Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of མགོན་པོ་བེང་
[Clear Hits]


  
 expand section
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
ཀླུ་བདུད་ཟབ་གཏེར་ལས་བྱུང་བའི་ལས་ཚོགས་སྣ་ཚོགས་ཀྱི་སྐོར།
  


3 occurrences of མགོན་པོ་བེང་
[Clear Hits]

 
previousཀླུ་བདུད་ཟབ་གཏེར་ལས་བྱུང་བའི་ལས་ཚོགས་སྣ་ཚོགས་ཀྱི་སྐོར།next

ཀླུ་བདུད་ཟབ་གཏེར་ལས་བྱུང་བའི་ལས་ཚོགས་སྣ་ཚོགས་ཀྱི་སྐོར།


GLG002_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་ཀླུ་བདུད་ལྟོ་བའི་ཟབ་གཏེར་ལས་བྱུང་བའི་བླ་མའི་ཆོས་སྐོར་ལ། སྐུ་སྟོད་ནས་བྱུང་བ་དང་སྐུ་སྐེད་ནས་བྱུང་བའི་སྐོར་གཉིས། དང་པོ་ནི། བཀའ་རྩིས་ལས། བླ་མའི་སྐོར་ལ་སྒྲུབ་ཐབས་རྩ་བ་ལྔཿ གསང་བ་བླ་མེད་མཆོག་གི་སྒྲུབ་པ་དང་༔ ཁྱད་པར་གསོལ་འདེབས་ཚིག་བདུན་སྒྲུབ་པ་དང་ཿ


GLG002_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཐོད་འཕྲེང་གསང་མཚན་སྒྲུབ་པ་དང་། པདྨ་བཅུད་སྡུད་ཐབས་ཀྱི་ལམ་སྒྲུབ་དང་ཿ ཐུགས་སྒྲུབ་མཐར་ཐུག་གསང་འདུས་སྒྲུབ་སྐོར་རོཿ ཞེས་པ་ལྟར་མཐར་ཐུག་བླ་མ་གསང་བ་འདུས་པ། གསང་བ་བླ་མེད་མཆོག་གི་སྒྲུབ་པ། གསོལ་འདེབས་ཚིག་བདུན་གྱི་སྒྲུབ་པ། པདྨ་ཐོད་འཕྲེང་གསང་མཚན་གྱི་སྒྲུབ་པ། པདྨ་བཅུད་སྡུད་ཐབས་ལམ་གྱི་སྒྲུབ་པ་དང་ལྔ། དང་པོ་ནི། བཀའ་རྩིས་ལས། བླ་མའི་མོས་གུས་གསོལ་འདེབས་ཆོས་མང་གིཿ རང་དང་དབྱེར་མེད་སྒྲུབ་ཆོས་འདི་ན་མཆིསཿ དེ་གང་ཞེ་ན་བླ་མའི་ཐུགས་སྒྲུབ་སྐོརཿ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངསཿ ཞེས་གསུངས་པའི་མཐར་ཐུག་བླ་མ་གསང་བ་འདུས་པའི་སྐོར་ལ་སློབ་མ་རྗེས་གཟུང་དབང་གི་སྒྲོམ་དང་གལ་བྱང་རྩ་བར་བཟུང་སྟེ་རིག་འཛིན་བརྒྱུད་པའི་ཕྱག་ལེན་ཉམས་པ་མེད་པ་རྗེ་བླ་མ་ཉིད་ཀྱིས་མཛད་པའི་ཡིག་ཆ་བཞིན་ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཡེ་ཤེས་ལྔ་སོགས་ཕྱི་ནང་གསང་བ་ཡོངས་སུ་རྫོགས་པའི་བུམ་དབང་། ལྷ་དབང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་། བྷ་གའི་དཀྱིལ་འཁོར་དུ་ཤེར་དབང་། དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཚིག་དབང་རྣམས། མཐའ་རྟེན་གཏོར་དབང་གནད་ཀྱི་ཤོག་གཅིག་མའམ་བླ་སྒྲུབ་ཐུན་མོང་དབང་བཀའ་ཀུན་འདུས་སྒྲོན་མ་བཅས་པ་སྨིན་རྒྱས་དང་། གསང་འདུས་སྒྲུབ་གཞུང་དུ་རྩ་བ་མཐར་ཐུག་དོན་གྱི་ཆོ་གའི་སྟེང་ནས་སྔོན་འགྲོའི་རིམ་པ། དངོས་གཞི་བསྐྱེད་རིམ། ཀ་དག་ངོ་སྤྲོད་ཀྱི་ཉམས་འཁྲིད་ཞལ་ཤེས་ཀྱིས་བརྒྱན་པའི་སྨིན་རྒྱས་སུ་ལེགས་པར་ནོས་ནས། ལུང་


GLG002_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐོར་ལ། རྩ་བ། ལྷན་ཐབས། ཐེམས་མེད། དབང་དང་དྲུག་ལས། དང་པོ་ནི། སྒྲུབ་པ་ལུང་༼ཟུར༽གི་བྱང་བུ། གཉིས་པ་ཐོ་བྱང་ནི། ཐུགས་སྒྲུབ་གསང་འདུས་༼ཟུར༽ཀྱི་ཐོ་བྱང་། གསུམ་པ་རྩ་བ་ལ། སྒྲུབ་གཞུང་༼ཟུར༽ནང་གསེས་ཀྱི་སྤྱོད་པ་ལ་དོན་དྲུག །དངོས་གཞི་ལ་དོན་དྲུག །མཇུག་ལ་དོན་དྲུག་སྟེ་དྲུག་གསུམ་བཅོ་བརྒྱད་དུ་བཞུགས་པ་ལས་མཇུག་གི་ཆོ་གའི་ས་བཅད་བཞི་པ་ལས་ཚོགས་སྒྲུབ་པ་ཟུར་དུ་ཁ་འཕངས་པ་ནི་མཚན་བརྒྱད་ཀྱི་ལས་ཚོགས་ཏེ་དེའི་ནང་གསེས་ལ་པདྨ་འབྱུང་གནས་ལ་བརྟེན་༼ཟུར༽ནས་མཆོག་གི་དངོས་གྲུབ་སྒྲུབ་པ། པདྨ་སམ་བྷ་ལ་༼ཟུར༽བརྟེན་ནས་ཡོན་ཏན་སྣ་ཚོགས་སྒྲུབ་པ། བློ་ལྡན་༼ཟུར༽མཆོག་སྲེད་ལ་བརྟེན་ནས་ཤེས་རབ་སྒྲུབ་པ། པདྨ་རྒྱལ་པོ་ལ་༼ཟུར༽བརྟེན་ནས་འགྲོ་བ་དབང་དུ་སྡུད་པ། ཉི་མ་འོད་ཟེར་ལ་༼ཟུར༽བརྟེན་ནས་འགྲོ་བ་མ་ལུས་འདུལ་བ། ཤཱཀྱ་སེང་གེ་ལ་༼ཟུར༽བརྟེན་ནས་ལོག་འདྲེན་བདུད་བཞི་གཞོམས་པ། སེང་གེ་སྒྲ་སྒྲོག་ལ་༼ཟུར༽བརྟེན་ནས་མུ་སྟེགས་ཀྱི་རྩོད་པ་བཟློག་པ། རྡོ་རྗེ་གྲོ་ལོད་༼ཟུར༽ལ་བརྟེན་ནས་དྲེགས་པའི་དགྲ་བགེགས་ཚར་གཅོད་པ་རྣམས་ཀྱིས་སྒྲུབ་གཞུང་རྩ་བ་ལེ་ལག་དང་བཅས་པ་ཡིན་ནོ། ༈ །བཞི་པ་ལྷན་ཐབས་ནི། བཀའ་རྩིས་ལས། ལས་བྱང་ལེ་བརྒྱད་ཀུན་གྱི་ཁ་སྐོང་ཆོསཿ ཟབ་མོ་རྒྱ་བརྒྱད་སྒྲུབ་རྟགས་འབྱིན་པའི་ཆོསཿ ཟིན་ཏིག་གནད་བརྒྱད་ཉོན་མོངས་ལམ་ཁྱེར་ཆོསཿ གཅེས་པ་རྣམ་བརྒྱད་སྒྲུབ་པ་སྲང་གི་ཆོསཿ མཁའ་འགྲོའི་ལས་བརྒྱད་ལས་ཚོགས་ཐོར་བུའི་ཆོསཿ དཔེ་ཆུང་འཁོར་བརྒྱད་དེ་ཡི་མིག་ཚགས་ཡིནཿ ཞེས་པ་ལྟར་ལས་བྱང་ལེ་བརྒྱད། ཟབ་མོའི་


GLG002_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བརྒྱད། ཟིན་ཏིག་གནད་བརྒྱད། གཅེས་པ་རྣམ་བརྒྱད། མཁའ་འགྲོའི་ལས་བརྒྱད། དཔེའུ་རིས་བརྒྱད་དང་དྲུག །དང་པོ་ལ། སྔོན་འགྲོ། རྫས་གསག །སྤྱན་འདྲེན་མཆོད་པ། འཛབ། ཐུགས་དམ་སྐོང་བ། བསྐུལ་མཐའ་རྒྱས་དང་བརྒྱད། ལེ་བརྒྱད་མ་འདིའི་ཆོག་བསྒྲིགས་ཡར་ཀླུངས་སྤྲུལ་སྐུ་ཆོས་ལྡན་མགོན་པོས་མཛད་པ། དེས་མཛད་པའི་ལེ་བརྒྱད་མའི་སྒོམ་རིམ་ཆོག་བསྒྲིགས་མདོར་བསྡུས་པ། གཉིས་པ་ཟབ་མོའི་རྒྱ་བརྒྱད་ལ། འགྲོ་དྲུག་༼ཟུར༽་སྒོ་གཅོད་པ། སྐུ་གསུམ་མྱུར་དུ་འགྲུབ་༼ཟུར༽བྱེད། བྱང་ཆུབ་མྱུར་དུ་འགྲུབ་༼ཟུར༽པ། རྡོ་རྗེ་སེམས་དཔའ་ངོ་༼ཟུར༽སྤྲོད། སྐྱེ་མེད་རྟོགས་༼ཟུར༽པ། ཚེ་རིང་ནད་༼ཟུར༽མེད། ཆོས་སྐུ་ལྷུན་༼ཟུར༽རྫོགས། གདོན་ཐུལ་༼ཟུར༽བའི་ཟབ་རྒྱ་རྣམས། གསུམ་པ་ཟིན་ཏིག་གནད་བརྒྱད་ལ། སྣང་བ་༼ཟུར༽སྐུའི་ལམ་ཁྱེར། སྒྲ་གྲགས་གསུང་༼ཟུར༽གི་ལམ་ཁྱེར། དྲན་རྟོག་ཐུགས་༼ཟུར༽སུ་རྫོགས་པ། ཞེ་སྡང་ཐར་༼ཟུར༽ལམ་ཆེན་པོར་རྫོགས་པ། འདོད་ཆགས་ཐར་༼ཟུར༽ལམ་ཆེན་པོར་རྫོགས་པ། གཏི་མུག་ཐར་༼ཟུར༽ལམ་རྫོགས་པ། །ང་རྒྱལ་མཉམ་༼ཟུར༽པར་རྫོགས་པ། ཕྲག་དོག་ཐར་༼ཟུར༽ལམ་ཆེན་པོར་རྫོགས་པའི་ཟིན་ཏིག་རྣམས། བཞི་པ་གཅེས་པ་རྣམ་བརྒྱད་ལ། བར་གཅོད་སེལ་བྱེད་གུར་༼ཟུར༽དཔེ་རིས་དང་བཅས་པ། སྒྲུབ་པ་སྲང་དུ་༼ཟུར༽འཇུག་པ། རིག་པ་འཁྲུལ་༼ཟུར༽འཁོར་རླུང་། དམ་རྫས་༼ཟུར༽བདུད་རྩི་སྨན། སྒྲུབ་རྫས་༼ཟུར༽སྐོང་ཆེན་བམ། སློབ་མ་༼ཟུར༽རྗེས་བཟང་དབང་། རྣལ་འབྱོར་སྲོག་༼ཟུར༽ཤིང་དམ་ཚིག །ངེས་ཤེས་སྐྱེད་༼ཟུར༽བྱེད་ལས་ལྡན་ལུང་གི་སྒྲོམ་རྣམས་ཞར་བྱུང་ལུང་བསྟན་དང་བཅས་པ། ལྔ་པ་མཁའ་


GLG002_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ལས་བརྒྱད་ལ། མི་ལྤགས་ལ་བརྟེན་ནས་༼ཟུར༽མཁའ་འགྲོ་དབང་དུ་བསྡུ་ཞིང་ལས་ཀྱི་མཁའ་འགྲོས་བར་མི་གཅོད་པར་སངས་རྒྱས་ཐོབ་པའི་ཐབས། སྦ་ལྕག་༼ཟུར༽ལ་བརྟེན་ནས་སྣང་སྲིད་ལྷ་འདྲེའི་བར་གཅོད་མི་འབྱུང་ཞིང་སླར་དབང་དུ་བསྡུ་བ། དྲིལ་བུ་ལ་༼ཟུར༽བརྟེན་ནས་རྩོད་པ་ཟློག་ཅིང་སླར་སྙན་གྲགས་འབྱུང་བ། རྡོ་རྗེ་ལ་བརྟེན་ནས་༼ཟུར༽དུས་མིན་འཆི་བ་ཟློག་ཅིང་སླར་མི་འགྱུར་བའི་ཚེ་སྒྲུབ་པ། ཚེལ་བུ་ལ་༼ཟུར༽བརྟེན་ནས་མི་མོས་པ་གཞིལ་ཞིང་སླར་གཞན་སྣང་བསྒྱུར་བ། མགྲོན་བུ་༼ཟུར༽ལ་བརྟེན་ནས་གཞན་གྱིས་རང་ཟིལ་གྱིས་མི་ནོན་ཅིང་སླར་གཞན་ཟིལ་གྱིས་གནོན་པ། མདའ་༼ཟུར༽རྒོད་སྒྲོ་ལ་བརྟེན་ནས་སྐྱེས་པ་འདུ་ཞིང་གཞན་དབང་དུ་སྡུད་པ། ཚིལ་སྣ་གསུམ་ལ་༼ཟུར༽བརྟེན་ནས་འཁོར་བསྡུ་ཞིང་སླར་འགུགས་པ་རྣམས། དྲུག་པ་ནི། བརྒྱད་པོ་འདིའི་དཔེ་༼ཟུར༽ཆུང་བརྒྱད་དེ་བརྒྱད་དྲུག་བཞི་བཅུ་རྩ་བརྒྱད་རྣམས་ཐེམས་ཅན་ནོ། །ལྔ་པ་ཐེམས་མེད་སྐོར་ལ། བླ་མ་སྒྲུབ་པའི་གསང་ཐེམས་ཞལ་གདམས་གནད་ཡིག་ཤིན་ཏུ་ཟབ་པ་བླ་མ་སྒྲུབ་པའི་སྙིང་གཏམ། སྙན་བརྒྱུད་ཞག་བདུན་མ་ལུས་བསྐྱེད་རིམ་ལྷའི་གསང་བ་འདུས་པ། ངག་རྡོར་བཟླས་ཀྱི་གསང་བ་འདུས་པ། སེམས་ཏིང་ངེ་འཛིན་གྱི་གསང་བ་འདུས་པ། རྩ་དང་རླུང་གི་གསང་བ་འདུས་པ། ཡོངས་རྫོགས་ཏིང་ངེ་འཛིན་གྱི་གསང་བ་འདུས་པ་སྟེ་ལྔའི་སྒོ་ནས་བསྟན་པ་ཤིན་ཏུ་ཟབ་པ། དེའི་ཞལ་ཤེས་བླ་མའི་གསུང་རྒྱུན་ཟིན་བྲིས་གཅིག །ཐུགས་སྒྲུབ་མཁའ་འགྲོ་དབང་སྡུད། འདི་ནི་གསང་འདུས་གཞུང་གི་ཆ་ལག་མཆོག་དངོས་གྲུབ་བཙན་ཐབས་སུ་སྒྲུབ་པའི་ཆོས་ཏེ་འདི་ལྟར་ན་གཞུང་གི་དཀྱིལ་འཁོར་གྱི་རིན་ཅེན་ཟུར་བརྒྱད་ལ་མཚན་


GLG002_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྒོམ་པར་གསུངས་པའི་དགོངས་པ། རིན་ཅེན་ཟུར་བརྒྱད་ཀྱི་སྟེང་གི་བར་སྣང་ལ་འོད་ཕུང་གི་དཀྱིལ་འཁོར་དུ་བསྒོམ་པར་གསུངས་ཏེ། ཇི་སྐད་དུ། མཚན་བརྒྱད་སྟེང་ཕྱོགས་རིན་ཅེན་ཟུར། །འོད་ཕུང་དཀྱིལ་བཞུགས་བདག་བྱིན་རློབས། །ཞེས་གསལ་བར་མཛད་ཅིང་དེ་མཚུངས་གཞན་ཡང་སྒོམ་རིམ་གྱི་གནད་དང་འགྲོ་ཉལ་ཟས་ཀྱི་རྣལ་འབྱོར་སོགས་འདུས་པར་ཡོད་དོ། །གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཧཱུྃ་སྒྲུབ་རྩ་༼ཟུར༽བ། དེའི་ལས་ཚོགས་ཞི་༼ཟུར༽རྒྱས་དབང་དྲག་ཀུན་འགྲུབ། ཧཱུྃ་སྒྲུབ་ཀྱི་༼ཟུར༽ གནད་ཡིག །ལས་ཚོགས་འདོད་གསོལ་༼ཟུར༽ཤམ་བུ་རྫོགས་རིམ་དང་བཅས་པ། ཆོས་སྤྱོད་༼ཟུར༽ལམ་ཁྱེར། མཆོག་༼ཟུར༽སྒྲུབ་ལས་ཚོགས། ཚེ་༼ཟུར༽སྒྲུབ། འཕོ་༼ཟུར༽བ། ནོར་༼ཟུར༽སྒྲུབ། གཞན་གྱི་ནད་༼ཟུར༽གདོན་གཞོམ་ཐབས། སྲིའུ་གསོ་༼ཟུར༽བ། བགེགས་བར་གཅོད་༼ཟུར༽བསྲུང་བ། ལམ་བསྲུང་༼ཟུར༽སྟེ་ཧཱུྃ་སྒྲུབ་ཀྱི་སྐོར། འདི་དག་ཀྱང་གཏེར་སྟོན་གྱིས་བུ་ཆེན་བཞི་མ་གཏོགས་ཀུན་ལ་རྫོགས་པར་མ་གནང་བས་ཟབ་ཆོས་སུ་མཛད། ཡང་གསང་དྲག་པོ་རྟ་སྐད་ཅན་གྱི་སྒྲུབ་ཐབས་རྣམས། དྲུག་པ་དབང་གི་སྐོར་ལ། མདོར་བསྡུས་རྩ་བ་ནི་གོང་དུ་སློབ་མ་རྗེས་གཟུང་དབང་གི་སྒོམ་ཞེས་གསུངས་པ་དེ་ཡིན། ཉང་རོ་རྩིས་ཀྱི་ལྷ་ཁང་ནས་སྤྱན་དྲངས་པའི་དབང་གི་གལ་བྱང་གུད་དུ་བཀོལ་བ་སོ་ཤིང་བསྲུང་སྐུད་ཀུ་ཤ་སྦྱིན་པ་བླ་མ་ཡོངས་རྫོགས་ལ་ཁ་འཕངས་པ། དབང་ཆོག་གི་ཕྱག་ལེན་ཁྲ་ཚང་པ་ཆེན་པོ་བློ་མཆོག་རྡོ་རྗེས་ཆོག་བསྒྲིགས་སུ་མཛད་པ་སློབ་མ་རྗེས་གཟུང་དབང་གི་སྒྲོམ་ལེགས་པར་བཤད་པ་བརྒྱུད་པའི་ཕྱག་བཞེས་གསལ་བར་བྱེད་པའི་མེ་ལོང་། དཀྱིལ་འཁོར་སྒྲུབ་པའི་རྟེན་རྫས་དགོད་ཐབས་


GLG002_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྔོན་མ་ཞིག་གི་ཟིན་བྲིས་རྣམས་སོ། །ལས་ཚོགས་གསེར་ཁང་། ཁ་བསྒྱུར་ཉེར་གཅིག །འཕྱོང་དྲུག །གཅེས་འཕྲེང་རྣམས་བླ་མ་གསང་འདུས་ཀྱི་ཆ་ལག་ཏུ་སྦྱར་རུང་མོད། ཚིག་ཟིན་གཙོ་ཆེ་བའི་དབང་དུ་བྱས་ནས་གསེར་ཁང་། ཁ་བསྒྱུར་འཕྱོང་དྲུག་གསུམ། བླ་མ་སྐུ་གསུམ་སྒྲུབ་པའི་ཆ་ལག་དང་། གསེར་ཁང་དང་ཁ་བསྒྱུར་གཉིས་བླ་མ་ཡོངས་རྫོགས་ཀྱི་ཆ་ལག་ཏུ་བཤད་ཅིང་། ཁ་བསྒྱུར་ཉེར་གཅིག་མཁའ་འགྲོའི་ལས་བརྒྱད་གཉིས་ཐོད་འཕྲེང་རྩལ་གྱི་ཆ་ལག་ཏུ་ཡང་བཤད་པས་ཚང་མ་འདིའི་ཆོས་སྡེར་མ་བཀོད་ལ། ཁ་བསྒྱུར་ཉེར་གཅིག་སོགས་ལས་ཚོགས་རྣམས་མཚན་དོན་ཕྱོགས་འདྲ་བ་ལ་གཞུང་ཕན་ཚུན་གྱི་ཆ་ལག་སོ་སོར་མི་གཅིག་ཙམ་ཡོད་འདྲ་ཡང་། དེང་སང་འཁྲུགས་པར་སྣང་ཞེས་ཁོ་བོའི་བླ་མ་མཁས་གྲུབ་ཆེན་པོ་གསུང་ངོ་། །དབང་ཆོག་མཛད་བྱང་མེད་པ་དང་། སྨན་ལུང་ཤཱཀ་གཞོན་གྱིས་མཛད་པའི་དབང་ཆོག །བདག་འཇུག་དབང་གི་ཆོ་ག་རྒྱལ་པོས་མཛད་ཅེས་པ་སོགས་ཁ་ཡར་ཡོད་འདུག་པ་ནི་མ་ཐོབ་བོ། ༈ །དེ་ལྟར་བླ་མ་གསང་འདུས་ཀྱི་དབང་འཁྲིད་ལུང་གསུམ་རྫོགས་པར་ནོས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག །ཆོས་བདག་སྨན་ལུང་པ་མི་བསྐྱོད་རྡོ་རྗེ། སངས་རྒྱས་དྭགས་སྟོན་དབང་ཕྱུག་རྡོ་རྗེ། ཀུ་རབ་ཀྱི་གཉན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་པ་སངས་རྒྱས་དཔལ། སེ་སྡིངས་པ་ཡོན་ཏན་བཟང་པོ། ཙེ་ལེའི་གུ་རུ་ཆོས་སྐུ་འོད་ཟེར། མཚུངས་མེད་སྤྲུལ་སྐུ་དྷརྨ་བཛྲ། ཀོང་པོ་བུ་ཆུ་


