་རེ་ཕྱོགས་སྐྱོང་གཉིས་ལ་བཤད། གཉིས་ཀ་ལ་ཁྱུང་པོར་དབྱིག་འོད། དེས་དར་རྗེ་དཔལ་གྱི་གྲགས་པ། ཞང་རྒྱལ་བའི་ཡོན་ཏན། ཁྱུང་པོ་དབྱིག་གི་རྡོ་རྗེ་གསུམ་ལ་བཤད། ཞང་གིས་གནུབས་ཆེན་སངས་རྒྱས་ཡེ་ཤེས། དེ་ནས་སོ་ཡེ་ཤེས་དབང་ཕྱུག །ངག་ཐུང་བྱང་ཆུབ་རྒྱལ་མཚན། སྐོར་ཐུང་ཤེས་རབ་ཡེ་ཤེས། ར་ཐུང་ཡེ་ཤེས་ཚུལ་ཁྲིམས། ཉང་ཤེས་རབ་མཆོག །ཡང་ན་གནུབས་ནས་ཁུ་ལུང་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། ཉང་ཤེས་རབ་མཆོག །ཉང་ཡེ་ཤེས་འབྱུང་གནས། འུག་བྱ་ལུང་བ་ཟུར་ཆེན་ཤཱཀྱ་འབྱུང་གནས། ཡང་ན་ཙུ་རུ་དང་གྱེ་རེ་གཉིས་ཀྱིས་ཞང་རྒྱལ་བའི་ཡོན་ཏན། ཅོག་རོ་ཤེས་རབ་རྩེ་མོ། འགོས་ཚུལ་ཁྲིམས་བྱང་ཆུབ། སོ་ཡོན་ཏན་བཟང་པོ་བཞི་ལ་བཤད། བཞི་གས་ཞང་བྱང་ཆུབ་འབྱུང་གནས། དེ་ནས་ཟ་རི་ཡེ་ཤེས་འཕགས། གནུབས་བླ་ཆེན་བྱང་ཆུབ་སྙིང་པོ། ཟུར་


GLG002_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ། ལྟ་དགོངས་ཀྱི་རྩེ་མོ་ལྷ་རྗེ་ཟུར་ཆུང་བ། དེའི་སློབ་མ་ཀ་བཞི་གདུང་བརྒྱད་ལས། མཆོག་ཏུ་གྱུར་པ་སྒྱུ་འཕྲུལ་གྱི་ཀ་བ་གླན་ཤཱཀྱ་བཟང་པོ། ཟུར་ཐམས་ཅད་མཁྱེན་པ་ཤཱཀྱ་སེང་གེ །ཙད་ཚ་ཤཱཀྱ་རྡོ་རྗེ། བླ་མ་དཔལ་སྟོན་ལྷ་རྗེ། འགྲོ་མགོན་ཤཱཀྱ་སེང་གེ །སྙེ་སྟོན་རིན་ཅེན་སེང་གེ །དབང་སྟོན་ཚོགས་རྗེ། བླ་མ་ཆོས་རྒྱལ་མཚན། འགྲོ་མགོན་བྱང་ཆུབ་གླིང་པ། རྣམ་གྲོལ་ཀུན་དགའ་རིན་ཅེན། ཀུན་མཁྱེན་དཔལ་ལྡན་སེང་གེ །གཙང་སྟོན་བསོད་ནམས་བཟང་པོ། རིག་འཛིན་ནམ་མཁའ་གྲགས་པ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཚན། དཔང་སྟོན་བདེ་ལེགས་རྒྱལ་མཚན། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། སེ་སྟོན་ངག་དབང་རྡོ་རྗེ། སྔགས་འཆང་དཔལ་ལྡན་བཀྲ་ཤིས། སེ་སྟོན་ལེགས་གྲུབ་ཚེ་རིང་། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་སྒྲོ་ཕུག་པ་ཤཱཀ་སེང་ནས་ཙད་ཚ་ཤཱཀ་རྡོར། གཙུག་ཏོར་ཤཱཀྱ་འབྱུང་གནས། གླན་སྟོན་འོད་པོ། དཔལ་ལྡན་ཆོས་སེང་། གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ། དེ་སྲས་སངས་རྒྱས་རིན་ཅེན། འགོས་ལོ་ཐམས་ཅད་མཁྱེན་པ་ཡིད་བཟང་རྩེ་པ་གཞོན་ནུ་དཔལ། ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ། སེ་སྟོན་རིན་ཅེན་རྒྱལ་མཚན་མན་འདྲ། ཡང་ན་ཅང་ཚ་ཤཱཀྱ་རྡོ་རྗེ་ནས་མཁས་པ་གཙང་ནག་འོད་འབར། མེ་སྟོན་མགོན་པོ། མཁས་པ་སྲོ་ཆེན་པོ། དམ་པ་བདུད་འདུལ་འབུམ། མདའ་སྟོན་ཤཱཀྱ་འཕེལ། ཟུར་བྱམས་པ་སེང་གེ །སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ་མན་གོང་ལྟར།


GLG002_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་སྒྲོལ་མ་སངས་རྒྱས་རིན་ཅེན་ནས་སྒྲོལ་མ་བ་ཆོས་གྲགས་བཟང་པོ། སྒྲོལ་མ་བ་ནམ་མཁའི་རྣལ་འབྱོར། སེ་སྟོན་རིན་ཅེན་རྒྱལ་མཚན་མན་གོང་ལྟར། ཡང་ན་ཟུར་ཆུང་ཤེས་རབ་གྲགས་ནས་སྐྱོ་བྱེ་མ་ལུང་པ། སྤྲུལ་སྐུ་དམ་པ་ཡ་སེ། ཨ་མེས་རྡོ་རྗེ་བདེ་ཆེན། གྲུབ་ཐོབ་ནམ་མཁའི་རྡོ་རྗེ། བླ་མ་ཤེས་རབ་འབའ་ར། གྲུབ་ཐོབ་དངོས་གྲུབ་གྲགས་པ། གྲུབ་ཆེན་ལྷུན་པོ་བ། རྗེ་བཤེས་གཉེན་པ། འཕྲག་ཚེ་མཁས་པ་ཞང་སྟོན། བྲག་སྟག་པ་རྡོ་རྗེ་རིན་ཅེན། བྲག་ནག་པ་ཤེས་རབ་ཚུལ་ཁྲིམས། རིག་འཛིན་ནམ་མཁའ་གྲགས་པ་མན་སྔར་བཞིན། ཡང་ཟུ་ལུང་པ་སྒེར་གྱི་བརྒྱུད་ལུགས་གཅིག་ནི། དར་རྗེ་དཔལ་གྱི་གྲགས་པ་ནས། གྲུབ་པ་བརྙེས་པའི་ལྡོམ་བུ་པ། འདི་དགུང་ལོ་སུམ་བརྒྱ་ཙམ་བཞུགས་ན་མ་གཏོགས་བླ་མ་བཅུ་གསུམ་ཙམ་ཆད་པ་བརྟག །དེ་ནས་སྤྲུལ་སྐུ་དམ་པ་ལ་ཡ་སེ་ནས་བཟུང་། བླ་མ་བཤེས་གཉེན་པའི་བར་སྔར་ལྟར་ལ། གྲུབ་ཐོབ་དབང་ཕྱུག་རྡོ་རྗེ། རིག་འཛིན་རྡོ་རྗེ་འབུམ། སྤྲུལ་སྐུ་སྐྱེ་མ་སྐུ་མཆེད། སྐྱེས་མཆོག་རིན་ཅེན་སྒྲོལ་མ། དྲིན་ཅན་མཁས་བཙུན་སངས་རྒྱས། མཉམ་མེད་མདོ་སྡེའི་མཚན་ཅན། ཀ་བཞི་དུས་གསུམ་སངས་རྒྱས། གདུང་བརྒྱུད་རྣམ་རྒྱལ་བཟང་པོ། འདྲེན་མཆོག་ཆོས་རྒྱལ་བཤེས་གཉེན། བླ་ཆེན་ནམ་མཁའ་དཔལ་ལྡན། དྲན་མཆོག་ནམ་མཁའ་གྲགས་པ། སེ་སྟོན་ཆོས་རྒྱལ་དཔལ་བཟང་། སེ་སྟོན་ཀུན་ཏུ་བཟང་པོ། སེ་སྟོན་ངག་དབང་རྡོ་རྗེ། སེ་སྟོན་རྣམ་རྒྱལ་རྡོ་རྗེ། སྔགས་འཆང་དགའ་ལྡན་བཀྲ་ཤིས་མན་སྔར་བཞིན་ནོ། ༈ །སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་རྒྱལ་ལེའུ་ཉི་ཤུ་རྩ་གཉིས་པའི་འགྲེལ་པ་ནཱ་ལནྡའི་པཎྜི་ཏ་སྒེག་པའི་རྡོ་རྗེས་མཛད་


GLG002_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིན་པོ་ཆེའི་སྤར་བཀབ་ཅེས་བྱ་བ་པཎྜི་ཏ་བི་མཱ་ལ་དང་ལོ་ཙཱ་བ་རྨ་རིན་ཅེན་མཆོག་གིས་བསྒྱུར་བའི་ལུང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རིགས་གསུམ་མགོན་པོ། ཀུ་ཀུ་རཱ་ཛ། རྒྱལ་པོ་ཛ། ཨིནྡྲ་བྷཱུ་ཏི། སིདྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་ཝཱི། ཀུ་ཀུ་རཱ་ཛ་ཕྱི་མ། རོ་ལངས་བདེ་བའི་དངོས་གྲུབ། རྡོ་རྗེ་བཞད་པ། ཟ་ཧོར་གྱི་རྒྱལ་པོ་པྲ་ཧསྟི། སངས་རྒྱས་གསང་བ། པཎྜི་ཏ་སྒེག་པའི་རྡོ་རྗེ། བི་མཱ་ལ་མི་ཏྲ། རྨ་རིན་ཅེན་མཆོག །དེ་ལ་སྒྱེ་རེ་མཆོག་སྐྱོང་དང་། ཙུ་རུ་རིན་ཅེན་གཞོན་ནུ་གཉིས་ཀས་གསན། གཉིས་ཀ་ལ་ཁྱུང་པོ་དབྱིག་འོད། དེས་དར་རྗེ་དཔལ་གྲགས། ཞང་རྒྱལ་བའི་ཡོན་ཏན། ཁྱུང་པོ་དབྱིག་གི་རྡོ་རྗེ་གསུམ་ལ་གནང་། ཞང་ནས་གནུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །ངབ་ཐུང་བྱང་ཆུབ་རྒྱལ་མཚན། སྐོར་ཐུང་ཤེས་རབ་ཡེ་ཤེས། རྭ་ཐུང་ཡེ་ཤེས་ཚུལ་ཁྲིམས། ཉང་ཤེས་རབ་མཆོག །ཉང་ཡེ་ཤེས་འབྱུང་གནས། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། གླན་ཤཱཀྱ་བཟང་པོ། ཟུར་སྒྲོ་ཕུག་པ་ཤཱཀྱ་སེང་གེ །དེ་ལ་གཙང་པ་བྱི་སྟོན་དང་སློབ་དཔོན་ཉི་སྟོན་གཉིས་ཀྱིས་གསན། གཉིས་ཀ་ནས་གཙང་ནག་འོད་འབར། མེ་སྟོན་ཤེས་རབ་མགོན་པོ། སེ་སྟོན་ཤེས་རབ་རྒྱལ་མཚན། དེ་ལ་པ་ཤི་ཤཱཀ་འོད་དང་རྟ་ནག་བདུད་འདུལ་གཉི་གས་གསན། གཉིས་ཀ་ནས་མདའ་ཚ་ཤཱཀ་འཕེལ། ཟུར་བྱམས་པ་སེང་གེ །སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ། སྒྲོལ་མ་པ་སངས་རྒྱས་རིན་ཅེན། འགོས་ལོ་གཞོན་ནུ་དཔལ་པ། སྤྱན་སྔ་ཐམས་ཅད་མཁྱེན་པ་ཞྭ་དམར་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་། ཆོས་རྒྱལ་རིན་ཅེན་ཕུན་


