Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of མགོན་པོ་བེང་
[Clear Hits]


  
 expand section
  
  
  
  
  
  
  
 
  
 
  
  
  
གནུབས་སངས་རྒྱས་ཡེ་ཤེས་ཀྱི་གདམས་པ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དུ་བ་དུམ་བུའི་སྐོར།
  
  
  
  
  
  
  
  
  


3 occurrences of མགོན་པོ་བེང་
[Clear Hits]

 
previousགནུབས་སངས་རྒྱས་ཡེ་ཤེས་ཀྱི་གདམས་པ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དུ་བ་དུམ་བུའི་སྐོར།next

གནུབས་སངས་རྒྱས་ཡེ་ཤེས་ཀྱི་གདམས་པ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དུ་བ་དུམ་བུའི་སྐོར།


GLG002_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྔགས་ཀྱི་བདག་པོ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་གདམས་པ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དུ་བ་དུམ་བུའི་སྐོར་ལ། གཤིན་རྗེ་གཤེད་ཀྱི་གསང་བའི་འཁྲུལ་འཁོར་ཁོལ་དུ་ཕྱུང་པ་མན་ངག་དུ་བ་དུམ་བུ་ཞེས་པར་ནང་གསེས་ཀྱི་ཕྱི་ལྟར་དགྲ་བགེགས་དང་དམག་འཆིང་བ། ནང་ལྟར་ཁྲོམ་འཆིང་བ། གསང་བ་ལྟར་ཇག་རྐུན་འཆིང་བ། དུ་བ་དུམ་བུ་ཟིལ་གནོན་རྩ་བའི་སྒོམ་ཐབས་ལྷ་སྔགས་ཀྱི་མན་ངག །བསྐུལ་མཐིང་ནག་མེ་དཔུང་མ། རྟགས་ཚད་ཀྱི་ཡི་གེ །སྒྲུབ་པའི་བཅའ་བཞི། སྒྲུབ་ཚུལ་གྱི་ཕྱག་ལེན་འབྲི་གུང་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱིས་མཛད་པ། ལས་བྱང་འབྲི་གུང་པ་དབུར་སྨྱོན་ཆོས་ཀྱི་གྲགས་པས་མཛད་པ། ཕོ་འཁོར་མོ་འཁོར། ཕོ་ལིང་མོ་ལིང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དབྱངས། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །བ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་པདྨ་དབང་རྒྱལ་ནས་རིམ་པར། ཆོས་རྒྱལ་རིན་ཅེན་ཕུན་ཚོགས། བླ་མ་བཙན་གཡག་སྤྲུལ་སྐུ། ཞབས་དྲུང་ནཱ་རོ་པ། རིག་འཛིན་ཆོས་ཀྱི་གྲགས་པ། མཁས་གྲུབ་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །འཇམ་དཔལ་གཤིན་རྗེ་ཀིང་ཀང་ནག་པོ་གསང་བ་མྱུར་མགྱོགས་སྟག་བྱང་མ་ཆེས་ཤིན་ཏུ་རྣོ་ཞིང་ཟབ་པའི་གཞུང་བཅའ་གཞི་དཔེ་རིས་བཅས་ཐོབ་པ་ནི། རྡོ་རྗེ་འཆང་། སློབ་དཔོན་དེ་ཝ་ཙནྡྲ། གནུབས་བན་སངས་རྒྱས་ཡེ་ཤེས་ནས་རིམ་པར། ཆོས་རྒྱལ་རིན་ཅེན་ཕུན་ཚོགས་མན་གོང་བཞིན་ནོ། ༈ །སུམ་སྟོན་ཆེན་པོས་མཛད་པའི་དཀར་ཆག་གསལ་བའི་སྒྲོན་མེ་ལས། ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ། །གནས་ལྔའི་མཆོག་གྱུར་


GLG002_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་འགྲོ་བའི་དཔལ། །དུག་གསུམ་ནད་སེལ་སྨན་རྒྱལ་ཀུན་ཏུ་བཟང་། །དབྱེར་མེད་གུ་ཎས་ཕྱི་རབས་དུས་ཀྱི་མཐར། །བསྐལ་པའི་ཆ་ཉམས་འབྱུང་བའི་བཅུད་ཤོར་བས། །དུག་ལྔ་མེ་འབར་སྤྱོད་ངན་སྡིག་ལ་སྤྱོད། །ལྷ་སྲིན་འཁྲུགས་པས་སྣ་ཚོགས་ནད་ཀྱི་རིགས། །བསམ་གྱིས་མི་ཁྱབ་མིང་འདོགས་མི་ཤེས་པས། །སྐྱེ་འགྲོ་བདེ་བའི་སྐབས་མེད་སྐྱོབ་ཕྱིར་དུ། །འབུམ་ཕྲག་གསོ་རིག་ཡང་བཅུད་གཞུང་འགྲེལ་ལས། །ཡང་སྙིང་སྙན་བརྒྱུད་མེད་ཐབས་མེད་རྣམ་གསུམ། །དེ་ཡི་སྨན་གྱི་མཆོད་བསྟོད་སྒྲུབ་གསུམ་སྟེ། །དེ་ལ་ཕྱི་ནང་གསང་བ་ཡང་གསང་སྒྲུབ། །སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ལས། །ཞེས་པ་ལྟར་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་འགྲོ་བ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་དུ་རིགས་འདུས་སྨན་གྱི་བླ་མ་མིའི་གཟུགས་སུ་བྱོན་པ་རྒྱལ་བའི་སྲས་པོ་རྗེ་བཙུན་གཡུ་ཐོག་པ་ཡོན་ཏན་མགོན་པོ་ཞེས་ངོ་མཚར་བའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དངོས་སུ་སྟོན་པར་མཛད་པའི་མཆོག་གི་སྤྲུལ་པའི་སྐུ་དེའི་ཐུགས་ཀྱི་དགོངས་པའི་ཀློང་ནས་ཉམས་ཆོས་ཀྱི་ཚུལ་དུ་རྡོལ་བའི་གདམས་སྐོར་ནི། ཐུགས་རྗེ་ཉི་འོད་ཆོས་ཚན་སུམ་ཅུ་ལྔ། །རྩ་བ་གསུམ་གྱི་ཐུགས་སྲོག་གཅིག་དྲིལ་འདི། །དུས་གསུམ་རྒྱལ་བའི་སྲོག་སྒྲུབ་མཐར་ཐུག་ཡིན། །སྐལ་ལྡན་ལས་འཕྲོ་ཅན་གྱི་སྙིང་ལ་ཆོངས། །ཞེས་ཟབ་པ་ལས་ཀྱང་ཆེས་ཟབ་པ་གཡུ་ཐོག་སྙིང་ཐིག་གི་ཆོས་སྐོར་བ། དབང་ཆོག་བདེ་ཆེན་གློང་ཡངས་ཀྱི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་ཅོད་པན། བུམ་པ། དབུ་རྒྱན། གོས་རྒྱན། སྨན་རག་གཏོར་ཚོགས་རྔ་ཆེན། རྒྱུད་


GLG002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གླེགས་བམ། ཀ་པཱ་ལ་མེ་ལོང་སྨན་བཅས། གཙགས་བུ །མེ་བཙའ། སྐམ་པ། མཚོན། ཀྱུང་བུ། ཐུར་མ་སྟེ་ཆ་དཔྱད་ཀྱི་དབང་། རིགས་ལྔའི་ཕྱག་མཚན། ལྷུང་བཟེད། གྲི་གུག་ཐོད་ཁྲག་རྣམས་ཀྱི་ཕྱིའི་དབང་། རིགས་འདུས་ལྷ་དབང་། ཡེ་ཤེས་ལྔའི་དབང་། དྲང་སྲོང་བཀའ་སྲུང་དང་བཅས་པས་ནང་གི་དབང་། བྱང་ཆུབ་ཀྱི་སེམས་ཀྱི་གསང་དབང་། ཕྱག་རྒྱའི་དཀྱིལ་འཁོར་དུ་རིག་པ་བརྟུལ་ཞུགས་ཀྱི་དབང་། རྡོར་དྲིལ་མེ་ལོང་མེ་ཤེལ་ལ་བརྟེན་ནས་རིག་པ་ཡེ་ཤེས་ཀྱི་དབང་། ལྟ་སྒོམ་སྤྱོད་པ་འབྲས་བུ་ངོ་སྤྲོད་དེ་ཁོ་ན་ཉིད་ཀྱི་དབང་། ཚེ་དབང་འཆི་བདག་བདུད་འཇོམས་ལྷན་ཐབས་དང་བཅས་པའི་སྟེང་དུ་དབང་ཆོག་ཆེན་མོ་ནས་འཇུག་པ་ཁ་བསྐངས་ཏེ། བུམ་པ། ལྷ་དབང་། དཔལ་གཏོར། ཚེ་ཆང་། གོ་ཁྲབ། རྒྱས་གདབ་དང་བཅས་པའི་འཆི་མེད་ཚེ་དབང་། སྨན་གྱི་ལྷ་མོའི་རྗེས་གནང་། དྲང་སྲོང་སེར་སྐྱའི་རིགས་གཏད་རྣམས། རྒྱབ་རྟེན་ལུང་ལ། སུམ་སྟོན་ཆེན་པོས་མཛད་པའི་ཐེམས་བྱང་གསལ་བའི་སྒྲོན་མ། དེ་ལས་བྱུང་བའི་གདམས་སྐོར་ལ། ཁུངས་བཙུན་པ་ལོ་རྒྱུས། སྨིན་པར་བྱེད་པ་དབང་། མཆོག་ཐུན་མོང་དངོས་གྲུབ་སྒྲུབ་པ་སྒྲུབ་ཐབས། མགྲོན་ཚིམ་ཞིང་དངོས་གྲུབ་འབྱུང་བ་འཕྲིན་ལས། ཚེ་གཅིག་སངས་རྒྱས་སྒྲུབ་པའི་རྫོགས་རིམ། མ་ཚང་བ་ཚང་བར་བྱེད་པ་ཁ་སྐོང་། བར་ཆད་འཇིགས་པ་སེལ་བ་ཚེ་སྒྲུབ་བསྲུང་སྲེག །གཞན་དྲིང་མི་འཇོག་པར་ནད་གསོ་བ་སྨན་གྱི་པྲ་སྒྲུབ། དགྲ་བོ་ཆམ་ལ་འབེབས་པ་བཀའ་སྲུང་དང་དགུ། དང་པོ་ནི། དཀར་ཆག་ལས། ཀུན་གྱི་ཐུན་མོང་ཐོག་མ་ལོ་རྒྱུས་ནི། གདུལ་བྱ་ངེས་ཤེས་འདྲེན་བྱེད་ལྕགས་ཀྱུ་ཡིན། །ཞེས་པ་ལྟར། སུམ་


GLG002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཆེན་པོས་མཛད་པའི་ལོ་རྒྱུས་ངེས་ཤེས་འདྲེན་བྱེད་དགེ་བའི་ལྕགས་ཀྱུ། གཉིས་པ་སྨིན་པར་བྱེད་པ་དབང་ནི། བདེ་ཅན་ཀློང་ཡངས་སྐལ་ལྡན་སྨིན་པར་བྱེད། །བློ་ཆུང་དོན་དབང་མདོར་བསྡུས་དེ་དོན་ཚང་། །རྡོ་རྗེ་རྒྱ་མདུད་དམ་ཚིག་གསང་སྔགས་སྲོག །ཅེས་པ་ལྟར། དབང་ཆོག་ཆེན་མོ་བདེ་ཆེན་ཀློང་ཡངས་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་ཐབས་དམ་ཅན་སྡེ་དགུའི་སྲོག་དབང་དང་བཅས་པ། སྨིན་བྱེད་དོན་དབང་མདོར་བསྡུས་ཞེས་དྲིལ་སྒྲུབ་ཀྱི་དབང་ཟབ་མོ་གུད་དུ་བཀོལ་བ། གསང་སྔགས་སྲོག་རྩ་དམ་ཚིག་རྣམ་བཤད་རྡོ་རྗེའི་རྒྱ་མདུད་རྣམས། གསུམ་པ་མཆོག་ཐུན་དངོས་གྲུབ་སྒྲུབ་པའི་སྒྲུབ་ཐབས་ནི། བསྐྱེད་རིམ་ཕྱི་ནང་གསང་བ་དྲིལ་སྒྲུབ་དང་། །མཁའ་འགྲོའི་སྒོས་སྒྲུབ་རིགས་ལྔའི་མངོན་རྟོགས་བསྡུས། །ཞལ་གདམས་གཉིས་བཅས་གསང་སྒྲུབ་རྩ་བ་ཡིན། །སྐལ་ལྡན་མཆོག་ཐུན་དངོས་གྲུབ་འདོད་རྒུ་སྒྲུབ། །ཅེས་པ་ལྟར། ལམ་མཆོག་ཟབ་མོ་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེ་ཉི་འོད་ཀྱི་ཕྱི་སྒྲུབ་ཡིད་བཞིན་ནོར་བུ་ཞེས་པ་རྗེ་བཙུན་གུ་ཎ་ལ་ལྷ་མོ་བཞིས་བསྐོར་བ། དེའི་ཞར་བྱུང་གི་ལས་ཚོགས་སུ། སྟེང་གདོན་ཞི་བ། འོག་གདོན་ཞི་བ། མོ་གདོན་ཞི་བ། ཞེ་སྡང་ཞི་བ། འདོད་ཆགས་ཞི་བ། གཏི་མུག་ཞི་བ། མཁལ་མ། ཕོ་བ། མཆེར་པ། ཕོ་མཆིན། སྙིང་། གློ་བ། མིག །སྣ། ལྕེ། རྣ་བ། ལུས་ན་བ་རྣམས་ཞི་བར་བྱེད་པ། ཚེ་ལོངས་སྤྱོད། དབང་ཐང་། འཁོར་རྣམས་རྒྱས་པ། བུད་མེད། གོས་ནོར་རྫས་དབང་དུ་བསྡུ་བ། དྲག་པོས་ཚར་གཅོད་པ། བུམ་ཁྲུས་ཀྱིས་ནད་སེལ་བ། ནད་པ་ལ་བྱིན་རླབས་བྱ་བ་ལམ་བསྲུང་བ་དང་བཅས་པ། ནང་སྒྲུབ་ཁྱད་པར་ཅན་སངས་རྒྱས་


GLG002_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གྱི་བླ་ལུས་དཀྱིལ་དང་བཅས་པ། འདོད་རྒུ་ཀུན་འབྱུང་བ། གསང་སྒྲུབ་ཁྱད་པར་ཅན་རིག་པའི་ཡེ་ཤེས་རིགས་ལྔར་སྒྲུབ་ཐབས་ཞར་བྱུང་དུ་ཚེ་བསྒྲུབ་པ་དང་བཅས་པ་སྐལ་ལྡན་མྱུར་འདྲེན་དྲིལ་སྒྲུབ་རྒྱུན་འཁྱེར་ཡེ་ཤེས་འཁོར་ལོ་ཞེས་པ་བླ་མ་རིགས་འདུས་རྡོ་རྗེ་སེམས་དཔར་སྒྲུབ་པ་ཞར་བྱུང་འཆི་བླུ་དང་བཅས་པ། མཁའ་འགྲོ་རིགས་བཞིའི་སྒོས་སྒྲུབ་མདོར་བསྡུས་ཤིན་ཏུ་ཟབ་པ་སྣོད་མིན་ལ་གསང་བ། རིག་པའི་ཡེ་ཤེས་རིགས་ལྔའི་མངོན་རྟོགས་བསྡུས་པ། ནང་སྒྲུབ་ཀྱི་ཞལ་གདམས་སྙན་བརྒྱུད་ཟུར་དུ་གབ་པ་དངོས་གྲུབ་ཀྱི་རྫིང་བུ། གསང་སྒྲུབ་ཀྱི་ཞལ་གདམས་སྟན་ཐོག་གཅིག་མ་མཆོག་གི་བདེ་ལམ། གྲུབ་ཆེན་མ་ཧཱ་གུ་ཎའི་སྙན་བརྒྱུད་གསང་སྒྲུབ་ཁྱད་པར་ཅན་ཐོ་རེངས་སྐྱབས་འགྲོ་སེམས་བསྐྱེད་དབུ་ན་ཡོད་པ་གུད་དུ་སྦས་པ་རྣམས། དྷརྨ་སྭཱ་མིས་མཛད། བཞི་པ་མགྲོན་ཚིམ་ཞིང་དངོས་གྲུབ་འབྱུང་བ་འཕྲིན་ལས་ནི། ཕྱི་གཏོར་ལས་གཞུང་སྨན་གཏོར་ལྷན་ཐབས་ནི། མགྲོན་རིགས་ཀུན་ཚིམ་དངོས་གྲུབ་ཀུན་འབྱུང་བྱེད། ཅེས་པ་ལྟར། སྔོན་འགྲོ་ཕྱིའི་གཏོར་མ་བསྔོས་པས་ཀུན་ཚིམ། སྨན་རྒྱལ་གུ་ཎའི་བཀའི་གནང་བ་ཞུས་ནས་སུམ་སྟོན་གྱིས་ཆོག་སྒྲིགས་སུ་མཛད་པ་ལས་ཉུང་ངུར་བསྡུས་པའི་ལས་གཞུང་དངོས་གྲུབ་འབྱུང་གནས། བདུད་རྩི་སྨན་མཆོད་ཀྱི་ལྷན་ཐབས་རང་སེམས་སྐྱེ་མེད་མ། གཏོར་མའི་ལྷན་ཐབས་ཚོགས་གཉིས་མྱུར་རྫོགས་རྒྱལ་བ་ཀུན་དངོས་མ། རྩ་བ་གསུམ་གྱི་མདངས་སྐང་རིན་ཅེན་འོད་ཀྱི་དྲ་བ་ཀུན་འདུས་རྒྱལ་བ་མ་རྣམས། དྷརྨ་སྭཱ་མིས་མཛད། ལྔ་པ་ཚེ་གཅིག་སངས་རྒྱས་སྒྲུབ་པ་རྫོགས་རིམ་ནི། རྫོགས་རིམ་ཡང་ཟབ་མཁའ་འགྲོའི་སྲོག་སྙིང་འདི། །སྐལ་