GLG002_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་དཀར་གྱི་བླ་མ་ཤེས་རབ་དབང་ཕྱུག །དྲན་མཆོག་ཆོས་ཀྱི་དབང་པོ། རྒྱལ་དབང་ཀརྨ་གུ་རུ། རྒྱལ་སྲས་ཀརྨ་དབང་འབྱོར། ཁྱབ་བདག་ཁྲ་ཚང་བ་ཆེན་པོ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་གུ་རུ་ཆོས་སྐུ་འོད་ཟེར་ཡན་གོང་ལྟར་ལ། དེ་ནས་མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་སྔར་བཞིན་ནོ། །ཡང་ན་གཏེར་སྟོན་ནས། གྲུབ་ཐོབ་མ་ཎི་རིན་ཅེན། མཁས་གྲུབ་རྒྱལ་མཚན་སེང་གེ །ཐུགས་རྗེ་དཔལ། ཚུལ་ཁྲིམས་འབུམ། དྷརྨ་ལཀྵ། ཡེ་ཤེས་རྒྱལ་མཚན། བྱང་སེམས་ཆོས་རྗེ། ཤེས་རབ་དབང་ཕྱུག །ཆོས་ཀྱི་དབང་པོ་མན་གོང་ལྟར། ཡར་ཀླུངས་སྤྲུལ་སྐུ་ཆོས་ལྡན་པས་མཛད་པའི་ལས་བྱང་དང་སྒོམ་རིམ་གྱི་བརྒྱུད་པ་ནི། སྨན་ལུང་པ་ཡན་གོང་ལྟར་ལ། དེ་ནས་ཡར་ཀླུངས་སྤྲུལ་སྐུ་ཆོས་ལྡན་མགོན་པོ། དུར་ཁྲོད་པ་ཀུན་བཟང་རྡོ་རྗེ། སྤྲུལ་སྐུ་ཤཱཀ་འབུམ་དང་ཤཱཀ་གཞོན་མཆེད་གཉིས། འཁྲུལ་ཞིག་བསོད་ནམས་རྒྱལ་མཚན་དང་ཤཱཀ་སེང་གཉིས། བླ་མ་ཤཱཀྱ་དཔལ། དྲིན་ཅན་སངས་རྒྱས་རིན་ཅེན། སྤྲུལ་སྐུ་བློ་གྲོས་རྒྱ་མཚོ། འདི་ཡན་སྨན་ལུང་པའི་ཞལ་ངོ་གྲུབ་བརྙེས་ཤ་སྟག་ཏུ་བྱུང་ཞེས་རྗེ་བློ་མཆོག་གསུང་། དེ་ནས་ཀྱང་རིགས་ཆོས་འཛིན་པ་སྨན་ལུང་ནམ་མཁའ་རྒྱལ་མཚན། དེ་སྲས་ནམ་མཁའ་ཚེ་དབང་། དེ་སྲས་ཀརྨ་གཟི་བརྗིད་དང་ཀརྨ་མཐུ་སྟོབས་མཆེད་གཉིས། དེ་སྲས་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །ཡང་གོང་དུ་ཟུར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ལུགས་གཅིག་ལ་ཀརྨ་གུ་རུ་ཡན་སྔར་ལྟར་ལ། དེ་ནས་རིག་འཛིན་ཆོས་དབང་བསམ་གྲུབ། སྔགས་འཆང་ཆོས་དབང་ཀུན་བཟང་། རྡོ་རྗེ་འཆང་མགོན་པོ་བསོད་


GLG002_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ།དེས་བདག་ལའོ། །ཡང་གསང་དྲག་པོ་རྟ་སྐད་ཅན་གྱི་བརྒྱུད་པ་ནི། གཏེར་སྟོན་ནས་གཟུ་སྟོན་དྷརྨ་རཏྣ། རིན་ཅེན་རྒྱལ་མཚན། ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་བཟང་། ཀུན་དགའ་བཀྲ་ཤིས། ཐུགས་མཆོག་རྩལ། ལེགས་པ་དཔལ་བཟང་ཉང་སྟོན་ཆོས་དབང་། གནུབས་རིན་ཅེན་དཔལ་བཟང་། རྗེ་འཇམ་དབྱངས་པ། མངའ་རིས་པཎ་ཆེན་ལེགས་ལྡན་རྗེ། མཁྱེན་བརྩེའི་ཞབས། དབང་རབ་ཞལ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། ༈ །རྩ་བའི་གཉིས་པ་གསང་བ་ཡང་གཏེར་གྱི་བླ་མའི་སྒྲུབ་ཐབས་རྩ་བ་ལྔའི་ནང་ཚན་བླ་མེད་མཆོག་གི་སྒྲུབ་པ་ཐུགས་འཁྲིད་༼ཟུར༽ཡང་གསང་བླ་མེད་དུ་ཡང་གྲགས་པ་ལ་ནང་གསེས་ཀྱི་སྡོམ་ཚིག་གི་ལེའུ། མདོར་བསྟན་གྱི་ལེའུ། མདོ་འགྲེལ་གྱི་ལེའུ་རྣམས། །རྩ་བའི་གསུམ་པ་ཁྱད་པར་གསོལ་འདེབས་ཚིག་༼ཟུར༽བདུན་མའི་སྒྲུབ་པ་ལ། རྩ་བར་འགྲེལ་པ་མཆན་གྱི་ཚུལ་དུ་བྱས་པ། ཡང་རྩ་བ་དང་འགྲེལ་པ་ལོགས་སུ་བྱས་པ་གཉིས་སོ། །ཕྱི་མ་འདི་དྭགས་སྟོན་པའི་ཕྱག་བྲིས་ནས་བཤུས་ཞེས་པ་འོང་འདུག་པས་ཁུངས་བཙུན་པར་སེམས་ཞེས་མཁས་གྲུབ་ཆེན་པོ་གསུང་ངོ་། ༈ །རྩ་བའི་བཞི་པ་པདྨ་ཐོད་འཕྲེང་གསང་མཚན་གྱི་སྒྲུབ་པའམ་ཟབ་མོ་ཐུགས་སྒྲུབ་ཞེས་པ་གུ་རུ་ཐོད་འཕྲེང་རྩལ་གྱི་སྒྲུབ་པ་ཐུགས་སྒྲུབ་ཐོད་འཕྲེང་རྩལ་དུ་ཡང་གྲགས་ལ། ཐོག་མར་སྨིན་བྱེད་དུ་བུམ་པ། ཐོད་པ། མེ་ལོང་། གཏོར་མ་ལ་བརྟེན་ནས་ཟླུམ་པོ་བཞི་དབང་ལེགས་པར་ནོས། ལུང་ལ། བསྙེན་པའི་སྐབས་སུ་༼ཟུར༽རྟེན་བཤམ་


GLG002_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སྒྲུབ་རྫས་དགོངས་པ། བསྙེན་པ་དངོས་དང་གསུམ། སྒྲུབ་པ་༼ཟུར༽ལ་སྤྱན་འདྲེན་མཆོད་རིམ། དབང་བསྐུར། དངོས་གྲུབ་བླང་བ་དང་གསུམ། ལས་སྦྱོར་ལ་མཁའ་འགྲོའི་ལས་བརྒྱད། ཁ་བསྒྱུར་ཉེར་༼ཟུར༽གཅིག །གནད་ཀྱི་ཟིན་ཏིག་གསུམ་ལས། མཁའ་འགྲོའི་ལས་བརྒྱད་དང་ཁ་བསྒྱུར་ཉེར་གཅིག་མ་གཏོགས་བསྙེན་སྒྲུབ་ལས་གསུམ་ཀ་ཆོས་༼ཟུར༽སྡེ་གཅིག་གོ ། དེའི་རྒྱབ་ཆོས་ཐེམས་མེད་བསྙེན་སྒྲུབ་ལས་གསུམ་གྱི་མན་༼ཟུར༽ངག་སྤྲ་འཁྲིད་ལག་ལེན་གྱི་གདམས་པ་དངོས་གྲུབ་རྣམ་གཉིས་ཐོབ་ཕྱིར་བླ་མའི་ཐུགས་སྒྲུབ་འདི་བརྩམས་པ། འདི་ལ་ལེའུ་གསུམ་མར་རིག་འཛིན་ཆེན་པོའི་སྒྲུབ་པ་ཞེས་གསུང་ངོ་། །དཔེ་རིས་ཀྱི་སྐོར། མ་ཚང་བ་ཁ་སྐོང་བ་ལ་བསྙེན་པའི་ཁ་སྐོང་། དབང་གི་ཁ་སྐོང་། ལས་སྦྱོར་གནད་ཀྱི་ཟིན་ཏིག་བྱ་ལུགས་རྣམས་སོ། །དེ་ལྟར་གསང་བ་མཆོག་སྒྲུབ། ཚིག་བདུན་གསོལ་འདེབས། ཐོད་འཕྲེང་རྩལ་རྣམས་ཀྱི་བརྒྱུད་པ་ལ། ཟླུམ་པོ་བཞི་དབང་དང་ཟུར་གྱི་རྟགས་ཡོད་པའི་ལུང་གི་བརྒྱུད་པ་ནི། གོང་གི་ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་བརྒྱུད་པར་བཞུགས་པ་དེ་ཀ་ཡིན་ལ། ཟླུམ་པོ་བཞི་དབང་མ་གཏོགས་པའི་ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི་ཁྲ་ཚང་པ་ཆེན་པོ་བརྒྱུད་པར་བཞུགས་པ་དེའོ། །བླ་མ་གསང་འདུས་ཀྱི་སྨིན་བྱེད་དུ་ཟླུམ་པོ་བཞི་དབང་མཛད་མཁན་ས་ལུགས་དང་སྟག་ལུང་ཕྱོགས་སུ་རེ་མང་བྱུང་བ་ཀོང་ཡུལ་དུ་མ་ཕྱིན་པར་ཀོང་བཤད་ཀྱི་དཔེར་འདུག་ཅིང་། རྗེ་བཙུན་གྲོལ་མཆོག་གིས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་སྐུ་ན་ཕྲ་མོའི་དུས་བླ་མ་གསང་འདུས་ཀྱི་སྨིན་བྱེད་ཀྱི་དབང་ཡིན་ཞེས་ཟླུམ་པོ་


GLG002_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དབང་གནང་བར་བརྟེན། གསོལ་འདེབས་སུ། སྐྱབས་མཆོག་གསང་འདུས་བླ་མའི་དཀྱིལ་འཁོར་དུ། དང་པོར་སྨིན་མཛད་འཇམ་མགོན་གློ་བོ་པ། ཞེས་གསུངས་པ་ནི་སྐུ་ཚེ་དེའི་གསང་སྔགས་རྙིང་མའི་འཇུག་སྒོའི་ཐོག་མ་ཡིན་འདུག་པས་བླ་མའི་གསུང་ལ་དཔྱད་པ་མཛད་ན་རྟེན་འབྲེལ་འཕྱུགས་དོགས་པའི་དགོངས་གཞི་ཅན་དྲང་དོན་གྱི་གསུང་ཡིན་ནོ། ༈ །རང་ཕྱོགས་ལ་སྔོན་ཆད་སྔ་འགྱུར་གྱི་དར་སོ་མི་འདུག་ཅིང་། ཕྱིས་སྐོར་བླ་མའི་དབང་ལ་སྒྲུབ་ཐབས་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་དཔེ་འགེབས་མཁན་འདུག་ཅིང་། ཀར་ལུགས་ཕྱོགས་སུ་ཚེས་བཅུ་དར་ཡང་སྨིན་བྱེད་ཀྱི་སྲོལ་གཞན་མེད་པར་ཚེས་བཅུའི་ཆོ་གའི་མཇུག་ཏུ་དབང་དང་དངོས་གྲུབ་ལེན་པ་དབྱེ་བ་མ་ཕྱེད་པར་དངོས་གྲུབ་ལེན་སྐབས་བླ་མས་བཛྲ་གུ་རུ་གསུང་བ་དང་སྦྲགས་གཏོར་མ་མགོ་ལ་བཞག་པས་དབང་ཐོབ་ཅེས་མོས་པ་ལམ་བྱེད་ཕ་མགོ་ཐོ་བས་བཅོམ་པའི་དཔེར་སྣར་ཐང་ལོ་ཙཱ་བས་གསུངས་པ་དེ་འདྲ་ཡང་ཡོད་འདུག་གོ ༈ །རྩ་བའི་ལྔ་པ་པདྨ་བཅུད་སྡུད་ཐབས་ལམ་གྱི་སྒྲུབ་པའམ་འཆི་མེད་གསང་བ་ཞེས་ཀྱང་གྲགས་པ་ལ། འོག་སྒོ་བདེ་ཆེན་གྱི་ལམ་རྫོགས་པར་སྟོན་པའི་སྒྲུབ་ཐབས། དེའི་རྒྱས་བཤད་དེ་མ་བུ་གཉིས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་པདྨ་ཧེ་རུ་ཀ །རིག་འཛིན་པདྨ་ཀ་ར། གུ་རུ་ཆོས་ཀྱི་དབང་ཕྱུག །སྲས་པདྨ་དབང་ཆེན། མཚན་ལྡན་ཆོས་ཀྱི་རྒྱལ་མཚན། དྲིན་ཅན་མ་སངས་རྒྱས་ཀུན་གྲོལ། གུ་རུ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་བུ་འཛིན་པ། བདེ་བ་ལུང་པ་མཁས་བཙུན་ནམ་མཁའ་འོད་ཟེར། རོང་ཟོམ་བློ་གྲོས་རིན་ཅེན། སྤྲུལ་སྐུ་ཆོས་ཀྱི་དབང་པོ། ཀུན་བཟང་ཆོས་ཀྱི་རྒྱལ་པོ། ཀརྨ་གུ་རུ་མན་གོང་གི་བརྒྱུད་པ་ཁྲ་ཚང་པ་ཆེན་པོ་


GLG002_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་བཞིན་ནོ། ༈ །རྩ་བའི་གཉིས་པ་ཀླུ་བདུད་སྐུ་སྐྱེད་ན་ཁྱད་འཕགས་སྒྲུབ་ཐབས་སྐོར་བརྒྱ་རྩ་བརྒྱད་བཞུགས་པའི་ཁྲོད་ཀྱི་བླ་མའི་སྒྲུབ་སྐོར་ལ། བླ་མ་སྐུ་གསུམ་གྱི་སྒྲུབ་སྐོར་དང་བླ་མ་ཡོངས་རྫོགས་ཀྱི་སྒྲུབ་སྐོར་གཉིས། དང་པོ་ལ། སྨིན་བྱེད་གཏོར་དབང་གནད་ཀྱི་ཤོག་གཅིག་མ་ལེགས་པར་ནོས་ནས། ལུང་ལ་ཆོས་སྐུའི་སྒྲུབ་པ། ལོངས་སྐུའི་སྒྲུབ་པ། སྤྲུལ་སྐུའི་སྒྲུབ་པ་དང་གསུམ། དང་པོ་ནི། རང་རིག་བླ་མར་འཆར་བའི་གནད་ཟབ་ཡིན་པ་དེ་ལ་བསྒྲུབ་བྱ་སྒྲུབ་བྱེད་རྗེས་སྒྲུབ་༼ཟུར༽འབྲས་རྩ་བ་ཚིགས་བཅད་མ། འགྲེལ་པ་རྒྱ་གསུམ་༼ཟུར༽བཀྲོལ་ཏེ་བསྟན་པ། ཐེམས་མེད་ནི་བསྙེན་སྒྲུབ་སྒོམ་པ་ལས་སྦྱོར་བཞིར་ཕྱེ་ཞིང་མཇུག་ཏུ་བརྒྱུད་པའི་གསོལ་འདེབས་དང་བཅས་པ། གཉིས་པ་བླ་མ་ལོངས་སྐུའི་སྒྲུབ་པ་ནི། འཆི་མེད་ཚེའི་རིག་འཛིན་ཐོབ་ཕྱིར་བླ་མ་ཚེ་དཔག་མེད་དུ་བསྒྲུབ་པ་ཡིན་པས་དེ་ལ་ཚོམ་བུའི་དཀྱིལ་འཁོར་དུ་རྗེ་ཉིད་ཀྱིས་མཛད་པའི་ཚེ་སྒྲུབ་ཉི་ཟླ་ཟུང་འཇུག་བཞིན་བདག་དོན་དུ་སྒྲུབ་པ་ལྷན་ཅིག་སྔོན་དུ་འགྲོ་བའི་ཚེ་ཟན་གྱིས་དབང་བཞི། རིན་པོ་ཆེའི་བུམ་པས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་། སྤྲོས་བཅས་སྤྲོས་མེད་ཀྱི་རྒྱས་གདབ་དངོས་གྲུབ་བླང་བ། ཚེའི་ལ་ཉེ་བརྟག་པ་སོགས་རྫོང་ཆེན་ཚེའི་དབང་ལེགས་པར་ནོས་ནས་ལུང་ལ། རྩ་བ་ཚིགས་བཅད་མ་སྣང་བ་མཐའ་ཡས་ཀྱི་གསང་སྒྲུབ། འགྲེལ་པ་བདག་དོན་དུ་འཆི་མེད་རྡོ་རྗེའི་སྐུ་སྒྲུབ་པ། ཐུགས་རྗེས་གཞན་དོན་དུ་བུམ་པ་སྒྲུབ་པ། ཚེ་དབང་བསྐུར་བའི་ཆོ་ག །གུ་རུའི་ཚེ་སྒྲུབ་ཐབས་ཆེན་མོ། འདི་གཏེར་ཁ་གོང་འོག་གཉིས་ཀ་ལ་ཡོད། རྫོང་ཆེན་ཚེ་སྒྲུབ་ཀྱི་ལས་བྱང་གུད་དུ་བཀོལ་བ། ཚེ་གཟུངས་ཆེན་


GLG002_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྣམས་ཐེམས་ཅན། ཐེམས་མེད་ལ་ཚེ་སྒྲུབ་གསང་བའི་རྒྱུན་ཁྱེར་བུ་སྟོན་གོང་ཁུག་མ། ཚེའི་བཀྲ་བརྟག་པ། ཁྲ་ཚང་པ་མཁས་གྲུབ་ཆེན་པོས་མཛད་པའི་རྫོང་ཆེན་ཚེ་སྒྲུབ་ཀྱི་ལག་ལེན་ཉི་ཟླ་ཟུང་འཇུག་རྣམས། གསུམ་པ་བླ་མ་སྤྲུལ་སྐུའི་སྒྲུབ་པ་ལ། དངོས་ཆ་རྐྱེན། ལས་ཚོགས་ཐེམས་མེད། དེར་མི་གཏོགས་པ་གའུ་ནག་པོ་ནས་བྱུང་བའི་པདྨ་ཐོད་འཕྲེང་གི་སྒྲུབ་པ་དང་ལྔ། དང་པོ་ནི། ཉམས་སུ་བླང་བདེ་བའམ་སྒྲིབ་སྦྱོང་གི་ཚུལ་དུ་སྒྲུབ་པས། དེ་ལ་སྒྲུབ་ཐབས་རྩ་བ་༼ཟུར༽མདོར་བསྟན་དང་ཉམས་ལེན་དངོས་གཉིས་མཁར་ཆེན་མཚོ་རྒྱལ་༼ཟུར༽གྱིས་དཀར་ཆག་ཏུ་བཏབ་པ། ནང་ལྟར་ཟབ་མོ་བྱིན་རླབས་ཀྱི་ཚུལ་དུ་སྒྲུབ་པ་མདོ་ཏིག་དང་ཉམས་སུ་བླང་བའི་ཚུལ་དངོས་དང་བཅས་པ། འདི་ལ་སྒོམ་རིམ་དུ་རང་གི་སྤྱི་བོར་གཞལ་ཡས་ཁང་གི་ནང་དུ་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་གྱི་ཕྱོགས་བཞིར་གྱིང་བཞི་བསྒོམ་པ་ཡོད། གསང་བ་དབང་བཞི་ཞུ་བསྐུར་གྱི་ཚུལ་དུ་སྒྲུབ་པ་ལ། རང་གི་སྤྱི་བོར་བླ་མ་སྐུ་མདོག་དཀར་པོ་རུས་རྒྱན་ཅན་ཡུམ་མནྡྷ་ར་བ་དང་མཉམ་པར་སྦྱོར་བ་དབུ་གཙུག་ན་གུ་རུ་པྲ་བྷ་ཧ་སྟི་དབང་གི་དུས་རུས་སྦལ་ཕོ་མོ་ཁོག་ཁ་སྦྱར་གྱི་ནང་ཤ་ལྔ་བདུད་རྩི་ལྔས་གང་བ་བསྣམས་པ། འདབ་མ་བཞི་ལ་མཁའ་འགྲོ་བཞི། མཚམས་བཞིར་གྱིང་བཞི། པདྨའི་ཟེ་མཆན་ལ་ཆོས་སྲུང་། དུར་ཁྲོད་ལ་ཌོམྦྷི་པ་ལ་སོགས་པའི་སློབ་དཔོན་བརྒྱད། བདེ་བྱེད་ལ་སོགས་པའི་མཆོད་རྟེན་བརྒྱད། གངྒཱ་ལ་སོགས་པའི་ཆུ་བརྒྱད། གཅན་གཟན་བརྒྱད། རྡོ་རྗེ་ཕག་མོ། ཞི་བ་འཚོ། བདུད་འདུལ་མ་སོགས་མཁའ་འགྲོ་བརྒྱད་ཀྱི་དམིགས་རིམ་ཡོད་པ། བླ་སྒྲུབ་ཕྱི་ནང་གསང་གསུམ་གྱི་དོན་གྱི་མན་ངག་གནད་ཀྱི་ལྡེ་མིག་ཉམས་སུ་བླང་བདེ་


