Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of མགོན་པོ་བེང་
[Clear Hits]


  
 expand section
  
  
  
  
  
  
  
 
  
 
  
  
  
  
  
  
  
སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཟངས་གླིང་མའི་ལུང་བརྒྱུད་ཇི་ལྟར་ནོས་པ་སོགས་ཀྱི་སྐོར།
  
  
  
  
  


3 occurrences of མགོན་པོ་བེང་
[Clear Hits]

 
previousསློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཟངས་གླིང་མའི་ལུང་བརྒྱུད་ཇི་ལྟར་ནོས་པ་སོགས་ཀྱི་སྐོར།next

སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཟངས་གླིང་མའི་ལུང་བརྒྱུད་ཇི་ལྟར་ནོས་པ་སོགས་ཀྱི་སྐོར།


GLG002_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཟངས་གླིང་མར་གྲགས་པ་དབྱངས་ཅན་མའི་སྤྲུལ་པ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ཞེས་མི་བརྗེད་པའི་གཟུངས་ཐོབ་པ་དེས་ཕྱི་རབས་དོན་དུ་ཨོ་རྒྱན་ཆེན་པོའི་ཐུགས་བརྒྱུད། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ཆེམས། ཐུགས་རྗེ་ཆེན་པོའི་ཡོན་ཏན་ཡི་གེའི་རིགས་སུ་བཏབ་སྟེ། ཁམས་གསུམ་ཟངས་ཁང་གླིང་དུ་གཏེར་དུ་སྦས་པ། ༈ མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་སྤྱན་


GLG002_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པ་ལེའུ་བཞི་བཅུ་རྩ་གཅིག་གི་ལུང་ནོས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མངའ་བདག་ཉི་མ་འོད་ཟེར། མངའ་བདག་འགྲོ་བའི་མགོན་པོ། མངའ་བདག་བློ་ལྡན། མངའ་བདག་བདུད་འདུལ། མངའ་བདག་མདོ་སྡེ་སེང་གེ །མངའ་བདག་པདྨ་དངོས་གྲུབ། མངའ་བདག་འཇམ་དཔལ་ནོར་བུ། མངའ་བདག་ཀུན་དགའ་རྒྱལ་མཚན། མངའ་བདག་ནོར་བུའི་མཚན་ཅན། མངའ་བདག་ཀུན་དགའ་འོད་ཟེར། མངའ་བདག་ཀུན་དགའ་འཕེལ། མངའ་བདག་ཀུན་དགའ་ལྷུན་གྲུབ། རིག་འཛིན་ཀརྨ་གུ་རུ། དཔང་སྟོན་ཀུན་མཁྱེན་དབང་ཕྱུག །ཁྲ་ཚང་བ་ཆེན་པོ་མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་མངའ་བདག་འགྲོ་མགོན་ནས། འཁྲུལ་ཞིག་མདོ་བོ་རས་པ། དབུས་པ་གྲགས་གསུམ། མངའ་རིས་པ་དཔལ་ལྡན་སེང་གེ །བླ་མ་བསམ་གྲུབ་རྒྱལ་མཚན། གྲུབ་ཆེན་དཀོན་ཅོག་མགོན། པཎ་ཆེན་པདྨ་དབང་རྒྱལ། མངའ་བདག་ཀུན་དགའ་ལྷུན་གྲུབ་མན་གོང་བཞིན་ནོ། ༈ །མངའ་བདག་ཉང་རལ་པ་ཅན་གྱིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་རྣམ་སྣང་སྐུ་རྒྱབ་གཏེར་སྒྲོམ་དབུས་མ་ནས་སྤྱན་དྲངས་པའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་ཡོངས་རྫོགས་ནོས་པའི་ཆོས་སྡེའི་རྣམ་གྲངས། ཐོག་མར་དབང་ལ། ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་དབང་བརྒྱ་རྩ་བརྒྱད། ནང་ལུས་དཀྱིལ་ལ་བརྟེན་ནས་ལྷ་དབང་བཞི་བརྒྱ་དང་སུམ་ཅུ། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་གསང་དབང་


GLG002_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། གསང་བ་བྷ་གའི་དཀྱིལ་འཁོར་དུ་གསང་དབང་དངོས་དང་རྡོ་རྗེ་སློབ་དཔོན་གྱི་དབང་ལ། བསྟེན་ཅིང་འཛིན་པའི་དབང་། འཆད་ཅིང་སྟོན་པའི་དབང་། སྒོམ་ཞིང་སྒྲུབ་པའི་དབང་། མཆོད་ཅིང་བསྟོད་པའི་དབང་། འཕྲིན་ལས་འགྲོ་བ་འདུལ་བའི་དབང་། རྡོ་རྗེ་རྫོགས་པའི་དབང་། ལྟ་བ་སྤྱི་འབྱམས་ཀྱི་དབང་། དེ་ལ་སོགས་པ་ཕྲ་ཞིབ་ཀྱི་དབང་དང་། རྫས་དབང་སུམ་ཅུ་སོ་ལྔ། གྲུབ་པ་ལུང་གི་དབང་། རྣལ་འབྱོར་རྒྱུན་གྱི་དབང་། བཀྲ་ཤིས་ཚེའི་དབང་རྣམས་ཐོབ། ལུང་ལ་ཐེམས་ཅན་དང་ཐེམས་མེད་གཉིས། དང་པོ་དཀར་ཆག་གསལ་སྒྲོན་གཞིར་བཞག་པའི་ཆོས་སྡེའི་རྣམ་གྲངས་ལ། རྒྱུད་ལུང་མན་ངག་གསུམ། དང་པོ་རྒྱུད་ཀྱི་སྐོར་ལ། སྤྱི་རྒྱུད་དང་སྒོས་རྒྱུད་གཉིས། དང་པོ་སྒྲུབ་སྡེ་ཀུན་གྱི་རྩ་བ་སྤྱི་རྒྱུད་ཆེན་མོ་ལྔ་ལ། བཅོམ་ལྡན་བདེ་བར་གཤེགས་པ་ཐམས་ཅད་འདུས་༼ཟུར༽པ་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་བཅོ་བརྒྱད་པ། བདེ་བར་གཤེགས་པ་འདུས་པ་ངེས་པར་འབྱུང་༼ཟུར༽བ་ཕྱི་མའི་རྒྱུད་ལེའུ་བཅུ་གཅིག་པ། བདེ་བར་གཤེགས་པ་འདུས་༼ཟུར༽པ་ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད་ལེའུ་ཉི་ཤུ་པ། བདེ་བར་གཤེགས་པ་འདུས་པ་༼ཟུར༽མ་ཚང་བ་ཁ་སྐོང་བའི་རྒྱུད་ལེའུ་གཅིག་པ་ཞུ་ལན་མང་པོ་ཅན། བདེ་བར་གཤེགས་པ་འདུས་པ་འབྱེད་པར་བྱེད་པ་༼ཟུར༽ལྡེ་མིག་གི་རྒྱུད་ཞི་ཁྲོའི་སྐབས་གཉིས་པོ་བསྡོམས་པས་ལེའུ་བཅུ་བདུན་པ་རྣམས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནའི་འགྱུར། གཉིས་པ་སྒོས་རྒྱུད་བཅུ་ལ། ཞི་བ་འདུས་པ་རྩ་༼ཟུར༽བའི་རྒྱུད་ལེའུ་བཅུ་གཉིས་པ། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་༼ཟུར༽ལེའུ་དགུ །ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་༼ཟུར༽ལེའུ་


GLG002_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ། གཤིན་རྗེ་འདུས་༼ཟུར༽པ་རྩ་བའི་རྒྱུད་ལེའུ་བདུན་པ། དབང་ཆེན་འདུས་༼ཟུར༽པ་རྩ་བའི་རྒྱུད་ལེའུ་བཅུ་གསུམ། ཕུར་པ་འདུས་༼ཟུར༽པ་རྩ་བའི་རྒྱུད་ལེའུ་བཅུ་གསུམ། མ་མོ་འདུས་༼ཟུར༽པ་རྩ་བའི་རྒྱུད་ལེའུ་བདུན་པ། རིག་འཛིན་འདུས་༼ཟུར༽པ་རྩ་བའི་རྒྱུད་ལེའུ་བཞི་པ། དྲེགས་པ་འདུས་པ་༼ཟུར༽པ་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ། དྲག་སྔགས་འདུས་༼ཟུར༽པ་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ་སྟེ་སྒོས་རྒྱུད་བཅུ་ནི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་དང་བཻ་རོས་བསྒྱུར་བ། གཉིས་པ་དེ་དག་གི་དགོངས་པ་འགྲེལ་བའི་གཞུང་ལ། བྱང་ཆུབ་སེམས་འགྲེལ་དང་། རྒྱ་གར་རིག་འཛིན་གྱི་འགྲེལ་པ་ཞར་བྱུང་དང་བཅས་པ་གཉིས། དང་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ལུང་ལྔ་ལས་ལེགས་པར་དྲངས་པའི་བཤད་པའི་མ་ལུང་ཆེན་པོ་སྡེ་ལྔ་ལ། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་། མཛད་པ་ཆོ་འཕྲུལ་ལྷའི་ལུང་། འཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང་། གསང་སྔགས་ངེས་པ་དོན་གྱི་ལུང་། གསལ་བར་བྱེད་པ་སྒྲོན་མའི་ལུང་རྣམས་ནི་སློབ་དཔོན་ཆེན་པོ་དང་བཻ་རོའི་འགྱུར། དེ་ལྔ་ནི་མདོ་རྒྱུད་ཀྱི་རྟོགས་པ་བསྡུས་པ་རྒྱུད་དོན་གོ་བར་བྱེད་པོའི་ཆོས་སྡེ་ཡིན་པས་མ་བུའི་རིམ་པ་གཞན་མེད་དོ། ༈ །གཉིས་པ་རྒྱ་གར་གྱི་རིག་འཛིན་རྣམས་ཀྱི་འགྲེལ་པ་ལ། ཕྱི་བཤད་ཐབས་གསལ་བར་བྱེད་པའི་མན་ངག །ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག །གསང་བ་བསྐྱེད་རྫོགས་སྲང་དུ་གཅུར་ཏེ་ཉམས་སུ་བླང་བའི་མན་ངག་དང་གསུམ། དང་པོ་ལ། སྤྱིའི་སྡོམ་ལྔ། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབས་ལྔ། སྒྲུབ་ཐབས་ཀྱི་སྦྱོར་བ་ཆེན་པོ་ལྔ་དང་བཞི། དང་པོ་ལ། གསང་སྔགས་ལུང་གི་བང་མཛོད། གསང་སྔགས་བཀའི་ཐ་རམ། གསང་


GLG002_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལུང་གི་ལྡེ་མིག །གསང་སྔགས་ལུང་གི་བཀའ་བསྒོ། སྒྲུབ་པ་ལུང་གི་བཀའ་བསྒོ་དང་ལྔ། དང་པོ་ལ། བཀའ་དང་བསྟན་བཅོས་ཀྱི་བང་མཛོད། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔས་བཤད་པའི་བང་མཛོད། ཐེག་པ་དགུའི་དགོས་བྱེད་གསུངས་པའི་བང་མཛོད། མུ་སྟེགས་གྲུབ་མཐའ་སུན་འདོན་པའི་བང་མཛོད། ཉན་ཐོས་གྲུབ་མཐའ་བཤད་པའི་བང་མཛོད། རང་རྒྱལ་གྱི་ལྟ་བ་བཤད་པའི་བང་མཛོད། བྱང་ཆུབ་སེམས་དཔའི་ལྟ་སྤྱོད་བཤད་པའི་བང་མཛོད། ཀྲྀ་ཡའི་གྲུབ་མཐའ་བཤད་པའི་བང་མཛོད། ཨུ་པའི་གྲུབ་མཐའ་བཤད་པའི་བང་མཛོད། ཡོ་གའི་གྲུབ་མཐའ་བཤད་པའི་བང་མཛོད། རྣལ་འབྱོར་ཆེན་པོའི་གྲུབ་མཐའ་བཤད་པའི་བང་མཛོད། རྗེས་སུ་རྣལ་འབྱོར་གྱི་གྲུབ་མཐའ་བཤད་པའི་བང་མཛོད། རྫོགས་པ་ཆེན་པོའི་གྲུབ་མཐའ་བཤད་པའི་བང་མཛོད། ཐེག་པ་བཅུའི་འཇུག་སྒོ། སྤྱོད་པའི་འཕྲིན་ལས། བསྲུང་བའི་ཚུལ་ཁྲིམས། རྟོགས་པའི་ལྟ་བ། སྒོམ་པའི་ཐབས་མཐར་ཕྱིན་པའི་འབྲས་བུ་སྟེ་དྲུག་ཏུ་བསྟན་པ། གསང་སྔགས་ཐམས་ཅད་སྒྲུབ་པ་བཀའ་བརྒྱད་དུ་འདུས་པའི་ཚུལ་དེ་དག་ལ། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་གའི་བསྒྲུབ་ལུགས་བཤད་པ་དང་བཅུ་གཉིས་བསྟན་པ་ལ་ཆོས་སྡེ་གཅིག་རྣམས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་རྒྱ་གར་གྱི་མཁན་པོ་བི་མཱ་ལ་མི་ཏྲ། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང་གནུབས་ནམ་མཁའ་སྙིང་པོ་རྣམས་ཀྱིས་མཛད་པ། གཉིས་པ་གསང་སྔགས་བཀའི་ཐ་རམ་ཞེས་སྒོ་ལྕགས་ཀྱི་དཔེར་བསྟན་པ། ཐེག་པ་སོ་སོའི་ལྟ་བའི་ཐ་རམ། སྤྱོད་པའི་ཐ་རམ། དེ་གཉིས་སུ་གོང་འོག་གི་བསྡུས་པར་བཤད་པ་རྒྱས་པར་བཤད་པ་བྱེ་བྲག་ཏུ་


GLG002_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ཐམས་ཅད་འདུ་བ་ཡིན་ལ། དེ་ཡང་ས་གཅད་གཉིས་སུ་བྱས་པའི་གསང་སྔགས་རྒྱུད་སྡེའི་ཆེ་བ་སྤྱིར་བཤད་པའི་སྐབས་གསུམ་དུ་ཡོད་པའི་མདོ་སྡེ་ལས་ཁྱད་པར་དུ་འཕགས་པ་བཀའ་རྒྱུད་སྡེའི་ཆེ་བ་དང་སྔགས་ཀྱི་ཆེ་བའི་ཡོན་ཏན་བཅུ་བཤད་པ་སོགས་སྒོམ་པའི་ཐ་རམ་དུ་འདུ་ཞིང་། གསང་སྔགས་རིག་སྔགས་གཟུངས་སྔགས་བཤད་པ་ནི་སྤྱོད་པའི་ཐ་རམ་དུ་འདུ། ནང་པ་ཉིད་ཀྱི་ཆེ་བ་བྱེ་བྲག་ཏུ་བཤད་པའི་སྐབས་ལྟ་བའི་ཐ་རམ་སྤྱིར་བཤད་པ་དང་། སྒྲུབ་པ་བཀའ་བརྒྱད་བྱེ་བྲག་ཏུ་བཤད་པའི་ཐ་རམ་རྣམས་ལ་ཆོས་སྡེ་གཅིག་ཏུ་བྱེད་པ་འདི་ཡང་མ་འབྱུང་གནས། བི་མཱ་ལ། བཻ་རོ་ཙ་ན། ནམ་སྙིང་བཞིས་མངའ་བདག་ལ་གཏད་དོ། ༈ །གསུམ་པ་གསང་སྔགས་ལུང་གི་ལྡེ་མིག་གམ་གསང་སྔགས་བཀའི་ལྡེ་མིག་ཅེས་བྱ་བ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། དེ་ལ་རྒྱུད་ལུང་མན་ངག་གསུམ་བྱེ་བྲག་ཏུ་བཤད་པའི་ལྡེ་མིག །རྒྱུད་འགྲོལ་བའི་མན་ངག་བཅུ་བཤད་པའི་ལྡེ་མིག །ཐབས་ཀྱི་མན་ངག་བཅུ་བཤད་པའི་ལྡེ་མིག །རྒྱུད་ཀྱི་མན་ངག་བཤད་པའི་ལྡེ་མིག །ལུང་གི་བྱེ་བྲག་བཤད་པའི་ལྡེ་མིག །མན་ངག་ཅུང་ཟད་བཤད་པའི་ལྡེ་མིག་སྟེ་སྤྱིའི་ལྡེ་མིག་དྲུག །འཇམ་དཔལ་སྐུའི་སྒྲུབ་ཐབས་བཤད་པའི་ལྡེ་མིག །པདྨ་གསུང་གི་སྒྲུབ་ཐབས་བཤད་པའི་ལྡེ་མིག །ཡང་དག་ཐུགས་ཀྱི་སྒྲུབ་ཐབས་བཤད་པའི་ལྡེ་མིག །བདུད་རྩི་ཡོན་ཏན་གྱི་སྒྲུབ་ཐབས་བཤད་པའི་ལྡེ་མིག །ཕུར་པ་འཕྲིན་ལས་ཀྱི་སྒྲུབ་ཐབས་བཤད་པའི་ལྡེ་མིག །མ་མོ་རྦོད་གཏོང་གི་སྒྲུབ་ཐབས་བཤད་པའི་ལྡེ་མིག་སྟེ་བྱེ་བྲག་གི་དྲུག །གོང་གི་སྤྱི་བྱེ་བྲག་བཅུ་གཉིས་པོ་སྤྱི་རུ་དགོས་པའི་སྔགས་ཀྱི་བྱེ་བྲག་བཤད་པའི་ལྡེ་མིག །ལྟ་བ་བཤད་པའི་ལྡེ་མིག །སྒོམ་པའམ་སྐུ་


