Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
collapse section
 
  
  
  
  
  
  
  
  
  
  
  
  
 
  
  
  
སྒྲུབ་ཐབས་ཆུང་ངུ་སྣ་ཚོགས་རྩ་སྒྲུབ་ཕྱག་ལེན་དང་བཅས་པའི་བརྒྱུད་པ།
  
  
  
  
  
  
  


4 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསྒྲུབ་ཐབས་ཆུང་ངུ་སྣ་ཚོགས་རྩ་སྒྲུབ་ཕྱག་ལེན་དང་བཅས་པའི་བརྒྱུད་པ།next

སྒྲུབ་ཐབས་ཆུང་ངུ་སྣ་ཚོགས་རྩ་སྒྲུབ་ཕྱག་ལེན་དང་བཅས་པའི་བརྒྱུད་པ།


GLG002_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་གློ་བུར་དུ་བྱུང་ན་ཡེ་འབྲོག་བཙན་ཐབས་སུ་གཏོང་བ་སྟོང་དཔོན་ཚེ་བདུད་ནག་པོའམ་དམ་ཅན་བྱེས་ཆས་མར་གྲགས་པའི་སྒྲུབ་ཐབས་རྩ་བའི་ཡི་གེ །དེའི་ལག་ལེན་གསལ་བྱེད་ཀྱི་ཡི་གེ །བྱེས་ཆས་ཀྱི་གསང་བསྐུལ་བསྟན་སྲུང་དྲག་པོ་མ་རྣམས་ཐོབ་པ་ལས་རྩ་སྒྲུབ་ཕྱག་ལེན་བཅས་པའི་བརྒྱུད་པ་ནི། འཕུང་བོན་ནས་རིམ་པར། འབྲི་གུང་ཆོས་རྒྱལ་རིན་ཅེན་ཕུན་ཚོགས། མཚུངས་མེད་བཀྲ་ཤིས་རྒྱ་མཚོ། རྗེ་ཀུན་དགའ་ཚེ་མཆོག །ཟུར་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ། དེས་བདག་ལའོ། །ལག་ལེན་གསལ་བྱེད་དང་གསང་བསྐུལ་གྱི་ལུང་ནི། ཟུར་ཆོས་དབྱིངས་རང་གྲོལ་ནས། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །དགྲ་བོའི་འདུན་འགྲོས་ཚེ་བསོད་ནམས་ཐམས་ཅད་བཤིག་ནས་ཁ་འཕུང་དུ་གཏོང་བའི་ཆུ་གཏད་ནག་པོ་གྭའུ་ཆུ་བསྐྱུར་དུ་གྲགས་པ་ནང་གསེས་ཀྱི་རྩ་བ། རྫས་དང་དམོད་པ། རང་བསྲུང་། སྟེང་འོག་བར་གསུམ་གྱི་འཁོར་ལོའི་དཔེ་རིས་དང་བཅས་པ། སློབ་དཔོན་ཆེན་པོས་མངའ་བདག་རྒྱལ་པོ་ལ་གནང་བའི་གནོད་སྦྱིན་ཨ་པ་ར་ཙིཏྟའི་སྒོ་ནས་ཁ་མཆུ་བཟློག་པ། རྩོད་པ་བྱེད་དུས་རང་རྒྱལ་བ། འདུན་མ་བཤིག་པ། སྲི་གནོན་དང་བཅས་པའི་གདམས་པའི་ལུང་ཕྱག་བཞེས་ཀྱི་བརྒྱུད་པ་ནི། དཔལ་ཨོ་རྒྱན་ཆེན་པོ་ནས་རིམ་པར་
ཡུག་རྫོང་པ་མ་ཎི་ཨིནྡྲ་རཱ་ཛ། དེ་སྲས་མི་འགྱུར་རྡོ་རྗེ། དབྱངས་དཔོན་པ། གཞོན་ནུ་དོན་གྲུབ། ཟུར་ཆེན། དེས་བདག་ལའོ།


previousསྒྲུབ་ཐབས་ཆུང་ངུ་སྣ་ཚོགས་རྩ་སྒྲུབ་ཕྱག་ལེན་དང་བཅས་པའི་བརྒྱུད་པ།next