GLG002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། རང་གྲོལ་ཉི་ཟླ་སངས་རྒྱས། སློབ་དཔོན་ཚེ་དབང་ནོར་རྒྱས། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། རིན་ཅེན་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །ཡང་ན་གནུབས་ཆེན་ནས་གནུབས་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། ཉང་ཤེས་རབ་མཆོག་མན་འདྲ། དཔལ་མཉམ་མེད་ཇོ་བོ་ཆེན་པོ་དཱི་པཾ་ཀཱ་རས་རྒྱ་གར་གྱི་གྲུབ་པའི་དབང་ཕྱུག་ནག་པོ་སྤྱོད་པའི་སྐྱེ་བར་ངོས་བཟུང་བའི་གསང་ཆེན་རྙིང་མའི་རིགས་སྔགས་འཆང་བ་རོང་ཟོམ་ཆོས་བཟང་གི་རྨི་ལམ་དུ་གསང་བ་སྙིང་པོས་ཟན་དང་སངས་རྒྱས་མཉམ་སྦྱོར་གྱི་ཚོད་མ་བྱས་གསོལ་བ་རྨིས་པས་མནལ་སད་ཚེ་རྒྱུད་དོན་རྣམས་ཐུགས་ལ་ཤར་ནས་འགྲེལ་པ་མཛད་པའི་མཆོད་བརྗོད་དུ། དཀོན་ཅོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས་ཞེས་ཡོད་པར་བརྟེན་དཀོན་ཅོག་འགྲེལ་དུ་གྲགས་པའི་ལུང་གི་བརྒྱུད་པ་ནི། ལོ་ཙཱ་བ་ཆེན་པོ་རོང་ཟོམ་ཆོས་བཟང་། ཡམ་ཤུད་བློ་ཆེན། འགོས་ཟླ་གམ་འབར། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། འགོས་དགེ་སློང་ཆོས་རྡོར། འགོས་དངོས་གྲུབ་མགོན་པོ། དབུས་པ་སངས་རྒྱས་འབུམ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། གྲུ་མི་བསྐྱོད་རྡོ་རྗེ། བྱང་ཆེན་མཁན་པོ་བསོད་ནམས་འཕེལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ་བ། ལམ་འབྲས་པ་བསོད་ནམས་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་ནམ་མཁའ་ཚུལ་ཁྲིམས། རོང་པོ་བློ་བཟང་པ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་སཾ་གྷ་ཤྲཱི། ཚུལ་ཁྲིམས་འོད་ཟེར། བསོད་ནམས་དཔལ་འབྱོར། འཇམ་དབྱངས་བྱང་གླིང་རྗེ། མཁན་ཆེན་ཐམས་ཅད་


GLG002_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ། ཀུན་མཁྱེན་བློ་བཟང་པ། བདེ་ལེགས་བཀྲ་ཤིས། ཡོལ་གདོང་པ་རིན་ཅེན་བཀྲ་ཤིས། སྲིད་གསུམ་བླ་མ་རིག་འཛིན་ཀུན་བཟང་ཉི་མ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་བ་ཆེན་མོ། དེས་བདག་ལའོ། ༈ །སྒྱུ་འཕྲུལ་རྩ་རྒྱུད་གསང་རྒྱུད་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་རྒྱལ་ལེའུ་ཉི་ཤུ་རྩ་གཉིས་པའི་འགྲེལ་པ་གླན་གྱི་སྔགས་འཆང་སྒྱུ་འཕྲུལ་གྱི་བརྒྱུད་པའི་རྣམ་ཐར་ཞིག་ན་འདི་ལྟར་སྣང་ཞིང་རྣམ་ཐར་ཉིད་གསུང་མའི་ཚིགས་བཅད་ཞ་ལུའི་བྱ་འདབ་ཞེས་པ་གནས་གསར་ལུང་དུ་གྲགས་པ་དང་ཕྱོགས་མཚུངས་པར་དཔའ་བོའི་ཆོས་འབྱུང་དུ་ཡང་ཡོད་ཅིང་ཚིགས་བཅད་མར། གཡུང་གི་རུས་སུ་བཤད་པ་དེབ་སྔོན་དུ་གླན་ཡིན་གསུངས་པ་དང་ཚོང་དུས་ལ་ཡང་དབུས་གཙང་གི་གསལ་ཁ་མ་བྱུང་བས་དཔྱད། གྲ་ཕྱི་རྒྱལ་བ་གཡུང་སྟོན་རྡོ་རྗེ་དཔལ་གྱིས་མཛད་པ་ནོས་པའི་བརྒྱུད་པ་ནི། གསང་བདག་སྒྲོ་ཕུག་པ་ཡན་གོང་ལྟར་ལ། དེ་ལ་གཙང་པ་བྱི་སྟོན་དང་། སློབ་དཔོན་ཉི་སྟོན་ཆོས་ཀྱི་སེང་གེ་གཉིས་ཀྱིས་ཞུས། གཉིས་ཀ་ནས་གཙང་ནག་འོད་འབར། མེ་སྟོན་ཤེས་རབ་མགོན་པོ། སོ་སྟོན་ཤེས་རབ་རྒྱལ་མཚན། དེ་ལ་པ་ཤི་ཤཱཀ་འོད་དང་རྟ་ནག་བདུད་འདུལ་གཉིས་ཀས་གསན། གཉིས་ཀ་ནས་མདའ་ཚ་ཤཱཀ་འཕེལ། ཟུར་བྱམས་པ་སེང་གེ །གཡུང་སྟོན་རྡོ་རྗེ་དཔལ་བཟང་། རྒྱ་བོ་མཁའ་འགྲོ། རྒྱ་བོ་བླ་མ་བཀྲ་ཤིས། རྒྱ་བོ་སྲི་ཐར་བསམ་གྲུབ། དཔོན་དབུ་ཡག །འཁོན་ཚེ་དབང་ནོར་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །ཡོ་ག་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རིག་པ་འཛིན་པ་རྣམས་ཀྱི་ཉམས་ཆགས་སྐོང་ཞིང་རྟོག་སྒྲིབ་སྦྱོང་ལ། ཚོམ་བུ་གཅིག་ཏུ་འབྲེལ་བའི་བར་གྱི་སེམས་ཅན་རྣམས་ཀྱི་མཚམས་མེད་ལྔ་སོགས་སྒྲིབ་པ་མཐའ་དག་བཅིལ་ནས་བླ་ན་མེད་པའི་མཆོག་གི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བྱེད་པའི་ཐབས་ཀྱི་སྒོ་དམ་པ་རྣལ་འབྱོར་སྤྱིའི་ཁྲུས་ཆོག་ན་རག་དོང་སྤྲུག་ཅེས་སྒྱུ་འཕྲུལ་དྲ་བའི་རྒྱུད་བླ་མ་གླང་པོ་ཆེ་རབ་འབོགས་ཀྱི་ལེའུ་


GLG002_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལོགས་སུ་བཀོལ་བའི་དྲི་མེད་བཤགས་པའི་རྒྱུད་ཀྱི་དགོངས་པ། དེར་མ་གསལ་བ་མཐའ་དག་སྒྱུ་འཕྲུལ་མ་བུ་ནས་ཁ་བསྐངས་པའི་ཞི་ཁྲོ་དམ་པ་རིགས་བརྒྱའམ་རྒྱས་པར་སྤྲོ་ན་ལྷ་ལྔ་བརྒྱ་དོན་གཉིས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་མཁས་གྲུབ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེས་མཛད་པའི་དོན་གསལ་སྒྲོན་མེའི་སྟེང་ནས་ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་། ཕྱི་འཇུག་བཅུ་གསུམ་ནང་འཇུག་བཅུ་གསུམ་སྔོན་དུ་འགྲོ་བའི་དབང་དངོས་ལ་རྒྱུད་བཞིའི་དགོངས་པ་དང་མཐུན་པའི་རྒྱུན་གཅིག་ལ་ཐམས་ཅད་བསྐུར་བའམ་གང་རུང་གཅིག་རྫོགས་པར་བསྐུར་བ་ལས། འདིར་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྡྲའི་ལུགས་ལྟར་ངན་སོང་སྦྱོང་བ་སྒོ་འབྱེད་ཕྱག་རྡོར་གྱི་མཆོག་དབང་བཅུ་དྲུག་ཅེས་པ་ཆུ་ཅོད་པན་གྱིས་བྱ་རྒྱུད། མིང་གི་དབང་གིས་སྤྱོད་རྒྱུད། རིག་པའི་དབང་གིས་རྡོ་རྗེ་སློབ་མ། གཞན་དོན་སློབ་དཔོན་གྱི་དབང་རྣམས་ཀྱི་རྣལ་འབྱོར་རྒྱུད་དེ་ཕྱི་རྒྱུད་སྡེ་གསུམ་ལས་བྱུང་བའི་དབང་བཞི་ལ་ཐོག་མར་བགེགས་དང་སྡིག་པ་བསལ་ནས་རིགས་དྲུག་གི་གནས་སྦྱངས་ཏེ་བཅུད་བཟང་པོ་ལྡུགས་པར་སྣོད་ལ་བྱི་དོར་བྱེད་པ་ལྟར་གྱི་རྗེས་སུ། བདག་དོན་རྡོ་རྗེ་སློབ་མའི་དབང་ལ་རིན་པོ་ཆེའི་དབུ་རྒྱན་ཟེ་ཕྲོག་ལྔ་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་དབང་སེམས་ཅན་ལུས་སུལ་པོ་ཕྱག་ན་རྡོ་རྗེས་ཟུག་རྔུ་བསལ་བ་དང་རྗེས་སུ་མཐུན་པ། གསང་བདག་གི་སྐུས་བྱང་ཆུབ་སྙིང་པོ་ཅན་དུ་གྱུར་ཏེ་གསང་བ་མཆོག་གི་བདག་པོར་འགྱུར་བ། རྡོར་དྲིལ་གྱིས་ཐབས་ཤེས་དབྱེར་མེད་ཀྱི་རྡོ་རྗེ་འཆང་དུ་འགྱུར་བ། བུམ་པས་ནད་བྱང་ཞིང་ཡེ་ཤེས་ལྔ་རྟོགས་ནས་འགྲོ་དོན་ཆད་མེད་བྱེད་པ། མེ་ཏོག་གི་འཕྲེང་བས་ཚུལ་ཁྲིམས་དག་ཅིང་ལས་


GLG002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་གྱི་སྒྲིབ་པ་སྦྱོང་བ། རྡོ་རྗེ་སློབ་དཔོན་གྱི་དབང་ལ། ཅོད་པན་གྱིས་མྱང་འདས་ཐོབ་ནས་ཁམས་གསུམ་ལ་གནས་ཏེ་སྲིད་གསུམ་གྱི་སྡུག་བསྔལ་སེལ་བ། མིག་ཐུར་གྱིས་མ་རིག་ལིང་ཏོག་བསལ་ཏེ་སྤྱན་ལྔ་དང་ལྡན་པ། མེ་ལོང་གིས་ཆོས་ཀུན་རྟེན་འབྲེལ་སྒྱུ་མ་ལྟར་མཐོང་བ། འཁོར་ལོས་རྫུ་འཕྲུལ་གྱི་རྐང་པས་ཁམས་གསུམ་དུ་བགྲོད་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པ། དུང་གིས་ཆོས་སྟོན་པ་དང་ཚངས་པའི་དབྱངས་སྙན། རྒྱ་གྲམ་གྱིས་རིག་སྔགས་གྲུབ་པ་རྣམས་ཀྱིས་རྟག་ཏུ་བསྲུང་བ། རིན་ཅེན་སྣ་བདུན་གྱིས་ཕྱིར་མི་ལྡོག་པའི་འཁོར་ལོས་སྒྱུར་བའི་དབུགས་དབྱུང་བ་དམ་པ་ཐོབ་པ། རལ་གྲིས་དུས་གསུམ་གྱི་འཁྲུལ་པ་དང་བག་ཆགས་ཀྱི་ས་བོན་གཅོད་པ། མདའ་གཞུས་ཐབས་ཤེས་ཟུང་དུ་འབྲེལ་ནས་ཡེ་ཤེས་དག་པའི་རྩེ་མོར་གནས་པ། སེང་གེས་གསུང་རབ་ཀྱི་སྒྲ་བསྒྲགས་ནས་ལོག་ཕྱོགས་ཀྱི་ལྟ་བ་ཟིལ་གྱིས་གནོན། ཉི་ཟླས་འགྲོ་བའི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཤར་ཏེ་ཁམས་གསུམ་གྱི་མུན་པ་སེལ་བ། ཡུངས་ཀར་གྱིས་བགེགས་འདུལ་བ། ཞོས་ཡོན་ཏན་ཀུན་གྱི་སྙིང་པོ། དུར་པས་རྡོ་རྗེའི་ཚེ། ལི་ཁྲིས་ཆོས་རྣམས་དབང་སྡུད། དུང་གིས་ཆོས་སྒྲ་སྒྲོག་པ། གྷི་ཧང་གིས་དུག་གསུམ་གྱི་ནད་འཇོམས་པ། མེ་ལོང་གིས་ཆོས་ཀུན་ཐོགས་པ་མེད་པར་བྱེད་པ། བིལ་པས་བྱང་ཆུབ་སྙིང་པོའི་མཆོག་ཏུ་འགྱུར་བའི་དབང་རྣམས་དེ་ལྟར་སྤྱིའི་དབང་རྫོགས་ནས་བྱེ་བྲག་ཏུ་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པ་དང་རྗེས་སུ་མཐུན་པའི་ངན་སོང་སྦྱོང་བ་ཞི་བ་རྡོར་དབྱིངས། ཁྲོ་བོ་ཧེ་རུ་ཀ་རོལ་པའི་དཀྱིལ་འཁོར་གཉིས་ལ་ཁྲོམ་འཁྲུགས་དང་སྦྲེལ་མའི་དཀྱིལ་འཁོར་གཉིས་ཀྱི་དང་པོ་ལ།