GLG002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཚེ་གཅིག་མངོན་འཚང་རྒྱ་འདོད་སྒྲུབ། །ངོ་སྤྲོད་འཁོར་འདས་རང་སར་གྲོལ་ཉམས་ལོང་། །ཞེས་པ་ལྟར། རྫོགས་རིམ་སྐུ་གསུམ་རང་ཤར་ཞེས་པ་ལུས་ལྷ་སྐུར་ཤར་བ་རྩ་སྦྱོང་། ངག་སྔགས་སུ་འཆར་བ་རླུང་སྦྱོར་གྱི་འཁྲིད་ཡིག་ལ་གཏུམ་མོ། རྨི་ལམ། འོད་གསལ། རྒྱུ་ལུས། བར་དོ། འཕོ་བ། གྲོང་འཇུག །སེམས་ཆོས་སྐུར་འཆར་བ་ཐིག་ལེ་སྦྱོང་བའི་འཁྲིད་འོག་སྒོ་བདེ་ཆེན་གྱི་སྐོར་སོགས་མཁའ་འགྲོའི་སྲོག་ཏིག་གབ་པ་མངོན་ཕྱུང་ཚེ་གཅིག་ལ་འཚང་རྒྱ་བའི་གདམས་པ། ཉམས་ལེན་གྱི་གནད་ཐམས་ཅད་ངོ་སྤྲོད་གཅིག་ཏུ་བསྒྲིལ་བ་འཁོར་འདས་རང་གྲོལ་གྱི་གདམས་པ་རྣམས། དྲུག་པ་མ་ཚང་བ་ཚང་བར་བྱེད་པ་ཁ་སྐོང་ནི། གེགས་སེལ་ལམ་རྟགས་གསལ་བྱེད་གསོལ་འདེབས་ནི། བསྐྱེད་རྫོགས་ཐུན་མོང་མན་ངག་བྱིན་རླབས་འཇུག །ཅེས་པ་ལྟར། ཕྱི་འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ། གསང་བ་བར་ཆད་བདུད་ཀྱི་གེགས་སེལ། དྷརྨ་སྭཱ་མིས་མཛད། བསྐྱེད་རྫོགས་ཉམས་སུ་ལེན་པའི་གང་ཟག་གི་ལམ་རྟགས་གསལ་བྱེད་ནོར་བུའི་སྒྲོན་མེ་སུམ་སྟོན་ཆེན་པོའི་གསུང་ལས་ཡི་གེ་ཉུང་ངུར་བསྡུས་པ། དྷརྨ་སྭཱ་མིས་མཛད། བླ་མའི་རྣལ་འབྱོར་བྱིན་རླབས་ཀྱི་ཆུ་བོ་ཕྱི་སྒྲུབ་ལས་བཟང་པོ་སྣོད་མིན་ལ་མི་སྟོན་པ་རྡོ་རྗེ་བདུད་འདུལ་དང་མཁའ་འགྲོ་ཅེ་སྤྱང་མཆུ་མར་གཉིས་ལ་བཀའ་རྒྱ་ཅན། དེའི་ཆ་ལག་བླ་མའི་རྣལ་འབྱོར་ཚར་རྗེས་སུ་གཏོར་མཆོད་འབུལ་བ། དྷརྨ་སྭཱ་མིས་མཛད། གཡུ་ཐོག་པའི་གསོལ་འདེབས་གང་སྐུ་གསང་ཆེན་མ་རྣམས། །བདུན་པ་བར་ཆད་སེལ་བ་ཚེ་སྒྲུབ་བསྲུང་སྲེག་ནི། །འཆི་བདག་བདུད་འཇོམས་ལྷན་ཐབས་སྦྱིན་སྲེག་དང་། །བསྲུང་འཁོར་དཔེ་ཆུང་བདག་གཞན་ཚེ་བསྲིང་ཞིང་། །ལས་མྱུར་འཇིགས་པ་


GLG002_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་བྱེད་མན་ངག་ཡིན། །ཞེས་པ་ལྟར། གསང་བ་ཚེའི་སྒྲུབ་ཐབས་འཆི་བདག་བདུད་འཇོམས་འཆི་མེད་སྐུ་ཐོབ་ཤོག་གི་མཐའ་ཅན། དེའི་ལྷན་ཐབས་ཚེ་དབང་བསྐུར་ཆོག་གི་ཡི་གེ་དགྲ་བགེགས་གཞན་གྱི་སྨོས་ཅི་དགོས་པའི་མཐའ་ཅན། བསྙེན་སྒྲུབ་ཁ་སྐོང་སྦྱིན་སྲེག་ལས་ཀུན་མྱུར་འགྲུབ། གསུང་འཁོར་མུ་ཁྱུད་བདུན་པ་འཇིགས་པ་ཀུན་སྐྱོབ་རྣམས། བརྒྱད་པ་གཞན་དྲིང་མི་འཇོག་པར་ནད་པ་གསོ་བ་སྨན་གྱི་པྲ་སྒྲུབ་ནི། པྲ་སྒྲུབ་རྗེས་གནང་སྒབ་འདྲེ་མནན་པ་གསུམ། །འགྲོ་བ་སྤྲོ་བྱེད་ལས་སྦྱོར་དཔེ་རིས་གཉིས། །ཞེས་པ་ལྟར། ལྷ་སྨན་མཆེད་གསུམ་ཡེ་ཤེས་ཀྱི་ཁྱེའུ་ཆུང་དང་བཅས་པའི་པྲ་སྒྲུབ་དངུལ་དཀར་མེ་ལོང་སྣང་གསལ་སྒྲོན་མེ། ལྷ་སྨན་མཆེད་གསུམ་ཁྱེའུ་ཆུང་གི་རྗེས་གནང་བུ་ལ་མ་འཁོར། སྒབ་འདྲེ་ཐེ་བྲང་རྣ་ཉན་མཁན་པོ། དམ་སྲི་བྱ་གདོང་ཉུལ་ལེ། འདྲེ་མོ་ལུས་སེམས་འཕྲོག་བྱེད་གསུམ་མནན་ཐབས་མཐུ་སྟོབས་གསེར་གྱི་རི་བོ། དྲང་སྲོང་སེར་སྐྱ་སྤུན་གསུམ་གྱི་སྒྲུབ་ཐབས་ཁྱད་པར་ཅན་རྣམས། དྷརྨ་སྭཱ་མིའི་གསུང་དངོས་མིན་པ་འདྲ། དགུ་པ་དགྲ་བོ་ཆམ་ལ་འབེབས་པ་བཀའ་སྲུང་ནི། མངོན་རྟོགས་མདངས་བསྐང་གསོལ་ཁ་སྔགས་བྱང་སྲོག །སྤུ་གྲི་དུག་དངར་གནམ་ལྕགས་ཐོག་དང་འདྲ། །བསྟན་པའི་དགྲ་བགེགས་སྒྲོལ་བའི་མཚོན་ཆ་ཡིན། །ཞེས་པ་ལྟར། དམ་ཅན་སྡེ་དགུའི་མངོན་པར་རྟོགས་པ་མདོར་བསྡུས་གསལ་བའི་མེ་ལོང་། སྡེ་དགུའི་མདངས་བསྐང་དགྲ་བགེགས་ཚར་གཅོད་སྐྱེ་མེད་མ། གསོལ་མཆོད་འཕྲིན་ལས་མདོར་བསྡུས་མྱུར་མགྱོགས་གློག་གི་འོད་འབར། སྔགས་བྱང་སྲོག་གི་ཐིག་ལེ་ཤིན་ཏུ་གསང་བ། སྡེ་དགུའི་གཏོར་མཆོད་བསྟོད་བསྐུལ་


GLG002_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་སྤུ་གྲི་དུག་ངར་བླ་མའི་བཀའ་བཞིན་བྲིས་པ། སྡེ་དགུའི་སྒྲུབ་ཐབས་ལས་སྦྱོར་དྲག་སྔགས་གནམ་ལྕགས་ཐོག་རྒོད་མཚོན་ཆའི་འཁོར་ལོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱིས་མཛད་པའི་ལས་གཞུང་ཆོག་སྒྲིགས། དེས་མཛད་པའི་དམ་སྐོང་དྲེགས་པ་ཚར་གཅོད་དང་བཅས་པ་རྣམས་ཐོབ་པའི་ལྷུན་གྱི་ལྷ་མོའི་རྗེས་གནང་མ་གཏོགས་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། སངས་རྒྱས་སྨན་གྱི་རྒྱལ་པོ། སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་། མཁའ་འགྲོའི་གཙོ་མོ་དཔལ་ལྡན་འཕྲེང་བ། གཡུ་ཐོག་པ་ཡོན་ཏན་མགོན་པོ། སུམ་སྟོན་ཡེ་ཤེས་གཟུང་དཔལ་ལྡན་གཞོན་ནུ་ཡེ་ཤེས། གཙང་སྟོན་སངས་རྒྱས་རིན་ཅེན། མཁས་བཙུན་རིན་ཅེན་རྡོ་རྗེ། བྲང་ཏི་དོན་དྲུག་རྒྱལ་མཚན། བྲང་ཏི་དཀོན་ཅོག་སྐྱབས། བྲང་ཏི་དཔལ་ལྡན་འཚོ་བྱེད། ཟུལ་ཕུ་སྨན་མོ་ཆེ་བ་འཚོ་བྱེད་རིན་ཅེན། རྣལ་འབྱོར་བསོད་ནམས་དབང་པོ། རྣལ་འབྱོར་ཆེན་པོ། རི་ཁྲོད་ཞིག་པོ། རྗེ་དཀོན་ཅོག་མཚན་ཅན། ཟུར་མཁར་ལ་ཐོག་པ་པཎ་ཆེན་མཉམ་ཉིད་རྡོ་རྗེ། ཀོང་པོ་ཕྲག་དབོན་དཀོན་ཅོག་དཔལ་བཟང་། ཀོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ། རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ། སུམ་སྟོན་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ཆེན་པོ་ངག་གི་དབང་པོ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཟུར་མཁར་ཆོས་རྗེ་ནས། གནམ་གོང་བཀྲ་ཤིས་དབང་ཕྱུག །རྗེ་བཙུན་སངས་རྒྱས་ཞབས། རྗེ་ཆོས་དབང་རིན་ཅེན། རྗེ་བློ་གྲོས་རྒྱལ་པོ། རིག་འཛིན་ཆེན་པོ་མན་གོང་ལྟར། ཡང་ན་ཀོང་སྨན་དཀོན་ཅོག་པ་ནས། མཚུངས་མེད་སྨན་རྒྱལ་མཚན་ཅན། མཁས་པ་རིན་ཅེན་བཟང་པོ། རིགས་


GLG002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྗེ་མན་གོང་ལྟར་རོ། །སྨན་གྱི་ལྷ་མོའི་རྗེས་གནང་གི་བརྒྱུད་པ་ནི། མཉམ་ཉིད་རྡོ་རྗེ་ནས། བྱང་ཆུབ་གླིང་པ་སྣ་ཚོགས་རང་གྲོལ། རིག་འཛིན་ཆོས་རྗེ། དཔལ་ལྡན་བཟང་པོ། འཇམ་དཀར་དབང་པོ། ངག་དབང་ཕན་བདེ་རྒྱ་མཚོ། རྗེ་བྱམས་པ་ཆོས་རྒྱལ་བཟང་པོ། གྲུབ་ཆེན་བཀྲ་ཤིས་རྒྱ་མཚོ། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། ༈ །ཡང་ན་རྗེ་བཙུན་སངས་རྒྱས་ནས། རིན་ཅེན་ཚེ་དབང་། ངག་དབང་ཕན་བདེ་མན་འདྲ། དེ་ཡང་རྗེ་ཟུར་ཆེན་གྱིས་ཡིན་པར་འདིའི་སྒྲུབ་པ་གནང་སྐབས་ལུང་པ་ཐམས་ཅད་སྨན་དྲིས་ཁེངས། མནལ་ལམ་དུ་ཉི་ཐང་ལྷ་རྗེ་འདི་མཚོ་སྨན་མཁན་ཆེན་གྱི་སྐྱེ་བ་ཡིན་པས་བསྐྱར་ནས་ཞུས་ཤིག་ཅེས་ལུང་བསྟན་བྱུང་བ་ལྟར་ལུང་ཚར་གཅིག་གསན་པའི་བརྒྱུད་པ་ནི། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ནས། གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། །དོན་དབང་དུ་ལས་གཞུང་དང་སྦྱར་བ་ལས་སྒྲུབ་ཐབས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་གསལ་བ་མི་འདུག་ཀྱང་མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ནང་གསང་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་གཏོར་མ་ལ་བརྟེན་པ་ཞིག་བསྩལ་བ་རྗེ་ཉིད་ཀྱིས་མེས་པོ་དྲུང་འཚོ་བར་གསན་གསུངས། དེ་ཡན་གྱི་བརྒྱུད་པ་མ་རྙེད། རྒྱུད་དང་མན་ངག་བཀའ་གཏེར་གྱི་ཟབ་གནད་བསྡུས་པ་དང་། སྙན་བརྒྱུད་ཞལ་གདམས་ཉམས་མྱོང་གཅེས་སོ་འཚལ་རྣམས་མཁས་ཤིང་གྲུབ་པའི་དབང་ཕྱུག་ལ་ཐོག་ཟུར་མཁར་བ་དྲང་སྲོང་མཉམ་ཉིད་རྡོ་རྗེས་ཕྱོགས་གཅིག་ཏུ་བསྒྲིགས་པའི་མན་ངག་བྱ་བ་རིང་བསྲེལ་པོད་ཆུང་རབ་འབྱམས་གསལ་བའི་སྒྲོན་མེའི་སྐོར་ལ།


GLG002_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིག་བུ་ཡིག་ཐོར་བུ་གསུམ་ལས། ཐོག་མར་མ་ཡིག་གི་དཀར་ཆག་མཁས་པ་དགའ་བྱེད་དྲང་སྲོང་དྷརྨ་སྭཱ་མིས་མཛད་པ། དེ་ལས་བྱུང་བའི་ཆོས་སྐོར་ལ། རླུང་ཕྱིར་གསོ་བ་བཅུད་འདུས་རྒྱ་མཚོ། སྲོག་རླུང་གི་བཅོས་སེམས་ཀྱི་བདེ་བསྐྱེད། སྟོད་འཚངས་ཀྱི་བཅོས་བདུད་རྩི་འདོད་འཇོ། སྟོད་འཚངས་ཀྱི་བཅོས་བདུད་རྩི་རྦ་རླབས། རླུང་ལྕེ་སྤྱང་མགོའི་བཅོས་པུས་མོ་བདེ་བསྐྱེད། ཁམས་འདུས་སྲོག་རླུང་འཇོམས་པའི་རྡོ་རྗེ། མཁྲིས་པ་ཤ་ཡའི་བཅོས་བདུད་རྩི་མེ་ལོང་། ཚད་གསར་གསོ་བ་ཐེངས་སོས་ཟླ་ཐིག །སྙིང་ཚད་གསོ་བ་བདུད་རྩི་རོ་ལྡན་ཟབ་བཅུད་སྙིང་པོ། གག་པའི་བཅོས་སྲོག་གི་ཆད་འཐུད་། ཁོང་ལྷོག་ནག་པོ་གཉན་སྲིན་གྱི་བཅོས་ཤིན་ཏུ་ཟབ་པ་འཆི་བླུ་བདུད་རྩི་ཐིགས་འཕྲེང་། ཁོང་ལྷོག་ནག་པོའི་བསྲུང་བ་རྟོག་མེད་མཚོན་ཆ་འཁོར་ལོ། གཟེར་བཅོས་འཆི་བ་བཤོལ་འདེབས། དེའི་ཞལ་གདམས་སྤྲ་འཁྲིད་ཡིག་ཆུང་། སྨིན་སྦྱོར་ལྦ་པ་རྒྱུན་གཅོད། འཕྲུ་བཤལ་བདུད་རྩིའི་ཆུ་རྒྱུན། སྲིན་བཅོས་སྦྱོར་བ་སྲོག་སྟེང་། འཁྲུ་ནད་གསོ་བ་འཕྲུལ་གྱི་ཐེམས་གཟེར། རྒྱུ་རྒན་གྱི་བཅོས་བདེ་བ་མྱུར་བསྐྱེད། མགོ་སྨན་གསང་བ་ལྔ་སྦྱོར། རྨ་བཅོས་བདུད་རྩིའི་ཐིགས་འཕྲེང་། གཉའི་ཕྱག་ལེན་ཁྲག་བཅོད་བསླུ་མེད་ངེས་སྟེར། འབྲས་བཅོས་ཤ་རུས་རྩའི་གདུང་སེལ། འབྲས་བཅོས་གསང་བ་ཕུགས་འཚོ། ལྡན་དུག་སེལ་བ་བདུད་རྩིའི་དབྱིག་ཤེལ། རྐང་འབམ་གསོ་ཐབས་ངོ་མཚར་གསང་མཐོ། མོ་ནད་སྒོས་བཅོས་བདུད་རྩི་པད་དཀར་འཕྲེང་བ། དབང་ལྔ་བདེ་ལྡན་ཞལ་གདམས། སྐད་བཅོས་ཚངས་དབྱངས་ཀུན་འདུས། དྲེག་གྲུམ་གསོ་བ་སྙན་བརྒྱུད་གདམས་པ།


