Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

142 occurrences of བརྒྱུད་གསུམ་
[Clear Hits]


  
collapse section
 
 
 
 
11   
 
 
 
 
 
 
 
24   
19   
 
 
  
 
 
 
 
 
གཏེར་སྟོན་ཆོས་ཀྱི་རྒྱལ་པོ་ཉང་ཉི་མ་འོད་ཟེར་གྱི་གཏེར་ཆོས་རིམ་པ་ཇི་ལྟར་ནོས་ཚུལ་སྐོར།
12   
 


142 occurrences of བརྒྱུད་གསུམ་
[Clear Hits]

 
previousགཏེར་སྟོན་ཆོས་ཀྱི་རྒྱལ་པོ་ཉང་ཉི་མ་འོད་ཟེར་གྱི་གཏེར་ཆོས་རིམ་པ་ཇི་ལྟར་ནོས་ཚུལ་སྐོར།next

གཏེར་སྟོན་ཆོས་ཀྱི་རྒྱལ་པོ་ཉང་ཉི་མ་འོད་ཟེར་གྱི་གཏེར་ཆོས་རིམ་པ་ཇི་ལྟར་ནོས་ཚུལ་སྐོར།


GLG002_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་ཆེན་པོ་ཉང་ཉི་མ་འོད་ཟེར་གྱི་གཏེར་བྱོན་རྟ་མགྲིན་དྲག་པོ་ལྷ་གསུམ་གྱི་སྐོར་ལ། བྱིན་རླབས་དབང་གི་འཕྲེང་བའི་སྟེང་ནས་བུམ་དབང་། ལྷ་དབང་། ཀླུ་ཆེན་བརྒྱད་ཀྱི་དབང་། སྔགས་དབང་། གཏོར་དབང་། རྫས་དབང་རྣམས་ལེགས་པར་ནོས་ནས། ལུང་ལ་རྟ་མགྲིན་དྲག་པོ་གསུམ་དྲིལ་གྱི་རྒྱུད་ཀྱི་རྒྱལ་པོ་གནམ་ལྕགས་ཀླུ་འདུལ་ཞེས་བྱ་ལེའུ་སུམ་ཅུ་རྩ་བདུན་པ། ཀླུ་གཉན་ས་བདག་མཚོ་སྨན་གྱི་ནད་གདོན་བརྟག་པ་དང་བཅོས་ཐབས་བསྟན་པ་བརྟག་པ་ཀླུའི་མེ་ལོང་གི་འཕྲེང་བ་ཞེས་བྱ་བ་ལེའུ་ཉི་ཤུ་པ། ཀླུ་ནད་དངོས་ཉམས་རྨི་ལམ་ལ་བརྟག་པ་དང་གསོ་རུང་མི་རུང་འཇུག་ལུགས་འཁོར་གྱི་གནོད་པ་བསྟན་པ་བརྟག་པ་གསལ་བའི་མེ་ལོང་ལེའུ་བཅུ་གསུམ་པ། དཀར་པོ་སྨན་གྱི་འཕྲེང་བ་ལེའུ་དྲུག་པ། ནག་པོ་རྫས་ཀྱི་འཕྲེང་བ་ལེའུ་བདུན་པ། ཁྲ་བོ་བསྲུང་བའི་འཕྲེང་བ་ལེའུ་བདུན་པ་མཇུག་ཏུ་སྤྱི་མཐུན་རྫས་ཀྱི་བསྲུང་བ་དང་བཅས་པ། ཁོང་སྟོབས་རིན་པོ་ཆེ་རྩངས་ཀྱི་འཕྲེང་བ་ལེའུ་བཅུ་པ། ཉམས་ལེན་མན་ངག་གི་འཕྲེང་བ་ལེའུ་བཅུ་གསུམ་པ། བྱིན་རླབས་དབང་བསྐུར་གྱི་འཕྲེང་བ། དྲག་པོ་གསུམ་དྲིལ་


GLG002_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལས་བྱང་རིན་པོ་ཆེའི་འཕྲེང་བའི་ནང་གི་སྒྲུབ་ཐབས་རིན་པོ་ཆེའི་འཕྲེང་བར་གྲས་པ། དྲག་པོ་གསུམ་དྲིལ་གྱི་སྐུ་གསུང་ཐུགས་ཀྱི་སྒྲུབ་པ་གསང་བའི་མན་ངག །ནཱ་ག་ཀླུ་འདུལ་དྲག་སྔགས་གནད་ཀྱི་འཕྲེང་བ་ཞེས་བྱ་བའི་གསང་སྒྲུབ། གཏོར་མ་གཏོང་བའི་ལས་རིམ། དྲག་པོ་གསུམ་དྲིལ་གྱི་གསང་བའི་ལས། སྦྱིན་སྲེག་གི་ལས། མནན་པའི་ལས་རིམ་སྤུ་གྲི་རེག་ཆོད། སེར་བ་འབེབས་པ། གཏད་ཀྱི་ལས་མཐའ། བསྲུང་འཁོར། བསྲུང་སྐུད། ཕུར་པས་བསྲུང་བ། བགེགས་ལ་བསྣུན་པའི་དགོངས་པ། ནཱ་ག་ཀླུ་འདུལ་གྱི་ལས་རིམ་ལ་བུམ་ཁྲུས་ལས་མཐའ། ཡུངས་ཀར་གྱི་ལས་མཐའ། སེང་ལྡེང་ཕུར་པའི་ལས་མཐའ། རལ་གྲིའི་ལས་མཐའ། རྡོ་རྗེའི་ལས་མཐའ། ལྕུག་པའི་ལས་རིམ། གུ་གུལ་གྱི་ལས་མཐའ། འཁོར་ལོའི་ལས་མཐའ། དྲག་སྔགས་ཀྱི་ལས་མཐའ་བསྟན་པ། བདེ་གཤེགས་བཀའི་བྱིན་རླབས་ཀྱིས་ཀླུ་རྣམས་སྲེག་པར་བྱེད་པ། གཉེན་པོ་ལྷ་previous hit གསུམ་གྱི་སྒོ་ནས་ཀླུ་སྒྲུབ་ཆེན་མོ་རྣམས་ཐོབ་པའི་དབང་གི་བརྒྱུད next hit་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་རྟ་མཆོག་དཔལ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མངའ་བདག་ཉི་མ་འོད་ཟེར། སྲས་འགྲོ་མགོན་བློ་ལྡན་ཤེས་རབ། ཆོས་རྗེ་བདུད་འདུལ། མདོ་སྡེ་སེང་གེ། པདྨ་དངོས་གྲུབ། འཇམ་དཔལ་ནོར་བུ། ཀུན་དགའ་རྒྱལམཚན། ནོར་བུ་འཕེལ། ཀུན་དགའ་འོད་ཟེར། ཀུན་དགའ་འཕེལ། མངའ་བདག་ཀུན་དགའ་ལྷུན་གྲུབ། མཁས་གྲུབ་ཀརྨ་གུ་རུ། ཐུགས་སྲས་ཀརྨ་དབང་འབྱོར། ཁྲ་ཚང་པ་ཁྱབ་བདག་བློ་མཆོག་རྡོ་


GLG002_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་གི་བརྒྱུད་པ་ནི། ཀརྨ་གུ་རུ་ཡན་དབང་བརྒྱུད་ལྟར་ལ། དཔང་སྟོན་ཀུན་མཁྱེན་དབང་ཕྱུག །ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །དཀར་ཆག་ལས། མཁའ་འགྲོ་མའི་ཆོས་སྐོར་འདི་རབ་ཏུ་གཉན་པས་མཁར་ཆེན་བཟའ་ཁྱོད་ཀྱིས་མ་སྤེལ་བར་རིན་ཅེན་གཏེར་དུ་སྦོསཿ དུས་ཀྱི་མཐའ་ལ་བབ་ཙ་ནཿ མཁའ་འགྲོའི་སྐུའི་བྱིན་གྱིས་བརླབས་པས་ལུས་ལ་ན་ཚ་དཀོན་པཿ གསུང་གིས་བྱིན་གྱིས་བརླབས་པས་མཐུ་དང་ནུས་པ་ཆེ་བཿ ཐུགས་ཀྱིས་བྱིན་གྱིས་བརླབས་པས་རྟོགས་པ་ཁོང་ནས་ཤར་བཿ སྒྲུབ་པ་ལ་བརྩོན་ཞིང་བརྣག་པ་ཐུབ་པཿ རིགས་བཙུན་ཞིང་སྣོད་དང་ལྡན་པ་གཅིག་ལ་བཀའ་བབས་སུ་གཏོད་ཅིགཿ དེས་རང་གཞན་གྱི་དོན་དུ་སྒྲུབ་པ་མཐར་གྱུར་ཅིག །དེས་ཀྱང་གསང་ལ་སྤྱད་པ་ལས་མ་སྤེལ་ན་དངོས་གྲུབ་ཐོབ་བོ། །ཞེས་པ་ལྟར་མངའ་བདག་ཆོས་ཀྱི་རྒྱལ་པོ་ཉི་མ་འོད་ཟེར་ལ་མཁའ་འགྲོའི་ཆོས་སྐོར་གྱི་བཀའ་བབས་ཤིང་། ཇོ་མོ་མཁར་ཆེན་བཟའ་བུད་མེད་རྟ་ཞོན་གྱི་རྣམ་པས་ཆོས་གཏེར་སྒྲོ་བ་གང་རྨི་ལམ་འོད་གསལ་གྱི་དུས་གཏང་བ་མནལ་སད་ནས་དངོས་སུ་བྱུང་བ་སོགས་ལོ་རྒྱུས་མཐའ་ཀླས་པའི་སྟག་སྒྲོའི་ནང་ནས་སྤྱན་དྲངས་པའི་མཁའ་འགྲོ་ཆེན་མོའི་སྐོར་ཚིག་དོན་མཐའ་དག་ཤིན་ཏུ་ངོ་མཚར་བའི་ཟབ་ཆོས་ཀྱི་སྙིང་པོ་ལྟ་བུར་འདུག་ཀྱང་དུས་ཀྱི་བསྐལ་པས་རྗེས་འཇུག་རྣམས་གྲོང་ཆོག་གི་གཡེང་པས་ཆོས་ཕྱིར་དཀའ་སྤྱད་ངལ་གསོར་བགྱིས་པའི་དབང་གིས་དབང་ལུང་གི་རྒྱུན་ཕལ་ཆེར་ནུབ་པས་མ་རྙེད་ཀྱང་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་སྒྲུབ་ཐབས་དང་བྱིན་རླབས་ཀྱི་ཆོ་གའི་སྟེང་ནས་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་སྐྱབས་སྡོམ། སེམས་བསྐྱེད། བྱིན་རླབས་ལེ་ཚན་འབེབས་པ་རྣམས་སྔོན་དུ་འགྲོ་བས། བུམ་པ། ཐོད་པ། མེ་ལོང་། གཏོར་མ། སྐུ་གཟུགས་ཏེ་ལྔའི་སྒོ་ནས་དབང་བཞི་


GLG002_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་གཅིག་ཏུ་རྫོགས་པར་ཐོབ། རྒྱབ་རྟེན་ལུང་ལ་བྱང་བདག་རིག་འཛིན་ཆེན་པོའི་ཕྱག་དཔེའི་ཆ་གསུམ་ཆ་གཅིག་ཙམ་གྱི་ལུང་ནོས་པ་ལ། མཁའ་འགྲོ་མ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དབང་བསྐུར་བའི་རིམ་པ་རྫོགས་བྱང་གི་མཐའ་ཅན། རྡོ་རྗེ་ཐོད་པ་ལ་བརྟེན་ནས་རྡོ་རྗེ་རྣལ་འབྱོར་མས་བྱིན་རླབས་དབང་བཞི་དང་བཅས་པའི་གདམས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཇོ་མོ་མཁར་ཆེན་མཚོ་རྒྱལ་ལ་བྱིན་གྱིས་བརླབས་པ་རྫོགས་བྱང་གི་མཐའ་ཅན། ཇོ་མོ་མཁར་ཆེན་མཚོ་རྒྱལ་གྱིས་སྒྲོའི་སྟེ་སྒྲོའི་མཆོད་ཁང་ཆེན་མོར་ཞུས་པའི་མཁའ་འགྲོ་ཡིད་བཞིན་ནོར་བུའི་འཕྲིན་ལས་ཆེན་མོའི་འཕྲིན་ལས་བཅོལ་བསྐུལ་གྱི་རིམ་པའོའི་མཐའ་ཅན། མཁའ་འགྲོ་མའི་འཕྲིན་ལས་ཀྱི་སྒྲུབ་པ་ལ་ཚོགས་མཆོད་ལྷག་མ་དང་བཅས་རྫོགས་བྱང་གི་མཐའ་ཅན། མཁའ་འགྲོ་སྡེ་ལྔ་བྲོ་བརྡུང་། མཁའ་འགྲོ་མའི་ཡིག་བརྒྱ་སྨྲ་བཤགས་དང་བཅས་པ། རྡོ་རྗེ་ཕག་མོའི་རིགས་ཐམས་ཅད་འདུས་པ་སྣ་ཚོགས་མདོག་ཅན་གྱི་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན། དེའི་སྒྲུབ་ཐབས་གསལ་བྱེད་མཁར་ཆེན་བཟའ་མཚོ་རྒྱལ་གྱི་དོན་དུ་མཛད་པ་རྫོགས་བྱང་གི་མཐའ་ཅན། དེའི་རྫོགས་རིམ་ལ་ཕྱི་སྣོད་ནང་བཅུད་གསང་བ་དུག་ལྔ་གནས་སྦྱོང་གི་རྫོགས་རིམ་མཁར་ཆེན་བཟའ་ལ་གདམས་པ། དེའི་སྐུ་གསུང་ཐུགས་རྫོགས་པའི་རིམ་པ་ཕག་མོ་རིགས་བསྡུས་མའི་རྫོགས་རིམ་གྱི་གདམས་པ་རྫོགས་སོའི་མཐའ་ཅན། རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་སྒྲུབ་ཐབས་མཚོ་རྒྱལ་གྱི་དོན་དུ་མཛད་པ་རྫོགས་བྱང་གི་མཐའ་ཅན། རྡོ་རྗེ་ཕག་མོ་ལྷ་དགུའི་སྒྲུབ་ཐབས་འཕྲིན་ལས་ཀྱི་བསྒོམས་ཐབས་རིམ་པ་རྫོགས་སོའི་མཐའ་ཅན། དེའི་ཚོགས་མཆོད་གཉིས་མེད་དབྱིངས་ཁྲོས་མ་རྫོགས་སོའི་མཐའ་ཅན། དེའི་ལྷག་མ་བསྡུས་ལ་གཏོར་མ་ཆེན་པོ་གཅིག་བྱས་ནས་གཏོང་བ་བདག་དང་སེམས་ཅན་རྡོ་རྗེ་ཕག་མོ་ཉིད་འགྲུབ་ཤོག་


GLG002_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཐའ་ཅན། རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མའི་སྒྲུབ་ཐབས་མཚོ་རྒྱལ་གྱི་དོན་དུ་མཛད་པ་རྫོགས་བྱང་གི་མཐའ་ཅན། དེའི་གསལ་བྱེད་ཇོ་མོ་མཚོ་རྒྱལ་གྱི་དོན་དུ་མཛད་པའི་ཞལ་གཉིས་མའི་མངོན་རྟོགས་རྫོགས་བྱང་གི་མཐའ་ཅན། དེའི་མན་ངག་སྐོར་ལ་ཟབ་པ་ཤེས་རབ་ཀྱི་སྒོ་ནས་རྡོ་རྗེ་ཕག་མོ་ཉམས་སུ་བླང་བའི་ཐབས་དངོས་གྲུབ་ཐོབ་བོའི་མཐའ་ཅན། ཐབས་རྒྱ་ཆེ་བའི་སྒོ་ནས་ཉམས་སུ་ལེན་ལ་གདོན་མི་ཟ་བའི་མཐའ་ཅན། གཉིད་དང་རྨི་ལམ་བསྲེ་བའི་གདམས་པ་སངས་རྒྱས་ངེས་པ་ཡིན་ནོའི་མཐའ་ཅན། འཆི་ཁའི་རྣམ་ཤེས་འོད་གསལ་དུ་འཕོ་བ་ལམ་དུ་འཁྱེར་བ་གལ་ཆེའི་མཐའ་ཅན། རྣམ་ཤེས་གོང་དུ་འཕོ་བ་མཁའ་སྤྱོད་གནས་སུ་གནས་པར་འགྱུར་རོའི་མཐའ་ཅན། རྣམ་ཤེས་གྲོང་དུ་འཇུག་པ་སེམས་ལས་སུ་རུང་བ་གལ་ཆེའོའི་མཐའ་ཅན། བར་དོའི་གདམས་པ་ཆིག་ཆོད་ཅེས་དེ་ལ་བྱའོའི་མཐའ་ཅན། དོན་ཐམས་ཅད་འགྲུབ་པར་བྱེད་པ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་མཚོ་རྒྱལ་གྱི་དོན་དུ་གནང་བ་རྫོགས་བྱང་གི་མཐའ་ཅན། དེའི་བསྙེན་པ་སྒྲུབ་པ་རྫོགས་རིམ་བླ་མ་བྱིན་གྱིས་བརླབ་པ་རྣམས། དེའི་འཕྲིན་ལས་རྣམ་བཞིའི་ལས་ཚོགས་དོན་གྲུབ་མའི་གདམས་པ་རྫོགས་བྱང་གི་མཐའ་ཅན། ཕག་མོ་སྐུ་གསུང་ཐུགས་ལྷ་གསུམ་གྱི་སྒྲུབ་པ་དབུ་བཅད་མ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་བྱང་གི་མཐའ་ཅན། དེའི་གསལ་བྱེད་སྒྲུབ་ཐབས་རྫོགས་རིམ་དང་བཅས་པ་བསྟན་པ་ཡིན་ནོའི་མཐའ་ཅན། དེའི་དུས་ཁྱད་པར་ཅན་ལ་མཆོད་པའི་ཆོ་ག་ཚོགས་ཀྱི་མན་ངག་གོའི་མཐའ་ཅན། ལྷ་གསུམ་པ་རྡོ་རྗེ་རྣལ་འབྱོར་


GLG002_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མས་སློབ་མ་བྱིན་གྱིས་བརླབས་པ་ཡིན་ནོའི་མཐའ་ཅན། དེའི་རྣམ་དག་གདམས་པ་རྫོགས་སོའི་མཐའ་ཅན། རྡོ་རྗེ་ཕག་མོ་དཀར་མོ་སྐུའི་སྒྲུབ་པ། དེའི་གསལ་བྱེད་མངོན་རྟོགས་པདྨས་ཇོ་མོ་ལ་གདམས་པ་རྫོགས་བྱང་གི་མཐའ་ཅན། སེར་མོ་ལྷ་བདུན་མ་ཡོན་ཏན་གྱི་སྒྲུབ་ཐབས། དེའི་གསལ་བྱེད་མངོན་རྟོགས་མཁར་ཆེན་བཟའ་མཚོ་རྒྱལ་གྱི་དོན་དུ་མཛད་པ། དེའི་ལས་ཚོགས་ལ་ཕྱིན་དྲུག་གི་སར་འགོད་པ། ཟློག་པ། གསད་པ། དབང་འདུས། འཁོར་ལོའི་འདྲི་འདས། སྲིའུ་གསོ་བ་རྣམས་སྔོན་མོ་འཕྲིན་ལས་ཀྱི་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན། དེའི་གསལ་བྱེད་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་འདོད་པས་འཕྲིན་ལས་ཕག་མོ་སྔོན་མོ་བསྒྲུབ་པའི་གདམས་པ་རྫོགས་བྱང་གི་མཐའ་ཅན། དེའི་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག །ཕག་མོ་ནག་མོ་ཀླུ་འདུལ་གྱི་སྒྲུབ་ཐབས་མཁར་ཆེན་བཟའ་ལ་གཏད་པ། དེའི་སྒྲུབ་ཐབས་གསལ་བྱེད་ལས་སྦྱོར་དང་བཅས་པ་བསྲུང་བ་ཟབ་པའི་མཐར་ཐུག་པ། བྱུག་པ་རྒྱན་གྱི་འཁོར་ལོ་ཀླུ་འདུལ་བའི་རྫས་ཀྱི་འཁྲུལ་འཁོར་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་སྤྱན་རས་གཟིགས་དབང་། སྤྲུལ་སྐུ་པདྨ་འབྱུང་གནས། ཇོ་མོ་མཁར་ཆེན་མཚོ་རྒྱལ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག །གཏེར་སྟོན་རྒྱལ་པོ་ཉི་མ་འོད་ཟེར། དབང་ཆེན་གྲུབ་པ་འགྲོ་མགོན་ནམ་མཁའ་དཔལ། སྨྲ་པོ་ལྕོག་པའི་གསན་ཡིག་ཏུ་འདི་གཉིས་ཀྱི་བར་ན་སྲས་མི་བསྐྱོད་རྡོ་རྗེ་ཞེས་པ་འདུག་པ་མངའ་བདག་འགྲོ་མགོན་གྱི་གསང་མཚན་ལྡབ་སྐྱོན་ཡིན་པ་འདྲ། གླན་བང་གསོ་བ་མདོ་སྔགས་འཛིན་པ། གཉོས་སྟོན་བསོད་


GLG002_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་གྲགས་པ། གཉོས་སྟོན་དཔལ། ཟབ་གཏེར་རྒྱས་མཛད་སངས་རྒྱས་འབར། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་གསོལ་འདེབས་ཀུན་གསལ་མེ་ལོང་དུ་མངའ་བདག་འགྲོ་མགོན་དང་འདི་གཉིས་ཀྱི་བར་ན་བླ་མ་གཞན་མི་འདུག་པ་ཉེ་བརྒྱུད་རིང་བརྒྱུད་ཀྱི་ཁྱད་པར་བཞིན་ཡིན་ནམ། མིན་ཚེ་དབང་པོའི་སྡེར་འཁྲུལ་པ་མི་མངའ་བས་བར་གྱི་བླ་མ་དེ་གསུམ་ཡིག་སྐྱོན་ཤོར་བ་འདྲའོ། །གུ་རུ་སུཪྻ་གརྦྷ། མཁས་གྲུབ་འོད་ཟེར་རྒྱལ་མཚན། གསན་ཡིག་གཞན་ཚོར་འོད་གསལ་ཞེས་པ་བྱུང་ཡང་གསོལ་འདེབས་ཀུན་གསལ་མེ་ལོང་དུ་འདི་བཞིན་བྱུང་། ཉམས་རྟོགས་མངའ་བདག །ཆོས་ཉིད་ཤེས་རབ། གསང་སྔགས་སྡོང་པོ་བསོད་ནམས་མཚན་ཅན། སྤྲུལ་སྐུ་ཡོན་ཏན་སེང་གེ །ཆོས་རྒྱལ་ཤེས་རབ་རྣམ་རྒྱལ། འདུལ་འཛིན་ཨ་སེང་རྒྱལ་མཚན། མཁྱེན་རབ་དབང་ཕྱུག་ཀུན་དགའ་རྣམ་རྒྱལ། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། མཆོག་གི་སྤྲུལ་སྐུ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ། མངའ་བདག་ཀུན་དགའ་ལྷུན་གྲུབ། མཁས་གྲུབ་ཀརྨ་གུ་རུ། མངའ་བདག་བསྟན་འཛིན་ཆོས་རྒྱལ། མངའ་བདག་བསྟན་འཛིན་ཆོས་དབང་། སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་འགྲོ་མགོན་སྲས་ཆུང་ནས། སངས་རྒྱས་རས་པ། ཟླ་བ་མུན་སེལ། ཤེས་རབ་དབང་ཕྱུག །བློ་གྲོས་དངོས་གྲུབ། ཡོན་ཏན་རྡོ་རྗེ། རིན་ཅེན་དངོས་གྲུབ། མངའ་རིས་པཎ་ཆེན་མན་འདྲ། ༈ མངའ་བདག་ཆེན་པོ་ཉང་ཉི་མ་འོད་ཟེར་གྱིས་བྲག་སྲིན་མོ་སྦར་རྗེས་ནས་གདན་དྲངས་པའི་སྙིང་པོ་བཅུད་བསྡུས་བདེ་མཆོག་དམར་པོ་མཁའ་འགྲོ་གསང་བ་ཡོངས་རྫོགས་