GLG002_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་དགུ་མ། འགྱོད་ཚངས་རྒྱལ་པོའི་དཀྱིལ་འཁོར་དུ་མཚམས་མེད་ལྔ་སྦྱང་བའི་ལུགས། པདྨ་འདབ་བརྒྱད་བརྒྱ་ཚོགས་ཞིང་གི་དཀྱིལ་འཁོར་སྦྲེལ་མ་ལ་ཞི་ཁྲོ་གནས་བསྒྱུར། སྟེང་འོག་བརྩེགས་པ། ཟུང་འབྲེལ་སོགས་བཤད་པའི་འདིར་མངའ་རིས་པཎ་ཆེན་རིན་པོ་ཆེས་ཞི་ཁྲོའི་དཀྱིལ་འཁོར་སྒྲུབ་ཐབས་བཀླགས་པ་དོན་གྲུབ་ཀྱི་ལས་གཞུང་བསྲངས་ཏེ་ཁྲོམ་འཁྲུགས་གཙོ་ཆེ་བའི་དཀྱིལ་འཁོར་ཡིན་ལ། དེ་ཡང་པདྨ་བཛྲ་གྱི་ཕྱག་བཞེས་གཙོར་སྟོན་དང་པཎ་ཆེན་རྣམ་གཉིས་ཀྱི་དགོངས་པ་གཅིག་ཏུ་བསྡེབས་པ་གཉིས་པོ་གང་ལ་ཡང་བླ་མའི་ཕྱག་བཞེས་མི་འདྲ་བ་གསུམ་བསྟན་པའི་ནང་ནས། པདྨ་སཾ་བྷ་བའི་གཞུང་དབང་བཞི་དང་འབྲེལ་བའི་ཚུལ་དུ་བསྐུར་བ་ལ། བུམ་དབང་ལ་མ་དག་པའི་རྒྱུད་སྦྱང་བ་སྔོན་དུ་བཏང་ནས་རིག་པ་ཡེ་ཤེས་ལྔའི་བག་ཆགས་འཇོག་པར་མི་བསྐྱོད་པ་ཆུའི་དབང་། རིན་འབྱུང་དབུ་རྒྱན་གྱི་དབང་། སྣང་མཐའ་རྡོ་རྗེའི་དབང་། དོན་གྲུབ་དྲིལ་བུའི་དབང་། རྣམ་སྣང་མིང་དབང་། རིགས་དྲུག་པ་རྡོ་རྗེ་སེམས་དཔའི་བྱིན་རླབས་སྔགས་དབང་། ལྷ་དབང་ལུས་ལ་བསྐུར་བ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྟེན་བརྟེན་པར་ངོ་སྤྲོད་དང་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྐུ་གཟུགས་རྫས་ཀྱི་དབང་། ཁྲོ་བོའི་དབང་ལ། ཁྲོ་བོ་རིགས་བསྡུས་ཀྱི་བུམ་པས་སྣ་དྲངས་ཏེ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་དབང་ལུས་ལ་བསྐུར། ཡི་གེ་བརྒྱ་པའི་བཟླས་ལུང་ལ་བརྟེན་ནས་གསང་དབང་ངག་ལ་བསྐུར། རྡོ་རྗེ་སེམས་དཔའི་ཐུགས་དང་རང་སེམས་བསྲེ་བའི་ཆོས་དབང་སེམས་ལ་བསྐུར། རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་སྐུའི་དམ་ཚིག །ཞི་བའི་རྒྱན་ཆས་བཅུ་གསུམ་བྱིན་ནས་རྡོ་


GLG002_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སློབ་དཔོན་དུ་མངའ་གསོལ། མཐའ་རྟེན་བརྡ་དོན་བཅུ་བཞིའི་དབང་ལ། དབང་ཆོག་ཏུ་འདི་ལྟར་འདུག་ཀྱང་བསྐུར་ཚིག་དེ་ལས་མང་བར་སྣང་ངོ་། །བུམ་པ་ཞི་བ་ཟླུམ་པོ། རྒྱས་པ་གྲུ་བཞི། དབང་ཟླ་གམ། དྲག་པོ་གྲུ་གསུམ། རྡོ་རྗེ་རྩེ་དགུ། འཁོར་ལོ་རྩིབས་བཞི། རིན་ཅེན་འབར་བ། ཆགས་མེད་པདྨ། གཅོད་བྱེད་རལ་གྲི། རྡོ་རྗེ་རྩེ་གསུམ། རྡོ་རྗེ་བ་དན། རྡོ་རྗེ་རྩེ་གཅིག །མདའ་གཞུ། ཞིང་དབྱུག །རྡོ་རྗེ་ཐོ་བ། གཅོད་བྱེད་དགྲ་སྟ། དྲིལ་བུ། པི་ཝཾ། རྔ། འཕྲེང་བ། ཉི་ཟླ། མེ་ཏོག །ཧཱུྃ་ཡིག །མེ་ལོང་། དྲིལ་བུ། མིག་ཐུར། མེ་ལོང་གཉིས་པ། འཁོར་ལོ། གླེགས་བམ། དུང་། རིགས་ལྔའི་ཕྱག་མཚན། གཟེངས་བསྟོད་པ་རྣམས་ཀྱིས་འབྲས་བུ་སྤྲུལ་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ལ་བརྟེན་ནས་ལོངས་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས། ཀུན་རྫོབ་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་མཐའ་རྟེན་ལུང་བསྟན་བཅས་པས་འབྲས་བུ་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཚིག་གི་དབང་གིས་འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས། མཐའ་རྟེན་མཁའ་འགྲོ་མའི་གཏོར་མའི་དབང་དང་ཞར་བྱུང་ངོ་སྤྲོད་ལ་བརྟེན་པའི་ཀུན་ཏུ་བཟང་པོའི་རྩལ་དབང་བཅས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་རིགས་གསུམ་མགོན་པོ། དམ་པའི་རིགས་ཅན་དྲ་མ་ལྔ། དགེ་སློང་ཀུ་ཀུ་རཱ་ཛ། སྐལ་ལྡན་རྒྱལ་པོ་ཛ། སིདྷ་རཱ་ཛ།


GLG002_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་ཝཱི། སློབ་དཔོན་སངས་རྒྱས་གསང་བ། སློབ་དཔོན་སྒེག་པའི་རྡོ་རྗེ། པཎ་ཆེན་བི་མཱ་ལ་མི་ཏྲ། དེས་གཉག་ཛྙཱ་ན་ཀུ་མཱ་ར་དང་རྨ་རིན་ཅེན་མཆོག་གཉིས་ལ་གསུངས། རིན་ཅེན་མཆོག་གིས་གྱེ་རེ་མཆོག་སྐྱོང་དང་ཙུ་རུ་རིན་ཅེན་གཞོན་ནུ་ལ་གནང་། གཉིས་ཀས་དར་རྗེ་དཔལ་གྲགས་དང་ཞང་རྒྱལ་བའི་ཡོན་ཏན་ལ་གནང་། གཉིས་ཀ་ལ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། དེ་ནས་ཁུ་ལུང་ཡོན་ཏན་རྒྱ་མཚོ། སྲས་ཆེ་བ་ཡེ་ཤེས་རྒྱ་མཚོ། ཉང་ཤེས་རབ་མཆོག །ཉང་ཡེ་ཤེས་འབྱུང་གནས། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། གླན་ཤཱཀྱ་བྱང་ཆུབ། སྒྲོ་ཕུག་པ་ཤཱཀྱ་སེང་གེ །ཙད་ཚ་ཤཱཀྱ་རྡོ་རྗེ། བཙག་སྟོན་ཤཱཀྱ་འབྱུང་གནས། གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཆོས་ཀྱི་སེང་གེ །གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། རྟ་ནག་སྒྲོལ་མ་བ་འཇམ་དབྱངས་བསམ་གྲུབ་རྡོ་རྗེ། ཟུར་ཤཱཀ་འབྱུང་ཕྱི་མ། སྤྲུལ་སྐུ་ཚེ་དབང་རྒྱལ་པོ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། ཡབ་འཇམ་དབྱངས་རིན་ཅེན་རྒྱལ་མཚན། སྲས་པཎ་ཆེན་པདྨ་དབང་རྒྱལ། གཉིས་ཀ་ལ་སྤྲུལ་པའི་སྐུ་མཆོག་ལེགས་ལྡན་རྡོ་རྗེ། སྔགས་འཆང་ཚེ་རིང་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་སྤྲུལ་སྐུ་ཚེ་དབང་རྒྱལ་པོ་ནས། རྒྱལ་སྲས་ཆོས་རྗེ། ལེགས་པ་དཔལ་བཟང་མན་འདྲ། ཡང་ན་སྒྲོ་ཕུག་པ་ཤཱཀ་སེང་ནས། ཤཱཀྱ་


GLG002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། གཉོས་ནག་རྒྱལ་མཚན། འབའ་འཕན་རྒྱ་ལུང་། ཞོ་ཁམས་ཤཱཀྱ་རྒྱལ་མཚན། སངས་རྒྱས་ཡེ་ཤེས། ཀུན་དགའ་རིན་ཅེན། རིན་ཅེན་རྒྱལ་མཚན། ཡོན་ཏན་མགོན་པོ། དཀོན་ཅོག་བཟང་པོ། བསམ་གྲུབ་རྡོ་རྗེ། ཤཱཀ་འབྱུང་ཕྱི་མ། ཤཱཀྱ་ཤྲཱི་ཕ་ལ། ཟུར་ཤཱཀྱ་བཤེས་གཉེན། རྒྱལ་སྲས་ཐུགས་མཆོག་རྩལ། ལེགས་པ་དཔལ་བཟང་མན་གོང་ལྟར། ཡང་ན་ལེགས་པ་དཔལ་བཟང་ནས། གནུབས་རཏྣ་ཤྲཱི། མཁས་བཙུན་ཚུལ་ཁྲིམས་དཔལ་བཟང་། མངའ་རིས་པཎ་ཆེན་མན་འདྲ། ཡང་ན་ཟུར་ཤཱཀ་འབྱུང་ཕྱི་མ་ནས། ཟུར་ཤཱཀྱ་བཤེས་གཉེན། ཁྲག་འཐུང་ཚེ་དཔལ་མགོན་པོ། འཇམ་དབྱངས་རིན་ཅེན་རྒྱལ་མཚན་མན་སྔར་ལྟར། ཡང་ན་ཆོས་རྗེ་ལེགས་པ་དཔལ་བཟང་ནས། ཆོས་རྗེ་ཆོས་འཕགས་བཟང་པོ། འཇམ་དབྱངས་རིན་པོ་ཆེ་མན་འདྲ། ཡང་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ནས། མི་ནག་སྟོབས་ཆེན། སེ་སྟོན་འབྱུང་ལྡན། བླ་མ་ཤེས་རབ་རྒྱ་མཚོ། བླ་མ་སེང་གེ་དཔལ། མཁན་ཆེན་ཤཱཀྱ་འབྱུང་གནས། སྤྲུལ་སྐུ་ཚེ་དབང་རྒྱལ་པོ། རྒྱལ་སྲས་ཆོས་རྗེ་མན་འདྲ། ཡང་ན་བརྒྱུད་འཛིན་ལེགས་པ་དཔལ་བཟང་ནས། སྤྲུལ་སྐུ་ཉང་སྟོན་ཆོས་དབང་། གནུབས་རིན་ཅེན་དཔལ་བཟང་། ཟུར་རྒྱ་ཧོར་རྡོ་རྗེ། པཎ་ཆེན་པདྨ་དབང་རྒྱལ་མན་གོང་ལྟར། ཟུར་ལུགས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། ཀུ་ཀུ་རཱ་ཛ། རྒྱལ་པོ་ཛ། ཨིནྡྲ་བྷཱུ་ཏི། ཧཱུྃ་ཀ་ར། སངས་རྒྱས་གསང་བ། དྲི་