GLG002_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་དུག་གི་ཞལ་གདམས་གསང་འཁྲིད། བྱང་ཁོག་ཡུལ་གྱི་ཐིག་འགྲེམས་གསལ་བའི་སྒྲོན་མེ། བཅུད་ལེན་བདེ་བའི་དཔག་བསམ། རིམས་བསྲུང་སྲོག་སྐྱོབ་རྡོ་རྗེའི་གོ་ཁྲབ། དུག་བསྲུང་བདུད་རྩིའི་སྙིང་ཐིག །ཚ་བ་སྤྱི་འཇོམས་སྦྱོར་བའི་ག་བུར། གྲང་བ་སྤྱི་འཇོམས་སྲོག་སྐྱོབ་ཐིགས་འཕྲེང་། མ་ནུའི་འཁྲུལ་འཁོར་བདུད་རྩིའི་ཆར་ཟིམ། དཀར་པོ་ཆིག་ཐུབ་ཀྱི་སྦྱོར་སྡེ་ངོ་མཚར་སྲོག་སྐྱོབ། རྩ་ལྷོ་སྦྱོངས་ཀྱི་མན་ངག་ལག་ལེན་སྙིང་འདྲ། སྨན་དཀར་གྱི་ལོ་རྒྱུས་ངེས་པ་རྣམ་རོལ་སྙན་གྲགས་ལྷའི་རྔ་ཆེན། དུག་བཅོས་ཡིད་བཞིན་ནོར་བུ། དེའི་ཞལ་གདམས་ཤོག་དྲིལ་དཀར་པོ། རྡོ་ཞུན་གྱི་ཞལ་གདམས་ཉེར་མཁོ་བསྡུས་པ་གསལ་སྒྲོན། ཚ་བཟེ་བདུད་རྩི་མེ་ལོང་། དངུལ་སྦྱོར་གསང་བའི་མྱུར་ལམ། རིགས་གསུམ་སྤྱི་འཇོམས་བདུད་རྩིའི་སྤྲིན་ཕུང་། ཁྱུང་ལྔ་མདོག་བཞིའི་ཞལ་གདམས། རྣག་ཆུ་སིམ་སྐེམས་བདུད་རྩིའི་གསང་ལྡན། བདུད་རྩི་འོ་མ་འཛིན་གྱི་སྤྱི་འཇོམས་འདུ་བ་སྤྱི་སྙོམས། མེ་མཉམ་ཆེན་མོའི་སྦྱོར་བ། གདོན་བཤལ་གནམ་ལྕགས་ཐོག་མདའ། བསེ་རུ་བཞི་པའི་ཞལ་གདམས། རིལ་ནག་ཆེ་འབྲིང་ཆུང་གསུམ་གྱི་གསང་དོན་གསལ་བྱེད་འཆི་མེད་ནོར་བུ་རྣམས། གཉིས་པ་བུ་ཡིག་གི་སྐོར་ལ། དཀར་ཆག་ནོར་བུའི་འཕྲེང་བ། དེ་ལས་བྱུང་བའི་གདམས་པ་ལ། གཙུག་བཤལ་སྦྱོར་བ་བདེ་ལྡན། མགོ་སྲིན་གསོ་བ་ཡ་མ་དྲུངས་འབྱིན། འདམ་རུའི་མན་ངག །འདམ་ཆིངས་འཕྲུལ་གྱི་རྒྱ་མདུད། ཟུག་རྔུ་མདེའི་སྙེལ་བརྟག་པ་ལྕགས་རྔ་དབྱུག་པའི་སྦྱོར་བ། ལྦ་བཅོམ་ཤ་ལྷག་མྱུར་འཇོམས། ཡ་མ་དྲུངས་འབྱིན། མགོ་རླུང་གི་བཅོས་གུ་གུལ་ནག་པོའི་སྦྱོར་བ། ཆུ་ནད་ཀྱི་སྒོས་


GLG002_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས། ཟ་ཕྲུག་གི་བཅོས། རྟ་བོང་གི་ཆང་འཐུང་། གཉན་ནད་སྤྱི་འཇོམས་ཀྱི་འབྱར་ཆེན་རེག་པ་ཟུག་ཞི། སྐྱེལ་དང་ཆུ་འཐུང་གཅད་འབྱོར། བདུད་རྩིས་ཁ་བྷེ་ཏའི་སྦྱོར་བ། སྒམ་བསྲེ་སྦྱོར་བའི་ཞལ་གདམས། ཟླ་ཤེལ་མྱུ་གུའི་སྦྱོར་བ། མེ་མཉམ་ཆེན་མོའི་སྦྱོར་བ། བདུད་རྩི་ཟླ་བའི་ཆུ་རྒྱུན། སྐྲངས་འཇོམས་ཀྱི་འབྱར་ཆེན། མུ་ཟི་སྨག་སྦྱོར་གྱི་གདམས་པ། ཁོང་སྲིན་སྙོལ་བའི་མན་ངག །སྨན་ནག་སྦྱོར་སྡེ་ཆེན་མོ། གློ་རྣག་ཡོད་མེད་བརྟག་པ་དང་སྐྲངས་རྣག་བརྟག་པ་གསལ་བའི་མེ་ལོང་། རྟ་བསྲུང་ཕོ་མོ་ཁྱུ་ཚོ། ཚལ་འཕྲུལ་བཤལ། མཁྲིས་པའི་གསེར་སྦྱོངས། དྲག་པོ་བཞི་སྦྱོར། བདུད་རྩི་མིང་ཅན་གྱི་སྦྱོར་བ། མགོ་རླུང་གི་བཅོས་བདུད་རྩི་བུམ་བཅུད། འབྲུམ་པའི་སྨན་སྦྱོར་ཚེ་སྦྱིན་ལྕགས་ཀྱུ། མཁལ་གྲུམ་སྨན་གྱི་ཞལ་གདམས། བོང་ང་ཆིག་དྲིལ་གྱི་མན་ངག །བདུད་རྩི་ཉི་ཞུན་གྱི་སྦྱོར་བ། རུས་འདུལ་སྦྱོར་བ། རིམས་བསྲུང་རིལ་བུ་སེར་ཆུང་། མན་ངག་ཆུ་སེར་མེ་ལེན། གློ་རྡོལ་བཅོས་ཐབས་ཟུག་རྔུ་སེལ་བྱེད། མིག་གི་འདེབས་སྨན་བདུད་རྩི་ཕ་ལ། གོ་ཡུ་དགུ་སྦྱོར་གྱི་མན་ངག །མཚན་མ་ཤིང་རེངས་ཀྱི་སྦྱོར་བ། སྐད་སྨན་འཛམ་གླིང་འབྲུག་སྒྲ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ལ་ཐོག་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ། ལག་ལེན་མཐར་ཕྱིན་ཚེ་འབུམ། མཚུངས་མེད་བྱར་པོ་པཎ་ཆེན། མཁས་པ་ཟླ་བའི་དབང་པོ། སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོ། དྲང་སྲོང་བསྟན་འཛིན་རྒྱལ་པོ། དེ་སྲས་དྲང་སྲོང་དར་རྒྱས། སྨན་སྒོམ་ངག་དབང་དོན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །མཚོ་སྨད་མཁན་པོ་སྨན་


GLG002_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ཤཱཀྱ་དབང་ཕྱུག་གིས་མཛད་པའི་མན་ངག་ཀུན་གྱི་སྙིང་པོ་བསྡུས་པ་ལ་ནང་གསེས་ཀྱི་ནད་མ་སྨིན་པ་སྨིན་པར་བྱེད་པ་ཐང་གི་སྐོར། བསིལ་སྦྱོར་དྲི་མེད་ཟླ་བའི་ཆུ་རྒྱུན། ཚད་རིམས་མ་ལུས་འཇོམས་པའི་དཔའ་བོ་སླེབ་ཆོག །ཚད་རིམས་ཉེས་ཚོགས་མི་སེལ་མེད་པའི་ཐར་ནུ་ལྔ་སྦྱོར། མཁལ་སྐྱེད་གྲང་ནད་ཀུན་སེལ། རིལ་སྦྱོར་མུ་ཏིག་འཕྲེང་མཛེས། ཐལ་སྦྱོར་ཁྱད་ཆོས་གསུམ་ལྡན། སྦྱོངས་བྱེད་བདུད་རྩིའི་ཆུ་རྒྱུན། གསལ་བྱེད་བདུད་རྩིའི་སྒྲོན་མེ། རིམས་བཅོས་བདུད་རྩིའི་བུམ་པ། གློ་བཅོས་དྲན་པ་འོད་གསལ། མཁས་པ་གསུམ་གྱི་ཁྲག་གཅོད། དམུ་ཆུའི་ཞལ་གདམས་མཐར་ཐུག །གཟེར་བཅོས་བདུད་རྩིའི་ཐིགས་པ། འབྲས་བཅོས་གསང་བའི་མྱུར་ལམ། གཟའ་བཅོས་རྡོ་རྗེའི་མཚོན་ཆ། རྨ་བཅོས་མཁའ་འགྲོ་སྙན་བརྒྱུད། རྔུལ་འདོན་བ་སྤུའི་སྒོ་འབྱེད། འབམ་བཅོས་བདུད་རྩི་ཆར་འབེབས། བར་རྟའི་ཞལ་གདམས། ཁྱི་དུག་སྡུག་བསྔལ་ཞི་བྱེད། བདུད་རྩི་བཙན་ལྡེའི་སྦྱོར་བ། དབྱུག་བཅོས་གནམ་ལྕགས་རྡོ་རྗེ་རྣམས་ལེགས་པ་ཐོབ་པའི་བརྒྱུད་པ་ནི། མཚོ་སྨད་མཁན་ཆེན་སྨན་བླ་ཤཱཀྱ་དབང་ཕྱུག་མཁས་མཆོག་བསོད་ནམས་རྒྱལ་པོ། རིན་ཅེན་སྡིངས་པ་སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོ། དྲང་སྲོང་བསྟན་འཛིན་རྒྱལ་པོ། གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་དེས་བདག་ཟ་ཧོར་བནྡེ་ལའོ། ༈ །གོང་སྨན་དཀོན་ཅོག་ཕན་དར་གྱིས་གསོ་རིག་གི་བསྟན་བཅོས་རྒྱ་མཚོ་ལྟ་བུའི་ནང་ནས་གདམས་པ་ཟབ་མོ་ཡིད་བཞིན་གྱི་ནོར་བུའི་འཕྲེང་བར་བསྡེབས་པ་ཉམས་ཡིག་གི་སྐོར་ལ། དཀར་ཆག་ཡིད་བཞིན་ནོར་བུ། དེ་


GLG002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་གདམས་པ་ལ། རླུང་ནད་མདོར་བསྡུས་བཅོས་པ། སྟོད་ཀྱི་རླུང་ནད་བཅོས་པ། བར་རླུང་བཅོས་པ། སྨད་ཀྱི་རླུང་ནད་བཅོས་པ། ཤ་ཡ་ནག་པོ་བཅོས་པ། ཚ་མཁྲིས་བཅོས་པ། གྲང་མཁྲིས་བཅོས་པ། བད་ཀན་སྐྱ་བོའི་རིགས་དྲུག་བཅོས་པ། སྨུག་པོ་ཚ་རྐྱེན་བཅོས་པ། སྨུག་པོ་གྲང་རྐྱེན་བཅོས་པ། སྨུག་པོ་བྱེར་བ་བཅོས་པ། སྨུག་པོ་འཐབ་པ་བཅོས་པ། མ་ཞུ་བ་བཅོས་པ། མ་ཞུ་བ་བད་ཀན་བཅོས་པ། ཚ་སྐྲན་བཅོས་པ། མན་ངག་སྐྲན་བཅོས་པ། དེའི་ཡིག་ཆུང་། གྲང་སྐྲན་བཅོས་པ། དམུ་ཆུ་གསོ་བ། ཆུ་ནད་ལྡན་པ་བཅོས་པ། དམུ་ཆུ་བཅོས་པའི་ཡིག་ཆུང་། དམུ་ཆུ་འཁྲུལ་སྦྱོང་། སྐྱེམས་ཀྱི་ཡིག་ཆུང་། ཉམས་ཀྱི་ཡིག་ཆུང་། ཚ་བ་སྤྱི་བཅོས། མ་སྨིན་ཚ་བ་བཅོས་པ། སྟོད་འཚངས་བཅོས་པ། སྙིང་ཚད་བཅོས་པ། གཟེར་བཅོས། འཁྲུགས་ནད་བཅོས་པ། སྟོད་འཁྲུགས་བཅོས་པ། གཟེར་རིམས་བཅོས་པ། ནག་པོ་གསུམ་འཁྲིལ་བཅོས་པ། གཉན་རིམས་བྱིན་ལོག་བཅོས་པ། འབྲུམ་བསྲུང་། འབྲུམ་བཅོས། བེ་གེ་བཅོས་པ། རྒྱུ་གཟེར་བཅོས་པ། དེའི་ཡིག་ཆུང་། གཉན་རིགས་ལྷོག་པ་བཅོས་པ། ཁྱིམ་པོ་བཅོས་པ། གཉན་ཚད་འབར་འབུར་བཅོས་པ། ཆམ་པ་བཅོས་པ། ཆམ་པ་གློ་ཀུན་བཅོས་པ། འགོ་ནད་བཅོས་པ། མགོ་སྲིན་བཅོས་པ། མགོ་རླུང་བཅོས་པ། མིག་ནད་རབ་རིབ་བཅོས་པ། ལིང་ཐོག་བཅོས་པ། རྣ་བ་ཕུས་འདེབས་བཅོས་པ། སྣ་ནད་བཅོས་པ། ལྕེ་ནད་བཅོས་པ། སོ་ནད་བཅོས་པ། སྙིང་ནད་བཅོས་པ། སྙིང་རླུང་བཅོས་པ། སྟོད་འཚངས་


GLG002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པ། དེའི་ཡིག་ཆུང་རིགས་གཉིས། ཁྲག་རླུང་བཅོས་པ། གློ་རྣག་བཅོས་པ། ཁྱུང་པོ་རྟོགས་ལྡན་ལུགས་ཀྱི་གློ་རྣག་བཅོས་པ། གློ་བ་བསྐམས་པ་འབྱར་གྱིས་བཅོས་པ། ལུད་པ་རྣག་ཁྲག་བཅོས་པ། གློ་བརྒྱལ་བཅོས་པ། གློའི་སྦུབས་རྣག་བཅོས་པ། མཆིན་བཅོས། མཆིན་པ་གློ་ལུ་བཅོས་པ། མཆེར་ནད་བཅོས་པ། མཁལ་ནད་བཅོས་པ། ཕོ་ནད་བཅོས་པ། གླང་ཐབས་བཅོས་པ། འཇུག་སྲིན་བཅོས་པ། འཁྲུ་བ་ཚ་གྲང་བཅོས་པ། དེའི་ཡིག་ཆུང་། ཐུར་སེལ་གྱེན་ལོག་བཅོས་པ། རྡེལ་ནད་བཅོས་པ། དྲེག་ནད་བཅོས་པ། གྲུམ་བུ་བཅོས་པ། གྲུམ་བུ་དཀར་ནག་བཅོས་པ། རྩ་ཁྲེས་བཅོས་པ། རྩ་བཅོས་ཉམས་ཡིག །པགས་ནད་བཅོས་པ། པགས་ནད་རེག་པ་འབུར་འཇོམས་བཅོས་པ། པགས་ནད་འཛེར་པ་བཅོས་པ། འབྲས་བཅོས། གཞང་འབྲུམ་བཅོས་པ། བར་རྟའི་ནད་བཅོས་པ། འབམ་བཅོས། འབམ་ནད་དགུའི་བཅོས། འབམ་ནད་མདོར་བསྡུས་ཀྱི་བཅོས། འབམ་ནད་འབྱར་གྱིས་བཅོས་པ། བྱིས་པའི་རྣ་རྩ་བརྟག་པ། བྱ་འདྲེ་བཅོས་པ། མོ་ནད་བཅོས་པ། གཟའ་ནད་བཅོས་པ། རྫས་ཆེན་བཅོ་བརྒྱད་ཀྱི་སྦྱོར་བ། རྨ་མེད་མན་ངག །ཁྱི་རྨ་བཅོས་པ། ཟུག་རྔུ་བཅོས་པ། མགོ་བཅོས། བྱང་ཁོག་གསང་དཔྱད། རྒྱུ་མ་སྤུ་འཁྲིལ་བཅོས་པ། རྒྱུ་མ་ལུག་པ་བཅོས་པ། ཁྲག་ངན་བཅོས་པ། ཡན་ལག་རྨ་བཅོས། ཚིགས་ཤོང་བཅོས་པ། དུག་བཅོས། ཐིག་ལེ་ཉམས་པ་བཅོས་པ། དངས་མ་འཕེལ་བ། ཆང་ནད་བཅོས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། གོང་སྨན་དཀོན་ཅོག་ཕན་དར་ནས་རིམ་པར། སེམས་དཔའ་ཆེན་པོ། དྲང་སྲོང་བསྟན་འཛིན་རྒྱལ་པོ། དེ་སྲས་དྲང་སྲོང་དར་རྒྱས། སྨན་སྒོམ་ངག་དབང་དོན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་