GLG002_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ཀྱི་སྐོར་ལ། སྨིན་བྱེད་དབང་བཞིའི་ཆུ་བོ་འགྲོ་བ་འདྲེན་པའི་ལྕགས་ཀྱུ་དང་ལྷན་ཐབས། དབང་བྱང་ཆེན་མོ་གཉིས་ཀྱི་སྟེང་ནས་སྨིན་བྱེད་ཀྱི་དབང་ལེགས་པར་མནོས་ཏེ། རྒྱབ་རྟེན་ལུང་གི་སྐོར་ལ། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་གྲུབ་ཐམས་ཅད་རབ་ཏུ་འབེབས་པ་ཞེས་བྱ་བ་རྩ་བ་རྡོ་རྗེའི་ཚིག་རྐང་སྙན་བརྒྱུད་ཟབ་རྒྱ་ཅན། དེའི་ས་མ་འགྲེལ། མཁའ་འགྲོ་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་པ་ཡང་གསང་མཁའ་འགྲོའི་སྙན་བརྒྱུད་དམ་དངོས་གྲུབ་ཐམས་ཅད་རབ་ཏུ་འབེབས་པ་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་པ་ཞེས་པ་འདི་ལ། ཞལ་ཡིག་ལ་ལར་སྒོམ་འབུམ་ཆེན་མོ་ཟེར་བ་ཡོད་ཅིང་། གཞུང་འདིའི་ནང་ཚན་ས་བཅད་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་དུ་བྱས་པའི་ཐོག་མར་སྔོན་འགྲོའི་སྐབས་སྨིན་གྲོལ་གྱི་དབང་དང་གདམས་ངག་ཞུ་བ། སྒྲུབ་པའི་གནས་བཙལ་བ། དཀྱིལ་འཁོར་བཞེང་ཞིང་རྟེན་རྫས་བཤམ་པ་རྣམས་ལ་ནང་གསེས་ཀྱི་ས་བཅད་དང་བཅས་པ་ཡོད། གཉིས་པ་དངོས་གཞིའི་བསྙེན་སྒྲུབ་ལས་གསུམ་དུ་ཕྱེ་བའི་དང་པོ་བསྙེན་པའི་སྐབས་དངོས་གྲུབ་བར་གཅོད་ལ་མི་བསྐུར་བའི་ཕྱིར་མཚམས་གཅོད་པ། རྒྱུ་བསོད་ནམས་ཀྱི་ཚོགས་གསོག་པའི་ཕྱིར་བླ་མ་དག་པའི་ཆོ་ག །འབྲས་བུ་ཡེ་ཤེས་ཀྱི་ཚོགས་གསོག་པའི་ཕྱིར་ལུས་ངག་ཡིད་གསུམ་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་དང་གསུམ་གྱི་ཕྱི་མ་ལ་རྣམ་སྣང་བསྐྱེད་རིམ། མི་བསྐྱོད་པ་དབང་། དོན་གྲུབ་མཆོད་པ། རིན་འབྱུང་བསྟོད་པ། སྣང་མཐའ་བཟླས་པའི་ཡན་ལག །མཇུག་ཏུ་ཐུན་མཚམས་ཀྱི་གཏོར་མ་རྣམས་


GLG002_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྒྲུབ་པ་ལ་བདག་བསྐྱེད་ལྷའི་དཀྱིལ་འཁོར་ལ་བརྟེན་ཏེ་སྣོད་བཅུད་མཁའ་འགྲོའི་དཀྱིལ་འཁོར་དུ་སྦྱང་བ། མདུན་བསྐྱེད་རྫས་ཀྱི་ཐོད་པ་ལ་བརྟེན་ཏེ་འཁོར་འདས་དབང་དུ་བསྡུ་བ། རྗེས་དཀྱིལ་འཁོར་བསྡུ་ཞིང་རྟེན་རྫས་འཆང་ཐབས་རྣམས། གསུམ་པ་ལས་སྦྱོར་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་བའི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ་ལྔ་ལ་བརྟེན་ནས་ལས་ལ་སྦྱོར་རོ། ༈ །གསུམ་པ་རྗེས་ཀྱི་རིམ་པ་ལ། རྫོགས་པའི་རིམ་པ་འཁོར་བ་ཀ་དག་ཏུ་ལ་འདའ་བ། ལས་ཚོགས་ཀྱི་རིམ་པས་རང་གཞན་གྱི་དོན་བསྒྲུབ་པ། མཐར་ཐུག་ས་བཅུ་ལམ་ལྔ་བགྲོད་ཚུལ་གྲུབ་མཐའ་འབྲས་བུ་དང་བཅས་པ་སྟེ་ཀུན་དྲིལ་བ་ཆོས་སྡེ་གཅིག་ཏུ་འདུའོ། །གཏེར་གཞུང་གི་གསལ་བྱེད་དུ་མངའ་བདག་པའི་ཞལ་ངོ་ཕྱི་མ་ཞིག་གིས་མཛད་པའི་སྒོམ་རིམ་གསལ་བྱེད་ནོར་བུའི་འཕྲེང་བ་དང་ལུས་དཀྱིལ་ལ་བརྟེན་ཅིང་སྒྲུབ་པ་ཉམས་སུ་ལེན་པའི་རིམ་པ་ཞེས་ཡིག་ཆ་ལེ་ཚན་གཉིས་མཛད་པ་སྔོན་མ་ལ་སྦྱར་བྱང་གི་རྣམ་པ་ཡོད་ཙམ་འདུག་ཅིང་རྗེས་མ་ལ་སྦྱར་བྱང་གི་རྣམ་པ་ཙམ་ཡང་མེད། གཉིས་ཀའི་མཇུག་ཏུ་གཏེར་བྱོན་ཡིན་པ་འདྲ་ཞིག་འདུག་པ་གང་ལྟར་ལུང་རྒྱུན་གནང་སྲོལ་ཡོད། འོན་ཀྱང་གཏེར་བྱོན་ཁོ་ན་གོ་དོན་བཟང་བས་ཡིག་ཆ་འདི་གཉིས་མེད་ཀྱང་རུང་ཞེས་འདྲེན་མཆོག་དམ་པ་ཁྲ་ཚང་པ་ཆེན་པོ་གསུང་། གོང་དུ་སྨོས་པའི་གཏེར་གཞུང་གི་ཆ་ལག་ལ། སྨིན་ལམ་དབང་བཞིའི་ཆུ་བོ་འགྲོ་བ་འདྲེན་པའི་ལྕགས་ཀྱུ། དེའི་ལྷན་ཐབས་རིན་པོ་ཆེ་དབང་གི་བྱང་བུ། ཚོགས་


GLG002_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་རིན་ཅེན་དངོས་གྲུབ་ཆར་རྒྱུན། ཚོགས་ཀྱི་ལས་རིམ་ཚོགས་འཁོར་ཡན་ལག་བརྒྱད་ལྡན་དུ་བསྐོར་བ། གནས་པ་རྩའི་མན་ངག །གཡོ་བ་རླུང་གི་རྫོགས་རིམ། བཀོད་པ་བྱང་ཆུབ་སེམས་ཀྱི་གནད། ཆགས་ལམ་བདེ་བ་བཅུད་བསྡུས་ཕོ་ཉས་གྲོལ་ལམ་སྙན་བརྒྱུད་གདམས་པ། དངོས་གྲུབ་མེ་མཆོད་ཀྱི་ལས་སྦྱོར། ཚོགས་འཁོར་བསྐོར་ནས་རང་བཞིན་གྱི་བྱིན་གྱིས་བརླབས་པའི་ཕྱིར་བྱིན་རླབས་བཙན་ཐབས་སུ་དབབ་པ། འབོད་མཆོད་བསྟེན་པའི་གནད་ལེའུ་བཞི་པ། ལས་ཆེན་བཞི་ལ། ཞི་བས་འཇིགས་པ་བརྒྱད་སྐྱོབ། རྒྱས་པས་འབྱོར་བ་དྲུག་ལྡན། དབང་གིས་མོས་པ་ཀུན་འདུས། དྲག་པོས་དགྲ་བགེགས་ཚར་གཅོད། ལས་ཆུང་བཞི་ལ་སྒྲིབ་སྦྱོང་བུམ་ཁྲུས། རིག་འཛིན་ཚེ་སྒྲུབ། རིག་པ་དབང་སྡུད། མི་སྣང་སྒྲིབ་ཤིང་ངོ་། །ཡང་གསང་ཐུགས་ཀྱི་སྒྲུབ་པ། སྙན་བརྒྱུད་གསང་རྒྱ་གཅིག་མ་ཞེས་བྱ་བ་ཟངས་ཀྱི་གའུ་ཁ་སྦྱོར་དུ་བཅུག་ནས་རྒྱས་བཏབ་པ་ཁྱད་པར་དུ་ཟབ་པ་སྙིང་པོའི་སྐོར་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་མངའ་བདག་ཆེན་པོ། སྲས་མི་བསྐྱོད་རྡོ་རྗེ། གཏེར་སྟོན་སངས་རྒྱས་འབར། གུ་རུ་ཉི་མའི་སྙིང་པོ། གུ་རུ་འོད་ཟེར་རྒྱལ་མཚན། བླ་མ་ཆོས་ཉིད་ཤེས་རབ། མཁས་གྲུབ་བསོད་ནམས་བཟང་པོ། སྤྲུལ་སྐུ་ཡོན་ཏན་སེང་གེ །ཆོས་རྗེ་ཤེས་རབ་རྣམ་རྒྱལ། ཞང་ཨ་ཀྲོའི་མཚན་ཅན། བྱམས་པ་བསྟན་པའི་མངའ་བདག །མངའ་རིས་པཎ་ཆེན་པདྨ་དབང་རྒྱལ། མངའ་བདག་ཀུན་དགའ་ལྷུན་གྲུབ། མཁས་གྲུབ་ཀརྨ་གུ་རུ།


GLG002_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབང་བསྟན་འཛིན་ཉི་མ། ཁྲ་ཚང་པ་ཆེན་པོ་མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །གཏེར་སྟོན་ཆེན་པོ་ཉི་མ་འོད་ཟེར་གྱིས། གཞུང་སྒྲུབ་སོགས་ཕལ་ཆེར་བྲག་སྲིན་མོ་སྦར་རྗེས་དང་། ཐུགས་སྒྲུབ་སྐོར་བསམ་ཡས་མཆིམས་ཕུ་ནས་གདན་དྲངས་པའི་རྡོ་རྗེ་ཕག་མོའི་ཐུགས་སྒྲུབ་ཁྲོས་ནག་གི་སྐོར་ཞེས་མཁའ་འགྲོའི་ཆོས་སྐོར་རྣམས་ཀྱི་ནང་ནས་ཤིན་ཏུ་ཟབ་པ་སྙིང་ནང་གི་ཁྲག་ལྟ་བུ་ནོས་པ་ལ། མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པའི་དབང་ཆོག་མཁའ་སྤྱོད་སྒོ་འབྱེད་ཀྱི་སྟེང་ནས་དབང་བཞི་ཡོངས་རྫོགས། ཟུར་རྒྱན་དུ་རིག་པའི་རྩལ་དབང་མཐའ་རྟེན་གཏོར་མའི་དབང་དང་བཅས་པ་ལེགས་པར་ཐོབ་ནས། རྒྱབ་རྟེན་ལུང་གི་སྐོར་ལ། ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་ལོ་རྒྱུས་ཆོས་དབྱིངས་རང་བཞིན་མ་བརྒྱུད་པའི་བླ་མ་ཞིག་གིས་ཁ་སྐོང་དུ་མཛད་པ། གཏེར་གྱི་ཁ་བྱང་ལས་ཆོས་དངོས་གཞི་བསྟན་ཚུལ་ལ། ཨོ་རྒྱན་པདྨ་བདག་གིས་ནིཿ མཁའ་འགྲོ་གསང་བའི་སྒྲུབ་ཐབསཿ རྣམ་གྲངས་དཔག་མེད་བཤད་ལགས་ཀྱང་ཿ ཕག་མོ་ནག་མོའི་ཐུགས་སྒྲུབ་འདིཿ ཕག་མོ་ཀུན་གྱི་ནང་ན་ཟབཿ སྣོད་ལྡན་མཁར་ཆེན་བཟའ་ལ་གཏདཿ འདི་ཡི་ཐེམས་ཡིག་བསྟན་པ་ནིཿ སྙན་བརྒྱུད་འདི་ནི་མགོ་བོ་འདྲཿ ཞེས་གསུངས་པའི་མགོ་བོ་དང་འདྲ་བའི་སྙན་བརྒྱུད་ནི་རྡོ་རྗེ་ཕག་མོ་དགྱེས་མ་ཁྲོས་མ་ནག་མོ་ཆེན་མོའི་སྒྲུབ་ཐབས་ཞེས་བྱ་བ་ཨོ་རྒྱན་རང་འབྱུང་གི་དུར་ཁྲོད་དུ་ཡུམ་རྡོ་རྗེ་ཕག་མོས་ཚེ་དབང་རིག་འཛིན་པདྨ་ལ་གནང་བའི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་། ཡང་ཁ་བྱང་ལས།


GLG002_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་སྒྲུབ་ཐབས་ཁོག་པ་འདྲཿ ཞེས་པ་ནི། རྡོ་རྗེ་ཚིག་རྐང་ཁྲོས་མ་ནག་མོའི་སྒྲུབ་ཐབས་ཀྱི་འགྲེལ་པ་སྙིང་གི་མེ་ལོང་ཞེས་བྱ་བ་སློབ་དཔོན་ཆེན་པོས་མཚོ་རྒྱལ་ལ་གཏད་པ། ཚོགས་གཉིས་རྫོགས་ཤིང་དངོས་གྲུབ་རྣམ་གཉིས་ཐོབ་པའི་ཚོགས་ཀྱི་ལས་བྱང་སློབ་དཔོན་ཆེན་པོས་ཇོ་མོ་ལ་གདམས་པ། དེའི་ཆ་ལག་ཏུ་གཏོགས་པ་མངའ་རིས་པཎ་ཆེན་གྱིས་མཛད་པའི་ཁྲོས་ནག་གི་ལས་བྱང་བདེ་ཆེན་རབ་རྒྱས། གསང་བའི་ལས་བཞི། ཁྲོ་མོ་རོལ་པའི་གཏོར་ཟློག་རྣམས། ཁ་བྱང་ལས། རྩ་བའི་སྒྲུབ་ཐབས་ཡན་ལག་འདྲཿ ཞེས་པའི་ཡན་ལག་རང་འདྲ་བ་རྩ་སྒྲུབ་ཀྱི་སྐོར་ལ། གཙོ་རྐྱང་གི་གནས་བཞིར་ཨ་ཡིག་དང་འདབ་མ་ལ་ཡིག་འབྲུ་བཅུ་དྲུག་བཀོད་པ་ཕག་མོ་ནག་མོ་སྒོམ་པའི་མངོན་པར་རྟོགས་པ་ཞེས་བྱ་བ། འདི་ལ་རྩ་བའི་ལྷ་མ་གཏོགས་ལུས་དཀྱིལ་དང་ཕྱི་འཁོར་གང་ཡང་མེད་པས་རྩ་སྒྲུབ་ཏུ་བཞག་གོ །དེའི་ཆ་ལག་ཏུ་གཏོགས་པ་བསྟོད་བསྐུལ་སྟོང་ཉིད་མ། གཏོར་ཚོགས་གཏོང་བའི་རིམ་པ། ཟས་ཚོགས་གཏོང་བའི་རིམ་པ། མེ་ཚོགས་སྦྱིན་སྲེག་བྱ་བ་སྟེ་རྩ་སྒྲུབ་ལེ་ལག་དང་བཅས་པ་འདི་རྒྱུན་བསྙེན་དུ་བྱ་བའི་ཚུལ་ཡིན་ན།ོ། སྒྲུབ་པ་བྱེ་བྲག་ཏུ་ཕྱེ་བ་ལ། ཕྱི་མེ་ལོང་ལ་བརྟེན་པ། ནང་ཐོད་པ་ལ་བརྟེན་པ། གསང་བ་འཁོར་ལོ་ལ་བརྟེན་ནས་སྒྲུབ་པ། ཡང་གསང་ཙིཏྟ་ལ་བརྟེན་ནས་སྒྲུབ་པ། དབང་སྡུད་གའུ་མའི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་ཡང་གསང་གཅིག་ཏུ་དྲིལ་ནས་བདག་མདུན་གྱི་ཚུལ་དུ་བསྒྲུབ་པ་གུ་རུ་པདྨས་མཚོ་རྒྱལ་ལ་གདམས་པ་རྗེས་མེ་མཆོད་དང་བཅས་པ། ཁྲོས་མ་ནག་མོའི་དྲིལ་


GLG002_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བསྙེན་པ་སྒྲུབ་པ་ལས་སྦྱོར་གསུམ་དུ་བྱས་པའི་ལས་སྦྱོར་ལ། གའུ་ལ་བརྟེན་ནས་དམིགས་བྱ་དབང་དུ་བསྡུ་བ། མེ་ཚོགས་ལ་བརྟེན་ནས་ལོངས་སྤྱོད་དབང་དུ་བསྡུ་བ། ལས་ཀྱི་འཁོར་ལོ་ལ་བརྟེན་ནས་རྒྱལ་ཁམས་དབང་དུ་བསྡུ་བ། དེའི་འཕྲོས་ལས་མན་ངག་གི་སྤྱི་ཆིངས། མཁའ་འགྲོ་མ་ཟིལ་གྱིས་གནོན་པ། སྲོག་ལ་འཁོར་ལོ་བསྐོར་བ། སྲོག་འཕྲོག་པའི་མན་ངག་དང་བཅས་པ་མི་བསྐྱོད་རྡོ་རྗེས་མཛད་པ། ཌཱ་ཀི་གནད་ཀྱི་ཏི་ཀའི་ཞལ་གདམས་ཟིན་བྲིས་ལ་མངོན་རྟོགས་ཀྱི་ཏི་ཀ །སྔགས་ཀྱི་ཏི་ཀ །ཏིང་ངེ་འཛིན་གྱི་ཏི་ཀ །ལག་ལེན་གྱི་ཏི་ཀ །མན་ངག་གནད་ཀྱི་ཏི་ཀ་རྣམས་ཁ་བྱང་ལས། ལས་ཚོགས་རྣམས་ནི་ཉིང་ལག་འདྲཿ ཞེས་པའི་ལས་ཚོགས་བརྒྱ་པ་ལས། མཁའ་འགྲོ་དབང་དུ་བསྡུ་བ། མི་དབང་དུ་བསྡུ་བ། མཁའ་འགྲོ་དབང་དུ་མ་འདུས་པའི་སྐྱོན་ཡོན་བཤད་པ། ལྟ་སྒོམ་སྤྱོད་འབྲས་བཤད་པ། ཆུ་ལ་བརྟེན་ནས་ཞི་བའི་ལས། ས་ལ་བརྟེན་ནས་རྒྱས་པའི་ལས། མེ་ལ་བརྟེན་ནས་དབང་གི་ལས། རླུང་ལ་བརྟེན་ནས་དྲག་པོའི་ལས། ཐུན་མོང་གི་ལས་འགྲུབ་ཐབས། ཕོ་མོ་སྡང་བ་ཞི་བྱེད། མི་གཅིག་དང་མཛའ་བར་བྱེད་པ། དགྲ་བསྐྲད་པ། གཉེན་འབྱེད་པ། སྨྱོ་བསྐྲད། རྒྱལ་པོའམ་བུད་མེད་དབང་དུ་བྱ་བ། མིང་པོ་དབང་དུ་བྱ་བ། ཤེས་རབ་སྒྲུབ་པ། མགྱོགས་པར་འགྲོ་བ། གདོན་བསྲུང་བ། ཐེའུ་རང་བསྲུང་བ། ཕྱུག་པར་བྱེད་པ། འདྲེ་མཐོང་བ། དྲོད་འཕེལ་བ། ཁ་བ་སོགས་གྲང་སར་ཕྱིན་ན་རྐང་པར་སེར་ཁ་མི་འོང་བ། མིག་མི་འཕྱིད་པ། ཕྱིད་པ་སེལ་བ། རྐང་པ་མི་ཕྱིད་པ། མངོན་ཤེས་སྒྲུབ་པ།


GLG002_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་འཕུར་བ། རྐང་པ་ས་ལ་མི་རེག་པ། གཉིད་མི་ཡར་པ། སྒྲིབ་ཤིང་། རིག་མ་གཞན་གྱིས་མི་མཐོང་བ། དེ་གྲོལ་བར་བྱེད་པ། གཟི་བརྗིད་ཆེ་བ། ཆགས་པ་མི་སྐྱེ་བ། ཆགས་པ་ཆེ་བར་བྱེད་པ། ཕོ་མཚན་མཁྲང་བར་བྱེད་པ། བུད་མེད་དབང་དུ་སྡུད་པ། བུད་མེད་ལ་གཞན་གྱིས་མི་སྤྱོད་པར་བྱེད་པ། བུད་མེད་མི་དད་པ་སྤོང་བ། བུ་མི་ཡོང་བར་བྱེད་པ། ཟླ་མཚན་སྐེམས་པར་བྱེད་པ། བུ་དང་བུ་རོགས་འཐོན་པར་བྱེད་པ། ནལ་བུ་ཤི་བ་འཐོན་པར་བྱེད་པ། ཆུ་འགགས་སེལ་བ། ནད་ཀུན་སྦྱང་བ། བགེགས་ཀྱི་ནད་བསྲུང་བ། ནད་རིམས་བསྲུང་བ། འདྲེ་གདོན་གྱིས་བཏབ་པ་བསྐྲད་པ། འདྲེ་གདོན་གཟིར་བ། ཁྱིམ་འདྲེ་འདོན་པ། སྲིས་རྨེ་བ། སྲིས་འཕེལ་བ། ནད་རིམས་མི་མཆེད་པ། གྲོགས་སྡུག་པ་དང་ཕྲད་པ། ཁྱིམ་བདག་སེམས་དུལ་བར་བྱེད་པ། ཁྱིམ་གྱི་འདྲེ་ནད་མི་འགོ་བ། ལྷོག་གག་བསྲུང་བ། གསོ་བ། གཉན་ལྔ་བསྲུང་བ། རིམས་བསྲུང་བ། འབྲུམ་བུ་བསྲུང་བ། ལྷོག་པ་བསྲུང་བ། གློ་ཆམ་བསྲུང་བ། རྒྱུ་གཟེར་བསྲུང་བ། སྐྲངས་པ་སེལ་བ། ཞོ་ཆང་བསྲུང་བ། ནད་གདོན་ཐམས་ཅད་བསྲུང་བ། ཕ་རོལ་གྱི་ཁྱིམ་དུ་འདྲེ་གཟུགས་སྣ་ཚོགས་གཏོང་བ། ཁང་པ་འོད་ཀྱིས་འགེང་བ། སྦལ་སྦུལ་སྡིག་པ་མང་པོ་གཏོང་བ། དགྲ་ཡུལ་དུ་མེ་ཁ་བདུན་གཏོང་བ། སྣང་བ་བསྒྱུར་བ། ཉི་ཟླ་གཟས་འཛིན་པ། ནམ་མཁའ་ལ་འདུག་ནུས་ཐབས། མེ་སྟག་འཕྲོ་བ། གཏོར་མ་ལ་མེ་འབར་བ། གཏོར་མ་ཁོལ་བ། གཏོར་མ་ཁྲག་ཏུ་འགྲོ་བ། ཆུ་མིག་ཁྲག་ཏུ་གཏོང་བ། ཐོད་པས་མཆོད་པ། བུམ་ཆུ་ཁོལ་བ། བུམ་པའི་ཁ་རྒྱན་


GLG002_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེ་ཏོག་འཆར་བ། ཚེ་ཆང་ཞོར་གཏོང་བ། དར་བར་གཏོང་བ། མེས་ཁྱིམ་བཀང་སྟེ་འདྲེ་གདོན་བསྐྲད་པ། ཧོམ་ཕུར་པས་སྦར་བ། ཧོམ་ཁྲག་གིས་སྦར་བ། སྦལ་པ་ཐོད་པར་གསོ་བ། རྡོ་ལ་ཕུར་པ་འདེབས་པ། ས་འོག་གི་གཏེར་མཐོང་བ། རིན་པོ་ཆེའི་གཏེར་རྙེད་པ། ཐུན་མོང་གི་མངོན་ཤེས་དྲུག་འཆར་བ། རྒྱལ་པོ་དང་ཡུལ་འཁོར་དབང་དུ་བསྡུ་བ། རང་ལ་མི་མོས་པ་དབང་དུ་བསྡུ་བ། རྒྱལ་པོ་བཙུན་མོ་མངའ་འབངས་དབང་དུ་བསྡུ་བ་རྣམས་སོ། །ལས་ཚོགས་ཞེ་གཉིས་པར་བྱིན་རླབས། དབང་བསྐུར། ཚེ་སྒྲུབ། འཆི་བླུ། སྐྱེ་བདུན་བསྒྲུབ་པ། འགྲོ་དྲུག་སྐྱེ་སྒོ་གཅོད་པ། མཁའ་སྤྱོད་དུ་འགྲོ་བ། གྲོང་འཇུག །སྒྲིབ་ཤིང་། རྐང་མགྱོགས། མངོན་ཤེས། འཇིག་རྟེན་གཞན་དུ་འགྲོ་བ། རྡོ་རྗེ་ཁོལ་པོར་བསྒྲུབ་པ། མིའི་བུ་མོ་འགུགས་པ། དགྲ་བོ་གསད་པ། བབས་ན་གསོ་བ། ཆོ་འཕྲུལ་གཏོང་བ། ཐོག་སེར་དབབ་པ། ཐོག་སེར་གཅོད་པ། ཀླུ་གཏད། རྦོད་གཏོང་བཟློག་པ། ངག་གནོན། ངག་འགྲོལ། གདོན་བགེགས་བར་གཅོད་ཞི་བ། ཇག་འཆིང་། ཆུའི་གནོད་པ་བཟློག་པ། མེའི་གནོད་པ་ཞི་བ། རླུང་གི་གནོད་པ་ཞི་བ། གཅན་གཟན་ཁ་འཆིང་བ། མི་སྣང་བ་བསྒྲུབ་པ། རྨི་ལམ་ངན་པ་བཟློག་པ། རིམས་ནད་ཁྲག་ནད་བསྲུང་བ། མི་གཙང་ཉམས་གྲིབ་སེལ་བ། ལུས་ཀྱི་སྲོག་ཆགས་བསྲུང་བ་རྣམས་དང་ཚེ་བསྲིང་བའི་ལྷན་ཐབས་རྒྱུན་གྱི་རྣལ་འབྱོར་གྱི་ཚུལ་དུ་བྱ་བ་དང་། འཆི་བ་བླུ་བའོ། །རྦ་བྱིལ་གྱི་ལས་ཚོགས་བཅུ་དྲུག་ལ། ཚེ་སྒྲུབ་པ། མིག་གསལ་བ། པྲ་དབབ་པ། མངོན་ཤེས་འཆར་བ། མཁའ་ལ་