GLG002_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ལྡེ་མིག །ཡེ་ཤེས་བཤད་པའི་ལྡེ་མིག །སྤྱོད་པ་བཤད་པའི་ལྡེ་མིག །དཀྱིལ་འཁོར་དང་ཞར་བྱུང་གནས་བཤད་པའི་ལྡེ་མིག །གདན་དང་ཞར་བྱུང་ས་བཤད་པའི་ལྡེ་མིག །ཐིག་དང་ཞར་བྱུང་ཚོན་བཤད་པའི་ལྡེ་མིག །མཚམས་གཅོད་བཤད་པའི་ལྡེ་མིག །བཤགས་པ་བཤད་པའི་ལྡེ་མིག །ལྷའི་དཀྱིལ་འཁོར་བཤད་པའི་ལྡེ་མིག །བསྙེན་སྒྲུབ་བཤད་པའི་ལྡེ་མིག །མཆོད་པ་བཤད་པའི་ལྡེ་མིག །ཚོགས་ལས་བཤད་པའི་ལྡེ་མིག །འཕྲིན་ལས་བཤད་པའི་ལྡེ་མིག །བསྐྱེད་རིམ་བཤད་པའི་ལྡེ་མིག །གཏོར་མ་བཤད་པའི་ལྡེ་མིག །སྦྱིན་སྲེག་བཤད་པའི་ལྡེ་མིགརོ་སྲེག་བཤད་པའི་ལྡེ་མིག །དབང་གི་ཆོ་ག་དང་ཞར་བྱུང་དམ་ཚིག་ཅུང་ཟད་བཤད་པའི་ལྡེ་མིག་སྟེ་རྒྱུད་ལུང་མན་ངག་གསུམ་ཚང་བསྡོམས་སུ་བཤད་པ་ལ། སྤྱི་ལ་དྲུག་བཤད་པའི་ལྡེ་མིག །བྱེ་བྲག་ལ་དྲུག་སྟེ་བཅུ་གཉིས་བཤད་པའི་ལྡེ་མིག །བྱེ་བྲག་ཏུ་ཉི་ཤུ། ཡོངས་བསྡོམས་སུམ་ཅུ་རྩ་གཉིས་ལ་ཆོས་སྡེ་གཅིག་ཏུ་བཤད་པ་སློབ་དཔོན་པདྨ་འབྱུང་གནས། བི་མཱ་ལ། བཻ་རོ་ཙ་ན། གནུབས་ནམ་མཁའི་སྙིང་པོ་བཞིས་དགོངས་པ་བསྡུར་ནས་མངའ་བདག་ལ་གདམས་པའོ། ༈ །བཞི་པ་གསང་སྔགས་ལུང་གི་བཀའ་འགོ་ལ། གསང་སྔགས་ཀྱི་དོན་ཐམས་ཅད་མཐར་དྲུག་ཏུ་བསྟན། ཐག་ཐམས་ཅད་ལྟ་བས་བཅད། ཐམས་ཅད་སྤྱོད་པས་དོར། དོན་ཐམས་ཅད་མན་ངག་གིས་བསྒྲུབ། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། ས་ལམ་གྱི་རིགས་ཐམས་ཅད་དབང་གིས་བགྲོད། གཞི་ཐམས་ཅད་དམ་ཚིག་གིས་གཟུང་བ་དྲུག་ནི། སྒྲུབ་སྡེ་སྤྱི་དང་བྱེ་བྲག་ཐམས་ཅད་ལམ་ཁྱེར་


GLG002_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཚིག་ཀློང་བརྡོལ་བ་མཁས་པ་མི་བཞིས་དགོངས་པ་བསྡུར་ནས་བསྟན་པ་ལ་ཆོས་སྡེ་ཆེན་པོ་གཅིག་ཏུ་བྱས་ནས་ལྷ་སྲས་མུ་ཁྲི་བཙན་པོ་ལ་གཏད་ཚངས་པ་ལྷའི་མེ་ཏོག་ལ་རྒྱས་བཏབ་བོ། །ལྔ་པ་སྒྲུབ་པ་ལུང་གི་བཀའ་འགོ་ལ། གསང་སྔགས་བཀའི་བྱུང་ཚུལ་དང་། སྒྲུབ་པ་སོ་སོའི་གདགས་ཚུལ་གུང་ཤིང་ལྟར་བཤད་ཅིང་སྒྲུབ་སྟེ་སོ་སོའི་དྲག་སྔགས་ཀྱི་སྒྲུབ་པ། སྒྲུབ་སྡེ་སོ་སོའི་མཐའ་བསྐྱེད་རྫོགས་གསུམ། རྒྱུད་ལུང་མན་ངག་གསུམ། རྣལ་འབྱོར་གསུམ། ཡོ་ག་གསུམ། ལྟ་སྤྱོད་སྒྲུབ་གསུམ། ལྟ་བའི་མཐའ་རྫོང་འཕྲེང་གཉིས། སྤྱོད་པའི་མཐའ་སྲོག་དང་སྲོག་འཕྲོག་པར་གཏན་ལ་ཕབ་ཚུལ་ཏེ་ཆོས་སྡེ་ཆེན་པོ་གཅིག་ཏུ་བྱེད་དོ། །གཉིས་པ་བརྒྱུད་ཀྱི་ཆིངས་ཆེན་པོ་ལྔ་ལ། ཁོག་འབུབ་སྟོང་ཐུན་གྱི་ཆིངས། ས་གཅད་ཚོམས་ཀྱི་ཆིངས། འགྲེལ་པ་འབྲུ་སྣོན་གྱི་ཆིངས། ཏི་ཀ་བསྡུས་དོན་གྱི་ཆིངས། ལག་ལེན་མན་ངག་གི་ཆིངས་སོ། །འདིའི་གོང་དུ་བསྣོལ་མཚམས་འཁྲུགས་སྡེབས་ཀྱི་ཆིངས་ཟེར་བ་འདུག་པ་གང་དུ་བསྡུ་དཔྱད། གསུམ་པ་ལུང་གི་སྡེབས་ལྔ་ལ། རྒྱུད་ལུང་དང་བསྡེབས་པ། ལུང་སྒྲུབ་ཐབས་དང་བསྡེབས་པ། སྒྲུབ་ཐབས་འཕྲིན་ལས་དང་བསྡེབས་པ། འཕྲིན་ལས་ལག་ལེན་དང་བསྡེབས་པ། ལག་ལེན་ཉམས་ལེན་དང་བསྡེབས་པའོ། ༈ །བཞི་པ་སྒྲུབ་ཐབས་ཀྱི་སྦྱོར་བ་ཆེན་པོ་ལྔ་ལ། རྩ་བ་སྒྲུབ་ཐབས་དང་སྦྱོར་བ། སྒྲུབ་ཐབས་འཕྲིན་ལས་དང་སྦྱོར་བ། འཕྲིན་ལས་སྒོམ་ཁོག་དང་སྦྱོར་བ། སྒོམ་ཁོག་རང་བཞིན་དང་སྦྱོར་བ། ཏིང་འཛིན་གདམས་པ་དང་སྦྱོར་བའོ། །དེ་ལྟར་ཆོས་སྡེ་ཉི་ཤུ་པོ་ཕྱི་བཤད་ཐབས་གསལ་བར་བྱེད་པའི་མན་ངག་ཡིན་ནོ། །གཉིས་པ་ནང་སྒྲུབ་


GLG002_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གསལ་བར་བྱེད་པའི་མན་ངག་ལ། ཞི་བ་དང་ཁྲོ་བོའི་སྐོར་ཏེ་གཉིས། དང་པོ་ལ་སྤྱི་བསྡོམས་སུམ་ཅུ་ལས་སྒྲུབ་ལུགས་རྣམ་པ་ལྔའི་ཆིངས་ཀྱིས་བཅིངས་པ་ཡིན་ལ། དེ་ལ་དམ་པ་རིགས་བརྒྱར་བསྒྲུབ་པ། སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བསྒྲུབ་པ། དེ་ཁོ་ན་ཉིད་རིགས་ལྔར་བསྒྲུབ་པ། གསང་ཆེན་རིགས་གཅིག་ཏུ་བསྒྲུབ་པ། ཞི་བ་ཕྱག་རྒྱ་རྐྱང་པའི་བསྒྲུབ་པ་དང་ལྔ། དང་པོ་ལ། ཞི་ཁྲོ་སྤྱི་ཁྱབ་ཏུ་དགོས་པ་དང་ཞར་བྱུང་དམ་པ་རིགས་བརྒྱའི་རྩ་བ་བཤད་པ། ལས་ཆེན། ལས་ཆུང་སྟེ་གསུམ། དང་པོ་ལ། ཞི་ཁྲོའི་དཀྱིལ་འཁོར་གྱི་ཆོ་ག་སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ནི། སྤྱི་ཁྱབ་ཏུ་དགོས་པ་རྒྱུན་བཤགས་ནར་མའི་ཆོས་སྤྱོད་ཡན་ལག་བདུན་པའི་བཤགས་བྱང་། བརྒྱུད་པའི་བྱིན་རླབས་འབེབས་བྱེད་ཚངས་པ་ལྷའི་མེ་ཏོག་གིས་མཛད་པའི་གསོལ་འདེབས་ཆེན་པོ་རྣམས་ནི་ཞི་ཁྲོ་ཐམས་ཅད་ལ་དགོས་པའི་ཆོས་སོ། །དེའི་ཞར་བྱུང་མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པའི་གསོལ་འདེབས་བར་གཅོད་ཀུན་སེལ། གསོལ་འདེབས་སྐྱེ་འགག་འགྱུར་མེད། ཁྱབ་བདག་རིགས་འདུས་རྣམས། དངོས་གཞི་ལ་བསྙེན་སྒྲུབ་ལས་གསུམ་དུ་དབྱེ་བ་ལ། ཞི་བར་བསྙེན། ཁྲོ་བོ་སྒྲུབ། གང་དགོས་ལས་ལ་སྦྱོར་བའི་མན་ངག་གོ །དེ་ལ་ཞི་བར་བསྙེན་པར་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་དང་པོ་རྒྱས་པའི་ལུགས་ལ། ཞི་བ་དམ་པ་རིགས་བརྒྱའི་སྐོར་ལ། མཚམས་གཅོད་བརྒྱད་པ། དམ་པ་རིགས་བརྒྱའི་སྒོམ་རིམ་ཞེས་བྱ་བ་རིགས་བརྒྱའི་སྒྲུབ་ཐབས། འདིའི་རྗེས་སུ་ས་མ་འགྲེལ་གྱི་དཔེ་མ་འབྱོར་བས་མ་ཐོབ། དེ་གསུམ་དཀར་ཆག་ཏུ་མེད་ཀྱང་དམ་པ་རིགས་བརྒྱའི་རྩ་བ་ཡིན་ནོ། །གཉིས་པ་ལས་ཆེན་ལ། གཟུང་བ་


GLG002_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ཆོ་ག །རིམ་པ་དབང་གི་ཆོ་ག །བྱིན་རླབས་རབ་གནས་ཀྱི་ཆོ་ག །ཚེ་འདས་རོ་སྲེག་གི་ཆོ་ག །ལྷོ་སྒོ་མཚན་བྱང་གི་ཆོ་ག་དང་ལྔ། དང་པོ་ལ། ཞི་བ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ཆོ་ག་ཆེན་མོ་རིན་ཅེན་འཕྲེང་བའམ་རིན་ཅེན་སྒྲོན་མེ་ཞེས་བྱ་བ། དེའི་འཕྲིན་ལས་ཀྱི་ཡི་གེ་ལ། དཀྱིལ་འཁོར་ཐིག་གི་ཆོ་ག །ཐིག་གི་མན་ངག་གོ །གཉིས་པ་རིམ་པ་དབང་གི་ཆོ་ག་ལ། ཞི་བ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རྩ་བ། དེའི་འགྲེལ་པ་ལག་ལེན་དུ་བསྟན་པ། གསུམ་པ་བྱིན་རླབས་རབ་གནས་ཀྱི་ཆོ་ག་ལ། རབ་གནས་ཆོ་གའི་རྩ་བ་རིམ་པ་གསུམ་པ། དེའི་འགྲེལ་པ་ལག་ལེན་དུ་བསྟན་པ། བཞི་པ་ཚེ་འདས་རོ་སྲེག་གི་ཆོ་ག་ལ། ཞི་བ་རོ་སྲེག་གི་རྩ་བ། དེའི་འགྲེལ་པ་ལག་ལེན་དུ་བསྟན་པ། ལྔ་པ་ལྷོ་སྒོ་མཚན་བྱང་གི་ཆོ་ག་ལ། རྩ་བ་དང་འགྲེལ་པ་ལག་ལེན་དུ་བསྟན་པ། ཞི་བ་དམ་པ་རིགས་བརྒྱའི་གཤིན་པོ་རྗེས་འཛིན་རྣམས་སོ། །གསུམ་པ་ལས་ཆུང་ལ། མཆོད་པའི་ཆོ་ག །ཆུ་སྦྱིན་གཏོར་མ། མཆོད་མགོན་གཏོར་ཆོག །སྐུ་གདུང་སཱཙྪའི་ལས་རིམ། སྦྱིན་སྲེག་གི་ཆོ་ག་དང་ལྔ། དང་པོ་ལ། རྩ་བ་མདོར་བསྟན། ཡན་ལག་རྒྱས་པར་བཤད་པ། དགོངས་པ་ས་མ་འགྲེལ་དུ་བཤད་པ་དང་། ལས་རིམ་ལག་ལེན་དུ་བསྟན་པ། གཉིས་པ་ཆུ་སྦྱིན་གཏོར་མ་ལ། རྩ་བ་དང་འགྲེལ་པ། གསུམ་པ་མཆོད་མགྲོན་གཏོར་ཆོག་ནི་དཔེ་མ་རྙེད་པས་ལུང་མ་བྱུང་། བཞི་པ་སྐུ་གདུང་སཱཙྪའི་ལས་རིམ་ལ། རྩ་བ་དང་འགྲེལ་པ་རྒྱས་པར་བཤད་པ། ལྔ་པ་སྦྱིན་སྲེག་གི་ཆོ་གའི་ལས་རིམ་ལ། རྩ་བ་དང་འགྲེལ་པ་ལག་ལེན་དུ་བསྟན་པ། གཉིས་པ་སངས་རྒྱས་བཞི་


GLG002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྩ་གཉིས་སུ་བསྒྲུབ་པ་ལ། ཕྱི་བསྐྱེད་རིམ་དུ་བསྒྲུབ་པ། ནང་རྫོགས་རིམ་དུ་བསྒྲུབ་པ། གསང་བ་དེ་ཁོ་ན་ཉིད་ཡེ་ཤེས་ལྔར་བསྒྲུབ་པ། འཕྲིན་ལས་དངོས་གྲུབ་ཏུ་བསྒྲུབ་པ། ལས་ཕྲ་མོ་ཁ་ཚར་དུ་བསྒྲུབ་པ་དང་ལྔ། དེ་ལྔ་ག་ནི་ཞི་བ་ལྷ་བཞི་བཅུ་རྩ་གཉིས་སུ་བསྒྲུབ་པ་དང་སྒོམ་རིམ་གཉིས་ཀྱི་ནང་དུ་ཚང་བར་འབྱུང་ངོ་། ༈ །གསུམ་པ་དེ་ཁོ་ན་ཉིད་རིགས་ལྔར་བསྒྲུབ་པ་ལ། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བསྒྲུབ་པ། ནང་ཕུང་པོའི་དཀྱིལ་འཁོར་དུ་བསྒྲུབ་པ། གསང་བ་དུག་ལྔའི་དཀྱིལ་འཁོར་དུ་བསྒྲུབ་པ། དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྒྲུབ་པ། ཡོངས་སུ་རྫོགས་པ་སྐུ་ལྔར་བསྒྲུབ་པ་དང་ལྔར་བསྟན་པ་ལས། ཞི་བ་རིགས་ལྔའི་སྒྲུབ་ཐབས་དུག་ལྔ་རིན་པོ་ཆེར་རྩ་བ་ལྔ་པོ་ཡང་དག་དཀྱིལ་འཁོར་གསུམ་དུ་བཤད་པ། ལས་བྱང་ཕྱི་སྒྲུབ་རྡུལ་ཚོན་ལ་བརྟེན་པ། ནང་སྒྲུབ་ཕུང་པོ་ལ་བརྟེན་པ། གསང་སྒྲུབ་དུག་ལྔ་ལ་བརྟེན་པ་རྣམས་སོ། །བཞི་པ་གསང་ཆེན་རིགས་གཅིག་ཏུ་བསྒྲུབ་པ་ལ། དབྱེ་ན་ཞི་བའི་རིགས་གཅིག་དང་ཁྲོ་བོའི་རིགས་གཅིག་སྟེ་གཉིས། དེ་གཉིས་གང་ལྟར་ཡང་བསྒྲུབ་ལུགས་ལ་གནད་ལྔ་བཅུ་རྩ་ལྔ་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཏན་ལ་ཕབ་སྟེ་བཤད་པ། ཆོས་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་འདུས་པར་བསྟན་པ་ལ་བརྟེན་ནས་ཡི་དམ་རྒྱུན་དུ་ནར་མར་བསྒྲུབ་པ། འཕྲིན་ལས་ཁ་ཚར་ལ་བརྟེན་ནས་ཆོས་སྤྱོད་ལམ་རིམ་དུ་བསྟན་པ། ཤེས་པ་རྣམ་པ་དགུ་ལ་བརྟེན་ནས་གསང་སྔགས་གཞུང་ཚུལ་དུ་བསྒྲུབ་པ། བསྐྱེད་རྫོགས་གཞུང་འགྲེལ་ལ་བརྟེན་ནས་རྒྱུན་གྱི་ཡི་དམ་ནར་མར་བསྒྲུབ་པ་དང་ལྔ་ལས་