GLG002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པོ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །འབྲུམ་ནད་སྔགས་འཆོས་ཉམས་ཀྱི་ཡིག་ཆུང་ཟབ་པ་ས་སྙིང་གི་དཀྱིལ་འཁོར་དུ་ཆོངས་ཀྱི་མཐའ་ཅན་གྱི་བརྒྱུད་པ་ནི། ཤོང་ཆེན་བསྟན་པའི་རྒྱལ་མཚན། བླ་མ་བསམ་གཏན་རྒྱལ་མཚན། ཟུར་ངག་དབང་ཕུན་ཚོགས། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་རྣམ་ཐར་དུ། འཆི་མེད་གྲུབ་པའི་ཛོ་ཀིས་སྒོ་ཉལ་བྱས། །སྔོན་དུ་བྱས་པའི་བག་ཆགས་གསལ་བར་དྲན། །གནས་གསར་གུ་རུ་མ་ཧཱ་ཏ་པ་སི། འཕགས་ཡུལ་སྐྱེ་བོ་ཕལ་ཆེར་ཐལ་མོ་སྦྱོར། །ཞེས་པ་ལྟར། མཁྱེན་བརྩེའི་ཞབས་དགུང་ལོ་བཅུ་བདུན་གྱི་ཚེ་རྒྱ་གར་ནུབ་ཕྱོགས་ནཱ་གི་རྐོ་ཊའི་རྒྱལ་པོ་སྲས་མ་ཎི་ཀ་ནཱ་ཐ་ཞེས་བྱ་བ་འཆི་མེད་གྲུབ་པའི་རྣལ་འབྱོར་པ་ཞིག་བྱོན་ནས་ངས་གུ་རུ་འཚོལ་བ་ལ་ལན་གསུམ་ཡོངས་པའི་སྔ་མའི་དུས་མའི་རུམ་ན་བྱས་པས་མ་མཐོང་། བར་མ་བྱིས་པ་ཆུང་ངུ་ཞིག་སྐྱེས་པ་ཞིག་གིས་བཟུང་ནས་འདུག་པ་རྒྱང་ནས་མཐོང་། ད་ལམ་ཕྲད་པ་འདི་ཡིན་གསུངས། ཨོ་རྒྱན་པདྨ་སྐུ་གསུམ་གྱི་སྒྲུབ་ཐབས་དང་། ཨ་བྷི་དྷ་ནར་གསུངས་པའི་ཕག་མོའི་བྱིན་རླབས་དང་བྷྲུ་རླུང་སོགས་གདམས་པ་མང་དུ་གནང་ཞིང་། སློབ་དཔོན་པདྨའི་སྐུ་ཟ་ཧོར་མ་རྒྱ་བཟོ་རྩོད་མེད་ཅིག་འདུག་པ་གཟིགས་པས་གུ་རུ་རྒྱལ་པོ་ལུགས་དཔེ་ཧར་གྱིས་བོད་དུ་སྤྲུལ་ཟེར་བ་དང་། བླ་སྒྲུབ་རཏྣ་གླིང་པའི་གཏེར་མ་དང་ཁྱད་མི་འདུག་པས་གཏེར་བརྫུས་མ་ཡིན་ཟེར་བ་རྣམས་ཀྱི་རྫུན་ཁུངས་རྣམས་རྡིབ་སྟེ་གསང་སྔགས་རྙིང་མ་ལ་ཐུགས་ལྷག་པར་ཆེས་ཤིང་རཏྣ་གླིང་པའི་སྔོན་གནས་རྗེས་སུ་དྲན་པའི་ལོ་རྒྱུས་ཀྱི་འཕྲོས་དོན་ལས་གསལ་བ། གསར་འགྱུར་ཨོ་རྒྱན་ཟབ་ལམ་སྐུ་


GLG002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བླ་མའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་ལ་ནང་གསེས་ཀྱི་རང་བྱུང་རྫུས་སྐྱེས་ཆོས་སྐུ་མཐིང་ནག་གི་སྒྲུབ་པ། རྡོ་རྗེ་བསྲུང་བ་ལོངས་སྤྱོད་རྫོགས་སྐུའི་སྒྲུབ་པ། མཚོ་སྐྱེས་རྡོ་རྗེ་སྤྲུལ་སྐུའི་སྒྲུབ་པ། དཔལ་མཚོ་སྐྱེས་རྡོ་རྗེ་སྐུ་གསུམ་སྒྲུབ་པའི་འགྲེལ་པ་ལོ་རྒྱུས་གདམས་སྐོར་དངོས་དང་བཅས་པ་རྗེ་བཙུན་ནུབ་ཕྱོགས་པའི་གསུང་གི་བདུད་རྩི་ལ་བརྟེན་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པའི་ལུང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། གྲུབ་ཆེན་ཛ་ཧ་པིར། རྗེ་བཙུན་ནུབ་ཕྱོགས་པ་མ་ཎི་ཀ་ནཱ་ཐ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །མཆོད་དཔོན་དཀོན་ཅོག་པ། ཁྱབ་བདག་དབང་ཕྱུག་རབ་བརྟན། ཀུན་མཁྱེན་མགོན་པོ་བསོད་ནམས་མཆོག་ལྡན། དྲིན་ཅན་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །བྷྲུ་རླུང་གི་གདམས་པ་ཟབ་མོ་རྗེ་བཙུན་ནུབ་ཕྱོགས་པའི་གསུང་བཞིན་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པའི་ལུང་། ཕྱག་ལེན། ཞལ་ཤེས་རྣམས་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། གྲུབ་ཆེན་ཛ་ཧ་པིར། རྗེ་བཙུན་བྷྲ་མ་ནཱ་ཐ། རྗེ་བཙུན་ནུབ་ཕྱོགས་པ་མ་ཎི་ཀ་ནཱ་ཐ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་གཞོན་ནུ་སྟོབས་ལྡན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཞ་ལུ་པ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་རྗེ་མཁྱེན་བརྩེ་ནས། འཕགས་མཆོག་བྱམས་པ་སྐལ་བཟང་། རྗེ་དབང་རབ་མན་སྔར་བཞིན་ནོ། རྗེ་བཙུན་ནུབ་ཕྱོགས་པས་གནང་བའི་ཡང་བཟློག་ཟབ་མོའི་བརྒྱུད་པ་ནི།


GLG002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དབང་མ་ཎི་ཀ་ནཱ་ཐ། ཀུན་མཁྱེན་མཁྱེན་བརྩེ། སྔགས་འཆང་གཞོན་ནུ་སྟོབས་ལྡན་མན་གོང་དང་འདྲ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ལ་མཁས་གྲུབ་དཔལ་ལྡན་རྡོ་རྗེས་གནང་བའི་ཚེ་དབང་ཉེ་བརྒྱུད་ཀྱི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མཁའ་འགྲོ་མ་གསང་བ་ཡེ་ཤེས། སློབ་དཔོན་པདྨ་ཐོད་འཕྲེང་། གྲུབ་བརྙེས་དཔལ་ལྡན་རྡོ་རྗེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །རས་ཆེན་དཔལ་འབྱོར་བཟང་པོ་ཐུན་མོང་མ་ཡིན་པའི་ཟབ་ཁྱད་མཁའ་འགྲོའི་ཁ་རླང་ཐུ་ལེ་པ་གསུམ་ཡོད་པའི་ནང་ནས། ཨོ་རྒྱན་པདྨ་སཾ་བྷ་ཝ་ལ་དངོས་སུ་གསན་པའི་ཚེ་དཔག་མེད་ལྷ་བཅུ་བདུན་མའི་ཚེའི་དབང་མདའ་འཕེལ་མར་གྲགས་པའི་ཆོག་སྒྲིགས་མཁན་ཆེན་ཞ་ལུ་པས་མཛད་པའི་འཆི་མེད་འབྱུང་བའི་སྟེང་ནས་ཚོམ་བུའི་དཀྱིལ་འཁོར་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོས་རྒྱུད་སྦྱངས་ཏེ་བསྐྱེད་རིམ་གསལ་བཏབ་ནས་གཟུངས་བཟླ་བ། རྫོགས་རིམ་དུ་བསྡུས་ཏེ་སྔགས་བཟླ་བ། བསྐྱེད་རིམ་དུ་ལངས་ནས་ཚེ་འགུགས་པ། བུམ་པ་ལ་བརྟེན་ནས་ཚེ་དཔག་མེད་རིགས་ལྔའི་དབང་། ཞར་བྱུང་ཚེ་དང་ཡེ་ཤེས་ཐམས་ཅད་བསྟིམ་པ། མཐའ་རྟེན་རྒྱལ་སྲིད་བདུན་བཀྲ་ཤིས་རྫས་བརྒྱད་དང་བཅས་པ། ལྷ་བསྟིམ་པ། ཚེ་གཟན། ཚེ་རིལ་གྱི་དབང་། དབང་ཆོག་འཆི་མེད་འབྱུང་བའི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད། སློབ་དཔོན་པདྨ་འབྱུང་གནས། རས་ཆེན་དཔལ་འབྱོར་བཟང་པོ། དེ་ལ་ཆོས་རྗེ་རྣམ་རྒྱལ་མགོན་པོ་དྲི་མེད་སྡེ་དང་། འཇམ་དབྱངས་བྱང་ཆུབ་དབང་རྒྱལ་གཉི་གས་གསན། གཉི་ག་ལ་ཡོངས་འཛིན་ཤཱཀྱ་ཀུན་


GLG002_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། དེ་ནས་མཁན་ཆེན་བྱམས་པ་བཟང་པོ། རིག་འཛིན་ཀུན་བཟང་ཆོས་ཀྱི་ཉི་མ། རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ་བཟང་པོ། མཁས་གྲུབ་ཤཱཀྱ་རྡོ་རྗེ། མདོ་པ་མཚུངས་མེད་དགེ་བའི་དབང་པོ། མཁན་ཆེན་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རས་ཆེན་པ་ནས། རྔོག་སྟོན་བྱང་ཆུབ་དཔལ་གྲུབ། རྗེ་བཙུན་ཤཱི་ལ་ར་སྨི། རྣམ་རྒྱལ་མགོན་པོ། བྱང་ཆུབ་དབང་རྒྱལ་མན་གོང་ལྟར་རོ། ༈ །གསང་བའི་ལུང་བསྟན་ལས། ཡང་ཞིག་གནུབས་བན་སངས་རྒྱས་ཡེ་ཤེས་ཉོན། །ད་ལྟ་ལྷ་སྲས་ཡབ་ཡུམ་སྲས་བཅས་ཀྱི། །སྐུ་ཡི་རིམ་གྲོ་བསྲུང་བའི་འཁོར་ལོ་དང་། །དྲག་སྤྱོད་མཐུ་ཡི་རྒོལ་བ་ཕྱིར་བཟློག་ནས། །བར་ཆད་བསལ་ཞིང་ཡོན་མཆོད་འབྲེལ་བའི་མཐུས། །མ་འོངས་བཞི་བཅུར་དུས་མཚུངས་འབྱུང་བར་ངེས། །སྨོན་ལམ་དབང་གིས་ཆོས་འདི་རྣམས་ཕྲད་ལ། །དམར་རྒྱན་བཟའ་ཡི་སྤྲུལ་པ་འཛམ་གླིང་མིང་། །ངན་པའི་རྟགས་བཞི་ཚང་དེས་མ་བསླུས་ན། །དཀྱིལ་འཁོར་འཛིན་པའི་ཆོས་བདག་ཉེར་གཅིག་སྟེ། །རྒྱལ་སྲས་ལྷ་རྗེའི་སྐྱེ་བ་ལུག་ལོ་པ། །མཆོག་དང་མ་ཎིའི་མིང་ཅན་དམ་པ་ནི། །རིག་འཛིན་སྔགས་ཀྱི་བདག་པོར་ཡོངས་ཀྱིས་བསྐུར། །འགྲོ་བའི་མགོན་པོ་ཀུན་ཏུ་སྣང་བར་བྱེད། །དེ་ཉིད་བདུད་སྤྲུལ་དབང་གིས་སྐྲ་བཅད་ན། །ལོ་སྐོར་གཅིག་གི་ཚེ་ཉམས་བསྟན་པ་འགྲིབ། །སླད་ནས་སྔགས་འཆང་ལྕང་ལོ་འཛིན་པ་གཅེས། །སྐྱེས་བུ་དེ་ལ་ཟབ་མོ་ཀུན་འདུས་ཀྱི། །གདམས་པ་འདི་ནི་ཡོངས་སུ་རྫོགས་པ་གཏོད། །ཅེས་པ་ལྟར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཡང་སྲིད་རྒྱལ་སྲས་བསྟན་པའི་འབྱུང་གནས་སམ་འཇའ་ཚོན་མེ་འབར་དང་མཁའ་འགྲོའི་དབང་ཕྱུག་རྩལ་དུ་གྲགས་པའི་


GLG002_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྐལ་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་སྐོར་བདུད་པོ་བླ་མཁར་གྱི་སྒོ་དྲུང་གཡས་པར་གཏེར་དུ་སྦས་པ་ལུང་བསྟན་བཞིན་རྟེན་འབྲེལ་ཅུང་ཟད་འཕྱུགས་པས་ཤོག་སེར་དངོས་མ་ལོན་ཡང་ཞིང་སྐྱོང་གི་མཁའ་འགྲོས་རྫོགས་པར་གནང་བའི་ཆོས་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཆོག་རྒྱན་གྱི་འཁོར་ལོའི་སྟེང་ནས་ཟབ་མོ་ཀུན་འདུས་ཀྱི་རྩ་བའི་དབང་ལ། དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བ། ཞིང་ཁམས་ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་ཁྱམས་གཅིག་ཏུ་རྫོགས་པ། བུམ་པས་སྣོད་རུང་། རྩ་གསུམ་སྐུ་འབག་གིས་སྐུ། གླེགས་བམ་བདུད་རྩིའི་པི་ཝཾ་གིས་གསུང་། མན་ཤེལ། ཁ་ཊྭཾ་མེ་ལོང་གིས་ཐུགས། གཏོར་མས་ཡོན་ཏན། ཕུར་པས་འཕྲིན་ལས་ཀྱི་དབང་། མཐའ་རྟེན་རྒྱལ་སྲིད་བདུན་རྫས་དང་བཅས་པ། དབང་ཆོག་བདེ་ཆེན་མྱུར་མགྱོགས་ཀྱི་སྟེང་ནས་བྱང་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་། ཕྱག་རྒྱ་ལ་བརྟེན་ནས་ཤེར་དབང་ཟུང་འཇུག་ཏུ་བསྐུར་བ་དང་བཅས་པ། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྨིན་གྲོལ་འོད་ཀྱི་འཁོར་ལོའི་སྟེང་ནས་ཚེ་བདག་ལྷ་བདུན་མའི་དབང་ལ། གསོལ་གདབ་ཞུ་འབུལ་ཚེ་འགུགས་སྔོན་དུ་འགྲོ་བའི་ཅོད་པན། བུམ་པ་ཡིད་དམ་སྐུ་འབག་གིས་རྡོ་རྗེ་གསུམ་གྱི་ཚེ་དབང་། ཐོད་འཕྲེང་རྩལ་གྱིས་ཀ་དག་འགྱུར་མེད་ཀྱི་ཚེ་དབང་། ལྷ་ལྕམ་ཡུམ་གྱིས་ལྷུན་གྲུབ་འཇའ་ལུས་ཀྱི་ཚེ་དབང་། བྱང་སེམས་སྐུ་བཅས་ཀྱིས་ལོ་བརྒྱ་ཐུབ་པ། འབྱོར་རྫས་སྐུ་བཅས་ཀྱིས་ཇི་ལྟར་འདོད་པ། གཏོར་མ་སྐུ་བཅས་ཀྱིས་བསྐལ་བ་དུ་མ། རིལ་བུ་སྐུ་བཅས་ཀྱིས་རྟག་ཏུ་གནས་པའི་ཚེ་དབང་། མེ་ལོང་གིས་བསྐྱེད་རིམ། འཕྲེང་བས་བཟླས་པ། མདའ་དར་གྱིས་རྫོགས་རིམ། རྗེས་


GLG002_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བླང་བ་དང་བཅས་པ། འཇའ་ཚོན་འོད་ཀྱི་དྲ་བའི་དཀྱིལ་འཁོར་དུ་རྩ་གསུམ་དྲིལ་བ་ལྡེམ་དགོངས་ཀྱི་ཡི་གེའི་སྟེང་ནས་སྐྲ་དབང་ལ་འཇུག་པ་དང་ཐུན་མོང་གི་ཆོས་སྔོན་དུ་འགྲོ་བའི་ཐུན་མོང་མ་ཡིན་པའི་གསོལ་གདབ་བྱིན་ཕབ་སྟེ། བླ་མའི་དབང་ལ་ཨོཾ་ཡིག །འཇའ་ཚོན། གདན་རབ་བྱུང་གི་ཆས། གླེགས་བམ། འཕྲེང་བ། ཐོར་ཚུགས། དར་ཚོན། འཕན་གདུགས། སྐུ་འབག་འཁོར་ལོ་མིང་དབང་དང་བཅས་པ། ཡི་དམ་ཆས་དབང་ལ། ཨཱཿ ཡིག །མའི་གུར། གདན་དུར་ཁྲོད་ཆས། དུང་ལོང་། ཨག་ཚོམ། ཕྱག་མཚན། སྐྲ། སྐུ་འབག །འཁོར་ལོ། མིང་དབང་དང་བཅས་པ། མཁའ་འགྲོའི་དབང་ལ། ཧཱུྃ་ཡིག །གདན། རྒྱན་དྲུག །ཐོད་པ། ཅང་ཏེ། ཁ་ཊྭཾ། མེ་ལོང་། སྐྲ། སོར་གདུབ། སྐུ་འབག །འཁོར་ལོ། མིང་དབང་། མཐའ་རྟེན་བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། སོ་མང་། ཁ་བ། ཐོར་ཚུགས་གླེགས་བམ་ཅན། གཏོར་དབང་དང་བཅས་པ། མཎྜལ་པདྨའི་དཀྱིལ་འཁོར་དུ་སྒྲུབ་ཐབས་དབང་ཡིག་གི་སྟེང་ནས་ཞིང་སྐྱོང་མཁའ་འགྲོའི་དབང་ལ་འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བ། སྐུ་འབག་གིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་། འཕྲེང་བས་ཉམས་ལེན། མཉམ་གཞག་གིས་མཐའ་སྒྲོལ། མཐའ་རྟེན་བཀའ་གཏད་གསུམ་གྱི་རྗེས་གནང་དང་བཅས་པ་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། ཚེ་ལམ་དཔལ་རིའི་དགོན་པར་ཡོངས་འཛིན་བྱའི་ཟླ་བའི་ཚེས་གསུམ་ནས་ཚེའི་རྐྱང་སྒྲུབ་ལ་གནས་པའི་ཞག་དྲུག་ཚེས་དགུའི་ནུབ་མོ་དག་སྣང་དང་པོ་ལས་འཕྲོ་གསལ་བྱེད་ལུང་གི་སྒྲོན་མ་ད་ལྟའི་འདི་ཉིད་ཡིན་ནོའི་མཐའ་ཅན། ཡོས་ལོ་བྱའི་ཟླ་བ་ལ་ལྷོ་བྲག་སེང་སྣ་ཤར་དུ་