GLG002_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འཕུར་བ། རྡོ་ལ་ཞབས་རྗེས་འཇོག་པ། རྡོ་བཅད་པ། ཆོས་གོས་ཉི་མདུང་ལ་འགེལ་བ། ཆུ་ལ་མི་བྱིང་བ། མཁའ་སྤྱོད་འགྲུབ་པ། རྟག་ཏུ་རྒས་པ་མེད་པ། བུད་མེད་དབང་དུ་འདུ་བ། ཕོ་མོ་ཐམས་ཅད་འདུ་བ། ཆུ་འདོན་པ། རེངས་པར་བྱེད་པ། ཐིག་ལེ་མི་འཆོར་བ། སྤྱན་ལྔ་ལྡན་མ་གཏོགས་གང་གིས་ཀྱང་མི་མཐོང་བ་རྣམས་དང་དེའི་ཆ་ལག་རྦ་བྱིའི་བརྟག་ཐབས། འཛིན་ཐབས་སྒྲིབ་སྦྱོང་དང་བཅས་པའོ། །ཁ་བྱང་ལས། ཤོག་དྲིལ་རྣམས་ནི་ནང་ཁྲོལ་འདྲཿ ཞེས་པའི་ཆོས་སྐོར་ལ། ཁྲོས་མ་ནག་མོའི་ཧཱུྃ་སྒྲུབ་མཁའ་འགྲོ་མའི་སྲོག་སྙིང་། ཧཱུྃ་སྒྲུབ་ལྕགས་གདོང་མའི་ཞལ་གདམས། ལྕགས་གདོང་ནག་མོའི་སྒྲུབ་ཐབས་རྩ་བ་གནས་ངོས་འཛིན་གྱི་སྐབས་གྲོང་ཡུལ་ཚོང་འདུས་དགོན་པ་ཞེས་ཡོད་པ། དེའི་ལག་ལེན་ནག་མོ་ཐུགས་སྒྲུབ་སྙིང་སྒྲུབ་གའུའི་སྒྲུབ་པ་དང་བཅས་པ། མཁའ་འགྲོའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ནང་ནས། ལྕགས་གདོང་མའི་ཐུགས་སྒྲུབ་ཧཱུྃ་གི་སྒྲུབ་པ། གསེར་གྱི་མཆོད་རྟེན་ལ་བརྟེན་ནས་མི་རྒོད་ཁྱི་ར་ཁ་འཆིང་བ། ལྕགས་ཀྱི་མཆོད་རྟེན་ལ་བརྟེན་ནས་འདྲེ་གདོན་ཁ་འཆིང་བ། ཁྲོ་ཆུའི་མཆོད་རྟེན་ལ་བརྟེན་ནས་སྔགས་ནག་ཁ་འཆིང་བ། མཁའ་འགྲོ་མ་བདག་གི་དབང་དུ་འགྲོ་བ། བདག་མཁའ་འགྲོ་མའི་དབང་དུ་མ་འགྲོ་བ། ཌཱ་ཀི་དར་སྐུའི་སྒྲུབ་པ་ཞལ་ཤེས་དང་བཅས་པ། ཧྲཱིཿ ནག་གི་སྐོར་ལ། བསྙེན་པའི་རིམ་པ། སྒྲུབ་པ། རྟགས། མཁའ་འགྲོ་ལྔ་སོ་སོའི་ཐུགས་ཀར་འཁོར་ལོ་བསྐོར་བ། དངོས་གྲུབ་མེའི་མཆོད་པ། གཏོར་མ། བསྟོད་པ་སྐྱེ་མེད་མ། ལས་སྦྱོར་མཁའ་འགྲོ་གནད་དབབ། སྦ་ལྕགས་ལ་བརྟེན་ནས་དགོས་འདོད་འབྱུང་བ། རྫོགས་རིམ་རྩ་རླུང་ཐིག་ལེ་བསྒོམ་པ། བརྒྱ་བྱིན་


GLG002_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་མིག་གི་འཁོར་ལོས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཟིལ་གྱིས་གནོན་པ། རྟ་མགྲིན་མིག་གི་འཁོར་ལོས་གླང་པོ་ཆེ་ཟིལ་གྱིས་གནོན་པ། ལངྐ་མགྲིན་བཅུའི་འཁོར་ལོས་མི་རྒོད་ཟིལ་གྱིས་གནོན་པ། ཀུ་ཀུ་རཱ་ཛའི་འཁོར་ལོས་གཅན་གཟན་ཟིལ་གྱིས་གནོན་པ། གོང་གི་འཁོར་ལོའི་མན་ངག་དང་བསྒོམ་ཐབས་དབང་བཞི་སྟན་ཐོག་གཅིག་ལ་བསྐུར་བ་རྣམས། ཁ་བྱང་ལས། ཕག་མོ་ལྷ་ལྔ་སྙིང་དང་འདྲཿ ཞེས་པའི་གསང་བ་ཐུགས་སྒྲུབ་ལྷ་ལྔའི་སྒྲུབ་ཐབས་རྩ་བ་ལེའུ་གསུམ་པ། དེའི་ལས་ཚོགས་འཕྲིན་ལས་རྣམ་བཞིའི་མེ་མཆོད། རྡོ་རྗེ་མཁའ་འགྲོའི་ས་གཏོར། རིན་ཅེན་མཁའ་འགྲོའི་ཆུ་གཏོར། པདྨ་མཁའ་འགྲོའི་མེ་གཏོར། ལས་ཀྱི་མཁའ་འགྲོའི་རླུང་གཏོར། ཁྲོས་མ་ནག་མོའི་རྡོ་གཏོར་ཏེ་འབྱུང་བཞིའི་གཏོར་མ། ཁྲོས་མ་ནག་མོའི་རྡོ་སྒྱོགས། རྡོ་རྗེ་མཁའ་འགྲོའི་ས་སྒྱོགས། རིན་ཅེན་མཁའ་འགྲོའི་ཆུ་སྒྱོགས། པདྨ་མཁའ་འགྲོའི་མེ་སྒྱོགས། ལས་ཀྱི་མཁའ་འགྲོའི་རླུང་སྒྱོགས། ཡེ་ཤེས་མཁའ་འགྲོའི་ནམ་མཁའི་སྒྱོགས། ཕྱག་རྒྱ་དབང་སྡུད། མེ་མཚོན། རླུང་། ཆུ། བཟའ་བཏུང་གཡོ་བསྐོལ། ཁྱི་རྣམས་ལ་བརྟུལ་ཞུགས་སུ་བྱ་བ། རོ་སྙོམ་སྨྱོན་པའི་བརྟུལ་ཞུགས། རྡོ་གཏོར་དངོས་གྲུབ་ཏུ་བླང་བ། གཏའ་རུ་གཟུང་བ། ནད་པ་བརྟག་པའི་རྡོ་གཏོར། རྡོ་གཏོར་གྱི་བསྟོད་བསྐུལ་རྣམས། ཁ་བྱང་ལས། ཐུགས་སྒྲུབ་རྣམ་གསུམ་རྣམ་ཤེས་འདྲཿ ཞེས་མཁའ་འགྲོ་སྙིང་ཏིག་གི་སྐོར་བསམ་ཡས་མཆིམས་ཕུའི་ཚོགས་ཁང་དབུས་ཀྱི་ཀ་བ་མཁའ་འགྲོའི་གཏེར་མཛོད་ནས་སྤྱན་དྲངས་པའི་སྐོར་ལ། དེ་ཡང་ཐེམས་ཡིག་


GLG002_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིསཿ ཐུགས་དམ་གསང་བའི་ཡུམ་མཆོག་ལཿ སྒྲུབ་ཐབས་དཔག་མེད་བཤད་ལགས་ཀྱང་ཿ ཡང་ཟབ་ནག་མོ་ཐུགས་སྒྲུབ་ཡིནཿ འདི་ལ་ཕྱི་ནང་གསང་བ་དང་ཿ ཡང་གསང་ལ་སོགས་འགའ་ཡོད་ཀྱང་ཿ འདི་ནི་ཀུན་གྱི་སྙིང་པོ་ཡིནཿ འདི་ལ་ཤོག་དྲིལ་གསུམ་ཡོད་དེ༔ སྙིང་ཏིག་ཤོག་དྲིལ་སྙིང་དང་འདྲཿ ཞེས་པའི་སྙིང་ཏིག་གབ་པ་མངོན་ཕྱུང་ཕྱི་ནང་གསང་བའི་དྲིལ་སྒྲུབ་འཁོར་ལོ་ལྔའི་གནད་འབེབས་ལྷ་དང་སྔགས་ཀྱི་ལྡེ་མིག་ཅེས་བྱ་བ་འདི་ལ་སྒོམ་པས་སེམས་གྲོལ་བའི་གནད། བཟླས་པས་ངག་གྲོལ་བའི་གནད། བཏགས་པས་ལུས་གྲོལ་བའི་གནད་དང་གསུམ་མོ། །ཐེམས་ཡིག་ཞལ་གདམས་ལས། སྲོག་ཏིག་ཞལ་གདམས་སྲོག་དང་འདྲཿ ཞེས་པའི་སྲོག་ཏིག་གབ་པ་མངོན་ཕྱུང་རླུང་སེམས་གཉིས་མེད་ཀྱི་གདམས་པ་ལ། རླུང་གི་གནད་བསྟན་པ་རླུང་སྒྲུབ་དངོས། རླུང་གི་རྟེན་འབྲེལ་བརྟག་པ་དང་གསུམ་མོ། །ཐེམས་ཡིག་ཞལ་གདམས་ལས། ཡང་ཏིག་ཤོག་དྲིལ་རྣམ་ཤེས་འདྲཿ ཞེས་པའི་ཡང་ཏིག་གབ་པ་མངོན་ཕྱུང་མཁའ་འགྲོ་མའི་སྲོག་རྩ་དམར་པོ་ལ། རྫས་གཅིག་གིས་མཁའ་འགྲོ་འདུ་བ། རྫས་གཅིག་གིས་དོན་འགྲུབ། ཚིག་གཅིག་གིས་འཚང་རྒྱ་བའོ། །ཐེམས་ཡིག་ཞལ་གདམས་ལས། ཤོག་དྲིལ་གསུམ་གྱི་གདམས་པ་འདིཿ ཞེས་པ་ནས་བཟུང་སྟེ། རྫོགས་རིམ་གབ་པ་མངོན་ཕྱུང་གིཿ ཤོག་དྲིལ་གཞན་དུ་ཤེས་པར་བྱཿ ཞེས་པའི་ཕག་མོ་སྙིང་ཏིག་གི་རྫོགས་རིམ་གབ་པ་མངོན་དུ་ཕྱུང་བཿ ཟབ་མོ་གནད་ཀྱི་གཟེར་བུཿ ཡེ་ཤེས་གསལ་བའི་སྒྲོན་


GLG002_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

མེཿ ཞིང་ཁམས་ལྟ་བའི་མེ་ལོང་ཿ ཆོས་ཉིད་མངོན་སུམ་གྱི་སྣང་བཿ སངས་རྒྱས་ལག་བཅང་གི་མན་ངགཿ ཤིན་ཏུ་གསང་བ་ལས་ཀྱང་ཆེས་གསང་བཿ ཡང་གསང་བླ་ན་མེད་པའི་སྙིང་པོ་མཆོག་ཏུ་གྱུར་བ་དེ་ལཿ རང་བྱུང་གི་ཚིག་གཅིག་ནིཿ ལས་རླུང་བཙོན་དུ་བཟུང་བས་ཡེ་ཤེས་རྗེན་པར་འཆརཿ ཞེས་པ་འདི་ཡིན་ལ། དེ་ཡང་ལུགས་འདི་ལ་ཕྱི་སྣང་བ་ནམ་མཁའ་ལྷུན་གྲུབ། ནང་མུན་པ་ལྷུན་གྱིས་གྲུབ་པ་གཉིས་ཀ་ལ། ཕྱི་ཡུལ་གྱི་གནད། ནང་ལུས་ཀྱི་གནད་གསང་བ་མན་ངག་གི་གནད། ཡང་གསང་སེམས་ཀྱི་གནད་བཞི་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་དུ་གཏན་ལ་ཕབ་པས་ཟབ་ཆོས་བླ་ན་མེད་པ་ཡིན་ལ། གོང་གི་སྙིང་ཏིག་སྲོག་ཏིག་ཡང་ཏིག་གི་ཤོག་དྲིལ་གསུམ་གྱི་སྟེང་དུ་ཤོག་དྲིལ་བཞི་པ་གབ་པ་མངོན་ཕྱུང་འདི་གའོ། ༈ །ལྔ་པ་ཐེམས་ཡིག་ཤོག་དྲིལ་འདིའི་རྗེས་སུ་དྲུག་པ་མུ་དྲའི་ཤོག་དྲིལ་མ་རྙེད་པས་མ་ཐོབ། བདུན་པ་རིག་པའི་རྩལ་དབང་། བརྒྱད་པ་སྡིག་པོ་ཆེ་བཙན་ཐབས་སུ་འཁྲིད་པ་འཕོ་བའི་ཤོག་དྲིལ། དགུ་པ་གེགས་སེལ་གྱི་ཤོག་དྲིལ་མ་རྙེད་པས་ལུང་མ་བྱུང་། སྲོག་ཏིག་གི་ཐེམས་མེད་རྫས་གཅིག་གི་མཁའ་འགྲོ་དབང་སྡུད་ཀྱི་སྐབས་པདྨ་རཀྟ་ལ་ངོས་བཟུང་བ། ཡང་གོང་གི་གཞུང་སྒྲུབ་ཀྱི་ཁ་བྱང་ལས། ཐེམས་ཡིག་འདི་ནི་མིག་དང་འདྲཿ ཞེས་པ་འདི་ཐེམས་ཡིག་རང་ཡིན། ཁ་བྱང་ལས། གཞུང་དང་རྩ་སྒྲུབ་ཁ་སྐོང་ལཿ ཤོག་དྲིལབཅུ་གསུམ་གདམས་པ་ཡིསཿ ཁྲོས་མའི་སྒྲུབ་ཐབས་རྫོགས་པར་བསྟནཿ ཞེས་པའི་དང་པོ་རླུང་གི་ཤོག་དྲིལ། གཉིས་པ་གནད་དབབ་ཤོག་དྲིལ། གསུམ་པ་དྲང་སྲོང་མེ་སྒྲུབ།


GLG002_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་རླུང་དྲུག །ལྔ་པ་ཌཱ་ཀི་ལག་བསྒུལ། དྲུག་པ་སྦྱིན་སྲེག་ནི་མ་ཐོབ། བདུན་པ་བརྡ་རྟགས། བརྒྱད་པ་སྲིད་བཙལ་ལྟེ་བསྒྱུར། དགུ་པ་ཚེ་སྒྲུབ། འདིའི་རྗེས་ཀྱི་བཅུ་པ་འཕོ་བ་མ་ཐོབ། བཅུ་གཅིག་པ་མངོན་ཤེས། བཅུ་གཉིས་པ་ཆར་འབེབས། བཅུ་གསུམ་པ་སྨིན་ལམ་དབང་གི་ཁ་སྐོང་རྣམས། འདི་ལ་བརྟེན་པའི་དབང་གི་ཆོག་སྒྲིགས་ཁྲི་སྲོང་རྣམ་སྤྲུལ་མངའ་རིས་པཎ་ཆེན་གྱིས་མཛད་པ། དབང་བསྐུར་ཆོ་ག་མཁའ་སྤྱོད་སྒོ་འབྱེད་ཤོག་ཁྲ་དཔེ་རིས་ཀྱི་སྐོར་དང་བཅས་པ་རྣམས་སོ། ༈ །ད་དུང་གཏེར་གཞུང་དང་བླ་མ་སྔ་ཕྱིས་མཛད་པའི་ཡིག་ཆ་ཁ་ཡར་ཡོད་ཚོད་དུ་འདུག་ཀྱང་ཁོ་བོས་ཐོབ་པ་ནི་སྣོན་འབྲིད་མེད་པ་དེ་རྣམས་ཡིན་ལ། བརྒྱུད་པ་ནི། དགྱེས་མ་ཁྲོས་མ་ནག་མོ། རྒྱལ་དབང་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། བླ་མ་མངའ་བདག་ཆེན་པོ། སྲས་ཆུང་མི་བསྐྱོད་རྡོ་རྗེ། གྲུབ་ཐོབ་མདོ་བོ་རས་པ་དགེ་འདུན་འབུམ། གྲུབ་ཐོབ་ཟླ་བ་མུན་སེལ་མེ་ལོང་རྡོ་རྗེ། ཤེས་རབ་དབང་ཕྱུག་མཆེད། པཎ་ཆེན་མ་ཏི་སིང་ཧ། གྲུབ་ཐོབ་གུ་ཎ་བཛྲ། བླ་མ་རཏྣ་སིདྡྷི། པཎ་ཆེན་པདྨ་དབང་རྒྱལ། མངའ་བདག་ཀུན་དགའ་ལྷུན་གྲུབ། རིག་འཛིན་ཀརྨ་གུ་རུ། འཁྲུལ་ཞིག་ནམ་མཁའ་ཆོས་དབང་། དེ་ལ་ཁྲ་ཚང་པ་ཆེན་པོ་མཁས་གྲུབ་བློ་མཆོག་རྡོ་རྗེས་ཆོས་འདི་གཅིག་པུའི་ཆེད་དུ་དཀའ་བ་ཁྱད་དུ་བསད་ནས་དབང་ལུང་དམར་འཁྲིད་དུ་གསན་པའི་ལོ་རྒྱུས་དང་བཅས་ཁོ་བོ་ཟ་ཧོར་བནྡེ་ལ་ལེགས་པར་གནང་ངོ་། ༈ །བླ་མ་མངའ་བདག་ཆེན་པོས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པའི་དྲང་སྲོང་དྲི་མེད་ཀྱི་སྐོར་ལ། དྲག་པོ་གནམ་ཐོག་གི་


GLG002_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལེའུ་བཅུ་བདུན་པ། སྔགས་ཐེམས། རྫས་ཐེམས། མན་ངག་གི་ཐེམས་གསུམ་རྫོགས་བྱང་གི་མཐའ་ཅན། གཅེས་པ་མཚོན་ཆ་ནག་པོ་གཅོད་ཤོག་གི་མཐའ་ཅན། སྔགས་རྒོད་ནག་པོ་དྲང་སྲོང་གི་དམོད་པ་རྣལ་འབྱོར་པའི་མཚོན་ཆ་བྲམ་ཟེ་ལོག་ཏྲིའི་མན་ངག་ལ་ལྷ་བསྒོམ་ཞིང་ལུས་བདུད་ཆས་སུ་བྱ་བ། བསྐྱེད་རིམ། བཟླས་པ། བཀའ་བསྒོ། སྨྱོ་འབོག་འདུལ་བ། མཛེ་གསོ་བ། རྦོད་གཏོང་བཟློག་པ། བར་གཅོད་འདུལ་བ། དགྲ་བསད་པ། མེ་འཁོར། ཆུ་འཁོར། རླུང་འཁོར། ས་འཁོར། བསྲུང་བ། བཟློག་པ། བསད་པ། བྱུག་པ། སྤྱོད་ལམ། གཏོར་མ། སྤོགས་ཆོག །རྣམ་སྨིན་གསོ་བ། ཐུབ་རྟགས། མི་ཐུབ་པའི་རྟགས། དུས་ཚོད། སྔགས་དོན། སློབ་མས་ཞུ་ཞིང་སློབ་དཔོན་གྱིས་མན་ངག་བསྟན་པ། འབྱུང་ཁུངས་དང་ཉེར་བདུན། རྩ་འདྲེན་གཅོད་སེམས་བཞིའི་གནད་བསྟན་ཅིང་ཆེ་བའི་ང་རྒྱལ་བཀའ་བསྒོ་དང་བཅས་པ་མི་བཟློག་པའི་རིག་སྔགས་སོའི་མཐའ་ཅན། འབྱུང་བཞི་བསྲུང་བཟློག་གི་འཁོར་ལོ་བཅའ་ཚུལ་དང་གདོན་ངོས་བཟུང་ནས་དེའི་གཉེན་པོ་གཤེད་དུ་འབེབས་ཚུལ་ལོག་ཏྲི་དྲན་པར་བྱའི་མཐའ་ཅན། སྡེ་བརྒྱད་ནད་ཀྱི་བརྟག་ཐབས་ཤེས་པར་བྱའི་མཐའ་ཅན། གླིང་བཞིར་གནས་པའི་སེམས་ཅན་ལ་ཀླུ་ནད་གསོ་ཐབས་ལ་ནང་གསེས་ཀྱི་སྔགས་རྫས་ཏིང་འཛིན་གསུམ་དུ་བཤད་པའི་རྫས་ཀྱི་སྐབས་ཕྱི་ནང་གསང་གསུམ་གྱི་ཁྲུས། སྐྲོད་པ། ཞི་བ། དབང་སྡུད། བྱུག་པ། ཁོང་བསྲུང་། དུ་བ། ཤ་རོ་འདོན་པ་སྟེ་དོན་བདུན་གྱིས་བསྟན་པ་རྫས་ཀྱི་གཅུན་ཐབས་སོའི་མཐའ་ཅན། སྡེ་བརྒྱད་ཀྱི་ནད་སྤྱི་དང་བྱེ་བྲག་མཛེ་གསོ་


GLG002_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་བདུད་རྩི་ཡིན་གྱི་མཐའ་ཅན། འདིའི་མཇུག་ཏུ་བདག་འདྲ་ཨོ་རྒྱན་ཤནྟ་རཀྵི་ཏས་ཞེས་སོགས་ཆོས་ཀྱི་ཆེ་བ་དང་གཤམ་དུ་འཁོར་ལོ་འདྲི་ཚུལ་ཟུར་ཙམ་བསྟན་པ་རྣམས་ཐོབ་པའི་བརྒྱུད་པ་ནི། དྲང་སྲོང་དྲི་མེད། རྒྱལ་པོ་དྷརྨ་ཨ་ཤྭ་ཀ །བྲམ་ཟེ་ལེགས་གྲུབ། པྲ་བྷ་ཧསྟི། ཤནྟིཾ་གརྦྷ། དཔལ་ཨོ་རྒྱན་ཆེན་པོ། ཚངས་པ་ལྷའི་མེ་ཏོག །གཏེར་སྟོན་ཉང་རལ། འགྲོ་མགོན་ནམ་མཁའ་འོད། གུ་རུ་ཆོས་དབང་། ཀ་ཐོག་པ་རྒྱལ་བ་བཟང་པོ། ཀ་ཐོག་པ་སངས་རྒྱས་ཡེ་ཤེས། གུ་རུ་མདོ་སྡེ་རྒྱ་མཚོ། བླ་མ་དགེ་འདུན་རྒྱ་མཚོ། མཁའ་དབྱིངས་རྡོ་རྗེ། ཆོས་རྒྱལ་རིན་ཅེན་ཕུན་ཚོགས། རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་རྡོ་རྗེ། གཉིས་ཀ་ལ་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས། དེ་ནས་ནཱ་རོ་པ་བཀྲ་ཤིས་ཕུན་ཚོགས། ཡབ་སྲས་གཉིས་ཀ་ལ་མཚུངས་མེད་ཆོས་ཀྱི་གྲགས་པ། རིག་འཛིན་དཀོན་ཅོག་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། ༈ །ཡང་ན་ཆོས་དབང་རིན་པོ་ཆེ་ནས། སྲས་པདྨ་དབང་ཆེན། ཡར་སྟོན་སངས་རྒྱས། གཉན་སྟོན་བཀྲ་ཤིས་སེང་གེ །ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་དབང་། ཀུན་དགའ་བཀྲ་ཤིས། རྒྱལ་སྲས་ཆོས་རྗེ། ཆོས་འཕགས་བཟང་པོ། ཤཱཀྱ་དཔལ་བཟང་། འཇམ་དབྱངས་རྒྱལ་མཚན། མཁའ་དབྱིངས་རྡོ་རྗེ་མན་འདྲ། རྒྱུད་དང་སྔགས་རྒོད་ནག་པོའི་མན་ངག་ཉེར་བདུན་པ་གཉིས་ཀྱི་བརྒྱུད་ལུགས་གཅིག་ནི། འབྲི་གུང་ཟུར་པ་རིན་པོ་ཆེ་ནས། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་དགེ་འདུན་རྒྱ་མཚོ་ནས། མཁའ་འགྲོ་རྒྱ་