GLG002_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ཨོཾ་ཨཱཿ ཧཱུྃ་གསུམ་གྱི་ཡོན་ཏན་བསྟན་པ་དང་། ཡིག་འབྲུ་གསུམ་གྱི་གནད་ལྔ་བཅུར་བསྟན་པ་དང་། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཁྲོ་བོ་ཕྱག་རྒྱ་རྐྱང་པའི་སྒྲུབ་ཐབས་རྣམས་སོ། ༈ །གཞན་ཡང་ཞི་བའི་ཆོས་སྐོར་གྱི་ཁོངས་སུ་གཏོགས་པ། ཞི་བའི་ཚེ་སྒྲུབ་ཚེ་ལུང་བདུན་པ་ལ་རྩ་བ་དང་འགྲེལ་པ་ལག་ལེན་དུ་བསྟན་པ་གཉིས་སློབ་དཔོན་པདྨས་བདུད་རྩི་འཁྱིལ་བའི་རྒྱུད་ལས་འཆི་མེད་ཚེའི་དཀྱིལ་འཁོར་ཁོལ་དུ་ཕྱུང་བ་རྣམས་སོ། །ལྔ་པ་ཞི་བ་ཕྱག་རྒྱ་རྐྱང་པའི་བསྒྲུབ་པ་ནི། རྩ་རྒྱུད་དུ་བཤད་པའི་རིགས་སོ་སོར་བསྒྲུབ་པ་ཉིད་ལས་ལོགས་སུ་མེད་དོ། །གཉིས་པ་ཁྲོ་བོའི་སྐོར་ལ། གཙོ་ཆེ་བའི་དབང་དུ་བྱས་པའི་ཁྲོ་བོ་ཞེས་བསྟན་ཀྱང་དོན་ཞི་ཁྲོ་ཐམས་ཅད་དྲིལ་ནས་སྒྲུབ་པའི་ཆོས་ཡིན་ཞིང་། དེ་ལ་རྩ་བའི་སྒྲུབ་ཐབས་དང་། བྱེ་བྲག་སྐབས་དང་སྦྱར་ཏེ་རྣམ་པར་ཕྱེ་བ་ཡན་ལག་གི་སྒྲུབ་པ་གཉིས། དང་པོ་ནི། སྤྱིར་གང་ཟག་བློ་རབ་འབྲིང་ཐ་མ་ཡང་ཐ་ཤིན་ཏུ་ཆུང་བའི་དོན་དུ་བསྐྱེད་རྫོགས་རིམ་པ་ལྔར་གསུངས་ཤིང་། ལྔ་པོ་རེ་རེ་ལའང་ཕྱི་མ་ཧཱ་ཡོ་གའི་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་བརྗོད་བྱ་ཐམས་ཅད་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་སྟེང་དུ་གཏན་ལ་ཕབ་སྟེ་བསྒྲུབ་པ། ནང་ཨ་ནུ་ཡོ་ག་ལ་བརྟེན་ནས་རྗེས་སུ་རྣལ་འབྱོར་ཤེས་རབ་མའི་རྒྱུད་ཀྱི་བརྗོད་བྱ་ཐམས་ཅད་ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་གྱི་སྟེང་དུ་གཏན་ལ་ཕབ་སྟེ་བསྒྲུབ་པ། དེ་ཁོ་ན་ཉིད་ལམ་བསྐྱེད་རྫོགས་གསུམ་གྱི་རིམ་པ་རྣམས་ཀྱང་ཟུང་འཇུག་གཉིས་མེད་ཀྱི་སྟེང་དུ་གཏན་ལ་ཕབ་སྟེ་བསྐྱེད་རྫོགས་ཟུང་འབྲེལ་དུ་བཤད་པ། འཕྲིན་ལས་ཡོངས་སུ་རྫོགས་པ་ལ་བརྟེན་ནས་སྒྱུ་ལུས་ལྷ་སྐུར་ངོ་སྤྲོད་པ་ཡིན་


GLG002_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ཡང་བསྐྱེད་རྫོགས་སྔར་བཤད་པ་ཐམས་ཅད་ཀྱང་རྣལ་འབྱོར་གསུམ་དུ་འདུས་ཤིང་། དེ་གསུམ་ཡང་བསྐྱེད་རྫོགས་དང་རྫོགས་པ་ཆེན་པོ་གསུམ་མཉམ་སྦྱོར་དུ་བསྡུ་བ་ཡིན་ནོ། ༈ །དེ་ལ་སྤྱི་བྱེ་བྲག་གཉིས། དང་པོ་ལ། བསྐྱེད་རྫོགས་ཆེན་མོའི་ཊཱིཀྐ་དོན་གྱི་ལག་ལེན་དུ་གདམས་པ་ཞི་ཁྲོ་སྒོས་སྒྲུབ་ཀྱི་མན་ངག་ལག་ལེན་ཤིན་ཏུ་གབ་པར་བསྟན་པ། རྟོག་བཟློག་ཉི་ཤུ་རྩ་གཅིག་གི་ལག་ལེན་གྱི་གདམས་པ་བསྟན་པ། རྒྱུན་གྱི་ཏིང་ངེ་འཛིན་ཧཱུྃ་ཉི་ཤུ་རྩ་གཅིག་གིས་ས་བཅད་པ། གནད་ཀྱི་ཡེ་ཤེས་དགུས་ས་བཅད་པ། བསྐྱེད་རྫོགས་ཆེན་མོའི་སྒོམ་ཁོག་གི་ས་བཅད་པ། བསྙེན་སྒྲུབ་ཀྱི་ཐེམས་རྣམ་པ་གསུམ། བསྐྱེད་རྫོགས་ཆེན་མོའི་སྒོམ་ཁོག་ལྷན་ཐབས་ཆེན་མོ་དང་བརྒྱད་དོ། །གཉིས་པ་བྱེ་བྲག་ལ། གང་ཟག་སྤྲོས་པ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་ཆེན་མོ་རྣམ་པར་སྤྲོས་པ་བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར། སྤྲོས་པ་འཚམ་པ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་འབྲིང་པོ། སྤྲོས་པ་ཆུང་བ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་བསྡུས་པ། ཤིན་ཏུ་བསྡུས་པ་ལ་དགའ་བའི་དོན་དུ་རྒྱུན་གྱི་སྔགས་སྒྲུབ་ནར་མ། བློ་ཆུང་དད་མོས་ཅན་གྱི་དོན་དུ་ཁྲོ་བོ་ཕྱག་རྒྱ་རྐྱང་པའི་སྒྲུབ་ཐབས་དང་ལྔ། དང་པོ་ནི། བསྐྱེད་རྫོགས་ཆེན་མོ་རྒྱ་ཆེར་རོལ་པ་ལ་བསྐྱེད་རྫོགས་གསུམ་གྱི་སྤྱི་བསྡུས་ས་བཅད་ཉི་ཤུ་རྩ་བཞིར་བསྟན་པ། ལས་གཞུང་ཆོ་ག་ཆེན་མོའི་དངོས་གཞི་བསྟན་པ། བསྐྱེད་རྫོགས་ཆེན་མོ་རིན་ཅེན་འཕྲེང་བའི་སྒྲུབ་ཐབས་ཀྱི་མཆོད་པ་བྱིན་གྱིས་བརླབ་ཅིང་དབུལ་བ། ཏིང་འཛིན་གསུམ་ལ་འཇུག་པའི་རིམ་པ། སྔགས་ཀྱི་རིམ་པ། སྤྱན་འདྲེན་བཞུགས་གསོལ། ཕྱག་འཚལ།


GLG002_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་མཆོད། མཆོད་པ་སྤྱིར་འབུལ་ཞིང་། འཕྲིན་ལས་བཅོལ་བ། བསྐུལ་བ་དང་བཅུ་གཅིག །སྨད་ལས་ལ་ཚོགས་མཆོད་རྒྱས་པ། ལྷག་མཆོད་རྒྱས་པ། གཏོར་མ་སྐྱོང་བ་རྒྱས་པ། ཟོར་འཕེན། གཏོར་གཞོང་དུ་མནན་པ། བསྐྱེད་རྫོགས་ཆེན་མོ་རིན་ཅེན་འཕྲེང་བའི་སྒོམ་ཁོག །འཛབ་བསྙེན་མཁས་པ་བརྒྱད་ཀྱི་ཐུགས་བཅུད་རྣམས་སོ། ༈ །གཉིས་པ་སྤྲོས་པ་འཚམ་པ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་འབྲིང་པོ་ལ། སྔོན་འགྲོ་ལས་བདུན་དང་ལས་བྱང་བསྐྱེད་རྫོགས་ཆེན་མོ་དང་ཐུན་མོང་དུ་བསྟན་པ། གཙོ་བོ་དབུ་དགུར་སྦྱར་ཏེ་དངོས་གཞིའི་སྒོམ་ཁོག །ལུས་དཀྱིལ་གསང་བའི་སྐོར་མདོ་འགག་ཏུ་དྲིལ་བ། ཆུང་བའི་འཛབ་དགོངས་རྣམས། གསུམ་པ་སྤྲོས་པ་ཆུང་བ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་བསྡུས་པ་ལ། བསྐྱེད་རྫོགས་ཆུང་བའི་སྔོན་དུ་འགྲོ་བའི་རིམ་པ་ལས་བདུན་དང་ལས་བྱང་རྒྱས་པ་གཅིག །མངོན་རྟོགས་བསྡུས་པ། སྒོམ་རིམ། མདངས་སྐོངས་སོ། །བཞི་པ་ཤིན་ཏུ་བསྡུས་པ་ལ་དགའ་བའི་དོན་དུ་རྒྱུན་གྱི་སྔགས་སྒྲུབ་ནར་མ་ལ། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྒྲུབ་པའི་སྒོམ་རིམ། ནང་ཕུང་པོ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒོམ་རིམ། གསང་བ་རིག་པ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒོམ་རིམ་མོ། །ལྔ་པ་བློ་ཆུང་དད་མོས་ཅན་གྱི་དོན་དུ་ཕྱག་རྒྱ་རྐྱང་པའི་སྒྲུབ་ཐབས་ལ། ཁྲོ་བོ་ཕྱག་རྒྱ་རྐྱང་པའི་སྒྲུབ་ཐབས་རྣལ་འབྱོར་རྒྱུན་གྱི་ཡི་དམ་ནར་མའི་མངོན་རྟོགས་དང་སྒོམ་རིམ། ཧཱུྃ་འཛབ་བཅུ་གཅིག་དང་འཛབ་དགོངས་ཉི་ཤུ་རྩ་ལྔའི་ལམ་ཁྱེར། ཁྱད་པར་གྱི་རྫོགས་རིམ་ལྔ་སྦྱར་བའི་ཧཱུྃ་སྒྲུབ་ཀྱི་དྲིལ་སྒྲུབ་ཕྱི་ནང་གསང་གསུམ་གྱི་མན་ངག །སྙིང་


GLG002_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡོ་ག་གསུམ་གྱི་སྒྲུབ་ཐབས་གསུམ་གྱི་མན་ངག །ཕྱི་ནང་གསུམ་གྱི་མན་ངག་བསྐྱེད་རྫོགས་ཁག་ལྔ་ལ་གནད་དུ་ཆེ་བའི་སྤྱི་ཁོག་གསལ་བའི་སྒྲོན་མའི་སྐོར་ལ་ཡིག་སྣ་ལྔ་དང་བཅས་པ་རྣམས་ནི་རྩ་བའི་སྒྲུབ་ཐབས་ལུས་ལྟ་བུའོ། ༈ །གཉིས་པ་བྱེ་བྲག་སྐབས་དང་སྦྱར་ཏེ་རྣམ་པར་ཕྱེ་བ་ཡན་ལག་གི་སྒྲུབ་པ་ལ། བྱིན་རླབས་ཀྱི་སྒྲུབ་ཆེན། ཕན་གདགས་ཀྱི་ལས་ཆེན། འཕྲིན་ལས་ཀྱི་གཟེར་ཆེན། ཉམས་ཆགས་ཀྱི་སྐོང་ཆེན། བསྟོད་བསྐུལ་གྱི་བྱེ་བྲག་དང་ལྔ། དང་པོ་ལ། གང་འདོད་དངོས་གྲུབ་སྒྲུབ་པ། མཆོད་རྫས་བདུད་རྩི་སྒྲུབ་པ། རིམ་པ་དབང་གི་སྒྲུབ་པ། བཀྲ་ཤིས་ཚེའི་སྒྲུབ་པ། བྱིན་རླབས་ཕུར་བུའི་སྒྲུབ་པ་ལྔ། དང་པོ་བསྙེན་པ་སྔོན་དུ་སོང་བའི་སྒྲུབ་པ་པོས་དུས་ཀྱི་བསྙེན་པའི་སྒྲུབ་པ་ཞེས་བྱ་སྟེ་རང་བཞིན་གྱི་དངོས་གྲུབ་ཀྱི་དོན་གང་བསྒྲུབ་པའི་ཐབས་ལ། བསྙེན་སྒྲུབ་ཀྱི་ལག་ལེན་མདོར་བསྡུས་པའི་རྩ་བ། ཅུང་ཟད་རྒྱས་པར་ལག་ཏུ་བླང་བའི་སྤྲ་འཁྲིད་ཆེན་མོ། དེ་དག་གི་རྣམ་པར་བཤད་པའི་ཊཱིཀྐ་ཆེན་པོའི་སྐོར་རོ། ༈ །གཉིས་པ་མཆོད་རྫས་བདུད་རྩིའི་སྒྲུབ་པ་ལ། བི་མཱ་ལས་མཛད་པའི་ཁྲོ་བོའི་སྒོས་སྒྲུབ་ཅེས་བྱ་བ་བདུད་རྩི་སྨན་གྱི་སྒོམ་རིམ། འདིའི་འོག་ཏུ་མཆོད་རྫས་བདུད་རྩི་སྒྲུབ་པའི་དགོངས་པ་ཞེས་པའི་དཔེ་མ་རྙེདཔས་ལུང་མ་བྱུང་། བདུད་རྩི་སྨན་གྱི་ལག་ཁྲིད་དོ། །གསུམ་པ་རིམ་པ་དབང་གི་སྒྲུབ་པ་ལ། དབང་བསྐུར་ཆེན་མོའི་རྩ་བ་མདོར་བསྡུས་པ། དབང་གི་ལས་རིམ་རྒྱས་པ་ལག་ཏུ་བླང་བའི་ཆོ་ག་མདོ་བྱང་ཆེན་མོ། དེ་དག་གི་ལག་ལེན་བཤད་པའི་ཊཱིཀྐ་ཆེན་མོའི་སྐོར། བཞི་པ་བཀྲ་ཤིས་ཚེའི་སྒྲུབ་པ་ལ། སློབ་དཔོན་པདྨས་མཛད་པའི་


GLG002_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་ཀྱི་རྩ་བ། ཚེའི་དགོངས་པའི་མན་ངག །ཚེ་སྒྲུབ་པའི་ལག་ལེན་ཆེན་མོ། ལྔ་པ་བྱིན་རླབས་ཕུར་པའི་སྒྲུབ་ཐབས་ལ། མདོར་བསྡུས་པའི་རྩ་བ། བྱིན་རླབས་ཕུན་སུམ་ཚོགས་པ་ཕུར་བུའི་སྒྲུབ་པ་བི་མཱ་ལས་མཛད་པ། ཕུན་ཚོགས་དོན་གྱི་མན་ངག་ས་མ་འགྲེལ། ཕུན་སུམ་ཚོགས་པའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་མངོན་པར་རྟོགས་པའི་ལག་ལེན་དུ་མཛད་པ། ཕུན་སུམ་ཚོགས་པའི་འཕྲིན་ལས་བསྐུལ་བྱང་བི་མཱ་ལས་མཛད་པའི་ཆོས་སྡེ་ལྔའོ། ༈ །གཉིས་པ་ཕན་གདགས་ཀྱི་ལས་ཆེན་ལ། དམ་རྫས་ཀུན་གྱི་ཕྱི་མོ་བམ་གྱི་སྒྲུབ་པ། སྲེག་སྦྱོར་རོའི་ལས། ཚེ་འདས་གཤིན་གྱི་ལས། འདུལ་བ་གྲིའི་ལས། སྒྲོལ་བ་རྒྱུའི་ལས་དང་ལྔ། དང་པོ་དམ་ཚིག་གི་རྫས་ཐམས་ཅད་ཕྱི་མོ་གཅིག་ཏུ་བསྟན་པ་ལྟ་བུ་བམ་གྱི་སྒྲུབ་པ་ལ། དམ་ཚིག་གི་རྩ་བ་དང་། རྣམ་བཤད་ལག་ལེན་གྱི་རིམ་པ། གཉིས་པ་སྲེག་སྦྱོར་རོའི་ལས་ལ། རོ་སྲེག་དགོངས་པའི་རྩ་བ་དང་། རོ་སྲེག་ལས་ཀྱི་བྱ་བ། གསུམ་པ་ཚེ་འདས་གཤིན་གྱི་ལས་ལ། གཤིན་གྱི་ལས་ཀྱི་རྩ་བ་དང་། གནས་སྤར་བའི་དགོངས་པ་བསྟན་པ། བཞི་པ་འདུལ་བ་གྲིའི་ལས་ལ། རྩ་བ་དང་། ལག་ལེན་འགྲེལ་པ། ལྔ་པ་སྒྲོལ་བ་རྒྱུའི་ལས་ལ། ལས་ཀྱི་རྩ་བ་མདོར་བསྟན་པ་དང་། འགྲེལ་པ་ལག་ལེན་རྒྱས་པར་བསྟན་པ་གཉིས་སོ། ༈ །གསུམ་པ་འཕྲིན་ལས་ཀྱི་གཟེར་ཆེན་ལ། འཁོར་ལོ་ལ་བརྟེན་ནས་བསྲུང་བའི་གཟེར་ཁ། གཏོར་མ་ལ་བརྟེན་ནས་བཟློག་པའི་གཟེར་ཁ། ཐུན་ལ་བརྟེན་ནས་གསད་པའི་གཟེར་ཁ། ཧོ་མ་ལ་བརྟེན་ནས་སྲེག་པའི་གཟེར་ཁ། ཐོད་པ་ལ་བརྟེན་ནས་མནན་པའི་གཟེར་ཁ་དང་ལྔ།


