Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

142 occurrences of བརྒྱུད་གསུམ་
[Clear Hits]


  
collapse section
 
 
 
 
11   
 
 
 
 
 
 
 
24   
19   
 
 
  
 
 
 
 
པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་ཆོས་སྐོར་གྱི་དབང་ལུང་རྗེས་གནང་ཇི་ལྟར་ནོས་ཚུལ་སྐོར།
 
12   
 


142 occurrences of བརྒྱུད་གསུམ་
[Clear Hits]

 
previousཔདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་ཆོས་སྐོར་གྱི་དབང་ལུང་རྗེས་གནང་ཇི་ལྟར་ནོས་ཚུལ་སྐོར།next

པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་ཆོས་སྐོར་གྱི་དབང་ལུང་རྗེས་གནང་ཇི་ལྟར་ནོས་ཚུལ་སྐོར།


GLG002_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མངའ་བདག་ཆེན་པོས་སྤྱན་དྲངས་པའི་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་ཆོས་སྐོར་ལ། ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྨིན་བྱེད་ཀྱི་དབང་ལེགས་པར་མནོས་ནས། ལུང་ལ་རྒྱུད་ལེའུ་བཅུ་གསུམ་པ། དེའི་སྐབས་སྤྱོད་དོན་འགྲེལ་ཨོ་རྒྱན་ཆེན་པོས་མཛད་པ། ས་བཅད་དཔལ་སེང་པས་མཛད་པ། ཨོ་རྒྱན་ཆེན་པོས་མཛད་པའི་དབང་། སྒྲུབ་པ་ཚེ་སྦྱིན་སྲེག་རབ་གནས། གནས་ལུང་གི་བྱང་བུ། སློབ་དཔོན་པདྨ་བཟང་པོའི་རྣམ་ཐར། རྒྱན་འགོད་རྒྱལ་མཐོ་དམ་སྲི་སྒོ་བྱང་ཆག་ཆག་ཐིག་ཚོན་མཆོད་གཏོར་སོགས་སྔོན་འགྲོའི་སྐོར། སྒྲུབ་པའི་ཐོ་ཡིག་མུས་སྲད་པས་མཛད་པ། རྩ་བརྒྱད་སྟོང་སྦྱར་གྱི་ངོས་འཛིན། དབང་ཆོག་བདེ་ཆེན་མྱུ་གུ། ལྷ་དབང་རྫས་དབང་གི་ཡི་གེ །མུས་སྲད་པས་མཛད་པའི་ཚེ་དབང་གི་ཡི་གེ །ཚེ་བཀྲ་བརྟག་པ། བརྒྱུད་འདེབས་དངོས་གྲུབ་གཏེར་མཛོད། དཔའ་གཅིག་མངོན་རྟོགས་བླ་མའི་གསུང་ལྟར་བྲིས་པ། ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་ཨོ་རྒྱན་གྱིས་མཛད་པའི་འཕྲིན་ལས། དེའི་བསྡུས་དོན། དུས་གསུམ་སངས་རྒྱས་ཀྱི་བསྟོད་པ། རྟགས་བསྟོད། ཁྱུང་བསྟོད། བཀྲ་ཤིས་