GLG002_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་བྱིན་རླབས་ཀྱི་ཚུལ། དབང་བསྐུར་ཐབས། སྒྲུབ་རྟགས། སྐྱོན་ཡོན། ལས་ཚོགས་ལྔ་དང་མ་འགལ་བར་སྒྲུབ་པ་ལོ་རྒྱུས་ཏེ་དོན་གྱིས་བསྟན་པ་རྣམས། གཉིས་པ་བླ་མ་སྐུ་གསུམ་གྱི་ཆ་རྐྱེན་ལ། མན་ངག་དྲུག་ཅེས་པ་གཏོར་དབང་གནད་ཀྱི་ཤོག་ཅིག་མ་རྡོ་རྗེ་རྒྱལ་པོ་བཀའ་༼ཟུར༽རབ་འབྱམས་ཀྱི་དབང་ཆོག །མན་ངག་ཆོས་སྤྱོད་ལམ་རིམ་བདུན་པ་ཞེས་པ་གསོལ་འདེབས་མཎྜལ། བསྐོར་བ། ཟ་ཚོགས། གཏོར་མ། སཙྪ། ཁྲུས་རྣམས་རེ་རེ་ལ་ཕྱི་ནང་གསང་གསུམ་དུ་དབྱེ་བ། གསུམ་པ་ལས་ཚོགས་ལ། ལས་ཚོགས་གསེར་གྱི་ཁང་བུ་༼ཟུར༽བརྩེགས་པ་ལ་ནང་གསེས་ཀྱི་ཞི་བ། རྒྱས་པ། དབང་དྲག་པོ། སྒྲིབ་པ་སྦྱོང་བ། ཟས་ནོར་སྡུད་པ། འགྲོ་བ་སྡུད་པ། ཆོས་འདུ་བ། མངོན་ཤེས། བླ་མའི་ཐུགས་ལ་འདོགས་པ། ཤེས་རབ་ཆེ་བ། བུད་མེད་ཀྱི་ཡིད་འཕྲོག་པ། མི་ཐམས་ཅད་བྱམས་པ། ཟས་འདུ་བ། མི་ཐམས་ཅད་ཉན་པ། དགྲ་དབང་དུ་བསྡུ་བ། ཞལ་ལྕེ་རྒྱལ་བ། ཚངས་དབྱངས་སྒྲུབ་པ། དོན་སྒྲུབ་པ། གྲུ་མི་བྱིང་བ། ཆུས་མི་འཁྱེར་བ། མིའི་གསང་ཚིག་བདག་ལ་སྨྲ་བ། ལྷ་འདྲེ་མཐོང་བ། བར་གཅོད་བསྲུང་བ་རྣམས། ལས་ཚོགས་ཁ་བསྒྱུར་༼ཟུར༽ཉེར་གཅིག་ལ། དོན་འགྲུབ་པ། ལམ་བསྲུང་། རྩོད་པ་ལས་རྒྱལ་བ། སྡང་བ་ཞི་བྱེད། གནོད་པ་བསྲུང་བ། ཡིད་འཕྲོག་པ། མོས་པ་བསྐྱེད་པ། མཐོང་ཐོས་གསལ་བ། ཤེས་རབ་བསྐྱེད་པ། གཟའ་སྐར་རྨི་ལམ་ངན་པ་བཟློག་པ། ཁྱི་བསྲུང་བ། ལྕགས་འབྱེད། ཚེ་བསྲིང་བ། ནོར་སྒྲུབ། སེར་འབེབས། ངག་གནོན། ཆར་འབེབས། ལྟས་ངན་དབབ་པ། སྨྱོ་འབོག་གཏོང་བ། བསྐྲད་པ། སྲིད་པ་ལྟེ་བ་བསྒྱུར་བ་རྣམས་དཔེ་རིས་དང་བཅས་པ། ལས་ཚོགས་


GLG002_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་འཕྱོང་དྲུག་ལ། རིགས་ལྔ་སྟན་ཐོག་གཅིག་ཏུ་སྒྲུབ་པའི་འཕྱོང་། བླ་མའི་དབང་བླང་བ་བདག་འཇུག་གི་འཕྱོང་། འཆི་མེད་ཚེའི་རིག་འཛིན་བསྒྲུབ་པའི་འཕྱོང་། ནོར་སྒྲུབ་སྦྱིན་སྲེག་གི་འཕྱོང་། ཀླུ་བདུད་གན་ལོག་དང་གཏེར་བདག་མཁའ་རི་ལྕམ་དྲལ་བསྒྲུབ་པའི་འཕྱོང་། ཕྲ་མེན་ཐུགས་ཀྱི་བཟློག་པའི་འཕྱོང་རྣམས། མཁའ་འགྲོའི་གྲིབ་སེལ་གྱི་མདོས་༼ཟུར༽ཞལ་གདམས་དང་བཅས་པ། མཁའ་འགྲོ་བསུ་བཟློག་གི་གཞུང་དངོས་གཞི། ཕྱི་ནས་མཁའ་འགྲོ་བསུ་མིའི་ཞུ་བ། ལན་ནང་མ་རྡོ་རྗེ་སློབ་དཔོན་གྱི་གསུང་། དར་ལམ་གཅོད་བསྒྱུར། མཁའ་འགྲོའི་བརྟན་བཞུགས་ཤར་གླིང་མ། མདོས་གླུད་རྫོང་པ་ནམ་མཁའ་གཡུ་ལྡིང་མ། ཟོར་ཤར་རྡོ་རྗེ་མ་རྣམས། ༈ བཞི་པ་ཐེམས་མེད་སྐོར་ལ། བླ་མ་སྤྲུལ་སྐུའི་གསང་སྒྲུབ་ཡང་དག་པ་ཞེས་རང་ལུས་འདོམ་གང་རྒྱལ་བའི་ཕོ་བྲང་དུ་སེམས་ཀྱི་རྒྱལ་པོ་པདྨ་ཐོད་འཕྲེང་རྩལ་བསྒོམ་པ། གནུབས་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས། ཇོ་མོ་གསུམ་གྱིས་ཞུས་པའི་བླ་མའི་སྒྲུབ་ཐབས་ཡང་གསང་དོན་གྱི་སྙིང་པོ་ལ་ནང་གསེས་ཀྱི་གནང་བར་ཞལ་གྱིས་བཞེས་པ། སྤྲོས་བཅས་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ། སྤྲོས་མེད་རང་རིག་བླ་མའི་སྐུར་སྒྲུབ་པ་སྟེ་འདི་རྣམས་ཤིན་ཏུ་དཀོན་ཞིང་གཙིགས་ཆེ་བ་ཡིན་གསུང་བ་རྣམས། ལྔ་པ་ལ། བླ་མ་སྐུ་གསུམ་དུ་མི་གཏོགས་པ་གནམ་སྐས་གའུ་ནག་པོ་ལས་བྱུང་བའི་པདྨ་ཐོད་འཕྲེང་གི་སྒྲུབ་པ་ཐུགས་རྒྱུད་བྱིན་གྱིས་བརླབ་པ་དང་བཅས་པ་རྣམས་ལས་བུ་སྟོན་གོང་ཁུག་མ་མ་གཏོགས་པའི་ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི་ཁྲ་ཚང་པ་བཞུགས་པའི་བླ་མ་གསང་འདུས་ཀྱི་བརྒྱུད་པ་ལྟར་དང་། བུ་


GLG002_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་གོང་ཁུག་མའི་བརྒྱུད་པ་ནི། གཏེར་སྟོན་ནས་བླ་མ་ཚུལ་ཁྲིམས་བཟང་པོ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་ལོ་ཙཱ་བ། འཇམ་དབྱངས་གྲགས་པ་རྒྱལ་མཚན། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། དཀའ་བཞི་པ་རིན་ཅེན་མཆོག་གྲུབ། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། འཇམ་མགོན་བསོད་ནམས་མཆོག་ལྡན། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །ཁ་བསྒྱུར་ཉེར་གཅིག་མ་གཏོགས་པའི་ཟུར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ལུགས་གཅིག་ནི་བླ་མ་གསང་འདུས་དང་འདྲ། ཁ་བསྒྱུར་ཉེར་གཅིག་གི་བརྒྱུད་པ་ལུགས་གཅིག་ལ་སྤྲུལ་སྐུ་ཆོས་ཀྱི་དབང་པོ་ནས། རིག་འཛིན་ལེགས་ལྡན་རྡོ་རྗེ། བ་ལེ་བ་རྣམ་རྒྱལ་དཔལ་བཟང་། རྟག་ལུང་ངག་དབང་རྣམ་རྒྱལ། ཟུར་ཆེན་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཉིས་པ་བླ་མ་གསང་བ་ཡོངས་རྫོགས་ཀྱི་སྐོར་ནི། རྩ་གསུམ་ཡོངས་རྫོགས་སྒྲུབ་ཆེན་རྩ་བ་དང་ཿ སྒྲུབ་འབུམ་དབང་འབུམ་མངོན་རྟོགས་ལས་བྱང་དང་ཿ ཐུན་མོང་སྤྱི་གདམས་བསྟོད་བསྐུལ་ཚོགས་ལས་དང་ཿ སྟོད་སྨད་ལས་ཀྱི་མདེ་ཁ་ཉི་ཤུ་གཅིགཿ བསྟན་སྲུངས་ཕོ་ཉའི་སྐོར་སོགས་ཡིག་སྣ་ནིཿ བཞི་བཅུ་རྩ་ལྔ་དག་གིས་ཡོངས་སུ་རྫོགསཿ ཞེས་གསུངས་པས། ཤེས་རབ། དད་པ། བརྩོན་འགྲུས། གཏོང་བ། ལས་འཕྲོ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བའི་དགེ་བའི་ཆོས་བཅོ་ལྔ་ལྡན་པའི་སྣོད་ལྡན་ལ་གདམས་པ་ཕུན་སུམ་ཚོགས་པ་བཅོ་ལྔའི་བདག་ཉིད་ཕྱི་ནང་གསང་གསུམ་ཡོངས་སུ་རྫོགས་པའི་སྒྲུབ་སྐོར་ནོད་པ་ལ། ཐོག་མར་དབང་གཞུང་རྩ་བ་གཞིར་


GLG002_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །ཟུར་འདེབས་རྣམས་ཀྱི་ཁ་བསྐངས་ཏེ་བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་ངོ་སྤྲོད་དང་བཅས་པའི་དབང་། ལྷ་སྔགས་ཆོས་གསུམ་གྱི་དབང་། ཕན་པའི་དབང་བཅུ། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་། རྩ་བ་གསུམ་དྲིལ་བླ་མའི་གཏོར་དབང་བཀྲ་ཤིས་སྨོན་ལམ་གདབ་པ་སོགས་བརྒྱུད་པའི་ཕྱག་བཞེས་མ་ཉམས་པར་ནོས་ནས། ལུང་གི་སྐོར་ལ། དབང་སྒྲུབ་འཕྲིན་ལས་སྐོར། ལས་སྡེའི་སྐོར། བཀའ་སྲུངས་སྐོར་དང་གསུམ། དང་པོ་ལ། གུ་རུ་པདྨ་འབྱུང་གནས་ཡི་དམ་མཁའ་འགྲོར་བཅས་པའི་སྒྲུབ་ཐབས་སྤྱི་བྱེ་བྲག་ཀུན་གསང་བ་ཡོངས་སུ་རྫོགས་པར་བསྒྲུབ་པའི་རྩ་བའི་སྡོམ་མཚོ་རྒྱལ་གྱིས་ལན་བཅུ་གསུམ་ཞུས་པའི་རྟིང་ལ་གནང་བ། སྒྲུབ་ཆེན་ཡོངས་རྫོགས་ཀྱི་ཐ་རམས་སུ་གྲགས་པ་རྩ་ཐོའམ་སྡོམ་གྱི་ས་བཅད་རྒྱལ་ཡུམ་མཚོ་རྒྱལ་གྱིས་མཛད་པ། སྒྲུབ་ཆེན་གྱི་སྔོན་འགྲོ་སྟ་གོན་བསྙེན་སྒྲུབ་གཞུང་སྲོང་ལོགས་སུ་བཀོལ་བ། དངོས་གཞི་བསྙེན་སྒྲུབ་ཀྱི་ལས་འཁྲིགས་འཕྲིན་ལས་གཞུང་བསྲང་བ། འཕྲིན་ལས་ཀྱི་ས་མ་འགྲེལ་ཇོ་མོས་མཛད་པ། སྔགས་བྱང་བཀའ་ཤོག་མི་འགྱུར་བའི་ཐེམས། ཐུགས་དམ་བསྐང་བའི་ལས་ལྡེ། སྒྲུབ་པའི་མཇུག་ཏུ་དངོས་གྲུབ་བླང་བ། ཇོ་མོ་མཚོ་རྒྱལ་གྱི་ཞུ་ལན་རིན་པོ་ཆེའི་འོད་ཅེས་བྱ་བ་དབང་གི་སྤར་ཁབ་སློབ་དཔོན་གྱིས་ཇོ་མོ་ལ་གསུངས་པ། སྒྲུབ་ཆེན་གྱི་རྒྱབ་སྐྱོར་ཞལ་གདམས་ཉམས་ལེན་རྒྱུན་ཁྱེར། ཉམས་ལེན་རྒྱུན་ཁྱེར་ཆོག་སྒྲིགས་མ། གསང་སྔགས་ཉམས་སུ་ལེན་པའི་སྤྲ་འཁྲིད་སྒྲུབ་ཆེན་གསང་བ་ཡོངས་རྫོགས་ལ་སོགས་པའི་གསང་སྔགས་ཀྱི་སྤྱི་ཁོག་ལག་ལེན་གསལ་བའི་སྒྲོན་མེ་ཉི་མའི་འོད་ཟེར་ཞེས་བྱ་བ་སྒྲུབ་ཆོས་དྲུག་གསུམ་བཅོ་བརྒྱད། སྒྲུབ་འབུམ་ཆོག་སྒྲིགས་


GLG002_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་སྨན་ལུང་མི་བསྐྱོད་རྡོ་རྗེའི་ཕྱག་བཞེས་དངོས་གྲུབ་འདོད་འཇོ། དབང་བསྐུར་རྩ་བ། དབང་འབུམ་ཆོག་སྒྲིགས་མཛད་བྱང་མི་གསལ་ཡང་ལག་ལེན་ཤིན་ཏུ་བདེ་བ་མཆོག་ཐུན་དངོས་གྲུབ་སྒྲུབ་ཐབས་སྨན་ལུང་པས་མཛད་དམ་ཟེར་བ་རྣམས། གཉིས་པ་ལས་ལྡེའི་སྐོར་ལ། གཞལ་ཡས་དོན་བསྟོད་ཀྱི་ལས་ལྡེ། གཏོར་བཟློག་ལས་ལྡེ། རྩ་གསུམ་འཕྲིན་ལས་བསྐུལ་བའི་ལས་ལྡེ། གསང་སྒྲུབ་དྲག་སྔགས་ཀྱི་ལས་ལྡེ་དགྲ་བགེགས་ཧུར་ཐུམ་དུ་གཏོང་བ་སྒྲུབ་ཆེན་གསང་བའི་དྲེགས་པ་ཅན་ཚར་གཅོད་པའི་ལས་ལྡེ་རལ་གྲི་ཆུང་བརྡེག་ཚོགས་ལས་ཆད་མཐོའི་ལས་ལྡེ། བསྟན་མའི་ལས་ལྡེ། ལས་ཚོགས་གསེར་ཁང་དང་ཁ་བསྒྱུར་ཉེར་གཅིག་གཉིས་འདིའི་ཆ་ལག་ཏུ་ཡང་ཡོད་དོ། །གསུམ་པ་བཀའ་སྲུང་སྐོར་ལ་བཀའ་སྲུང་མགོན་པོ་དུས་མཚན་གྱི་སྒྲུབ་ཐབས། གསང་བ་སྒྲུབ་ཆེན་ཞེས་པར་འཁྲུལ་ནས་བཀའ་བརྒྱད་ཀྱི་གླེགས་བམ་དུ་འཇུག་མཁན་ཡང་བྱུང་འདུག་གོ །བཀའ་སྲུང་སྒྲོལ་གྱིང་དཀར་པོའི་སྒྲུབ་ཐབས། བསེ་གྱིང་དམར་པོའི་སྒྲུབ་ཐབས། ནག་པོ་སྐྲ་འཐེན་གྱི་སྒྲུབ་ཐབས། བཀའ་སྟོད་གནད་ཀྱི་གདམས་པ། དོན་གྱི་མན་ངག་གནད་ཀྱི་ལྡེ་མིག །དཀྱིལ་འཁོར་གཏོར་མ་འཁོར་ལོ་ལིངྒ་སོགས་ཀྱི་དཔེའུ་རིས་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁར་ཆེན་བཟའ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །སྨན་ལུང་པ་མི་བསྐྱོད་རྡོ་རྗེ་ནས་བཟུང་སྟེ་ཁྲ་ཚང་པ་མཁས་གྲུབ་ཆེན་པོའི་བར་བླ་མ་གསང་འདུས་ཀྱི་བརྒྱུད་པ་ཇི་ལྟ་བའོ། །ཡང་དབང་དང་ལུང་ཐོར་བུ་ཞིག་གི་བརྒྱུད་པ་


GLG002_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གཅིག་ལ་མཁས་གྲུབ་ཀརྨ་གུ་རུ་ཡན་བླ་མ་གསང་འདུས་ལྟར་ལ། དེ་ནས་གུ་རུ་ཀུན་མཁྱེན་དབང་ཕྱུག །དེས་ཁྲ་ཚང་པ་མཁས་གྲུབ་ཆེན་པོ། དེས་བདག་ལའོ། ༈ །ལ་སྟོད་ཀྱི་འཕགས་པ་འཇའ་མ་ལིར་གྲགས་པའི་དད་ལྡན་གྱི་སློབ་མ་ཞིག་གིས་ཞུས་པ་ལ་བརྟེན་སྤྲུལ་པའི་གཏེར་སྟོན་གུ་རུ་ཆོས་དབང་གིས་ཐུགས་ཀྱི་གཏེར་ནས་ཞལ་གྱི་སྒོར་ཕྱུང་བ་དགོངས་གཏེར་གྱི་བསྟན་བཅོས། དུས་གསུམ་བླ་མའི་ངོ་བོར་གྱུར་པ་གུ་རུ་པདྨ་འབྱུང་གནས་དང་ཡི་དམ་བདེ་གཤེགས་ཀུན་འདུས་རྒྱལ་བ་རིགས་ལྔ་ཁྱད་པར་གྱི་ལྷར་བཅས་པ་ཡེ་ཤེས་མཁའ་འགྲོ་དཔའ་བོ་དཔའ་མོ་དང་བཅས་པའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་ལེའུ་བཅོ་བརྒྱད། ཕན་ཡོན་གྱི་ལེའུ་དང་བཅུ་དགུ །བརྒྱད་པ་བསྟོད་པའི་ལེའུ་ལ་ནང་གསེས་སྐབས་བཅོ་ལྔ་དང་བཅས་པ་རྣམས་ཀྱི་ལུང་བརྒྱུད་ནི། མཁས་གྲུབ་ཀརྨ་གུ་རུ་ཡན་བླ་མ་གསང་འདུས་ལྟར་ལ། དེ་ནས་གྲུབ་བརྙེས་ནམ་མཁའ་ཆོས་དབང་། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །སྒྲུབ་སྐོར་འདི་རྒྱུན་དུ་གསུང་རབ་ལྟར་ཀློག་ཀྱང་ཕན་ཡོན་ཆེ། བླ་མ་གསང་འདུས་ཀྱི་གྲལ་དུ་མི་ཐེ་གསུང་ངོ་། ༈ །ཆོས་དབང་རིན་པོ་ཆེས་གཏེར་སྲུངས་ལ་བཀའ་བསྒོས་དམ་བསྒྲགས་ཏེ་ཡར་ཀླུངས་བརྩོན་སེང་བཏང་ནས། བསམ་ཡས་ཨཱཪྻ་པ་གླིང་གི་རྟ་མགྲིན་ཞབས་འོག་བསེ་སྒྲོམ་སྨུག་པོ་ནས་གདན་དྲངས་པའི་ཨོ་རྒྱན་ཆེན་པོ་ཀརྨ་གུ་རུ་དར་ནག་བེར་ཆེན་གྱི་སྒྲུབ་པ་ཟབ་ཅིང་ཕུལ་དུ་བྱུང་བ་འགྲོ་བ་འདུལ་བྱེད་ནོས་པའི་བརྒྱུད་པ་ནི་ཨོ་རྒྱན་པདྨ་ཀ་ར། གུ་རུ་ཆོས་དབང་། སྨན་ལུང་ཤཱཀ་འོད། དྭགས་སྟོན་དབང་རྡོར། གཉན་སྟོན་རྡོར་ཡེ། སེ་སྡིངས་པ་ཡབ་སྲས་གཉིས། མཁར་པོ་ཆོས་