GLG002_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། གཏོར་མ་ལ་བརྟེན་ནས་བཟློག་པ་སྔོན་དུ་བྱུང་ཡང་། བསྲུང་བཟློག་གསད་སྲེག་མནན་པའི་རིམ་པ་ལས། དང་པོ་འཁོར་ལོར་བརྟེན་ནས་བསྲུང་བའི་གཟེར་ཁ་ལ། རྩ་བ་དང་ས་མ་འགྲེལ་གྱི་གཉིས། གཅིག་ཏུ་སྔགས་བྱང་ཡང་ཤོག་སེར་ལས་མ་རྙེད་པས་མ་བཞུགས་པ་དང་འདྲའོ། །གཉིས་པ་གཏོར་མ་ལ་བརྟེན་ནས་བཟློག་༼ཁྲ༽པའི་གཟེར་ཁ་ལ། རྩ་བ། ས་བཅད། བཟློག་གཞུང་དང་། མན་ངག་དང་། འཕྱོང་དང་། ལས་ཕྲན་སྦྱོར་ཚུལ་དང་དྲུག་ལས། དང་པོ་དང་གཉིས་པ་གཞུང་གི་དབུ་ན་གསལ། གསུམ་པ་བཟློག་གཞུང་ལ། བཀའ་དགུ་བཀའ་བསྲུང་བཅུ་ལ་བཟློག་པའི་འཕྲིན་ལས་བཅོལ་བ། ཁྱུང་གི་སྒོ་ནས་ལྟས་ངན་བཟློག་པའི་གཞུང་། སྲིན་མོ་ཟ་ལམ་དགྲ་ལ་བསྟན་པ་རྣམས། བཞི་པ་མན་ངག་ལ། ཁྲོ་རོལ་ལ་ཤིན་ཏུ་གལ་ཆེ་བའི་མན་༼ཁྲ༽ངག་གཅེས་པའི་ལྡེ་མིག །ཁྲོ་རོལ་གྱི་མན་ངག་ཟབ་པའི་མཐར་ཐུག་ཉམས་ལེན་གནད་༼ཁྲ༽གདམས་ཞེས་པའི་གཟེར་ཁའི་མན་ངག །བྱ་ལུང་རྒྱ་མཚོའི་མན་ངག་༼ཁྲ༽ཅེས་པ་ཁྱུང་འཛུགས་དགོས་པའི་ལོ་རྒྱུས། ཁྱུང་གི་རལ་པ་དང་གཤོག་པ་ལ་ཁྲོ་བོ་དང་ཁྲོ་མོ་བསྐྱེད་ཚུལ། སྤྱན་འདྲེན་མཆོད་པ། ལྟས་ངན་བཟློག་པའི་ཤམ་བུ་གུད་དུ་སྦས་པ། ཁྱུང་ལྔ་བསྐུལ་བ། གཤོག་ཚར་གྱི་སྔགས་བྱང་རྣམས། ལྟས་ངན་༼ཁྲ༽ངོས་འཛིན། གསོག་གབ་པ་དོན་༼ཁྲ༽བདུན་གྱི་སྐོར་ལ། ཡབ་ལ་བརྟེན་ནས་གཏོར་མ་མདོས་སུ་གཏང་བ། ཡུམ་ལ་བརྟེན་ནས་སྐེག་བསྒྱུར་བ། འདབ་ཆགས་རྒྱལ་པོ་ལ་བརྟེན་ནས་ལྟས་ངན་བསྒྱུར་བ། ཁྲོ་རོལ་གྱི་ཡིག་༼ཁྲ༽ཆུང་སྲིན་མོ་ཟ་༼ཁྲ༽ལམ་གྱི་མན་ངག །རྒྱལ་མཚན་


GLG002_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་༼ཁྲ༽མན་ངག །དེའི་མན་ངག་ཐུན་མོང་མ་ཡིན་པ་མདའ་༼ཁྲ༽ལ་མདེའུ་བསྐྱོན་པ་ལྟ་བུ་མན་ངག་སྙིང་གི་ཏི་ཀ་ཁྲ་ཚང་བའི་ལུགས། སྤྲིན་ཆེན་༼ཁྲ༽འཁོར་ལོའི་མན་ངག །ཁྱུང་གི་པྲ་བརྟག་པ་བསྡུས་པ་དང་རྒྱས་པ་དུས་༼ཁྲ༽གསུམ་སྟོན་པའི་པྲ་བརྟག་གསལ་བྱེད། སྐྱེས་པ་བུད་མེད་དགེ་སློང་སོགས་ཀྱི་གྲངས་དབྱིབས་༼ཁྲ༽ཚུལ་གྲོད་པ་དང་གཉའ་ཤིང་བཅའ་ཐབས་ཀྱི་མན་ངག་ཟབ་ཁྱད་གཟེར་ཁའི་ལས་ཁ་ཚར་ཤིན་ཏུ་གཉན་པ། གཞན་ཡང་ཁ་སྐོང་གི་མན་ངག་མངོན་སྤྱོད་གཟུ་དཔང་༼ཁྲ༽གསེར་སྐྱེམས། དྲང་སྲོང་གི་དམོད་པ་༼ཁྲ༽ཞེས་པ་བཀའ་སྲུང་གི་བསྐུལ། བསྒྲལ་ལས་དོན་ཚན་བརྒྱད་༼ཁྲ༽པ། དེའི་ལྷན་ཐབས་སྤུ་གྲི་ཀ་མ་༼ཁྲ༽ལའི་གདབ་ལས་རྣམས། ལྔ་པ་འཕྱོང་གི་སྐོར་ལ། འཕྱོང་༼ཁྲ༽གབ་པ་དོན་སྙིང་། རྒྱལ་མཚན་རྣམ་དགུའི་༼ཁྲ༽བཟློག་གཞུང་། ཉམས་ལེན་མན་ངག་གི་འཕྱོང་ཞེས་པ་༼ཁྲ༽དབུ་ཁྲོ་བོ་ཕྱག་བཞི་པར་སྦྱོར་ཚུལ། དེའི་འཕྲོས་ཁྱུང་གཤོག་ལ་བཀོད་པའི་ལྟས་༼ཁྲ༽ངན་ཕྱི་རྟགས་ནང་རྟགས་ངོས་འཛིན། ལྟས་ངན་དམིགས་ཀྱིས་བཟློག་༼ཁྲ༽པའི་འཕྱོང་། རྔ་མོང་ཁྱུང་བཟློག་༼ཁྲ༽གི་བཤོམས་ཀྱི་བཅའ་ཐབས། དེའི་༼ཁྲ༽སྨྲེང་། ལྟས་ངན་བརྒྱད་ཅུ་རྩ་གཅིག་༼ཁྲ༽གི་བཟློག་གཞུང་། ལྟས་ངན་བརྒྱ་༼ཁྲ༽བཟློག །མཐར་གཏོར་མ་གཅིག་༼ཁྲ༽ཏུ་དྲིལ་བའི་ལག་ལེན་བསྐུལ་དང་བཅས་པ། ཕོ་ཉ་བསྐུལ་ཞིང་ཟོར་༼ཁྲ༽འཕང་བའི་འཕྱོང་། གཏོར་མ་འཕང་ཞིང་བསྐུལ་བྱ་བ་༼ཁྲ༽སྒོ་དབྱེ་ཟོར་འཕེན་གྱི་འཕྱོང་གྲགས་ཆེ་བ། ཡང་གཏེར་བྱོན་འཁྲུལ་མེད་ཟོར་ལ་བརྟེན་ནས་དགྲ་བགེགས་གསད་པའི་གཟེར་གྱི་ལག་ལེན་གཟེར་༼ཁྲ༽ལྔ་ལ་བརྟེན་ནས་དགྲ་བགེགས་གསད་པ་རྣམས། དྲུག་པ་ལས་ཕྲན་


GLG002_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཚུལ་ལ། གཤིན་རྗེའི་རྦོད་གཏོང་བཟློག་པ། མ་མོའི་རྦོད་གཏོང་བཟློག་པ། རྒྱལ་པོའི་རྦོད་གཏོང་བཟློག་པ། ཀླུའི་རྦོད་གཏོང་བཟློག་པ། ཐེའུ་རང་གི་རྦོད་གཏོང་བཟློག་པ། བཙན་གྱི་རྦོད་གཏོང་བཟློག་པ། གཟའི་རྦོད་གཏོང་བཟློག་པ། བདུད་ཀྱི་རྦོད་གཏོང་བཟློག་པ། སྲིན་པོའི་རྦོད་གཏོང་བཟློག་པ། དེ་རྣམས་སྒོས་དམིགས་སུ་བཟློག་པ་དང་སྦྱར་བའི་མན་ངག་སྟེ་འདེབས་༼ཁྲ༽ཁ་དགུའི་ལས་སོ། །འདེབས་ཁ་དགུའི་སྨེང་ཀུན་༼ཁྲ༽ལ་མེད་པའི་ཁྱད་ཆོས། ཡང་སྲིའུ་གསོ་བ། ཤྭ་བུད་བཟློག་པ། ཤི་ཁ་གཅད་པ། ཡི་དྭགས་ཁ་བཅིངས། སྨྱོ་འདྲེ་འདུལ་བ། སེར་བ་བཟློག་པ། ནད་རིམས་གཅད་པ། རྐྱེན་ངན་བཟློག་པ། འདྲེ་རྒོད་འདུལ་བ། ཞོ་ཆང་བསྲུང་བ། འོ་ཞོ་བསྲུང་བ་སྟེ་ཁྲོ་བོ་རོལ་པའི་ལས་༼ཁྲ༽ཕྲན་བཅུ་གཅིག་གོ །ཕྱི་ནང་གསང་གསུམ་གྱི་བཟློག་པ་ལ། རྩ་བ་དང་ལས་ཐུན་མོང་བ་འགོ་ནད་བསྲུང་བ། ཕྱུགས་ནད་བསྲུང་བ། ལོ་ཏོག་བསྲུང་བ། འདྲེ་གདོན་བསྲུང་བ། སྦོས་རིར་གསད་པ། རྦོད་གཏོང་བཟློག་པ། ཤྭ་བཟློག་པ་དང་དགྲ་བོ་གསད་པ། རྟགས་ཡིག །གདོན་གསད་པ། གཉིས་མེད་རྟོག་པ་གསད་པ། དགྲ་མནན་པ། སྡེ་བརྒྱད་མནན་པ། ངག་མནན་པ། ལྐུགས་རིར་གསད་པ་སྟེ་ལས་ཚོགས་བཅུ་༼ཁྲ༽གཉིས་མན་ངག་གོ །ཡང་ལྟས་ངན་བཟློག་པའི་ཁ་བསྒྱུར་གྱི་སྐབས་བྱ་བ་ལ། མི་མཐུན་བཟློག་པའི་ཁ་བསྒྱུར་ལས་བྱེད་དང་པོ། སྒོས་ཆགས་བཟློག་པ་ལས་བྱེད་གཉིས་པ། འཚོ་འཆི་ཤན་འབྱེད་ལས་བྱེད་གསུམ་པ། གཤགས་རྒྱལ་བ་ལས་བྱེད་བཞི་པ། ནད་པ་གསོ་བ་ལས་བྱེད་ལྔ་པ། ནད་ཡམས་གཅོད་པ་


GLG002_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་དྲུག་པ། སྟོང་གཟུགས་བཟློག་པ་ལས་བྱེད་བདུན་པ། ལྟས་ངན་ཆགས་ཆེ་བཟློག་པ་ལས་བྱེད་བརྒྱད་ལ། དཀོར་མཛོད་འཕེལ་བ་ལས་བྱེད་དགུ་པ། ལོ་ཕྱུགས་ལེགས་པ་ལས་བྱེད་བཅུ་པ། རྐུན་མ་བསྲུང་བ་ལས་བྱེད་བཅུ་གཅིག་པ། སྲེའུ་གསོ་བ་ལས་བྱེད་བཅུ་གཉིས་པ། རྟ་ཕྱུགས་འཕེལ་བ་ལས་བྱེད་བཅུ་གསུམ་པ། དེ་ལྟར་ཁ་བསྒྱུར་བཅུ་༼ཁྲ༽གསུམ་གྱི་མན་ངག་དང་སྦྱར་བ་རྣམས་སོ། ༈ །ཡང་ལས་བྱེད་བཅུའི་༼ཁྲ༽འཕྱོང་ལ། རྫས་བཅུ་དང་ཁྲོ་བོ་བཅུ་སྦྱར་ནས་བཟློག་ཐབས་དང་དེའི་སྨྲེང་གི་འཕྱོང་ངོ་། །གསུམ་པ་ཐུན་ལ་བརྟེན་ནས་གསད་པའི་གཟེར་ཁ་ལ། དྲག་པོ་ངན་སྔགས་ཀྱི་རྩ་བ། ཐུན་གྱི་འགྲེལ་པ་ལག་ལེན་དུ་བསྟན་པ། དྲག་པོ་སྔགས་ཀྱི་རྩ་བ། བསྲུང་བཟློག་གསད་མནན་གྱི་མན་ངག་ལག་ལེན་དུ་བསྟན་པ། དྲག་སྔགས་སྤུ་གྲིའི་སྔགས་འབུམ་རྣམས་སོ། །བཞི་པ་ཧོ་མ་ལ་བརྟེན་ནས་བསྲེག་པའི་གཟེར་ཁ་ལ། དྲག་པོ་ཧོམ་གྱི་གཟེར་ཁ་རྩ་བ། ཊཱིཀྐ། ཏིང་འཛིན་གྱི་སྒོམ་རིམ། བསྲེག་པའི་གཟེར་ཁ། ཧོམ་སྒྲུབ་མན་ངག་ལོགས་སུ་བཀོལ་བ། ཧོམ་གྱི་སྒོམ་རིམ། ཧོམ་གྱི་ལས་ཀྱི་གོ་རིམ། ཧོམ་གྱི་ལས་གཞུང་སྟེ་བརྒྱད་དོ། །ལྔ་པ་ཐོད་པ་ལ་བརྟེན་ནས་མནན་པའི་གཟེར་ཁ། རྩ་བ་དང་འགྲེལ་པས་མ་འགྲེལ་ལག་ལེན་དུ་བསྟན་པ་གཉིས་སོ། ༈ །བཞི་པ་ཉམས་ཆགས་ཀྱི་སྐོང་ཆེན་ལ། མཆོད་པ་ཕུད་སྐོང་། དམ་རྫས་མདངས་སྐོང་། སྲོག་ཆགས་རྒྱུའི་སྐོང་། གླིང་བཞིའི་མདོས་སྐོང་འགྱོད་མཚང་བཤགས་སྐོང་དང་ལྔ། དང་པོ་ལ། རྩ་བ། ས་བཅད། འགྲེལ་པའོ། །གཉིས་པ་དམ་རྫས་མདངས་ཀྱི་སྐོར་ལ། རྩ་བ་


GLG002_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ས་བཅད་འགྲེལ་པའོ། །གསུམ་པ་སྲོག་ཆགས་རྒྱུའི་སྐོང་ལ། རྩ་བ་དང་འགྲེལ་པའོ། །བཞི་པ་གླིང་བཞི་མདོས་ཀྱི་སྐོང་ལ། རྩ་བ་དང་ས་བཅད་འགྲེལ་པའོ། །ལྔ་པ་འགྱོད་མཚང་བཤགས་པའི་སྐོང་ལ། ཆེ་བརྗོད་གླེང་གཞི། བར་དུ་ཕྱག་འཚལ་བ། སྨད་ཀྱི་བཤགས་པ་དང་གསུམ་མོ།། ༈ ལྔ་པ་བསྟོད་བསྐུལ་གྱི་བྱེ་བྲག་ལྔ་ལ། གཞི་བསྟོད་ཆེན་མོ་ཆོས་ཉིད་ཀྱི་དོན་ལྔ་ལ་བསྟོད་པ། གཞི་བསྟོད་བསྡུས་པ་ལྷའི་ཚོམ་བུ་ལ་བསྟོད་པ། འདིའི་རྗེས་སུ་སྤྱི་བསྐུལ་ཆེན་མོ་སྐུ་མདོག་ཕྱག་མཚན་ནས་བསྐུལ་བ་དཔེ་མ་འབྱོར་བས་ལུང་མ་ཐོབ། འབྲིང་པོ་ལྷའི་མཚན་གྲངས་ནས་རྐང་ཐོན་དུ་བསྐུལ་བ། ཆུང་བ་དཀྱིལ་འཁོར་ཕོ་བྲང་ནས་བསྐུལ་བ་རྣམས་སོ། །གསུམ་པ་གསང་བ་བསྐྱེད་རྫོགས་སྲང་དུ་བཅུར་ཏེ་ཉམས་བླང་བའི་མན་ངག་ལ། བསྐྱེད་རྫོགས་ཀྱི་སྒྲུབ་ལུགས་ལྔ། སྔགས་ཀྱི་ཡན་ལག་ལྔ། ཐུན་མོང་གི་རྣལ་འབྱོར་ལྔ། ཁྱད་པར་གྱི་རྫོགས་རིམ་ལྔ། སྐུ་གསུམ་གྱི་གཟེར་ལྔ་སྟེ་ལྔ་ལས། དང་པོ་ལ། གསང་སྔགས་ཐམས་ཅད་བསྐྱེད་རྫོགས་གསུམ་དུ་འདུས་ཚུལ། གུང་ཤིང་དགུ། བསྐྱེད་རྫོགས་གསུམ་གྱི་སྦྱང་པ་གསུམ་བསྟན་པ་སྟེ་ཆོས་སྡེ་གསུམ་མོ། །གཉིས་པ་སྔགས་ཀྱི་ཡན་ལག་ལྔ་ལ། བསྐྱེད་རྫོགས་གསུམ་གྱི་སྤྱི་སྡོམ་སྔགས་བསྒྲུབ་པའི་མན་ངག་རིན་ཅེན་འཕྲེང་བ། སྔགས་ཀྱི་བཟླས་ཐབས་ཀྱི་དོན་གསལ་བར་བྱེད་པའི་མན་ངག །སྔགས་ཀྱི་སྤྱི་དོན་དགུའི་རྣམ་པར་བཞག་པ། སྔགས་ཀྱི་སྐྱོན་ཡོན་མན་ངག །བསྐྱེད་རིམ་གསལ་བར་བྱེད་པའི་མན་ངག་དང་ལྔའོ། ༈ །གསུམ་པ་ཐུན་མོང་གི་རྣལ་འབྱོར་ལྔ་ལ། ཡན་ལག་བདུན་