GLG002_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ། ཀུན་དགའ་འོད་ཟེར། བླ་མ་ལྷུན་གྲུབ་རྡོ་རྗེ། བཀྲ་ཤིས་རྒྱ་མཚོ་མན་འདྲ། ཡང་ན་དགེ་འདུན་རྒྱ་མཚོ་ནས། རབ་འབྱམས་ཆོས་རྗེ་ཡབ་སྲས། རྩེ་ལེ་བ་ཨོ་རྒྱན་བསྟན་འཛིན། རིག་འཛིན་ཀརྨ་གུ་རུ། ཆོས་དབང་བསྟན་འཛིན་ཉི་མ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ཀ་ཐོག་པ་སངས་རྒྱས་ཡེ་ཤེས་ནས། འོད་ཟེར་རྒྱ་མཚོ། བསོད་ནམས་ལེགས་མཆོག །གཉུག་ལ་པཎ་ཆེན་ངག་གི་དབང་པོ། རྗེ་ཆོས་རྒྱལ་དོན་གྲུབ། རྩེ་ལེ་རིག་འཛིན་ཆེན་པོ། ཨོ་རྒྱན་བསྟན་འཛིན་མན་འདྲ། འདིའི་ཁ་སྐོང་དུ་གཏོགས་པའི་ཡི་གེ་བརྒྱུད་པའི་བླ་མ་རྣམས་ཀྱིས་མཛད་པའི་གཏེར་ཁ་འོག་མའི་སྐབས་སུ་གསལ། གཏེར་ཁ་གོང་འོག་གི་ཞིབ་ཆ་འབྲི་གུང་གི་རྒྱུན་ལས་གཞན་དག་ལ་མི་གསལ་ལོ། ༈ །མངའ་བདག་ཆེན་པོས་ལྷོ་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པའི་སྲིན་མོ་ནཱ་ག་རཀྴ་ཏི་པ་ཙ་ཤིན་ཏུ་ཁྲོས་པ་ཆུ་སྲིན་གདོང་ཅན་གྱི་སྒྲུབ་ཐབས་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། གསང་བའི་བདག་པོ། གུ་རུ་པདྨ་འབྱུང་གནས། ཇོ་མོ་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཉི་མ་འོད་ཟེར། སྲས་འགྲོ་བའི་མགོན་པོ། གུ་རུ་ཆོས་ཀྱི་དབང་ཕྱུག །སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུ། སློབ་དཔོན་གནས་ལུགས་པ། སྤྲུལ་སྐུ་ལས་འབྲེལ་རྩལ། སྔགས་འཆང་བསོད་ནམས་སེང་གེ །སེ་སྡིངས་པ་སངས་རྒྱས་དཔལ། སེ་སྡིངས་པ་ཡོན་ཏན་བཟང་པོ། མཁར་པོ་ཆོས་སྐུ་འོད་ཟེར། སྤ་ལུང་པ་དཔལ་འབྱོར་དབང་ཕྱུག །བླ་མ་ནམ་མཁའ་གུ་རུ། རྩེ་ལེ་བསོད་ནམས་རྣམ་རྒྱལ། རིག་འཛིན་ཀརྨ་གུ་རུ། དཔང་ཀུན་མཁྱེན་


GLG002_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག །ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །བླ་མ་མངའ་བདག་ཆེན་པོས་བྲག་སྲིན་མོ་སྦར་རྗེས་ནས་གདན་དྲངས་པའི་འཇམ་དཔལ་འཆར་ཀ་ནག་པོའི་ཆོས་སྐོར་ཐོབ་ཚུལ་ལ། གཏོར་དབང་དང་ལུང་གི་སྐོར་ལ། བསྲུང་བཟློག་གསང་བའི་མན་ངག་གཤིན་རྗེ་ནག་པོའི་སྔགས་སྒྲུབ་ལ་བསྙེན་སྒྲུབ་ལས་གསུམ་ལས་དང་པོ་ལ། མཚན་ཉིད། སྔོན་འགྲོ། གནས། དཀྱིལ་འཁོར། རྟེན་རྫས། འཕྲིན་ལས་ཀྱི་རིམ་པ་དང་དྲུག །གཉིས་པ་སྒྲུབ་པ་ལ་སྔགས། ལྷ། དམ་ཚིག །འཕྲིན་ལས་ཀྱི་གནད་ནས་བསྐུལ་བ་དང་བཞི། གསུམ་པ་ལས་སྦྱོར་ལ་བསྲུང་བཟློག་གསད་མནན་བཞི་ལས། དང་པོ་བསྲུང་བ་ལ་སྤྱིར་བསྲུང་བའི་ནང་ཚན་ལ། མདོས། འཁོར་ལོ། གཏོར་མ། ཏིང་འཛིན། སྔགས། ཟོར། སྦྱིན་སྲེག་སྟེ་བདུན་གྱིས་བསྲུང་བ། བྱེ་བྲག་ཏུ་བསྲུང་བའི་ནང་ཚན་ལ། ནད་པ། སྲིའུ། སེར་བ། ནད་རིམས། རྟ་ཕྱུགས། མཛེ་འཕྲོ། ཞོ་ཆང་བསྲུང་བ་སྟེ་བདུན། ཟློག་པ་ལ་ཡང་སྤྱིར་ཟློག་པའི་ནང་ཚན་ལ། མདོས། འཁོར་ལོ། གཏོར་མ། ཏིང་འཛིན། སྔགས། ཟོར། སྦྱིན་སྲེག་གིས་ཟློག་པ་དང་བདུན་ནོ། །བྱེ་བྲག་ཏུ་ཟློག་པའི་ནང་ཚན་ལ། ལྟས་ངན། དུས་མིན་འཆི་བ། ཕུར་ཁ། དམག་དཔུང་། མི་ཁ་དང་རྨི་ལམ། ནད་ཡམས། བྱོལ་ཆགས་ཟློག་པ་དང་བདུན། སྤྱིར་གསང་བའི་ནང་ཚན་ལ། མདོས། དྲག་སྔགས། སྤོགས་པ། གནད་འབེབས། བསྐུལ་བ། ལྟས་ངན་སྨྱོ་འབོག །རྟགས་ཀྱི་རིམ་པ་དང་བདུན། བྱེ་བྲག་གི་ནང་ཚན་ལ་སྔགས་པ་ནང་རྒྱས། ཕོ་གཤེད་ཕོ་ལ་འབེབས་པ། མོ་གཤེད་མོ་ལ་འབེབས་པ། རང་གཤེད་རང་ལ་


GLG002_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པ། དགྲ་གཤེད་དགྲ་ལ་དབབ་པ། བགེགས་གཤེད་བགེགས་ལ་དབབ་པ། སྲོག་གཤེད་སྲོག་ལ་དབབ་པ་དང་བདུན་ནོ། །མནན་པ་ལ་སྤྱིའི་ནང་ཚན། འཁོར་ལོ། མདོས། ཕོ་ཉ། སྔགས། གཏོར་མ། མནན་པ་མནན་པས་མནན་པ་དང་བདུན། བྱེ་བྲག་གི་ནང་གསེས་ངག་གནོན། རིག་སྔགས་ཀྱི་གཟེར་འཕྲོ་བཅད་ཅིང་གནོན་པ། ཟོར་ཁས་གནོན་པ། རེངས་སུ་གཞུག་ཅིང་གནོན་པ། དམ་སྲི་གནོན་པ། ཀླུ་གཏད། སྤྱིིའི་རྟགས་དང་བདུན་ནོ། ༈ །སྒྲུབ་སྐོར་ལ། མངོན་རྟོགས་སྤྱན་འདྲེན་མཆོད་པའི་འཕྲིན་ལས། བསྟོད་ཅིང་འཕྲིན་ལས་འཆོལ་བ། བསྙེན་སྒྲུབ་ཀྱི་རིམ་པ། ཟློག་གཞུང་གི་འཕྲིན་ལས་གསལ་བར་བྱེད་པའི་སྒྲོན་མེ། སྐོས་རྗེ་གླུད་རབས་ཞུ་བ་ཞུ་ལན་དང་བཅས་པ། དཔེ་རིས་སྐོར་ལ། བསྲུང་བཟློག་གསང་མནན་བཞི་དྲིལ་བའི་མདོས་དང་སྐུ་གཟུགས་ཀྱི་བཅས། དཔལ་གཏོར། ཆུ་གཏོར་སོགས། དྲིལ་སྒྲུབ། དཀྱིལ་འཁོར། བསྲུང་བ། ཕུར་ཁ་དང་བྱོལ་བཟློག །དགྲ་བཟློག །གསད་པ། མནན་པ། དམག་བཟློག །ཡམས་ནད་བཟློག་པ་རྣམས་ཀྱི་མདོས། དེ་རྣམས་ཀྱི་དཀྱིལ་འཁོར། ཕུར་བཟློག །སྤྲུལ་པ་བཞི། ཕོ་ཉ་དྲུག །མ་གཤིན་ཉེར་བརྒྱད་རྣམས་ཀྱི་གཟུགས། ཟོར་དཀྱིལ། གདོང་ཟོར། གཏོར་ཟོར། ཟོར་རྫས་སོ་སོའི་བཅས། ཕོ་གདོང་། མོ་གདོང་། ནམ་མཁའ་རྒྱང་བུ། ཤིང་གི་ཡུལ་མཁར་རིས། རྒྱལ་མཚན་འདྲ་མིན་གཉིས། མདའ་འཕང་། གྲི་ཁྲ་མདུང་ཁྲ། རྩངས། མི་ཁ་བཟློག་པ། སྲེག་རྫས། དེའི་གཏོར་མ། ཐབ་ཁུང་། སྐོང་རྫས། ཤ་རི་བསྲུང་བཟློག་གསད་མནན་གྱི་ཙཀྲ། བར་


GLG002_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་། འཁོར་ལོ་བཞི་པོ་འདྲི་བའི་གསོལ་བྱང་ནོར་བུ་ཅན། མཆོད་རྟེན་གསུམ་གྱི་གདུགས་ཀྱི་ཙཀྲ། བསྲུང་བཟློག་གསད་མནན་བཞིའི་སྲིད་པའི་ཙཀྲ། སྲིད་པ་བཞིའི་སྟེང་འོག་འཁོར་ལོ་དང་བཅས་པའི་ཕྱག་ལེན་དམར་འཁྲིད་དུ་ཐོབ་པ་ལས། ཐོག་མར་གཏོར་དབང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད། ཐུབ་པ་ཆེན་པོ། ཕྱག་ན་རྡོ་རྗེ། ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་མངའ་བདག་ཉང་རལ། ཉང་འགྲོ་བའི་མགོན་པོ། ཉང་བློ་ལྡན། ཉང་བདུད་འདུལ་འབུམ། ཉང་མདོ་སྡེ་སེང་གེ །ཉང་པདྨ་དངོས་གྲུབ། ཉང་འཇམ་དཔལ་ནོར་བུ། སྐལ་ལྡན་རྡོ་རྗེ་རྒྱལ་པོ། དྷརྨ་ཀེ་ཏུ། རིན་པོ་ཆེ་ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ། རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ། ཆོས་རྒྱལ་དཔལ་བཀྲ་ཤིས་སྟོབས་རྒྱལ། རྗེ་དྲུང་རིན་པོ་ཆེ་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་གི་བརྒྱུད་པ་ནི་རིག་འཛིན་ཆེན་པོ་ཡན་གོང་ལྟར་ལ། དེ་ནས་ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས། སྣང་གསལ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་དུ་མ་རང་གྲོལ། རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་སྩལ་ཏོ། །ཡང་གཏེར་སྟོན་ནས་འགྲོ་མགོན་གཉོས་ཞིག་ཆེན་པོ། གཉོས་པདྨ་རྡོ་རྗེ། གཉོས་སྟོན་གྲགས་པ། གྲགས་པ་བཀྲ་ཤིས། གཉོས་གྲགས་པ་རིན་ཅེན། མཐིང་གི་བླ་མ་གྲགས་འོད། སྐལ་ལྡན་རྡོ་རྗེ་རྒྱལ་པོ་མན་གོང་


GLG002_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རོ། ༈ །མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་གཏམ་ཤུལ་སྲིན་མོ་སྦར་རྗེས་བྲག་དང་མཁོ་མཐིང་ལྷ་ཁང་ནས་གདན་དྲངས་པའི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་འབར་མ་ཕྱག་བཞི་པའི་ཆོས་སྐོར་ལ། ཐོག་མར་བཀའ་བརྒྱད་པ་མཁའ་ཀློང་ཡངས་པས་མཛད་པའི་དབང་ཆོག་རྒྱས་པར་བཀོད་པའི་སྟེང་ནས་དབང་བཞི་དྲེགས་པའི་སྒོས་དབང་ཕྲ་ཡིག་ཅན་ལྟར་ལེགས་པར་ནོས་ནས། ལུང་གི་སྐོར་ལ། ཐེམས་ཅན་ཐེམས་མེད་གཉིས། དང་པོ་ལ། འབར་མ་བྱ་ཞོན་མའི་༼དར༽ཐེམས་ཡིག །དེ་ལས་བྱུང་བའི་ཆོས་སྐོར་ལ། སྤྱིར་དྲིལ་གཅིག་ཏུ་སྒྲུབ་པ་དང་བྱེ་བྲག་རྐྱང་པར་སྒྲུབ་པ་གཉིས། དང་པོ་ལ། དཔལ་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལེའུ་བཅོ་བརྒྱད་པ། མངའ་བདག་རལ་པ་ཅན་གྱི་རྒྱུད། རྒྱུད་ལེའུ་བཅོ་བརྒྱད་པའི་ས་མ་འགྲེལ་སློབ་དཔོན་ཆེན་པོས་རྒྱལ་པོ་དང་མཚོ་རྒྱལ་གྱི་དོན་དུ་གསུངས་པ། ཡེ་ཤེས་མགོན་པོའི་གཏེར་གཞུང་གི་དབང་ཆོག་ཙིཏྟ་དམར་འབྱིན། དེའི་ལྷན་ཐབས་དྲེགས་པའི་སྲོག་དབང་གྲི་གུག་རྒྱ་ཅན། དྲེགས་པ་བཅུ་དྲུག་གི་སྲོག་དབང་ཙིཏྟ་དམར་འབྱིན། གཏེར་གཞུང་གི་དབང་ཆོག་མ་བུ་བསྡེབས་པ་མཁའ་ཀློང་ཡངས་པས་མཛད་པ། ཁྲག་འཐུང་རིགས་ལྔ་ལ་བརྟེན་པའི་རྒྱུད་ཀྱི་སྒྲུབ་ཐབས་བསྲུང་མ་ཆེན་མོ། གོང་གནོན་ཡེ་ཤེས་པའི་སྒྲུབ་པ། ལས་མཁན་འཇིག་རྟེན་པའི་སྒྲུབ་ཐབས་དོན་ལྔ་པ་ཨོ་རྒྱན་ཆེན་པོས་དུར་ཁྲོད་བསིལ་བ་ཚལ་དུ་མཛད་པ། མགོན་པོ་བྱ་ཞོན་གྱི་ཡིག་འཁྲིད་གསལ་བྱེད་སྒྲོན་མེ་ཞེས་བྱ་བ། མངོན་རྟོགས་བཀང་བ་གསོལ་ཁ། འཕྲིན་ལས་སྒྲུབ་ཐབས་བསྟོད་བསྐུལ་གསོལ་ཁ་བཀང་


GLG002_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བ་མདོས་དང་གཏོར་མ་རྣམས་༼དར༽མན་ངག་འཁྲུགས་བསྡེབས་སུ་མཁའ་ཀློང་ཡངས་པས་མཛད་པ་གནམ་ལྕགས་འབར་བ། སྒྲུབ་གཏོར་གྱི་སྲོག་༼དར༽འཁོར་གྲི་གུག་འབར་བའི་རྒྱ་ཅན། སྔགས་ཀྱི་བཟླ་ཐབས་ཁྱད་པར་ཅན་སྙིང་གི་མན་ངག །མགོན་པོའི་ལས་བྱང་རིམ་པ་བདུན་པ། སྤུ་གྲི་ཀླད་གཟེར་ནས་ཕྱུང་༼དར༽བའི་བཀང་བ་དང་གསོལ་ཁ། གཏོར་མ་བསྔོ་བ་སོགས་ཀྱི་མན་ངག་བླ་མའི་གསུང་རྒྱུན་ཟིན་བྲིས། ཁྲག་མཚོ་ཁོལ་མའི་རྒྱུད་ནས་ཕྱུང་བའི་མགོན་པོའི་བཀང་མདོས། མདོས་ཀྱི་སྤྲ་འཁྲིད་བླ་མ་གོང་༼དར༽མ་རྣམས་ཀྱི་གསུང་རྒྱུན་ཟིན་བྲིས། བཀང་མདོས་རྒྱུན་༼དར༽ གཏོར་ནར་མ་རྣམས་ཀྱི་དམིགས་པ། ལས་བྱང་དོན་བདུན་མའི་དྲུག་༼གཏེར༽པ་རྦད་བསྐུལ་ཡན། བདུན་པ་ཁ་བསྒྱུར་མན་ལ་ལས་༼གཏེར༽བཞིའི་སྦྱིན་སྲེག་དང་མདོས་ཀྱི་རིམ་པ་བསྟན་པ། བྱ་རོག་གདོང་ཅན་གྱི་མདོས། མདོས་ཀྱི་བང་རིམ་བཞིར་ཡས་འགོར་ལུགས་ཀྱི་བཅའ་བཞི། མགོན་པོ་གཏོར་བཟློག་གནམ་ལྕགས་འབར་༼དར༽བ་སློབ་དཔོན་གྱིས་མངའ་བདག་གནང་བ། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག །ལས་བཞི་ཁ་བསྒྱུར། མྱུར་བྱེད་སྦྱིན་སྲེག་༼དར༽དགྲ་བོ་ཞག་བདུན་ནས་འཆི་བ། མགོན་པོ་མ་ཧཱ་ཀཱ་ལའི་༼དར༽སྤྱིར་དྲིལ་སྒྲུབ་ཐབས་ཆེན་མོའི་ཞལ་གདམས། མགོན་པོའི་མན་༼དར༽ངག་གི་ཞལ་ཤེས། བླ་རྡོ་རྟེན་རྫས་ལ་བརྟེན་ནས་སྒྲུབ་པ་ཚིགས་བཅད་མ་སློབ་དཔོན་ཆེན་པོས་མངའ་བདག་དང་ཇོ་མོ་ལ་གནང་བ། རྟགས་༼དར༽ཡིག །བླ་རྡོའི་༼དར༽འཁོར་ལོ་འདྲི་ཡིག །ཕྱི་ནང་གསང་བ་ཡང་གསང་གི་བླ་རྡོ་བཅའ་ཐབས། གྲི་ལག་གི་བླ་རྡོ་བཅའ་༼དར༽ཐབས། གྲི་ལྤགས་ལ་བརྟེན་ཏེ་


GLG002_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གསང་༼དར༽རྟེན་བཅའ་བའི་གནད། ལས་མགོན་༼དར༽བཅུད་ཕུར་གྱི་གནད། སྔགས་ཀྱི་འབྲུ་ཐེམས་གསང་བ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྔགས་བྱང་། ཅོག་བརྡུང་གི་སྔགས་བྱང་༼དར༽གཅིག་ཏུ་དྲིལ་བའི་ཟབ་མོ་བློར་འཛིན་མི་ཐུབ་པ། མདེའུ་ཐུང་བཅུ་གསུམ་ལ། རང་གཤེད་མདེ་ཐུང་། སྲིའུ་གསོ་བའི་མདེ་ཐུང་། བསྲུང་བཟློག་མདེ་ཐུང་། སེར་བསྲུང་མདེ་ཐུང་། ཞོ་ཆང་བསྲུང་བའི་མདེ་ཐུང་། ངག་གནོན་མདེ་ཐུང་། ངག་འགྲོལ་མདེ་ཐུང་། ལྟས་ངན་མདེ་ཐུང་། ཇག་འཆིང་མདེ་ཐུང་། རྒྱས་པའི་མདེ་ཐུང་། མིག་མཐོང་མདེ་ཐུང་། སེར་འབེབས་མདེ་ཐུང་། འཁུ་ལྡོག་བཅིང་བའི་མདེ་ཐུང་དང་བཅས་པ། ལས་ཚོགས་ཡང་མདེ་བཅོ་ལྔ་༼གཏེར༽ལ། འཁུ་ལྡོག་བཅིང་བ། དགྲ་བོ་བསད་པ། སྲིའུ་གསོ་བ། རྦོད་གཏོང་ཟློག་པ། སེར་བ་བསྲུང་བ། ཞོ་ཆང་བསྲུང་བ། སྡང་བྱེད་མནན་པ། བབས་ན་ངག་འབྱེད། ལྟས་ངན་གཏོང་བ། ཇག་འཆིང་། ཟས་ནོར་སྒྲུབ་པ། མིག་མཐོང་སྒྲུབ་པ། བུད་མེད་འགུགས་པ། ཆར་འབེབས། མདེ་ཁ་རྣམས་ཀྱི་གནད་ཡིག་རྣམས། གཉིས་པ་བྱེ་བྲག་རྐྱང་སྒྲུབ་ཀྱི་སྐོར་ལ། མགོན་པོ་འཁོར་བཅས་རེ་རེར་སྒྲུབ་པའི་ཐབས་ཚིག་བཅད་མ། ཡེ་ཤེས་མགོན་པོའི་རྐྱང་སྒྲུབ། འདི་གོང་གནོན་དང་ཞུས་དག་ཕེར་བ་ཞིག་ལས་ཟུར་པ་མ་བྱུང་བས་དཔྱད། ཡུམ་ཙན་ཏིའི་རྐྱང་སྒྲུབ། བྱ་རོག་གདོང་ཅན་གྱི་རྐྱང་སྒྲུབ། སེང་གདོང་རྐྱང་སྒྲུབ། ར་ཧུ་ལའི་རྐྱང་སྒྲུབ། གིང་གི་རྐྱང་སྒྲུབ། གཤིན་རྗེའི་རྐྱང་སྒྲུབ། བཙན་གྱི་རྐྱང་སྒྲུབ། གནོད་སྦྱིན་རྐྱང་སྒྲུབ། བྱེ་བྲག་སོ་སོར་སྒྲུབ་པའི་


GLG002_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བྱང་རྣམས། རྩ་བའི་གཉིས་པ་ཐེམས་མེད་ལ། ཐུན་མོང་གི་ལས་ཚོགས་དང་མཆོག་སྒྲུབ་པའི་ལས་ཚོགས་གཉིས། དང་པོ་ལ། མགོན་པོའི་འཁོར་བཅས་ཀྱི་རྐྱང་སྒྲུབ་དྲིལ་སྒྲུབ་ཤིན་ཏུ་༼དར༽ཟབ་པ་ལེའུ་བཅུ་བདུན་པ་ལས་ཁོལ་དུ་ཕྱུང་བ། རང་གཤེད་འབེབས་པ་སྡེབས་དོན་༼དར༽བཅུ་པ་བཀའ་ཉན་གནམ་ལྕགས་བེར་ཀ །སྔགས་ནག་ངག་༼དར༽གནོན་མན་ངག །ཁྱི་སོག་ལ་༼དར༽བརྟེན་པའི་ངག་གནོན། འབྱེད་པ་རྟ་༼དར༽གཡག་གི་འཁོར་ལོ། སྲིའུ་གསོ་ཐབས་༼དར༽ཡི་དྭགས་ཁ་བཅིངས། རྒྱལ་པོ་བྱ་མགོ་ཅན་༼དར༽གནོན་པ། ཀླུ་གཏད་ནག་༼དར༽པོ་དགྲ་འཇོམས། དེའི་ཞལ་༼དར༽གདམས། ཕུར་གཏད་༼དར༽ལྐུགས་པ་ཁར་འཇུག །ཀླུ་གཏད་བུམ་ཆུ་༼དར༽མ། གཏད་ཁྲམ་འདྲི་བའི་ཡིག་ཆུང་། མ་ཧཱ་ཀཱ་ལའི་ལྷམ་༼དར༽མཐུ། བཀའ་ལོག་བྱི་མོའི་པདྨ་བསྲང་ཐབས། ལས་མཇུག་ཀླུ་༼དར༽ལ་གཏོད་པ། རྗེ་དཔོན་གསུམ་གྱི་སྒྲུབ་ཐབས། དཔོན་གཡོག་༼དར༽གསུམ་གྱི་ཆོ་འཕྲུལ་གཏོང་བ། གིང་ཆེན་སྡེ་ལྔའི་དྲིལ་སྒྲུབ། ཙིཏྟ་གསང་བའི་སྙིང་༼དར༽སྒྲུབ། གྲི་ལག་ཐལ་རྡེབ། ཉམས་ལེན་གནད་གསང་༼དར༽བཟློག་མེད། མགོན་པོ་གསང་༼དར༽བའི་བཟློག་པ། མགོན་པོ་ནག་པོའི་༼དར༽ཕྱིར་བཟློག །ཕྱི་རབས་རྣལ་འབྱོར་རྣམས་ལ་མཁོ་བའི་གནད་༼དར༽བདུན་གྱི་མན་ངག །ཁོན་ནག་སྤྱོད་པའི་མན་ངག །འཁོན་ནག་སྦྱོང་ཐབས་ལག་པའི་འདུ་བྱེད་རྐྱོང་བ། མན་ངག་གསེར་གྱི་ཐུར་མའམ་གསེར་གྱི་ཡང་ཞུན་དུ་གྲགས་པ། མགོན་པོའི་འགྱུ་༼དར༽དུས། གཏོར་མ་གཏོང་དུས་༼དར༽བྱ་རོག་གི་སྐད་བརྟག་པ། བླ་གནས་རྩི་ཞིང་༼དར༽བླའི་རྟགས་བརྟག་པ། གཤེད་བཞིའི་སྦྱོར་༼དར༽བ། བླ་འཁྱམས་༼དར༽གསོད་པ། བླ་ཕུར་སྲོག་ཕུར་༼དར༽བསྙེན་ཕུར་གྱི་