GLG002_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

འོད། ནམ་མཁའ་གུ་རུ། ཙེ་ལེ་རིག་འཛིན་ཆེན་པོ་ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། བྲག་སྣ་བ་ཀུན་མཁྱེན་དབང་ཕྱུག །ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་ཁྲ་ཚང་མཁས་གྲུབ་ཆེན་པོ་ནས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །དར་ནག་བེར་ཆེན་ཡང་བླ་མ་གསང་འདུས་ཀྱི་ཐེམས་མེད་དུ་ངོས་འཛིན་ནོ། །སྤྲུལ་པའི་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་གིས་ཀླུ་བདུད་དབུའི་ནང་ནས་སྤྱན་དྲངས་པའི་ཐུགས་སྒྲུབ་དྲེགས་པ་ཚར་གཅོད་ཀྱི་ཆོས་སྐོར་ལ་སྨིན་བྱེད་དབང་གི་ཆོ་གའི་སྟེང་ནས་རྩ་བ་དོན་གྱི་དབང་བཞི། མཐའ་རྟེན་འཕྲིན་ལས་བཞིའི་དབང་། ཁྱུང་གི་དབང་། བླ་མའི་གཏོར་དབང་དང་བཅས་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་གི་སྐོར་ལ། རྩ་བའི་སྒྲུབ་སྐོར། ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར། སྒོས་སྒྲུབ། ལྷན་ཐབས། བཀའ་སྲུང་གི་སྐོར་དང་ལྔ། དང་པོ་ནི། ལོ་རྒྱུས་སྒོམ་ཁོག །འདིའི་ལུང་བསྟན་གྱི་གཅིག་པུ་དེ་དང་དུས་མཚུངས་འབྱུང་ཞེས་པ་ཡན་ལས་དེ་མན་དཔེ་མ་འབྱོར་བས་མ་ཐོབ། རྩ་བའི་སྒྲུབ་ཐབས་ཀྱི་དྲག་སྔགས་ཚིག་ལྷུག་པ། ཐུགས་སྒྲུབ་དྲེགས་པ་ཚར་གཅོད་ཀྱི་རྩ་བ་ཚིགས་བཅད་མ་པདྨའི་ཐུགས་སྔགས་མ་ཡིག་ཤོག་སེར་དང་པོ་གོ་ཆའི་ལྷ་བསྟན་པ་བུ་ཡིག་ཤོག་སེར་དང་པོ། དངོས་གྲུབ་གཏོར་མའི་ལས་རིམ། བསྲུང་འཁོར། རྒྱལ་བསེན་སྲོག་འཁོར་བགེགས་ཆེན་ཤི་ས་བསྟན་པ། གཞན་ལ་བསྲུང་བ་བྱ་བ། ཟློག་པའི་ཙཀྲ། རྒྱལ་བསེན་ཨར་ལ་གཏད་པ། སྦྱིན་སྲེག་ལས་ཀྱི་མདེ་ཐུང་། སྲིའུ་གསོ་བ། བུམ་སྒྲུབ་ཐོད་མཛེ་ནད་འཇོམས། སེར་བ་གཅོད་པ། དྲག་པོའི་གཏོར་


GLG002_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མ། བྱབ་གཏོར་དུག་འབྱིན། དྲག་པོ་མཐའ་འདུལ་ཀྱི་ལས་ཐེམས་ཡིག་དང་བཅས་པ་རྣམས། གཉིས་པ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་ལ། ཕྱི་སྒྲུབ་མ་རིག་མུན་སེལ། ནང་སྒྲུབ་དངོས་གྲུབ་ཆར་འབེབས། གསང་སྒྲུབ་རྡོ་རྗེའི་ཕ་ལམ། གསང་སྒྲུབ་ཀྱི་བུ་ཡིག་གུད་དུ་སྦས་པ་བསྲུང་བའི་འཁོར་ལོ་རྣམས། གསུམ་པ་སྒོས་སྒྲུབ་ལ། ཚེ་དཔག་མེད་ཀྱི་སྒོས་སྒྲུབ། འཇམ་དཔལ་སྐུའི་སྒོས་སྒྲུབ། རྟ་མགྲིན་གསུང་གི་སྒོས་སྒྲུབ། ཕྱག་རྡོར་ཐུགས་ཀྱི་སྒོས་སྒྲུབ། མཁའ་འགྲོ་ཡོན་ཏན་གྱི་སྒོས་སྒྲུབ། ཁྲོ་བོ་ཁྱུང་གི་སྒོས་སྒྲུབ། ཁྱུང་གི་བསྟོད་པ་ང་ནི་དབང་དྲག་མ། ཁྲོ་བོ་དཔལ་མེའི་འཁོར་ལོ་འཛིན་པའི་མན་ངག་གུད་དུ་སྦས་པ། ཨར་ལ་གཏད་པ་སྡིག་པས་སྙིང་རྩ་ཟ་བ། ཏིང་ངེ་འཛིན་ལ་བརྟེན་པའི་བསྲུང་བ་ཀུན་གྱི་མཆོག་གྱུར། ལྷ་ཚོགས་ཀྱི་བསྟོད་པ་ཁྲོ་བོའི་རྒྱལ་པོ་མ་མེ་དཔལ་འཕྲིན་ལས་ཀྱི་སྒོས་སྒྲུབ། ཐུགས་སྤྲུལ་ལྕགས་སྡིག་གི་སྒོས་སྒྲུབ། སྡིག་པའི་མངོན་རྟོགས་བསྟོད་བསྐུལ་ཆོས་ཉིད་མ། བདུད་འདུལ་གིང་བཞིའི་སྒྲུབ་པ་རྣམས། བཞི་པ་ལྷན་ཐབས་སྐོར་ལ། ལས་བྱང་ལག་ལེན་འདུས་པ། བསྐང་གསོ་ཡོན་ཏན་ཀུན་འབྱུང་། སྨིན་གྲོལ་དབང་གི་ཆོ་ག །སྒྲུབ་དུས་དཀྱིལ་འཁོར་གཤོམ་གྱི་ལྷན་ཐབས། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག །ཐུགས་སྒྲུབ་ཀྱི་སྔགས་ཀུན་ལ་བཀབ་ཆོག་པའི་དབྱངས་གསལ་གྱི་དགྲ་གྲོགས་བརྩི་ཐབས་རྣམས། ༈ ལྔ་པ་བཀའ་བསྲུང་བདུད་བཙན་ཀླུ་གསུམ་གྱི་མངོན་རྟོགས་གཏོར་འབུལ་འཕྲིན་ལས་བསྐུལ་བ་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། རྒྱལ་ཡུམ་མཚོ་རྒྱལ། ཆོས་དབང་རིན་པོ་ཆེ།


GLG002_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ལུང་མི་བསྐྱོད་རྡོ་རྗེ། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་རྡོ་རྗེ་ཡེ་ཤེས། སེ་སྡིངས་པ་ཡབ་སྲས། ཙེ་ལེ་བ་ཆོས་སྐུ་འོད་ཟེར། སྤྲུལ་སྐུ་ཆོས་ཀྱི་རྡོ་རྗེ། བླ་མ་ཤེས་རབ་དབང་ཕྱུག །དྲན་མཆོག་ཆོས་ཀྱི་དབང་པོ། མཁས་གྲུབ་ཀརྨ་གུ་རུ། ཐུགས་སྲས་ཀརྨ་དབང་འབྱོར། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཆོས་སྐུ་འོད་ཟེར་ནས། མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་གོང་ལྟར། ཡང་ན་གཏེར་སྟོན་ནས། གྲུབ་ཐོབ་མ་ཎི་རིན་ཅེན། མཁས་གྲུབ་རྒྱལ་མཚན་སེང་གེ །ཐུགས་རྗེ་དཔལ། ཚུལ་ཁྲིམས་འབུམ། དྷརྨ་ལིཀྵ། ཡེ་ཤེས་རྒྱལ་མཚན། བྱང་སེམས་ཆོས་རྗེ། བླ་མ་ཤེས་རབ་དབང་ཕྱུག་མན་སྔར་བཞིན་ནོ། །བླ་མ་དྲག་པོའི་སྐོར་འདི་རྣམས་ཀྱང་བླ་མ་གསང་འདུས་ཀྱི་ཐེམས་མེད་དུ་ངོས་འཛིན་ནོ། ༈ །ལ་ཡག་མོན་མཁར་སྟེང་དུ་སློབ་དཔོན་ཆེན་མོ་བཀྲ་ཤིས་ཁྱེ་འདྲེན་གྱིས་ཞུས་པའི་ཡེ་ཤེས་མཚོ་རྒྱལ་གཙུག་གི་རྒྱན་གཅིག་གི་སྒྲུབ་པ་ལ་གླེང་གཞི་ཕྱི་ཡེ་ཤེས་མཚོ་རྒྱལ་ལ་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ། ནང་ཇོ་མོ་དྲག་མོ་རྩལ་རྡོ་རྗེ་རྣལ་འབྱོར་མར་སྒྲུབ་པ་ཞར་བྱུང་མཁའ་འགྲོ་སྤྱི་ལུང་དབང་གི་ཆོ་ག་དང་བཅས་པ། གསང་བ་ཇོ་མོ་རང་སེམས་བརྗོད་བྲལ་དུ་ངོ་སྤྲོད་པ། རང་ཐུགས་རྗེ་ཆེན་པོར་བསྒོམ་པའི་བསྙེན་པ། ཇོ་མོ་རྣལ་འབྱོར་མར་བསྐྱེད་པའི་ཐུགས་ཀར་ཕག་གདོང་ལྕགས་མཆེ་ཅན་བསྒོམ་པའི་འབྲུ་གསུམ་གྱི་སྒྲུབ་པ། ལས་སྦྱོར་ཇོ་མོ་ཁྲོས་ནག་ཏུ་བསྐྱེད་དེ་ཧཱུྃ་གི་སྒྲུབ་པ་རྣམས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་པདྨ་འབྱུང་གནས། མཁའ་


GLG002_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཡེ་ཤེས་མཚོ་རྒྱལ། མོན་མོ་བཀྲ་ཤིས་ཁྱེ་འདྲེན། ཆོས་དབང་རིན་པོ་ཆེ། སྨན་ལུང་ཤཱཀ་འོད། དྭགས་སྟོན་པ། གཉན་སྟོན་པ། སེ་སྡིངས་པ་ཡབ་སྲས། གུ་རུ་ཆོས་འོད། མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཁྲ་ཚང་པ་མཁས་གྲུབ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སྤྲུལ་སྐུ་ཆོས་ཀྱི་དབང་པོ་ནས། ཀརྨ་གུ་རུ། ཐུགས་སྲས་དབང་འབྱོར། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །གསང་འདུས་ཆ་ལག་མནལ་ལམ་ཞྭ་ནག་མའི་ལུང་བརྒྱུད་ནི། གཏེར་སྟོན། སྲས་པདྨ་དབང་ཆེན། མཚན་ལྡན་ཆོས་རྒྱལ་མཚན། དྲིན་ཅན་མ། གུ་རུ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་བུ་འཛིན་པ། རྗེ་ནོར་བུ་དོན་གྲུབ། སངས་རྒྱས་ནོར་བཟང་། བཤེས་གཉེན་ཆོས་རྒྱལ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། མཁས་གྲུབ་ཀརྨ་གུ་རུ། དེ་ལ་རང་གྲོལ་ནམ་མཁའ་ཆོས་དབང་དང་བྲག་སྣ་ཀུན་མཁྱེན་དབང་ཕྱུག་གཉིས་ཀས་གསན། དེ་ལ་ཁྲ་ཚང་པས་གསན། དེས་བདག་ལའོ། །ཡང་ན་ནོར་བུ་འཛིན་པ་ནས། དོན་ཡོད་རྒྱལ་མཚན། བཤེས་གཉེན་ནོར་བུ། ཀུན་དགའ་དཔལ་བརྟན། གཏེར་སྟོན་ལྷ་དབང་གྲགས་པ། གུ་རུ་ཚེ་བརྟན། པདྨ་དབང་ཆེན། ཀརྨ་ཆོས་སྐྱོང་། བཀྲ་ཤིས་ལྷུན་གྲུབ། ཁྲ་ཚང་པ་ཆེན་པོ། དེས་བདག་གོ །ལྷ་བུ་བཙོན་འཛིན་གྱི་བསྲུང་བའི་ལུང་བརྒྱུད་ནི། རྗེ་ཀརྨ་གུ་རུ་ཡན་བླ་མ་གསང་འདུས་ལྟར་ལ། དེ་ནས་རང་གྲོལ་ནམ་མཁའ་ཆོས་དབང་། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །སྤྲུལ་པའི་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་གིས་གཏེར་སྲུང་ལ་བཀའ་བསྒོས་དམ་བསྒྲགས་ཏེ་


GLG002_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་སྟོན་ཛཾ་བྷ་ལ་བཏང་བས་ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་སྒོ་སྲུངས་གྱང་རིས་གཤིན་རྗེ་དམར་པོའི་ཐུགས་ཀ་ནས་གདན་དྲངས་པ་བཀྲ་ཤིས་ཚེའི་རྫོང་སྒྲུབ་ལག་ལེན་རྒྱུན་ཁྱེར་མའི་དབང་ནོས་ནས། ལུང་ལ་གླེང་གཞི་གཏེར་བྱུང་ལེའུ་བདུན་པ་ན་འདི་བཞིན་གསལ་བར་འདུག །ལེའུ་བཅུ་གཉིས་པར་ཕྱག་མཐེབ་ནས་བཅུད་ལེན་དང་ལྷ་སའི་ཆུ་རགས་བྱ་ཐབས་ལས་གཞན་མི་གསལ་ཞིང་། འོན་ཀྱང་དེང་སང་ཕྱག་མཐེབ་ནས་བྱུང་བ་དང་རྒྱུན་ཁྱེར་མཁར་ཆུ་མར་ཡང་གྲགས་ལ། གཏེར་གཞུང་ན་རྣམ་སྣང་ཐུགས་ཀ་ནས་བྱུང་ཟེར་བ་སོགས་ཐེ་ཚོམ་གྱི་གཞི་བག་ཙམ་སྣང་བས་དཔྱད་དོ། །ལོ་རྒྱུས། དཔེ་ཚན་གཅིག་པུ་འདི་ཕྱག་མཐེབ་ནས་བྱུང་ཟེར། སྡོམ་ཚིག །སྒྲུབ་པ་དངོས་ལ་སྔོན་འགྲོ་དངོས་གཞི་མཇུག་གསུམ་དང་བཅས་པ་སྟེ་ཆོས་ཚན་ལྔ་པོ་ཆོས་སྡེ་གཅིག་ཏུ་བཞུགས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། མཁར་ཆེན་མཚོ་རྒྱལ། ཆོས་དབང་རིན་པོ་ཆེ། ཡར་ཀླུངས་སྤྲུལ་སྐུ་ཤཱཀ་འོད། སངས་རྒྱས་དྭགས་སྟོན། གཉན་སྟོན་པ། སེ་སྡིངས་པ་ཡབ་སྲས། ཙེ་ལེ་ཆོས་འོད། རྗེ་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིག་འཛིན་ཀརྨ་གུ་རུ། དེས་ཐུགས་སྲས་ཀརྨ་དབང་འབྱོར་དང་བྲག་སྣ་ཀུན་མཁྱེན་དབང་ཕྱུག་གཉིས་ལ་གནང་། དེ་གཉིས་ཀ་ལ་ཉང་སྟོན་ཆེན་པོ་བློ་མཆོག་རྡོ་རྗེས་གསན། དེས་བདག་ལའོ། ༈ །ཡང་གཏེར་སྟོན་ཆེན་པོ་གུ་རུ་ཆོས་དབང་གི་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དཀྱིལ་འཁོར་འོག་བསེ་སྒྲོམ་སྨུག་པོ་ནས་སྤྱན་དྲངས་པའི་དམ་ཆོས་འདུས་པ་སྐོར་དགུའི་ནང་ནས། བསྟན་པ་བབས་ཀྱི་ལོ་རྒྱུས་ལས། ལྟ་བ་ཡངས་ཤིང་སྤྱོད་ལམ་བདེཿ དེ་ཕྱིར་ཐུགས་རྗེའི་


GLG002_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྒྱསཿ སྒོམ་སྒྲུབ་མི་གཙོ་བཀླགས་པས་འགྲུབཿ དེ་ཕྱིར་ཐུགས་རྗེའི་བསྟན་པ་རྒྱསཿ བྱ་སླ་ཚེགས་ཆུང་སྒྲུབ་ཐག་ཉེཿ དེ་ཕྱིར་ཐུགས་རྗེའི་བསྟན་པ་རྒྱསཿ ཞེས་དང་། རྩོད་དུས་འཕགས་པའི་འཕྲིན་ལས་དགཿ ཨོ་རྒྱན་ཐུགས་སྲས་སྐྱེས་མཆོག་གིསཿ བསྟན་པའི་གསོལ་འདེབས་དར་རྒྱས་བྱེདཿ ཅེས་མཆོག་ཏུ་ཟབ་ཅིང་རྒྱ་ཆེ་བ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྐོར་ལ། ཐོག་མར་གཏེར་གྱི་དབང་གཞུང་ལྷན་ཐབས་དང་བཅས་པའི་སྟེང་ནས་ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་བུམ་པས་ལུས་བྱིན་གྱིས་བརླབ་པ། ལྷ་དབང་། བདུད་རྩི་སྔགས་ཀྱིས་ངག་བྱིན་གྱིས་བརླབ་པ། མར་མེས་ཡིད་བྱིན་གྱིས་བརླབ་པ། མེ་ལོང་གིས་རང་རིག་ངོ་སྤྲད་པ། ཡི་གེས་འགྲོ་བ་འདུལ་བ། ཡོན་ཏན་བརྗོད་དེ་སྣོད་བཅུད་ངེས་ཤེས་བསྐྱེད་པ་རིག་པ་རྩ་བ་དབང་དང་བཅས་པ་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ་ལོ་རྒྱུས་ལུང་བསྟན་སྐོར། རྒྱུད་ཀྱི་སྐོར། སྒྲུབ་འཕྲིན་དབང་གི་སྐོར། རྫོགས་རིམ་འཁྲིད་ཀྱི་སྐོར། གཞན་དོན་སྐོར། ལས་ཚོགས་བདུན་པའི་སྐོར། རྣལ་འབྱོར་ཉེར་གཅིག་སྐོར། རྟ་མགྲིན་དྲེགས་པ་ཀུན་སྒྲོལ་སྐོར། ཡུམ་བཀའ་མཁའ་འགྲོའི་སྐོར། བཀའ་སྲུང་སྐོར། གཏེར་གནས་མི་གཅིག་པ་འཁོར་བ་དོང་སྤྲུག་ཞི་དྲག་བསྟན་སྲུངས་སྐོར་དང་བཅུ་གཅིག །དང་པོ་ལ། བསྟན་པ་བབས་ཀྱི་ལོ་རྒྱུས་རྒྱལ་པོ་དགྱེས་པའི་གཏམ་འགྲོ་བ་འདྲེན་པའི་ལྕགས་ཀྱུ། ལྷ་ས་བསམ་ཡས་ཀྱི་ཡོན་ཏན་དང་འཇིག་རྐྱེན་ཆུ་བཟློག་གི་ཐབས་དང་བཅས་པ། ཇོ་མོའི་ཞུ་ལན་ལུང་སྐོར་ལྔ་པ་གཏེར་སྟོན་གྱི་ལུང་བསྟན་དང་བར་གཅོད་སེལ་ཐབས་བསྟན་པ། འདི་འཁོར་བ་དོང་སྤྲུག་གི་ཆོས་སྡེར་འདྲེན་དགོས་པ་འདྲ་ཡང་དེང་སང་ཆོས་སྡེ་འདི་


GLG002_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་བཞུགས་པ་མང་བ་བཞིན་བྲིས་པ་ཡིན། ཞུ་ལན་བདུན་པ་ལས། མངའ་བདག་དང་མཚོ་རྒྱལ་གཉིས་ཀྱི་ཞུ་ལན་ཞེས་པ་ཉང་ཆོས་དབང་བསམ་ཡས་ཀྱི་ནུབ་བྱང་མཚམས་རི་སོག་པོ་ཁྲོས་པ་འདྲ་བར་སྤྲུལ་པ་འབྱུང་ཚུལ་མཚོ་རྒྱལ་གྱི་སྐྱེས་རབས་ཐོར་བུ་བསྟན་པ་རྣམས། གཉིས་པ་རྒྱུད་ཀྱི་སྐོར་ལ། ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ལེའུ་བདུན་པ། ཡང་སྙིང་འདུས་པའི་གསང་རྒྱུད་ཀྱི་དོན་འགྲེལ་ཁོག་དོན་ཉི་མའི་སྙིང་པོ་ཆོས་དབང་རིན་པོ་ཆེས་མཛད་པ། གསང་རྒྱུད་ཀྱི་ཁོག་ཕུབ་འགོར་གདོད་ནས་དག་པའི་རང་བཞིན་དང་ལོགས་སུ་ཤེས་པར་བྱའོའི་མཐའ་ཅན་སྐལ་ལྡན་པའི་སློབ་མ་ཞིག་གིས་མཛད་པ། ཡང་སྙིང་འདུས་པའི་རྒྱུད་ཀྱི་ས་བཅད་སྨྲ་བའི་སེང་གེ་སྐལ་ལྡན་པས་མཛད་པ་རྣམས། གསུམ་པ་སྒྲུབ་འཕྲིན་དབང་གི་སྐོར་ལ། རྩ་བའི་སྒྲུབ་ཐབས་གཙུག་གི་ནོར་བུ། ཡང་སྙིང་འདུས་པའི་བསྙེན་སྒྲུབ་གཞུང་སྲོང་དོན་བདུན་གྱིས་བསྟན་པ་པདྨ་སཾ་བྷ་ཝས་མཛད་པ། འཕྲིན་ལས་ཀྱི་ལྷན་ཐབས་སྤྱན་འདྲེན་བཞུགས་ཕྱག་མཆོད་པ་དང་བཅས་པ་བདེ་ཆེན་ཆོས་དབྱིངས་མ། ཡང་སྙིང་འདུས་པའི་བསྙེན་སྒྲུབ་དབང་༼བྱང༽བསྐུར། དབང་གི་༼བྱང༽ལྷན་ཐབས་གསལ་བའི་སྒྲོན་མེ། རིག་པའི་རྩལ་༼བྱང༽དབང་ཁོང་གི་སྙིང་ལྟ་བུ། ཡང་སྙིང་འདུས་པའི་དཀྱིལ་ཆོག་མཛེས་པའི་ཕྲ་མིག་དྭགས་སྟོན་གྱིས་མཛད་པ་ལས་བྱང་། སྐྱེ་བདུན་ཤའི་སྒྲུབ་ཐབས་རྩ་བ་ཚིགས་བཅད་མ། དེའི་འགྲེལ་པ་སྐྱེ་བདུན་ལ་བརྟེན་ནས་བྱང་ཆུབ་བཙན་ཐབས་སུ་བསྒྲུབ་པ། བྲམ་ཟེ་དྲི་མེད་སྙིང་པོའི་གདུང་ཀྱི་ལོ་རྒྱུས་རྣམས། བཞི་པ་རྫོགས་རིམ་འཁྲིད་ཀྱི་སྐོར་