GLG002_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ་བ། འགྲེལ་པ་དོན་བདུན་པ། གཏོར་མའི་རྣལ་འབྱོར་རྩ་བ། འགྲེལ་པ་དོན་བཅུ་པ། སྒོམ་གྱི་རྣལ་འབྱོར་རྩ་བ། འགྲེལ་པ་དོན་བཞི་པ། ཟས་ཀྱི་རྣལ་འབྱོར་རྩ་བ། འགྲེལ་པ་དོན་བཞི་པ། སྤྱོད་ལམ་གྱི་རྣལ་འབྱོར་རྩ་བ། འགྲེལ་པ་དོན་བཞི་པ། དེས་ཡིག་སྣ་བཅུ་བཞི་ཚང་བར་བསྟན་ནོ། །བཞི་པ་ཁྱད་པར་གྱི་རྫོགས་རིམ་ལྔ་ལ། རྟེན་བསྐྱེད་རིམ་གསལ་བར་བསྐྱེད་པ་ལ་བརྟེན་པ་ལྷའི་རྫོགས་རིམ་ཁྱད་པར་ཅན་བསྒོམ་པ་དང་། གཡོ་བ་རླུང་གི་རྫོགས་རིམ་དང་། བཀོད་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་དང་། ལུས་ལ་བརྟེན་པ་རྩའི་རྫོགས་རིམ་དང་བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་དང་ལྔ་ལ་ཆོས་སྡེ་རེ་རེ་སྟེ་ཚང་བར་བསྟན་ཏོ། །ལྔ་པ་སྐུ་གསུམ་གྱི་གཟེར་ལྔ་ལ། ཡི་དམ་གྱི་ལྷ་ལ་སྐུ་གསུམ་གྱི་གཟེར་གདབ་པ་དང་། བསམ་གཏན་རྩེ་པའི་མན་ངག་བར་ཆད་བདུད་ལ་སྐུ་གསུམ་གྱི་གཟེར་གདབ་པ་དང་། རིགས་དྲུག་གཡང་ས་བཅད་པའི་ཕྱིར་སྡིག་པོ་ཆེ་གསང་ལམ་ནས་འཚང་རྒྱ་བའི་མན་ངག་སྐུ་གསུམ་གྱི་གཟེར་གདབ་པ་དང་། སེམས་འཕྲེང་བདུན་ཏེ་གསང་བའི་དགྲ་གསུམ་གསད་པའི་ཐབས་ཀྱི་གཙོ་བོ་སྐུ་གསུམ་གྱི་གཟེར་གདབ་པ། དཀར་ཆག་ཏུ་གསང་བའི་དགྲ་གསུམ་སྔོན་ལ་བྱུང་ཡང་རྒྱལ་པོའི་གླ་དཔེར་འདི་ལྟར་བྱུང་བ་དོན་ལ་ཁྱད་པར་མེད་དོ། །འབྱུང་བཞིའི་ནད་ལ་རྟེན་འབྲེལ་ཟབ་མོའི་གནད་ཀྱི་སྐུ་གསུམ་གྱི་གཟེར་གདབ་པ་དང་ལྔ་ནི་ཁྱད་པར་གྱི་རྫོགས་རིམ་ལྔ་དང་སྦྱར་ཏེ་མྱོང་འཁྲིད་དུ་བྱ་ཡི་བཀླགས་ལུང་གིས་རྟོགས་པར་མི་འགྱུར་ལ། མྱོང་བ་ཞིག་རྒྱུད་ལ་སྐྱེས་པའི་འགོ་བརྩམས་ནས་གསང་སྔགས་ཀྱི་ཆོས་སྡེ་ཆེན་པོ་དེ་དག་ཐམས་ཅད་བསྐྱེད་རྫོགས་གསུམ་གྱི་གླེགས་བམ་གསུམ་དུ་འཆར་བ་ཡིན་ནོ། ༈ །དེ་ལྟར་


GLG002_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཀྱིས་མ་ཟིན་ན་ཟབ་མོར་བཏགས་པའི་རྫོགས་རིམ་གླེགས་བམ་ཆེན་པོར་བཅོས་པ་དག་ལའང་ཁ་ཟིན་ཐེགས་པ་དཀའོ། །དེའི་ཕྱིར་བླ་མའི་མན་ངག་སྙན་བརྒྱུད་ཟབ་མོ་འདིའི་སྐབས་སུ་དགོས་སོ་ཞེས་པ་མཆོག་གི་སྤྲུལ་སྐུ་མངའ་རིས་པཎ་ཆེན་སོགས་མཁས་གྲུབ་རྣམས་གསུང་ངོ་། །གསང་བ་ཉམས་ལེན་གྱི་སྒྲུབ་པ་བཀའ་བརྒྱད་བསྟན་ཟིན་ཏོ། །དེ་ལྟར་ཟབ་མོ་སྔགས་ཀྱི་ལྟོ་ཚིལ་ཟུག་པ་ལྟ་བུའི་བདེ་གཤེགས་འདུས་པ་འདི་ལ། སྤྱི་རྒྱུད་ལྔ་ནི་སྒྲུབ་སྡེ་བཅུའི་དྲིལ་སྒྲུབ་ལ་གཙོ་བོར་བརྟན་པའི་རྩ་བ་ཡིན་ཏེ། གོང་དུ་བསྟན་པའི་ཡན་ལག་རྒྱུད་ཐམས་ཅད་ཀྱི་ས་བོན་ཡིན་ནོ། །དེ་ལྟར་རྒྱུད་བཅོ་ལྔ་ནི་གསང་སྔགས་བླ་ན་མེད་པ་ཐམས་ཅད་ཀྱི་སྐྱེད་པར་བྱེད་པའི་ས་བོན་ལྟ་བུ་ཡིན་པས་རིན་ཅེན་གསེར་གྱི་ཡི་གེ་ཅན་ཞེས་བྱའོ། །དེ་དག་གི་དོན་འགྲེལ་པར་བྱེད་པ་ལ་གཉིས་སུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལག་ན་རྡོ་རྗེའམ་རྡོ་རྗེ་ཆོས་སུ་གྲགས་པས་མཛད་པའི་འགྲེལ་སྐོར་ལྔ་དང་། ལུང་བསྟན་ཐོབ་ཅིང་མཁའ་འགྲོས་བྱིན་གྱིས་བརླབས་པའི་རྒྱ་གར་གྱི་རིག་འཛིན་གྱིས་མཛད་པའི་འགྲེལ་པ་ཕྲ་ཞིབ་གཉིས། དང་པོ་ནི། ལུང་ཆེན་པོ་ལྔ་ཡོད་ལ། ཕྱི་མ་ནི་དེ་ལས་གཞན་པ་རྣམས་སོ། ༈ །དེ་ལྟར་རྒྱུད་བཅོ་ལྔ་ལུང་ལྔ་སྟེ་ཉི་ཤུ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཀའ་ལུང་ངོ་། །དེ་དག་ལས་གཞན་པ་རྣམས་ནི་མ་འོངས་པའི་དོན་དུ་སློབ་དཔོན་བཞིའི་དགོངས་ཉམས་བསྡེབས་ནས་སྒྲུབ་པ་སྙིང་པོར་བྱེད་པའི་མངོན་རྟོགས་ཀྱི་ཆ་རྐྱེན་དུ་བསྡེབས་པ་ཡིན་ཞེས་ཁྲི་སྲོང་རྣམ་སྤྲུལ་མངའ་རིས་པཎ་ཆེན་རིན་པོ་ཆེ་སོགས་མཁས་ཤིང་གྲུབ་བརྙེས་རྣམས་གསུང་ངོ་། །དེ་ལ་ནང་


GLG002_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ཕྲ་མོ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཡང་སྤྱི་སྡོམས་རྒྱུད་ལུང་ཉི་ཤུ་ཐམ་པ་ལ། དེ་དག་ཕྱི་ནས་བཤད་པ་དེ་གོ་རྟོགས་སྐྱེད་པར་བྱེད་པའི་ཆོས་སྡེ་ཉི་ཤུ་སྦྱོར་བས་བཞི་བཅུ། ནང་ལྟར་སྒྲུབ་པ་གསུམ་གྱི་ཉམས་ལེན་ལ། ཞི་ཁྲོ་ལ་གཉིས་ལས་ཞི་བར་བསྙེན་པའི་ཆོས་སྡེ་སུམ་ཅུ་ཐམ་པ། ཁྲོ་བོར་སྒྲུབ་པའི་ཆོས་སྡེ་སུམ་ཅུ་རྩ་ལྔ་ནི་ཉམས་ལེན་གྱི་ཁོག་འབུག་པའི་གཞུང་ཤིང་ལྟ་བུ་ཡིན། གསང་བ་སྙིང་པོ་བཅུད་དུ་དྲིལ་ཏེ་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཆོས་སྡེ་ཉི་ཤུ། དེ་ལྟར་ཕྱི་ནང་གསང་བ་གསུམ་དུ་བསྟན་ལ། གསང་བའི་རྒྱུད་དོན་བསྐྱེད་རྫོགས་གསུམ་ཚན་ཞི་ཁྲོ་གཉིས་སུ་གཏན་ལ་ཕབ་པས་ཚེ་གཅིག་གི་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱེད་པའི་ལམ་ཟབ་མོ་མདོ་རྒྱུད་མན་ངག་གསུམ་གྱི་རྩ་བ་བསྟན་པ་འདི་ལ་ཆོས་སྡེ་བརྒྱ་སུམ་ཅུ་ཐམ་པར་བཤད་ཅིང་ཉམས་སུ་ལེན་པར་བྱེད་དགོས་པ་ཡིན་ནོ། ༈ །དེ་དག་གི་སྔོན་དུ་ཐེག་པ་བཀའི་བྱུང་ཚུལ་ཞེས་ཀྱང་བྱ་བའི་དཀར་ཆག་གསལ་བའི་སྒྲོན་མེ་འདི་རྩ་བར་བཟུང་སྟེ་བཀའ་བབས་སོ་ལྔ་ལ་བརྟེན་ནས་བཤད་སྒྲུབ་ཀྱི་འཕྲང་ལ་བཤར་ནས་ཉམས་སུ་ལེན་ཅིང་གདུལ་བྱ་ལ་གདམས་པར་བྱ་བའི་ཆོས་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་བདེ་གཤེགས་འདུས་པ་འོ་མའི་རྒྱ་མཚོ་ཞེས་བྱ་བ་ཆོས་རྩ་བ་གཅིག་གིས་སྒོ་ནས་རྟོགས་པར་བྱ་བ་སྟེ། ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་བདེ་བར་གཤེགས་པ་རྣམས་ཀྱི་དགོངས་པའི་གསང་བརྟོལ་བ་ཡིན་ནོ། །རྩ་བའི་གཉིས་པ་ཐེམས་མེད་ཀྱི་སྐོར་ཉམས་ལེན་སྲོག་རྩ་དམར་པོའི་བཅུད་དེ་བསྐྱེད་རྫོགས་ཐམས་ཅད་ཞི་ཁྲོ་གཉིས་མེད་དུ་སྒྲུབ་སྟེ་དགུར་ཉམས་སུ་ལེན་པར་བྱེད་པ་ལ། དྲག་པོ་ཐམས་


GLG002_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་རྩ་བ་དྲག་སྔགས་བསྙེན་པའི་ཆོས་སྡེ་དྲིལ་སྒྲུབ་ཏུ་བསྒྲུབ་པ། སྙིང་པོས་སྤྲོས་བཅས་བསྐྱེད་རྫོགས་རྒྱས་པའི་དོན་ལ་བསྡུས་པ། བཀའ་དང་བསྟན་པ་བསྲུང་བ་དམ་ཅན་ཆོས་སྐྱོང་གི་སྐོར། དམ་པའི་ཞལ་ལུང་ལྗགས་བསྒྲིགས་དང་གཏེར་བྱོན་ཁ་འཐོར་ཏེ་གསུམ། དང་པོ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པ་དྲག་སྔགས་ཡང་དྲིལ་གྱི་སྐོར་རྣམས་ཡིན་ཏེ། དེ་ལ་བསྙེན་པར་དགོས་པའི་ཆོས། བདག་འཇུག་གི་ཆོས། ལས་སྦྱོར་དང་གསུམ། དང་པོ་ནི། ཆོས་སྡེ་ངོས་འཛིན་ཡིག་ཆུང་། ཡང་བཅུད་དྲིལ་བའི་སྒྲུབ་ཐབས། ཐུན་གསུམ་གཏོར་མའི་ཆོ་ག་དང་གསུམ་ནི་འདིའི་བསྙེན་པ་ལ་དགོས་པའི་ཆོས་གསུམ་མོ། ༈ །གཉིས་པ་བདག་འཇུག་གི་ཆོས་ནི། རྣལ་འབྱོར་རྒྱུན་གྱི་དབང་ཆོག་ནི་རང་གཞན་གྱི་དོན་ལ་སྦྱར་ནས་བསྒྲུབ་པའི་ཆོས་ཡིན་ཏེ། བསྙེན་པ་སྔོན་དུ་སོང་ནས་རང་གཞན་དབང་གི་རྒྱུན་ལེན་པའི་ཆོས། གསུམ་པ་ལས་སྦྱོར་ལ། ཐུན་མོང་གི་ལས་སྦྱོར་དང་མཆོག་གི་ལས་ཚོགས་གཉིས། དང་པོ་ནི། རང་འཁོར་བསྲུང་བའི་ལས། ཙི་ཙི་ཛྭ་ལ་བསྲུང་བའི་ཐབས། གཏད་སེར་མནན་པའི་དུས་ཀྱི་བསྲུང་བ། ཀླུ་ནད་འཇོམས་པའི་ཐབས། འདྲེ་གདོན་འདུལ་བ། སྲིད་པའི་དབང་ཆེན་སྡེ་བཞི་འདུལ་བ། རུ་དྲ་དམ་སྲི་འདུལ་བ། གཉན་ལྷོག་སྐྲངས་འབུར་འཇོམས་པ། འབྱུང་པོ་ཁ་འཆིང་བའི་ཐབས། གློ་ཆམ་རིམས་དང་རྒྱུ་གཟེར་བསྲུང་བ། སོ་སྲིན་བསྲུང་ཐབས། འབྲས་ཀྱི་ནད་གསོ་ཐབས། སྐྲན་དང་རྡེའུ་ཕོ་གླང་དམུ་ཆུ་གྲང་ནད་སེལ་ཐབས། གདུག་པ་རུ་དྲ་སྒྲོལ་བ། སྐྱིན་ཐང་སེར་བ་བསྲུང་བ། དམ་ཅན་ཁྱི་བཞིན་བྲན་དུ་


GLG002_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཀོལ་ཐབས། གདུག་པ་ཀླུ་གཏད། གནམ་ལྕགས་ཐོག་གི་ལས། ལྟས་ངན་ཆོ་འཕྲུལ་གཏང་ཐབས། ངག་མནན་བཅིངས་པ་བཀྲོལ་ཐབས། ལྕེ་ལ་དར་འདོགས་ཐབས། དེ་ལྟར་དྲག་སྔགས་འབྲིང་པོ་ལ་བསྙེན་པའི་ཆོས་བསྒྲུབ་པའི་ཆོས་བཞི་ཐུན་མོང་ལས་སྦྱོར་ཉི་ཤུ། སྔོན་དུ་ཆོས་ངོས་གཟུང་བའི་ཡི་གེ་དང་ཉི་ཤུ་རྩ་བཞིའོ། །གཉིས་པ་མཆོག་གི་ལས་ཚོགས་ནི། ཐེམས་བྱང་གི་གསང་བ་ཉམས་ལེན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔ་དང་སྦྱོར། འདི་ནི་གབ་པ་སྔོན་དུ་ཕྱུང་བའི་གདམས་པ་ཡིན་ནོ། གཉིས་པ་སྙིང་པོས་སྤྲོས་བཅས་བསྐྱེད་རྫོགས་རྒྱས་པའི་དོན་ལ་བསྡུས་པ་ལ། སྒྲུབ་ཐབས་དང་དྲག་སྔགས་བརྒྱད་ཀྱི་རྩ་བ་བསྟན་པ། འགྲེལ་པ་དྲག་སྔགས་བསྙེན་པ་བཤད་པ། རྣལ་འབྱོར་སྒྲིབ་པ་བསྲེག་པ། ཆོས་སྐྱོང་ལས་ལ་བསྐུལ་བ། སྡེ་བརྒྱད་བྲན་དུ་བཀོལ་བ། རིགས་བཞི་ཀླུ་གདོན་འདུལ་བ། གདུག་པའི་དགྲ་བགེགས་འདུལ་བ། བར་ཆད་བགེགས་དཔུང་གཞོམ་པ། དམ་ཚིག་གཏོར་མ་འབུལ་བ་དང་བརྒྱད་དོ། །འདི་ནི་ཡང་སྙིང་རྒྱུན་གྱི་རྣལ་འབྱོར་གསང་བ་བཅུད་ཀྱི་ཐིགས་པའི་སྐོར་རོ། ༈ །གསུམ་པ་བཀའ་དང་བསྟན་པ་བསྲུང་བ་དམ་ཅན་ཆོས་སྐྱོང་གི་སྐོར་ལ། ཆེ་མཆོག་གི་བཀའ་སྲུང་ཅེ་སྤྱང་མ་བརྒྱད། ཡང་དག་གི་དབང་ཕྱུག་ཉེར་བརྒྱད། གཤིན་རྗེའི་གིང་བདུད་རྩིས་བཤན་བཞི། དབང་ཆེན་གྱི་ཁམས་རྒྱ་མ་དྲུག་ཁྱི་སྤྱང་མེ་རླུང་དམུས་ལོང་བཅུ་དྲུག་སོགས་ཕུར་པའི་དྲེགས་པ་སྡེ་གསུམ་མ་མོ་བཅུ་གཉིས་མིང་པོ་བཅུ་གཉིས། མངོན་རྫོགས་ཀྱི་མ་མོ་ཀུན་འདུས། རིག་འཛིན་གྱི་མཁའ་འགྲོ་བཞི། མཆོད་བསྟོད་ལ་ངོ་བོ། སྔགས། རྫས། རྟགས། བསྐུལ། སྲོག །སྙིང་། ཕྱི་ནང་གསང་