GLG002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བཤེས་གཉེན། གཉག་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་ཆེན་སངས་རྒྱས་ཡེ་ཤེས། སྲུ་ལེགས་པའི་སྒྲོལ་མ། སྲས་གཞོན་ནུ་སྙིང་པོ། ཞུ་བསོད་ནམས་ཤཱཀྱ། ཟུར་པོ་ཆེ། ཟུར་ཆུང་པ། གླན་ཤཱཀྱ་བྱང་ཆུབ། འགར་སྟོན་ཟུང་ངེ་། སྲེག་སྟོན་རྡོ་རྗེ་རྒྱལ་མཚན། གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། དཔལ་ལྡན་ཆོས་སེང་། གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། སྒྲོལ་མ་བསམ་གྲུབ་རྡོ་རྗེ། སྒྲོལ་མ་སངས་རྒྱས་རིན་ཅེན། སྒྲོལ་མ་ཆོས་གྲགས་དཔལ་བཟང་། སྒྲོལ་མ་ནམ་མཁའི་རྣལ་འབྱོར། སེ་སྟོན་རིན་ཅེན་རྒྱལ་མཚན། ཟུར་རྐྱ་ཧོར་རྡོ་རྗེ། པདྨ་དབང་རྒྱལ་རྡོ་རྗེ་མན་གོང་ལྟར། ཡང་ན་སྒྲོལ་ཆེན་ནས། ཟུར་ཤཱཀ་འབྱུང་ཕྱི་མ་སོགས་བརྒྱུད་ཚུལ་མི་གཅིག་པའི་རྣམ་གྲངས་རྣམས་གོང་བཞིན། ཡང་ན་གླན་བསོད་ནམས་མགོན་པོ་ནས། ཟི་སྟོན་ཤཱཀྱ་བཟང་པོ། ཟུར་ཧྭཾ་ཆོས་རྗེ། ཟུར་མོ་མཁས་བཙུན་སངས་རྒྱས། དཔལ་ལྡན་བཟང་པོ། ཤཱཀྱ་ཤྲཱི་ཕ་ལ། ཤཱཀྱ་མི་ཏྲ། སོག་པོ་དཔལ་ཡེ། ཀུན་བཟང་དཔལ། བསོད་ནམས་རྒྱལ་མཚན། རྣམ་གྲོལ་བཟང་པོ། ལེགས་ལྡན་རྗེ་མན་སྔར་བཞིན་ནོ། །ཡང་ངན་སོང་དོང་སྤྲུག །རིགས་དྲུག་གདོང་སྤྲུག །མཆོག་དབང་བཅུ་དྲུག །རྡོ་རྗེ་སེམས་དཔའི་བུམ་དབང་། དམ་པ་རིགས་བརྒྱའི་ལྷ་དབང་། མཁའ་འགྲོའི་གཏོར་དབང་། ཀུན་བཟང་རིག་པ་རྩལ་གྱི་དབང་བརྒྱུད་ལུགས་གཅིག་ནི། ཟུར་ཆུང་པ་ཡན་ཟུར་ལུགས་ཀྱི་བརྒྱུད་པ་ལྟར་ལ། དེ་


GLG002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱོ་སྟོན་ཤཱཀྱ་ཡེ་ཤེས། གླན་ཤཱཀྱ་བྱང་ཆུབ། ཟུར་ཤཱཀྱ་སེང་གེ །ཉེའུ་སྟོན་ཆོས་ཀྱི་སེང་གེ །གཙང་ནག་འོད་ཟེར་འབར། ཟུར་ཧེ་རུ་ཀ །གཡུང་སྟོན་རྡོ་རྗེ་དཔལ། སྐྱོ་སྟོན་གསང་བདག །ཞང་སྟོན། འཁོར་ལོ་རྒྱལ་པོ། གླན་སྟོན་བསོད་ནམས་རྒྱལ་པོ། དཔལ་ལྡན་ཆོས་སེང་། གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། འཇམ་དབྱངས་བསམ་གྲུབ་རྡོ་རྗེ། ཟུར་ཤཱཀ་འབྱུང་ཕྱི་མ། འགྲོ་ཚེ་དབང་རྒྱལ་པོ། རྒྱལ་སྲས་ཆོས་རྗེ། ཟུར་རྒྱ་ཧོར་རྡོ་རྗེ། མངའ་རིས་པདྨ་དབང་རྒྱལ་མན་གོང་ལྟར། ༈ ཞི་ཁྲོ་ན་རཀ་དོང་སྤྲུག་གི་སྒོ་ནས་རྣལ་འབྱོར་པའི་ཉམས་ཆགས་བཀང་ཞིང་མཚམས་མེད་ཀྱི་སྒྲིབ་པ་སྦྱོང་བ་ལ། རྒྱས་པ་ཞི་ཁྲོ་སོ་སོའི་དཀྱིལ་འཁོར་གྱི་རྣམ་གྲངས་གོང་སྨོས་ལྟར་དང་། འཁྱེར་བདེ་བ་གཅིག་ཏུ་བསྒྲིལ་བ་པདྨ་འདབ་བརྒྱའི་དཀྱིལ་འཁོར་དུ་གྲགས་པ་ལས་ཕྱི་མའི་ལུགས་བཞིན་རྣལ་འབྱོར་སྤྱིའི་བསྐང་བཤགས་རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་དཀྱིལ་འཁོར་གྱི་ཆོ་ག་འགོས་ལོ་ཆེན་པོའི་ཕྱག་ལེན་ལྟར་ལོ་ཆེན་བསོད་ནམས་རྒྱ་མཚོས་མཛད་པའི་སྟེང་ནས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བ། རིགས་ལྔའི་བུམ་པའི་དབང་གིས་དུག་ལྔའི་དྲི་མ་སྦྱངས་ནས་ཕུང་པོ་ལྔ་ཡེ་ཤེས་ལྔར་བསྒྱུར་བ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། མཁའ་འགྲོའི་གཏོར་དབང་གིས་གསང་བའི་ཡེ་ཤེས་ཀྱི་བྱིན་དབབ་པ། ཀུན་ཏུ་བཟང་པོ་རིག་པ་རྩལ་གྱི་དབང་གིས་ལྷག་པའི་ཡེ་ཤེས་ངོས་བཟུང་ཞིང་ངོ་སྤྲོད་པ། དམ་པ་རིགས་བརྒྱའི་ལྷ་དབང་རྣམས་དང་


GLG002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དཀྱིལ་རྡོ་རྗེ་སེམས་དཔའི་ཞལ་ལུང་གི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཕྱག་ན་རྡོ་རྗེ། ཀུ་ཀུ་རཱ་ཛ་ཆེ་བ། ཨིནྡྲ་བྷཱུ་ཏི། ཤཱཀྱ་པུ་ཏྲི། སིདྷ་ཨུ་པ་རཱ་ཛ། སྲས་མོ་གོ་མ་ས། སློབ་དཔོན་ཧཱུྃ་མཛད། སངས་རྒྱས་གསང་བ། དྲི་མེད་བཤེས་གཉེན། གཉག་ཛྙཱ་ན་ཀུ་མཱ་ར། སོག་པོ་ལྷ་དཔལ། གནུབས་སངས་རྒྱས་ཡེ་ཤེས། སྲུ་ལེགས་པའི་སྒྲོན་མ། ཞུ་སྟོན་བསོད་ནམས་མཚན་ཅན། ཟུར་ཤཱཀ་འབྱུང་། བྱམས་པའི་དཔལ། གླན་ཤཱཀྱ་བཟང་པོ། འགར་སྟོན་ཟུང་ངེ་། སྲེག་སྟོན་རྡོ་རྗེ་རྒྱལ་མཚན། གླན་སྟོན་ཉ་ཚལ་བ་རྡོ་རྗེ་འོད། གླན་སྟོན་བསོད་ནམས་རྒྱལ་པོ། གླན་ཆོས་ཀྱི་སེང་གེ །གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། རྟ་ནག་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ། སྒྲོལ་མ་པ་སངས་རྒྱས་རིན་ཅེན། ཐམས་ཅད་མཁྱེན་པ་འགོས་ལོ་གཞོན་ནུ་དཔལ། ཁྲིམས་ཁང་ལོ་ཆེན་དཔལ་མི་ཕམ་བསོད་ནམས་རྒྱ་མཚོའི་སྡེ། ཀུན་སྤངས་སེམས་དཔའ་ཆེན་པོ། གོང་དཀར་རྡོ་རྗེ་གདན་པའི་གཅུང་པོ་སྨན་གཅིག་པར་གྲགས་པ། གྲ་བདེ་གླིང་པ་རྣམ་previous hit རྒྱལཟླཆོས་འཕེལ། དེ་དབོན་ཀརྨ་བསྟན་འཛིན། དེ་དབོན་བསོད་ནམས་བཀྲ་ཤིས། རྗེ་བསོད་ནམས་བཟངཔོ ། རྫོགས་ཆེན་པ་ཀློང་ཡངས་འོད་གསལ། སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་གྱི་བནྡེ་ལའོ། །ཡང་མངོན་དཀྱིལ་གྱི་ལུང་བརྒྱུད་ལུགས་གཅིག་ནི། ལོ་ཆེན་ནས། རོག་ཀུན་དགའ་རྡོ་རྗེ། རོག་ཤེས་རབ་རྡོ་རྗེའི་བརྒྱུད་པ་སྙེ་མདོ་བའི་ཕ་ཚན་རྩེ་པ་སྒང་པ་ཟེར། སོ་དཔལ་མགོན་རྒྱལ་མཚན། སྙེ་མདོ་རྙིང་པ་རོག་པའི་བརྒྱུད་པ་ཆད་པའི་གཙང་ནས་སོ་སྔགས་འཆང་


GLG002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་དཔལ་བ་མག་པར་བྱོན་པའི་བརྒྱུད་པའོ། །སོ་བསོད་ནམས་རིག་འཛིན། སོ་བདུད་འདུལ་ཚེ་དབང་བཀྲ་ཤིས། དབུ་མཛད་ངག་དབང་བཀྲ་ཤིས། གྲུབ་མཆོག་ཀློང་ཡངས་འོད་གསལ་མན་འདྲ། ཡང་ན་ལོ་ཆེན་ལའང་སོ་དཔལ་མགོན་རྒྱལ་མཚན་གྱིས་གསན་ནོ། ༈ །སངས་རྒྱས་གཉིས་པ་པདྨ་འབྱུང་གནས། པཎ་ཆེན་དྲི་མེད་བཤེས་གཉེན། ལོ་ཆེན་བཻ་རོ་ཙ་ན། གནུབས་བན་ནམ་མཁའ་སྙིང་པོ་སྟེ་རྒྱ་བོད་ཀྱི་མཁས་པ་མི་བཞིས་གསང་སྔགས་ཐེག་པ་མཆོག་གི་དོན་ཐམས་ཅད་རྫོང་འཕྲང་སྲོག་གསུམ་དུ་དྲིལ་བའི་གདམས་པ། མན་ངག་ཀུན་གྱི་བཅུད་ཕྱུང་བ། ཟབ་གཏེར་སྙིང་པོའི་ཆོས་སྡེ། ཀུན་ཏུ་བཟང་པོ་ནས་གྲུབ་ཐོབ་དངོས་གྲུབ་ཀྱི་བར་དུ་སྙན་ནས་སྙན་ཞལ་ནས་ཞལ་དུ་བརྒྱུད་པའི་བཀའ་མ་ཉམས་པ་བླ་མ་མངའ་བདག་ཆེན་པོ་ནས་བཀའ་གཏེར་ཟུང་འཇུག་ཆུ་བོ་གཉིས་འདྲེས་སུ་བཞུགས་པའི་གདམས་པ་དེང་སང་ཉིན་མོའི་སྐར་མ་ལས་ཀྱང་ཆེས་ཆེར་དཀོན་པ་བཀའ་མ་བཀའ་བརྒྱད་རྫོང་འཕྲང་དུ་གྲགས་པའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་བུམ་པ་སོགས་རྫས་ཀྱི་དབང་། ནང་ལུས་དཀྱིལ་ལ་བརྟེན་པའི་ལྷ་དབང་། དྲེགས་པ་མཐུའི་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་། བྱང་ཆུབ་སེམས་ལ་བརྟེན་པའི་གསང་དབང་ཙམ་དང་། བྷ་གའི་དཀྱིལ་འཁོར་དུ་གསང་དབང་དངོས། ལྟ་བ་སྤྱི་འབྱམས་ཀྱི་དབང་དང་བཅས་པ་ལེགས་པར་ནོས་ནས། ལུང་ལ་རྫོང་འཕྲང་སྲོག་གསུམ་གྱི་འཆིང་གི་མན་ངག་སྣོད་ངན་ལ་མི་སྤེལ་བར་གསུངས་པ། ཀུན་གཞིའི་སྣང་ལུགས་སྣང་


GLG002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་སྣང་ཐབས་ཏེ་མཁས་པ་མི་བཞིའི་རྫོང་གི་ཆོས་གསུམ་གྱི་གདམས་པ། བསམ་གཏན་གཅིག་ཏུ་བསྒོམ་པ་ཏིང་འཛིན་ཉམས་ཀྱི་སྦྱོར་བ། རིག་པའི་རྩལ་སྦྱང་བ་སྟེ་མཁས་པ་མི་བཞིའི་གདམས་པ་འཕྲང་གི་ཆོས་གསུམ། ཡེ་ཤེས་པའི་སྲོག །འཇིག་རྟེན་པའི་སྲོག །ངོ་ཤེས་ནས་དབྱེ་འཕྲོག་མཆོད་བསྡུ་སྟེ་མཁས་པ་མི་བཞིའི་སྲོག་གི་ཆོས་གསུམ་སྲོག་གི་སྙིང་པོ་འགུགས་པའི་ལྕགས་ཀྱུ་རྣལ་འབྱོར་པའི་ཞེས་པའི་ཚིག་མཚམས་ནས་དཔེ་མ་འབྱོར་བས་དེ་མན་སླར་བསབ་དགོས་ཡོད། རྫོང་གསུམ་འདུས་པའི་ཏི་ཀ་སྙན་བརྒྱུད་ཀྱི་གདམས་པ། ཐེམ་ཡིག་འདིའི་གོང་དུ་འདུག་པ་དཔེ་མ་འབྱོར་པས་མ་ཐོབ། མཁས་པ་མི་བཞིའི་དགོངས་པ་གཅིག་ཏུ་དྲིལ་བ་དགོངས་ཆེན་བཅུ་གསུམ་རིན་ཅེན་འཕྲེང་བ་འདྲ་བ། སྣང་བ་སེམས། ཡུལ་སེམས་གཉིས་མེད་སེམས་ཅན་སངས་རྒྱས། དུས་བཞི་སེམས་སུ་ངོ་སྤྲོད་པ་སྟེ་ལྟ་དགོངས་བཞིའི་སྙན་བརྒྱུད་ཀྱི་གདམས་པ་དགོངས་པ་བཅུ་གསུམ་གྱི་དོན་བསྡུས་པ། མཁས་པ་མི་བཞིའི་གདམས་ངག་གི་བཅུད་འཕྲང་གསུམ་འདུས་པའི་ཌཱིཀྐ། སྲོག་གཟུང་བའི་སྒྲོན་མེ་ཞེས་པ་འཕྲང་གི་གདམས་པ་ཐ་རམ་གྱི་ལྡེ་མིག་མན་ངག་ཡང་དག་པ། ཀུན་གཞི་གནད་ཀྱི་སྟོང་ཐུན་ཕྱི་རབས་རྗེས་འཇུག་རྣལ་འབྱོར་པ་ལ་མི་འཛད་པའི་གཏེར་དུ་བཞག་པ། མ་རིག་སྦུབས་འབྱེད་ཀྱི་གདམས་པ་ཞེས་པ་ཕྱི་ནང་གསང་བའི་དགྲ་གསུམ་གསོད་པ། གསང་སྔགས་རྫོང་གི་མན་ངག་འབྲས་བུ་སྐུ་གསུམ་གཏན་ལ་དབབ་པ། ཐེག་པའི་སྤྱི་མདུད་གསང་སྔགས་ཀྱི་བཀའ་བསྒོའམ་ལྟ་བའི་འཕྲེང་གི་བཀའ་བསྒོ་མཁས་པའི་མཁས་