GLG002_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཐུགས་རྗེ་ཆེན་པོའི་ཐུགས་འཁྲིད་ཆེན་མོ། བྲམ་ཟེ་དྲི་མེད་སྙིང་པོའི་སྐུ་གདུང་ལ་བརྟེན་པའི་སྐྱེ་བདུན་ཤ་རིལ་གྱི་ལོ་རྒྱུས། ཐུགས་འཁྲིད་ལ་ཟླ་ཆོས་བདུན་གབ་པ་མངོན་ཕྱུང་། ནམ་མཁའ་རྡོ་རྗེ་ལུ་གུ་བརྒྱུད་ཀྱི་མན་ངག །ཚེ་སྒྲུབ་རྒྱུན་ཁྱེར་མའི་ཁ་བྱང་། དག་པ་ཤེལ་གྱི་ངོ་སྤྲོད། ཡང་སྙིང་འདུས་པའི་ངོ་སྤྲོད་ཡེ་ཤེས་ཟང་ཐལ། ཡང་སྙིང་འདུས་པའི་རྒྱུད་དོན་བཏགས་ཆོག་ཐབས་ཀྱི་རྒྱལ་པོ་གབ་པ་མངོན་ཕྱུང་། ཐབས་ལམ་གདམས་པ་རྩ་རླུང་ཐིག་ལེའི་མན་ངག །གཏུམ་མོ་ཞག་བདུན་རྣམས། ལྔ་པ་གཞན་དོན་སྐོར་ལ། རོ་སྦྱོང་ལག་ལེན་གཏེར་བྱོན། བདུན་ཚིགས་ཀྱི་དམིགས་པ་ཚིགས་བཅད་འདྲེ་བན་གྱིས་བཀོད་པ། བདུན་ཚིགས་ཀྱི་ཆོ་ག་སྐལ་ལྡན་པའི་ཕྱག་བཞེས་བཞིན་བསྒྲིགས་པ། རོ་སྲེག་༼བྱང༽སྨན་ལུང་མི་བསྐྱོད་རྡོ་རྗེས་མཛད་པ། མཚན་བྱང་ལ་རྣམ་ཤེས་འགུགས་ཐབས་རྣམས། དྲུག་པ་ལས་ཚོགས་བདུན་པའི་སྐོར་ལ། མན་ངག་དགོས་པ་ཀུན་འབྱུང་གི་ནང་༼བྱང༽གསེས་ལ། སྐྱེ་བདུན་སྒྲུབ་པ། རྡོ་རྗེ་སེམས་དཔའི་ཐུགས་སྒྲུབ། མི་ཆེན་བྱམས་ཐབས། ཆོམ་རྐུན་བསྲུང་བ། ཉམས་གྲིབ་སེལ་བ། ཁྲོམ་གསེབ་ཏུ་སྨ་མི་འབབ་པ། རིམས་བསྲུང་། མཚོན་བསྲུང་། ལས་རྒྱར་ལས་ཀྱི་མཁའ་འགྲོ་མ་འགུགས་པ། ལྷ་སྲིན་ཁ་འཆིང་། དགྲ་བོ་སྒྲོལ་བའི་བསྟན་སྲུང་། དུག་བསྲུང་བ་རྟགས་གསོ་གསུམ། དཀོར་སྲུང་མོན་པ་ནོར་བསྙེག་གི་སྒྲུབ་པ་རྣམས། རབ་གནས་དགོས་པ་ཀུན་འབྱུང་། ཚོགས་འཁོར། བསྲུང་འཁོར་བཏགས་ཆོག་མ། བསྐྱེད་རིམ་ལ་བརྟེན་ནས་ཐུན་མོང་གི་ཚེ་སྒྲུབ་པ། རྫོགས་རིམ་ལ་བརྟེན་ནས་ཁྱད་པར་གྱི་ཚེ་སྒྲུབ་པ། རྟེན་གསུམ་བཞེང་ཐབས་རྣམས། བདུན་པ་རྣལ་འབྱོར་ཉེར་གཅིག་སྐོར་ལ།


GLG002_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་ལེའུ་དྲུག་པ་ལས་ཚོགས་ཀྱི་སྐོར་མན་ངག་ཁོལ་དུ་ཕྱུང་བ་༼བྱང༽གསུམ་ཚན་གྱི་ནང་གསེས་ལ། ཕྱི་བྱིན་རླབས་དོན་མཚོན་གྱི་དབྱུག་བཅོས། ནང་བརྡ་དོན་ངོ་སྤྲོད་ཀྱི་དབྱུག་ཆོས། གསང་བ་རྟོགས་ལུགས་རྒྱུད་འགྲེལ་གྱི་དབྱུག་བཅོས། ཕྱི་ནད་གདོན་སྡིག་སྒྲིབ་ཞི་བྱེད་ཀྱི་ཁྲུས། ནང་མི་གཙང་ཉམས་གྲིབ་ཞི་བྱེད་ཀྱི་ཁྲུས། གསང་བ་དུག་ལྔ་རྣམ་རྟོག་ཞི་བྱེད་ཀྱི་ཁྲུས། ཕྱི་བྱིན་འབེབས་བར་གཅོད་སེལ་བྱེད་ཀྱི་གསོལ་འདེབས། ནང་སྨིན་བྱེད་དབང་རྫོགས་ཀྱི་གསོལ་འདེབས། གསང་བ་རང་འདེབས་བླ་མ་དབྱེར་མེད་དོན་གྱི་གསོལ་འདེབས། ཕྱི་བསོད་ནམས་ལོངས་སྤྱོད་རྒྱས་བྱེད་ཀྱི་ལས། ནང་ཚེ་དཔལ་རྒྱས་བྱེད་ཀྱི་ལས། གསང་བ་མི་ཟད་གཏེར་ཆེན་རྒྱས་བྱེད་ཀྱི་ལས། ཕྱི་འགྲོ་བ་དབང་དུ་བྱ་བ། ནང་ལས་རྒྱ་དབང་དུ་བྱ་བ། གསང་བ་སྣང་སྲིད་འཁོར་འདས་རིག་པའི་རྩལ་དབང་དུ་བྱ་བ། ཕྱི་སྔགས་ལ་བརྟེན་ནས་བསྟན་པའི་སྤྱི་དགྲ་བསྒྲལ་བ། ནང་ཁྱབ་འཇུག་སྙིང་རྗེའི་ལས་སྦྱོར་གྱིས་རྣལ་འབྱོར་སྒོས་དགྲ་བསྒྲལ་བ། གསང་བ་ཡེ་ཤེས་རལ་གྲིས་ང་བདག་འགོང་པོ་བསྒྲལ་བ། ཕྱི་སྣང་སྲིད་བློས་གཏོང་གི་མཎྜལ། ནང་བདག་འཛིན་བློས་གཏོང་གི་མཎྜལ། གསང་བ་འཁོར་འདས་བློས་གཏོང་གི་མཎྜལ། ཕྱི་སྒོ་གསུམ་སྒྲིབ་སྦྱོང་སྐུ་གསུང་ཐུགས་རྟེན་ལ་བསྐོར་བ། ནང་ཉོན་མོངས་གནས་སྦྱོང་བླ་མ་ལ་བསྐོར་བ། གསང་བ་འཁོར་འདས་རྟོག་སྦྱོང་ཡང་དག་དོན་ལ་བསྐོར་བ། ཕྱི་བདུན་ཚིགས་བསྙགས་ཏེ་རིགས་དྲུག་གནས་ནས་འདྲེན་པ། ནང་དུར་བརྒྱགས་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས་ཚེ་འདས་རིག་འཛིན་གྱི་གྲལ་དུ་དགོད་པ། གསང་བ་ཚེ་འདས་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟིམ་པ། ཕྱི་


GLG002_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་མྱུར་འགྲུབ་ཀྱི་སྦྱིན་སྲེག །ནང་དད་རྫས་ཚོགས་སུ་རོལ་བའི་སྦྱིན་སྲེག །གསང་བ་འཁོར་བ་དོང་སྤྲུག་གི་སྦྱིན་སྲེག །ཕྱི་འབྱུང་བཞི་སྐུ་གསུམ་ཡོངས་རྫོགས་ཀྱི་སཱཙྪ། ནང་ཕུང་པོ་མཆོད་རྟེན་ཡོངས་རྫོགས་ཀྱི་སྭཱཙྪ། གསང་བ་འཁོར་འདས་ཡོངས་རྫོགས་རིག་པ་ཡེ་ཤེས་ཀྱི་སཱཙྪ། ཕྱི་འདོད་ཡོན་ཚོགས་སུ་རོལ་བའི་རྣལ་འབྱོར། ནང་ཤ་ལྔ་བདུད་རྩི་ལྔར་རོལ་པའི་རྣལ་འབྱོར། གསང་བ་རླུང་རྔུབ་བདུད་རྩིར་རོལ་པའི་རྣལ་འབྱོར། ཕྱི་གཏོར་མ་ལ་བརྟེན་ནས་ཚོགས་གསོག་པ། ནང་གཏོར་མ་ལ་བརྟེན་ནས་དངོས་གྲུབ་བླང་བ། གསང་བ་གཏོར་མ་ལ་བརྟེན་ནས་ཞེན་རྟོག་བཟློག་པ། ཕྱི་ཆུ་སྦྱིན་ལ་བརྟེན་ནས་ལོངས་སྤྱོད་འཕེལ་བ། ནང་ཆུ་སྦྱིན་ལ་བརྟེན་ནས་ཕྱི་མའི་བརྒྱགས་ཕྱེ་གསག་པ། གསང་བ་ཆུ་སྦྱིན་ལ་བརྟེན་ནས་རེ་དོགས་དབྱིངས་སུ་དག་པ། ཕྱི་གཞན་དོན་དུ་ལྡང་བ། ནང་རང་དོན་དུ་ལྡང་བ། གསང་བ་གཉིས་མེད་ཆོས་སྐུར་ལྡང་བ། ཕྱི་སྐོར་བའི་བསམ་པས་བགྲོད་པ། ནང་ཞིང་དག་པར་བགྲོད་པ། གསང་བ་རིག་པ་ཤུགས་ཀྱིས་བགྲོད་པ། ཕྱི་ཤེས་བཞིན་བག་ཡོད་དུ་འདུག་པ། ནང་ལྷའི་རྣལ་འབྱོར་དུ་འདུག་པ། གསང་བ་བསམ་གཏན་དང་གནས་སུ་འདུག་པ། ཕྱི་སེམས་ཉིད་ངལ་གསོའི་ཉལ་ཐབས། ནང་ཤེས་བྱ་བུམ་འཇུག་གི་ཉལ་ཐབས། གསང་བ་བདེ་འབྱམས་ཆོས་ཀྱི་དབྱིངས་དུ་ཉལ་ཐབས། ཕྱི་ལྟར་རྨི་ལམ་གཟུང་བའི་ཐབས། ནང་ལྟར་རྨི་ལམ་ཟིན་པའི་དགོས་ཆེད། གསང་བ་རྨི་ལམ་དུ་ལ་ཟླ་བ། ཕྱི་སྣང་སྲིད་ཆོས་སྐུའི་ལམ་ཁྱེར། ནང་གྲགས་སྟོང་གསུང་གི་ལམ་ཁྱེར། གསང་བ་དྲན་རྟོག་ཐུགས་ཀྱི་ལམ་ཁྱེར་རོ། །ཉམས་གྲིབ་མི་གཙང་དག་བྱེད་བུམ་ཁྲུས་རྩ་བ་དགོས་པ་ཀུན་འབྱུང་གཏོར་


GLG002_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལས་རྣམས། བརྒྱད་པ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་སྐོར་ལ། རྟ་མགྲིན་དྲེགས་པ་ཚར་གཅོད་དམ་དྲེགས་པ་ཀུན་སྒྲོལ་དུ་གྲགས་པ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་༼བྱང༽ཐབས། བསྟོད་པ་༼བྱང༽ཡེ་ཤེས་རིག་པ། རྟེན་འབྲེལ་རྫས་ཀྱི་༼བྱང༽བསྲུང་བ། གཏོར་ཆོག་༼བྱང༽བསྡུས་པ། དྲེགས་པ་ཚར་གཅོད་ཀྱི་ལས་བྱང་གཞུང་སྲོང་རྣམས། དགུ་པ་ཡུམ་བཀའ་མཁའ་འགྲོའི་སྐོར་ལ། མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་སྒྲུབ་ཐབས། སྙིང་ཏིག་ནོར་བུ། དེའི་ལས་ཚོགས། སྦྱིན་སྲེག །གཏོར་མའི་ལས་སྦྱོར་རྣམས། བཅུ་པ་བཀའ་སྲུང་སྐོར་ལ། བཀའ་སྲུང་མགོན་པོ་གྲི་གུག་གི་བསྙེན་སྒྲུབ་ལས་སྦྱོར་སྦྲགས་པ་བསྐུལ་བསྐལ་མེ་མ་དང་བཅས་པ། བཀའ་སྲུང་དཀོར་བདག་ཆེན་པོའི་སྒྲུབ་པ་རྣམས། ༈ བཅུ་གཅིག་པ་གཏེར་གནས་མི་གཅིག་པ་འཁོར་བ་དོང་སྤྲུག་ཞི་དྲག་བསྟན་སྲུང་སྐོར་ནི། བཀའ་རྩིས་ལས། ཀྱེ་ཧོ་ཐུགས་རྗེ་ཆེན་པོའི་རྒྱུད་དང་སྒྲུབ་ཐབས་མན་ངག་སྐོར༔ ཐུགས་རྗེ་ཆེན་པོའི་རྒྱུད་སྡེ་ལྔ་བརྒྱ་བརྒྱད༔ ལུང་སྡེ་བསམ་ཡས་མན་ངག་རྒྱ་མཚོའི་རྒྱུད༔ ཨོ་རྒྱན་ངས་བསྡུས་ཉམས་སུ་བླངས་ཤིང་བསྡེབས༔ དེ་ཕྱིར་རིན་ཅེན་ཀླུ་བདུད་ཐུགས་ཀ་རུ༔ ཞེས་གནམ་སྐས་བྲག་ནས་གདན་དྲངས་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་ཆེས་མང་བའི་ནང་ནས་གཙོ་བོར་གྱུར་པ་ནི། ཐུན་མོང་ཐུགས་རྗེའི་སྒྲུབ་སྐོར་ཆོས་མང་གི༔ ཁྱད་པར་ཞག་བདུན་ངེས་འགྲུབ་འདི་ན་མཆིས༔ དེ་གང་ཞེ་ན་འཁོར་བ་དོང་སྤྲུག་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་གསུངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ཆོས་སྐོར་ལ། ཐོག་མར་སྨིན་བྱེད་ལྷ་


GLG002_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལུས། གསང་དབང་ངག །ཆོས་དབང་སེམས། གཏོར་དབང་བཀའ་ལུང་གི་དབང་དང་བཅས་པ་འཁོར་བ་དོང་སྤྲུག་གི་ལམ་དབང་ཏིང་ངེ་འཛིན་གྱི་དབང་བཞི་ཟབ་མོ་ནོས་ནས། ལུང་ལ་རྒྱུད་ལེའུ་ལྔ་བཅུ་རྩ་བཞི་པ་ལས་ལེའུ་བདུན་པ་ཁོལ་དུ་ཕྱུང་བ། དེའི་ས་མ་འགྲེལ། འཁོར་བ་དོང་སྤྲུག་ཡི་གེ་བདུན་མའི་སྒྲུབ་ཐབས། ཉི་མ་མཁའ་ཁྱབ་ཀྱི་འགྲོ་དོན། ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན། དམིགས་གཏད་མཆོད་རྟེན་གྱི་འགྲོ་དོན། མེ་ལོང་ལམ་སོའི་འགྲོ་དོན། གསོལ་འདེབས་ཀྱི་སྒོ་ནས་བསྟོད་པ་རྣམ་པར་མི་རྟོག་པ། རྟགས་ཀྱི་སྒོ་ནས་བསྟོད་པ། དོན་གྱི་སྒོ་ནས་བསྟོད་པ་སྣང་སྲིད་མ། འཁོར་བ་དོང་སྤྲུག་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་སྒྲུབ་ཐབས་དངབཅས་པ་རྒྱུད་ལས་ཁོལ་དུ་ཕྱུང་བའི་ལེའུ་ཉི་ཤུ་རྩ་གསུམ་པ། བཀའ་གཏེར་སྤྱི་བབས་ཀྱི་སྟོང་ཐུན་བྱེ་བྲག་ཏུ་ཐུགས་གཏེར་ཆེན་པོ་འཁོར་བ་དོང་སྤྲུག་གི་ཁོག་དབུབ་མུན་སེལ་ཞི་བའི་སྙིང་པོ་གཏེར་སྟོན་གྱིས་མཛད་པ། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་དབང་བསྐུར་དབང་གི་བཀོལ་བྱང་དུ་གྲགས་པ། དེས་མཛད་པའི་ལམ་དབང་གི་ཆོ་ག་ཨོ་རྒྱན་བླ་མའི་ཞལ་ལུང་བདུད་རྩིའི་ཆར་འབེབས། དེས་མཛད་པའི་དོང་སྤྲུག་རྒྱུན་འཁྱེར། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པའི་བརྒྱུད་འདེབས་ཆོས་དབྱིངས་རང་གྲོལ། དོང་སྤྲུག་རབ་ཏུ་ཁྲོས་པ་རྟ་མགྲིན་གསང་བ་སྲོག་སྒྲུབ་སྐོར་ལ། དོང་སྤྲུག་གི་རྒྱུད་ནས་ལེའུ་བརྒྱད་པ་ཡིག་བདུན་དྲག་སྒྲུབ་བསྟན་པ་ཁོལ་དུ་ཕྱུང་བ། དེའི་ས་བཅད་རབ་དབྱེ་ལྔའི་སྒོ་ནས་བཤད་པ། དབང་ཆེན་སྲོག་སྒྲུབ་ཉམས་ལེན་ལ་དོན་ལྔར་བསྟན་པའི་བསྲུང་མཚམས། རྟེན་བཤམ་པ། སྒྲུབ་པ་བསྐྱེད་རྫོགས།


GLG002_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་སྐད་ཀྱི་དགོངས་པ། ལས་ཚོགས་ཀྱི་ནང་གསེས་ལ་འགྲོ་བའི་སྡུག་བསྔལ་དུས་གཅིག་ལ་སྦྱང་བ། སྲིད་གསུམ་སེམས་ཅན་ལ་དབང་དུས་གཅིག་ཏུ་བསྐུར་བ། ཁམས་གསུམ་དུས་གཅིག་ལ་དབང་དུ་བསྡུ་བ། འཁོར་བ་དུས་གཅིག་ལ་སྒྲོལ་བ། གསང་བ་སྲོག་སྒྲུབ་ཀྱི་གནད་ཏིག་རྟ་སྐད་ཐེངས་གཅིག་གི་དགོངས་པ། གཞན་ཡང་མ་ཎི་གཉིས་ལྡན་གྱི་གདམས་པ། ཡི་གེ་གཅིག་པའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ཞལ་མཐོང་གི་སྒྲུབ་ཐབས་དང་བཅས་པ་རྣམས་ཐོབ་པ་ལས་འཁོར་བ་དོང་སྤྲུག་གི་དབང་གཉིས་པོ་དང་འཇམ་དབྱངས་མཁྱེན་བརྩེ་ཁུ་དབོན་གྱིས་མཛད་པའི་ཡིག་ཆ་མ་གཏོགས་ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གུ་རུ་ཆོས་ཀྱི་དབང་ཕྱུག །སྨན་ལུང་མི་བསྐྱོད་རྡོ་རྗེ་དང་ཆོས་ལྡན་མགོན་པོ་སྟེ་ཡར་ཀླུངས་སྤྲུལ་སྐུ་མཆེད་གཉིས། སྤྲུལ་སྐུ་ཤཱཀྱ་གཞོན་ནུ། དགེ་སྦྱོང་བསོད་ནམས་བཟང་པོ། སྤྲུལ་སྐུ་ནོར་བུ་འཛིན་པ། རྗེ་ནོར་བུ་དོན་གྲུབ། གུ་རུ་བསམ་འཕེལ་ནོར་བུ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། མཁས་གྲུབ་ཀརྨ་གུ་རུ། ཐུགས་སྲས་ཀརྨ་དབང་འབྱོར། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་མི་བསྐྱོད་རྡོ་རྗེ་ནས། དྭགས་སྟོན། གཉན་སྟོན། སེ་སྡིངས་པ་ཡབ་སྲས། གུ་རུ་ཆོས་འོད། སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་གོང་ལྟར། ཡང་ན་གཏེར་སྟོན་ནས། གྲུབ་ཐོབ་མ་ཎི་རིན་ཅེན། རྒྱལ་མཚན་སེང་གེ །ཐུགས་རྗེ་དཔལ། ཚུལ་ཁྲིམས་འབུམ། དྷརྨ་ལཀྵ། ཛྙཱ་ན་ཀེ་ཏུ། བྱང་སེམས་ཆོས་རྗེ། རྣལ་འབྱོར་དབང་


GLG002_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཤེས་རབ་ཡེ་ཤེས། སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་གོང་བཞིན་ནོ། །ཡང་བྱང་གི་རྟགས་ཡོད་པའི་ལུང་བརྒྱུད་ལུགས་གཅིག་ནི། གུ་རུ་ཆོས་སྐུ་འོད་ཟེར་ནས། བླ་མ་དར་མ་བཟང་པོ། ཀླུ་པ་ཆོས་དབང་དཔལ་འབྱོར། དེ་ལ་རྗེ་ནམ་མཁའ་ཤེས་རབ་དང་པཎ་ཆེན་པདྨ་དབང་རྒྱལ་གཉིས་ཀྱིས་གསན། གཉིས་ཀ་ལ་གཅུང་ལེགས་ལྡན་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །འཁོར་བ་དོང་སྤྲུག་གི་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ཌཱ་ཀི་གར་གྱི་དབང་མོ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། མཁར་ཆེན་ཡེ་ཤེས་འཚོ་རྒྱལ། གུ་རུ་ཆོས་ཀྱི་དབང་ཕྱུག །སྲས་པདྨ་དབང་ཆེན། དྲིན་ཅན་མ་སངས་རྒྱས་ཀུན་གྲོལ། རྟོགས་ལྡན་ཆོས་ཉིད་རང་གྲོལ། བླ་མ་སངས་རྒྱས་ལྷུན་དབང་། སྦ་སྟོན་རྡོ་རྗེ་གཞོན་ནུ། སྦ་སྟོན་དཀོན་ཅོག་དཔལ་བཟང་། གནུབས་ཆེན་རིན་ཅེན་དཔལ་བཟང་།གནུབས་ཆེན་རྒྱལ་སྲས་པདྨ། བླ་མ་བཀྲ་ཤིས་དཔལ། གནུབས་སྒོམ་སྨོན་ལམ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཟུར་གྱི་གདུང་འཛིན་ངག་དབང་ཕུན་ཚོགས། ཁྲ་ཚང་པ་མཁས་གྲུབ་ཆེན་པོ། དེས་བདག་ལའོ། །དབང་ཆོག་གི་ལུང་རྒྱུན་གཅིག་དབང་བརྒྱུད་དང་འདྲ་ཞིང་ལུགས་གཅིག་ལ་རྗེ་དབང་རབ་ནས། ཁྱབ་བདག་མགོན་པོ་བསོད་ནམས། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ལམ་དབང་དང་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ཡིག་ཆ་གསུམ་གའི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། རྗེ་བཙུན་བཀའ་འགྱུར་བ་ཆེན་པོ། བླ་མ་