GLG002_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཡང་ཟབ་ཀྱི་བསྙེན་པའི་དུས་ཚེས་དགུའི་སྔ་དྲོ་བྱུང་བའི་དག་སྣང་གཉིས་པ་ཐེམས་བྱང་ནོར་བུའི་བང་མཛོད་དག་པར་ཕེབས་པའོའི་མཐའ་ཅན། རྫོགས་ཆེན་ཟབ་མོ་ཀུན་འདུས་ཀྱི་སྔོན་དུ་འགྲོ་བའི་ཆོས་སྤྱོད་རྣམ་པ་བདུན་འཁྲིད་གཞུང་ནས་ཟུར་དུ་བཀོལ་བ་ཨདྨ་ཀོ྅ཧཾ་གྱི་མཐའ་ཅན། སློབ་མ་སྔགས་འཆང་རྒྱལ་པོའི་དོན་དུ་མཛད་པའི་བརྒྱུད་པའི་སྐྱབས་འགྲོ་ཕྱོགས་དུས་ཞིང་ཁམས་མ། བགེགས་གཏོར་བསྔོ་བ་རྩ་གསུམ་ཞིང་སྐྱོང་ཚིག་ལྷུག་མ། རྩ་བ་གསུམ་གྱི་ལས་ཀྱི་བྱང་བུ་སྦྱོར་དངོས་རྗེས་གསུམ་ཚང་ཡང་ས་མཚམས་མ་ཕྱེ་བར་སྦྲེལ་མར་བསྟན་པ་དོན་གཉིས་སྒྲུབ་པའི་བཀྲ་ཤིས་ཤོག་གི་མཐའ་ཅན། འགོར་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ཚོགས་ལ་སླེབས་པའི་སྐབས་ཞེས་ཡོད་པའི་ཚོགས་མཆོད་འབྱོར་པ་རབ་རྒྱས་གྲོགས་པོ་ཀུན་བཟང་རྒྱ་མཚོའི་ངོར་མཛད་པ། དཀྱིལ་འཁོར་དང་གཏོར་མའི་དཔེ་ཆུང་། ཆུ་ཕོ་བྱི་ལོ་བྱའི་ཟླ་བར་བདུད་འདུལ་སྔགས་པ་གླིང་དུ་གནུབས་སངས་རྒྱས་ཀྱིས་ཞུས་པའི་བུམ་པའི་དབང་ཆོག་རྒྱན་གྱི་འཁོར་ལོ་ལྔ་ལྡན་ཆོས་སྒོར་རབ་འབྱེད། འདོད་ཆགས་ལམ་ལ་མོས་ལྡན་སྐྱེས་བུའི་དོན་དུ་ལམ་འབྲས་བདེ་ཆེན་མྱུར་མགྱོགས་ཀྱི་དབང་ཆོག་གསང་བ་ཤེས་རབ་ཡེ་ཤེས་ཟུང་འཇུག་ཏུ་བསྐུར་བ་རང་གཞན་ཀུན་ལ་མ་བསྐུར་ཡ་འུད་སྲེས་ཀྱི་མཐའ་ཅན། ཚེའི་བར་ཆད་སེལ་བའི་རིག་མ་བཅུ་གསུམ་དང་མཆོག་སྟེར་ལྔ་སོགས་ཕྱག་རྒྱ་ཕོ་མོའི་མཚན་ཉིད་གསལ་བ་ཉི་ཟླ་ཟུང་འབྲེལ་སྐྱོན་བྲལ་ཁ་སྦྱར་འཁོར་བར་མི་འཁྱམས་འགྲོ་དོན་ཡིན་གྱི་མཐའ་ཅན། ཀ་དག་ལྷུན་གྲུབ་འབྲས་བུའི་དབང་བསྐུར་ནམ་མཁར་འོད་ཕུང་ཞིང་སྐྱོང་གི་ལྷ་མོས་མཁའ་འགྲོའི་དབང་ཕྱུག་རྩལ་ལ་གནང་བའོའི་མཐའ་


GLG002_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། བསམ་ཡས་བདུད་འདུལ་སྔགས་གླིང་དུ་ཨོ་རྒྱན་ཡབ་ཡུམ་གྱིས་གནུབས་ཀྱི་སྐྱེ་བར་དགོངས་ནས་གནང་བའི་བླ་མ་ཆོས་སྐུའི་སྒྲུབ་པ་སྣང་སྟོང་དབྱེར་མེད་འབྲུ་གསུམ་རྒྱ་ཅན། བདེ་གཤེགས་ཀུན་འདུས་པད་མ་འབྱུང་གནས་ལ་སྔགས་པ་བུདྡྷ་ནས་ཞུས་དོན་མཁའ་འགྲོའི་དབང་ཕྱུག་རྩལ་སྨོན་ལམ་དུ་བཏབ་པའི་ཡི་དམ་ལོངས་སྐུའི་སྒྲུབ་པ་མ་འགགས་རང་གསལ་འབྲུ་གསུམ་རྒྱ་ཅན། ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ཀྱིས་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་བར་གདམས་པའི་མཁའ་འགྲོ་སྤྲུལ་སྐུའི་སྒྲུབ་ཐབས་ཁམས་གསུམ་ཡོངས་སྒྲོལ་འབྲུ་གསུམ་རྒྱ་ཅན། སྒྲུབ་པ་གསུམ་གྱི་པྲ་རྟགས་མཁའ་འགྲོའི་གསུང་ལྟར་བསྒྲིགས་པ་ཉི་ཟླ་གསལ་སྒྲོན་དངོས་སློབ་ཐུགས་རྗེའི་མིང་ཅན་གྱི་དོན་དུ་ཕུབ་པ། བླ་མའི་ཐུགས་འཁྲིད་སྦྱོར་དངོས་རྗེས་གསུམ་གྱིས་སྟོན་པ་ཞིང་སྐྱོང་གི་མཁའ་འགྲོའི་གསུང་ལས་ཇི་ལྟར་ཕྱུང་བ་བཞིན་ཡི་གེར་འགོད་པ་མཁའ་དབྱིངས་ཀློང་གྲོལ་བཀའ་ཡི་བྱ་ར་ང་རང་བྱེད་དོ་བུའི་མཐའ་ཅན། ལྡེམ་དགོངས་ཁྱད་ཚིག་བཅོ་ལྔ་ཞེས་པ་གདེངས་ཆེན་བཅོ་ལྔའི་དོན་བཤད་ཐེག་མཆོག་མཛོད་དུ་གཟིགས་ཀྱི་མཐའ་ཅན། འགོར་ཨོཾ་སྟེང་འོག་ཕྱོགས་མཚམས་ཞེས་ཡོད་པའི་འཁྲིད་རྒྱབ་ཀྱི་བརྡ་དབང་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད་ཀྱི་མཐའ་ཅན། ཡི་དམ་གྱི་ཐུགས་འཁྲིད་ལྷུན་གྲུབ་འོད་གསལ་སྐོར་ཞིང་ཌཱ་གིའི་གསུང་རྒྱུན་ཇི་ལྟར་སྣང་བའི་སྒྲོན་མ་མཁའ་ཁྱབ་འོད་གསལ་ཁ་རིའི་མགུལ་གྱི་གནས་ཆེན་དུ་ཕབ་པ་ལམ་འབྲས་ཀྱི་འཁྲིད་སྐོར་རྣམས་དག་སྣང་གི་ལུང་བཞིན་བྲིས་པའི་མཁའ་འགྲོའི་ཐུགས་འཁྲིད་སྟེང་འོག་གི་ཆོས་སྒོ་བདེ་ཆེན་མྱུར་མགྱོགས་ཀྱི་འཕོ་འཁྲིད་རྫོགས་བྱང་གི་མཐའ་ཅན། ཆུ་ཤིང་གི་འཁར་བ་ལ་བརྟེན་ནས་ནམ་མཁའ་རྔུལ་ཆུའི་གདམས་པ་ཁྱད་པར་


GLG002_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། གསང་སྔགས་ཀྱི་སྐལ་པ་དང་ལྡན་པའི་མོ་རྣམས་གྲོལ་བར་བྱེད་པ་བདེ་ཆེན་ལམ་འཁྱེར་གྱི་འཁྲིད་ཡིག་སྙན་བརྒྱུད་མ་ཧཱ་མུ་དྲ་སྔགས་འཆང་གིས་ཐོས་པའོའི་མཐའ་ཅན། ཁ་སྐོང་དམ་ཚིག་པདྨའི་གསུང་བཞིན་ཌཱ་ཀིས་བསྟན་པ་ཇི་བཞིན་མ་ནོར་བར་བྲིས་པ་དགེ་སྡིག་ཤན་འབྱེད་ལེའུ་ཉེར་གཉིས་པ། ཁ་སྐོང་བོགས་འདོན་སྐོང་གི་ཆོ་ག་བརྒྱ་རྩ་ལྔ་པ་སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ་ཆུས་ཁྱེར་དགོན་དུ་ཕབ་པ། རྩ་བ་བདུད་ཀྱི་བར་ཆད་ཆོས་བརྒྱུད་འཇོམས་པའི་མཚོན་ཆ་ཞལ་གྱི་གདམས་པ་ཟབ་ཁྱད་མ་དགེ་བསྙེན་ཁ་རིའི་གནས་སྣོ་རར་ཕབ་པ། དབེན་གནས་འཇའ་དཀར་ཟུག་གི་དགོན་པར་བྱ་ཟླའི་ཚེས་བཅུའི་ནུབ་མོ་འོད་གསལ་དུ་ཤར་བའི་དག་སྣང་གསུམ་པ་རྨི་ལམ་དྲན་པའི་གསལ་འདེབས་ཞེས་པ་གསང་བའི་བསླབ་བྱ་རྫོགས་བྱང་གི་མཐའ་ཅན། ཟབ་མོ་ཀུན་འདུས་ཀྱི་ལུང་སྟོན་ཞིང་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་ཌཱ་ཀི་སྡེ་ལྔའི་སྒྲུབ་ཐབས་དབང་བསྐུར་གཏད་རྒྱ་དང་བཅས་པ། འཆི་བ་མེད་པའི་གདམས་པ་མཁའ་འགྲོའི་གསུང་བརྒྱུད་ཡི་གེར་བྲིས་པ་ཚེ་ཆོས་སྨིན་གྲོལ་འོད་ཀྱི་འཁོར་ལོ་སྔགས་འཆང་དཀར་པོ་བས་ཐོས་སོའི་མཐའ་ཅན། གནས་ཆེན་མཁའ་རའི་ལྷོ་འབད་འཇའ་དཀར་ཟུག་གི་དགོན་པར་འབྲུག་ལོ་བྱའི་ཟླ་བ་ལ་དག་སྣང་བྱུང་ཚུལ་སོགས་ཚེ་དབང་གི་ལོ་རྒྱུས་འཐུད་མ་ཆོས་རྗེ་རྡོ་ར་བའི་དོན་དུ་བྲིས་པ། ཚེའི་གནས་ལུགས་ཉམས་མ་ཉམས་གསོ་བ་སོགས་བསྟན་པའི་ངེས་ཞིག་གི་བཤད་པ་ཐོས་འཚེངས་ཡིད་ཆེས་བདེ་ཆེན་ཁོར་ཡུག་གི་སྒྲུབ་གནས་སུ་བཀོད་པ། ཞིང་སྐྱོང་གི་བསྐང་གསོ་བློ་ཡངས་མཐའ་བྲལ་ཕུན་ཚོགས་


GLG002_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྒུའི་འབྱུང་གནས་རྣམ་རྒྱལ་ཆོས་གླིང་དུ་མཛད་པ། སྔགས་སྲུང་ཤ་ཟ་ཁྲག་འཐུང་མཁའ་འགྲོ་མ་གཙོ་འཁོར་གྱི་རྒྱུན་གཏོར་སརྦ་གཙྪའི་མཐའ་ཅན། འབྲས་བུ་བཞི་ལ་ལོག་པ་འཆལ་བ་གཅིག་བུའི་དམ་ཚིག་གི་གྱད་ཚིག་བཀྲོལ་བ་རྩེ་མོར་གྱུར་པ་ཉིད་དོའི་མཐའ་ཅན། ལོག་ལྟའི་མཚམས་སྦྱོར་ཆེན་པོ་ཆེས་ངན་སོང་མྱོང་དགོས་རྒྱལ་པོའི་འགྱོད་བཤག་མདུན་བསྐྱེད་བླ་མ་བདེ་ཆེན་ལོངས་སྤྱོད་ཀྱི་གདམས་པ་སྔགས་སྲུང་གི་བཀའ་རྒྱ་ཡོད་དོའི་མཐའ་ཅན། སྨན་དཔྱད་རིམ་གྲོས་ཕན་པར་མི་ནུས་པའི་ནད་སེལ་མཚན་ལྡན་ཌཱ་ཀི་བཅུ་གསུམ་གྱི་ལུང་བསྟན་གསང་རྒྱ་དམ་པར་མཛད་ཀྱི་མཐའ་ཅན། འགོར་ཡང་གཅིག་གནུབས་བན་སངས་རྒྱས་ཡེ་ཤེས་ཉོན་ཞེས་ཡོད་པའི་ཆོས་བདག་ལུང་བསྟན་གསང་བའི་ལུང་བསྟན་འཁྲུལ་མེད་གསལ་སྒྲོན་ནས་ཟུར་དུ་བཀོལ་བ་སྙིགས་མའི་སེམས་ཅན་བསོད་ནམས་ཆེ་ཆུང་ཡིན་གྱི་མཐའ་ཅན། དབང་མོ་ཉི་ཤུ་རྩ་གཅིག་གི་གཟུགས་བརྙན་རྣམས་བཞུགས་ཚུལ། ཟབ་མོ་ཀུན་འདུས་ཕྲན་གཞུང་གི་རོལ་མོའི་རྣམ་གྲངས་བསྡུས་པ་རྣ་བའི་ཡིད་འཕྲོག་གཟིམས་དཔོན་ནོར་བུས་བསྐུལ་ནས་མཛད་པ། རྩ་གསུམ་ཞིང་སྐྱོང་མཆོད་པའི་དབྱངས་ཀྱི་མཚན་ཉིད་དཔེ་དགུ་ལྡན་སྣང་བ་དབང་སྡུད་ཟིལ་གནོན་སྦས་ཡུལ་ཁན་པ་ལུང་དུ་ཆོས་རྗེ་རྣལ་འབྱོར་པར་དབྱངས་འབུལ་དང་བསྟུན་ནས་མཛད་པ། དཔལ་མགོན་ཆོས་སྐྱོང་དམ་ཅན་འཁོར་བཅས་རྣམས་ལ་གཏང་རག་ཕྱིས་ཞུ་ད་ལྟའི་འཕྲིན་བཅོལ་གྱི་རྒྱུན་གཏོར་བསྐང་གསོ་ཁྱེར་བདེ་སྦས་ཡུལ་ཁན་པ་ལྗོངས་སུ་བཀོད་པ། སྐྲའི་ལམ་ལ་བརྟེན་ནས་རྩ་བ་གསུམ་དུ་འཇུག་ཐབས་མ་ཧཱ་ཡོ་གའི་སྐྲ་དབང་གི་རིམ་པ་མདོར་བསྡུས་རྩ་