GLG002_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག །སྡེ་བརྒྱད་ངོས་༼དར༽འཛིན། འབར་མའི་ཐུན་སྒྲུབ་༼དར༽ཕྱི་མུ་སྟེགས་པ་ལུགས། ཐུན་སྒྲུབ་ནང་ནང་པ་༼དར༽ལུགས། སེང་གདོང་ཅོག་བརྡུང་༼དར༽གི་མན་ངག །སེང་གདོང་གི་སྨྱོ་༼དར༽ཞིང་འགུགས་པ། སེང་གདོང་གར་རྦད་༼དར༽རླག་པར་བྱེད་པ། སེང་གདོང་གི་བསྐུལ་༼དར༽དཔལ་ལྡན་མ། གཟའ་བདུད་ལས་མཐའ་༼དར༽རི་གཟར་གྱི་རྦབ་འདྲ་བ། གཟའི་བསྐུལ་ཁྲག་མཚོ་ཁོལ་མའི་རྒྱུད་ལས་ཕྱུང་བ། སྲིན་པོ་ཁྱབ་འཇུག་༼དར༽གི་དབང་སྒྲུབ། གཟའ་རྒོད་འཇིག་༼དར༽རྟེན་པའི་སྒྲུབ་ཐབས། མོན་པ་ནག་པོའི་མན་༼དར༽ངག་སྤུ་གྲི་དར་མ། གོས་དཀར་ལ་བརྟེན་པའི་ལིང་ཁྲུས་༼དར༽དང་ལྷ་དབྱེ་རལ་གྲི་ཆུ་བརྡེག །ཏིང་ངེ་འཛིན་ལ་བརྟེན་པའི་གཏད་༼དར༽རུལ། ཅེ་སྤྱང་འཁོར་ལོ་ལ་བརྟེན་པའི་ལམ་༼དར༽བསྲུང་། བྱ་རོག་དང་འུག་པའི་སྒྲོ་ལ་བརྟེན་པའི་ངག་༼དར༽འགྲོལ། ཌཱ་ཀི་འགུགས་པ། བུ་མོ་འགུགས་པ། གཙོ་འཁོར་བཅུའི་གནད་༼དར༽ཀྱི་ལྡེ་མིག །མགོན་པོའི་ཕྱི་ནང་གསང་གསུམ་གྱི་མན་ངག་རིག་འཛིན་ཀུ་མཱ་རཱ་ཛས་མཛད་པ་འཁོར་ལོ་རྣམས་ཀྱི་བྲི་ཡིག་༼དར༽བརྒྱུད་པའི་བླ་མ་ཞིག་གིས་མཛད་པ། མགོན་པོ་དཀར་༼དར༽པོའི་ཚེ་སྒྲུབ་བདུད་རྩི་འཁྱིལ་པ་རྣམས། གཉིས་པ་མཆོག་གི་དངོས་གྲུབ་གྲུབ་པ་ལ། ནང་རྩ་གསུམ་༼དར༽འཁོར་ལོ་ལྔ་ལ་བརྟེན་པའི་རྫོགས་རིམ་གསང་འཁྲིད་ཀྱི་ཡི་གེ་རྒྱུད་དང་རྒྱ་གར་མཁས་པའི་ལུགས་བཞིན་བཅུད་དུ་གདམས་པ་རྣམས་ཐོབ་པ་ལས་དར་དང་གཏེར་གྱི་རྟགས་མེད་པའི་ལུང་རྣམས་དབང་གི་བརྒྱུད་པ་ནི། ཆེ་མཆོག་ཧེ་རུ་ཀ །ཡེ་ཤེས་མགོན་པོ། ཨོ་རྒྱན་རིན་པོ་ཆེ། མཁར་ཆེན་བཟའ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་


GLG002_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཉང་རལ། སྲས་འགྲོ་མགོན། སངས་རྒྱས་མདོ་བོ་རས་པ། གཉན་རས་སཾ་གྷ་ལཀྵ་ཡང་ཟེར། གྲུབ་ཐོབ་མེ་ལོང་རྡོ་རྗེ། བླ་མ་ཉི་མ་འོད་ཟེར། མཁན་པོ་བསོད་ནམས་བློ་གྲོས། གུ་རུ་སྨོན་ལམ་ཤེས་རབ། རིག་འཛིན་ཆེན་པོའི་གསན་ཡིག་ན་འདི་ལྟར་འདུག་ཀྱང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་གཉིས་སྔ་ཕྱི་གོ་སློག་འདུག་པ་བརྟག །བླ་མ་རིན་ཅེན་རྡོ་རྗེ། རྟོགས་ལྡན་ཤེས་རབ་ཚུལ་ཁྲིམས། འདི་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་མི་འདུག་པ་དཔྱད། དྲིན་ཅན་ཆོས་ཉིད་ཤེས་རབ། མཁས་བཙུན་བསོད་ནམས་བཟང་པོ། རྗེ་མཁྱེན་བརྩེའི་གསན་ཡིག་ན་བསོད་ནམས་དཔལ་བཟང་ཟེར་བ་འདུག །བླ་མ་ཆོས་ཀྱི་རྒྱལ་མཚན། རྗེ་མཁྱེན་བརྩེའི་གསན་ཡིག་ན་བློ་གྲོས་རྒྱ་མཚོ་ཟེར་བ་འདུག །རྗེ་ཆོས་ཀྱི་རིན་ཅེན། སྔགས་འཆང་ཆོས་རྒྱལ་བསོད་ནམས། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། རིག་འཛིན་ཆེན་པོ་ལེགས་ལྡན་རྗེ། རྒྱལ་སྲས་པདྨ་ཆོས་རྒྱལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། སྣང་གསལ་བ་ངག་དབང་ཡེ་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། འགྲོ་མགོན་གཉོས། གཉོས་པདྨ་རྡོ་རྗེ། གཉོས་སྟོན་གྲགས་པ། གྲགས་པ་བཀྲ་ཤིས། གྲགས་པ་རིན་ཅེན། སངས་རྒྱས་གྲགས་འོད། རྡོ་རྗེ་རྒྱལ་པོ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་བློ་གྲོས། ཀོང་ཆེན་རིན་པོ་ཆེ། རིག་འཛིན་ཆེན་མོ་མན་གོང་ལྟར། ཡང་ན་ལེགས་ལྡན་རྗེ་ནས། འབྲི་གུང་གནམ་ལྕགས་མེ་འབར། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། ངག་དབང་ཡེ་གྲུབ་མན་གོང་ལྟར་རོ། །ཡང་ན་གཉོས་སྒོམ་རྡོ་རྗེ་ནས། སངས་རྒྱས་གྲགས་པ་མན་གོང་


GLG002_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ། ཡང་ན་སངས་རྒྱས་གྲགས་འོད་ཡན་གོང་ལྟར་ལ། གྲགས་པ་རྒྱལ་མཚན། ཚུལ་ཁྲིམས་འབྱུང་གནས། ཤེས་རབ་རྒྱལ་པོ། ནམ་མཁའི་མཚན་ཅན། མཁའ་ཀློང་ཡངས་པ། སྐལ་ལྡན་རྒྱ་མཚོ། ཀུན་དགའ་དཔལ་བཟང་། འབྲི་གུང་ཟུར་པ་མན་འདྲ། དར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། མེ་ལོང་རྡོ་རྗེ་ཡན་གོང་ལྟར་ལ། རིག་འཛིན་ཀུ་མཱ་རཱ་ཛ། དབང་ཕྱུག་རིན་ཅེན། གསང་ཕུ་བ་ཤེས་རབ་དབང་ཕྱུག །རྗེ་བློ་གྲོས་སེང་གེ །མཁས་གྲུབ་གུ་ཎ་བཛྲ། དགེ་སློང་བླ་མ་དཔལ་འབྱུང་། དོལ་པོ་རྫོང་ལུང་བ་རིན་ཅེན་གྲུབ། གྲུབ་ཆེན་ཁྲོ་རྒྱལ་འབར། ལྐོག་རུས་བཀྲ་ཤིས་བཟང་པོའང་ཟེར། མངའ་རིས་པཎ་ཆེན། ཉང་ཀུན་དགའ་ལྷུན་གྲུབ། ཉང་ཀུན་དགའ་བསྟན་འཛིན། ཉང་བསྟན་འཛིན་ནོར་བུ། ཉང་བསྟན་འཛིན་ཆོས་རྒྱལ། རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། དར་སྡིངས་པ་འཕྲིན་ལས་ལྷུན་གྲུབ། ཟུར་རྩ་བའི་བླ་མ་མན་གོང་བཞིན་ནོ། །ཡང་ན་གྲུབ་ཐོབ་མེ་ལོང་རྡོ་རྗེ་ནས། བླ་མ་སྨོན་ལམ་ཤེས་རབ། རྗེ་ནམ་མཁའ་དོན་གྲུབ། མཚན་ལྡན་བྱམས་པ་བཤེས་གཉེན། གུ་རུ་སངས་རྒྱས་དཔལ་བཟང་། ལྡོང་ཆོས་རྒྱལ་བསོད་ནམས། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། མངའ་རིས་པཎ་ཆེན་མན་གོང་བཞིན་ནོ། །གཏེར་གྱི་རྟགས་ཅན་རྣམས་ཀྱི་ལུང་བརྒྱུད་ནི། རིག་འཛིན་འཕྲིན་ལས་ལྷུན་གྲུབ་ནས། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །གསན་ཡིག་རྣམས་དང་བསྟུན་ན་ད་དུང་ཁ་ཤས་མ་འགྲིག་ཅིང་ཆོས་སྡེའི་བཞུགས་ཚུལ་ཡང་མི་མཐུན་པ་ཅུང་ཟད་འདུག་པ་འདིར་ཐེམས་གཙོ་བོར་བྱས་པ་ཡིན་ཐེ་


GLG002_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་གྱི་དཔྱད་གཞིར་ཅུང་ཟད་སྣང་ངོ་། །བླ་མ་མངའ་བདག་ཆེན་པོས་སྲིན་སྦར་ནས་སྤྱན་དྲངས་པ་རྫ་བུམ་ལས་བྱོན་པའི་མགོན་པོ་གཡུལ་བཟློག་གི་སྐོར་ལ། ཡེ་ཤེས་མགོན་པོ་སྲོག་འཁོར་གྱི་ལས་བྱང་གདུག་པ་ཀུན་སྒྲོལ། ཡུམ་ཆེན་མོ་པ་ཏྲ་ཀུན་ཏུ་བཟང་མོའི་ལས་བྱང་གཉིས་ཀྱི་ལུང་གི་བརྒྱུད་པ་ནི། ཨོ་རྒྱན་རྡོ་རྗེ་འཆང་། མཁར་ཆེན་བཟའ། གཏེར་སྟོན་ཉང་། གཉོས་ཞིག་ཆེན་པོ། གཉོས་མཚན་ལྡན་གྲུབ་ཐོབ། གཉོས་གྲགས་པ་བཀྲ་ཤིས། གཉོས་གྲགས་པ་རིན་ཅེན། གཉོས་གྲགས་པ་སེང་གེ །གཉོས་མཚན་ལྡན་གྲགས་པ། གཉོས་གྲགས་པ་འོད་ཟེར། རྡོ་རྗེ་རྒྱལ་པོ། དྷརྨ་ཀེ་ཏུ། ནམ་མཁའ་དཔལ་ལྡན། ཀོང་པོ་དྲི་མེད་སངས་རྒྱས། གནམ་གོང་བ་བཀྲ་ཤིས་དབང་ཕྱུག །རྣལ་འབྱོར་བསོད་ནམས་བཟང་པོ། ཀོང་ཏ་བའི་སྔགས་འཆང་སྐྱབས་སྦྱིན། མཁས་གྲུབ་ཀརྨ་གུ་རུ། རང་གྲོལ་ནམ་མཁའ་ཆོས་དབང་། ཉང་སྟོན་མཁས་གྲུབ་ཆེན་པོ། དེས་བདག་ལའོ། ༈ །མགོན་པོ་གཡུལ་བཟློག་གི་མདོས་བདུད་དཔུང་གཡུལ་བཟློག་གདུག་པ་ཀུན་འཇོམས་ལ། སྒྲུབ་པ་པོའི་མཚན་ཉིད། རྫས་གསོག་པ། གཤོམ་པ། བརླབ་པ། སྤྱན་འདྲེན། བཞུགས་གསོལ། མཆོད་པ་འབུལ་ཞིང་གནད་ལ་ཕབ་སྟེ་ཐུགས་དམ་བཀང་བ། བསྐུལ་ཞིང་འཕྲིན་ལས་བཅོལ་བ། དབང་དུ་བསྡུ་བ། བསྙེན་སྒྲུབ། གླུད་ཡས་ཀྱི་ཆོ་འབྲང་འདོན་པ། བསྔོ་ཞིང་འཕྲིན་ལས་བཅོལ་བ། ཐུན་དབབ་པ། ཟོར་འཕང་བ། ལམ་བསྟན་པ། ཁྲོམ་སྣ་བསྒྱུར་བ། མདོས་བསྐུལ་བ། སྨོན་ལམ། ཚེ་འགུགས། བཀྲ་ཤིས། དགེ་བ་བསྔོ་བ་སྟེ་སྤྱི་དོན་ཉེར་གཅིག་གིས་གཏན་ལ་ཕབ་པའི་ལུང་བརྒྱུད་ནི། མཐིང་


GLG002_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གི་བླ་མ་གྲགས་འོད་ཡན་གོང་ལྟར་ལ། གྲགས་པ་རྒྱལ་མཚན། ཚུལ་ཁྲིམས་འབྱུང་གནས། ཤེས་རབ་རྒྱལ་པོ། ནམ་མཁའི་མཚན་ཅན། མཁའ་ཀློང་ཡངས་པ། སྐལ་ལྡན་རྒྱ་མཚོ། ཀུན་དགའ་དཔལ་བཟང་། ལེགས་ལྡན་རྗེ། འབྲི་གུང་ཟུར་བ། བཀྲ་ཤིས་རྒྱ་མཚོ། ཀུན་དགའ་ཚེ་མཆོག །ཡེ་ཤེས་གྲུབ་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་མཐིང་གི་བླ་མ་གྲགས་འོད་ནས། རྡོ་རྗེ་རྒྱལ་པོ། དྷརྨ་ཀེ་ཏུ། བྲལ་བམ་མཁར་བ་ཆོས་ཀྱི་བློ་གྲོས། ཀོང་ཆེན་པ། བླ་མ་མི་བསྐྱོད་རྡོ་རྗེ། རྣལ་འབྱོར་བསོད་ནམས་བཟང་པོ། སྔགས་འཆང་སྐྱབས་སྦྱིན། ལྷ་བྲོ་ཀརྨ་གུ་རུ། ཉང་བསྟན་འཛིན་ཆོས་རྒྱལ། སྔགས་འཆང་ཀརྨ་གསང་སྔགས། དར་སྡིངས་རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །བླ་མ་མངའ་བདག་ཆེན་པོས་གཞོ་སྟོད་གཏེར་སྒྲོམ་བྲག་ནས་གདན་དྲངས་པའི་བསྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྔོན་ཚེ་དུར་ཁྲོད་མ། གཏོར་ཆོག་ཕུད་སྐོང་དང་བཅས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། ཁྲག་འཐུང་ཧེ་རུ་ཀ །ཨོ་རྒྱན་ཆེན་པོ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཉང་རལ། སྲས་འགྲོ་མགོན། གུ་རུ་ཆོས་དབང་ཡབ་སྲས། དམར་ཞབས་རས་པ། གྲགས་པ་རྒྱལ་མཚན། བཀྲ་ཤིས་མཚན་ཅན། བདུད་འདུལ་ཤེས་རབ། རྣམ་མཁྱེན་ཆོས་བློ། དབང་ཕྱུག་བློ་གྲོས། བསོད་ནམས་སེང་གེ །འཇམ་དབྱངས་བློ་གྲོས། ཆོས་སྐྱོང་ཚུལ་ཁྲིམས། ནམ་མཁའ་དཔལ་བཟང་། ཡབ་འཇམ་དབྱངས་རྒྱལ་མཚན། མངའ་རིས་པཎ་ཆེན། ལེགས་ལྡན་རྗེ། མཁྱེན་བརྩེའི་


GLG002_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས། རྗེ་དབང་རབ། ཁྱབ་བདག་བཀའ་འགྱུར་བ། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །བླ་མ་མངའ་བདག་ཆེན་པོས་ལྷོ་སྲིན་མོ་སྦར་རྗེས་བྲག་དང་བསམ་ཡས་མཆོད་རྟེན་ནག་པོ་སོགས་ནས་གདན་དྲངས་པའི་ལྷ་མོ་ཤྨ་ཤཱ་ནཱ་དྷི་པ་ཏི་ཞེས་དུར་ཁྲོད་ཀྱི་དཀོར་སྲུང་འདྲེ་མོ་ངན་ནེ་མའི་སྐོར་ལ་དབང་དང་མན་ངག་གཉིས་ཀ་ཡོད་པས་གཙོར་བཏོན། གཞན་མ་ཆོས་དབང་། པད་གླིང་། བླ་མ་བྷ་རོ། བྱང་གླིང་པ། ཐ་ཕུག་པ། གངས་སྟོན་དོན་གྲུབ་སོགས་བཀའ་གཏེར་གྱི་མན་ངག་སྣ་ཚོགས་ཀྱང་ལེ་ལག་ཏུ་བསྒྲིགས་ནས་མཛད་པ་ཆགས། བྱང་ཆུབ་གླིང་གི་ཆོས་སྐྱོང་ཐུན་མོང་མ་ཡིན་པར་སོང་བའི་ཕྱག་བཞེས་སུ་གནང་བ་ལྟར་ནོས་པ་ལ། སྔགས་འཆང་རྡོ་རྗེ་ཛྙཱ་ནས་བཀོད་པའི་རྗེས་གནང་གི་ཡི་གེ་བཞིན་མཎྜལ་སིནྡྷུ་རའི་ཆོས་འབྱུང་ལ་བརྟེན་ནས། སྐུ་གསུང་ཐུགས་ཀྱི་རྗེས་གནང་མཇུག་སྣང་སྟོང་ངོ་སྤྲོད་བཀའ་བསྒོ་དང་བཅས་པ་ནོས་ནས། ལུང་ལ་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མའི་ཏན་ཏྲ་གསང་བ་གཅིག་རྒྱུད་ཅེས་བྱ་བ་ལེའུ་བཅུ་པ་འཕྲུལ་གྱི་ལྷ་མོའི་རྒྱུད་རྫོགས་སོའི་མཐའ་ཅན། དཀོར་སྲུང་ནག་མོའི་སྒྲུབ་རྒྱུད་ལེའུ་དང་པོར་སྒྲུབ་པ་དང་གཉིས་པས་ལས་སྦྱོར་སྟོན་པ་བསམ་ཡས་མཆོད་རྟེན་ནག་པོའི་གཏེར་བྱོན། གཏེར་ཁ་དེ་ཀའི་འཕྲོས་ཀྱི་ལས་ཕྲན་ཆོ་འཕྲུལ། དབང་སྡུད། ནོར་སྒྲུབ། གསལ་སྟོན། གསང་སྔགས་ཟབ་མོ་སྙིང་ཏིག་གི་ཞེས་སོགས་ཀྱི་བསྐུལ་དང་བཅས་པ་སྒྲུབ་རྒྱུད་ཀྱི་ཁྱད་པར་ཅན་གྱི་སྒྲུབ་པ་བྱིན་ལུགས་ཡང་ཟབ་དམ་པ། སྲིན་སྦར་གྱི་གཏེར་བྱོན་དུར་ཁྲོད་ཀྱི་བདག་མོ་འདྲེ་མོ་ངན་ནེ་མའི་གསང་སྒྲུབ་འདི་ལས་ལྷག་པ་གཞན་ཡོད་ན་བྷི་ན་


GLG002_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་བི་ཀིའི་མཐའ་ཅན། མུ་སྟེགས་ཀྱི་མཁའ་འགྲོ་ལྟར་མོན་མོ་འོད་ཀྱི་བུ་ག་ཅན། ནང་ལྟར་གསེར་གྱི་སྤུ་གྲི། གསང་བ་དུར་ཁྲོད་ཀྱི་འབྲེ་མོ་ངན་ནེ་མ་ཞེས་བྱ་བའི་སྒྲུབ་ཐབས་དོན་ལྔ་པ། གནད་འབེབས། ཕྱིར་མི་འབྲང་བ། རྟགས་སྲེག་པ། འཁུ་ལྡོག་བསྲུང་བ། ཆོ་འཕྲུལ་ལྟས་ངན་སྣ་ཚོགས་གཏོང་བ་དང་གཏོར་མ་ལ་བརྟེན་པའི་གསང་བའི་སྒྲུབ་ཐབས་གསང་རྒྱ་ཅན། འཁོར་ལོའི་མན་ངག་ཟུར་དུ་བཀོལ་བ་སོགས་ཞལ་གདམས་དང་བཅས་པ་གསེར་གྱི་ཡང་ཞུན་ལྟ་བུ་བསྟན་པ་དར་བའི་འགྲོ་དོན་ཤོག་གི་མཐའ་ཅན། ཕྱི་མོན་མོ་འོད་ཀྱི་གའུ་ཅན། ནང་དཀོར་སྲུང་ནག་མོ། གསང་བ་དུར་ཁྲོད་ཀྱི་འདྲེ་མོར་སྒྲུབ་པ་སྒྲུབ་ཐབས་མི་འདྲ་བ་མང་དུ་ཡོད་ཀྱང་གཞན་མེད་པའི་ཟུར་ཏིག་ཟབ་མོ། མ་ཧཱ་སི་ལི་མ་ནི་རྫས་དང་གཏོར་མ་ལ་བརྟེན་པའི་ཕྱི་སྒྲུབ་གུ་རུ་པདྨས་མཛད་པ་རྫོགས་སོའི་མཐའ་ཅན། རྩྭ་ཕད་གང་དང་མར་སྲང་གཅིག་གི་ཕྱིར་འབྲང་པའི་རྣལ་འབྱོར་པའི་དཀོར་སྲུང་གི་སྒྲུབ་པ། དཀོར་སྲུང་དང་ར་མདའ་དང་ནོར་ཚོགས་པ་གསུམ་གྱི་སྒོ་ནས་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མའི་སྒྲུབ་པ་ནོར་བདག་མའི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། མེ་ལོང་དང་དཀར་གསུམ་དངར་གསུམ་ཕུག་རོན་དང་རུ་ལ་བརྟེན་པའི་ངན་ནེ་མའི་ཆོ་ག །ཅེ་སྤྱང་ལ་སོགས་པའི་ཐོད་པ་བཅས་ལ་སྦྱོར་བའི་དུར་ཁྲོད་བདག་མོའི་སྒྲུབ་ཐབས་མནན་པ་བྱའོའི་མཐའ་ཅན། དུར་ཁྲོད་ངན་ནེ་མའི་སྒྲུབ་ཐབས་དོན་གསུམ་པ་ཁྱོད་ཀྱི་ཡབ་ཀྱི་མཚན་གསོལ་བ་སོགས་ཀྱི་གྱེར་དང་བཅས་པ་ཕྱི་སྒྲུབ་རྫོགས་བྱང་གི་མཐའ་ཅན། མེ་ལོང་དཀར་གསུམ་དངར་གསུམ་གོང་མོའི་དང་རུ་ལ་བརྟེན་པའི་ངན་ནེ་


GLG002_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྒྲུབ་ཐབས་ཁྱོད་ནོར་སྣ་གཅིག་གི་རྗེས་གཅོད་མ་སོགས་ཀྱི་བསྐུལ་དང་བཅས་པ། འདྲེ་མོ་ངན་ནེ་མ་ཞེས་མཁས་བཙུན་ཐམས་ཅད་ཀྱི་དཀོར་སྲུང་མའི་སྒྲུབ་པ་གཏེར་སྟོན་པདྨ་གླིང་པའི་མན་ངག །བླ་མ་བྷ་རོའི་ལུགས་ཀྱི་ཆོ་འཕྲུལ་གཏད་ཐབས་ནང་སྒྲུབ་རྫོགས་པའི་མཐའ་ཅན། རྗེས་གནང་གི་ཡི་གེ་སྔགས་འཆང་རྡོ་རྗེ་ཛྙཱ་ནས་བཀོད་པ། ལྷ་མོ་ངན་ནེ་མ་དང་གནོད་སྦྱིན་ངན་ནེ་མ་གཉིས་སྦྲགས་སྒྲུབ་པ་བྱང་ཆུབ་གླིང་པས་མཛད་པ། གསང་བ་འདུས་པར་ལི་པྲ་མ་ཡར་གྲགས་པས་ལས་ཀྱི་ལྷ་མོའི་དཀོར་སྲུང་འདི་ལ་ཕྱི་ནང་གསུམ་ལས་གསང་སྒྲུབ་ཀྱི་མན་ངག་དུས་མཐའི་སྤྲང་པོ་མཐའ་ཕུག་པས་མཛད་པ་གསང་རྒྱ་མགྲིན་པའི་འཁོར་ལོ་སྡོམ་པའི་མཐའ་ཅན། མཚོན་བསྲུང་ཟབ་མོ་གསེར་ཞོ་རེའི་ཡོན་མེད་ན་གཞན་ལ་མི་སྟེར་བ། འཁོན་ནག་གི་གདམས་པ་ངན་ཐབས་སྦྱོར་བ་རྣམས། དཔེ་རིས་ལ་གོང་གནོན་ཕག་མོ། ནང་སྒྲུབ། ཕྱི་སྒྲུབ། གསད་པ། ཐན་འགྱེད་རྣམས་ཀྱི་སྐུ་གཟུགས། ཤེས་པ་དཀར་པོ་དང་བྱ་མཆུ་ནག་མོའི་ལིངྒ་མཆོད་རྟེན། རྟག་གཏོར། རྒྱུན་གཏོར། བསྙེན་གཏོར། རྦད་གཏོར། མཎྜལ། མེ་ཧོམ། ཕག་དང་། རི་བོང་གི་ཐོད་པ། བླ་རྡོ། སྲོག་འཁོར་དང་བཅས་པ་རྣམས་ལེགས་པར་ནོས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་མོོ། ཁྲོས་མ་ནག་མོ། ཨོ་རྒྱན་ནག་མོ། ཨོ་རྒྱན་རིན་པོ་ཆེ། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེ་བཙན། མངའ་བདག་ཉང་རལ་ཆེན་པོ། སྲས་མི་བསྐྱོད་རྡོ་རྗེ། ལྷ་རི་སངས་རྒྱས་རས་ཆེན། གྲུབ་ཐོབ་མེ་ལོང་རྡོ་རྗེ། རྒྱལ་སྲས་བློ་ལྡན་སེང་གེ །བླ་མ་དཔལ་མགོན་རྡོ་རྗེ། བླ་མ་རྡོ་རྗེ་རང་གྲོལ། བླ་མ་བསྟན་འཛིན་རྡོ་རྗེ། བླ་མ་