GLG002_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་རྒྱལ་མཚན། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །དོང་སྤྲུག་གི་བརྒྱུད་འདེབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། ཞ་ལུ་མཁན་ཆེན་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། ༈ །ཡང་འདུས་པ་སྐོར་དགུའི་ནང་ཚན་བདུད་རྩི་བཅུད་ལེན་འདུས་པའི་ཚེ་སྒྲུབ་ལ་རྫས་བཤམ་པ། སྐྱབས་སེམས། མཚམས་གཅོད། གསོལ་བ་འདེབས་ཤིང་སྨན་ལྷ་བསྐྱེད་པ། འཛབ་བཟླས་གྲུབ་རྟགས། བདུད་རྩིའི་དབང་བསྐུར་ཐབས། དམ་ཚིག་གྲུབ་མཐའ་བསྟན་པ་རྣམས་ཆོས་སྡེ་གཅིག་ཏུ་ཚང་བ། ཡང་དག་འཛབ་དགོངས་འདུས་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྡུས་པ་གཉིས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། གཏེར་སྟོན། སྨན་ལུང་པ། དྭགས་སྟོན། གཉན་སྟོན། སེ་སྡིངས་པ་ཡབ་སྲས། ཆོས་འོད། སྤྲུལ་སྐུ་ཆོས་ཀྱི་དབང་པོ། གུ་རུ་པ་ཀརྨ་ཆོས་སྐྱོང་། ཡར་འབྲོག་པ་བླ་མ་བཀྲ་ཤིས་ལྷུན་གྲུབ། ཉང་སྟོན་མཁས་གྲུབ་ཆེན་པོ། དེས་བདག་ཟ་ཧོར་གྱི་བནྡེ་ལའོ། །འདུས་པ་གཞན་བདུན་པོ་ནི་དེང་སང་ཤིན་ཏུ་དཀོན་པར་སྣང་ངོ་། ༈ །སྤྲུལ་པའི་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་གིས་ཀླུ་བདུད་སྐུ་སྐེད་ནས་ཁྱད་འཕགས་སྒྲུབ་ཐབས་ཀྱི་སྐོར་བརྒྱ་རྩ་བརྒྱད་སྒྲུབ་ཕྲན་དང་བཅས་པ་སྤྱན་དྲངས་པའི་ནང་ཚན་ནས་ཕུལ་དུ་བྱུང་བ་ནི། བཀའ་རྩིས་ལས། ཞི་ཁྲོ་བཀའ་བརྒྱད་སྒོས་སྒྲུབ་ཆོས་མང་གི༔ ཁྱད་པར་ཡོངས་རྫོགས་དྲིལ་སྒྲུབ་འདི་ན་མཆིས༔ དེ་གང་ཞེ་ན་གསང་བའི་ཡོངས་རྫོགས་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་བརྗོད་བྱའི་དོན་རྒྱ་ཆེ་


GLG002_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྗོད་བྱེད་ཀྱི་ཚིག་མ་ཉུང་འཚམ་པ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སུ་གྲགས་པ་འདི་ནི། ཡི་དམ་རྩ་བར་གསང་བ་ཡོངས་རྫོགས་སྒྲུབས༔ དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་འདི་ཀ་ཟབ༔ འདི་འཆང་ཨོ་རྒྱན་ང་དང་འདུ་འབྲལ་མེད༔ ཅེས་དང་། ང་དང་འཕྲད་པར་འདོད་ན་ཐུགས་ཀྱི་སྒྲུབ་པ་སྒྲུབས༔ མྱུར་དུ་འཚང་རྒྱ་འདོད་ན་མཉམ་སྦྱོར་ཉམས་སུ་མྱོང་༔ འགྲོ་བ་འདུལ་བར་འདོད་ན་ཐུགས་རྗེ་ཆེན་པོ་སྒྲུབས༔ སྐུ་ཚེ་རིང་འདོད་བཅུད་ལེན་ཉམས་སུ་ལོངས༔ མཐུ་རྩལ་ཆེ་འདོད་ཅོག་བརྡུང་དྲུག་པོ་སྒྲུབས༔ མཁའ་འགྲོ་འདུ་འདོད་དམ་གཙང་ཚོགས་འཁོར་རེམས༔ ཐུན་མོང་འགྲུབ་འདོད་ལས་ཚོགས་མ་ལུས་སྒྲུབས༔ དམ་ཆོས་སྤྱོད་འདོད་འཁོར་བ་བློ་ཡིས་ཐོང་༔ གཏེར་རྣམས་འདོད་ན་ཐུབ་ཆོད་ཆེན་མོ་སྒྲུབས༔ དེ་དག་ཀུན་འདོད་བཀའ་བརྒྱད་ཡོངས་རྫོགས་སྒྲུབས༔ ཞེས་བསྔགས་པ་ཆེས་ཆེར་མཛད་པའི་ཡི་དམ་ཞི་ཁྲོ་ཡོངས་རྫོགས་ཀྱི་ཆོས་སྐོར་རྣམས་མཁའ་ལ་རིག་འཛིན་གྱི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་གྱི་བཀྲག་མ་ཉམས། སྟེང་དུ་གཏོར་མའི་རི་བོ་མ་ཉིལ། འོག་ཏུ་སྨན་རག་གི་རྒྱ་མཚོ་མ་བསྐམས། བར་དུ་སྙན་བརྒྱུད་མཁའ་འགྲོའི་ཁ་རླང་མ་ཡལ། སྙིང་པོ་བསྐྱེད་རྫོགས་གསུམ་གྱི་ཆུ་བོ་མ་ནུབ། འདྲེ་ཁྱེར་ཟོག་པོའི་ལྷད་མ་ཞུགས་པའི་བརྒྱུད་པ་རྣམ་པར་དག་པ་ལས་འོངས་པ་ནོས་པ་ལ། སྨིན་བྱེད་དབང་གི་སྐོར། གྲོལ་བྱེད་གདམས་པའི་སྐོར། རྒྱབ་རྟེན་རྒྱུད་ཀྱི་སྐོར་དང་གསུམ། དང་པོ་ནི། རྒྱུད་དང་མན་ངག་གི་དགོངས་པ་ལྟར་ཕུན་སུམ་ཚོགས་པ་བདུན་གྱིས་གཞི་བཟུང་སྟེ་སྟ་གོན་ལས་ཁྲིགས་བཅུ་གཅིག་གིས་ཉན་རང་བྱང་སེམས་ཐེག་པ་ཐུན་མོང་གི་དབང་རང་བཞིན་


GLG002_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཐོབ་པར་བྱེད་པ་དང་གཞུང་གི་ལས་ཁྲིགས་སོ་བརྒྱད་ཀྱི་བསྙེན་སྒྲུབ་གཞུང་བསྲངས་པས་ཚོགས་གཉིས་རྫོགས་ནས་དབང་རྫོང་འཆོས་པར་བྱེད། རྗེས་ཀྱི་ལས་ཁྲིགས་བཅོ་བརྒྱད་ཀྱིས་མཐའ་བསྐྱངས་པས་དངོས་གྲུབ་ཀྱི་རྒྱུན་བསྲིང་བར་བྱེད་པའི་རྒྱུ་མཚན་གྱིས་སྒྲུབ་ཆེན་གྱི་གཞུང་བཙུགས་ནས་དབང་རྫོང་ཆེན་མོ་བཅའ་བར་གསུངས་པ་ལྟར། སྨན་ལུང་སྤྲུལ་སྐུ་མི་བསྐྱོད་རྡོ་རྗེ་དང་སྤྲུལ་སྐུ་ཤཱཀ་གཞོན་གྱིས་ཨེ་སྟར་ག་དགོན་དུ་སྒྲུབ་ཆེན་བཙུགས་པའི་ཕྱག་ལེན་ལ་ལས་ཁྲིགས་ཉེར་དགུའི་སྐབས་དབང་དངོས་ཀྱི་རྣམ་གྲངས་ལ་ཁྱད་པར་ཡེ་ཤེས་ཀྱི་དབང་དང་ཐུན་མོང་ཐུགས་རྗེའི་དབང་གཉིས་སུ་གསུངས་པའི་དང་པོ་ལ། ཕྱི་མཚན་མའི་དཀྱིལ་འཁོར་བུམ་རྫས་སོགས་ལ་བརྟེན་ནས་ཀྲྀ་ཡོག་ཡར་ལྡན་གྱི་དབང་རིམ་བརྒྱད། ནང་ལྷ་དབང་ཡོངས་རྫོགས་ལ་བརྟེན་ནས་མ་ཧཱ་ཨ་ནུ་དྲེགས་པའི་མཐུ་དབང་སོགས་བྱིན་རླབས་ཡོངས་རྫོགས་ཀྱི་དབང་རིམ་དགུ །གསང་བ་ཡབ་ཡུམ་མཉམ་སྦྱོར་ལ་བརྟེན་ནས་བྱང་སེམས་ཡོངས་རྫོགས་ས་ལམ་མྱུར་བགྲོད་ཀྱི་དབང་གསུམ། ཡང་གསང་དེ་ཁོ་ན་ཉིད་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ལ་བརྟེན་ནས་ཨ་ཏི་ཡོ་ག་ཡོངས་རྫོགས་ཀྱི་དབང་རིམ་དྲུག་སྟེ་དབང་ཉེར་ལྔ། གཉིས་པ་ཐུན་མོང་ཐུགས་རྗེའི་དབང་ལ་བཀའ་རབ་འབྱམས་ཞུས་པའི་དབང་། ཐུན་མོང་ཕན་དབང་། ནུས་པའི་དབང་རིམ་པ་བརྒྱད། ཐུན་མོང་གི་དབང་རིམ་ལྔ། དེ་ལྟར་རྩ་བའི་དབང་རིམ་ཉེར་བརྒྱད་ལ་ཕྲ་མོར་ཕྱེ་ན་བརྒྱ་དང་ལྔ་བཅུ་རྩ་དྲུག་རྣམས་དབང་འབུམ་ཆེན་མོ་སྙིང་དང་བནྡྷའི་རྒྱ་ཅན་ནས་འབྱུང་བ་ལྟར་དང་། སྒྲུབ་ཁོག་གི་སྒྲུབ་ལུང་སྐབས་ཀྱི་དབང་ཚུར་དྲིལ་བས་ཉིས་བརྒྱ་


GLG002_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སོ་བདུན། ཐ་རམས་ནས་བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་བཞི་འདུ་བར་གསུངས་ལ། གཞན་ཡང་མཇུག་ཆོག་གི་དབང་བྱང་བཀོལ་བ་ཞེས་བྱ་བ་བསྲེ་མནན་གྱི་རྗེས་སུ་སྒྱུ་འཕྲུལ་གསང་སྙིང་གི་རྗེས་སུ་འབྲངས་པའི་ནུས་དབང་ལྔ། མགྱོགས་དབང་བུམ་པའི་རྒྱ་ཅན་དང་བཅས་པ་སྒྲུབ་ཆེན་གྱི་ཚུལ་དུ་ལེགས་པར་ཐོབ། རྩ་བའི་གཉིས་པ་གྲོལ་བྱེད་གདམས་པའི་སྐོར་ལ། རྒྱུད་མ་ཧཱ་ཡོ་གའི་སྐོར། ལུང་ཨ་ནུ་ཡོ་གའི་སྐོར། མན་ངག་ཨ་ཏི་ཡོ་གའི་སྐོར། ཡོངས་རྫོགས་ཐུན་མོང་གི་སྐོར་དང་བཞི། དང་པོ་ལ་ཐེམས་ཅན་ཐེམས་མེད་གཉིས། དང་པོ་ལ། སྒྲུབ་ཐབས་དང་ཆ་རྐྱེན་ཁ་སྐོང་གཉིས། དང་པོ་ལ། སྤྲོས་བཅས་ཀྱི་སྒྲུབ་པ། སྤྲོས་པ་ཉེར་བསྡུའི་སྒྲུབ་པ། ཞི་བ་དྲིལ་སྒྲུབ། ཁྲོ་བོ་དྲིལ་སྒྲུབ། བྱེ་བྲག་ཏུ་སྒྲུབ་པ། ཕུར་སྒྲུབ། ཧཱུྃ་སྒྲུབ། དྲག་སྔགས་རལ་གྲི་ཕྱུང་བརྡེག །ཉམས་ལེན་སྒོམ་ཁྲིགས་ཀྱི་རིམ་པ་དང་དགུ །དང་པོ་ལ། སྤྲོས་བཅས་ཚོམ་བུར་སངས་རྒྱས་བསྒྲུབ་པའི་ཆོས་སྒྲུབ་ཁོག་རྩ་བ་རིན་ཅེན་བུམ་པའི་རྒྱ་ཅན། དེའི་འགྲེལ་པ་སྒྲུབ་བོག་རིན་པོ་ཆེ་འབར་བའི་རྒྱ་ཅན། དེ་ཡང་རྩ་བས་ནི་གཞུང་གི་སྡོམ་ཚིག་བསྟན་ཞིང་འགྲེལ་པ་ལ་གཏེར་སྟོན་གྱིས་མནལ་ལམ་རྟ་དཀར་མའི་རྗེས་སུ་འབྲངས་པའི་མཆན་བུ་མཛད་ལ། ཆོས་ཀྱི་བཀའི་གཙོ་བོ་ཡང་ཡར་ཀླུངས་སྤྲུལ་སྐུ་ལ་བབས་པ་ཡིན་ནོ། །དཔེ་རིས་སྐོར་ལ། དཀྱིལ་འཁོར་ཡོངས་རྫོགས། སྒྲུབ་ཁོག་དང་འབྲེལ་བའི་དཀྱིལ་འཁོར། ཁྱད་པར་རྟེན་དགུ །ཐོད་པ་བུམ་པ་དགོད་པའི་ལྡེང་ཁྲི་སྟེང་འོག །ལྷ་ཁང་བཞེང་དབྱིབས་རྡོར་དྲིལ། གདབ་ལས་ལིང་འཁོར། འབྲུབ་ཁུང་། ཐོད་པ། གླེང་བཞི་སྤྱི་མདོས་ཀྱི་རི་རབ། རྒྱལ་མཚན། ཞིང་འཕན། མདའ་འཕང་། ཕོ་གདོང་མོ་གདོང་།


GLG002_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་དཀྱིལ། སྟེང་གི་ཐིག་ལེ་དགུ་དཀྱིལ། ལས་བཞིའི་སྦྱིན་སྲེག་དང་རོ་སྲེག་གི་ཐབས། དགང་བླུགས། སྒོམ་དབང་འཁོར་ལོ་ལྔ་པ། ཐ་མལ་རྩའི་གནས་ལུགས། མེ་རླུང་གྱེན་ལྡོག །རྩ་གསུམ་བུམ་པ་ཅན་བསྒོམ་ཚུལ། འཆི་བླུའི་དཀྱིལ་འཁོར། གནོད་སྦྱིན་ཡོངས་རྫོགས་སྒྲུབ་འཁོར། རླུང་འཁོར། རླུང་ཁང་བསྲུང་འཁོར་གྱི་སྤྲ་འཁྲིད་འཁོར་ལོ་རྣམས། གཉིས་པ་སྤྲོས་མེད་ཉེར་བསྡུའི་སྒྲུབ་པ་ནི། རྣལ་འབྱོར་བདག་དོན་དུ་སྤྲོས་པ་མ་ལུས་པ་ཉེ་བར་བསྡུས་པའི་སྒོ་ནས་ནུས་པ་མཆོག་ཏུ་སྐྱེ་བར་འདོད་ཅིང་ཞི་ཁྲོ་སྦྲགས་མར་དད་པ་རྣམས་ཀྱི་དོན་དུ་ཡོངས་རྫོགས་དྲིལ་སྒྲུབ་རྡོ་རྗེའི་རྒྱ་ཅན། གསུམ་པ་ཞི་བ་དྲིལ་སྒྲུབ་ནི། སྤྲོས་པ་ལ་མི་དགའ་ཞིང་ཞི་བ་ཁོ་ནར་དད་ཅིང་ཆགས་ཅན་གྱི་གཉེན་པོར་བསྟན་པ་ཞི་བ་ཡོངས་རྫོགས་གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའི་ངོ་བོར་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྒྲུབ་པ། བཞི་པ་ཁྲོ་བོ་དྲིལ་སྒྲུབ་ནི་སྤྲོས་པ་ཆུང་ཞིང་ཁྲོ་བོ་ཁོ་ནར་དད་པ་ཞེ་སྡང་ཅན་གྱི་གཉེན་པོར་ཁྲོ་བོ་ཡོངས་རྫོགས་ཧེ་རུ་ཀ་ཡབ་ཡུམ་༼ཟུར༽དུ་དྲིལ་པ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྒྲུབ་པ། ལྔ་པ་བྱེ་བྲག་ཏུ་བསྒྲུབ་པ་ནི། བཀའ་བརྒྱད་བྱེ་བྲག་སོ་སོར་བསྒྲུབ་པས་དགའ་བའི་དོན་དུ་བསྟན་པས་རིག་འཛིན་བརྒྱད་ཀྱི་ཐུགས་ཀྱི་གདེང་བརྒྱད་༼ཟུར༽ཅེས་པ་ཆེ་མཆོག་འདུས་པའི་དྲག་སྔགས། ཁྲག་འཐུང་འདུས་པའི་དྲག་སྔགས། གཤིན་རྗེ་འདུས་པའི་དྲག་སྔགས། དབང་ཆེན་འདུས་པའི་དྲག་སྔགས། ཕུར་པ་འདུས་པའི་དྲག་སྔགས། མ་མོ་འདུས་པའི་དྲག་སྔགས། སྡེ་བརྒྱད་འདུས་པའི་དྲག་སྔགས། དམོད་པ་འདུས་པའི་དྲག་སྔགས་རྣམས། གདེང་བརྒྱད་པོ་འདི་དང་གཅིག་པ་ཞིག་ཇོ་མོའི་ཉམས་ལེན་སྐོར་དགུའི་ནང་ན་ཡང་ཡོད་དོ།


GLG002_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

།དྲུག་པ་ཕུར་སྒྲུབ་ལ། ཡོངས་རྫོགས་ཕུར་སྒྲུབ་ཅེས་བྱ་བ་རྩ་བའི་དྲག་སྔགས་དང་གདབ་པའི་དྲག་སྔགས་དགུ་དྲིལ་ཏེ་ཕུར་བུ་གཅིག་ལ་བརྟེན་ནས་བསྒྲུབ་པ། དེའི་ཞར་བྱུང་དུ་གཏོར་མ་གཏོང་བ། བསྲུང་བ། ཆོས་སྐྱོང་བསྐུལ་བ། སྡེ་བརྒྱད་གཅུན་ཞིང་གཟིར་བ། དགྲ་བགེགས་སྒྲོལ་བ། བགེགས་དཔུང་གཞོམ་པ། ཀླུ་འདུལ་བ། སྨྱོན་པ་འདུལ་བ། རྦོད་གཏོང་བཟློག་པ། ནད་པ་གསོ་བ། ཞོ་ཆང་བསྲུང་བ། མཛོ་ལྷོག་བསྲུང་བ་དང་བཅས་པ། ཕུར་སྒྲུབ་སྔགས་བྱང་རྣམས། བདུན་པ་ཧཱུྃ་སྒྲུབ་ནི། ཡི་དམ་རྒྱུན་ཁྱེར་གྱི་མན་ངག་ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་ཡང་དྲིལ་ཟབ་མོ་༼ཟུར༽ཐུགས་ཀྱི་སྒྲུབ་པ་ཞེས་བྱ་བ་དགྱེས་རྡོར་བདེ་མཆོག་སོགས་སངས་རྒྱས་ཐམས་ཅད་ཆེ་མཆོག་གི་སྐུ་གཅིག་ཏུ་བསྡུས་ནས་བསྒོམ་ཞིང་སྙིང་པོ་ཧཱུྃ་གཅིག་ཏུ་བསྙེན་ནས་དོན་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་རྟོགས་པར་བྱེད་པ་གསར་རྙིང་གི་རྒྱུད་སྡེ་ཀུན་ལ་ཨེ་ཝཾ་གྱི་བརྡས་བསྟན་པའི་བདེ་སྟོང་གཉིས་མེད་རྒྱུད་ལ་སྦྱོར་བའི་ཟབ་གནད་ཐུན་མོང་མ་ཡིན་པ་རྣལ་འབྱོར་པའི་མནོག་ཆོས་སོ།། ༈ བརྒྱད་པ་དྲག་སྔགས་རལ་གྲི་ཕྱུང་བརྡེག་ནི། ཞིང་བཅུ་ཚང་བའི་དགྲ་བོ་ལ་ངེས་པར་སྤྱད་བྱའི་ཆོས་ཡོངས་རྫོགས་དྲག་སྔགས་སོ་ལྔ་པའི་སྒྲུབ་པ་ཟུར་པ་ཞིག་ཡོད་སྲིད་མོད་དེང་སང་དཔེ་རྒྱུན་མི་འདུག་ཀྱང་དོན་སྒྲུབ་ཆེན་གྱི་ནང་དུ་ཚང་བས་ས་བཅད་ཁ་འགེང་ཕྱིར་དེ་གར་ངོས་འཛིན། དགུ་པ་ཉམས་ལེན་སྒོམ་ཁྲིགས་ནི། བཤད་མ་ཐག་པའི་སྒྲུབ་སྐོར་བརྒྱད་པོ་རེ་རེས་ཉམས་ལེན་ཚང་བར་སྟོན་ཀྱང་རྩ་བ་གསང་བ་སྒྲུབ་ཆེན་ལ་འདུས་ཤིང་། དེའི་ཉམས་ལེན་དངོས་གཞི་ལས་ཁྲིགས་ཉེར་བཞིའི་སྐབས་སུ་བསྐྱེད་རྫོགས་གཞུང་སྲོང་བརྡའི་སྒོ་ནས་དོན་