GLG002_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་བརྒྱད་པ། སྨན་རག་གཏོར་གསུམ་བྱིན་རློབ། བྱིན་འབེབས་ཀྱི་དམིགས་པ། མུས་སྲད་པས་མཛད་པའི་ཚོགས་མཐའ་མའི་ལག་ལེན། དེས་མཛད་པའི་སྤྱི་བསྐུལ་གསུམ། དེས་མཛད་པའི་གསེར་སྐྱེམས་རྒྱས་བསྡུས། གཉེན་པོ་ཡུངས་ཀར་སྒྲོལ་གྱིང་གི་ཕོ་ཉ། གུན་དབབ། ལྷ་དབྱེ། ཁྲག་ཟོར། སྒོ་དབྱེ། ཟོར་འཕང་། དབང་པོ་རབ་འབྲིང་ཐ་གསུམ་བརྟུལ་ཞུགས་དང་བཅས་པའི་བྲོ། སྦྱིན་སྲེག་དོན་བཅུ་གཅིག་མ། གནས་བྱང་གི་ཌཱིཀྐ་ཉི་མའི་འོད་ཟེར་མུས་སྲད་པའི་སྒོམ་ཁོག་རིན་ཅེན་འཕྲེང་བ། སྦས་པ་མིག་འབྱེད་ལ་ལས་ཚོགས་ལྔ་བཅུ་རྩ་གསུམ། ལས་ཕྲན་ལ་ཆུ་དང་ཕྱེའི་དཀའ་ཐུབ། གཏོར་མའི་ལས་ཚོགས་བཅུ་བདུན། བསྲུང་བ། བསྙེན་ཚད། གདོན་རྟགས། སྔགས་ཆུ། བསྲུང་སྐུད། ཆུ་བྱེ་མས་བསྲུང་བ། ནད་འདོན། མནན་པ། མིག་མཐོང་། འཁོར་ལོ་ཁ་སྦྱོར་གྱིས་བགེགས་འདུལ། རྒྱལ་འགོང་དང་བདུད་འདུལ་པ། གཟིར་བ། མནན་པ། བྱུག་པ། མཛེ་བརྟག་པ། ཆུ་སྲིན་གསད་པ་དང་ཁོང་བུར་གཞུག་པ། སྲིའུ་གསོ་བ། གཤེན་པོ་འདྲེར་མི་ཡོང་བ། འཛུལ་ཆོག །ལམ་བསྲུང་། སེར་བསྲུང་བཀའ་རྒྱ་མའི་སྐོར། ཐུན་ཟོར། གཏའ་མའི་ལས་རིམ་གྱིས་སེར་བ་དབབ་ཐབས་བཅུ་གཉིས། སྔགས་གཤམ་འདོགས་ཚུལ་དང་གྱིང་ལྔ་སྲོག་གཅོད་ཀྱི་མན་ངག་བཻ་རོའི་ཞལ་ཁྲིགས། མཆོག་སྒྲུབ་ལ། ལྔ་འཁྲིད་སེམས་གཟུང་། ལྷ་བརྟག །གཏུམ་མོ། རྟ་སྐད་ཐེངས་གཅིག །བསྐྱེད་རྫོགས་ཟུང་འཇུག །དངོས་གྲུབ་སྤྱོད་པ། དུག་གསུམ་ལམ་སློང་། སྡོམ་པ་དམ་ཚིག་དངོས་གྲུབ་ཡང་དག་ལྟ་བ་རྣམས་ཀྱི་ཤོག་དྲིལ། རྫོགས་རིམ་


GLG002_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གསང་ལམ། པདྨ་གསང་ལམ་གྱི་ཉམས་ལེན་གུ་རུས་ཆོས་རྒྱལ་ལ་གསུངས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་རྣམ་པར་སྣང་མཛད། ཚངས་པ་ལྷའི་མེ་ཏོག །གཏེར་སྟོན་ཉི་མ་འོད་ཟེར། ཤེ་མ་འོད་འབྱུང་། གྲུབ་ཐོབ་འདར་ཕྱ་རུ་བ་རིན་ཅེན་བཟང་པོ། ཆོས་རྒྱལ་བོ་དོང་རིན་ཅེན། ཉན་ཆེན་བསོད་ནམས་བརྟན་པ། མཁན་ཆེན་ཆོས་རྒྱལ་དཔལ་བཟང་། ཀུན་མཁྱེན་དཔལ་ལྡན་སེང་གེ །ཆོས་རྗེ་བསོད་ནམས་བཟང་པོ། དགྲ་བཅོམ་པ་ཡོན་ཏན་བློ་གྲོས། བྲག་ནག་པ་བདེ་ལེགས་རྒྱལ་མཚན། གྲུབ་ཆེན་བེ་ཕུག་པ་བདེ་ལེགས་རྒྱལ་མཚན། དབང་ཆེན་ཞལ་གཟིགས་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། ༈ །བླ་མ་མངའ་བདག་ཉང་གིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་གདན་དྲངས་པའི་རྟ་མགྲིན་བདེ་གཤེགས་འདུས་པའི་སྨིན་བྱེད་ཀྱི་དབང་ལེགས་པར་མནོས་ནས། ལུང་ལ་བདེ་གཤེགས་གཅིག་དྲིལ་གི་མན་ངག་ཟབ་མོ། སྒོམ་ཁོག །དབང་མཆོག །ལོ་རྒྱུས་ལས་འཕྲོས་པའི་བདེ་གཤེགས་གཅིག་དྲིལ་དྲེགས་པ་ཀུན་སྒྲོལ། རླུང་མེའི་དམིགས་རིམ་དང་། ཕུར་ཆུ་ལུངས་