GLG002_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་རྡོ་རྗེ། བླ་མ་བསམ་རྒྱལ་རྡོ་རྗེ། སྤྲུལ་སྐུ་བྱང་ཆུབ་གླིང་པ། རྗེ་སྣ་ཚོགས་རང་གྲོལ། སྲས་ཀུན་དགའ་གྲགས་པ། གྲུབ་ཆེན་ཀུན་དགའ་རྡོ་རྗེ། མཚུངས་མེད་མདོ་སྔགས་བསྟན་འཛིན། དེ་སྲས་འཕྲིན་ལས་ལྷུན་གྲུབ་དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །བླ་མ་མངའ་བདག་ཆེན་པོའི་གཏེར་བྱོན་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་རའི་ཆོས་སྐོར་ལ། རྒྱལ་མཚན་བརྒྱད་ཀྱི་སྲོག་དབང་དང་ལུང་ལ། ཤེལ་འཕྲེང་དཀར་པོ་མན་ངག་གི་རྒྱུད་ཆེན་ལེའུ་ཉི་ཤུ་པ་ནོར་ལྷ་ནག་པོའི་བཤད་རྒྱུད་དུའང་གྲགས་སོ། །གཡུ་འཕྲེང་སྔོན་པོའི་རྒྱུད་ལེའུ་བདུན་པ། ལྕགས་འཕྲེང་ནག་པོ་མིག་གཅིག་སྔོན་བྱུང་གི་རྒྱུད་ལེའུ་དགུ་པ་རྣམས་སློབ་དཔོན་པདྨ། གནུབས་ནམ་མཁའི་སྙིང་པོ། ལོ་ཆེན་བཻ་རོ་previous hit གསུམ་གྱིས་བསྒྱུར་བ། གསོལ་ཁ་འཕྲིན་ལས་དོན་བཅུ་མ་དང་བཅས་ཐོབ་པའི་བརྒྱུད next hit་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨོ་རྒྱན་རིན་པོ་ཆེ། ཇོ་མོ་མཚོ་རྒྱལ། ཁྲི་སྲོང་ལྡེ་བཙན། མངའ་བདག་ཉང་། གུ་རུ་དོན་སེང་རྒྱལ་མཚན། རྩ་བྲལ་བྱ་བཏང་ཆོས་རྗེ། མཚུངས་མེད་འཇམ་དབྱངས་བློ་གྲོས། འཇམ་དབྱངས་དཔལ་རིན། གུ་ཤྲཱི་དཔལ་ལྡན་དོན་གྲུབ། མཚུངས་མེད་ནམ་མཁའ་བཟང་པོ། བཀའ་བརྒྱད་པ་གཞོན་ནུ་དཔལ་བཟང་། སྔགས་འཆང་སྐལ་ལྡན་རྒྱ་མཚོ། མི་འགྱུར་ཀུན་དགའ་དཔལ་བཟང་། འབྲི་གུང་ཟུར་པ་རིན་པོ་ཆེ། ཆོས་རྗེ་ཉི་ཟླ་སངས་རྒྱས། ཨེ་དཀར་ཆེན་ལན་བུ་ཨ་མི། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་བླ་མ་མངའ་བདག་


GLG002_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཏེར་བྱོན་བཙན་གྱི་བྱང་བུ་གཅིག་ཤུར་ཀྱི་སྐོར་ལ་བཙན་བྱང་རྩ་བ་བཙན་རྒོད་དྲག་པོའི་རླུང་འཁོར་ཟབ་ལམ་བསྟན་པ་ཙམ་གྱི་རྒྱལ་པོ་སུམ་བརྒྱ་དྲུག་ཅུ་མ། ས་གནད། བཙན་གྱི་འགྱུར་ལྡོག །ཤིང་སེ་བ་ལ་བརྟེན་པའི་རང་བསྲུང་རྗེས་གཅོད་རྭ་རུ་ལ་བརྟེན་པའི་ཞལ་ཤེས། གསའི་སྙིང་ཁྲག་ལ་བརྟེན་པའི་ཞལ་ཤེས། བཙན་ཁམས་བྱང་བུ་དམར་པོ་གཅིག་༼སུ༽སྐོར་སྤུ་གྲི་ལྟ་བུ། བཙན་བྱང་ཙག་མའི་ལག་ལེན་གསང་རྒྱ་མ་ཞར་བྱུང་རྫས། བླ་འགུགས། བསྐོར་ས་བཅས་བསྟན་པ། རླུང་ལྷ་ལྗང་སྔོན་ལ་བརྟེན་༼སུ༽པའི་སྒྲིབ་ཤིང་། རྟ་གླུད་གཏོང་བ་བྱང་གཅིག་རྟ་ཁོག་མ་ཟབ་མོ་ཞེས་བྱ་བའི་ཞལ་ཤེས་དཔེ་ཆུང་ཕྱག་ལེན་དམར་འཁྲིད་ཐོབ་པ་ལས་བཙན་བྱང་ཙག་མ་མ་གཏོགས་པའི་བརྒྱུད་པ་ནི། དཔལ་ཧེ་རུ་ཀ །ཨོ་རྒྱན་ཆེན་པོ། མཚོ་རྒྱལ། མངའ་བདག་རྗེ། གཏེར་སྟོན་ཉི་མ་འོད་ཟེར། སྲས་འགྲོ་མགོན། གཉོས་འགྲོ་མགོན། པདྨ་རྡོ་རྗེ། ཉང་སྟོན་གྲགས་པ། གྲགས་པ་བཀྲ་ཤིས། གྲགས་པ་རིན་ཅེན། གྲགས་པ་འོད་ཟེར། གྲགས་པ་རྒྱལ་མཚན། ཚུལ་ཁྲིམས་འབྱུང་གནས། ཤེས་རབ་རྒྱལ་པོ། ནམ་མཁའ་མཚན་ཅན། མཁའ་ཀློང་ཡངས་པ། སྐལ་ལྡན་རྒྱ་མཚོ། ཀུན་དགའ་དཔལ་བཟང་། རིག་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་བཙན་གྱི་བྱང་བུ་གཅིག་ཤུར་རྩ་བའི་བརྒྱུད་པ་གཅིག་ལ་ལེགས་ལྡན་རྗེ་ནས། འབྲི་གུང་ཟུར་པ། བཀྲ་ཤིས་རྒྱ་མཚོ། ཀུན་དགའ་ཚེ་མཆོག །དྲུང་པ་ཕུན་ཚོགས་


GLG002_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ། ཟུར་ཆེན་མན་གོང་ལྟར་རོ། །སུའི་རྟགས་ཡོད་པའི་ལུགས་གཅིག་དང་ཙག་མའི་བརྒྱུད་པ་ནི། ཀ་ཐོག་སྔགས་འཆང་རྒྱལ་མཚན། སློབ་དཔོན་བཀྲ་ཤིས་དར་རྒྱས། ཀུན་བཟང་རྣམ་རྒྱལ། ལྕགས་ཟམ་སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །སྙིང་རི་བ་རྒྱལ་སྲས་བདེ་བ་བཟང་པོ། དེས་བདག་ལའོ། ༈ །བླ་མ་མངའ་བདག་ཆེན་པོའི་གཏེར་མའི་ལོག་འདྲེན་ཚར་གཅོད་དྲེགས་པ་ཉི་ཤུའི་རླུང་འཁོར་གྱི་སྐོར་ལ། དྲེགས་པ་ཉི་ཤུའི་རྩ་བ་གཞུང་གི་སྔགས་བྱང་། ལོ་རྒྱུས་ལས་འཕྲོས་པའི་ཞལ་གདམས། སྤྱི་ཐེམས་ཕྱག་རྡོར་གྱི་ཞབས་མཐིལ་གཡོན་པར་སྦས་པ། མན་ངག་འདི་རྒྱུད་དགུ་ནས་བཏུས་ཚུལ། བྱང་པའི་ཕྱག་དཔེ་ཐུམས་ཤུན་གྱི་མཇུག་ན་འདུག །ལྟས་ངན་སྲོག་གི་སྤུ་གྲི་དོན་བདུན་གྱིས་བསྟན་པ་ཛྙཱ་ན་ཤྲཱིས་མཛད་པ། སྔགས་འགོ་བསྐོར་ལུགས། མིང་འདོན་འཇུག །སྐད། བསྐོར་ཐབས་དང་བཅས་པ་ཆིག་བརྒྱུད་ལས་མི་སྟོན་པ། བྱང་པའི་ཕྱག་དཔེར་མྱུར་མགྱོགས་གློག་ཞགས་ཀྱི་སྨད་ཆར་འདུག །སྡེ་བརྒྱད་ཀུན་འདུས་སྲོག་གི་སྤུ་གྲི་ཐུམས་ཤུན་ནམ་བམ་ལོག་ཏུ་གྲགས་པ། དགྲ་བོ་གྲི་འཐབ་སུམ་བརྒྱ་དྲུག་ཅུས་གསོད་པ་ཐོག་མཐའ་རླུང་ཞོན། བྱང་པའི་ཕྱག་དཔེར་བམ་ལོག་གི་སྔགས་ཆུང་བ་ཟེར། ཚེ་བདུད་གནོན་པ། རླུང་འཁོར་བཀྲ་བརྟག །ལྟས་ངན་ཆར་དབབ་ཀྱི་ཞལ་ཤེས་དང་བཅས་པ་རྣམས་ཐོབ་པ་ལས་ཐུམས་ཤུན་ཡན་གྱིབརྒྱུད་པ་ནི། རྒྱ་གར་རོམ་བུ་གུ་ཧྱ་ཙནྡྲ། བལ་པོ་བྷ་སུ་དྷ་ར། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཉི་མ་འོད་ཟེར། སྲས་མི་བསྐྱོད་རྡོ་རྗེ། གུང་རུ་འགྲོ་བའི་མགོན་པོ། གཉོས་པདྨ་རྡོ་


GLG002_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། གཉོས་སྟོན་གྲགས་པ། རྗེ་གྲགས་པ་བཀྲ་ཤིས། གཉོས་གྲགས་པ་རིན་ཅེན། གཉོས་གྲགས་པ་འོད་ཟེར། སྔགས་འཆང་གྲགས་པ་རྒྱལ་མཚན། གྲུབ་མཆོག་ཚུལ་ཁྲིམས་འབྱུང་གནས། བླ་མ་ཤེས་རབ་རྒྱལ་པོ། རྗེ་ནམ་མཁའི་མཚན་ཅན། མཁའ་ཀློང་ཡངས་པ། སྐལ་ལྡན་རྒྱ་མཚོ། མི་འགྱུར་ཀུན་དགའ་དཔལ་བཟང་། རྗེ་འབྲི་གུང་པ་རིན་ཅེན་ཕུན་ཚོགས། དེ་སྲས་ཆོས་རྒྱལ་ཕུན་ཚོགས། རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །བཙན་ཁམས་བྱང་བུ་དམར་པོ་ཆིག་སྐོར་གཅིག་ཤུར་སྤུ་གྲི་ལྟ་བུའི་མན་ངག་རྒྱས་བསྡུས་གཉིས་པོ་ལག་ལེན་མྱོང་གྲུབ་གནད་དུ་དྲིལ་བ་ཇག་འགྱེད་རྣམས་དྲག་ཏུ་བྱ་དགོས་པ་ཡིན་ནོའི་མཐའ་ཅན། བཙན་བྱང་སྒྲུབ་པའི་སྔགས་བཟླ་ལུགས་ཕ་ཇོ་སཱུཪྻ་ཀཱ་ལའི་གདམས་པ། ལུགས་གཉིས་སོ་སོའི་དཔེ་ཆུང་། རྐང་ཤིང་དཔུང་ཤིང་འཁོར་ལོ་མདེའུ་སྒྲོ་དང་བཅས་པའི་སྒྲོམ་གྱི་དཔེ་རིས་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་རྒྱལ་རིན་ཅེན་ཕུན་ཚོགས། བླ་མ་རིན་ཅེན་དཔལ། བླ་མ་སངས་རྒྱས་རིན་ཅེན། དབུར་སྨྱོན་ཆོས་ཀྱི་གྲགས་པ། རིག་འཛིན་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །བླ་མ་མངའ་བདག་ཆེན་པོས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་གདན་དྲངས་པའི་གཏད་ཁྲམ་སུམ་བརྒྱ་དྲུག་ཅུའི་ནང་ནས་བཅུད་ཕྱུང་བ་གཏད་ཁྲམ་ཀུན་གྱི་ཡང་སྙིང་བསྙེན་པ་བཅའ་ཐབས་སྒྲུབ་པ་ལས་སྦྱོར་བཞིའི་སྒོ་ནས་བསྟན་པ་སྐལ་ལྡན་ལས་འཕྲོ་ཅན་ལ་ཕྲད་ཤོག་གི་མཐའ་ཅན། གཏད་ཀྱི་མན་ངག་གཟེར་དགུ་ཞེས་པ་མི་ཐེབས་


GLG002_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད་པའི་གཟེར་གསུམ། འབྱམས་མི་སྲིད་པའི་གཟེར་གསུམ། བཟློག་མི་སྲིད་པའི་གཟེར་གསུམ་རྣམས་ཕྲད་ཤོག་གི་མཐའ་ཅན་ཞར་བྱུང་སྤོགས་པ་གནད་ཀྱི་གཟེར་གསུམ་དང་བཅས་པ། ལྟ་བ་ཆོས་ཉིད་ཀྱི་བཅུད་ཕུར། གཉན་པོ་ལྷའི་བཅུད་ཕུར། དྲག་པོ་སྔགས་ཀྱི་བཅུད་ཕུར། རིག་པ་ཏིང་འཛིན་གྱི་བཅུད་ཕུར། རྟེན་འབྲེལ་རྫས་ཀྱི་བཅུད་ཕུར་ཏེ་གཏད་ཀྱི་གདམས་པ་བཅུད་ཕུར་ལྔ་པ། རྫས་ཀྱི་ཁ་བསྒྱུར་གྱི་ནད་འདིས་འཆི་དང་ཟླ་བ་དུས་ཚོད་འདི་ཙམ་ལ་འཆི་སོགས། མི་རིགས་ཀླུ་རིགས་སྤྲོད་ཚུལ། གཉེན་པོ་དང་གཏད་ལུགས་སོགས་བསྟན་པ་ཕྲད་ཤོག་གི་མཐའ་ཅན། གཏད་བྱེད་ལུགས་ཀྱི་ལག་ལེན་སློབ་དཔོན་མཚམས་པ་བའི་ཉམས་འཁྲིད་ཤིན་ཏུ་གསང་བ་སྙིང་རྗེ་ཆེ་བའི་རྣལ་འབྱོར་པའི་སྤྱོད་ཡུལ་ཡིན་པར་གདའ་འོའི་མཐའ་ཅན། དེ་ལ་ཉེ་བར་མཁོ་བའི་ཀླུའི་ཐེབས་ཟློག་ཟབ་མོ། ས་སུར་དུག་ཏྲི་ནག་པོ་ཞེས་པ་གཏད་ཀྱི་ས་དམིགས་འཚོལ་ལུགས་དྲེགས་པའི་ལས་མཐའ། གཏད་འཁོར་དང་ལིངྒའི་དཔེ་རིས་བཅས་པ་རྣམས་ཀྱི་ལུང་ཕྱག་ལེན་ཞལ་ཤེས་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། གསང་བའི་བདག་པོ། ལས་ཀྱི་དབང་མོ་ཆེ། ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཉི་མ་འོད་ཟེར། སྲས་འགྲོ་མགོན་ནས་རིམ་པར། སློབ་དཔོན་མཚམས་པ་བ། ཆོས་རྒྱལ་རིན་ཅེན་ཕུན་ཚོགས། བླ་མ་བཙན་ཡག་སྤྲུལ་སྐུ། ཞབས་དྲུང་ནཱ་རོ་པ། མཐུ་ཆེན་ཆོས་ཀྱི་གྲགས་པ། མཚུངས་མེད་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་


GLG002_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མི་རྟོག་རྩལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །མངའ་བདག་གི་གཏོར་མའི་བྱིན་རླབས་གྱི་ཁྲུས་ཆུ་དང་སྤ་གྲོ་སྐྱེར་ཆུའི་ཁྲོ་བོ་དམར་པོའི་ཞབས་འོག་ནས་སྤྱན་དྲངས་པའི་འཁོན་སྦྱོང་ལག་པའི་འདུ་བྱེད་བསྐྱོད་པའི་བརྒྱུད་པ་ནི། བཙན་གྱི་བྱང་བུ་གཅིག་ཤུར་གྱི་བརྒྱུད་པ་བྱང་བདག་པོ་བཞུགས་པ་དེ་ཀ་ཡིན་ནོ། ༈ །བླ་མ་མངའ་བདག་གི་གཏེར་མའི་དྲག་སྔགས་སྲིད་པའི་གཏེར་ཁྱིམ་མཐུའི་སྤྱི་སྡོམས་ཆེན་མོ་མན་ངག་ཐམས་ཅད་ཀྱི་ལྡེ་མིག །གྲུབ་རིགས་ཐམས་ཅད་ཀྱི་ཞལ་གདམས་ཕྱི་རབས་རྣལ་འབྱོར་པ་རྣམས་ཀྱི་ལྡེ་མིག །གསང་སྔགས་ཐམས་ཅད་ཀྱི་ཁོང་སྙིང་། མན་ངག་ཐམས་ཅད་ཀྱི་ཉིང་ཁུ་ཞེས་བྱ་བ་བསྙེན་སྒྲུབ་ལས་གསུམ། བསྲུང་བཟློག་གསང་གསུམ། ཁྲམ་གཏད་སེལ་གསུམ། སྡེབས་ཤོར་རླུང་གསུམ། དབྱེ་དཀྲུགས་བསྐྲད་གསུམ། མནན་བསྲེག་འཕངས་གསུམ་སོགས་ལ་ཉེ་བར་མཁོ་བའི་གོལ་ས་གཅོད་པ། འཁྲུལ་པ་སེལ་བ། གནད་གསང་སྟོན་པ་སོགས་རིག་སྔགས་འཆང་བ་རྣམས་ཀྱི་ལག་ཆར་མེད་དུ་མི་རུང་བའི་མན་ངག་ཟབ་ཁྱད་ཅན་ཐོབ་པའི་བརྒྱུད་པ་ནི། གསང་བའི་བདག་པོ། ཨོ་རྒྱན་རྗེ། ཇོ་མོ། མངའ་བདག་རྗེ། གཏེར་སྟོན་ཉང་རལ། སྲས་ཆུང་། གཉོས་ཞིག །གཉོས་སྒོམ་རྡོ་རྗེ། གཉོས་སྟོན་གྲགས་པ། གྲགས་པ་བཀྲ་ཤིས། གྲགས་པ་རིན་ཅེན། མཐིང་གི་བླ་མ་གྲགས་འོད། གྲགས་པའི་མཚན་ཅན། ཚུལ་ཁྲིམས་འབྱུང་གནས། པྲཛྙ་རཱ་ཛཱ། ནམ་མཁའི་མཚན་ཅན། མཁའ་ཀློང་ཡངས་པ། སྐལ་ལྡན་རྒྱ་མཚོ། མི་འགྱུར་གཏེར་སྟོན། ལེགས་ལྡན་རྗེ། རྗེ་འབྲི་གུང་ཟུར་པ། ཨི་དཀར་


GLG002_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལན་བུ་ཨ་མི། འཁོན་སྟོན་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །བླ་མ་མངའ་བདག་ཆེན་པོའི་ཟབ་གཏེར་ལས་བྱོན་པའི་སྡེབས་ཀྱི་སྐོར་ལ། རྒྱུད་རྡོ་རྗེ་གཙུག་ལག་ནས་སྟོད་ལས་གསེར་གྱི་འབྲུ་ཐུས་སུ་གུད་དུ་ཕྱུང་བ། རྡོ་རྗེ་གཙུག་ལག་འཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས་སྔགས་ཀྱི་དཀྲུགས་སྡེབས་གསང་བ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ལོ་ཆེན་བཻ་རོའི་འགྱུར། བརྣལ་བཟློག་དཀྲུགས་པ་གསུམ་སོགས་ཀྱི་དཔེར་བརྗོད། མཐར་ཐུག་གནད་ཀྱི་དྲང་ཐབས་ཟབ་མོའི་ཏིང་འཛིན། སྡེ་བརྒྱད་དུ་བསྡེབས་པའི་མན་ངག་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ལག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །ཨོ་རྒྱན་ཆེན་པོ། ཇོ་མོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་མངའ་བདག་ཉང་རལ། སྲས་འགྲོ་བའི་མགོན་པོ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །སྲས་པདྨ་དབང་ཆེན། བླ་ཆེན་མར་སྟོན་སངས་རྒྱས། གཉན་སྟོན་བསོད་ནམས་རྒྱལ་མཚན། བླ་ཆེན་བཀྲ་ཤིས་སེང་གེ །རྟོགས་ལྡན་ཆོས་ཉིད་རང་གྲོལ། བླ་མ་སངས་རྒྱས་དབོན་པོ། བླ་མ་ཆོས་ཉིད་བཟང་པོ། འཇམ་དབྱངས་རིན་ཅེན་རྒྱལ་མཚན། མཁས་གྲུབ་མངའ་རིས་པཎ་ཆེན། དཔལ་ལྡན་ཆོས་ཀྱི་དབང་པོ། མི་དབང་མ་ཎི་ཨིནྡྲ་རཱ་ཛ། དང་མ་ཟུར་བསྟན་འཛིན་འགྱུར་མེད། རླུང་མི་འགྱུར་རྡོ་རྗེ། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །བསམ་


GLG002_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་མཆོད་རྟེན་སྔོན་པོ་ནས་ཉང་གིས་གདན་དྲངས་པའི་རྒྱལ་པོ་ཤི་ས་བསྟན་པའི་འཁོར་ལོ་ཟབ་ཁྱད་ཅན་གྱི་ལུང་ནི་མངའ་བདག་ཉང་ནས་རིམ་པར་བརྒྱུད་དེ། རིག་འཛིན་ཆེན་པོ་གཞོན་ནུ་དོན་གྲུབ་ལ། ཟུར་རྩ་བའི་བླ་མས་གསན། དེས་བདག་ལའོ། ༈ །བླ་མ་མངའ་བདག་གི་གཏེར་བྱོན་དྲེགས་པ་ལྔ་དྲིལ་གྱི་ལས་མཐའ་སེར་བསྲུང་གི་གདམས་པ་གསལ་བའི་སྒྲོན་མེའི་སྐོར་ལ། མངོན་རྟོགས་གསལ་སྒྲོན། ལོ་ཏོག་གི་དམིགས་པ། བརྟག་པའི་སྐབས་སུ་ཕུད་ཀྱི་ཡུངས་ཀར་ལ་བརྟག་པ། སྤྲིན་ལ་བརྟག་པ། འབྲུག་ལ་བརྟག་པ། ཀློག་ལ་བརྟག་པ། རྣལ་འབྱོར་པའི་ཉམས་ལ་བརྟག་པ། རྨི་ལམ་ལ་བརྟག་པ། དམ་ཚིག་བསྟན་པ། ལས་སྦྱོར་གྱི་སྔགས། གཏོར་བའི་སྔགས། ལམ་བསྟན་སྔགས། བཞུ་བའི་སྔགས། གསང་བའི་དྲག་སྔགས། སེར་སྟ་སྐོར་བའི་རིམ་པ། སྟ་གཞུག་པའི་གདམས་པ། འུར་རྡོ་ལ་བརྟེན་ནས་བཟློག་པ། གསང་བའི་འཁོར་ལོ་འདྲི་བ། ཡུ་མོའི་ཐོད་པ་དང་རྟ་ཐོད་ལ་བརྟེན་ནས་སེར་མནན་བྱ་བའི་འཁོར་ལོ་དང་ཐོད་པར་སྔགས་འདྲི་ཐབས། བུམ་པ་ལ་བརྟེན་ནས་ནང་དུ་སྟ་སྦ་བ། དེ་དག་གི་ཆ་ལག་རྡོ་འཁོར། རབས་ཆད་སད་ཁྱེར་གྱི་ཐོད་པར་དགོས་པའི་འཁོར་ལོའི་དཔེའུ་རིས། ཕ་ཇོ་ལྷུན་གྲུབ་རྡོ་རྗེའི་ལྗགས་བསྒྲིགས་སེར་བ་བསྲུང་བའི་མན་ངག་ཐུན་མོང་མིན་པ་སྙིང་པོ་བསྡུས་པ་གསལ་བའི་སྒྲོན་མེ། ཉང་གི་སེར་ཁོག་ཆེན་མོའི་ས་ཁོལ་དུ་བྱུང་བའི་གཤིན་རྗེ་རུས་སྦལ། ཁྱབ་འཇུག་རུས་སྦལ། སླང་རོག །གཤིན་རྗེའི་བྱང་བུ། ཡང་མུ་སྟེགས་རལ་པ་ཅན་གྱི་སེར་བསྲུང་། འབྲུག་རྒོད་ཁ་འཆིང་། རྡོ་རྗེ་གཞོན་ནུའི་སྒོ་ནས་ཞི་བས་བསྲུང་བའི་གཟེར།