GLG002_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པར་བྱེད་པ་ཞིག་ཡིན་ཞེས་ཞལ་འཕངས་སུ་མཛད་ལ། ཞལ་འཕངས་པའི་བརྡ་དེ་འོག་ནས་འབྱུང་འགྱུར་གྱི་ལས་གཞུང་དུ་ངོས་འཛིན་པའི་ཕྱིར་དེའི་དོན་ཉམས་ལེན་སྒོམ་ཁྲིགས་ལ་གསུམ་དུ་གསུངས་པའི་ཨ་ནུ་ལྟར་དཀྱིལ་འཁོར་ལུས་རྫོགས་ཀྱི་ཉམས་ལེན་དང་། ཨ་ཏི་ལྟར་དཀྱིལ་འཁོར་སེམས་རྫོགས་ཀྱི་ཉམས་ལེན་དང་གཉིས་ནི་སོ་སོའི་ས་བཅད་ཀྱི་སྐབས་སུ་འབྱུང་བས་འདིར་སྤྲོ་མ་དགོས། དངོས་བསྟན་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་བརྡའི་དོན་མཚོན་གྱི་ཉམས་ལེན་ནི་ཆོས་ཐམས་ཅད་སྦྱང་གཞི་སྦྱོང་བྱེད་གཉིས་སུ་བསྡུས་ནས་འཆད་པར་བྱ་བ་སྟེ། དེ་ཡང་ལས་རིམ་གྱི་གཞུང་གཅིག་བུ་དེ་སྒོམ་རིམ་མངོན་རྟོགས་འདིས་གཙོ་འཁོར་རྣམས་ཀྱི་སྐུ་རྒྱན་ཕྲ་མོ་རྣམས་ཀྱང་གསལ་བར་བསྐྱེད་པས་མ་ཧཱ་ལྷ་འཁྲིད་ལ་གོམས་འདྲིས་བརྟན་པར་བྱས་ཤིང་སྲོག་སྡོམ་གཟེར་བཞིའི་སྒོ་ནས་བསྙེན་སྒྲུབ་བཞི་མཐར་ཕྱིན་པས་རིག་འཛིན་རྣམ་བཞིའི་གོ་འཕང་མངོན་དུ་བྱེད་ཐབས་མ་ཧཱའི་སྒོམ་ཁོག་སྐུ་འཁོར་ལོའི་རྒྱ་ཅན་ནོ། ༈ །ལ་ལ་དག་འདི་ཉམས་ལེན་གྱི་དངོས་གཞི་ཡིན་པས་སྒྲུབ་ལུགས་དགུའི་ཡ་གྱལ་དུ་འདྲེན་པར་མི་རིགས་ཤེ་ན་སྒྲུབ་ཆེན་ནི་ཚོམ་བུ་ཚོགས་སྒྲུབ་ཁོ་ན་ཡིན་ལ། ལས་གཞུང་སྒོམ་ཁོག་གཉིས་ནི་ཤིན་ཏུ་བསྡུས་པས་སྐབས་ཚོམ་བུའི་དཀྱིལ་འཁོར་དང་སྨན་རཀ་གཏོར་གསུམ་ཙམ་ལ་བརྟེན་ནས་ཉམས་སུ་ལེན་རུང་བ་ཡར་ཀླུངས་སྤྲུལ་སྐུ་རྡོ་རྗེ་མགོན་པོས་གསུངས་ཤིང་། སྨན་ལུང་མི་བསྐྱོད་རྡོ་རྗེས་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་དང་ཚོམ་བུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་ཞེས་སོ་སོར་གསུངས་པ་དང་། ལྷ་འཁྲིད་ལུ་གུ་རྒྱུད་དུའང་དེ་དང་ཕྱོགས་མཐུན་པར་བྱུང་བས་ཀླན་ཀ་


GLG002_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇུག་ཅིང་། དེ་ལོགས་སུ་མ་བགྲངས་ན་སྒྲུབ་ལུགས་དགུ་མ་ཚང་ཞིང་ཆ་རྐྱེན་བཅུ་གཅིག་གསུངས་པ་བཅུ་གཉིས་སུ་འགྱུར་བའི་སྐྱོན་ཡོད་དམ་སྙམ། འོན་ཀྱང་མ་ཧཱ་སྒོམ་ཁོག་དེ་དག་ཀུན་གྱི་སྡོམཿ ཞེས་པ་ལྟར་ན་སྔོན་མ་བརྒྱད་པོ་སྤྱི་སྡོམས་སུ་གསུངས་པ་འདྲ་ཞིང་སྣང་བས་སྐྱེ་བ་དུ་མར་གསང་ཆེན་རྙིང་མ་ལ་སྦྱངས་པའི་སྐྱེ་སྤྲུལ་དང་རིགས་དང་རུས་སོགས་ཀྱི་སྔགས་བརྒྱུད་སྙེམས་པས་འགྱིང་བ་རྣམས་ཀྱིས་དཔྱད་པར་མཛོད་ཅིག །གཉིས་པ་ཆ་རྐྱེན་ནམ་ཁ་སྐོང་གི་རིམ་པ་ལ། སྔགས་བྱང་། འཛབ་དགོངས། དམ་བཅའ། སྒོམ་ཁོག་གསུམ་གྱི་སྤྲ་འཁྲིད། གཞལ་ཡས་དོན་བསྟོད། བྱིན་འབེབས། ལས་གཞུང་། བསྟོད་བྱང་། བསྐུལ་བྱང་། རྒྱུན་བཤགས། སྤྲ་འཁྲིད་དང་བཅུ་གཅིག །དང་པོ་ནི། བསྙེན་སྒྲུབ་ལས་གསུམ་གྱི་རྩ་བ་མི་འགྱུར་བའི་སྔགས་དང་དེའི་ཁ་སྐོང་བསྟན་པ་སྔགས་བྱང་༼ཟུར༽སྐོར་ལྡེའི་རྒྱ་ཅན། གཉིས་པ་འཛབ་༼ཟུར༽དགོངས་པ། ཆེ་ཆུང་གཉིས་ལས་ཆེ་བར་ནང་གསེས་ཀྱི་གནས་སྐབས་གཞུང་དང་མཐུན་པའི་འཛབ་དགོངས། གང་ཟིལ་རྒྱུན་འཁྱེར་གྱི་འཛབ་དགོངས། སྤྲུལ་པ་བྱེ་བྲག་གི་འཛབ་དགོངས། ཆུང་བ་ལ་ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ་པ་དང་ལས་སྦྱོར་འཕྲིན་ལས་སྒྲུབ་པའི་འཛབ་དགོངས་དང་བཅས་པ། གསུམ་པ་དམ་བཅའ་ནི། རྒྱལ་བ་ཞི་ཁྲོ་རྣམས་དཔང་དུ་བཞག་ནས་ཚེ་འདི་ཕྱི་ཙམ་བདེ་ཕྱིར་སྲིད་འབྱོར་སྒྲུབ་པ་དང་གཏན་དུ་བདེ་ཕྱིར་ཞི་བདེ་སྒྲུབ་པ་སོགས་སྤངས་ནས་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པར་ཁས་འཆེ་བའི་དམ་བཅའ་བཅུ་གཉིས་མ་ཞེས་བྱ་བ། བཞི་པ་སྒོམ་ཁོག་གསུམ་གྱི་སྤྲ་འཁྲིད་ནི། མན་ངག་ཐམས་ཅད་ཀྱི་ཡང་བཅུད་ཨ་ཏི་དོན་


GLG002_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྟ་བ་ཁོག་འབུབ། ལུང་ཐམས་ཅད་ཀྱི་བླ་མ་ཨ་ནུ་དོན་གྱི་བསྒོམ་པས་ཉམས་སུ་བླངས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་མ་ཧཱ་དོན་གྱི་སྤྱོད་པས་མཐའ་རྟེན་ནས་ཡོ་ག་གསུམ་ཟུང་འབྲེལ་དུ་ཉམས་སུ་བླང་བའི་ཆོས་སྒོམ་ཁོག་གསུམ་གྱི་སྤྲ་འཁྲིད་ཉམས་ལེན་གཟེར་ཏིག་གོ །འདི་ནི་རྒྱུད་ཀྱི་སྟོན་པ་ཆེ་མཆོག་དབུ་ཉི་ཤུ་རྩ་གཅིག་གི་སྒོམ་རིམ་གཙོ་བོར་སྟོན་ཞིང་བསྐྱེད་རྫོགས་ཟུང་དུ་འཇུག་པའི་མན་ངག་ཡིན་ནོ། ༈ །ལྔ་པ་གཞལ་ཡས་དོན་བསྟོད་ནི་དཀྱིལ་འཁོར་གྱི་བརྡ་རྟགས་གསལ་འདེབས་པ་གཞལ་༼ཟུར༽ཡས་དོན་བསྟོད། དྲུག་པ་བྱིན་འབེབས་ནི། དུར་ཁྲོད་ཀྱི་བཀོད་པ་སོགས་སྟོན་པའི་རིག་འཛིན་བརྒྱད་ཀྱི་བྱིན་༼ཟུར༽འབེབས། འདི་དང་བྱང་གཏེར་གྱི་རིག་འཛིན་འདུས་པ་རྩ་རྒྱུད་ནས་བཤད་པའི་དུར་ཁྲོད་ཀྱི་བཀོད་པ་གཉིས་ཅུང་ཟད་འདྲ་མིན་འདུག་ཅིང་འདིའི་ལུགས་ནི་གཤིན་རྗེ་གསལ་ཤིང་གི་རྒྱུད་ལ་ཁུངས་བཅོལ་བརྒྱུད་དེ་རྒྱུད་འབུམ་ན་མི་འདུག་པས་བོད་དུ་མ་འགྱུར་བ་ཡིན་ནམ་སྙམ། བདུན་པ་ལས་གཞུང་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་སྟོན་པའི་རྩ་ཐོ་དང་ལག་ལེན་དངོས་གཉིས་སྟོན་པའི་ལས་བྱང་རྒྱས་༼ཟུར༽པ་རིགས་ལྔའི་ཕྱག་མཚན་གྱི་རྒྱ་ཅན། བསྡུས་པ་སྔགས་སྒྲུབ་ལས་བྱང་རྒྱུན་འཁྱེར་༼ཟུར༽དྲིལ་བུའི་རྒྱ་ཅན། བརྒྱད་པ་བསྟོད་བྱང་ལ། ནང་གསེས་ཀྱི་ཞི་ཁྲོ་སྤྱི་བསྟོད། ཚོམ་བུ་དགུ་ལ་བྱེ་བྲག་ཏུ་བསྟོད་པ། བཀའ་སྲུང་གི་བསྟོད་པ། དོན་བསྟོད་རྣམས་ཆོས་སྡེ་གཅིག་ཏུ་བཞུགས་པ་དྲུག་བསྟོད་ཀྱང་ཟེར། དགུ་པ་བསྐུལ་བྱང་ལ། མཆོད་བཤགས་ལས་བཞི་ཐུན་མོང་དུ་བསྐུལ་བ་རྒྱལ་བ་སྤྱི་བསྐུལ། ཞར་བྱུང་མཁྱེན་གསོལ་གདོད་ནས་མ་སྐྱེས་པ། ཕོ་ཉ་སྒོས་


GLG002_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྐུལ་ཏེ་བསྒྲུབ་བྱ་ལ་རྦད་པ། ཕུར་ཐུན་ཚོམ་བུར་བསྐུལ་ཏེ་གདབ་ཅིང་དགྲ་བགེགས་ཚར་གཅོད་པ་ཞར་བྱུང་དུ་ཕུར་པ། ཡུངས་ཀར་རཀྟ་མཚེ་དུག་མཚོན་མདའ་རྡོའི་ཐུན་བསྐུལ་རྣམས་ཡོད་ཅིང་འདི་ལ་ཟངས་ཕྱེ་དང་ཐལ་ཆེན་གཉིས་བྱེད་པ་ལག་ལེན་གྱི་སྐབས་ཚང་ཁྱད་ཀྱི་བདེར་འདུས་ནས་བཅུག་པ་ཡིན་ཞིང་གཏེར་ཁ་འདི་ཀ་ལ་མེད་པས་རིག་པའི་དྭངས་སྙིགས་ཕྱེད་དགོས་སོ། ༈ །བཅུ་པ་རྒྱུན་བཤགས་ནི་ཉམས་ཆགས་སེལ་ཐབས་རྒྱུན་བཤགས་ནར་མ། བཅུ་གཅིག་པ་སྤྲ་འཁྲིད་ལ་ཕྱི་བསྐྱེད་རྫོགས་གྱེར་སྒོམ་གྱི་སྒོ་ནས་ཉམས་སུ་ལེན་པ། ནང་བཟླས་བརྗོད་བསྙེན་སྒྲུབ་འཛབ་དགོངས་ཀྱི་སྒོ་ནས་ཉམས་སུ་ལེན་པ། གསང་བ་མན་ངག་གནད་ཀྱིས་ཟིན་པའི་སྒོ་ནས་ཉམས་སུ་ལེན་པ། ཐུན་མོང་དུ་གསང་སྔགས་ཤེས་བྱ་བཅུའི་སྒོ་ནས་སྒྲུབ་ཅིང་ཉམས་སུ་ལེན་པ་སྤྲ་འཁྲིད་སྲོག་གཟེར་སྤྱན་གྱི་རྒྱ་ཅན་ནམ་རཏྣའི་རྒྱ་ཅན་དུ་ཡང་གྲགས་པ། སྤྲ་འཁྲིད་འདི་ལ་གཞི་བཟུང་ནས་བསྙེན་ཡིག་གི་རེག་ཟིག་དམ་པའི་ཞལ་ལུང་ཞེས་བྱ་བ་ཁྱབ་བདག་ཁྲ་ཚང་པ་ཆེན་པོས་མཛད་པ་རྣམས། གཉིས་པ་ཐེམས་མེད་སྐོར་ལ། སྒྲུབ་ཁོག་གི་ལྷན་ཐབས་སུ་གནས་གཞིས་བྱང་བཀོལ་༼ཟུར༽བ་དཀྱིལ་འཁོར་ཐིག་རྩ་ལྡི་མིག་གི་རྒྱ་ཅན། ཐིག་རྩའི་ས་བཅད་གཏེར་སྟོན་གྱིས་མཛད་པ། མ་ཏཾ་བཀོལ་༼ཟུར༽བྱང་། ཉུལ་ལེ་བསྐྲད་༼ཟུར༽བྱང་། དུས་འཚམས་༼ཟུར༽ཀྱི་བྱང་དུ་བཀོལ་བ། རྟགས་༼ཟུར༽བྱང་བཀོལ་བ། དབྱངས་བྱང་བཀོལ་བ། འཆམ་བྱང་བཀོལ་བ་སྨན་ལུང་པ་ཡབ་སྲས་ཀྱི་ཕྱག་བཞེས་དཔལ་ཆེན་དྲིལ་སྒྲུབ་ཉམས་སུ་བླང་ཐབས་ཁྱད་པར་ཅན། ལས་བྱང་གི་ས་བཅད་དམིགས་འབྱེད་གསལ་བའི་སྒྲོན་མེ། གསང་བ་ཡོངས་རྫོགས་ཀྱི་


GLG002_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བསྟོད། ཡོངས་རྫོགས་ཀྱི་གཟུ་དཔང་ཕྱོགས་བཅུ་དུས་གསུམ་མ། བསྐུལ་གྱི་ཆ་ལག །བཀའ་སྲུང་གི་མཆོད་༼ཟུར༽བྱང་། དམོད་བྱང་བཀོལ་བ་དམ་བདར་འཕྲིན་འཆོལ། དྲག་སྔགས་རྡོ་གཏོར་ལ་བརྟེན་པའི་ཟློག་པའི་མན་ངག །སྤྱིར་གྲོལ་ལམ་ཐབས་ལམ་ངེས་ལམ་གསུམ་གསུངས་པའི་ཐབས་ལམ་རྩ་རླུང་གི་སྤྲ་འཁྲིད། ངེས་ལམ་མི་རྟོག་པའི་སྤྲ་འཁྲིད་གཉིས་སོ་སོའི་སྐབས་སུ་འབྱུང་བས་འདིར་མ་སྤྲོས་པར། དངོས་བསྟན་གྲོལ་ལམ་ལྷ་སྒོམ་པའི་སྤྲ་འཁྲིད་འདི་ལ། ཚགས་སུ་གཟུད་པ་ཚོགས་ཀྱི་ལམ་དུ་སྨིན་བྱེད་ཀྱི་རྒྱུ་དབང་ཞུ་ཞིང་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང་ལྡན་པར་བྱ་བ། བསྙེན་པ་དང་སྦྱོར་བའི་ལམ་དུ་དྲོད་སོགས་བཞིས་ལམ་སྦྱངས་ཏེ་རྣམ་པར་སྨིན་པའི་རིག་འཛིན་ལ་སྦྱོར་བ། ཉེ་བསྙེན་མཐོང་བའི་ལམ་དུ་ཚེ་དབང་རིག་འཛིན་ལ་སྦྱོར་བ། སྒྲུབ་པ་སྒོམ་པའི་ལམ་དུ་ཕྱག་ཆེན་རིག་འཛིན་ལ་སྦྱོར་པ། སྒྲུབ་ཆེན་མཐར་ཕྱིན་པའི་ལམ་དུ་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་སྦྱོར་བ་སོགས་ས་ལམ་ཉམས་ལེན་གྱི་གནད་ཚང་བར་ཡོད་པ་འདི་ཆོས་སྡེ་གཅིག་གོ །འདི་ཐེམས་མེད་ཡིན་ལ། གལ་ཏེ་ཐེམས་ཅན་དུ་བྱེད་ན་སྤྲ་འཁྲིད་ཀྱི་ཁོངས་སུ་གཏོགས་སོ། ། ༈ གཉིས་པ་ལུང་ཨ་ནུ་ཡོ་གའི་སྐོར་ལ། རྩ་བ་དང་ཆ་རྐྱེན་གྱི་མན་ངག་གཉིས། དང་པོ་ནི། སྒོ་གསུམ་སྐུ་གསུང་ཐུགས་སུ་མ་བསྐྱེད་རྫོགས་པར་གསལ་བཏབ་སྟེ་སྒོམ་པའི་ལམ་གྱི་གནད་གསང་སྟོན་པ་གསང་བ་སྒྲུབ་ཆེན་ལུང་ཨ་ནུ་ལྟར་ཉམས་སུ་ལེན་པའི་སྒོམ་ཁོག་གསུང་པདྨའི་༼ཟུར༽རྒྱ་ཅན། གཉིས་པ་ཆ་རྐྱེན་ལ་རྩ་རླུང་། གཏུམ་མོ། ཆགས་ལམ། རིམ་ལྔ་དང་ལྔ། དང་པོ་ནི། འཁོར་ལོ་


GLG002_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་གནས་ལུགས་དང་སྒོམ་དབང་འཁོར་ལོའི་དཔེ་ཆུང་དང་བཅས་པ་ལ་བརྟེན་ནས་ལུས་ལ་གནས་པ་རྩའི་༼ཟུར༽གནས་ལུགས་ཤེས་པའི་མན་ངག་ཡོངས་རྫོགས། གཉིས་པ་རླུང་ནི། བཤད་མ་ཐག་པའི་རྩ་ལ་རླུང་ལྟེམ་པའི་ཆེད་དུ་འགྱུ་བྱེད་སྟོབས་ལྡན་རླུང་༼ཟུར༽ཡོངས་སུ་རྫོགས་པའི་མན་ངག་ཡོན་ཏན་བསམ་གྱིས་མི་ཁྱབ་པ། གསུམ་པ་གཏུམ་མོ་ནི། བཤད་མ་ཐག་པའི་རླུང་ལ་བརྟེན་ནས་ཐིག་ལེ་འབར་འཛག་ཙཎྜ་༼ཟུར༽ལི་གནད་ཀྱི་མན་ངག །བཞི་པ་ཆགས་ལམ་ནི། རྣལ་འབྱོར་ཆགས་པ་ཅན་གྲོལ་བར་བྱ་བའི་ཆེད་དུ་ཆགས་ལམ་འོག་སྒོ་༼ཟུར༽བདེ་བ་ཆེན་པོའི་མན་ངག །ལྔ་པ་རིམ་ལྔ་ནི། སྔགས་སེམས་ལུས་འོད་གསལ་ཟུང་འཇུག་གི་རྫོགས་རིམ་འབྲས་བུ་ལྔའི་སྒོ་ནས་སྟོན་པ་གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་རིམ་ལྔ་སྟན་༼ཟུར༽ཐོག་གཅིག་ཏུ་སྒོམ་པའི་མན་ངག་གོ ༈ །གསུམ་པ་ཨ་ཏི་ཡོ་གའི་སྐོར་ལ་རྩ་བ་དང་ཆ་རྐྱེན་གཉིས། དང་པོ་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པར་བྱས་ནས་དེའི་ཉམས་ལེན་ལྟ་སྒོམ་སྤྱོད་འབྲས་བཞི་ཞེས་པ་སྔོན་འགྲོའི་ལས་བདུན་དངོས་གཞིའི་ལས་རིམ་ཉེར་ལྔ། རྗེས་ཀྱི་ལས་ཁྲིགས་བཅུ་གཅིག །མཇུག་ཏུ་ལྟ་སྒོམ་སྤྱོད་འབྲས་བཞི་སྟོན་པ་སྒོམ་ཁོག་༼ཟུར༽ ཐུགས་རྡོ་རྗེའི་རྒྱ་ཅན། ཨ་ཏི་དོན་འཁྲིད་མན་ངག་གནད་ཀྱི་ཆོསཿ ཞེས་གསུངས་ཀྱང་དེང་སང་དཔེ་རྒྱུན་དང་ཆོས་རྒྱུན་གཉིས་ཀ་མི་སྣང་མོད། འོན་ཀྱང་ལམ་གྱི་ཆ་ལག་མ་ཚང་བ་མིན་པས་སྐབས་དོན་གྱི་འཁྲིད་དངོས་ནི་ཐུན་མོང་ཐེག་པ་སྤྱི་དང་མཐུན་པ་སྔོན་འགྲོའི་འཁྲིད་ཀྱི་གཞི་བཅའ་བ། ཁྱད་པར་ཐེག་པ་ཡོངས་རྫོགས་ཨ་ཏིའི་མན་ངག་གི་འཁྲིད་ཀྱིས་གཞུང་བསྲང་བ། ཐེག་པ་ཐམས་