GLG002_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དྲིལ་བ་ལྡེམ་དགོངས་དག་སྣང་ཕྲ་མོས་བསྐུལ་ནས་སྦྱར་བ། རྣལ་འབྱོར་པའི་སྐྲའི་དགོས་ཆེད་བྱིན་རླབས་འབྲས་བུ་མདོ་རྒྱུད་ཀུན་ནས་བཤད་ཚུལ་སྐྲ་ལུང་རིན་ཅེན་བང་མཛོད་བརྒྱུད་པ་ཟམ་མ་ཆད་བའི་མཐའ་ཅན། སྙིང་ཏིག་བདུན་གྱི་དགོངས་པ་བསྡུས་པའི་འཁྲིད་ཡིག་སྦས་དོན་གསལ་བྱེད་འོད་ཀྱི་དྲ་བའི་དཀྱིལ་འཁོར་ཞེས་པ་རྒྱ་འོད་ཀྱི་ཕུང་པོའི་རྨི་ལམ་དུ་བསྐུལ་བར་བརྟེན་ནས་དགེ་བསྙེན་མཁའ་རིའི་མགུལ་དུ་བྲིས་པ་རྣམས་ཀྱི་དབང་ལུང་ལེགས་པར་ནོས་པའི་བརྒྱུད་པ་ནི། ཆོས་སྐུ་རང་བྱུང་པདྨ་ཐོད་འཕྲེང་། ལོངས་སྐུ་རང་རྩལ་ཧེ་རུ་ཀ་པ། སྤྲུལ་སྐུ་རང་ཤར་ཡེ་ཤེས་མཚོ་རྒྱལ། གནུབས་ཀྱི་སྔགས་འཆང་སངས་རྒྱས་ཡེ་ཤེས། འདོད་འབྲས་སྩོལ་མཛད་ཞིང་སྐྱོང་མཁའ་འགྲོ་མ། ཆོས་བདག་མཁའ་འགྲོའི་དབང་ཕྱུག །མཚུངས་མེད་ཐུགས་རྗེ་ཀུན་ཁྱབ། མཁས་གྲུབ་ནམ་མཁའི་རྒྱལ་མཚན། ལྷ་བཙུན་གཏད་མེད་ཟང་ཐལ། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྒྱལ་སྲས་འཇའ་ཚོན་མེ་འབར་ནས། གྲུབ་བརྙེས་རིན་ཅེན་དར་རྒྱས། ཟབ་ལུང་མི་འགྱུར་དབང་རྒྱལ། ལྷ་བཙུན་གཏད་མེད་ཟང་ཐལ་མན་འདྲ། ༈ ཨཱ་ཙཪྻ་ས་ལེ་དང་རྗེ་བཙུན་རས་ཆུང་བའི་རྣམ་པར་སྤྲུལ་པ་སྣང་གསལ་བ་རིག་འཛིན་བཀྲ་ཤིས་རྒྱ་མཚོས་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་དང་དག་སྣང་གི་ཚུལ་དུ་མཇལ་ནས་གསན་པའི་ཚེ་དཔག་མེད་ཧྲཱིཿགཅིག་མ་ཞེས་སྙན་བརྒྱུད་བཀའ་རྒྱ་མའི་སྐོར་ལ། སྐྱབས་སེམས་གསོལ་གདབ་བྱིན་འབེབས་སྔོན་དུ་འགྲོ་བའི་བུམ་པས་སྐུའི་དབང་། ཐོད་པ་བདུད་


GLG002_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་གསུང་དབང་། གཏོར་མས་ཐུགས་དབང་། རིགས་ལྔ་ཅོད་པན་གྱིས་དབང་བཞི་ཡོངས་རྫོགས། གཏོར་མའི་དབང་དང་བཅས་པ་ནོས་ནས། ལུང་ལ་ཐེམས་ཅན་ཐེམས་མེད་གཉིས། དང་པོ་ལ། རིག་འཛིན་ཀུན་དགའ་ཚེ་མཆོག་གིས་ཁྱི་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་བསྒྲིགས་པའི་དཀར་ཆག་མུ་ཏིག་འཕྲེང་བ་ལྟར་ལོ་རྒྱུས་དབང་དང་བཅས་པ། ཆགས་ལམ་ལ་བརྟེན་ནས་ཚེ་སྒྲུབ་ཤིན་ཏུ་ཟབ་པ། དབང་བཞི་དམིགས་འཁྲིད་ཅེས་པ་རྒྱ་མཚོ་ཆེན་པོའི་དབུས་སུ་པད་སྡོང་གི་སྟེང་ནས་བདག་བསྐྱེད་ཚེ་དཔག་མེད་དང་གནས་ལྔར་ཚེ་དཔག་མེད་རིགས་ལྔ་སྒོམ་པ་མཾ་ག་ལཾ་ཞེས་སངས་རྒྱས་དབོན་པོས་མཛད་པ། ཧྲཱིཿགཅིག་མའི་འཕྲིན་ལས་ཉུང་འདུས་སུ་བྱུང་བ་ཟིན་བྲིས་སུ་བཀོད་པ། ཧྲཱིཿགཅིག་མའི་དབང་སྒྲུབ་དུས་སུ་ཚེའི་ཕོ་ཉ་བསྐུལ་ཞིང་ཚེ་འགུགས་པ་བཅོམ་ལྡན་མགོན་པོ་མ་དངོས་གྲུབ་སྩོལ་བའི་མཐའ་ཅན། ཚེ་འཁྲིད་ཟབ་མོ་ཉམས་སུ་ལེན་པའི་གདམས་པ་འཁོར་ལོ་ལྔ་མ་སྤྲེལ་ལོ་ཟླ་བའི་ཚེས་བཅོ་ལྔ་ལ་ཟངས་མདོག་དཔལ་རིའི་ཉམས་སྣང་ཤར་ཞིང་ཨོ་རྒྱན་རྗེ་དང་མཇལ་ནས་གནང་བ། ཨོ་རྒྱན་གྱི་ཞལ་གདམས་གབ་པའི་ཚུལ་དུ་བྱུང་བ་ཁྱོད་དང་འབྲེལ་བ་སུ་ཡོད་མ། དབང་གསུམ་པའི་རྒྱབ་ཡིག་ཞལ་ཤེས། ཚེ་སྒྲུབ་བུ་ཡིག་ཅེས་པ་ནམ་མཁའ་ཟ་བ། འཁྲུལ་འཁོར། རྫས་ཀྱི་ཚེ་སྒྲུབ་དང་བཅས་པ། ཚེ་སྒྲུབ་ཧྲཱིཿགཅིག་གདམས་པ་དར་བའི་དུས་ཀྱི་ལུང་བསྟན་གུ་རུའི་གསུང་ལས་བྱོན་པ་ཟིན་བྲིས་སུ་བྱས་པ། ལས་བྱང་ཨཱ་ཡུར་སིདྡྷི་དཔལ་ལྡན་དཀྱིལ་འཁོར་མ་སྤྲེལ་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ལ་ཟིན་བྲིས་སུ་ཕབ་པ། ཧྲཱིཿ གཅིག་མའི་དབང་རྒྱས་པ་མཐར་ཐུག་དགོས་འདོད་ཀུན་འབྱུང་བ་ཉིད་པདྨ་འབྱུང་གནས་ཀྱིས་


GLG002_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་རྫོགས་སོའི་མཐའ་ཅན། ཚེ་འགུགས་འགྱུར་མེད་རྡོ་རྗེ་མ་ཞར་བྱུང་ཚེ་སྦ་བསྟིམ་རྒྱས་བཏབ་གནད་བསྐུལ་དང་བཅས་པ་པདྨའི་སྙིང་ཁྲག་ལྟ་བུ་མཆོག་ཏུ་གསང་བའི་རྒྱ་ཅན། དབང་བསྐུར་ཡོངས་རྫོགས་གྲུབ་པའི་རྗེས་སུ་རྡོ་རྗེའི་ཚེ་འཛུགས་པ་ཧྲཱིཿ གཅིག་མའི་འཁྲིད་ཀྱི་རྒྱབ་ཆོས་ཡིད་ཆེས་ཁུངས་བཙུན་པར་བྱེད་པ་གཞི་ལམ་འབྲས་བུའི་འཁྲིད་དུ་གཟིགས་ཀྱི་མཐའ་ཅན། ཟབ་ཏིག་སྙིང་པོ་ཚེ་སྒྲུབ་རྡོ་རྗེ་གསང་བ་འདུས་པ་མཐར་ཕྱིན་པ་ས་མ་ཡའི་མཐའ་ཅན། ཉི་ཤུ་ལྔའི་ནམ་ཟ་ཟིལ་བར་སྣང་ཐམས་ཅད་ཚེ་དཔག་མེད་ཀྱིས་གང་ནས་གསུངས་པའི་ཚེ་སྒྲུབ་ཨཱ་ཡུ་དྷེ་ཝ། རིན་ཅེན་གཏེར་བུམ་གྱི་ནང་དུ་ཨོ་རྒྱན་ཆེན་པོ་བཞུགས་ནས་གསུངས་པའི་ལུང་བསྟན་ཞལ་གདམས་འོག་མ། ཐུགས་བཅུད་ཟབ་མོ་ཚེ་སྒྲུབ་ལྷ་རིགས་ལྔའི་སྒྲུབ་པ་གཅིག་ཏུ་དྲིལ་བ་ཧྲཱིཿ གཅིག་མའི་སྒྲུབ་པ་འོག་མར་གྲགས་པ། ང་དང་ཁྱོད་གཉིས་དབྱེར་མེད་གཅིག་པས་བརྒྱུད་པ་ལོགས་ན་འཚོལ་རྒྱུ་མེད་པས་སྔོན་དུ་རང་གིས་དབང་ཐོབ་པར་བྱས་ནས་བུའི་མཐར་ཐུག་ཨཱ་ནནྡ་ལ་སྦྱིན་པར་བྱ་བའི་ཧྲཱིཿ གཅིག་མའི་དབང་འོག་མ། བུམ་དབང་གི་ལྷན་ཐབས་རྩ་གསུམ་མཆོག་གསུམ་མ། ཚེ་འཁྲིད་ཀྱི་རྒྱབ་སྐྱོར་དོན་འཁྲིད་ནོར་བུའི་འཕྲེང་བ་ཞེས་པ་ཚེ་འཁྲིད་འོག་མ། ཚེ་འཁྲིད་ཀྱི་རྒྱབ་སྐྱོར་ཞལ་གདམས་ཟུར་དུ་བྱོན་པ། ཐུགས་རྗེ་བརྩེ་བས་བསྐྱངས་པའི་བུ་ལ་གནང་པའི་འཆི་མེད་རིག་འཛིན་སྒྲུབ་པའི་དབང་ཆོག་འོག་མ་བཀའ་རྒྱ་མ་རླུང་ཕྱོགས་ཙམ་ལའང་མི་སྟོན་པ། སྦྲུལ་ལོ་ཧོར་ཟླ་བཞི་པ་ཚེས་གཉིས་ཀྱི་ནུབ་རྐྱེན་དྲག་པོ་ཞིག་གིས་བསྐུལ་ནས་ཐུགས་སྐྱོ་བར་བརྟེན་མནལ་ལམ་དུ་རྔ་ཡབ་པདྨ་


GLG002_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་གཞལ་ཡས་སུ་སློབ་དཔོན་ཆེན་པོའི་ཞལ་མཇལ་ལུང་བསྟན་འོག་མ། ཧྲཱིཿ གཅིག་གདམས་པའི་ཟབ་དོན་རྒྱུད་ཀྱི་དགོངས་ཚིག་སྐལ་ལྡན་སྙིང་ལ་ཨ་ཐམ་རྒྱའི་མཐའ་ཅན། ཁྱབ་འཇུག་ཆེན་པོས་བཀྲ་ཤིས་རྒྱ་མཚོ་ཞལ་དངོས་སུ་བསྟན་ནས་གནང་བའི་ཧྲཱིཿ གཅིག་མའི་བཀའ་སྲུང་རྣམས། གཉིས་པ་ཐེམས་མེད་ལ། གསོལ་འདེབས་ཆོས་སྐུ་སྣང་མཐའ་མ། གསོལ་འདེབས་བདེ་བ་ཅན་ཞིང་མ། ཆུ་ཕག་ཧོར་ཟླ་ལྔ་པའི་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཨོ་རྒྱན་མཁའ་འགྲོས་ལུང་བསྟན་པའི་ཧྲཱིཿ གཅིག་མའི་དབང་སྒྲུབ་ཆེན་མོའི་བུམ་དབང་ཆེན་མོ། རྗེ་བཀྲ་ཤིས་རྒྱ་མཚོ་དགུང་ལོ་རེ་ལྔ་བཞེས་དུས་མནལ་ལམ་དུ་བུ་མོ་རུས་རྒྱན་ཅན་ཞིག་གིས་དར་གདན་ལ་བཏེག་ནས་ཟངས་མདོག་དཔལ་རིར་བྱོན་པའི་ལོ་རྒྱུས་མཇུག་ན་ཡོད་པའི་དབང་གོང་མ་གསུམ། ཧྲཱིཿ གཅིག་མའི་དབང་བཞིའི་ཉིང་ཁུ་དཔྲལ་བའི་མིག་དང་ཁོང་པའི་སྙིང་ལྟ་བུར་གཅེས་པའི་གདམས་པ་ཟབ་མོ་གུད་དུ་སྦས་པ། ཆུ་ཕག་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་གི་ཉིན་དབང་སྒྲུབ་ཀྱི་དུས་བྱུང་བའི་རྡོ་རྗེ་རྒྱ་མདུད་ཀྱི་དབང་བཞི་ཚེ་སྒྲུབ་ཐམས་ཅད་ཀྱི་སྙིང་པོ། ཧྲཱིཿ གཅིག་མའི་ལུང་བསྟན་གདམས་པའི་བྱུང་ཁུངས་ཆ་བ་དང་བཅས་པ། ཚེ་ལྷ་ཡབ་ཡུམ་ངོ་བོ་དབྱེར་མེད་པའི་ཚེ་སྒྲུབ་ཐམས་ཅད་ཀྱི་སྙིང་པོ་ཤིན་ཏུ་ཟབ་པ། ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་གདམས་པའི་སྙིང་པོ་རྣམས་ཐོབ་པ་ལས་ལོ་རྒྱུས་དབང་དང་བཅས་པའི་ཡི་གེའི་ལུང་མ་གཏོགས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། གྲུབ་མཆོག་བཀྲ་ཤིས་རྒྱ་མཚོ། དེ་སྲས་ཀུན་དགའ་ཚེ་མཆོག་


GLG002_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་ཡེ་ཤེས་གྲུབ་པ། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་སྩལ་ཏོ། །ལོ་རྒྱུས་དབང་དང་བཅས་པའི་ཡི་གེའི་ལུང་ནི། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་ནས། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །རྗེ་བླ་མ་ཟུར་ཆེན་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ནས་ཞག་གསུམ་སོང་བའི་ཐོ་རངས་ཉིང་འཁྲུལ་དུ་ལྷོ་ནུབ་ཕྱོགས་ཀྱི་ཐག་རིང་ཞིག་ལ་ཕེབས་ཁུལ་གྱི་ལམ་ཞོར་ལ་འདིའི་ཚེ་འཁྲིད་དེ་བྱེད་དུ་འོངས་པ་ཡིན་གསུངས་ཞིང་ཚར་གཅིག་གསུངས་པ་གསལ་བར་བྱུང་བས་ཟངས་མདོག་དཔལ་རིར་གཤེགས་པའི་ཞོར་དུ་དག་པ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་མངོན་ནོ། ༈ །ཆུ་མོ་གླང་གི་ལོ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ནུབ་བྱང་གནམ་མཚོའི་བཀྲ་ཤིས་དོ་བོ་ཆེར་མནལ་ལམ་གྱི་ཚུལ་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་པར་གནང་བའི་སྒྲ་མི་སྙན་པའི་ཚེ་སྒྲུབ་ཀྱི་སྐོར་ལ། ལས་བུམ་གྱིས་དྲི་མ་འཁྲུས་པ། བྱིན་འབེབས། བུམ་པས་སྐུ། བདུད་རྩིས་གསུང་། ཤེལ་རྡོས་ཐུགས། ཚེ་གཏོར་རྣམས་སྔོན་དུ་འགྲོ་བའི་ཏིང་ངེ་འཛིན་གྱི་ཚེ་དབང་དངོས། ཚེ་གཏའ་བསྡམ་པ་དང་བཅས་པའི་དབང་། དེའི་དབང་ཆོག་ལོ་རྒྱུས་ཀྱི་ཡི་གེའི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་མགོན། སྤྲུལ་སྐུ་པདྨ་ཐོད་འཕྲེང་། འབྲི་ཁུང་པ་ཆོས་ཀྱི་གྲགས་པ། སྔགས་འཆང་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ལུང་བསྟན་དྲི་མེད་གདུང་སེལ་ལས། །ཟབ་མོ་དོན་བསྡུས་སྙིང་


GLG002_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི། །ལྷ་རི་རིན་ཅེན་རོལ་པའི་ཕུག །འོད་གསལ་དབྱིངས་ཀྱི་ཕོ་བྲང་དུ། །རྒྱལ་བས་བྱིན་བརླབས་དགོངས་པའི་གཏེར། །སྨིན་གྲོལ་མྱུར་རྩོལ་ཐུགས་ཀྱི་གཏེར། །བརྡ་དང་དབང་བསྐུར་དག་སྣང་གཏེར། །མཁའ་སྤྱོད་རྒྱལ་ཀུན་དབང་བཞིའི་གཏེར། །གཏེར་བཅུད་འདུས་པ་རྡོ་རྗེའི་ཚིག །ཅེས་དང་། ཤངས་རྩེ་ལྗགས་དང་ཕྱག་མཛུབ་ལ། །ཨ་དཀར་མཚན་པ་ཕྱི་ཡི་རྟགས། །ཐུགས་གཏེར་མི་བརྗེད་གཟུངས་ཉིད་ཀྱིས། །དབང་ཐོབ་བདེན་པས་དགོངས་དོན་གསལ། །རང་གྲོལ་རྟོགས་པ་ནང་གི་རྟགས། །མགྲིན་པའི་ཀློང་གྲོལ་གསང་བའི་རྟགས། །རྟགས་གསུམ་ལྡན་པའི་སྐྱེས་བུ་ལ། །ཞེས་ཆོས་དང་གང་ཟག་ལུང་བསྟན་པ་ལྟར། བྲག་དཀར་བཀྲ་ཤིས་སྡིངས་སུ་ཀེང་སྨྱོན་ཧེ་རུ་ཀ་པ་ནམ་མཁའ་འཇིགས་མེད་ལ། རྨི་ལམ་དང་མངོན་སུམ་འདྲེས་པ་ལྟ་བུར་རྒྱ་གར་ཁ་ཆེའི་ཆ་ལུགས་ཅན་གྱི་བུ་མོ་ཞིག་གིས་ཁྱེད་ལ་བླ་མ་རིག་འཛིན་གྱི་སྲོག་སྒྲུབ་ཌཱ་ཀི་ཆོས་སྲུང་གི་སྙིང་ཐིག་གཅིག་དག་སྣང་གི་ཚུལ་དུ་འོང་ཞེས་ལུང་བསྟན་ཞིང་། མེ་ཕག་ལོར་ཌཱ་ཀི་སྙིང་གི་ཕུག་པར་ཐོ་རེངས་ཀྱི་ཆར་དག་སྣང་ཟབ་ཆོས་ཀྱི་ཆོས་བདག་ལུང་བསྟན་སོགས་ཆོས་བཀའ་རྣམས་རིམ་གྱིས་བྱུང་བའི་ཡང་གསང་ཨ་ཏི་བླ་མེད་ཀྱི་སྙིང་ཐིག་གདམས་པའི་སྲོག་འདུས་པ་མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་རམ་རིག་འཛིན་དུ་གྲོལ་བར་བྱེད་པའི་རིག་འཛིན་སྲོག་སྒྲུབ་ཀྱི་སྐོར་ལ། དབང་གི་སྟ་གོན་རྡོ་རྗེའི་ལྡེ་མིག །ཚེ་དབང་དམར་པོ་བཅུད་སྡུད། རིག་པ་རྩལ་དབང་གུད་དུ་སྦས། བཀའ་སྲུང་སྲོག་དབང་གི་ཡི་གེ་ཆ་ལག་དང་བཅས་པའི་སྟེང་ནས་མཎྜལ་