GLG002_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྒྲུབ་པ། ངན་སྔགས་སྙིང་གཟེར་ལ་ནང་གསེས་ཀྱི་སྲོག །གསོ། དབབ། བཅད། མནན། སྲེག །ལྟས་ངན་དང་བདུན། སྔགས་ཀྱི་འཕྲུལ་ཡིག །ལས་སྣ་ཚོགས་ལ། བཟློག་པ། ངག་མནན་བཀྲོལ། བསྲུང་བ། གཟིར་བ། བླ་རྡོ། ནད་ཞི་བ། ཚེ་དང་ལོངས་སྤྱོད་རྒྱས་པ། དབང་སྡུད། འགུགས་པ། བསྐྲད་དབྱེ། མནན་སྲེག་འཕང་གསུམ། ཚེ་རིགས་བརྒྱུད་ནོར་སྒྲུབ་པ། སྲིའུ་གསོ་བ། འཕུང་སྲི་དམ་སྲི་འདུལ་བ། བགེགས་བསྐྲད་ཅིང་འཁྲུལ་ཐག་གཅོད་པ། ཁ་ཆིངས། སེར་བཟློག །མིག་མཐོང་། དམག་བཟློག །མེ་ཆུ་བཟློག་པ། དགྲ་བགེགས་ཚར་གཅོད་ཅིང་གསོད་པ། བན་བོན། བཙུན་པ། སྐྱེ་བོ། རྨིག་ཟླུམ། ཁ་དབྲག །ར་ལུག །རི་དྭགས་རྣམས་གསོད་པའི་ལས་མཐའ། སྡེ་དཔོན་སུམ་ཅུ་འཁོར་ལྷ་སྲིན་སྡེ་བརྒྱད་དང་བཅས་པའི་སྒྲུབ་ཐབས་མནན་སྲེག་འཕང་གསུམ་གྱི་མཇུག་སྡུད། དྲེགས་པའི་མཐུ་དབང་ཆེན་མོའི་དབང་ཆོག །ནོར་སྒྲུབ་རིན་ཅེན་གའུ། སྟོབས་ལྡན་བཀའ་སྲུང་ལ་གཤིན་རྗེ། མ་མོ། བདུད། ཀླུ། གནོད་སྦྱིན། ལྷ། སྲིན་པོ། གཟའ་རྣམས་ཀྱི་དྲག་སྔགས་སོ། །བཞི་པ་དམ་པའི་ཞལ་ལུང་ལྗགས་བསྒྲིགས་དང་གཏེར་བྱོན་ཁ་འཐོར་སྐོར་ལ། བསྐྱེད་རྫོགས་འབྲིང་པོའི་སྒོང་ཁོག་དང་འཕྲིན་ལས་བསྡེབས་པའི་ལས་བྱང་༼ཟུར༽ རིག་འཛིན་ཆེན་པོ་དང་ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་གཉིས་བཀའ་བགྲོས་ནས་ཆོག་བསྒྲིགས་སུ་མཛད་པ། འདི་རྒྱལ་སྲས་བཀའ་བརྒྱད་པས་མཛད་ཅིང་བདེ་ཆེན་གསལ་བར་གྲགས་ཞེས་རིན་པོ་ཆེ་དར་སྡིིངས་པའི་གསན་ཡིག་ན་འདུག་པ་དཔྱད། མཁའ་ཀློང་ཡངས་པས་མཛད་༼ཟུར༽པའི་ལས་བྱང་བསྡུས་པ་སྦྱང་གཞི་


GLG002_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་སྤེལ་བའི་སྦྱིན་༼ཟུར༽སྲེག་ཟུར་དུ་བཀོལ་བ། ཚོམ་བུའི་འགོད་ཚུལ་རྒྱས་༼ཟུར༽པ་ནས་ཟུར་དུ་བཀོལ་བ། ལྷ་ངོ་སྟོན་༼ཟུར༽པའི་ཟུར་བཀོལ་ལྷན་ཐབས། ཟུར་ཐམས་ཅད་མཁྱེན་པས་ཆོག་བསྒྲིགས་བཀླགས་ཆོག་ཏུ་མཛད་པའི་དབང་༼ཟུར༽གི་ལས་གཞུང་རིན་པོ་ཆེའི་འཕྲེང་བ་དང་སྒྲུབ་ཆེན་གྱི་ཆ་ལག་སྡོམ་ཚིག །དེ་གཉིས་ཀྱི་དབང་གཞུང་རྩ་ཐོར་བསྡེབས་༼ཟུར༽པ་བསྙེན་སྒྲུབ་ཏི་ཀ་དང་མདོ་བྱང་ལས་བསྡུས་ཏེ་ཟུར་དུ་བཀོལ་བ། ཞི་ཁྲོའི་སྐོང་བཤགས་ཆོ་ག་བརྒྱ་༼ཟུར༽མཆོད་ཀྱི་ངག་བསྒྲིག་མ་ཉམས་སྒྲིབ་པ་དག་བྱེད། ཁྲོ་རོལ་གཏོར་བཟློག་གཞུང་ལྷན་ཐབས་དང་བཅས་པ་༼ཟུར༽མན་ངག་འཁྲུགས་བསྡེབས་སུ་ཆོས་རྒྱལ་འབྲི་གུང་པ་ཆེན་པོ་རིག་འཛིན་གནམ་ལྕགས་མེ་འབར་གྱིས་མཛད་པ། འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་མཛད་པའི་ཁྲོ་རོལ་འབྲིང་པའི་ཆོག་༼གཏེར༽སྒྲིགས་ཆ་ལག་གདམས་ཕྲན་དང་བཅས་པའི་ལག་ལེན་གནམ་ལྕགས་རྡོ་རྗེའི་ཐོག་ཆེན། ཁྱབ་བདག་བློ་མཆོག་རྡོ་རྗེས་མཛད་པའི་ཁྲོ་རོལ་༼ཁྲ༽གྱི་ཆོ་ག་བསྒྲིགས་ནག་པོ་འགྲོ་ཤེས། གཏེར་བྱོན་རྩངས་༼ཟུར༽གྱེར། ཁྲམ་༼ཟུར༽ བཟློག །མདངས་སྐོང་༼ཟུར༽ཆུང་བ། འཇིག་རྟེན་མཆོད་བསྟོད་ཀྱི་༼ཟུར༽སྲུང་མའི་གསོལ་ཁ་དོན་གསུམ་མ། དབང་ཕྱུག་ཉེར་བརྒྱད་༼ཟུར༽ཀྱི་ཞུ་ལེན་དཔའ་བོས་མར་༼ཟུར༽གསུངས། སློབ་མས་༼ཟུར༽ཡར་ཞུས། ཟོར་གྱི་བྱུར་༼ཟུར༽རབས། རྒྱུད་ལས་ལོགས་སུ་བཀོལ་བའི་མནན་༼ཟུར༽པ་རི་རབ་དགུ་བརྩེགས་རྣམས་ཐོས་སོ། །གཞན་མ་ལྡན་མ་རྩེ་མང་གིས་བསྒྱུར་བའི་རྒྱུད་དང་བཀའ་སྲུང་གི་སྐོར་དང་རྣམ་བཤད་འཆད་ཐབས་སོགས་ཁ་ཡར་ནི་མ་ཐོབ་པས་རེ་ཞིག་དེ་ཙམ་མོ། ༈ །དཔེ་རིས་སྐོར་ལ། བདེ་གཤེགས་བཀའ་འཁོར་རྒྱས་


GLG002_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་གཉིས། རང་ཉིད་བསྲུང་བའི་འཁོར་ལོ་རྒྱས་བསྡུས་འདྲ་མིན་གསུམ། སྤྲིན་ཆེན། སྤྲིན་ཆེན་ཞལ་འབྲས། དྲེགས་འཇོམས་སྐུ་འཁོར། ཡེ་ཤེས་བསྐྱེད་པ་གསུང་འཁོར། རྦད་འདྲེ་བཟློག་པ་ཐུགས་འཁོར། བྱ་ཁྱུང་ལྟོ་འཁོར་ཆེ་ཆུང་གཉིས། འཕྲིན་ལས་ཀྱི་འཁོར་ལོ། ཕོ་རྒྱུད་ཙཀྲ། མོ་རྒྱུད་ཙཀྲ། མཇུག་མའི་བྱད་བཟློག་ཙཀྲ། ཟློག་འཁོར་ཆེན་མོ། བཀའ་སོ་སོའི་ཟློག་འཁོར་རྒྱས་བསྡུས་འདྲ་མིན་ཚར་གཉིས་བཀའ་སྲུང་གི་ཟློག་འཁོར་དང་བཅས་པ། འོག་ཏུ་འདིང་བའི་འཁོར་ལོ། རྩིབས་དྲུག་རྒྱངས་པའི་གསད་འཁོར། རྩིབས་བརྒྱད་མཚོན་ཆ་ཅན་གསད་པའི་ཙཀྲ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། རྩིབས་དྲུག་མཚོན་ཆ་ཅན། རྒྱལ་བསེན་གནོན་འཁོར་བར་འཁོར་དང་བཅས་པ། བན་བོན་ངག་གནོན་གྱི་འཁོར་ལིང་། ཁྱུང་གི་གཤོག་པའི་ཁྲམ་ཤིང་། ཁྲམ་ཟློག་བྱང་བུ་ཟློག་དཀྱིལ། གཏོར་མ། ཁྱུང་། རྔ་མོ། འདྲེ་མོ། སྲིན་མོ་ཟ་ལམ་སོགས་ཕྲ་ཞིབ་ཐོབ། དེ་ལྟར་དབང་ལུང་ཡོངས་སུ་རྫོགས་པ་ནོས་པའི་བརྒྱུད་པ་ལ་དབང་གི་བབས་ཚུལ་དང་རྒྱུད་སྡེའི་བབས་ཚུལ་གཉིས་ལས་དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ། དེས་ཡེ་ཤེས་ལྔའི་རྩལ་དབང་རིགས་ལྔའི་སངས་རྒྱས་ལ་བསྐུར། རིགས་ལྔས་དམ་པ་ཏོག་དཀར་ལ། དེས་ཤཱཀ་ཐུབ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ་གསུམ་སོ་སོར་སྤྲུལ་ནས། སྤྲུལ་པ་ལག་ན་རྡོ་རྗེ། རྡོ་རྗེ་ཆོས། གསང་བའི་བདག་པོ་གསུམ་སོ་སོར་དབང་བསྐུར། གསང་བདག་གིས་པོ་ཏི་གླེགས་བམ་གྱི་དབང་ཨིནྡྲ་བྷཱུ་ཏིར་གནང་། དེས་སློབ་དཔོན་སངས་རྒྱས་གཉིས་པར་གནང་། ཡི་དམ་གྱི་


GLG002_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྡོ་རྗེ་སེམས་དཔས་དགའ་རབ་རྡོ་རྗེ་དང་ཤྲཱི་སིངྷ་ལ་གནང་། དེས་ཨོ་རྒྱན་ཆེན་པོ་ལ། མཁས་པ་པཎྜི་ཏའི་དབང་ཀུན་ཏུ་བཟང་མོའི་སྤྲུལ་པ་སྲས་མོ་གོ་མ་དེ་ཝཱི་དང་བི་མཱ་ལས། ཨོ་རྒྱན་ཆེན་པོ་ལ་གནང་། རིག་པ་རང་རྩལ་གྱི་དབང་ཨོ་རྒྱན་ཆེན་པོ་ཉིད་ཀྱིས་རང་བྱུང་དུ་ཐོབ་པར་གསུངས་པས་དབང་གི་ཆུ་བོ་ཆེན་པོ་དྲུག་ཡིན། བྱེ་བྲག་སྒྲུབ་སྡེ་བརྒྱད་སོ་སོའི་དབང་ནི། རིག་འཛིན་ཆེན་པོ་བརྒྱད་ཀྱིས་ཨོ་རྒྱན་སྤྲུལ་པའི་སྐུ་ལ་གནང་། གཉིས་པ་རྒྱུད་སྡེའི་བབས་ཚུལ་ནི། རིགས་ལྔས། རྡོ་རྗེ་ཆོས་ལ་གསུངས། དེས་རི་མ་ལ་ཡའི་རྩེར་དམ་པའི་རིགས་ཅན་དྲ་མ་ལྔ་ཞེས་ལྷ་གྲགས་ལྡན་ཕྱོགས་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལྔ་ལ་གནང་། དེ་ལྔས་ཏནྟྲ་སྡེ་བཅོ་བརྒྱད་དང་ཁྱད་པར་སྤྱི་སྒོས་ཀྱི་རྒྱུད་བཅོ་ལྔ་རྣམས་ཚིག་ཏུ་བསྡུས་ཏེ་དོན་རྒྱུད་ཨིནྡྲ་བྷཱུ་ཏི་སོགས་དྲུག་ལ་བརྡས་བརྒྱུད། ཚིག་བརྒྱུད་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་རིག་འཛིན་བརྒྱད་དང་ཨོ་རྒྱན་སངས་རྒྱས་གཉིས་པ་རྣམས་ཀྱིས་གཏེར་སྒོ་ཕྱེ་ནས་ཀུན་གྱི་བཀའ་དཔལ་ཨོ་རྒྱན་ཆེན་པོ་ཉིད་ལ་བབས་སོ། ༈ །དེའང་དབང་གི་བརྒྱུད་པ་ལ་བཀའ་གཏེར་གཉིས་སུ་ཡོད་པ་ལས། བཀའ་མ་གནུབས་ལུགས་ཀྱི་དབང་བརྒྱུད་ནི། དབང་དང་བརྒྱུད་སྡེའི་བབས་ཚུལ་ལས་མ་འདས་ནའང་གཙོ་བོར་མཁས་པ་མི་བཞི་ལས་འོངས་པ་སྟེ། པཎ་ཆེན་ཤནྟིང་གརྦྷ། རོམ་བུ་གུཧྱ་དེ་ཝ་ཙནྡྲ། དྷ་ན་སཾ་སྐྲྀ་ཏ། ཀུན་གྱི་བཅུད་བསྡུས་པདྨ་འབྱུང་གནས། ཚངས་པ་ལྷའི་མེ་ཏོག །གནུབས་ནམ་མཁའི་སྙིང་པོ། གནུབས་སངས་


GLG002_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། མཆོག་གི་སྙིང་པོ། རྒྱ་གར་རྡོ་རྗེ། ཁྲོ་བོ་འབར་བ། དར་མ་རྒྱལ་མཚན། ཧཱུྃ་ཆེན་བཀྲ་ཤིས་དར། ཆེན་པོ་འཇམ་དཔལ། དར་མ་སེང་གེ །ཀམ་བཙན་ལྷ་རྗེ། གནུབས་ཡེ་ཤེས་རྒྱ་མཚོ། རྭ་བན་ཆོས་དཔལ་བཟང་པོ། རི་པ་བརྩོན་འགྲུས་མགོན། བསོད་ནམས་མགོན་པོ། ཆོས་ཀྱི་སེང་གེ །ལྷ་རིག་འཇམ་དབྱངས་རིན་ཅེན་རྒྱལ་མཚན། དེ་སྲས་པཎ་ཆེན་པདྨ་དབང་རྒྱལ། ཡབ་སྲས་གཉིས་ཀ་ལ་སྤྲུལ་པའི་སྐུ་མཆོག་རིག་འཛིན་ལེགས་ལྡན་རྡོ་རྗེས་གསན། དེ་ནས་ལྷ་སྲས་རྣམ་སྤྲུལ་འབྲི་གུང་རིན་ཅེན་ཕུན་ཚོགས། རས་ཆུང་རྣམ་སྤྲུལ་སྣང་གསལ་བཀྲ་ཤིས་རྒྱ་མཚོ། གཡུ་སྒྲའི་སྤྲུལ་པ་ཀུན་དགའ་ཚེ་མཆོག །རིག་འཛིན་ངག་དབང་ཡེ་ཤེས་གྲུབ་པ། གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པ་རྩ་བའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་སྒྲུབ་སྡེ་བརྒྱད་ཀྱི་རིག་འཛིན་ཟ་ཧོར་གྱི་བནྡེ་བླ་མེད་རྡོ་རྗེ་རྩལ་ལ་གནང་བའོ། ༈ །ཡང་ན་གནུབས་ཡེ་ཤེས་རྒྱ་མཚོ་ཕྱི་མ་ནས། འཛམ་གླིང་པ། འཇམ་དབྱངས་རིན་རྒྱན་མན་འདྲ། བཀའ་མ་ཉང་ལུགས་ཀྱི་དབང་བརྒྱུད་ནི། ཨོ་རྒྱན་ཆེན་པོ་ནས། པཎ་ཆེན་བི་མཱ་ལ། གནུབས་ནམ་མཁའི་སྙིང་པོ། ལོ་ཆེན་བཻ་རོ་ཙ་ན། བཞི་ག་ལ་ལོ་ཙཱ་བ་ཉང་མཆོག་རབ་གཞོན་ནུས་ཞུས། དེ་ནས་ཉང་མཆོག་གི་བླ་མ། ཉང་མཆོག་སྐྱིད། ཉང་ཆོས་ཀྱི་དབང་ཕྱུག །ཉང་རྡོ་རྗེ་ལྷུན་པོ། ཉང་ལྷུན་གྲུབ་ཤེས་རབ། ཉང་ལྷུན་གྲུབ་དབང་ཕྱུག །ཉང་ལྷུན་གྲུབ་རྒྱལ་མཚན། ཉང་རྡོ་རྗེ་སྲས། ཉང་དཔལ་ལེ། ཉང་རྡོ་རྗེ་དཔལ། ཉང་རྡོ་རྗེ་འབར། ཉང་རྡོ་རྗེ་དབང་ཕྱུག །ཉང་སྟོན་འཁོར་ལོ། དེ་སྲས་སྤྲུལ་སྐུ་ཉང་རལ་