GLG002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་ཡང་རྩེ་ལུང་གི་ཆོས་སྒོ་ཕྱེ་བ། བསྐྱེད་རྫོགས་རྣམ་གསུམ་མཁས་པ་མི་བཞིས་བོད་སྤྲེའུའི་ཚ་ལ་མ་སྤེལ་བར་གཉག་ལ་གཏད་པ་སོག་པོའི་མགར་བ་མཚན་དགུ་ཡོད་པའི་སྣོད་ལྡན་གྱི་ལོ་རྒྱུས། སྣོད་དང་ལྡན་ཞིང་ཡིད་ལ་གཞུངས་ཞེས་སོགས་པདྨ་སཾ་བྷའི་གསུང་ཚིགས་བཅད། ལྟ་བའི་རྫོང་ནི་མིག་དང་འདྲ་ཞེས་སོགས་དྲི་མེད་ཟླ་ཤར་གྱི་གསུང་ཚིགས་བཅད་མ། འདིའི་འོག་ཏུ་ཁ་བསྒྱུར་དྲུག་དང་སྒོམ་ཁོག་གཉིས་དཔེ་མ་འབྱོར་པས་མ་ཐོབ། དོན་ལ་འཇུག་ཅིང་ཆུད་མི་ཟ་བར་འབྲས་བུ་ལྷུན་གྱིས་གྲུབ་པར་བྱ་བ་ཨོ་རྒྱན་དང་གནུབས་ནམ་མཁའི་སྙིང་པོས་མཚོ་རྒྱལ་གྱི་དོན་དུ་མཛད་པ། ཁ་བསྒྱུར་དྲུག་གི་འཕྲིན་ལས་བསྟོད་པ་སྣ་ཚོགས་ཀྱི་མཆོད་པ་དང་བཅས་པ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་སོགས་ཀྱི་ཞི་ཁྲོའི་བསྟོད་པ། དབང་བསྐུར་རྡོ་རྗེའི་འཕྲེང་བ་ལེའུ་བཅུ་གསུམ་པ། ཕྱི་འགྱུར་ཐེམས་ཡིག །སྙིང་པོ་བྱང་ཆུབ་ཀྱི་མན་ངག་དགོངས་པ་ཡིན་ནོའི་མཐའ་ཅན། འཁོར་ལོ་རྒྱུན་གྱི་ཐེག་པ་སོགས་ཀྱི་ངོས་འཛིན་སློབ་དཔོན་པད་མ་སཾ་བྷ་ཝས་མཛད་པ། གུ་རུ་ཉི་ཤུ་རྩ་ལྔའི་ཉམས་ཀྱི་མན་ངག་ཆོས་ཀྱི་ངང་ལ་རྟོག་པ་བཞུ་རུ་མེད་པའི་མཐའ་ཅན། དྲག་སྔགས་རྣམ་གཉིས་ཀྱི་དགོངས་པ་མན་ངག་གསེར་གྱི་ཁ་བྱང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་སྙིང་དང་རྫས་ཀྱི་དཀྱིལ་འཁོར་དཔེ་ཆུང་ཐུན་དང་བཅས་པར་ནང་གསེས་ཀྱི་དཀར་མོ་མིང་སྲིང་གི་དྲག་སྔགས། ཙ་མུཎྜི་མིང་སྲིང་གི་དྲག་སྔགས། དམར་མོ་ཁྲག་རལ་དང་གཤིན་རྗེ་ནག་པོ་སྟག་མགོའི་དྲག་སྔགས། སྲིན་མོ་ཟོར་གདོང་མིང་སྲིང་གི་དྲག་སྔགས། ནག་མོ་མིང་སྲིང་གི་དྲག་སྔགས་རྣམས་གཏེར་


GLG002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་རྩལ་ལ་གཏད་བྱའི་མཐའ་ཅན། དྲི་མེད་ཟླ་ཤར་གྱིས་བི་མཱ་ལར་ཞུས་པའི་ཡེ་ཤེས་འཆར་ལུགས་གསུམ་བསྟན་པ་བདག་གཞན་གཅིག་ཏུ་ལྟ་བའི་གང་ཟག་ལ་སྦྱིན་ནོའི་མཐའ་ཅན། འཇམ་དཔལ་སྐུའི་སྒྲུབ་པ་ལས་གསང་བའི་ལྡེ་མིག་འཁོར་རྣམ་བཞིའི་དགོངས་པ། པད་མ་ཐམས་ཅད་རྟ་སྐད་ཐེངས་གསུམ་དུ་འདུས་པའི་དགོངས་པ་པད་མ་ཐོད་འཕྲེང་གི་རྒྱུད་ལས་བཏུས་པ། ཡང་དག་ཐམས་ཅད་རྒྱུན་གྱི་ཏིང་ངེ་འཛིན་སངས་རྒྱས་ལག་བཅངས་མར་འདུས་པའི་དགོངས་པ། ཆེ་མཆོག་ཐམས་ཅད་བདུད་རྩི་རྣམ་དག་གི་དགོངས་པར་འདུས་པ། ཕུར་པ་ཐམས་ཅད་ཕུར་པ་ཐལ་འབྱིན་གྱི་དགོངས་པར་རྫོགས་པ། སྲིད་པའི་མ་མོ་ཐམས་ཅད་རྩ་རླུང་བྱང་སེམས་ཀྱི་དགོངས་པར་འདུས་པ། འཇིག་རྟེན་སྲོག་གི་དགོངས་པ་ཐུགས་ཀྱི་བཅུད་ཕྱུང་བའི་གབ་གཏེར། ལྷ་མ་སྲིན་སྡེ་བརྒྱད་ཀྱི་བརྟག་པ་མཁས་པ་མི་བཞིའི་གཏེར་ཆེན། སྲོག་གི་སྒྲུབ་པ་བི་མཱ་ལ་མི་ཏྲས་ལུང་བསྟན་པ། ལྟ་སྤྱོད་ཀྱི་སྡོམས་མཁས་པ་མི་བཞི་ལས་བརྒྱུད་པ་ཞར་བྱུང་ཡོན་ཏན་དང་བཅས་པ་ལུས་སྲོག་གི་ཕྱིར་ཡང་མི་གཏོང་བ་ལ་སྦྱིན་པར་བྱ་འོའི་མཐའ་ཅན། ཀུན་ཏུ་བཟང་མོ་རྩའི་འཁོར་ལོ་ཞེས་པ་མ་མོ་རྩ་ལུང་གི་དགོངས་པ། དྷ་ན་སཾ་སྐྲྀ་ཏས་བཤད་པའི་མ་མོ་རྩ་རླུང་གི་དགོངས་པ། སྲོག་གི་སྡོམས་ཚིག་ཁ་བྱང་གནད་གཟེར་བཞི་བསྟན་པ། གཟུང་མའི་མཚན་ཉིད་རིགས་ལྔར་སེམས་སྦྱང་བ་ཡིད་ལ་བརྣག་ཅིང་སྤྱད་པར་བྱ་བའི་མཐའ་ཅན། འཁོར་བ་བཙན་ཐབས་སུ་རུ་བཟློག་པའི་མན་ངག །ཉོན་མོངས་པའི་རོ་ཆོས་ཀྱི་དབྱིངས་སུ་བསྒྲལ་བའི་མན་ངག་བཻ་རོ་ཙ་ནའི་ཐུགས་ཀྱི་གཏིང་དུ་སྦས་པ་རྒྱལ་མོ་གཡུ་སྒྲས་


GLG002_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པས་གཏེར་ནས་ཕྱུང་བ། འཕུང་མཁན་ངོས་བཟུང་ཞིང་འཁྲུལ་གཞི་རྩད་གཅད་པ་བཻ་རོ་ཙ་ནས་གཡུ་སྒྲ་སྙིང་པོ་ལ་བཅུད་ཀྱི་དྭངས་མ་བརྣག་པའི་གཏེར་དུ་གཏད་པ། འཇམ་དཔལ་ལ་བཤེས་གཉེན་རིག་པ་རང་ཤར་གྱི་མན་ངག །རྫོང་འཕྲང་གི་ཡོན་ཏན་བཤད་པ། མཚན་མ་ཟིལ་གནོན་གྱི་དགོངས་པ། བསྐྱེད་རྫོགས་གསུམ་གྱི་གུང་ཤིང་དགུ་ལ་ཐག་བཅད་པའི་མན་ངག །སློབ་དཔོན་པདྨས་རྒན་མོ་དགེ་ལྡན་མ་དང་གཡོག་མོ་རིན་ཆེན་འཚོ་ལ་གདམས་པ་རྒན་མོ་མཛུབ་བཙུགས། དབང་གི་ངེས་ཚིག་ཆུ་བོ་བཞིའི་བབས་ཚུལ། སྣང་སྲིད་བཞི་བཞེངས་ཀྱི་དགོངས་པ། རིན་པོ་ཆེ་ཤེལ་གྱི་ཁང་བུའི་དགོངས་པ། ཆོས་ཐམས་ཅད་ཀྱི་སྙིང་པོ་རིག་པ་སྤྱི་བླུགས་ཀྱི་དགོངས་པ། ཁམས་གསུམ་རང་གྲོལ་གྱི་དགོངས་པ། འདའ་ཁ་ཚིག་གསུམ་གྱི་དགོངས་པ་བསྒོམ་དུ་མེད་པའི་མཆོག །ཟ་འོག་བེ་ཁྱིམ་གྱི་དགོངས་པ། ནམ་མཁའ་གློང་ཡངས་ཀྱི་དགོངས་པ། ཡིད་བཞིན་གཏེར་ཁྱིམ་རང་གི་སེམས་ལ་རྫོགས་པ་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ། བྱང་ཆུབ་ཀྱི་སེམས་དུས་བཞི་རྣལ་འབྱོར་གྱི་དགོངས་པ། མེ་ལོང་གཡའ་དག་གི་དགོངས་པ་ཤེལ་དཀར་བཟའ་ཡང་གྲོལ་བ། མཁས་པ་བཞིས་ཛྙཱ་ན་ལ་གཏད་པའི་རྒྱ་མཚོ་ཀློང་ཡངས་ཀྱི་དགོངས་པ། སྲིད་གསུམ་རྣམ་དག་ལྷུན་གྱིས་གྲུབ་པའི་དགོངས་པ། སངས་རྒྱས་སེམས་ཅན་གཉིས་མེད་ཀྱི་དགོངས་པ། གསང་བའི་དོན་སྟོན་ཡུལ་སེམས་གཉིས་མེད་ཀྱི་དགོངས་པ། སྙིང་པོ་བྱང་ཆུབ་རིག་པ་རང་ཤར་གྱི་གདམས་ངག་རྣལ་འབྱོར་དབང་ཕྱུག་གི་དགོངས་པ་པད་མ་ཐོད་འཕྲེང་གིས་