GLG002_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སིནྡྷུར་ལྔ་ཚོམ་གྱི་དཀྱིལ་འཁོར་དུ་སྟ་གོན་གྱི་ཆོས། ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་ཚེ་དང་ཡེ་ཤེས་ལྷན་དུ་འགུགས་པ། ཐོད་འཕྲེང་རིགས་ལྔ་ལ་བརྟེན་པའི་བུམ་དབང་། བྱང་ཆུབ་སེམས་ལ་བརྟེན་པའི་གསང་དབང་། ཤེལ་རྡོ། སྒྲོ་མདོངས། མེ་ལོང་། ཧྲཱིཿདམར། དྲིལ་བུ་ལ་བརྟེན་ནས་ཤེར་དབང་། མེ་ལོང་དང་དཔའ་བོ་སྡེ་ལྔའི་སྐུ་འབག་ལ་བརྟེན་པའི་རིག་པའི་རྩལ་དབང་། རྩ་རླུང་གིས་ཚེ་སྒྲུབ་པའི་ཆེད་དུ་ཚེ་ཆང་། བཅུད་ལེན་གྱིས་ཚེ་སྒྲུབ་པའི་ཆེད་དུ་ཚེ་རིལ། ཚེ་གཏོར་གྱི་དབང་། རྒྱས་གདབ། མཐའ་རྟེན་རིན་ཅེན་བདུན་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་བཅས་པ། ༼ཧེ༽རིག་འཛིན་སྲོག་སྒྲུབ་ཀྱི་དབང་། དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་ཐོད་འཕྲེང་རིགས་ལྔར་བརྟེན་པའི་བུམ་དབང་། ཤེལ་རྡོ་སོགས་དང་པོ་ཏི་གཏོད་པའི་གསང་དབང་། དྲིལ་བུ་དང་རིག་མའི་ཙ་ཀ་ལི་གཏོད་པའི་ཤེར་དབང་། མན་ཤེལ་ལ་བརྟེན་པའི་ཚིག་དབང་། རྩ་གསུམ་གྱི་གཏོར་མར་བརྟེན་པའི་ཡོན་ཏན་གྱི་དབང་། ཚེ་དབང་། ཚེ་རིལ། གནམ་ལྕགས་རྡོ་རྗེ། མདའ་དར་གྱི་རྒྱས་གདབ་བཅས་པས་ཚེ་དབང་༼ཧེ༽དམར་པོ་བཅུད་སྡུད། རིག་པ་རྩལ་༼ཧེ༽གྱི་དབང་། སྲོག་ཆུ་བུམ་པ། ཙཀ་ལི་མགྲིན་པ་སོགས་གནས་རྣམས་སུ་བསྐུར་བས་ཀླུ་བདུད་མུན་པ་ནག་པོ། སྲིན་པོ་ལང་ཀ་མགྲིན་བཅུ་མ་མོ་ཁྲག་རལ་ནག་མོ། བཤན་པ་སྤུ་གྲི་དམར་པོ་བཞིའི་སྲོག་དབང་། སྔགས་དབང་། བསྒྲལ་དབང་། གཏོར་དབང་། གཞུང་གི་དངོས་གྲུབ་ལེན་མཆོག་གཡང་འགུགས་མར་མེ་སྨོན་ལམ་དང་བཅས་པ་ནོས་ནས། འཁྲིད་ཡིག་འོད་གསལ་གཏེར་མཛོད་ཀྱི་སྟེང་ནས་ཉམས་འཁྲིད། ལུང་ལ་


GLG002_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐོར་དངོས་དང་རྒྱབ་ཆོས་གཉིས། དང་པོ་ལ། ཁ་བྱང་ཉི་མའི་དཀྱིལ་འཁོར། དེ་ལས་བྱུང་བའི་ཆོས་སྐོར་ལ། ལོ་རྒྱུས། བསྐྱེད་རིམ། རྫོགས་རིམ། བོགས་འདོན། ལུང་བསྟན། ལས་ཚོགས། རྐྱེན་བཟློག་བར་གཅོད་བགེགས་དཔུང་འཇོམས་པ་དང་བདུན། དང་པོ་ལ། ལོ་རྒྱུས་གབ་སྦས་རྡོ་རྗེའི་སྲོག་སྙིང་རིག་འཛིན་དགོངས་པའི་ལྡེ་མིག །ལྷ་རི་འོད་གསལ་སྙིང་གི་ཕུག་པའི་དག་༼ཧེ༽སྣང་དང་པོ་འཆི་མེད་ཚེའི་དངོས་གྲུབ། དག་སྣང་ལོ་རྒྱུས་༼ཧེ༽ཟབ་དོན་རྟོགས་པའི་སྒོ་འབྱེད་རྣམས། གཉིས་པ་བསྐྱེད་རིམ་ལ་སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་༼ཧེ༽ཟབ་དོན་ཡེ་ཤེས་སྒྲོན་མེ་ཐར་གླིང་སྣ་བའི་རྒྱན་མཆོག །ལས་བྱང་ཟབ་དོན་བཻཌཱུཪྻའི་དོ་ཤལ་༼ཧེ༽ཁྲག་འཐུང་དཔའ་བོའི་མགུལ་རྒྱན། ལས་བྱང་ལ་མཉེན་ལྕུག་འཁྲིལ་བའི་སྨད་ལས་རྡོ་རྗེའི་དགའ་མ་ཚེ་སྒྲུབ་ཀྱི་ཁོག་འབུབས་༼ཧེ༽འཆི་མེད་དོན་གྱི་སྙིང་པོ། གཡང་འགུགས་༼ཧེ༽མེ་ཏོག་ཆར་སིལ། དབང་གི་སྟ་༼ཧེ༽གོན་རྡོ་རྗེའི་ལྡེ་མིག །ཚེ་དབང་དམར་པོ་བཅུད་སྡུད་༼ཧེ༽འཆི་མེད་གཉུག་མའི་བདུད་རྩི། ཚེ་དབང་རྒྱས་པར་བསྐུར་བའི་ཙཀ་ལིའི་རྒྱབ་ཡིག །ཚེ་རིལ་རྒྱས་གདབ། ཟག་བྲལ་འཆི་མེད་བདུད་༼ཧེ༽རྩི་མྱུ་གུ་བཅུད་ལེན་གྱི་དམིགས་རིམ། བདུད་དཔུང་ཕྱེ་མར་གཏོང་ཞིང་བར་གཅོད་རང་གྲོལ་གྱི་གསོལ་འདེབས་གནམ་ལྕགས་རྡོ་རྗེའི་འོད་ཕུང་། ཧྲཱིཿ ཧཱུྃ་དྲིལ་བའི་ཚེ་སྒྲུབ་༼ཧེ༽སྲུང་བའི་འཁོར་ལོ་ཧྲཱིཿ གཅིག་མར་ཡང་གྲགས་པ། ཚེ་སྒྲུབ་ཀྱི་ཡང་སྙིང་ཟབ་མོ་ཞར་བྱུང་ཚེ་སྒྲུབ་ཆིག་བརྒྱུད་དང་བཅས་པ་རྣམས། གསུམ་པ་རྫོགས་རིམ་ལ། འཁྲིད་ཡིག་གི་རྒྱལ་པོ་འཇའ་༼ཧེ༽གུར་འོད་གསལ་གྱི་གཏེར་མཛོད་མཁའ་འགྲོའི་དག་སྣང་། རྩ་བའི་ངོ་སྤྲོད་ཚིག་རྐང་


GLG002_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་མ་གཞུང་འགྲེལ་༼ཧེ༽འོད་གསལ་རྩེ་མོའི་རྒྱན། སྒོམ་མེད་ནམ་མཁའི་འཁོར་ལོ་ངེས་དོན་རིག་པའི་མཐོལ་གླུ། དབྱིངས་རིག་འཇའ་ཟེར་གྱི་ཐིག་ལེ་སྐྱེ་མེད་ཆོས་སྐུའི་ངོ་སྤྲོད་ཆེན་མོ་གབ་སྦས་ཀྱི་ཡང་རྩེ། དབང་ཆོག་རྡོ་རྗེ་སྙིང་པོ་རྫོགས་ཆེན་༼ཧེ༽གསང་བའི་ངོ་སྤྲོད་རིག་པ་རྩལ་དབང་གུང་དུ་སྦས་པ། དངོས་གཞིའི་དག་སྣང་ཕྱི་ནང་གསང་གསུམ་གྱི་ངོ་སྤྲོད་པདྨ་འོད་ཀྱི་དྲ་བའི་ཞིང་བཀོད། པདྨ་དྲ་བའི་གླིང་གི་སྨོན་ལམ་ཌཱ་ཀི་རོལ་པ་རྣམ་གསུམ་རྣམས། བཞི་པ་བོགས་འདོན་ལ། མུན་འཁྲིད་འཇའ་ལུས་ཟང་ཐལ་ཨུ་དུམ་ཝ་རའི་མེ་ཏོག་གསང་ཆེན་སྙིང་པོ་ངོ་སྤྲོད་ལག་བཅངས་མ། མུན་འཁྲིད་གསོལ་འདེབས་ལྷུན་གྲུབ་མདངས་ལྔ་མ། ཕག་མོའི་ལས་བྱང་ཟག་མེད་བདེ་ཆེན། ཕག་མོའི་སྐོང་བཤགས་སྒྲིབ་གཉིས་རང་གྲོལ། ཕག་མོའི་སྦྱིན་སྲེག་ལས་བཞི་མྱུར་འགྲུབ། གཏུམ་མོ་བདེ་ཆེན་པདྨའི་གྲུ་རྫིངས། དེའི་གསོལ་འདེབས་བཻཌཱུཪྻའི་ཆུ་རྒྱུན། འཁྲུལ་འཁོར་གསལ་བའི་ཆུ་རྒྱུན། འོག་སྒོའི་གདམས་པ་ཡང་ཟབ་བདེ་ཆེན་རྒྱ་མཚོ། ཕག་མོའི་རྫོགས་རིམ་ཆོས་དབྱིངས་སྒྱུ་མའི་སྙིང་ཐིག །ཟབ་དོན་སྙིང་པོ་རྨི་ལམ་འོད་གསལ་གྱི་འཁྲིད་གཞུང་། དེའི་འགྲེལ་པ་ཉི་ཟླའི་བླ་རེ། སྤྱོད་ཡུལ་དཔའ་བོའི་འཐོལ་གླུ། དེའི་འགྲེལ་པ་གསལ་བྱེད། མཁོ་བའི་མན་ངག་མཁའ་སྤྱོད་རྡོ་རྗེའི་ལམ་ཆེན་ཆོས་དབྱིངས་ཐར་གླིང་གྲུ་གཟིངས། འཕོ་བའི་མན་ངག་ཟབ་ཁྱད་ཅན། ཐེམས་མེད། བར་དོ་འཇའ་ཕུད་རང་གྲོལ་རྣམས། ལྔ་པ་ལུང་བསྟན་ལ། ཕྱིའི་ལུང་བསྟན་ཤེལ་གྱི་མེ་ལོང་། ནང་གི་ལུང་བསྟན་ཉི་འོད་རབ་གསལ། གསང་བའི་ལུང་བསྟན་མེ་བྱ་ཡན་གྱི་བསྟན་པ་གསོ་ཐབས། ཐང་ལྷའི་ལུང་དྲི་མེད་


GLG002_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་གདུང་༼ཧེ༽སེལ་ཨོ་རྒྱན་གསུང་གི་བརྡ་འགྲོལ་རྣམས། དྲུག་པ་ལས་ཚོགས་ལ། བདུད་རྩི་སྨན་སྒྲུབ་ཀྱི་ཁོག་འབུབས་༼ཧེ༽དངོས་གྲུབ་སྤྲིན་ཕུང་། བྱིན་འབེབས་མེ་ཏོག་ཆར་སིལ་ངོ་མཚར་ལྷའི་སྣང་བ། དམ་རྫས་སྐྱེ་བདུན་སྨན་སྒྲུབ་ཀྱི་ཆ་ལག་༼ཧེ༽ཡང་གསང་གནད་སྒྲུབ་ཞབས་བདུན་མ། དངོས་གྲུབ་ལེན་ཆོག་༼ཧེ༽ཡིད་བཞིན་རེ་སྐོང་། བདུད་རྩི་ལག་༼ཧེ༽མཆོད། མར་མེའི་སྨོན་ལམ་༼ཧེ༽འོད་གསལ་ཆོས་དབྱིངས་སྣང་བྱེད་རྣམས། བདུན་པ་རྐྱེན་བཟློག་པར་གཅོད་བགེགས་དཔུང་འཇོམས་པ་ལ། བཀའ་སྲུང་གི་མཆོད་འཕྲེང་གནམ་ལྕགས་མེ་ལྕེ་འཁྲུག་མ་དྲག་སྔགས་ལས་ཀྱི་ཐོག་རྒོད། རྩ་གསུམ་བསྐང་གསོ་ཀུན་བཟང་མཆོད་སྤྲིན་འདོད་འཇོའི་གཏེར། དྲག་པོ་བཀའ་སྲུང་གི་སྲོག་དབང་། རི་བོ་བསངས་མཆོད། ཆོས་ཀྱི་སྲུང་མ་ཐང་ལྷའི་མཆོད་སྤྲིན་མེ་ཏོག་འཕྲེང་བ། མདོས་མཆོད་༼ཧེ༽ཡིད་བཞིན་མཛོད་ཁང་། འབྲུབ་ཁུང་སྐྱེད་ཆོག་དང་དགུག་འདྲེན་ཕོ་ཉ་དགུ་བརྡུང་། དྲག་པོ་གནམ་ལྕགས་འབར་བའི་མཚོན་ཆ་དགྲ་དཔུང་འཇོམས་པའི་བཤན་དམར། བཞེས་སྒྲ་མེ་རླུང་འཁྲུག་པ་ལས་མཁན་གཤིན་རྗེའི་རྐན་སྒྲ། ལན་ཆགས་ཆུ་སྐྱུར། འཆི་བདག་བདུད་དཔུང་གཡུལ་བཟློག་སྲོག་བསྐྱེད་རྡོ་རྗེའི་འཕྲེང་བ། ལམ་གཏོར་བར་གཅོད་ཀུན་སེལ། ཐེམས་མེད། བརྟན་བཞུགས་བར་གཅོད་ཀྱི་གཡུལ་ལས་རྒྱལ་བ་རྡོ་རྗེའི་ཕ་ལམ། གླུ་རབས་ཡིད་བཞིན་འདོད་འཇོ། ཐེམས་མེད། ཚེ་སྒྲུབ་བདུད་དཔུང་སྲོག་གི་སྤུ་གྲི་རིག་འཛིན་བླ་མ་འདུས་པའི་སྐོང་བཤགས་གནམ་ལྕགས་ཁྲག་འཐུང་རོང་གི་དག་སྣང་མ། ནོར་བུ་ཀླུའི་གཙུག་ཏོར་གྱི་ལོ་རྒྱུས་རྣམས། ཐེམས་མེད། རྩ་བའི་གཉིས་པ་རྒྱབ་ཆོས་སྐོར་ལ། ཡིད་ཆེས་ཁུངས་བཙུན་ལོ་རྒྱུས་ཌཱ་ཀི་གསང་བའི་རྣམ་