GLG002_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ནམ་མཁའ་དཔལ། ཆོས་དབང་རིན་པོ་ཆེ། པདྨ་དབང་ཆེན། ལྕེ་སྟོན་ཟུང་ངེ་། དཔལ་ལྡན་བཟང་པོ། ཟུར་ཤཱཀ་འབྱུང་། ཟུར་ཤཱཀྱ་དཔལ་བཟང་། ཉང་ཤཱཀྱ་རྡོ་རྗེ། ཟུར་ཤཱཀྱ་བཤེས་གཉེན། འབྲོ་ལེགས་པ་དཔལ་བཟང་། མཉམ་མེད་རིན་ཅེན་རྒྱལ་མཚན་མན་སྔར་བཞིན། བཀའ་མ་གཉགས་ལུགས་ཀྱི་བརྒྱུད་པ་ནི། ཡར་ཀླུངས་བང་སོ་སྟོད་ཀྱི་རླན་སྤྲེའུ་ཞེས་པར་གྲུབ་ཐོབ་དངོས་གྲུབ་དང་བླ་མ་མངའ་བདག་གཉིས་ཞལ་འཛོམ་པའི་དུས་ཉང་གིས་བཀའ་བརྒྱད་གཏེར་བྱོན་ཡོད་ཚུལ་ཞུས་པས། གྲུབ་ཐོབ་ཀྱི་ཞལ་ནས། ང་ལ་ཡང་བཀའ་མ་སྨིན་གྲོལ་ཆ་ལག་ཚང་བ་ཞིག་ཡོད་གསུངས་པ་མངའ་བདག་གིས་གསན་པའི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ་ནས། གཉགས་ཛྙཱ་ན་ཀུ་མཱ་ར། གནུབས་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་པདྨ་དབང་རྒྱལ། རག་ཤི་ཚུལ་ཁྲིམས་རྒྱལ་མཚན། ཁམས་པ་ལྡན་སྟོན། ཁམས་སྟོན་དར་མ་རྒྱལ་མཚན། ཁམས་པ་ཡེ་ཤེས་དབང་ཕྱུག །འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་མི་འདུག་པས་དཔྱད། སྤ་སྟོན་གྲུབ་ཐོབ། གྲུབ་ཐོབ་དངོས་གྲུབ་ཞབས། མངའ་བདག་ཉང་རལ་མན་གོང་ལྟར། འདི་མན་བཀའ་གཏེར་གཉིས་འདྲེས་ཡིན་ཀྱང་གཏེར་མ་གཙོ་ཆེ་བའི་དབང་དུ་བཏང་བའི་སྒྲུབ་ཆེན་སོགས་དབང་བརྒྱུད་དང་པོ་སྨིན་བྱེད་ཀྱི་བཀའ་བབས་ཆེས་ཁྱད་པར་འཕགས་པ་ནི། དཔལ་ཨོ་རྒྱན་ཆེན་པོས་རྗེ་འབངས་དགུ་ལ་གནང་ཞིང་། གཙོ་བོར་གྱུར་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན། མངའ་བདག་ཉང་ཉི་མ་འོད་ཟེར། སྲས་སྐུ་མཆེད་གཉིས། རྫོང་ཆེན་མཆེད་གཉིས། དྷེ་བ་པ་ཏྲ། ཆོས་ཀྱི་རིན་ཅེན། གསུམ་


GLG002_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡབ་སྲས། འཇམ་དབྱངས་རིན་ཅེན། ཟུར་ཧྭམ་ཆོས་རྗེ། ཟུར་ཕ་ལ་ཤྲཱི། ཤཱཀྱ་བཤེས་གཉེན། མཁས་གྲུབ་རྒྱལ་སྲས་ཆོས་རྗེ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། ཡབ་འཇམ་དབྱངས་རིན་ཅེན་རྒྱལ་མཚན་མན་སྔར་ལྟར། ཡང་དབང་བརྒྱུད་གཙོ་ཆེ་བ་གཉིས་པ་ཡི་དམ་ལྷས་གནང་བ་བྱིན་པའི་བཀའ་བབས་ནི། གཏེར་སྟོན་ནས། གུ་རུ་སེང་གེ་རྒྱལ་མཚན། རྩ་བྲལ་བ་ཆེན་པོ། བྱ་བྲལ་ཆོས་རྗེ། མཚུངས་མེད་འཇམ་དབྱངས་བློ་གྲོས། འཇམ་དབྱངས་དཔལ་རིན་ཅེན། འཇམ་དབྱངས་གོ་ཤྲཱི་དཔལ་དོན་གྲུབ། མཚུངས་མེད་ནམ་མཁའ་བཟང་པོ། རྒྱལ་སྲས་བཀའ་བརྒྱད་པ་མཁའ་ཀློང་ཡངས་པའམ་ཀློང་གསལ་དབང་པོ། རྡོ་རྗེ་ཆེ་མཆོག་རྩལ། ཀོང་པོ་རྩ་ནང་པ་དྲི་མེད་སངས་རྒྱས་ཀྱི་གསང་མཚན། ལྷ་བྲོ་བ་སྤྲུལ་སྐུ་ཆོས་ཀྱི་དབང་པོ། ལྷ་བཙུན་ལེགས་ལྡན་རྡོ་རྗེ་མན་གོང་ལྟར། ཡང་དབང་བརྒྱུད་གཙོ་ཆེ་བ་གསུམ་པ་ལུང་ཟིན་མཁའ་འགྲོའི་བཀའ་བབས་ནི། གཏེར་སྟོན་ཡབ་སྲས་ནས། འགྲོ་མགོན་གཉོས་ཞིག་ཆེན་པོ་གྲགས་པ་དཔལ། མཐིང་མ་བ་འདི་བྱང་ལས་ཀྱི་མཁའ་འགྲོའི་བཀའ་བབས། གཉོས་མཚན་ལྡན་གྲུབ་ཐོབ་པདྨ་རྡོ་རྗེ། གཉོས་སྟོན་གྲགས་པ། གྲགས་པ་བཀྲ་ཤིས། གཉོས་གྲགས་པ་རིན་ཅེན། གཉོས་གྲགས་པ་འོད་ཟེར། འབྲི་གུང་མཚམས་ཆེན་པ་གྲགས་པ་རྒྱལ་མཚན། གཡའ་མ་རི་པ་ཚུལ་ཁྲིམས་འབྱུང་གནས། ཤེས་རབ་རྒྱལ་པོ། ནམ་མཁའ་རྒྱལ་མཚན། བཀའ་བརྒྱད་པ་མཁའ་གློང་ཡངས་པ་མན་གོང་ལྟར། བརྒྱུད་པ་གཙོ་ཆེ་བ་བཞི་པ་ནི། གནམ་ལ་རིག་འཛིན་གྱི་བརྒྱུད་པ་ཟམ་མ་ཆད། ས་ལ་དཀྱིལ་འཁོར་སྒྲུབ་


GLG002_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲོད་མ་ཡལ། བར་དུ་བསྙེན་སྒྲུབ་ལས་ཀྱི་གཞུང་མ་ཉམས། གསང་བ་ཉམས་ལེན་ཏིང་འཛིན་གྱི་འོད་མ་ནུབ་པ་རྗེ་རིགས་ནམ་མཁའི་རྣལ་འབྱོར་ལས་བརྒྱུད་པ་ནི། མངའ་བདག་འགྲོ་མགོན་ཡན་གོང་ལྟར། དེ་ནས་མངའ་བདག་བློ་ལྡན་ཤེས་རབ། མངའ་བདག་བདུད་འདུལ་འབུམ། མངའ་བདག་མདོ་སྡེ་སེང་གེ །མངའ་བདག་པདྨ་དངོས་གྲུབ། མངའ་བདག་འཇམ་དཔལ་ནོར་བུ། མངའ་བདག་ཀུན་དགའ་རྒྱལ་མཚན། མངའ་བདག་ནོར་བུ་འཕེལ། མངའ་བདག་ཀུན་དགའ་འོད་ཟེར། འདི་ཡན་གདུང་བརྒྱུད་ཁོ་ན། རྗེ་རིགས་ནམ་མཁའི་རྣལ་འབྱོར། ལྷོ་བྲག་བཙན་འགྲོ་བརྒྱུད་པ་ཡིན། མངའ་རིས་པཎ་ཆེན་མན་གོང་བཞིན། ཡང་ན་གཉོས་ཞིག་ནས། སློབ་དཔོན་སྐལ་ལྡན་པ། ཟླ་འོད་པ། ལྷ་སྟེང་པ། སློབ་དཔོན་ཨ་གཞོན། རྒྱལ་ཚ་སྟོན་པ། སློབ་དཔོན་དཀའ་བཞི་པ་ཤེས་རབ་བྱང་ཆུབ། མཁས་བཙུན་ཤེས་རབ་འབུམ། བླ་མ་ཚུལ་ཁྲིམས་འབྱུང་གནས། བླ་མ་རྒྱལ་པོ། བླ་མ་ནམ་མཁའ་རྒྱལ་མཚན། མཁའ་གློང་ཡངས་པ་མན་འདྲ། ཡང་ན་གཉོས་ཞིག་ནས། སྔགས་འཆང་བདུད་འདུལ་མགོན་པོ། གཉོས་སྟོན་གྲགས་པ། སློབ་དཔོན་མཛོད་མངའ་བ། བླ་མ་མཚར་མ་བ་རྒྱལ་མཚན་སྟོན་པ། རྡོ་ཟུར་བ་སྟོན་པ་ཤེས་རབ་རྒྱལ་མཚན། སློབ་དཔོན་སེང་གཞོན། རྒྱལ་ཚ་སྟོན་པ། སློབ་དཔོན་འབྱུང་གནས་པ། བླ་མ་ཤེས་རབ་རྒྱལ་པོ། བླ་མ་ནམ་མཁའ་པ། མཁའ་གློང་ཡངས་པ་མན་གོང་ལྟར། ཡང་ན་གཏེར་སྟོན་ནས། སྔགས་བཙུན་ནམ་མཁའ་འོད་ཟེར། བླ་མ་འཇམ་དཔལ་རྫོང་བ། རྟོགས་ལྡན་རང་རིག །ཟུར་སྟོན་ལྷ་དར།


GLG002_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཅེན་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་མི་འདུག་པ་དཔྱད། ཡོལ་སྟོན་འཕགས་པ། ཡོལ་སྟོན་ཀུན་དགའ་རིན་ཅེན། འདན་མ་བརྩོན་རིན། གཙང་པ་བློ་གྲོས་བཟང་པོ། མཚལ་པ་གྲགས་པ་བསོད་ནམས་རྒྱལ་མཚན། གུང་ཐང་ཞིག་གསོས་པ་ཀུན་དགའ་བཟང་པོ། མཁའ་ཀློང་ཡངས་པ་མན་འདྲ། གཞན་ཡང་དབང་གི་བརྒྱུད་ཚུལ་མི་འདྲ་བའི་གོང་གི་མཁའ་ཀློང་ཡངས་པ་བཞུགས་པ་རྣམས་ལ། དེ་ནས་རྗེ་མཁྱེན་རབ་དབང་ཕྱུག །གཅུང་ལེགས་ལྡན་རྗེ་མན་གོང་ལྟར། ཡང་ན་མངའ་བདག་འགྲོ་མགོན་ནས། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །སྲས་པདྨ་དབང་ཆེན། ཤེས་རབ་རྒྱ་མཚོ། ཟུར་ཤཱཀྱ་འབྱུང་གནས། བློ་ཆེན་ཤྲཱི་ཕ་ལ། ཉང་ཤཱཀྱ་རྡོ་རྗེ། ཟུར་བཤེས་གཉེན་པ། སློབ་དཔོན་ཤྲཱི་བྷ་དྲ། སྔགས་འཆང་ར་མོ་བ་དང་ལེགས་པ་གཉིས། དེ་གཉིས་ཀ་ལ་འཇམ་དབྱངས་རིན་ཅེན་རྒྱལ་མཚན། མངའ་རིས་པཎ་ཆེན་མན་གོང་ལྟར། ཡང་ན་སྲས་པདྨ་དབང་ཆེན་ནས། གཟུ་སྟོན་དྷརྨ་རཏྣ། གཟུ་སྟོན་རིན་ཅེན་རྒྱལ་མཚན། རྟོགས་ལྡན་ཆོས་ཉིད་རང་གྲོལ། བླ་མ་སངས་རྒྱས་ལྷུན་དབང་། ཟུར་ཤཱཀ་འབྱུང་། ཟུར་བཤེས་གཉེན་པ་མན་གོང་འདྲ། ཡང་གཉོས་མཚན་ལྡན་གྲུབ་ཐོབ་ཡན་སྔར་ལྟར་ལ། དེ་ནས་གཉོས་བཙུན་པ། གཉོས་སེང་གེ་རྒྱལ་མཚན། རྩ་བྲལ་བ་ཆེན་པོ། བྱ་བྲལ་ཆོས་རྗེ། དགེ་སློང་ཆེན་པོ་ཡོན་ཏན་དཔལ། དཔལ་ལྡན་དོན་གྲུབ། ནམ་མཁའ་བཟང་པོ། མཁའ་ཀློང་པ། མངའ་རིས་པཎ་ཆེན་མན་གོང་ལྟར། ཡང་ན་མངའ་བདག་འགྲོ་མགོན་ནས། གཉེན་སྟོན་མདོ་བོ་རས་


GLG002_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་འདུན་འབུམ། གྲུབ་ཐོབ་མེ་ལོང་རྡོ་རྗེ། གཞོན་ནུ་རྒྱལ་པོ། ལྡན་སྒོམ་བསམ་གཏན་གླིང་པ། རྒྱལ་སྲས་བཟོད་པ། འཇམ་དབྱངས་ཆོས་གྲགས། བསོད་ནམས་དཔལ་ལྡན། མཁའ་ཀློང་པ། མཁྱེན་རབ་དབང་ཕྱུག་མན་གོང་བཞིན། ཡང་ན་གུ་རུ་ཆོས་ཀྱི་དབང་ཕྱུག་ནས། སྨན་ལུང་པ་ཤཱཀ་གཞོན། ཡེ་ཤེས་སྙིང་པོ། མཁས་གྲུབ་གཞོན་ནུ། ནམ་མཁའ་ཡབ་སྲས། རབ་འབྱམས་བཟང་པོ། རྡོ་རྗེ་སངས་རྒྱས། བསོད་ནམས་དཔལ་ལྡན། མཁའ་ཀློང་པ། པཎ་ཆེན་མན་སྔར་ལྟར། ཡང་ན་གཏེར་སྟོན་ནས། གཉོས་གྲགས་པ་རྒྱལ་མཚན། གཉོས་སྒོམ་རྡོ་རྗེ། གངས་པ་བཀྲ་ཤིས། གྲགས་པ་རིན་ཅེན། གྲགས་པ་འོད་ཟེར། ཀུན་དགའ་དོན་གྲུབ། འཇམ་དབྱང་ཕྱག་རྡོར། ཞང་རིན་ཅེན་རྒྱལ་མཚན། རིག་འཛིན་དཔལ་མཆོག་པ། མཁའ་གློང་པ། མངའ་རིས་པཎ་ཆེན་མན་གོང་བཞིན། ཡང་ན་མཁའ་ཀློང་ཡངས་པ་ནས། པཎ་ཆེན་འབུམ་ཕྲག་གསུམ་པ་བྱམས་པ་ཆོས་ཀྱི་དོན་གྲུབ། རྗེ་བཙུན་ཆོས་ཀྱི་སེང་གེ །པཎ་ཆེན་པདྨ་དབང་རྒྱལ་མན་སྔར་ལྟར། ཡང་ན་གཙང་པ་བློ་གྲོས་བཟང་པོ་ནས། རྣམ་རྒྱལ་འོད་ཟེར། ནོར་བུ་བཟང་པོ། པཎ་ཆེན་འབུམ་ཕྲག་གསུམ་པ། ཡོལ་མོ་ཤཱཀྱ་བཟང་པོ། མངའ་རིས་པཎ་ཆེན། གཉིས་ཀ་ལ་ལེགས་ལྡན་རྗེས་གསན། ཡང་ན་གཉོས་སྒོམ་རྡོ་རྗེ་ནས་མཐིང་གི་བླ་མ་གྲགས་འོད། སྐལ་ལྡན་རྡོ་རྗེ་རྒྱལ་པོ། དྷརྨ་ཀེ་ཏུ། ཆོས་ཀྱི་བློ་གྲོས། མཐོང་དགའ་རྡོ་རྗེ། མངའ་རིས་པཎ་ཆེན་མན་གོང་ལྟར། ཡང་ན་བསྙེན་སྒྲུབ་ཐེམས་ཤིང་དམ་ཚིག་གཙང་བའི་བརྒྱུད་པ་ཁྱད་ཅན་དུ་གྲགས་པ་ནི། གཏེར་