GLG002_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རབས་དོན་དུ་བཞག་པ། བསམ་གཏན་ཟས་ཀྱི་རིམ་པ། དབྱིངས་དང་ཡེ་ཤེས་རྟོགས་པ་ཉི་ཟླ་ཁ་སྦྱོར་གྱི་དགོངས་པ། ལྷའི་དཀྱིལ་འཁོར་དུ་བདག་ཉིད་གསལ་བའི་སྒོ་ནས་འགྲོ་དོན་བྱ་ཐབས། སྦྱོར་བ་དོན་གྱི་མན་ངག །སྦྱོར་སྒྲོལ་གཉིས་ཀྱི་མན་ངག །ལྷ་མོ་པཉྩེ་ཀ་འགུགས་པར་བྱེད་པའི་གདམས་ངག །ལྟ་སྤྱོད་རྨད་དུ་བྱུང་བའི་གསང་སྒོ། ཁམས་གསུམ་འཁོར་བ་སངས་རྒྱས་ཡིན་པར་ཡིད་ཆེས་པར་བྱེད་པའི་མན་ངག་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་གནུབས་ནམ་མཁའི་སྙིང་པོ་ལས་བརྒྱུད་པ། གནུབས་ཡོན་ཏན་རྒྱ་མཚོས་ཁུ་ལུང་གི་དབེན་གནས་སུ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་ཞུས་པས་དོགས་གཅོད་འདའ་ཁ་ཡེ་ཤེས་ཀྱི་མན་ངག །སློབ་དཔོན་པད་མས་བསླབ་པའི་མཐའ་གཅིག་མ། དེ་དང་འདྲ་མིན་ཡང་སློབ་དཔོན་པད་མས་མཛད་པའི་བསླབ་པའི་མཐའ་གཅིག་མ། ལྟ་བ་ཤན་འབྱེད་གཏེར་བཞད་རྩལ་ལ་གཏད་པ། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་ཐག་བཅད་པ་ཐ་མས་ཀྱང་ཟླ་བ་མ་ཉམས་པ་བཅུ་དྲུག་གིས་ལས་ཀྱི་འཕྲེང་བ་ཐོབ་པའི་མཐའ་ཅན། གསེར་ལ་དགྱེས་མི་དགྱེས་ཀྱི་ལོག་རྟོག་ལ་བརྟོན་ནས་རང་རིག་སློབ་དཔོན་གྱི་སྐུར་སྒྲུབ་པའི་ཐབས་སློབ་དཔོན་པདྨས་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེ་བཙན་ལ་གདམས་པ། གཞི་ལམ་འབྲས་གསུམ་གྱི་དབྱེ་བའི་སྒོ་ནས་དབྱེར་མེད་པའི་དོན་ཐུགས་སུ་ཆུད་པའི་དོན་མན་ངག་གི་གནད་དུ་བསྟན་པ། མ་ནོར་དོན་རྫོགས་ཀྱི་སངས་རྒྱས་དང་མངོན་དུ་བྱུང་བའི་སངས་རྒྱས་ཀྱི་དབྱེ་བ། རྣམ་པར་མི་རྟོག་པའི་སྒོམ་པ་ལ་ཟླ་བ་སྤྱི་དོན་གསུམ་པ། ལྟ་སྤྱོད་ཀྱི་མན་ངག་ལོ་རྒྱུས་ཅུང་


GLG002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་དབུ་ན་ཡོད་པ་གཏེར་བཞད་རྩལ་གྱིས་རྒྱས་བཏབ་པའི་མཐའ་ཅན། གནུབས་ཀྱིས་སྣང་སྲིད་ཆོས་ཐམས་ཅད་རང་སེམས་སུ་བསྟན་པ་མན་ངག་ཤེལ་གྱི་ཁང་པ། བསྒོམ་པའི་དོན་མདོར་བསྡུས་པ་སེམས་ཀྱི་གཞག་ས་བསྟེན་པ། སངས་རྒྱས་ཡེ་ཤེས་ཀྱིས་ལེགས་པའི་རིན་པོ་ཆེ་ལ་བཀའ་གནང་བ་དགོངས་པའི་ལུང་གཏད་པའི་རྒྱ། ལྟ་སྤྱོད་རྨད་དུ་བྱུང་བ་དཱ་ན་ཡོན་ཏན་མཆོག་གི་ཐུགས་ཀྱི་ཉིང་ཁུ་བཞུ་བ། ལྷོ་བྲག་མཁར་ཆུར་སློབ་དཔོན་ནམ་མཁའི་སྙིང་པོས་མཁར་ཆེན་བཟའི་དོན་དུ་བསྟན་པ་ཏིང་ངེ་འཛིན་གྱི་མན་ངག །བསམ་གཏན་ལུང་གི་མན་ངག །རྫོགས་པ་ཆེན་པོ་སྙིང་པོ་འཕྲུལ་གྱི་མེ་ལོང་། བོད་ཀྱི་མངའ་བདག་ལ་མན་ངག་བརྫངས་པའི་ཐོ། རང་སེམས་རྟོགས་ཙམ་དང་དམིགས་པ་ཕྱོགས་གཅིག་ཏུ་གྲུབ་པས་མི་ཆོག་པ་ཁྱུང་ཕྲུག་གི་གཤོག་པའི་དཔེ་དང་བཅས་པ། སྟོང་གསུམ་ཏིལ་འབྲུ་ཆེ་ཆུང་མེད་པ་སོགས་ཀྱི་དཔེ་དོན། དྲན་པ་དུས་མཚུངས་ཀྱི་དགོངས་པ། མཁས་པས་སེམས་ལྟ་བར་གདམས་པ། མཐའ་དྲུག་རྫོགས་དགོས་པ་ནང་རྟོགས་ན་ནང་འཚང་རྒྱ་བ་ནུབ་རྟོགས་ན་ནུབ་འཚང་རྒྱ་བ། རིན་པོ་ཆེ་གསེར་གྱི་ཐིགས་པའི་མན་ངག་བཅུད་ཕྱུང་བ། རིན་པོ་ཆེ་ཤེལ་གྱི་ཁང་བུའི་མན་ངག །ཡོ་ག་རྣམ་གསུམ་གྱི་ལ་ཤན་དབྱེ་བ་དང་བྱེ་བྲག་བསྟན་པ། ནམ་མཁའ་ཆེ་མི་འགྱུར་བའི་གཟེར། སེམས་གཏན་ལ་དབབ་ཕྱིར་རྡོ་རྗེ་སེམས་དཔའ་ནམ་མཁའི་ཆེ་ཞེས་པ་རྩལ་ཆེན། ཁྱུང་ཆེན། ཁུ་བྱུག །བྱང་སྒོམ། རྨད་བྱུང་རྣམས་ཀྱི་ལུང་དང་མཚན་བཤད་པ། རྣལ་འབྱོར་རིག་པའི་མེ་ཏོག་འཕྲུལ་གྱི་མེ་ལོང་། ནམ་མཁའ་ཡངས་པའི་དགོངས་པ། འགྲོ་དྲུག་


GLG002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ས་གཅོད་པའི་དགོངས་པ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། རང་ཉིད་སྐུ་གསུམ་གྱི་ངོ་བོར་གནས་པ། འཁོར་བ་རུ་བཟློག་གི་དགོངས་པ། དུས་བཞི་མཉམ་སྦྱོར་གྱི་དགོངས་པ་སློབ་དཔོན་པདྨ་སཾ་བྷ་ཝས་གཏེར་བཞད་རྩལ་ལ་གཏད་པ། ཡུལ་སེམས་གཉིས་མེད་ཀྱི་མན་ངག །སྟག་མོ་ཁ་མངལ་གྱི་དགོངས་པ་དྲག་པོའི་འཕྲིན་ལས། སྤྱང་མོ་རོ་བཤེན་གྱི་དགོངས་པ། ཡིད་བཞིན་ནོར་བུའི་དགོངས་པ་མཁས་པ་མི་བཞིའི་གཏེར་ཆེན་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རྒྱ་གར་གྱི་དབང་གི་ཆུ་བོ་ཆེན་པོ་བཞི་ལ་ཡི་དམ་ལྷ་ལས་དབང་ཐོབ་པ་དགའ་རབ་རྡོ་རྗེ། བཀའ་བརྒྱུད་ནས་དབང་ཐོབ་པ་ཨིནྡྲ་བྷཱུ་ཏི། རིག་པ་རྩལ་གྱི་དབང་ཐོབ་པ་པདྨ་མ་འབྱུང་གནས། དགེ་བའི་བཤེས་གཉེན་གྱི་དབང་ཐོབ་པ་བི་མ་ལ་མི་ཏྲ། ཤྲཱི་སིངྷ། ཨོ་རྒྱན་པདྨ་ཐོད་འཕྲེང་། བོད་ཀྱི་དབང་གི་ཆུ་བོ་ཆེན་པོ་བཞི་པདྨ་འབྱུང་གནས། དྲི་མེད་བཤེས་གཉེན། ནམ་མཁའི་སྙིང་པོ། གཡུ་སྒྲ་སྙིང་པོ་སྟེ་རྒྱ་གར་པ་གཉིས་དང་བོད་པ་གཉིས་སོ། །པཎ་ཆེན་བི་མཱ་མི་ཏྲ། གནུབས་ནམ་མཁའི་སྙིང་པོ། ལོ་ཆེན་བཻ་རོ་ཙ་ན། གཉགས་ཛྙཱ་ན་ཀུ་མ་ར། གནུབས་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། སྤ་གོར་གྱི་རྩ་བ། སྲུས་ཡལ་ག །སོས་འབྲས་བུ། གནུབས་ཀྱིས་རང་སོ་བྱེར་བས་ཚང་མ་ཡོན་ཏན་རྒྱ་མཚོ་ལ་མངའ་བའོ། །གནུབས་པདྨ་དབང་རྒྱལ། རཱཀྴི་ཚུལ་ཁྲིམས་རྒྱལ་མཚན། ཁམས་པ་འདན་སྟོན། འགའ་རེར་བརྩོན་ཟེར་བ་འདུག་ཀྱང་ལེགས་ལྡན་རྗེའི་ཕྱག་བྲིས་ན་སྟོན་རང་འདུག་གོ །ཁམས་པ་དར་མ་རྒྱལ་མཚན། ཁམས་པ་ཡེ་ཤེས་དབང་ཕྱུག །ཤངས་ཀྱི་སྤ་སྟོན་གྲུབ་ཐོབ། སློབ་དཔོན་གྲུབ་ཐོབ་དངོས་གྲུབ། དེ་དང་ཉང་གཉིས་ཡར་ཀླུངས་བང་སོ་སྟོད་ཀྱི་སླན་སྤེའུར་མཇལ་ནས་བཀའ་གཏེར་གྱི་ཆོས་ལ་ཕན་


GLG002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་གཉིས་ཐུགས་ཡིད་ཆེས་རེས་བྱུང་བས་མངའ་བདག་ཉང་གིས་གྲུབ་ཐོབ་དངོས་གྲུབ་ལ་གསན། དེ་ནས་རིམ་པར་སྲས་འགྲོ་བའི་མགོན་པོ། གུ་རུ་ཆོས་ཀྱི་དབང་ཕྱུག །སྨན་ལུང་མི་བསྐྱོད་རྡོ་རྗེ། དག་སྟོན་སངས་རྒྱས་དབང་རྡོར། གཉན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་པ་ཡབ་སྲས་གཉིས། གུ་རུ་ཆོས་སྐུ་འོད་ཟེར། མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། མཚུངས་མེད་ཀརྨ་གུ་རུ། རང་གྲོལ་ནམ་མཁའ་ཆོས་དབང་། ཁྱབ་བདག་ཁྲ་ཚང་པ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ལུང་རྐྱང་གི་བརྒྱུད་པ་ལུགས་གཅིག་ལ། གུ་རུ་ཆོས་དབང་ནས། སྲས་པད་མ་དབང་ཆེན། བླ་མ་ཤེས་རབ་རྒྱ་མཚོ། ཟུར་ཤཱཀྱ་འབྱུང་གནས། བློ་ཆེན་ཤྲཱི་ཕ་ལ། ཉང་ཤཱཀྱ་རྡོ་རྗེ། དེ་གཉིས་ལ་ཟུར་བཤེས་གཉེན་པ་དང་། སློབ་དཔོན་དཔལ་བཟང་པ་གཉིས་ཀས་གསན། གཉིས་ཀ་ལ་སྔགས་འཆང་ར་མོ་བ་དང་། བརྒྱུད་འཛིན་ལེགས་པ་དཔལ་བཟང་གཉིས་ཀས་གསན། གཉིས་ཀ་ལ་ལྷ་རིགས་འཇམ་དབྱངས་རིན་ཅེན་རྒྱལ་མཚན། པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ། མངའ་བདག་ཀུན་དགའ་ལྷུན་གྲུབ། ཀརྨ་གུ་རུ་མན་གོང་ལྟར་རོ། ༈ །རྗེ་བཙུན་ས་སྐྱ་པ་ཆེན་པོའི་ཡབ་མེས་ཀྱི་ཆོས་གསང་སྔགས་རྙིང་མ་ཡང་ཕུར་གཉིས་སུ་གྲགས་པའི་དཔལ་ཆེན་པོ་ཁྲག་འཐུང་ཧེ་རུ་ཀ་ཡང་དག་མར་མེད་གུ་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཐུན་མོང་བ་རིག་པའི་དབང་ལྔ། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་མཐའ་རྟེན་དང་བཅས་པ། གསང་དབང་མཐའ་རྟེན་དང་