GLG002_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོས་བཟློག་པའི་གཟེར། བར་སྣང་ལ་བཞུ་བའི་གཟེར། ཕུར་བུ་གདབ་པའི་གཟེར་བཞིའི་མན་ངག་ཞར་བྱུང་རྨི་ལྟས་བརྟག་པ་དང་བཅས་པ་རྣམས་ཀྱི་ལུང་ཕྱག་བཞེས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་རིན་པོ་ཆེ། ཁྲི་སྲོང་རྗེ། ཉང་རལ། སྲས་ཆུང་ནས་རིམ་པར་བརྒྱུད་དེ་ཟུར་གྱི་སྔགས་འཆང་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། རྩ་བའི་བླ་མ་ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ། བོན་པོ་སོགས་ཕྱི་རོལ་པའི་བྱད་ཁའི་ཐོག་བསྲུང་འཁོར་ལོ་ཉང་གི་གཏེར་བྱོན་ཐོབ་པའི་བརྒྱུད་པ་ཡང་། གོང་གི་སེར་བསྲུང་བཞིན་ནོ། ༈ །བླ་མ་མངའ་བདག་གི་གཏེར་བྱོན་ནག་རྩིས་ལ་བརྟེན་པའི་ཀུན་ཐུབ་ཆེན་མོ་བསྲུང་བ་ཀུན་གྱི་མཐར་ཐུག་དབུས་སུ་བྱས་པའི་ཕྱོགས་མཚམས་སུ། ལྷ་གདོན་བཟློག་པ་ཤཱཀ་ཐུབ་སྐུའི་འཁོར་ལོ། གནོད་སྦྱིན་གྱི་གདོན་ཚོགས་བཟློག་པ་ཚེ་དཔག་མེད་གསུང་གི་འཁོར་ལོ། ཀླུ་གདོན་བཟློག་པ་ཕྱག་རྡོར་ཐུགས་ཀྱི་འཁོར་ལོ། གཟའ་གདོན་བཟློག་པ་རྣམ་འཇོམས་ཡོན་ཏན་གྱི་འཁོར་ལོ། མ་མོའི་གདོན་བཟློག་པ་གཤིན་རྗེ་འཕྲིན་ལས་ཀྱི་འཁོར་ལོ། བདུད་གདོན་བཟློག་པ་རྟ་མགྲིན་ཕྱིའི་འཁོར་ལོ། རྒྱལ་གདོན་བཟློག་པ་ལོ་ཀི་ཤྭ་ར་ནང་གི་འཁོར་ལོ། བཙན་གདོན་བཟློག་པ་བདུད་རྩི་འཁྱིལ་བ་གསང་བའི་འཁོར་ལོ། མ་རིག་པ་སེལ་བ་ཡུམ་ཆེན་མོའི་འཁོར་ལོ། འཇིགས་པ་བརྒྱད་ལས་སྐྱོབ་པ་སྒྲོལ་མའི་འཁོར་ལོ། ཆོམ་རྐུན་བསྲུང་བ་འོད་ཟེར་ཅན་མའི་འཁོར་ལོ། བྱད་ཁ་བཟློག་པ་གཙུག་ཏོར་དཀར་མོའི་འཁོར་ལོ། འགོ་ནད་བསྲུང་བ་ལོ་མ་གྱོན་མའི་འཁོར་ལོ།


GLG002_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྲིང་བ་རྣམ་རྒྱལ་མའི་འཁོར་ལོ། ལྟས་ངན་བཟློག་པ་ལྷ་མོ་རོལ་པའི་འཁོར་ལོ། རླུང་ནད་སེལ་བ་ཡུལ་འཁོར་བསྲུང་གི་འཁོར་ལོ། མཁྲིས་ནད་སེལ་བ་འཕགས་སྐྱེས་པོའི་འཁོར་ལོ། བད་ཀན་གྱི་ནད་སེལ་བ་སྤྱན་མི་བཟང་གི་འཁོར་ལོ། འདུས་པའི་ནད་སེལ་བ་རྣམ་ཐོས་སྲས་ཀྱི་འཁོར་ལོ་རྣམས་དཔེ་རིས་ཕྱག་ལེན་དང་བཅས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཉང་། སྲས་མི་བསྐྱོད་པ། སངས་རྒྱས་འབར། ཉི་མའི་སྙིང་པོ། འོད་ཟེར་རྒྱལ་མཚན། ཆོས་ཉིད་ཤེས་རབ། གསང་སྔགས་སྡོང་པོ། ཨ་གསང་རྒྱལ་མཚན། ཀུན་བཟང་རྣམ་རྒྱལ། ཡོལ་མོ་ཤཱཀ་བཟང་། མངའ་རིས་པཎ་ཆེན། མངའ་རིས་རིག་འཛིན། བྱང་བདག་རིག་འཛིན། རིག་འཛིན་ངག་གི་དབང་པོ། ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །མངའ་བདག་ཆེན་པོའི་གཏེར་བྱོན་དགྲ་ལྷ་དཔང་བསྟོད་ཀྱི་ལུང་ནི། བརྒྱུད་པ་གོང་མ་རྣམས་མ་རྙེད། སྔགས་འཆང་ལྷུན་གྲུབ་རྡོ་རྗེ། རིག་འཛིན་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་བྱོན་བདུད་མོ་ཚེ་ལེན་མ་དང་། ཉང་རིན་པོ་ཆེས་མཛད་པའི་ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་དྲི་མེད་མའི་ལུང་ནི། བརྒྱུད་པ་གོང་མ་རྣམས་མ་རྙེད། འབྲི་གུང་པ་རིན་ཅེན་ཕུན་ཚོགས། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། ངག་དབང་ཡེ་གྲུབ། ཟུར་ཀུན་མཁྱེན་ཆེན་པོ། དེས་བདག་ལའོ། ༈ །གསོལ་འདེབས་ལས། དེ་འོག་ཞིང་དེར་སྤང་སྟོན་གྲུབ་པའི་སྲས། བོད་ཡུལ་གཏེར་གཅིག་


GLG002_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་སྐས་མཁར་ཆུ་སོགས། བཅོ་བརྒྱད་སྒོ་འབྱེད་གུ་རུ་ཆོས་དབང་ཞེས། འགྲེལ་ཚད་དོན་ལྡན་ཆེན་པོ་ལ་གསོལ་བ་འདེབས། ཞེས་གསུངས་པའི་གཏེར་ཁ་འོག་མར་གྲགས་པ་ནི། རྒྱལ་བའི་གསུང་རབ་ལས་མཐའ་བཞི་གངས་ཀྱིས་བསྐོར་བའི་ར་བ་རུ། །སྦས་པའི་རྣལ་འབྱོར་མེ་ལོང་འཛིན་པ་འབྱུང་། །ཞེས་དང་། རང་གཏེར་ལས། བླ་མའི་ཐུགས་སྒྲུབ་ཐུགས་དམ་ཁྱད་འཕགས་སྐོརཿ གཙོར་སྟོན་དགོས་པ་ཀུན་འབྱུང་ཐུགས་གཏེར་གཅིགཿ ལྷོ་བྲག་གནམ་སྐས་ཅན་གྱི་བྲག་ལ་མཆིསཿ ཐུགས་གཏེར་ལྔ་ལས་ཁྱད་འཕགས་འདི་ཁོ་ནཿ ཅི་ཕྱིར་ང་ཡི་སྙིང་ནོར་མིག་འབྲས་ཡིནཿ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངསཿ ཞེས་དང་། གཞན་ཡང་ཇི་སྐད་དུ། ཐུགས་གཏེར་གཅིག་ནི་ལྷོ་བྲག་གནམ་སྐས་ཅན་ལ་སྦེདཿ ཁྱད་པར་བླ་མའི་སྒྲུབ་སྐོར་ཡིནཿ མངའ་བདག་གསུང་གི་སྤྲུལ་པས་འདོན་པར་འགྱུརཿ ཞེས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་འབྲས་བུ་མཐར་ཕྱིན་པའི་གསུང་གི་སྤྲུལ་པར་ལུང་གིས་ཟིན་པའི་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པའི་ཟབ་གཏེར་གྱི་རིམ་པ་ཐོབ་པ་ལ་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་གནམ་སྐས་ཅན་གྱི་ཟབ་གཏེར་ཐེམས་བྱང་སྐོར་ལ། ཐོག་མར་སྙིང་བྱང་མདོར་བསྡུས་བསྟན་པ། བསེ་སྦལ་འབོལ་གཏེར་སྐོར་གྱི་བཀའ་རྩིས་ཐེམས་བྱང་། གཉན་གཏེར་གའུའི་སྐོར་གྱི་བཀའ་རྩིས་འཕྲུལ་གྱི་མདུད་པའི་རྒྱ་ཅན། ཀླུ་བདུད་སྐུ་བརྙན་གྱི་སྐོར་ལ་གསུམ་ཡོད་པའི་ཐུགས་གཏེར་གྱི་བཀའ་རྩིས་གསལ་བ་སྒོ་ལྕགས་དང་ལྡེ་མིག་གི་རྒྱ་ཅན། ཡང་གཏེར་གྱི་བཀའ་རྩིས་གསལ་བ་མེ་ལོང་གི་རྒྱ་ཅན།


GLG002_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམས་ཀྱི་བཀའ་རྩིས་གསལ་བ་འགྱུར་མེད་གཡུང་དྲུང་གི་རྒྱ་ཅན་རྣམས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་སངས་རྒྱས་གཉིས་པ། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །ཡར་ཀླུངས་སྤྲུལ་སྐུ་ཤཱཀ་འོད། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་རྡོ་རྗེ་ཡེ་ཤེས། སེ་སྡིངས་པ་སངས་རྒྱས་དཔལ། སེ་སྡིངས་པ་ཡོན་ཏན་བཟང་པོ། མཁར་པོ་ཆོས་སྐུ་འོད་ཟེར། མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། མཁས་གྲུབ་ཀརྨ་གུ་རུ། རྒྱལ་སྲས་ཀརྨ་དབང་འབྱོར། ཁྲ་ཚང་པ་ཆེན་པོ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་གཏེར་སྟོན་ནས། རྒྱལ་སྲས་པདྨ་དབང་ཆེན། མཚན་ལྡན་ཆོས་ཀྱི་རྒྱལ་མཚན། དྲིན་ཅན་མ་སངས་རྒྱས་ཀུན་གྲོལ། གུ་རུ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་བུ་འཛིན་པ། གུ་རུ་དོན་ཡོད་རྒྱལ་མཚན། གུ་རུ་བཤེས་གཉེན་ནོར་བུ། སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་གོང་ལྟར་རོ། །དེ་ཡང་བཀའ་རྩིས་ཐེམས་བྱང་དུ། འབོལ་གཏེར། ཐུགས་གཏེར། ཡང་གཏེར། གཉན་གཏེར། ཐེམས་མེད་ཀྱི་སྐོར་དང་ལྔར་གསུངས་པའི་ཐུགས་གཏེར་ནི། ཁྲོ་ཆུ་ལས་གྲུབ་པའི་ཀླུ་བདུད་ཀྱི་གཟུགས་མགོ་དགུ་རྭ་ཅན་རྡོ་རྗེའི་གཙུག་རྒྱན་ལྡན་པ་ཁྲུ་གང་ལྷག་པ་ཞིག་གི་སྐུ་སྟོད་ནས་དམ་ཆོས་བདུད་རྩིའི་སྐོར། སྐུ་སྐེད་ནས་ཁྱད་འཕགས་སྒྲུབ་ཐབས་ཀྱི་སྐོར། སྐུ་སྨད་ནས་ཕན་གནོད་འཕྲིན་ལས་ཀྱི་སྐོར། དབུའི་ནང་ནས་ཡང་གཏེར་གྱི་ངེས་དོན་སྒྲུབ་སྐོར་ལས་ཚོགས་རྣམས། འབོལ་གཏེར་ནི་སྦལ་པའི་གཟུགས་ནས་ཁ་བྱང་


GLG002_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་བརྒྱད་དང་ཡང་བྱང་གཅིག །གཉན་གཏེར་ནི་ཟངས་ཀྱི་གའུའི་ནང་དུ་དམ་ཆོས་བདུད་རྩིའི་སྐོར་གསུམ། ཁྱད་འཕགས་སྒྲུབ་ཐབས་སྐོར་གསུམ། བསྟན་སྲུང་དྲེགས་པའི་སྐོར་གསུམ། ཐབས་མཆོག་འཁོར་ལོའི་སྐོར་ལྔ་སོགས་ངོས་འཛིན་ཅིང་། དེ་ཡང་ཐུགས་གཏེར་གཅིག་ལ་གཏེར་ཚན་རྣམ་བཞིར་སྦསཿ ཐུགས་གཏེར་ཡང་གཏེར་གཉན་གཏེར་ཐེམས་ཡིག་མེདཿ ཅེས་འབོལ་གཏེར་མ་གཏོགས་པ་གཞན་བཞི་ཀ་ཐུགས་གཏེར་དུ་བསྡུས་ལ། རྒྱུ་མཚན་ནི། ཐམས་ཅད་ཐུགས་དམ་ཡིན་ཕྱིར་ཐུགས་གཏེར་དང་ཿ ཨ་ཏིའི་ཡང་བཅུད་ཡིན་ཕྱིར་ཡང་གཏེར་དང་༔ བླ་མེད་བརྗོད་པར་དཀའ་ཕྱིར་ཐེམས་མེད་སྐོརཿ ཞེས་དང་། རབ་ཏུ་ཟབ་གཉན་ཟངས་ཀྱི་གའུར་སྦསཿ ཞེས་རྒྱུ་མཚན་གཏན་ཚིགས་དང་བཅས་ཏེ་གསུངས་པའི་སྐོར་འདི་ལ་རྫོགས་ཆེན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་གི་སྒྲུབ་སྐོར། ཐུན་མོང་གི་ལས་རབ་འབྱམས་སོགས་མང་དུ་ཡོད་པའི་ནང་ནས། རིམ་གྱིས་བྱང་ཆུབ་ཐོབ་ཐབས་ཆོས་མང་གིཿ ཅིག་ཅར་བྱང་ཆུབ་ཐོབ་ཆོས་འདི་ན་མཆིསཿ དེ་གང་ཞེ་ན་སངས་རྒྱས་མཉམ་སྦྱོར་སྐོརཿ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངསཿ ཞེས་བསྔགས་པའི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་སྐོར་ལ། རྫོགས་ཆེན་ཅི་ཏི་ལ་འབྱུང་ལྔའི་དབང་ངེས་པར་བྱེད་པའི་ཀ་དག་སྒྲོན་མ་ཆ་ལག་ལྷན་ཐབས་དང་བཅས་པའི་སྟེང་ནས་ཕྱི་མཚོན་བྱེད་བརྡ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བཻཌཱུཪྻའི་བུམ་པ་དང་གསེར་གྱི་རྡོ་རྗེ་སོགས་ཁྱད་པར་སྒོས་ཆོས་ཀྱི་དབང་རྫས་དང་བཅས། རྫོགས་ཆེན་རང་སྐད་དང་འབྲེལ་བའི་འཇུག་པ་སྒྲུབ་པ་སྔོན་དུ་འགྲོ་བའི་བུམ་དབང་བརྒྱད་ཀྱི་དཔེ་དོན་ངོ་སྤྲད་དེ་


GLG002_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཀྱི་སྤྲོས་པ་རང་ཐོག་ཏུ་གཅོད་པ། གསང་བའི་དབང་གི་རང་བཞིན་གཉིས་མེད་དུ་ངོ་སྤྲོད་པ། ཤེས་རབ་ཡེ་ཤེས་ཀྱིས་རང་གྲོལ་དམིགས་མེད་དུ་རྟོགས་པ། ཚིག་དབང་གིས་རང་གསལ་འགག་པ་མེད་པ། རིག་པ་སྤྱི་བླུག་གིས་ཆོས་སྐུ་གཅེར་མཐོང་དུ་སྟོན་པའི་སྨིན་བྱེད་དབང་དང་། འཁྲིད་ཆེན་བརྒྱད་ཁ་སྐོང་ཞལ་ཤེས་དང་བཅས་པའི་སྒོ་ནས་ཐེག་པ་གཞན་ལ་འགྲམ་ཆུ་མི་ལྡང་བའི་ཡིད་ཆེས་སྐྱེད་པའི་ལོ་རྒྱུས་དང་གཞུང་གི་བཞུགས་ཚུལ་གྱི་ཁོག་ཕུབ་ནས་གྲོལ་རྐྱེན་གྲོལ་ལམ་དུ་འགྱུར་བའི་སྟོང་ཐུན་སྔོན་དུ་བཏང་སྟེ་ཐུན་མོང་སྔོན་འགྲོ་སྐྱབས་སེམས། ཚོགས་གསག །རང་བྱིན་བརླབ། གསོལ་འདེབས། བླ་མའི་རྣལ་འབྱོར། ཐུན་མོང་མ་ཡིན་པའི་སྔོན་འགྲོ་འཁོར་འདས་རུ་ཤན་འབྱེད་པས་ཡེ་ཤེས་ཀྱི་སྒོ་ཕྱེ་ནས་དངོས་གཞི་སེམས་མ་བཅོས་སོར་འཇོག་དང་རྩལ་སྦྱོང་གིས་བོགས་དབྱུང་སྟེ་དོན་འཁྲིད་ཀྱིས་ཀ་དག་གི་རིག་པ་གཅེར་མཐོང་དུ་ངོ་སྤྲོད་པའི་ཉམས་འཁྲིད་ལེགས་པར་ནོས་ནས། ལུང་ལ་སྙིང་དང་འདྲ་བ་ཐུགས་གཏེར་གྱི་སྐོར། སྙིང་ཁྲག་དང་འདྲ་བ་ཡང་གཏེར་གྱི་སྐོར། དྭངས་མ་དང་འདྲ་བ་ཐེམས་མེད་ཀྱི་སྐོར་དང་གསུམ། དང་པོ་ནི། རྒྱུད་འགྲེལ་ལས་ལོགས་སུ་མེད་པའི་ཕྱིར་དེ་དག་གི་བཅུད་རྣམས་ཡང་གཏེར་ཐེམས་མེད་གཉིས་སུ་ཚང་བར་བྱས་ཏེ་མ་སྤྲོས། གཉིས་པ་སྙིང་ཁྲག་དང་འདྲ་བ་ཡང་གཏེར་གྱི་སྐོར་ལ། སྤྱིའི་ཆིངས་སྟོང་ཐུན་གྱི་སྐོར། བཏགས་གྲོལ་རྒྱུད་ཀྱི་སྐོར། དོན་འགྲེལ་འཁྲིད་གཞུང་སྐོར། བལྟས་གྲོལ་མན་ངག་གི་སྐོར། ཁ་སྐོང་ལུང་གི་སྐོར་དང་ལྔ། དང་པོ་ལ། ཀུན་གྱི་ཁོག་འབུབ་སྟོང་ཐུན་གྱི་སྤྱི་ཆིངས།


GLG002_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་མེད་བརྡའི་ཆོས་སྟོང་ཐུན་གྱི་མན་ངག །མན་ངག་བཅའ་ཐབས་སྟོང་ཐུན་རྒྱ་དང་གསུམ། གཉིས་པ་བཏགས་གྲོལ་རྒྱུད་ཀྱི་སྐོར་ལ། ཤེས་བྱ་རྒྱུ་གཙོ་བོར་སྟོན་པ་མངོན་ཤེས་རིག་པའི་རྒྱལ་པོའི་རྒྱུད། བྱིན་རླབས་རྟགས་༼ཁྲ༽གཙོ་བོར་སྟོན་པ་རང་བྱུང་རིག་པའི་རྒྱུད། ངོ་སྤྲོད་གཙོ་བོར་སྟོན་པ་གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་དང་གསུམ། གསུམ་པ་འགྲེལ་འཁྲིད་གཞུང་སྐོར་ལ། མངོན་ཤེས་རིག་པའི་རྒྱལ་པོའི་རྒྱུད་ཀྱི་འགྲེལ་པ་འཁྲིད་གཞུང་ཐུགས་ཀྱི་སྒྲོན་མ། རང་བྱུང་རིག་པའི་ཏན་ཏྲ་ལག་ཏུ་བླང་བའི་རིམ་པ་འཁྲིད་གཞུང་འདའ་ཁ་འཆི་བྲོད། གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་དོན་གསལ་བར་བཀོལ་ནས་སེམས་ཅན་དང་སངས་རྒྱས་ད་ལྟ་ཉིད་དུ་མཉམ་པར་སྦྱོར་བའི་དོན་འཁྲིད་འཁྲིད་གཞུང་ཡེ་ཤེས་གསལ་སྒྲོན་དང་གསུམ། བཞི་པ་བལྟས་གྲོལ་མན་ངག་གི་སྐོར་ལ། མངོན་ཤེས་རིག་པའི་རྒྱལ་པོའི་རྒྱུད་ཀྱི་མན་ངག་བར་དོ་སངས་རྒྱས་མཉམ་སྦྱོར། རང་བྱུང་རིག་པའི་རྒྱུད་ཀྱི་མན་ངག་འདའ་ཁ་སངས་རྒྱས་མཉམ་སྦྱོར། གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་ཀྱི་མན་ངག་ད་ལྟ་སངས་རྒྱས་མཉམ་སྦྱོར་དང་གསུམ། ལྔ་པ་ཁ་སྐོང་ལུང་གི་སྐོར་ལ། སངས་རྒྱས་དགོངས་པ་འདུས་པའི་བཀའ་རབ་འབྱམས་རིག་པའི་རྩལ་དབང་བོགས་འབྱིན་གྱི་དབང་དང་བཅས་པ། འཆི་བ་བརྟག་བླུ་ཞར་བྱུང་གསང་བ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འཕོ་བ་དང་བཅས་པ། ཀུན་གྲོལ་བརྡའི་ཆོས་དང་གསུམ་མོ། །དེ་དག་རྣམས་ཀྱི་ཐེམས་ཀྱི་ཡི་གེ་ཐུགས་གཏེར་ཡང་གཏེར་གྱི་སྐོར་མ་ལུས་པའི་ཐེམས་བྱང་ཟབ་མོ། རྩ་བའི་གསུམ་པ་མ་དང་འདྲ་བ་ཐེམས་མེད་ཀྱི་སྐོར་ལ། དངོས་


GLG002_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆ་ལག་སྟེ་གཉིས། དང་པོ་ལ། གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་དོན་གནད་འདུས་ཡང་ཏིག་ཡེ་ཤེས་གསལ་བྱེད་སྒྲོན་མའི་སྙན་previous hit བརྒྱུད་ཡི་གེ་མེད་པ་གང་ཟག་དབང་པོ་རབ་འབྲིང་མཐའ་མ་གསུམ next hit་གའི་བཀྲི་ཐབས་ཉམས་ལེན་རྩ་བའི་འཁྲིད་བརྒྱད་ལས། དང་པོ་སྟོང་ཐུན་དོན་འཁྲིད་ཀྱི་གྲོལ་རྐྱེན་གྲོལ་ལམ་བཤད་པས་གསལ་བའི་ཐབས་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་དང་གཅིག །སྔོན་དུ་འགྲོ་བ་བསླབ་བྱའི་དོན་འཁྲིད་ཀྱིས་རྟེན་གྱི་གང་ཟག་སྒྲོམ་དུ་འཇུག་པའི་ཐབས་རྒྱལ་པོའི་ཕོ་བྲང་དུ་ཚུད་པ་ལྟ་བུ་དང་གཉིས། བླ་མའི་རྣལ་འབྱོར་གྱི་དོན་འཁྲིད་ཀྱིས་རང་རྒྱུད་བྱིན་གྱིས་བརླབ་པའི་ཐབས་ཆུ་འཁྱགས་མེས་བཞུ་བ་ལྟ་བུ་དང་གསུམ། འཁོར་འདས་རུ་ཤན་འབྱེད་པའི་དོན་འཁྲིད་ཀྱིས་རང་བྱུང་ཡེ་ཤེས་འཆར་སྒོ་འབྱེད་པའི་ཐབས་མེ་ལོང་གཡའ་ཕྱིས་པ་ལྟ་བུ་དང་བཞི། མ་བཅོས་སོར་འཇོག་གི་དོན་འཁྲིད་ཀྱིས་རང་བྱུང་དང་གདངས་ལས་མི་གཡོ་བའི་ཐབས་བར་སྣང་དྭངས་པའི་དབྱིངས་ལྟ་བུ་དང་ལྔ། རིག་པ་རྩལ་སྦྱོང་དོན་འཁྲིད་ཀྱིས་རང་རིག་ལ་བོགས་འབྱིན་པར་བྱེད་པའི་ཐབས་གྱད་ཕྲུག་རྩལ་སྦྱོང་བ་ལྟ་བུ་དང་དྲུག །དྲུག་པ་དང་བདུན་པ་འདི་གཉིས་གསན་ཡིག་ཚོར་གོ་ལྡོག་པ་རྐྱང་འདུག །བཏགས་གྲོལ་ངོ་སྤྲོད་དོན་འཁྲིད་ཀྱིས་ཤེས་བྱ་ཤེས་བྱེད་ཀུན་གྲོལ་དུ་གདེང་ཐོབ་པའི་ཐབས་ཕྱི་རྐུན་ནང་བྱན་གྱིས་ནོར་བུ་ཐོབ་པ་ལྟ་བུ་དང་བདུན། གདམས་པ་གཏད་པའི་དོན་འཁྲིད་ཀྱིས་སངས་རྒྱས་འབྲལ་མེད་དུ་ལོངས་སྤྱོད་པའི་ཐབས་༼ཁྲ༽ནོར་བུ་ཕྱི་རྐུན་གྱིས་ནང་བྱན་ལ་གཏད་པས་དོན་གྲུབ་པ་ལྟ་བུ་དང་བརྒྱད། འདི་ཆོས་བཀའ་ཡོངས་རྫོགས་ཀྱི་དུས་གཅིག་པུ་དེར་