GLG002_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་གྱི་སེར་བསྲུང་། གཏོར་མ། གཉེན་པོའི་རྫས། བསྙེན་སྒྲུབ་ལས་གསུམ་གྱི་རྫས། ལས་སྦྱོར་རྣམ་གསུམ། བསྲུང་ཟློག་གསོ་བའི་ལས། བདེ་འདུས་ཀྱི་དྲག་སྔགས། ལས་རིམ་རྣམ་བརྒྱད། བསྙེན་པ། ཆོས་སྐྱོང་དང་སྡེ་བརྒྱད་བསྐུལ་བ། ཀླུ་དང་དགྲ་བགེགས་དམ་སྲི་འདུལ་བ། རྦོད་གཏོང་བཟློག་པ། རང་བསྲུང་། སྲིའུ་གསོ་བ། སྨྱོ་འབོག་དང་འདྲེ་ངན་འདུལ་བ། ཞོ་ཆང་བསྲུང་བ། གདོན་རིམས་བསྲུང་བ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་ཐོད་འཕྲེང་། མཁར་ཆེན་བཟའ་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། ཉང་ཉི་མ་འོད་ཟེར། ཤེ་མ་འོད་འབྱུང་འདར་ཕྱ་རུ་བ་རིན་ཅེན་བཟང་པོ། བོ་དོང་རིན་པོ་ཆེ། ཉན་ཆེན་བསོད་ནམས་བརྟན་པ། བྲག་རམ་པ་ཆོས་རྒྱལ་དཔལ་བཟང་། ཀུན་མཁྱེན་དཔལ་ལྡན་སེང་གེ །བླ་མ་རིན་ཅེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། རྭ་བན་ཆོས་དཔལ་བཟང་པོ། བྱམས་པ་རྡོ་རྗེ་རྒྱལ་མཚན། མཉམ་མེད་དཀོན་ཅོག་དཔལ་བཟང་། ནུབ་དགོན་པ་བྱམས་པ་ཆོས་རྒྱན། ཐུགས་སྲས་བློ་གྲོས་རྒྱལ་མཚན། རྗེ་བྱམས་བཟང་པོ། སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། རྒྱལ་སྲས་བདེ་བ་བཟང་པོ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །བླ་མ་མངའ་བདག་ཆེན་པོས་བསམ་ཡས་མཆོད་རྟེན་ནག་པོ་ནས་སྤྱན་དྲངས་པའི་རྟ་མགྲིན་ལྕགས་རལ་ཅན་ཡང་ཆུང་ནག་པོ་དཔའ་བོ་གཅིག་སྒྲུབ་ཀྱི་སྐོར་ལ། ཐོག་མར་སྐུ་གླེགས་བམ་ཕུར་བུ་གསུམ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་དབང་དང་མཐའ་རྟེན་སྐུ་གསུང་ཐུགས་ཀྱི་གཏོར་དབང་ལེགས་པར་ཐོབ་ནས། ལུང་ལ་བསྙེན་སྒྲུབ་