GLG002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་རྣམས་ལེགས་པར་ནོས་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ཤྲཱི་ཧེ་རུ་ཀ །དཔལ་རྡོ་རྗེ་སེམས་དཔའ། སློབ་དཔོན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་རོ་ལངས་བདེ་བ། སློབ་དཔོན་བུདྡྷ་གུ་ཧྱ། དཔལ་ཧཱུྃ་དཀར། ཨཽ་ཌི་ཡ་ནའི་སློབ་དཔོན་པདྨ་སཾ་བྷ་ཝ། སློབ་དཔོན་བི་མཱ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ། སྣ་ནམ་རྡོ་རྗེ་བདུད་འཇོམས། གཉག་ཛྙཱ་ན་ཀུ་མ་ར། འཁོན་རྡོ་རྗེ་རིན་ཅེན། འཁོན་ཤེས་རབ་ཡོན་ཏན། རྡོ་རྗེ་གདན་པ་དང་རྗེ་མཁྱེན་བརྩེའི་གསན་ཡིག་ན་ཡོན་ཏན་འབྱུང་གནས་ཞེས་པ་ལས་འདི་མ་བྱུང་། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་གཙུག་ཏོར་ཤེས་རབ། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། རྡོ་རྗེ་གདན་པ་དང་རྗེ་མཁྱེན་བརྩེའི་གསན་ཡིག་ན་འདི་གཉིས་གོ་ལྡོག་ཏུ་འདུག་པར་དཔྱད། འཁོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་རོག་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་ཅོག་རྒྱལ་པོ། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཁའུ་པ་འོད་ལྡན། བུ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དགའ་ལྡན་པ་ཀུན་དགའ་བསོད་ནམས། གན་པ་རིན་ཅེན་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། ཀླུ་པ་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། མཚུངས་མེད་ནམ་མཁའ་བློ་གྲོས། ཆག་ལོ་རིན་ཅེན་ཆོས་རྒྱལ། ས་ལོ་འཇམ་དཔལ་རྡོ་རྗེ། སྒོ་


GLG002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རུམ་པ་ཀུན་དགའ་ལེགས་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་ངག་དབང་བསོད་ནམས་དབང་ཕྱུག །རིགས་བརྒྱའི་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སློབ་དཔོན་པདྨ་འབྱུང་གནས་ནས། འཁོན་ཀླུའི་དབང་པོ་སྲུངས། འཁོན་རྡོ་རྗེ་རིན་ཅེན་མན་འདྲ། ༈ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ནས་འཁོན་ཀླུའི་དབང་པོ་སྲུངས་ལ་བཀའ་བབས་པའི་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ས་ཕུར་ལྷ་ཁྲར་གྲགས་པའི་སྐོར་ལ། མཁྱེན་བརྩེ་ནུས་པའི་མངའ་བདག་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་མངོན་རྟོགས་བཀླགས་པས་དོན་གྲུབ་དང་། དཀྱིལ་མཆོག་རྟོགས་པར་སླ་བ་གཉིས་ལ་བརྟེན་ནས། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྨིན་བྱེད་ཀྱི་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་རིགས་ལྔའི་དབང་། བདག་པོའི་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་མཐའ་རྟེན་རིགས་ལྔའི་རྗེས་གནང་། གསང་དབང་མཐའ་རྟེན་ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་རིན་པོ་ཆེ། དམ་ཚིག་བསྒྲགས་པ་རྣམས། ཆོས་རྗེ་པས་མཛད་པའི་དྲག་པོའི་རྗེས་གནང་གི་ཆོ་ག་དང་། དེའི་གསལ་བྱེད་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པས་མཛད་པའི་ཡི་གེ་ལ་བརྟེན་ནས། དྲག་པོའི་རྒྱ་མདུང་གྲུ་གསུམ་ཉེར་གཅིག་མའི་དཀྱིལ་འཁོར་དུ་འབྲས་བུ་སྤྲུལ་སྐུའི་རྗེས་གནང་། སྐུ་ཆ་རྐྱེན་གྱི་རྗེས་གནང་། གསུང་བཟླས་


GLG002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་གནང་། ཐུགས་ཡེ་ཤེས་སེམས་དཔའི་རྗེས་གནང་། མཛད་པ་འཕྲིན་ལས་ཀྱི་རྗེས་གནང་། དྲག་པོ་སྒྲོལ་བའི་རྗེས་གནང་། རང་རྟགས་ཕྱག་རྒྱའི་རྗེས་གནང་སྟེ་དོན་བདུན་གྱི་སྒོ་ནས་སྨད་ལས་གདུག་པ་སྒྲོལ་བའི་དབང་རྣམས་ལས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་གཞོན་ནུ། ཀརྨ་ཧེ་རུ་ཀ །རིགས་ཀྱི་རྡོ་རྗེ་འཆང་། སློབ་དཔོན་ཨུ་པ་རཱ་ཛ། པྲ་ཧ་སྟི། དྷ་ན་སཾ་སྐྲྀ་ཏ། པདྨ་སཾ་བྷ་ཝ། སྣ་ནམ་རྡོ་རྗེ་བདུད་འཇོམས། འཁོན་རྡོ་རྗེ་རིན་པོ་ཆེ། འཁོན་ཤེས་རབ་ཡོན་ཏན། འཁོན་ཡོན་ཏན་འབྱུང་གནས། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཡོན་ཏན་ཚུལ་ཁྲིམས་ཟེར་བ་འདུག་པ་བརྟག །འཁོན་ཚུལ་ཁྲིམས་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་གཉིས་གོང་འོག་ལོག་འདུག་པ་རྡོ་རྗེ་གདན་པའི་ཕྱག་བྲིས་དང་མ་མཐུན་པས་བྲིས་ནོར་བྱུང་བ་ཡིན་ནམ་བརྟག །འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འདི་ཡང་གོང་འོག་ལྡོག་འདུག་པ་བརྟག །འཁོན་དགེ་མཐོང་། འཁོན་སྟོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་རོག་ཤེས་ཚུལ་ཁྲིམས། འཁོན་དཀོན་ཅོག་རྒྱལ་པོ། འཁོན་ས་ཆེན་ཀུན་སྙིང་། འཁོན་བསོད་ནམས་རྩེ་མོ། འཁོན་གྲགས་པ་རྒྱལ་མཚན། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་ཅེན་རྒྱལ་མཚན། འཁོན་བསོད་ནམས་རྒྱལ་མཚན། འཁོན་ཐེག་ཆེན་ཆོས་རྗེ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐུ་སྟོན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། བླ་མ་རིན་ཅེན་རྣམ་རྒྱལ། རྗེ་ཤཱཀྱ་ཀུན་དགའ། དམ་ཆོས་གླིང་པ་ཡེ་ཤེས་དབང་པོ། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། འ་ཞ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་


GLG002_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་གན་པ་སྟོན་དར་ནས། གན་པ་ཆོས་རྒྱལ། གན་པ་ཆོས་ཀྱི་རིན་ཅེན། གན་པ་རིན་ཅེན་རྒྱལ་མཚན་མན་གོང་ལྟར། ཡང་ན་འཁོན་གྲགས་པ་རྒྱལ་མཚན་ནས། འཁོན་ཆོས་རྗེ་པཎ་ཆེན། འཁོན་འཕགས་པ་བློ་གྲོས་རྒྱལ་མཚན། ཁའུ་པ་འོད་ལྡན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དགའ་ལྡན་པ་ཀུན་དགའ་བསོད་ནམས། གན་པ་རིན་ཅེན་རྒྱལ་མཚན་མན་གོང་ལྟར། ཡང་ན་འཕགས་པ་ནས། དབོན་དཀར་བ། དགའ་ལྡན་པ་ཀུན་བསོད་མན་གོང་ལྟར། ཡང་ན་རྡོ་རྗེ་སེམས་དཔའ། པད་མ་ཐོད་འཕྲེང་རྩལ། སྣ་ནམ་རྡོ་རྗེ་བདུད་འཇོམས། ཁམས་སྒོམ་མཆོག་གི་ལེགས་པ། ཤེས་རབ་ཚུལ་ཁྲིམས། མཆོག་གི་སེམས་དཔའ། འཁོན་དཀོན་ཅོག་རྒྱལ་པོ་མན་གོང་ལྟར། འཁོན་དཀོན་ཅོག་རྒྱལ་པོ་ནས། མཐའ་བཞི་སྟོན་པ། རྡོ་རྗེ་དྲག་པོ། རྡོ་རྗེ་ཐོད་འཕྲེང་། རོལ་བའི་རྡོ་རྗེ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཅེན། འགྲོ་མགོན་འཕགས་པ་མན་གོང་ལྟར། ཡང་ན་འཁོན་དཀོན་ཅོག་རྒྱལ་པོ་ནས། གློ་བོ་རྡོ་རྗེ་སྲིན་པོ། གློ་བོ་རྡོ་རྗེ་འཛིན་པ། གློ་བོ་ལོ་ཙཱ་བ་མན་གོང་ལྟར། གློ་བོ་ལོ་ཙཱ་བས་བལ་པོའི་པཎྜི་ཏ་རཏྣ་ཤྲཱི་ལ་གསན་ཟེར་བ་གསན་ཡིག་ན་འདུག་ཀྱང་། འདི་ཡན་གྱི་བརྒྱུད་པ་མ་རྙེད། ཡང་ན་ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ་སྲུང་། འཁོན་རྡོ་རྗེ་རིན་ཅེན་མན་གོང་ལྟར། ཡང་ན་རྡོ་རྗེ་རིན་ཅེན་ནས། ཤེས་རབ་ཡོན་


GLG002_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཏན། ཚུལ་ཁྲིམས་རྒྱལ་པོ་མན་གོང་ལྟར། སྨད་ལས་དྲག་པོ་སྒྲོལ་བའི་དབང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། པད་མ་ཐོད་འཕྲེང་ལ། སྣ་ནམ་རྡོ་རྗེ་བདུད་འཇོམས། འཁོན་ཀླུའི་དབང་པོ་སྲུང་། དགེ་སྐྱབས། དགེ་མཐོང་། བལ་པོ། ཤཱཀྱ་བློ་གྲོས། དཀོན་ཅོག་རྒྱལ་པོ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་ཆེན་པོ། ས་པཎ། འཕགས་པ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཏ་དབེན་ཀུན་དགའ་ལེགས་པ། སྐྱི་བཛྲ་རཏྣ། བླ་མ་འཇམ་དབྱངས་བློ་གྲོས། བྲག་ཐོག་པ་དཔལ་འཛིན་བཟང་པོ། ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ། སློབ་དཔོན་རྣམ་རྒྱལ་རིན་ཅེན། ཡངས་པ་ཅན་པ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ། བླ་མ་ཤཱཀྱ་ཀུན་དགའ་མན་གོང་ལྟར། ཡང་ན་སྣ་ནམ་རྡོ་རྗེ་བདུད་འཇོམས་ནས། ཁམས་སྒོམ་མཆོག་གི་ལེགས་པ། འཁོན་རོག་ཤེས་རབ་ཚུལ་ཁྲིམས། མཆོག་གི་སེམས་དཔའ། དཀོན་ཅོག་རྒྱལ་པོ། མཐའ་བཞི་སྟོན་པ་ཨ་སུ་མེ། བཟང་པོ་ཤེས་རབ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཅེན། བླ་མ་རིན་པོ་ཆེ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། ཕུལ་མར་བ་རིག་པ་སྙིང་པོ། ཆོས་རྗེ་རྩེ་རི་པ། སྐྱི་བཛྲ་རཏྣ་མན་གོང་ལྟར། ཡང་ན་སྤྲུལ་སྐུ་པདྨ་ཐོད་འཕྲེང་ནས། འཁོན་ཀླུ་དབང་སྲུང་། རྡོ་རྗེ་རིན་ཅེན། ཤེས་རབ་ཡོན་ཏན། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་སྐྱབས་མན་གོང་ལྟར། ཡང་ན་ཤཱཀྱ་བློ་གྲོས་ནས། འཁོན་ཤེས་རབ་ཚུལ་ཁྲིམས། དཀོན་ཅོག་རྒྱལ་པོ་མན་གོང་ལྟར། ཡང་ན་འཕགས་པ་ནས། འོད་ལྡན་དཔལ། བུ་ལུང་པ། ལོ་མཆོག་པ། དགའ་ལྡན་པ་ཀུན་བསོད་