GLG002_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ནས། དྲིན་ཅན་རོག །སྤྲུལ་སྐུ་གཉོས། གུས་ལྡན་མགོན་པོ། སློབ་དཔོན་སྐྱོགས། སྟོན་པ་རས་པ། མཁན་ཆེན་བསོད་ནམས། བློ་གྲོས་གྲགས་བསོད། ཤེས་རབ་དབང་ཕྱུག །ཤེས་རབ་འབྱུང་གནས། བློ་གྲོས་སེང་གེ །སྒང་པ་ཡོན་ཏན་རྡོ་རྗེ། དེ་དབོན་དགེ་སློང་དཔལ་ལྡན་འབྱུང་གནས། དོལ་པོ་རྫོང་ལུང་རིན་ཅེན་གྲུབ། སྔགས་འཆང་ཟིལ་གནོན་ཁྲོ་རྒྱལ་རྡོ་རྗེ། འབྲི་ཁུང་པའི་གསན་ཡིག་ན་སྔགས་འཆང་བཀྲ་ཤིས་བཟང་པོ་ཟེར་བ་འདུག །མཁྱེན་རབ་དབང་ཕྱུག་མན་གོང་བཞིན་ནོ། །ལུང་བརྒྱུད་ནི་ཟུར་གྱི་རྟགས་ཅན་རྣམས་དང་ཁྱད་པར་དབང་སྒྲུབ་ཀྱི་ཕྱག་ལེན། ཁྲོ་རོལ་གྱི་བཅས་འཁོར་ལོའི་མན་ངག་སོགས་ཤོག་ཁྲ་དང་བསྟུན་ནས་འབྲི་གུང་ཟུར་པ་རིན་པོ་ཆེའི་ཕྱག་བཞེས་ལྟར་དམར་ཁྲིད་དུ་ཐོབ་པའི་བརྒྱུད་པ་གཙོ་ཆེ་བ་གཅིག་དང་། དབང་གི་བརྒྱུད་ལུགས་གཅིག་ནི། མངའ་བདག་ཀུན་དགའ་འོད་ཟེར་ཡན་དབང་བརྒྱུད་གཙོ་ཆེ་བ་བཞི་པ་ལྟར་ལ། དེ་ནས་མངའ་བདག་ཉི་མ་རྒྱལ་པོ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིག་འཛིན་ལེགས་ལྡན་རྗེ་མན་གོང་ལྟར། ཡང་ན་དབང་བརྒྱུད་གཙོ་ཆེ་བ་གསུམ་པ་ཇི་ལྟ་བ་བཞིན་ནོ། ༈ །རྒྱུད་ལུང་ཉི་ཤུའི་བརྒྱུད་ལུགས་གཅིག་ནི། ཟུར་ཤཱཀྱ་བཤེས་གཉེན་ཡན་དབང་བརྒྱུད་གཙོ་ཆེ་བ་དང་པོ་ལྟར་ལ། དེ་ནས་སོག་པོ་དཔལ་ཡེ། ཀུན་བཟང་པ། བསོད་ནམས་མཚན་ཅན། རྣམ་གྲོལ་མཚན་ཅན། ལེགས་ལྡན་རྗེ་མན་གོང་ལྟར། ཁྲོ་བོ་རོལ་པའི་སྐོར་གྱི་བརྒྱུད་ལུགས་གཙོ་ཆེ་བ་གཅིག་ནི། མཁའ་ཀློང་ཡངས་པ་ཡན་དབང་བརྒྱུད་གཙོ་ཆེ་བ་གསུམ་པ་ལྟར་ལ། དེ་ནས་སྐལ་ལྡན་རྒྱ་མཚོ། མི་འགྱུར་ཀུན་དགའ་དཔལ་བཟང་། རྗེ་ཟུར་པ་རིན་ཆེན་ཕུན་


GLG002_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མན་གོང་བཞིན། ཡང་ན་རྒྱ་མ་མི་འགྱུར་པ་ནས། ལེགས་ལྡན་རྗེ། རྗེ་ཟུར་པ་རིན་པོ་ཆེ་མན་འདྲ། རྗེ་ཟུར་པ་ནས་བརྒྱུད་ཕྱིན་དབང་ལུང་སྤྱིའི་བརྒྱུད་པ་ལ་རིག་འཛིན་ལེགས་ལྡན་རྡོ་རྗེ་མེད་ཐབས་མེད། ཁྲོ་རོལ་གྱི་སྐོར་རྗེ་ཟུར་པས་རྒྱ་མ་མི་འགྱུར་བ་ལ་གསན་པའི་ལུགས་གཅིག་ཀྱང་ཡོད་ཅེས་འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་པས་དངོས་སུ་གསུང་བ་ཐོས་ཀྱང་སྣང་རྩེ་བ་ཕྱོགས་གཏོགས་རྣམས་བརྒྱུད་པར་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་འདྲེན་བཞིན་དུ་ལེགས་ལྡན་རྗེ་བརྒྱུད་པར་མི་འཇུག་པ་ནི་རང་ཉིད་ཀྱི་ནང་ཟོང་ཐམས་ཅད་ཕྱི་ལ་སྟོན་པར་ཟད་དོ། ༈ །ཡང་རྒྱུད་རྣམས་མ་གཏོགས་པའི་གཞན་མ་ཐེམས་ཅན་དཀར་ཆག་གསལ་སྒྲོན་གཞིར་བཞག་དང་། ཐེམས་མེད་གསང་བ་བཅུད་ཀྱི་ཐིགས་པ་ཡན་ཡོངས་རྫོགས་ཀྱི་ལུང་ཐོབ་པའི་བརྒྱུད་པ་སློབ་བརྒྱུད་གཙོ་ཆེ་བ་ནི། སྤྲུལ་སྐུ་ཆོས་ཀྱི་དབང་པོ་ཡན་དབང་བརྒྱུད་གཙོ་ཆེ་བ་གསུམ་པ་སོར་བཞག་ལ། དེ་ནས་མངའ་བདག་ཀུན་དགའ་ལྷུན་གྲུབ། ལྷ་བྲོ་སྤྲུལ་སྐུ་ཀརྨ་གུ་རུ། རྒྱལ་སྲས་ཀརྨ་དབང་འབྱོར། གྲུབ་མཆོག་ཆོས་དབང་ཀུན་བཟང་། དར་སྡིངས་རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་སྨྱོན་བླ་མེད་རྡོ་རྗེ་རྩལ་ལའོ། །ཡང་སྲས་བརྒྱུད་གཙོ་ཆེ་བ་ནི། རྗེ་རིགས་ནམ་མཁའི་རྣལ་འབྱོར་པ་ཡན་དབང་བརྒྱུད་གཙོ་ཆེ་བ་བཞི་པ་ལྟར་ལ། དེ་ནས་མངའ་རིས་མཁྱེན་རབ་དབང་ཕྱུག་ལ་མངའ་བདག་ཀུན་དགའ་ལྷུན་གྲུབ་ཀྱིས་ཤོག་སེར་གྱི་སྟེང་ནས་ཚར་གཅིག་གསན། དེ་ནས་ཀརྨ་གུ་རུ་ལ་བརྒྱུད་དོ། །འདི་བརྒྱུད་པ་གཙོ་ཆེ་བ་གཅིག་ཏུ་སྣང་ངོ་། ༈ །ཡང་


GLG002_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ན་མངའ་བདག་ཀུན་དགའ་འོད་ཟེར་ཡན་གོང་ལྟར་ལ། དེ་ནས་མངའ་བདག་ཉི་མ་རྒྱལ་པོ། ལྷ་བྲོ་ཆོས་ཀྱི་དབང་པོ་མན་སྔར་བཞིན། ཡང་ན་མངའ་བདག་ཀུན་དགའ་འོད་ཟེར་ཡན་གོང་ལྟར་ལ། སྲས་མངའ་བདག་ཀུན་དགའ་འཕེལ། དེས་བཀྲ་ཤིས་མཐོང་སྨོན་དུ་ཁམས་པ་དབང་ཆོག་རྒྱལ་པོ་དང་། ཁམས་པ་ཆོས་ཀྱི་སེང་གེ་གཉིས་ལ་ཤོག་སེར་གྱི་སྟེང་ནས་དབང་གནང་སྐབས་མངའ་བདག་ཀུན་དགའ་ལྷུན་གྲུབ་དགུང་ལོ་བཅུ་གསུམ་བཞེས་དུས་ལྷན་དུ་གསན། དེ་ནས་ཀརྨ་གུ་རུ་མན་གོང་བཞིན་ནོ། ༈ །བཀའ་སྲུང་སྐོར་གྱི་བརྒྱུད་པ་ནི། ཀུན་དགའ་འོད་ཟེར་ཡན་དབང་བརྒྱུད་གཙོ་ཆེ་བ་བཞི་པ་སོར་བཞག་ལ། དེ་ནས་གདན་ས་པ་ཉི་མ་རྒྱལ་པོ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། མངའ་བདག་ཀུན་དགའ་ལྷུན་གྲུབ། མངའ་བདག་བློ་གྲོས་པད་དཀར། གནས་གཞི་བ་འཇམ་དབྱངས་བསྟན་འཛིན་གྲགས་པ། དེ་སྲས་པདྨ་ཚེ་དབང་རིགས་འཛིན། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །ཁྲོ་རོལ་གྱི་སྐོར་ལ་ཁྲའི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། ཀོང་པོ་རྩ་ནང་པ་དྲི་མེད་སངས་རྒྱས་ཡན་དབང་བརྒྱུད་གཙོ་ཆེ་བ་གསུམ་པ་སོར་གནས་ལ། དྲི་མེད་ཀུན་དགའི་ཐུགས་སྲས་ཡིན། ཆོས་འབྱུང་དགོན་གྱི་བླ་མ་མཛད་འདུག །དེ་ནས་གནམ་གོང་པ་ཚ་བོ་བཀྲ་ཤིས་དབང་ཕྱུག །སང་གླིང་གདུང་བརྒྱུད་གསུམ་པ་མཚན་ལྡན་བསོད་ནམས་ལྷུན་གྲུབ། རབ་གསལ་དགེ་བའང་ཟེར། བླ་མ་ཀརྨ་བཟང་པོ། གུ་རུ་གྲུབ་མཆོག་བཟང་པོ། སྙེ་ཕུ་བ་མཁས་གྲུབ་རིག་འཛིན་སྙིང་པོ། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །ཡང་ན་གཉོས་ཞིག་གྲགས་པ་རྡོ་རྗེ། གཉོས་པདྨ་རྡོ་རྗེ།


GLG002_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གཉོས་གྲགས་པ་བཀྲ་ཤིས། གཉོས་གྲགས་པ་རིན་ཅེན། གཉོས་གྲགས་པ་སེང་གེ །གཉོས་གྲགས་པ་འོད་ཟེར། འདི་ཡན་གུང་རུ་བའི་ཞལ་ངོ་། །གཉོས་ཁྲ་ཚང་པ་གྲགས་པ་བཟང་པོ། གཉོས་ནམ་མཁའ་བློ་གྲོས། གཉོས་ནམ་མཁའ་རྒྱལ་མཚན། གཉོས་ནམ་མཁའ་རིན་ཅེན། གཉོས་བསོད་ནམས་དཔལ་ལྡན། གཉོས་བསོད་ནམས་རྒྱ་མཚོ། འདི་ཡན་གུང་རུ་ནས་ཁྲ་ཚང་དུ་གྱེས་པའི་བརྒྱུད་པ། གྱེར་བན་བཀྲ་ཤིས་དབང་ཕྱུག །བྱ་ཁྱུང་པ་བསོད་ནམས་རྒྱལ་པོ། བྱ་ཁྱུང་པ་ངག་དབང་པདྨ་དབང་རྒྱལ། ཐུགས་སྲས་རྒྱལ་དབང་བསྟན་འཛིན། ཀརྨ་རིག་འཛིན་སྙིང་པོ། ཉང་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཁྲོ་རོལ་གྱི་བྱིན་རླབས་ཕྱག་ལེན་གྱི་བརྒྱུད་པ་ནི། ཁྲ་ཚང་པ་བསོད་ནམས་རྒྱ་མཚོ་ནས། གཉོས་བསོད་ནམས་དཔལ་ལྡན་ཕྱི་མ། གཉོས་ནམ་མཁའ་རྒྱ་མཚོ། གཉོས་ནམ་མཁའ་ཚེ་དབང་། གཉོས་ངག་དབང་གྲགས་པ་རྒྱ་མཚོ། སྨན་ལུང་པ་ཉང་ནམ་མཁའ་ཚེ་དབང་། འདི་མན་སྨན་ལུང་ནས་ཁྲ་ཚང་བཟུང་བའི་ཉང་རིགས་ཡིན། དེ་སྲས་ཀརྨ་གཟི་བརྗིད་དང་ཀརྨ་མཐུ་སྟོབས་མཆེད་གཉིས། དེ་གཉིས་ལ་མྱང་བློ་མཆོག་རྡོ་རྗེས་གསན་ཞིང་། དེས་བདག་ལ་ཕྱག་ལེན་དམར་འཁྲིད་དུ་གནང་ངོ་། །ལུང་བརྒྱུད་ལུགས་གཅིག་ལ་ཀོང་པོ་དྲི་མེད་སངས་རྒྱས་ཡན་གོང་ལྟར་ལ། དེ་ནས་སྤྲུལ་སྐུ་ཆོས་ཀྱི་དབང་པོ། རྒྱལ་སྲས་ཀརྨ་གུ་རུ། ཐུགས་སྲས་ཀརྨ་དབང་འབྱོར། ཉང་སྟོན་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །གཏེར་གྱི་རྟགས་ཅན་གྱི་བརྒྱུད་པ་ནི། རྗེ་ཟུར་པ་ནས། ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས། ན་རོ་པ་བཀྲ་ཤིས་ཕུན་ཚོགས། རིག་འཛིན་ཆོས་ཀྱི་
གྲགས་པ། བླ་མ་དཀོན་ཅོག་ལྷུན་གྲུབ། མཚུངས་མེད་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །བཀའ་བརྒྱད་གླེགས་བམ་ཕལ་ཆེར་དུ་ཁ་སྐོང་གི་ཚུལ་དུ་བཞུགས་པ་རྣམ་ཐར་གྱི་སྐོར་ལ། ཉང་རིག་འཛིན་ལྷུན་གྲུབ་འོད་ཟེར་གྱིས་མཛད་པའི་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་རྣམ་ཐར་གསལ་བའི་མེ་ལོང་། མངའ་བདག་འགྲོ་མགོན་གྱི་རྣམ་ཐར་སློབ་མ་མི་གསུམ་གྱིས་བསྒྲིགས་པ། གཏེར་རྒྱུད་རིན་ཅེན་སྤུངས་པ་ཞེས་བྱ་བར། མངའ་བདག་བློ་ལྡན་གྱི་རྣམ་ཐར། དེ་སྲས་བདུད་འདུལ་གྱི་རྣམ་ཐར། དེ་སྲས་མདོ་སྡེ་སེང་གེའི་རྣམ་ཐར། དེ་སྲས་པདྨ་དངོས་གྲུབ་ཀྱི་རྣམ་ཐར། དེ་སྲས་འཇམ་དཔལ་ནོར་བུའི་རྣམ་ཐར། དེ་སྲས་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར། དེ་སྲས་ལྷའི་རྒྱལ་མཚན་གྱི་རྣམ་ཐར། དེ་སྲས་བཟང་པོ་ལྷུན་གྲུབ་ཀྱི་རྣམ་ཐར་ཏེ་ལེའུ་བརྒྱད་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མངའ་བདག་ཉི་མ་འོད་ཟེར། སྲས་འགྲོ་མགོན་ནམ་མཁའ་དཔལ། བློ་ལྡན་ཤེས་རབ། བདུད་འདུལ་འབུམ། མདོ་སྡེ་སེང་གེ །པདྨ་དངོས་གྲུབ། འཇམ་དཔལ་ནོར་བུ། ཀུན་དགའ་རྒྱལ་མཚན། ལྷའི་རྒྱལ་མཚན། ཉང་རྡོ་རྗེ་རྒྱལ་མཚན། དྷརྨ་ཀེ་ཏུ། ནམ་མཁའ་དཔལ། བཱི་མ་བུདྡྷ། གནམ་གོང་བཀྲ་ཤིས་དབང་ཕྱུག་རབ་གསལ་དགེ་བ། སངས་རྒྱས་གླིང་པའི་གདུང་བརྒྱུད་ཀརྨ་བྷ་དྲ། སྙེ་ཕུ་གྲུབ་མཆོག་བཟང་པོ། སྙེ་ཕུ་བ་རིག་འཛིན་སྙིང་པོ། ཁྲ་ཚང་པ་ཆེན་པོ་མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་གྱི་བནྡེ་ལའོ།


previousསློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཟངས་གླིང་མའི་ལུང་བརྒྱུད་ཇི་ལྟར་ནོས་པ་སོགས་ཀྱི་སྐོར།next