GLG002_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་གསུམ་ལས། དང་པོ་ནི། ཁྲོ་ཆུ་ལྟ་བུའི་རྫས་ཀྱི་སྦྱོར་བ། གནམ་ལྕགས་ལྟ་བུའི་གསང་སྔགས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གསུམ་གྱིས་བསྲུང་བ་ལ་བརྟེན་ནས་བསྙེན་པ་བྱ་བ། གཉིས་པ་ནི། སྐུ་གསུང་ཐུགས་ཀྱི་རྟེན་ལ་བརྟེན་ནས་སྒྲུབ་པ་བྱ་བ་ཞར་བྱུང་དུ་སྒྲུབ་པའི་རྟགས་བཤད་པ། གསུམ་པ་ལ་མཎྜལ་དང་དགྲ་བགེགས་གང་ཡིན་གྱི་ལིངྒ་ཐུན་ལ་བརྟེན་ནས་བསྒྲལ་བ་གསང་བ་དུག་མདའ་ནག་པོ། སེར་བ་དབབ་པ། ཆར་དབབ་པ། ཆར་གཅོད་པ། འགུགས་པའི་ལས། སྨྱོ་བ་འདུལ་བ། མ་རྡོ་གསོ་བ། སྲིའུ་གསོ་བ། སྡེ་བརྒྱད་སྲོག་འཁོར་ལ་བརྟེན་ནས་ཐོག་བསྲུང་བ་སོགས་གང་འདོད་གདགས་ཡུལ་ཁ་བསྒྱུར་ཆོག་པ། དྲག་པོ་གཏོར་མ། བཙོ་རྔོད་བསྲེག་previous hit གསུམ་ལ་བརྟེན་ནས་གདོན་ཆེན་འདུལ་བ། གཏད་དང་མནན་པའི་ལས་རྣམས་ཐོབ་པའི་བརྒྱུད next hit་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་རྟ་མགྲིན་ནག་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཉི་མ་འོད་ཟེར། ཐུགས་སྲས་འགྲོ་བའི་མགོན་པོ། སངས་རྒྱས་མདོ་བོ་རས་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ། དུར་ཁྲོད་པ་ཀུན་བཟང་རྡོ་རྗེ། རིག་འཛིན་མཆོག་རབ་པ། གྲུབ་ཆེན་ཨ་དཔལ་རྡོ་རྗེ། བླ་ཆེན་ནམ་མཁའ་བཟང་པོ། སྐྱེས་མཆོག་ཚུལ་ཁྲིམས་བློ་གྲོས། ཐུགས་སྲས་ཚུལ་ཁྲིམས་འོད་ཟེར། བླ་མ་ཤཱཀྱའི་མཚན་ཅན། རྟོགས་ལྡན་དྲི་མེད་བློ་གྲུབ། ཆོས་རྗེ་སངས་རྒྱས་རྒྱལ་མཚན། གནམ་མཚོ་དོ་པ་སྦྱིན་པ་བཟང་པོ། བླ་མ་འདིས་འདམ་སྙིང་དྲུང་དྲ་མ་ལུང་གི་བྲག་ཕུག་ཏུ་སྒྲུབ་པ་མཛད་པས་གནམ་ས་གྲུམ་འགྲོ་བ་ལྟ་བུའི་རྟ་སྐད་གསན་པའི་མོད་ལ་ཞལ་གཟིགས། དེས་འོ་བྲན་དཔལ་གྱི་
དབང་ཕྱུག་གི་བརྒྱུད་པ་འོལ་བ་པ་ངག་དབང་ཆོས་གྲགས་ལ་གནང་། བླ་མ་དེས་ཐུན་མོང་མ་ཡིན་པའི་ཡི་དམ་དུ་མཛད་ཅིང་དེ་ནས་བསྙུན་གཞི་སོགས་ཡེ་མེད་ཀྱང་ཞག་གསུམ་ནས་འགྲོངས་པའི་གོང་དུ་གདམས་པ་བཀའ་གཏད་བྱིན་རླབས་ཆོས་བཀའ་ཡོངས་སུ་རྫོགས་པར་ཁྲ་ཚང་པ་ཆེན་པོ་བློ་མཆོག་རྡོ་རྗེ་ལ་གནང་། དེས་བདག་ཟ་ཧོར་གྱི་བནྡེ་ལའོ། །འོལ་བ་པས་ལན་གཅིག་པུ་དེ་ཀ་མ་གཏོགས་སུ་ལ་ཡང་མ་གནང་བ་གདའོ།


previousཔདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་ཆོས་སྐོར་གྱི་དབང་ལུང་རྗེས་གནང་ཇི་ལྟར་ནོས་ཚུལ་སྐོར།next