GLG002_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མན་གོང་ལྟར་རོ། ༈ །དཔལ་ལྡན་བླ་མ་དམ་པས་མཛད་པའི་ཕུར་པའི་མངོན་རྟོགས་རྒྱས་པ་བཀླགས་པས་དོན་གྲུབ། འབྲིང་པོ་དོན་གྲུབ་སྙིང་པོ། བསྡུས་པ་ཡང་སྙིང་ལྷན་སྐྱེས་གསལ་བ། དབང་ཆོག་རྟོགས་པར་སླ་བ་རྣམས་ཀྱི་ལུང་ནོས་པའི་བརྒྱུད་པ་ནི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། བླ་ཆེན་ཤཱཀྱ་ཀུན་དགའ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། ཀུན་བཟང་རྩེ་པ་པཎ་ཆེན་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་ཞ་ལུ་བ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་དྲུང་ཆོས་རྗེ་པའི་གསུང་བཞིན་བཀོད་པའི་ཡི་གེའི་སྟེང་ནས། དཀར་མོ་ཉི་ཟླ་དང་བདུད་རྒྱལ་ཐོད་འཕྲེང་གི་སྐུ་དང་གསུང་གི་བྱིན་རླབས་འཕྲིན་ལས་གཏོར་མའི་བཀའ་བསྒོ་དང་བཅས་པའི་རྗེས་གནང་ལུང་གི་སྐོར་ལ། དཀར་མོ་ཉི་ཟླ་སྟོང་གི་འཕྲེང་བ་ཅན་གྱི་བསྙེན་པའི་ཡི་གེ་རྫོགས་བྱང་གི་མཐའ་ཅན། མ་མོ་ཐམས་ཅད་བསྒྲུབས་པས་འགྲུབ་པ་དཀར་མོའི་སྒྲུབ་ཐབས། བསྐང་བའི་ལག་ལེན། དཀར་མོས་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ལ་ཞལ་བསྟན་ནས་གནང་བའི་བསྙེན་པའི་མན་ངག །བདུད་རྒྱལ་གྱི་རྒྱུད་ལེའུ་བདུན་པ་སྲོག་གི་བཤན་པ། བདུད་སྤུ་གྲི་མཆེད་གསུམ་གྱི་སྒྲུབ་པ་དབུ་ན་བཅའ་གཞི་གཞུང་ནས་བཤད་པ་ལྟར་བྱ་ཞེས་དང་། མཇུག་ཏུ་གདབ་ལས་གྲུ་གསུམ་དབུས་སུ་


GLG002_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོའི་མཐའ་ཅན། ནག་པོ་གསུམ་གྱི་མན་ངག །བསྐང་པ་དད་པ་དམ་ཚིག་མ། བསྐུལ་དམ་ཚིག་ཆེན་པོ་མ། ལྷ་དང་ཕྲལ་བའི་མན་ངག །ནག་པོ་སྲོག་གི་སྤུ་གྲིའི་ཡིག་སྣ་མན་ངག་ཉིང་ཁུ། སྤུ་གྲི་ནག་པོའི་ངན་སྔགས། དཀར་བདུད་ཀྱི་གཏོར་ཆོག་རྗེ་བཙུན་ཆེན་པོའི་ཕུར་པའི་སྒྲུབ་ཐབས་ནས་ཟུར་དུ་ཕྱུང་བ། ཕུར་སྲུང་གི་གཏོར་ཆོག་བླ་མ་མཉམ་མེད་པའི་ཕུར་པའི་མངོན་རྟོགས་ནས་ཟུར་དུ་ཕྱུང་བ། འཁོན་ཤེར་བཟང་གིས་མཛད་པའི་དཀར་བདུད་ལྕམ་དྲལ་གྱི་གཏོར་ཆོག་དང་བསྐང་བ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་མཛད་པའི་རྗེས་གནང་ཡི་གེ་དང་བཅས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་གཞོན་ནུ། ཀརྨ་ཧེ་རུ་ཀ །རིགས་ཀྱི་རྡོ་རྗེ་འཆང་། སློབ་དཔོན་ཨུ་པ་རཱ་ཛ། སློབ་དཔོན་པྲ་ཧ་སྟི། སློབ་དཔོན་དྷ་ན་སཾ་སྐྲྀ་ཏ། ཨོ་རྒྱན་པདྨ་ཐོད་འཕྲེང་། འཁོན་ཀླུ་དབང་སྲུང་། འཁོན་རྡོ་རྗེ་རིན་ཅེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཡོན་ཏན་འབྱུང་གནས། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་རོག་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་ཅོག་རྒྱལ་པོ། འཁོན་ཀུན་དགའ་སྙིང་པོ། འཁོན་བསོད་ནམས་རྩེ་མོ། འཁོན་གྲགས་པ་རྒྱལ་མཚན། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་རིན་རྒྱལ། འཁོན་བླ་མ་དམ་པ། ལྡོང་སེང་གེ་རྒྱལ་མཚན། ལྡོང་བསོད་ནམས་རྒྱལ་མཆོག །འཁོན་ནམ་མཁའ་རྒྱལ་མཚན། འཁོན་བློ་གྲོས་རྒྱལ་མཚན། ལྷ་ཀུན་སྤངས་རྡོ་རིངས་པ། ལྡོང་བློ་གསལ་རྒྱ་མཚོ། འ་ཞ་མཁྱེན་བརྩེའི་དབང་


GLG002_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག །འ་ཞ་དབང་ཕྱུག་རབ་བརྟན། འ་ཞ་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་པདྨ་ཐོད་འཕྲེང་ནས། སྣ་ནམ་རྡོ་རྗེ་བདུད་འཇོམས། འཁོན་རྡོ་རྗེ་རིན་ཅེན་མན་གོང་ལྟར། ཡང་ན་རྗེ་བཙུན་ཆེན་པོ་ནས། འཁོན་ཀུན་དགའ་རྒྱལ་མཚན། འཁོན་བློ་གྲོས་རྒྱལ་མཚན། མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ །ཀུན་སྤངས་ཆོས་གྲགས་དཔལ། མ་ཏི་པཎ་ཆེན། བླ་མ་བྱང་སེམས་པ། འཁོར་ཀུན་དགའ་བཀྲ་ཤིས། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། མཐུ་ཆེན་རྡོ་རྗེ་གདན་པ། རྗེ་རིན་ཅེན་རྣམ་རྒྱལ། སློབ་དཔོན་ཤཱཀྱ་ཀུན་དགའ། བླ་མ་ཡེ་ཤེས་དབང་པོ། ཡོངས་འཛིན་ཚུལ་ཁྲིམས་བཀྲ་ཤིས། འ་ཞ་མགོན་པོ་བསོད་ནམས་མཆོག་ལྡན་མན་གོང་ལྟར། ཉེ་བརྒྱུད་དུ་བྱེ་ན། ཀུན་ཏུ་བཟང་པོ། སྲིད་པ་བདེ་འགྲོ། དཀར་མོ་ཉི་ཟླ། འཁོན་རོག་ཤེས་རབ་ཚུལ་ཁྲིམས་མན་གོང་ལྟར་རོ། ༈ །ཕུར་པ་བཀའ་མ་ཇོ་མོ་ལུགས་དང་རོང་ལུགས་ཀྱི་བརྒྱུད་པ་གཉིས་ལྡན་དཔྱལ་ལུགས་སུ་གྲགས་པ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྨིན་བྱེད་ལ། དབང་ལུགས་སུ་གྲགས་པའི་དབང་བཞི་ཡོངས་རྫོགས། སྒྲུབ་ལུགས་སུ་གྲགས་པའི་ཕུར་པའི་དབང་། དྲག་པོའི་སྒྲོལ་དབང་དང་བཅས་སྣ་གྲངས་མང་དུ་འདུག་པ་ལས། དཔྱལ་ཀུན་མཁྱེན་ཆེན་པོས་མཛད་པའི་ཆོ་གའི་རིམ་པ་དགོས་འདོད་འབྱུང་བའི་རིན་ཅེན་འཕྲེང་བསྒྲིགས་རབ་གསལ་གྱི་ཡི་གེའི་སྟེང་ནས། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ལུགས་སུ་གྲགས་པའི་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཐུན་མོང་བ་རིག་


GLG002_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་ལྔ། ཕྱག་མཚན་གྱི་དབང་། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་། མཐའ་རྟེན་རིགས་ལྔའི་ཆོས་བཤད་ཀྱི་རྗེས་གནང་། གསང་དབང་མཐའ་རྟེན་དུ་ལུང་བསྟན། ཤེས་རབ་ཡེ་ཤེས་ཀྱི་དབང་། མཐའ་རྟེན། དབུགས་དབྱུང་། ཚིག་དབང་། དམ་ཚིག་སྒྲག་པ་དང་བཅས་ཐོབ་པའི་བརྒྱུད་པ་ནི། དཔལ་ཀུན་ཏུ་བཟང་པོ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ། སློབ་དཔོན་ཆེན་པོ་དྷ་ན་སཾ་སྐྲྀ་ཏ། སློབ་དཔོན་དྷ་ན་ཨུ་པ་ཡ། སློབ་དཔོན་མཆོག་སྲེད། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ཇོ་མོ་མཁར་ཆེན་བཟའ་འཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། རྒྱ་ཡེ་ཤེས་བློ་གྲོས། དམ་འདྲེ་ཡེ་ཤེས་རྒྱལ་མཚན། དམ་འདྲེ་ཀླུའི་རྒྱལ་མཚན། དམ་འདྲེ་ཤེས་རབ་གསལ་བ། སློབ་དཔོན་ལང་ལབ་བྱང་ཆུབ་རྡོ་རྗེ། སྐྱི་བན་བྱང་ཆུབ་རིན་ཅེན། བླ་མ་སྟོང་གསུམ་སྒོམ་ཆེན། ཐག་བཙུན་ཤེས་རབ་འོད་ཟེར། གནུབས་སྨན་བཙུན། རྒྱ་ཆོས་ཀྱི་གྲགས་པ། ཡོལ་ལྕགས་བརྒྱད་སྟོང་འབར། ཕོ་རོག་པ་ཆོས་ཀྱི་རྡོ་རྗེ། ཕོ་རོག་པ་མདོ་སྡེ་བཙན། ཕོ་རོག་པ་མདོ་སྡེ་མགོན་པོ། བླ་མ་ཉི་མ་འབུམ། རིན་པོ་ཆེ་དོན་གྲུབ་གཞོན་ནུ། ཕ་རྒོད་རྗེ་བཙུན་རིན་པོ་ཆེ་དཔྱལ་ཀུན་དགའ་ཉི་མ་དཔལ་བཟང་པོ། དཔྱལ་ཀུན་མཁྱེན་ཆེན་པོ་ཆོས་རྒྱལ་ཤེས་རབ་དཔལ་བཟང་། མཁན་ཆེན་དཀའ་བཞི་པ་གཞོན་ནུ་རྒྱལ་མཚན། དཔྱལ་ཀུན་མཁྱེན་གྱི་སྐུ་སྐྱེ་འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། ཞ་ལུ་དཀའ་བཞི་པ་རིན་ཅེན་མཆོག་གྲུབ་དཔལ་འབར། དཔྱལ་ཀུན་མཁྱེན་པའི་སྐུ་སྐྱེ་གཉིས་པ་རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། བླ་མ་སྐྱོ་སྟོན་ཆེན་པོ་དཔལ་འབྱོར་བཟང་པོ། གནུབས་སྒོམ་སྦས་པའི་


GLG002_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་སྨོན་ལམ་རྒྱལ་མཚན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །དཔྱལ་ཀུན་མཁྱེན་པའི་སྐུ་སྐྱེ་གསུམ་པ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཁྱབ་བདག་ཁྲ་ཚང་བ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་རོང་ལུགས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། སྣ་རྣམ་རྡོ་རྗེ་བདུད་འཇོམས་ཡན་གོང་ལྟར་ལ། དེ་ནས་མཁར་ཆེན་དཔལ་གྱི་དབང་ཕྱུག །ཨཱ་ཙཪྻ་དཔལ་གྱི་མེ་ཏོག །སྒྲོ་རྡོ་རྗེ་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་བན་ཡོན་ཏན་རིན་ཅེན། རོང་བན་རིན་ཅེན་ཚུལ་ཁྲིམས། རོང་ཟོམ་ཆོས་ཀྱི་བཟང་པོ། ཡོལ་དགེ་བསྙེན་དབང་ཕྱུག །ཡོལ་ལྕགས་གྲུབ་ཐོབ། རྒྱ་སྟོན་སྟོང་འབར། རྣལ་འབྱོར་གཞུང་པ། ཕོ་རོག་མདོ་སྡེ་མགོན། ཡོལ་ལྕགས་སངས་རྒྱས་ཉི་མ་འབུམ། དོན་གྲུབ་གཞོན་ནུ། དཔྱལ་འཕགས་པ་དཔལ། དཔྱལ་ཀུན་དགའ་ཉི་མ། དཔྱལ་ཀུན་མཁྱེན་ཆེན་པོ་མན་སྔར་བཞིན་ནོ། །ཉེ་བརྒྱུད་བྱེད་ན། རོང་བན་ཡོན་ཏན་རིན་ཅེན་གྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངོས་ལ་ཐུག་མི་ཡུལ་དུ་ལོ་སུམ་བརྒྱ་བཞུགས་ཏེ། མཐར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དེའི་སྲས་རོང་བན་རིན་ཅེན་ཚུལ་ཁྲིམས་ཀྱིས་ལོ་ཕྱེད་དང་ཉིས་བརྒྱ་བཞུགས། དེའི་སྲས་རོང་ཟོམ་ཆོས་བཟང་གིས་ལོ་བརྒྱ་དང་བཅུ་དགུ་བཞུགས་ནས་བགྲེས་རྒུད་མི་མངའ་བའི་ངང་ལ་སྐུ་གཤེགས་པས་འདི་ལ་གྲུབ་ཐོབ་ཟམ་མ་ཆད་པའི་བརྒྱུད་པ་ཞེས་གྲག་གོ


previousགསང་སྔགས་སྔ་འགྱུར་གྱི་རྒྱ་ཆེ་བ་བཀའ་མ་དང་ཟབ་པ་གཏེར་མ་གཉིས་ཀྱི་སྐོར།next