GLG002_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་དངུལ་དཀར་མེ་ལོང་། དལ་འབྱོར་རྙེད་དཀའི་རྣམ་བཤད་འོད་གསལ་ལྡེ་མིག །ཚེ་མི་རྟག་པར་བསྟན་པ་འདུས་བྱས་སྒྱུ་མའི་རྣམ་བཤད་ངེས་འབྱུང་ས་ཞིང་སྟོན་པ། འཁོར་བའི་སྡུག་བསྔལ་བྱེ་བྲག་མདོར་བསྟན་རྒྱས་བཤད་ཀྱིས་གཏན་ལ་ཕབ་པ་བློ་གསལ་ངེས་དོན་སྒྲོན་མེ། སྐྱབས་འགྲོའི་ས་བཅད་ཆོས་དབྱིངས་ངེས་དོན་གྱི་མཛོད་ཁང་། སེམས་བསྐྱེད་ཆོས་དབྱིངས་འོད་གསལ་གྱི་གྲུ་རྫིངས། སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་གི་རྣམ་བཤད་བློ་གྲོས་སྣང་བའི་བདུད་རྩི། ལྟ་བའི་ལེགས་བཤད་༼ཧེ༽ཆོས་དབྱིངས་རོལ་པའི་རྒྱན་མཛོད། དབང་པོ་རབ་འབྲིང་ཐ་གསུམ་གྱི་སྒོམ་རིམ་༼ཧེ༽ས་ལམ་དང་སྦྱར་བ། འབྲས་བུའི་དགོངས་རྒྱན་༼ཧེ༽ངོ་མཚར་རོལ་པའི་མཛོད། ལྟ་བའི་དོན་གཉེར་གཅིག །འོད་གསལ་རྩེ་མོ་ལྷུན་གྲུབ་སྣང་བཞིའི་འཁྲིད་ཆོས་དབྱིངས་རྒྱན་གྱི་གན་མཛོད། ས་ཆོག་བུམ་གཏེར་དངོས་གྲུབ་འདོད་འཇོ། སཱཙྪའི་རིམ་པ་དངོས་གྲུབ་རེ་སྐོང་། བརྟན་བཞུགས་བར་གཅོད་ཀུན་སེལ་མཁའ་འགྲོ་བསུ་བཟློག་རྣམས། གཞན་ཡང་རིག་འཛིན་བི་མཱ་ལའི་ཐུགས་བཅུད་ཨ་ཏི་ཡང་གསང་འདུས་པའི་མན་༼ཧེ༽ངག་གི་སྙིང་པོ་གནམ་ལྕགས་དྲག་པོ་ཧཱུྃ་སྒྲུབ་རྡོ་རྗེའི་ཐོག་མར་མདའ་ལྷ་རིན་ཅེན་ཤེལ་ཕུག་ནས་ཡིད་བཞིན་རིན་ཅེན་འབར་བའི་ཁ་བྱང་དང་ལྷན་དུ་བྱུང་བ། མཁའ་འགྲོ་སྡེ་ལྔའི་བརྟན་བཞུགས་༼ཧེ༽གསང་མཆོག་གདོད་དབྱིངས་མ་རྣམས་ཐོབ་པ་ལས་ཧེའི་རྟགས་ཡོད་པ་མ་གཏོགས་པའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། ཨོ་རྒྱན་པདྨ་ཐོད་འཕྲེང་། ཀོང་སྨྱོན་ཧེ་རུ་ཀ་ནམ་མཁའ་


GLG002_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད། ཆོས་བདག་སྤྲུལ་སྐུ་ངག་དབང་པདྨ་འཕྲིན་ལས། ཟུར་ཀུན་མཁྱེན་རྩ་བའི་བླ་མ། དེས་བདག་ལའོ། །ཧེའི་རྟགས་ཡོད་པའི་དབང་ལུང་ནི། རྫོགས་ཆེན་པ་དངོས་ལ་ཟུར་རྩ་བའི་བླ་མས་གསན་ནོ། ༈ །གནུབས་སངས་རྒྱས་ཡེ་ཤེས་དང་དྲན་པ་ནམ་མཁའ་སོགས་དམ་པ་དུ་མས་སྤྲུལ་པའི་ཟློས་གར་རིག་འཛིན་ཆེན་པོ་འཕྲིན་ལས་ལྷུན་གྲུབ་ལ་ལྕགས་སྦྲུལ་ཧོར་ཟླ་ལྔ་པའི་ཉེར་ལྔའི་སྲོད་ཀྱི་ཆར་འོད་གསལ་གྱི་དུས་མཁའ་འགྲོ་མ་བདེ་ཆེན་རྒྱལ་མོས་བླང་དོར་གྱི་རིམ་པ་དང་ཚེ་འཕྲེང་གསལ་བར་སྟོན་པའི་ལུང་བསྟན། ཕྱག་བྱང་ཆུབ་གླིང་དུ་ཆུ་ལུག་སྣོན་གྱིས་ཉ་པའི་ཡར་ངོའི་ཚེས་བཅུའི་སྲོད་ལ་སློབ་དཔོན་ཆེན་པོར་གསོལ་འདེབས་གདུང་ཤུགས་དྲག་པོ་མཛད་པའི་མུས་ལ་འོད་གསལ་དུ་སོང་བའི་ཚེ་སྔར་གྱི་མཁའ་འགྲོ་མ་དེས་བམ་རོའི་རྫས་ལ་བརྟེན་པའི་ལུས་སྣང་སྟོང་རྩའི་རང་ཞལ་སྟོན་པ་སོགས་ངོ་མཚར་བ། ཡང་གནས་དེ་ཉིད་དུ་ཤིང་ཕོ་སྤྲེལ་ལོ་སྤྲེལ་ཟླའི་སྲོད་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཏང་བའི་ཐོ་རེངས་ཀྱི་ཆའི་འོད་གསལ་ཉིང་འཕྲུལ་ལ་སྔར་གྱི་ཌཱ་ཀི་དེས་སྣ་དྲངས་ཏེ་སྒྲུབ་གནས་བོན་ལུང་ཡིན་ཁུལ་ཞིག་ཏུ་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་དང་མཇལ་ནས་ཕྱག་མཚན་བུམ་པའི་ཁ་རྒྱན་གྱི་ནོར་བུས་བྱིན་གྱིས་བརླབས་པ་དང་། མཚོ་ནང་དུ་ཤེལ་གྱི་མཆོད་རྟེན་སོགས་ངོ་མཚར་བའི་གཟིགས་སྣང་གི་ལུང་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་པདྨ་མ་ཐོད་འཕྲེང་། ཇོ་མོ་ཡེ་ཤེས་འཚོ་རྒྱལ། མཁའ་འགྲོ་བདེ་ཆེན་རྒྱལ་མོ། རིག་འཛིན་འཕྲིན་ལས་ལྷུན་གྲུབ། མཚུངས་མེད་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །དེ་བཞིན་གཤེགས་པ་ལ་མུ་སྟེགས་ཀྱིས་


GLG002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དྲངས་པའི་ཚེ་བཅོམ་ལྡན་འདས་ཀྱིས་བདུད་སྤ་བཀོང་པའི་ཏིང་ངེ་འཛིན་ལ་ཞུགས་ནས་འཇིགས་བྱེད་ཐུབ་པ་ནག་པོའི་སྐུར་བཞེངས་པའི་ཆོས་སྐོར་ལ། བཅོམ་ལྡན་འདས་བདུད་སྤ་བཀོང་བའི་ཏིང་ངེ་འཛིན་ལ་ཞུགས་པའི་དོན་གསལ་བར་བྱེད་པའི་གཞུང་གནམ་སས་བགེགས་རབ་ཏུ་འཐག་པའི་འཁོར་ལོ་རིན་པོ་ཆེ་ཞེས་བྱ་བར་ནང་གསེས་ཀྱི་ལོ་རྒྱུས། བསྙེན་པ། སྒྲུབ་པ། ལས་སྦྱོར་གྱི་སྒོ་ནས་བསྟན་པ་ཇོ་བོ་ཡི་གེ་བདུན་པའི་རྣལ་འབྱོར་པ་པདྨ་བདེ་གཤེགས་འདུས་པ་རྩལ་གྱིས་མཛད་པ། རཱུ་པ་གསལ་བའི་ཡིག་སྣ་དགྲ་བརླག་ནག་པོ་སྦྱོར་མཆོག་གི་འཁོར་ལོ། འབྱུང་བ་ཕུགས་རྡུགས་ཀྱི་ཡིག་སྣ་འཐིབ་བྱེད་ནག་པོ་མུན་པའི་འཁོར་ལོ། ཡིག་སྣ་གསང་ཁང་ནག་པོ་ཆེན་པོ་གནམ་ལྕགས་འཁོར་ལོར་གྲགས་པ་བསྟན་པ་བསྲུང་བའི་མན་ངག་ཡེ་ཤེས་སྒྲོན་མེ། གནམ་ལྕགས་ཀྱི་འཁོར་ལོའི་སྔགས་འགོད་ཐབས་ཞལ་ཤེས་དམིགས་རྣམ་ཐམས་ཅད་འདྲ་བར་བྱའོའི་དོན་ནོའི་མཐའ་ཅན། སྔགས་རྒྱ་བཅོལ་བའི་ཡིག་སྣ་དབང་པོ་དཀྲུག་བྱེད་ནག་པོ་དུག་གི་འཁོར་ལོ། ཕྱག་རྒྱ་གསལ་བའི་ཡིག་རྒྱ་སྐོར་བྱེད་ནག་པོ་རླུང་གི་འཁོར་ལོ། བརྡེག་གཡབ་ཀྱི་ནུས་འདོན་དགྲ་གཤེད་ནག་པོ་སྤུ་གྲིའི་འཁོར་ལོ། སྔགས་ཐེམས་གསལ་བའི་ཡིག་སྣ་སྲོག་འཕྲོག་ནག་པོ་མེའི་ཙཀྲ། ཐུན་མཚམས་དབྱེ་བའི་ཡིག་སྣ་ཡེ་ཤེས་གསལ་བའི་འཁོར་ལོ། བཀྲོལ་བསྲུང་གི་ཡིག་སྣ་འཆི་མེད་བདུད་རྩིའི་འཁོར་ལོ། འཇིགས་བྱེད་ཐུབ་པ་ནག་པོའི་བསྙེན་པ། ལས་སྦྱོར་དམག་བཟློག །ལམ་གྱི་དགྲ་ཇག་འཆིང་བ་དང་བཅས་པ་ཆོས་སྡེ་གཅིག་ཏུ་ཚང་བ་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པོའི་མཐའ་ཅན་མངའ་རིས་པཎ་ཆེན་མཁྱེན་རབ་དབང་ཕྱུག་གིས་མཛད་པ། དེས་བུ་ཚ་ལ་ཕོ་བྲང་དུ་མཛད་པའི་ལས་བྱང་། གནམ་གྱི་འཁོར་


GLG002_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། སའི་འཁོར་ལོ། སོ་སོའི་རྒྱབ་ཏུ་འདྲི་བའི་ལས་བྱེད་འཁོར་ལོ། ཐུབ་པའི་ཕྱག །རྡོ་རྗེ་རྒྱ་གྲམ། བཅིང་པའི་རཱུ་པ། རེངས་པའི་རཱུ་པ། ཁུམས་པའི་རཱུ་པ། ཁྲག་ཏུ་སྐྱུག་པའི་རཱུ་པ། སྨྱོ་བྱེད་ཀྱི་རཱུ་པ། མགོ་འཁོར་བྱེད་པའི་རཱུ་པ། ངག་གནོན་རཱུ་པ། སྤྱིར་གསད་བའི་རཱུ་པ། བཙན་ཐབས་སུ་གསད་བའི་རཱུ་པ་ཤོག་ཁྲ་ཕྱག་ལེན་དང་བཅས་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས། ཀུན་དགའ་བོ། བྲམ་ཟེ་ཡེ་ཤེས་རྒྱལ་པོ། བྲམ་ཟེ་སྒེག་པ། དེ་སྲས་མ་ལོ། བྲམ་ཟེ་གསལ་སྒྲོན། བྲམ་ཟེ་ཁྲིམས་ཅན། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན། སློབ་མ་སངས་རྒྱས། སྲས་བུ་ཆེན། སྲས་ཁྲོ་ཞལ་ཅན། སྲས་ཞལ་དམར་ཅན། སྲས་ཞིག་པོ། སྲས་གཙང་པ་ཡེ་ཤེས་བླ་མ། སྲས་གྲགས་པ་འབར། སྲས་བཅུད་སྟེན། སྤྲེའུ་སངས་རྒྱས་ཡེ་ཤེས། ལྷ་སྡིངས་པ་བརྩོན་འགྲུས་ཤེས་རབ། བླ་མ་ཚར་སྟེང་པ། བླ་མ་ལྷ་རྗེ། སྔགས་འཆང་པ་ཚ་སྤེལ། ལྷ་ཆུ་པ་ཚེ་བདག །བླ་མ་ཤེས་རབ་ཡོན་ཏན་ནམ། ཡང་ན་ཡར་ཀླུངས་བདེ་ཆེན་པ། ཤར་པ་འཛིང་སྐྱ་ཐུལ་ཅན། དབུ་སྒོམ་ཏེ་སེ་བ། དམ་པ་ལྷ། དགེ་བཤེས་རིན་ཅེན་འོད། གཞོན་ནུ་བཟང་པོ། སློབ་དཔོན་ཀུན་རིན་ནས་རིམ་པར། པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། དེ་མོ་བ་ལྷ་དབང་ཕྱོགས་ལས་རྣམ་རྒྱལ། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །རྩ་བའི་བླ་མ་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཚེའི་རིག་འཛིན་བརྙེས་པའི་གྲུབ་པའི་སློབ་དཔོན་ཆེན་པོ་པཎྜི་ཏ་གསང་བ་ཤེས་རབ་བམ་པཎ་ཆེན་ལ་བ་དམར་པོར་གྲགས་པས་བོད་དུ་ལན་


GLG002_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱོན་པའི་བར་མའི་དུས་གདན་དྲངས་པའི་དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྒྱལ་མོ་ཞེས་རྗེ་ཁོལ་གཉིས་ལས་ཁོལ་མོ། དེ་ཡང་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་གཙོ་མོ་མི་བསྲུན་གཡག་མགོ་ཐོད་རློན་འཆང་དང་ཕུར་སྲུང་རེ་མ་ཏཱི། དྲེགས་པའི་སྡེ་དཔོན་སུམ་ཅུའི་ནང་ནས་མ་གཅིག་སྲིད་པའི་རྒྱལ་མོ་སོགས་མིང་བརྒྱ་མཚན་སྟོང་གི་རྣམ་པས་འཕྲིན་ལས་སྣ་ཚོགས་སྒྲུབ་ཅིང་། ནང་ལྟར་ངག་དབང་ལྷ་མོ་དབྱངས་ཅན་མ་དང་། གསང་བ་ལྟར་རྡོ་རྗེ་དབྱིངས་ཕྱུག་མའི་ངོ་བོར་བཞུགས་པ་འདོད་ཁམས་དབང་ཕྱུག་མའི་གཏོར་མ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་། བཟླས་ལུང་། ཕྱག་མཚན། གཏོར་མའི་བཀའ་བསྒོ་སོགས་ཐུན་མོང་མ་ཡིན་པ་ཤྲཱི་བྷ་དྲས་མཛད་པ་དང་ཐུན་མོང་བ་རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ནང་བཞིན་ཡིད་ཆེས་སྨིན་རྒྱས་སུ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། པཎྜི་ཏ་ལྭ་བ་དམར་པོ། ལྕེ་འབྱུང་གནས་བཟང་པོ། གནུབས་རྒྱལ་བ་ཡེ་ཤེས། ཞང་ལོ་ཙཱ་བ་པྲཛྙཱ་གུ་རུ། དེ་སྲས་ཞང་སཾ་གྷ་བྷ་དྲ། དེ་སྲས་ཞང་དཔལ་ཆེན་འོད་པོ། དེ་སྲས་ཞང་རྡོ་རྗེ་རྩེ་མོ། ཞང་དིང་རི་བ་ཉི་མ་འོད། ཞང་བསྟན་བཟང་པ་རིན་ཅེན་རྣམ་རྒྱལ། བསམ་བརླིང་པ་སངས་རྒྱས་འབྱུང་བ། འཇམ་དབྱངས་འཁོན་སྟོན་ཐུགས་རྗེ་རིན་ཅེན། བྱང་སེམས་རིན་ཅེན་མགོན་པོ། གཤེན་བླ་མ་ཉི་མ་བཤེས་གཉེན། རྟོག་གེ་པ་ནམ་མཁའ་རྡོ་རྗེ། འཇམ་དབྱངས་དཀར་པོ་དཔལ་རྡོ་རྗེ། རིན་པོ་ཆེ་ཆོས་བཟང་པོ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། ཡབ་ཆོས་རྗེ་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། པཎ་ཆེན་བསོད་ནམས་གྲགས་པ།
ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནས། གྱེ་ར་ལྷ་བཙུན་ལྷ་དབང་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་མན་འདྲ། ཡང་ན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས། པཎ་ཆེན་བཟང་པོ་བཀྲ་ཤིས། རྒྱུད་པ་བཀྲ་ཤིས་འཕགས། བརྒྱུད་པ་བརྩོན་འགྲུས་འཕགས། སྲས་ཁང་སྔགས་རམ་པ་བཟང་པོ་རྣམ་རྒྱལ། རྗེ་ཕ་བོང་ཁ་པ་མན་གོང་ལྟར། ཡང་ན་གཤེན་ཉི་མ་བཤེས་གཉེན་ནས། རྫོང་རི་པ་དཀོན་ཅོག་བཟང་པོ། བླ་མ་འཇམ་དབྱངས་མགོན་པོ། ལོ་ཆེན་ནམ་མཁའ་སྨོན་ལམ། འཕགས་མཆོག་ནམ་མཁའི་སྙིང་པོ། ལྷ་བཙུན་ནམ་མཁའ་རྒྱལ་མཚན། ཆོས་རྗེ་རྒྱལ་མཚན་དཔལ་བཟང་། གྲུབ་ཆེན་བསོད་ནམས་སེང་གེ །རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པའི་འབྱུང་གནས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་པ་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་དྲིན་མཉམ་མེད་ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ།


previousགནུབས་སངས་རྒྱས་ཡེ་ཤེས་ཀྱི་གདམས་པ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དུ་བ་དུམ་བུའི་སྐོར།next