GLG002_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནང་ཞིང་། སླར་ཆོས་རྒྱུན་འཛིན་ནུས་ངེས་པའི་སློབ་མ་རེ་གཉིས་ལ་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་བ་ཡིན་པས་ཁྲ་ཚང་པ་ཆེན་པོས་ཀྱང་ཐུགས་སྲས་ལ་གསན་མ་ཐུབ་པར་བྲག་སྣ་བ་ཀུན་མཁྱེན་དབང་ཕྱུག་ལ་གསན་པ་ཡིན་ནོ། །འཁྲིད་རྐང་བདུན་པའི་ཁ་སྐོང་ཐུགས་བཅུད་ཡི་གེ་མེད་པ་གསང་༼ཁྲ༽བ་མན་ངག་གི་འཁྲིད། འཁྲིད་ཆེན་རྒྱལ་པོ་ལ་ལག་འཁྲིད་དུ་བྱ་བའི་མན་ངག་གསང་བའི་གསང་ཏིག་དྲུག་གདམས་ཕྲན་ཨེ་མ་སྐལ་ལྡན་མ་དང་གཅིག་ཤེས་ཀུན་གྲོལ་དཔེས་མཚོན་པར་བསྟན་པ་དང་བཅས་པ། འཁྲིད་ཆེན་བརྒྱད་པ་ལ་༼ཁྲ༽མཁོ་བའི་སྒྱུ་མ་གདམས་གཏད། གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་དོན་ཡང་ཏིག་མན་༼ཁྲ༽ངག་གནད་ཀྱི་ལྡེ་མིག་ཏུ་བཀྲལ་བ་ཡང་དག་དོན་གསལ་རྣམས། གཉིས་པ་ཆ་ལག་ལ། མཉམ་སྦྱོར་མེ་ལོང་སྐོར་གསུམ་ཞེས་བྱ་བ་ཡང་ཏིག་རྩ་རྒྱུད་ཀྱི་ངོ་ཏི་བཏགས་པས་གཅིག་ཤེས་ཀུན་གྲོལ་བའི་མེ་ལོང་དོན་གཅིག་ལ་ཚུལ་གསུམ་ཡོད་པ་ལས། དང་པོ་བཏགས་པ་༼ཁྲ༽དོན་ཐེམས་ཀྱི་གནད་ཡིག་སངས་རྒྱས་དགོངས་པ་ལྟ་བ་གོ་རྟོགས་ཤན་འབྱེད་ཀྱི་རང་རིག་ཚད་མ། གཉིས་པ་༼ཁྲ༽གཅིག་ཤེས་ལ་བརྡ་ཡིས་བོགས་དབྱུང་བའི་སྙིང་བཅུད་དོན་ཐེམས། གསུམ་པ་༼ཁྲ༽ཆོས་རྣམས་ཀུན་གྲོལ་དོན་ཐེམས་ཀྱི་ཏི་ཀ །མེ་ལོང་སྐོར་གསུམ་གྱི་ཟུར་འདེབས་༼ཁྲ༽ བརྡ་དབང་མེ་ལོང་བུམ་སྐོར། མན་ངག་ཐབས་ཀྱི་སྦྱོར་སྒོ་འཁྲིད་༼ཁྲ༽ཁོག་གཞུང་ཤིང་། རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་༼ཁྲ༽གསུམ་པའི་རྒྱུད་ཡང་ཏིའི་ཆ་ལག་ཏུ་༼ཁྲ༽དགོས་པ་ཅི་ཏི་ནས་ཕྱུང་བའི་ཅི་ཏིའི་དབང་ངེས་པར་འབྱེད་པའི་ཏི་ཀ་ཀ་དག་སྒྲོན་མ་ཞེས་བྱ་བ་སྤྲོས་པ་གཅོད་པའི་མན་ངག་དབང་


GLG002_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྤྱི་ཕུད། དེར་ཀ་དག་མནལ་བའི་ལྷ་ལ་འགག་མེད་ཀྱི་བསྙེན་པ་བྱ་བའི་སྐབས་སུ་དཀྱུས་ཀྱི་བསྡུས་པ་ཁོ་ན་ལེགས་པར་སྣང་ངོ་། །འོན་ཀྱང་ད་ལྟ་ཕྱག་ལེན་རྒྱས་པར་ལས་གཞུང་ཆེན་མོ་ཚོགས་ལས་གཏོར་མ་དང་བཅས་པ་ཡོད་པའི་དཀྱིལ་འཁོར་བསྙེན་སྒྲུབ་ཆེན་མོ་༼ཁྲ༽ལས་བྱང་གི་གཞུང་བསྲང་བ། རྩལ་༼ཁྲ༽དབང་རྩ་བ་ཚིགས་བཅད་མ། རྩལ་༼ཁྲ༽དབང་ངོ་སྤྲོད་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་གསུངས་པ། ལྷན་ཐབས་སྙིང་པོ་གསང་སྔགས་ཁྱད་༼ཁྲ༽འཕགས། སྣང་སྲིད་ཁ་སྦྱོར་རྒྱུད་ལས་༼ཁྲ༽ཕྱུང་བའི་དཔེ་དོན་སུམ་ཅུ་པ། མ་རྒྱུད་སྤྲོས་བྲལ་དོན་གསལ་ལེའུ་བརྒྱ་དང་ཉེར་གསུམ་པ། དེའི་གསལ་བྱེད་ལ་དོན་བསྡུས་པ། དཔེ་རིས་ཀྱི་སྐོར་ལ་སྙིང་བྱང་༼ཁྲ༽དཀར་ཆག །མ་འདྲེས་ཡོངས་༼ཁྲ༽རྫོགས་ཀྱི་མེ་ལོང་། རྩ་འཆིངས་༼ཁྲ༽རིན་ཅེན་དྲ་མིག །ཨའི་༼ཁྲ༽བརྡའི་དོན་སོགས་ཡོད་དོ། །གཞན་གསང་སྐོར་སྙན་བརྒྱུད་ཀྱི་སངས་རྒྱས་ངོ་སྤྲོད་ཀྱི་རྒྱུད་ལ་ཐོད་རྒལ་གྱི་ངོ་སྤྲོད་རྒྱུད་བུ་༼ཁྲ༽ཆུང་ཞེས་བྱ་བ་ཀླུ་བདུད་ཀྱི་སྦྲུལ་མགོ་ཆག་པ་ནས་བྱུང་ཞིང་། དེའི་ག་ཐོད་རྒལ་གྱི་སྐོར་རྣམས་སྦྲུལ་མགོ་གཞན་དུ་ཡོད་པ་སླར་གཏེར་དུ་སྦས་ཟིན་ནས་འདོན་མ་ཐུབ་པའི་ལོ་རྒྱུས་འདུག་པ་ནི་ཐེ་ཚོམ་གྱི་གཞིའོ།། བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སིངྷ། ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གུ་རུ་ཆོས་ཀྱི་དབང་ཕྱུག །རྒྱལ་སྲས་པདྨ་དབང་ཆེན། མཚན་ལྡན་ཆོས་ཀྱི་རྒྱལ་མཚན། དྲིན་ཅན་མ་སངས་རྒྱས་ཀུན་སྒྲོལ།


GLG002_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་བུ་འཛིན་པ། ཆོས་རྗེ་ནོར་བུ་དོན་གྲུབ། དྲིན་ཅན་སངས་རྒྱས་ནོར་བཟང་། མཉམ་མེད་བཤེས་གཉེན་ཆོས་རྒྱལ། གུ་རུ་བསམ་འཕེལ་ནོར་བུ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིག་འཛིན་ཀརྨ་གུ་རུ། རྒྱལ་སྲས་ཀརྨ་དབང་འབྱོར། ཁྲ་ཚང་པ་མཁས་གྲུབ་ཆེན་པོ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལ་དབང་འཁྲིད་ལུང་གསུམ་རྫོགས་པར་གནང་ཞིང་ཀ་དག་གི་རིག་པ་གཅེར་མཐོང་དུ་ངོ་སྤྲོད་པས་གཉིས་འཛིན་གྱི་འཁྲུལ་རྟོག་ལ་ཨ་མི་འཐས་པ་ཙམ་མཆིས་སོ། ། ༈ ཡང་ན་མཁས་གྲུབ་ཀརྨ་གུ་རུ། བྲག་སྣ་བ་ཀུན་མཁྱེན་དབང་ཕྱུག །ཁྲ་ཚང་པ་མན་གོང་བཞིན་ནོ། །ཡང་ན་ཀརྨ་གུ་རུ་ནས། རང་གྲོལ་ནམ་མཁའ་ཆོས་དབང་། ཁྲ་ཚང་པ་མན་གོང་བཞིན། ཉེ་བརྒྱུད་གཅིག་ལ་གཏེར་སྟོན་རང་ནས། དྲིན་ཅན་མ། ཆོས་ཀྱི་རྡོ་རྗེ། ནོར་བུ་འཛིན་པ། ནོར་བུ་དོན་གྲུབ། བཤེས་གཉེན་ཆོས་རྒྱལ། ཆོས་ཀྱི་དབང་པོ་མན་གོང་བཞིན་ནོ། །ཡང་གུ་རུ་ནོར་བུ་འཛིན་པ་ནས། དོན་ཡོད་རྒྱལ་མཚན། བཤེས་གཉེན་ནོར་བུ། བཤེས་གཉེན་ཆོས་རྒྱལ་མན་སྔར་ལྟར། ཡང་ན་བཤེས་གཉེན་ཆོས་རྒྱལ་ནས། གུ་རུ་བསམ་འཕེལ་ནོར་བུ། སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་གོང་བཞིན་ནོ། །འདི་ཞལ་ངོ་previous hit བརྒྱུད་པ་ཡིན་ལ། དབང་ལུང་ཁྲིད་གསུམ next hit་ཤིན་ཏུ་ཚང་ཞིང་རྒྱས་པའི་བརྒྱུད་པའི་གཙོ་བོ་ནི་སློབ་བརྒྱུད་ཡིན་པས་གཏེར་སྟོན་ནས། ཡར་ཀླུངས་སྤྲུལ་སྐུ་ཤཱཀ་འོད། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་རྡོ་རྗེ་ཡེ་ཤེས། སེ་སྡིངས་པ་སངས་རྒྱས་དཔལ། སེ་སྡིངས་པ་ཡོན་ཏན་བཟང་པོ། འཁར་


GLG002_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆོས་སྐུ་འོད་ཟེར། མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་གོང་ལྟར་རོ། །གདམས་གཏད་མ་གཏོགས་པའི་འཁྲིད་ཆེན་བརྒྱད་ཀྱི་ལུང་བརྒྱུད་ལུགས་གཅིག་ནི། ཆོས་ཀྱི་དབང་པོ་ཡན་གོང་ལྟར་ལ། ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་མངྒའི་མཚན་ཅན། ཐུགས་སྲས་ངག་གི་དབང་པོ། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །ཡང་གོང་དུ་ཁྲའི་རྟགས་མེད་པ་རྣམས་ཀྱི་ལུང་བརྒྱུད་ལུགས་གཅིག་ལ་ཀརྨ་གུ་རུ་ནས། བྱ་བཏང་ཆོས་དབང་བསམ་གྲུབ། མཉམ་མེད་ཆོས་དབང་ཀུན་བཟང་། རིག་འཛིན་ཀརྨ་གསང་སྔགས། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་མནལ་ལམ་ཞྭ་ནག་མར་སངས་རྒྱས་མཉམ་སྦྱོར་གྱི་ཆ་ལག་ཏུ་གཏོགས་པ་འདིར་ཞལ་གདམས་ཁྱད་པར་ཅན་གཅིག་བྱུང་བ་བཀའ་རྒྱས་བཏབ་བོ། །ཞེས་གསུངས་པའི་མནལ་ལམ་བཀའ་རྒྱ་མའམ་ཐུགས་གཏེར་སྒོ་འབྱེད་ཀྱི་ལྡེ་མིག་སྙན་བརྒྱུད་ཆེན་མོར་གྲགས་པ་མཆན་དང་བཅས་པ། སྨན་ལུང་མི་བསྐྱོད་རྡོ་རྗེའི་ཡབ་རིན་པོ་ཆེ་སྐལ་ལྡན་པས་ཆོས་དབང་ལ་ཞུས་པ་ཉང་ཞུས་ངེས་དོན་བགེགས་སེལ་ཞེས་པ་ཉང་རྡོ་རྗེ་མགོན་པོས་དཀར་ཆག་ཏུ་ཕབ་པ། ཉང་དབོན་རིན་པོ་ཆེའི་གསུང་མདོ་རྒྱུད་མ། ཉང་སྨན་ལུང་སྐལ་ལྡན་པ་མྱ་ངན་ལས་འདའ་ཁར་ཞུ་འཕྲིན་དུ་མཛད་པ་སྙིང་གཏམ་གཅེས་པའི་ནོར་བུ། དེའི་ལན་ཆོས་དབང་རིན་པོ་ཆེས་མཛད་པ་མཉམ་སྦྱོར་བསྡུས་དོན་ཀུན་གྱི་དངོས་གཞི་ལ། དེའི་བསྡུས་དོན་སྲས་པདྨ་དབང་ཆེན་གྱིས་མཛད་པ། ཆོས་དབང་གི་དུས་མཐའ་མའི་ཞལ་ཆེམས་ལེའུ་previous hit གསུམ


GLG002_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

པ། སངས་རྒྱས་མཉམ་སྦྱོར་གྱི་བརྒྱུད next hit་འདེབས་སྐྱེ་མེད་སྤྲོས་བྲལ་མ་རྣམས་ཀྱི་བརྒྱུད་པ་ནི། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །ཐུགས་སྲས་མཚན་ལྡན་ཆོས་ཀྱི་རྒྱལ་མཚན། དྲིན་ཅན་མ། གུ་རུ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་བུ་འཛིན་པ། ཆོས་རྗེ་ནོར་བུ་དོན་གྲུབ། སངས་རྒྱས་ནོར་བཟང་། བཤེས་གཉེན་ཆོས་རྒྱལ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིག་འཛིན་ཀརྨ་གུ་རུ། རང་གྲོལ་ནམ་མཁའ་ཆོས་དབང་། ཡང་ན་ཀརྨ་གུ་རུ་ལ་ཀུན་མཁྱེན་དབང་ཕྱུག །དེ་གཉིས་ཀ་ལ་མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་རྫོགས་པ་ཆེན་པོ་ཅི་ཏིའི་སྐོར་ལ། ལོ་རྒྱུས་དོན་གྱི་སྒྲོན་མ་ཡོན་ཏན་རིན་པོ་ཆེའི་རྒྱ་ཅན། ཁོག་འབུབ་སྟོང་ཐུན་སྒྲོན་མ་སྐུ་འཁོར་ལོའི་རྒྱ་ཅན། བཤད་ཐབས་གསལ་བའི་སྒྲོན་མ་གསུང་པདྨའི་རྒྱ་ཅན། གནད་ཀྱི་ལག་འཁྲིད་སྒྲོན་མ་ཐུགས་རྡོ་རྗེའི་རྒྱ་ཅན། སྤྱི་གཅོད་ཐེམས་བྱང་སྒྲོན་མ་འཕྲིན་ལས་རྒྱ་གྲམ་རྒྱ་ཅན། གུ་རུ་རྣམ་ལྔའི་ཐུགས་ཀྱི་དགོངས་པ་སྐུ་གསུམ་དབྱེར་མེད་ཀྱི་ངོ་སྤྲོད་ཕྱི་སྐོར་བུམ་པའི་རྒྱ་ཅན། རིན་ཅེན་སྣང་གསལ་ཉི་མ་ནང་སྐོར་ཐོད་པའི་རྒྱ་ཅན། གསང་སྐོར་རྡོ་རྗེའི་རྒྱ་ཅན། ཡང་གསང་ཐོད་རྒལ་སྙིང་གཟེར་རྣམ་ལྔ་རལ་གྲིའི་རྒྱ་ཅན། དགུ་རྩེའི་དབང་ཤེས་པར་བྱེད་པ་ཏི་ཀ་དག་སྒྲོན་མ་རྣམས་བརྒྱུད་པ་ནི། སྤྲུལ་སྐུ་ཆོས་ཀྱི་དབང་པོ་ཡན་ཡང་ཏི་སངས་རྒྱས་མཉམ་སྦྱོར་དང་མཐུན་ལ། དེ་ནས་ལྷ་བྲོ་བ་ཀུན་བཟང་ཆོས་ཀྱི་རྒྱལ་པོ། རིག་འཛིན་ཀརྨ་གུ་རུ། དེ་ལ་བྲག་སྣ་བ་ཀུན་མཁྱེན་དབང་ཕྱུག་དང་རང་གྲོལ་ནམ་མཁའ་ཆོས་དབང་གཉིས་ཀས་གསན། དེ་གཉིས་ཀ་ལ་མཁས་གྲུབ་བློ་མཆོག་


GLG002_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། དེ་ལ་བདག་ཟ་ཧོར་བནྡེས་ནོས་སོ། །གཏེར་ཁ་གོང་མ་ནས་བྱུང་བའི་རྒྱུད་ཉི་ཤུ་རྩ་ལྔ་པ་འདིར་ཡང་བབས་འབྲེལ་གྱི་དབང་གི་ཆོས་སྡེའི་ཆ་ལག་ཙམ་དུ་མཛད་མོད། ཁོ་བོས་གང་ཐོབ་རྣམས་རྒྱུད་འབུམ་གྱི་སྐབས་སུ་གསལ་ལོ། ༈ །གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་སྲུངས་ལ་བཀའ་བསྒོས་དམ་བསྒྲགས་ཏེ་གཉན་སྟོན་ཛམྦྷ་ལ་སྤྱན་འདྲེན་དུ་བཏང་བའི་ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་སྒོ་སྲུངས་གྱང་རིས་གཤིན་རྗེ་དམར་པོའི་ཐུགས་ཀ་ནས་སྤྱན་དྲངས་པ་བསེ་སྒྲོམ་སྨུག་པོའི་ནང་ནས་བྱོན་པའི་འཇམ་དཔལ་རྫོགས་པ་ཆེན་པོ་འཇམ་དཔལ་རྒྱུད་ཀྱི་ཡང་སྙིང་གི་སྐོར་ལ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པ་བརྗོད་པའི་རྒྱུད་ཀྱི་ཡང་སྙིང་། སློབ་དཔོན་པདྨས་བཙད་པོ་དང་ཇོ་མོ་ཤེལ་བཟའ་སྒྲོན་གཉིས་ལ་གཏད་པའི་འཇམ་དཔལ་རྒྱུད་ཀྱི་ངོ་སྤྲོད་རྟགས་ལ་གོ་བ་བརྡ་ཆོས་ལག་ལེན་དུ་བསྟན་པ། འཇམ་དཔལ་རྒྱུད་ཀྱི་ངོ་སྤྲོད་ལག་ལེན་དུ་བསྟན་པ་རྡོ་རྗེ་འཆང་གིས་འཇམ་དཔལ་བཤེས་གཉེན་ལ་གདམས་པ། འཇམ་དཔལ་རྒྱུད་ཀྱི་གསང་འགྲེལ་དོན་གསལ་བར་བྱེད་པའི་སྒྲོན་མ་གུ་རུས་བཙད་པོ་དང་ཇོ་མོ་ཤེལ་བཟའ་གཉིས་ལ་གདམས་པ། གཉིས་མེད་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་དབབ་པའི་མན་ངག ༈ །སློབ་དཔོན་ལ་ཇོ་མོ་ཤེལ་བཟའ་སྒྲོན་གྱིས་ཞུས་པའི་ཚིག་དོན་བཅུ་བཞིས་འཁོར་འདས་ཀྱི་རྩ་བ་བསྟན་པ་སྟེ་ཆོས་དྲུག་པོ་འདིའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། གསང་བདག་ཕྱག་ན་རྡོ་རྗེ། འཕགས་པ་འཇམ་པའི་དབྱངས། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཅེན། དགྲ་བཅོམ་པ་ཀུན་དགའ་བོ། རིག་


GLG002_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པདྨ་འབྱུང་གནས། ཇོ་མོ་ཤེལ་བཟའ་སྒྲོན། གུ་རུ་ཆོས་ཀྱི་དབང་ཕྱུག །སྨན་ལུང་མི་བསྐྱོད་རྡོ་རྗེ། ཚེ་རུ་བ་མཁས་གྲུབ་ནམ་མཁའ་རྒྱལ་པོ། སྔགས་འཆང་བཀྲ་ཤིས་རྒྱལ་པོ། སྔགས་འཆང་བློ་གྲོས་རིན་ཅེན། བྱང་སེམས་ཀུན་དགའ་ཉི་མ། མཚུངས་མེད་སངས་རྒྱས་བརྩོན་འགྲུས། བྱེ་ཚང་བ་རིན་ཅེན་དཔལ་འབྱོར། སེམས་དཔའ་ཆེན་པོ་དཔལ་གྲགས་པ། གཉལ་སྣང་སྤྲོ་བ་རྒྱལ་དབང་སངས་རྒྱས་རྣམ་རྒྱལ། ཨེ་བྲག་སྣ་བ་ཆོས་དབང་བསྟན་འཛིན་ཉི་མ། ཁྲ་ཚང་པ་ཆེན་པོ་མཁས་གྲུབ་བློ་མཆོག་རྡོ་རྗེ། གྲུབ་མཆོག་ཀརྨ་གསང་སྔགས། རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་སྟོན་པ་ཤཱཀྱའི་རྒྱལ་པོ། རྡོ་རྗེ་འཆང་། སློབ་དཔོན་འཇམ་དཔལ་བཤེས་གཉེན། གུ་རུ་ཤྲཱི་སིངྷ། སློབ་དཔོན་པདྨ་མན་གོང་བཞིན་ནོ། ༈ །གཏེར་ཁ་འདི་ལ་ཨོ་རྒྱན་ཆེན་པོའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཡོད་ཅེས་སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུ་མི་བསྐྱོད་རྡོ་རྗེ་གསུང་ཡང་དེང་སང་ཡོངས་སུ་གྲགས་པའི་རྒྱས་སྲས་པདྨ་འབྱུང་གནས་ཀྱི་མཛད་པ་བཅུ་གཅིག་པ་ཞེས་བྱ་བའི་ལུང་གི་བརྒྱུད་པ་ནི། དཔལ་ཨོ་རྒྱན་ཆེན་པོ། ལྷ་ལྕམ་མནྡྷ་ར་བ། མཁར་ཆེན་བཟའ། གཏེར་སྟོན་ཆོས་དབང་། སྨན་ལུང་ཤཱཀ་འོད། དྭགས་སྟོན་པ། གཉན་སྟོན་པ། སེ་སྡིངས་པ་ཡབ་སྲས། ཆོས་སྐུ་འོད་ཟེར། དཔལ་འབྱོར་དབང་ཕྱུག །ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཆོས་དབང་བསྟན་འཛིན་ཉི་མ། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས་སྲས་ཆེ་བ།
མཚན་ལྡན་པ། དྲིན་ཅན་མ། ཆོས་ཀྱི་རྡོ་རྗེ། ནོར་འཛིན་པ། ནོར་བུ་དོན་གྲུབ། སངས་རྒྱས་ནོར་བཟང་། བཤེས་གཉེན་ཆོས་རྒྱལ། སྤྲུལ་སྐུ་ཆོས་དབང་མན་སྔར་བཞིན་ནོ། །གནམ་སྐས་བྲག་གཏེར་གནས་བཟང་བར་གཟིགས་ནས་གཏེར་སྦ་ཁར་གཏེར་སྲུངས་རྣམས་ཡས་ཀྱིས་ཚིམ་པར་མཛད་པས་དེ་རྣམས་ཀྱིས་ལྷ་སྲིན་སྡེ་བརྒྱད་ཀྱི་དབུས་སུ་ཐོག་གཅོད་པའི་ལྟད་མོ་མང་དུ་བསྟན། དེའི་རྗེས་སུ་དགེ་བསྙེན་མཁའ་རིས་མཁའ་རིའི་གངས་དང་མཉམ་པའི་དར་དཀར་གྱི་གུར་ཕུབ་པའི་ནང་དུ་སློབ་དཔོན་ཆེན་པོར་ཞུས་པའི་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་མཁའ་རི་ཞུ་ལན་ཞེས་པ་སྤྲུལ་སྐུ་ཆོས་ཀྱི་དབང་ཕྱུག་གིས་ཀླུ་བདུད་ལྟོ་བ་ནས་སྤྱན་དྲངས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། དཔལ་ཨོ་རྒྱན་ཡབ་ཡུམ་གཏེར་སྟོན་ཆོས་དབང་། བླ་མ་ཤཱཀྱ་འོད། དབང་ཕྱུག་རྡོ་རྗེ། ཡེ་ཤེས་རྡོ་རྗེ། སེ་སྡིངས་པ་ཁུ་དབོན། གུ་རུ་ཆོས་འོད། ཆོས་ཀྱི་རྡོ་རྗེ། ཤེས་རབ་དབང་ཕྱུག །ཆོས་ཀྱི་དབང་པོ་ཡབ་སྲས་རིམ་པ་གསུམ། མཁས་གྲུབ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གུ་རུ་ཆོས་འོད་ནས། རྗེ་སྤང་ལུང་པ་ཆོས་ཀྱི་དབང་པོ་མན་གོང་བཞིན་ནོ།


previousགཏེར་སྟོན་ཆོས་ཀྱི་རྒྱལ་པོ་ཉང་ཉི་མ་འོད་ཟེར་གྱི་གཏེར་ཆོས་རིམ་པ་ཇི་ལྟར་ནོས་ཚུལ་སྐོར།next