GLG002_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་དགོངས་པ་རབ་བྱུང་ལྷུན་གྲུབ་མིང་མེད་ཡུལ་བྲལ་ཀ་དག་ཟང་ཐལ་ཨ་ཏིའི་འབྲས་བུས་འཁྲིད་རྗེས་རེ་དོགས་མེད་པའི་གདོང་ཆེན་པོ་ཐོབ་ཚུལ་གྱི་སྒོ་ནས་རྒྱ་ཆེར་སྟོན་པ་ལྟ་སྒོམ་དྲུག་སྐོར་ཞེས་བྱ་བ་ཆོས་སྒོ་ཐེག་པ་ཐམས་ཅད་ཨ་ཏིར་ཡོངས་སུ་རྫོགས་པའི་སྤྲ་འཁྲིད་ངེས་དོན་ཐེག་པ་ཐམས་ཅད་ཀྱི་མིག་འབྱེད་པའི་ལྡེ་མིག །དེའི་རྒྱབ་སྐྱོར་ལྟ་སྒོམ་སྤྱོད་གསུམ་དབང་དམ་ཚིག་འབྲས་བུ་དང་བཅས་པའི་ལྟ་སྒོམ་དྲུག་སྐོར། ལྟ་སྒོམ་དྲུག་སྐོར་གྱི་ཞལ་གདམས་སྙན་བརྒྱུད་གུ་རུ་དྷརྨ་སིདྷའི་ཟིན་བྲིས་རྣམས། གཉིས་པ་ཆ་རྐྱེན་ལ་འཆི་བླུ། འཕོ་བ། བར་དོ་དང་གསུམ། དང་པོ་ལ། འཆི་ལྟས་གསལ་བའི་སྒྲོན་མ། དུས་མིན་འཆི་བ་བླུ་བ་དཔེ་རིས་དང་བཅས་པ། འཆི་བླུའི་ལྟོ་ཆོག་ཆེན་མོ་རྣམས། གཉིས་པ་འཕོ་བ་ནི། བཤད་མ་ཐག་པས་དུས་མིན་གྱི་འཆི་བ་ལྟ་བུས་ཀྱང་དུས་བབས་བླུར་མེད་པའི་འཆི་བར་མི་འཇིགས་ཤིང་སྐྱེ་གནས་ལ་ཉམ་མི་ང་བའི་རང་ས་འཛིན་པའི་ཆེད་དུ་བློ་རབ་ལ་མཚན་མེད་ཀྱི་འཕོ་འཇུག །བློ་འབྲིང་ལ་མཚན་བཅས་ཀྱི་འཕོ་འཇུག་སྟེ་ཆོས་སྡེ་གཅིག ༈ །གསུམ་པ་བར་དོ་ནི། སྐུ་གསུམ་སྲང་དུ་འཇུག་པའི་དམར་འཁྲིད་ཅེས་བྱ་བ་ཐོག་མར་རང་བཞིན་གནས་པའི་བར་དོ་ཆོས་སྐུ་ཐིག་ལེ་ཉག་གཅིག་རང་ལ་གནས་པ་ངོ་སྤྲད་པ། ཏིང་ངེ་འཛིན་གྱི་བར་དོར་སྒེག་མོ་མེ་ལོང་ལྟ་བ་ལྟ་བུའི་མན་ངག །རྨི་ལམ་གྱི་བར་དོར་བག་ཆགས་ཀྱི་མཚམས་སྦྱོར་བ་ཉི་མ་རྟོད་ལ་མནན་པ་ལྟ་བུའི་གདམས་པ། སྐྱེ་འཆིའི་བར་དོར་རིག་པ་གསལ་གདབ་པའི་མན་ངག་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟ་བུ། སྲིད་པའི་བར་དོར་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་ཀོང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་པ་རྣམས་ཆོས་སྡེ་


GLG002_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གོ །ཨ་ཏིའི་སྐོར་ལ་ཆོས་ཚན་དགུར་བཤད་ཀྱང་དེང་སང་བདུན་ལས་མ་བཞུགས་པ་འདྲ་བས་སླར་བཙལ་ལོ། །མ་ཚང་བའི་ཆོས་ཚན་གཉིས་པོ་ཅོ་ཏི་མཉམ་སྦྱོར་དང་ཡང་ཏི་མཉམ་སྦྱོར་གྱི་གླེགས་བམ་གཉིས་ཆོས་སྡེ་རེ་རེར་བྱས་ནས་ཁ་འགེང་པ་ལ་དགོངས་པ་འདྲའང་ཁ་ཅིག་གནད་ཁྱིམ་གསུམ་དང་བསྐྱེད་རྫོགས་གསུམ་གྱི་ཉམས་ལེན་སྤྲ་འཁྲིད་གཉིས་ཡིན་ཟེར་བ་སོགས་ནི་གྱ་ཚོམ་ལས་མ་དཔྱད་པའི་སྐྱོན་ནོ། །བཞི་པ་ཡོངས་རྫོགས་ཐུན་མོང་གི་སྐོར་ལ་སྨིན་བྱེད་དབང་གི་ཆོ་ག །གསང་སྔགས་སྤྱི་སྒྲུབ་ཆེན་མོའི་སྐོར་གསུམ། རྐྱེན་བཟློག་ཉམས་ཆགས་སྐོང་བའི་ཆོས་གསུམ། འགྲོ་བའི་ཕན་བདེ་སྤེལ་བའི་ཆོས་གསུམ། རྣལ་འབྱོར་བསྲུང་སྐྱོབ་མཐུན་རྐྱེན་བསྒྲུབ་པའི་ཆོས་གསུམ། གསོན་ལ་ཕན་གདགས་པའི་ཆོས་གསུམ། གཤིན་ལ་ཕན་འདོགས་པའི་ཆོས་གསུམ། བསྟན་པ་བསྲུང་བའི་ཆོས་གསུམ། ནད་གདོན་བར་གཅོད་བཟློག་པའི་ཆོས་གསུམ། བསོད་ནམས་ཚོགས་གསོག་གི་ཆོས་གསུམ། ཐུན་མོང་ཆོས་སྤྱོད་ཀྱི་སྐོར། ཐུན་མོང་སྒྲུབ་ཆེན་བརྒྱད། བཀའ་སྲུང་ཆོས་སྐྱོང་གི་སྐོར་དང་བཅུ་གསུམ། ༈ དང་པོ་ནི། དབང་འབུམ་ཆེན་མོ་སྙིང་དང་བྷནྡྷའི་རྒྱ་ཅན་རྩ་བ་༼ཟུར༽དང་ལག་ལེན་ས་བཅད་༼ཟུར༽བཅུའི་སྒོ་ནས་བསྟན་པ། ཞི་བ་དབང་གི་ལྷན་ཐབས་ཙག་ལིའི་རྒྱབ་ཡིག་གུད་དུ་བཀོལ་བ། ཁྲོ་བོའི་དབང་གི་ལྷན་ཐབས་ཙཀ་ལིའི་རྒྱབ་ཡིག་གུད་དུ་བཀོལ་བ། འདི་གཉིས་ལ་ཡོངས་རྫོགས་དབང་གི་གལ་བྱང་ཆིག་བརྒྱུད་མ་ཀུན་ལ་སྟོན་པའི་གནས་མིན་གསུང་བ་འདུག་ཀྱང་འདིས་ཙཀ་ལི་མང་ཁྱད་ལས་སྤྲོས་པའི་དབང་དངོས་གཞིའི་སྐབས་ལས་ལྷ་མང་དུ་མ་སོང་བས་དགོས་དོན་ལྷག་པོ་མེད་པར་མངོན་ཞིང་། དེང་སང་ལུང་རྒྱུན་ཙམ་ལས་དབང་ལ་འདིའི་ཕྱག་ལེན་མི་མཛད་


GLG002_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཡོངས་རྫོགས་དབང་གི་ཐ་༼ཟུར༽རམས་པའི་རྒྱ་ཅན་ལ་ནང་གསེས་ཀྱི་དབང་བཞི་སོ་སོའི་ཐ་རམས་ཡོད་པ། མཇུག་ཆོག་དབང་བྱང་༼ཟུར༽བཀོལ་བའམ་རྒྱལ་ཐེབས་ནུས་པའི་དབང་། གཞན་གྱི་སྨིན་བྱེད་དུ་མ་ཟད་རྣལ་འབྱོར་བདག་ཉིད་རྒྱུན་དུ་བླང་བར་བྱ་བའི་ཆོ་ག་མགྱོགས་དབང་བུམ་༼ཟུར༽པའི་རྒྱ་ཅན་ཏེ་དབང་གི་སྐོར་ལ་ཆོས་ཚན་བདུན་ཡོད་ཀྱང་ཐུན་མོང་གི་ཆོས་སྡེ་དྲུག་ཅུ་རེ་བརྒྱད་འདྲེན་པའི་ཚེ་སྡེ་ཚན་གཅིག་ཏུ་རྩིའོ། ༈ །གཉིས་པ་གསང་སྔགས་སྤྱི་སྒྲུབ་ཆེན་མོའི་སྐོར་གསུམ་ནི། བདུད་རྩི་སྨན་སྒྲུབ་བུམ་པའི་རྒྱ་ཅན་ལ་ནང་གསེས་ཀྱི་མན་ངག་ཚན་དོན་༼ཟུར༽བཀོལ་བ། སྨན་གྱི་སྔགས་བྱང་། སྨན་སྒྲུབ། སྔགས་འགྲེལ་རྣམས་ཆོས་སྡེ་གཅིག །དེའི་ཁ་སྐོང་ཞི་བའི་ལས་བྱང་། སྨན་གྱི་༼ཟུར༽ལས་ཚོགས་ལ་ནང་གསེས་དགུར་བཤད་པའི་དང་པོ་གང་ལ་དགོངས་ནས་བཤད་པ། གཉིས་པ་བདུད་རྩི་ལྔ་སྤྱི་སྒྲུབ་ཀྱི་སྦྱོར་བ་ལ་བདུད་རྩིའི་ཁ་བསྒྱུར་ལ་བརྟེན་ནས་རིམས་དུག་ཁྲག་འཁྲུགས་ཀུན། མཆིན་ནད། གློ་ནད། སྙིང་ནད། མཁལ་ནད། མཁྲིས་ནད། མཆེར་ནད། རྒྱུ་ལོང་གཉེར་མའི་ནད། མཛེ་ནད་རྣམས་སེལ་བ། སྐྲ་དང་སྨིན་མ་སྐྱེ་བ། འབྲུམ་བུ་གསོས་པ། གོས་མི་དགོས་པ། རྐང་མགྱོགས། རྐང་པ་མི་གས་པ། ཐོག་སེར་འབེབས་པ་རྣམས། གསུམ་པ་བྱེ་བྲག་སོ་སོའི་སྦྱོར་བ་ལ་ལུས་སྨིན་ཅིང་རྫོགས་པ། རུས་པ་མཁྲེགས་པ། སོ་ཚགས་དམ་པ། སྲེའུ་སྐྱེ་བ། ཕྱི་མ་རྡོ་རྗེའི་རིགས་འགྲུབ་པ། མཆོག་གི་བཅུད་ལེན། མཛེ་རླུང་སེལ་བ། ཤ་སྐྱེ་བ། ཕྱི་མ་རིན་ཅེན་རིགས་འགྲུབ་པ། སེམས་གསལ་བ། གྲང་བ་མི་སྐྱེ་བ། འབྲུམ་ནད་རྒྱུ་རིམས་ཐུབ་པ། ཕྱི་མ་པདྨའི་རིགས་འགྲུབ་པ། བཀྲག་


GLG002_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བ། དུག་རིགས་ཐུབ་པ། ཕྱི་མ་ལས་ཀྱི་རིགས་འགྲུབ་པ། བཞི་པ་དྲི་ཆེན་རྒྱལ་བློན་དམངས་སྦྱོར་ལ། རྩ་བ་རྒྱལ་པོ་ལྟ་བུ། ཁ་བསྒྱུར་བློན་པོ་ལྟ་བུ། ཞག་ཉེར་གཅིག་བསྟན་པས་ཀླུ་གནད། གག་ལྷོག །གློག་གསར་རྙིང་། འབྲུམ་ནད། མིག་ནད། ཟ་ཀོང་། དུག་ནག །སྦྱར་དུག་རྣམས་སེལ་བ། དམངས་བདུད་རྩི་སྤྲུལ་པ། འདུལ་བ། སྤེལ་བ། དབྱུང་བ། གྲང་རླུང་སེལ་བ། མིག་གསལ་བའི་བཅུད་མི་འཆོར་བ། རྩ་མིག་ཏུ་འགྲོ་བ། དྲོད་སྐྱེ་བ། ལྡེ་གུ་ཐུག་པ། ཆང་། སྨན་མར། གཟན་དྲོན། འོ་ཐུག །རྒྱུན་སྒྲུབ་རྣམས། ལྔ་པ་ཕྱི་ནང་གསང་གསུམ་ལ། ཕྱི་དྲི་ཆེན་ལ་གཞི་བརྟེན་པ། ནང་སྐྱེ་བདུན་ལ་གཞི་བརྟེན་པ། གསང་བ་ཕྱག་རྒྱ་མ་ལ་བརྟེན་པ་རྣམས། དྲུག་པ་ལས་ཚོགས་ཐ་དད་པར་སྦྱར་བ་ལ། མིག་ནད། སྦྱར་དུག །མགུལ་འགགས་གག་པ། མཛེ་ནད། འདུ་བ་རྣམ་བཞི་རྣམས་སེལ་བ། ལུས་ཟུངས་རྒྱས་པ། མཁྲིས་པ། སྙིང་རླུང་། མགོ་འཁོར། ཤ་དུག །ལོ་དུག །དུག་ནད་ཀུན། ཤ་འཛེར། འབྲས་ནད། ཕོ་ལོག །ཤ་རོ། ཤ་འཁྲིག །ཕོལ་མིག །རུས་ནད། གྲང་ནད། ཚ་བ། ལྷོག་པ། རྒྱལ་གདོན། བསེན་མོ། རྒྱལ་ཕྲན། ཀླུ། གདོན་ཐམས་ཅད་ཞི་བ། ཚེ། བསོད་ནམས་ནོར། གཞོན་ཤ་རྣམས་རྒྱས་པ། ཕོ་རིགས་མོ་རིགས། ཡུལ་ཁམས་རྣམས་དབང་དུ་བསྡུ་བ། མནན་སྲེག་འཕང་གསུམ་གྱི་ཁ་བསྒྱུར། དུག་ནད་བསྲུང་བ། བུ་ཆུང་ལྟར་འགྱུར་བ། གཞོན་པར་འགྱུར་བ། མཆིན་ནད་སེལ་བ། རྐང་མགྱོགས། མཁའ་ལ་འཕུར་པ། བུད་མེད་བརྒྱ་ལ་བུ་འབྱིན་པ། གྲང་རླུང་སྟོད་ནད། ཤ་གཡའ་ཁྲག་ནད་རྣམས་སེལ་བ། མིག་མཐོང་། མཛེ་རྩབས་འབྱིན་པ། བདུན་པ་དམ་ཚིག །བརྒྱད་


GLG002_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལོག་གནོན། དགུ་པ་ཡོན་ཏན་བསྟན་པ་རྣམས་སོ། ༈ །དངོས་གྲུབ་ཡོངས་རྫོགས་རྣམ་དག་བམ་གྱི་སྒྲུབ་པ་དང་བམ་སྐོར་གཉིས་ལ་ཆོས་སྡེ་གཅིག །བཅུད་ལེན་༼ཟུར༽ཡོངས་རྫོགས་ཚེའི་སྒྲུབ་པ་བདུད་རྩི་ཤེལ་གྱི་བུམ་བཅུད་རྣམས། གསུམ་པ་རྣལ་འབྱོར་རྐྱེན་བཟློག་ཉམས་ཆགས་སྐོང་བའི་ཆོས་གསུམ་ནི། ཉམས་ཆགས་བཤགས་པ་ན་རཀ་དོང་སྤྲུག །དམ་རྫས་མདངས་ཀྱིས་སྐོང་བ། ཡོངས་རྫོགས་གླིང་བཞི་སྲིད་པ་སྤྱི་མདོས་དཔེ་རིས་དང་བཅས་པ། མདོས་ཀྱི་གཉིས་མེད་དོན་སྐོང་རྣམས། བཞི་པ་འགྲོ་བའི་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེའི་སྲི་ཞུ་ཐབས་གསུམ་ནི། སྐུ་གསུམ་ཡོངས་རྫོགས་ལྷ་ཁང་༼ཟུར༽བཞེངས་ཐབས། སྐུ་གདུང་སཱཙྪའི་ལས་རིམ། རྟེན་གསུམ་རབ་༼ཟུར༽གནས་ཡོངས་རྫོགས་རྣམས། ལྔ་པ་རྣལ་འབྱོར་བསྲུང་སྐྱོབ་མཐུན་རྐྱེན་བསྒྲུབ་པའི་ཆོས་གསུམ་ནི། བསྲུང་འཁོར་༼ཟུར༽ཡོངས་རྫོགས་བདེ་གཤེགས་བཀའི་འཁོར་ལོ་དཔེ་རིས་དང་བཅས་པ། སྔགས་༼ཟུར༽འབུམ། བསྲུང་འཁོར་ཀུན་ཐུབ་ཀྱི་ཡིག་ཆུང་། གནོད་སྦྱིན་སྲོག་འཁོར་ཡོངས་རྫོགས་ནོར་སྒྲུབ། ཞར་བྱུང་གནོད་སྦྱིན་ཡང་ཁོལ་གྱི་སྒྲུབ་པ་དང་བཅས་པ། སྟོབས་ལྡན་རླུང་༼ཟུར༽འཁོར་བུམ་པའི་རྒྱ་ཅན་དཔེ་རིས་དང་བཅས་པ། དེའི་ཡིག་ཆུང་གནད་༼ཟུར༽ཀྱི་ཡི་གེ་རྣམས། དྲུག་པ་གསོན་ལ་ཕན་འདོགས་པའི་ཆོས་གསུམ་ནི་ཆར་འབེབས། ཤྭ་སེར་ཆུ་༼ཟུར༽དམག་བཟློག་ཐབས། འདི་ལ་ལྷ་འདྲེའི་རྒྱ་སྲང་བཟློག་ཐབས་ལས་དམག་བཟློག་མ་བྱུང་བས་ལྷ་འདྲེ་རྒྱུ་བ་ལ་དམག་གི་མིང་བཏགས་སམ་སྙམ། འཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་ཐབ་དགང་བླུག་གི་དཔེ་རིས་དང་བཅས་པ་


GLG002_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། བདུན་པ་གཤིན་ལ་ཕན་གདགས་པའི་ཆོས་གསུམ་ནི། བདུན་༼ཟུར༽ཚིགས་འདྲེན་པ་ཡོངས་རྫོགས་རིགས་དྲུག་གནས་ནས་དྲང་བ། ཚེ་འདས་འགུགས་ཤིང་གཤེད་དང་དཔྲལ་བ། ངམ་རྟར་ཀློང་གི་དུས་མཛད་པའི་སྦུབས་བཤིག །ཕྱིར་མི་ལྡོག་ཐབས་རོ་སྲེག་༼ཟུར༽བའི་ཆོ་ག །སཱཙྪ་གདབ་ཐབས་ནས་བསྟན་པའི་གཤིན་དོན་སཱཙྪའི་ཆོ་ག་རྣམས། བརྒྱད་པ་བསྟན་པ་བསྲུང་བའི་ཆོས་གསུམ་ནི། སྡེ་དཔོན་སུམ་ཅུའི་དྲག་སྒྲུབ་རྣོ་མྱུར་ཆིག་ཆོད་ཕོ་ཉ་ཡོངས་རྫོགས་ཀྱི་དྲག་སྒྲུབ། སྡེ་དཔོན་སུམ་ཅུའི་མཆོད་བྱང་། དྲེགས་པ་བཅོ་བརྒྱད་ཀྱི་བཅུད་ཕུར་གནད་འབེབས། མ་ནིང་ལང་འཁོལ་ཆིག་ཤུར་ནག་པོའི་གསང་སྒྲུབ་གསང་བ་སྲོག་གི་ལས་སྦྱོར། འདིའི་མན་ངག་གཏེར་སྟོན་གྱི་དུས་ནས་གབ་པས་ཆ་ཚང་བ་བརྒྱུད་པ་འདི་ལ་མ་གཏོགས་གཞན་ལ་མེད་དོ།། དགྲ་བགེགས་བསྐལ་མཐར་གནོན་པ་མནན་པ་མི་འགྱུར་བའི་ལས་རྣམས། དགུ་པ་ནད་གདོན་བར་གཅོད་བཟློག་པའི་ཆོས་གསུམ་ནི། ཡོངས་རྫོགས་ནད་འདོན་གྱི་དམིགས་རིམ། ཡོངས་རྫོགས་བྲོ་བརྡུང་། ། ༈ ཡོངས་རྫོགས་གཏོར་ཟློག་དྲག་པོ། འདིའི་གཏོར་ཟློག་བསྡུས་པ་སྟེ། འདིའི་ཆ་ལག་ཏུ་འགྲོ་བ། གཏོར་བཟློག་སྤྲ་འཁྲིད། དམོད་བྱང་། ཁྱུང་བཅས་འཁོར་ལོ་བདུན་མ་དང་དགུ་མ། གསང་བའི་འཁོར་ལོ། ཁྱུང་བཟློག་སོགས་ཡོངས་ལ་མ་གྲགས་པའི་གསང་གཏེར་ཞིག་ཡོད་འདུག་པ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་གསན་ཡིག་ཏུ་གསལ་ནའང་། དེང་སང་འཁོར་ལོ་རེ་གཉིས་དང་དམོད་བྱང་ཙམ་ལས་རྒྱུན་ནུབ་ཅིང་། རང་རྐྱ་ཕེར་བ་དེ་སྟེང་བསྐུལ་ཙམ་མ་གཏོགས། ཁྲོ་རོལ་ཚང་བ་བདེ་འདུས་ནས་ཁ་འགེང་བ་ཡིན་ཀྱང་། གཏེར་ཁ་གོང་


GLG002_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཡི་གེ་འདིའི་གླེགས་བམ་ཁྲོད་དུ་བཅུག་པའི་སོག་ཟློག་པ་དང་གོང་ར་བ་སོགས་བླུན་པོ་ལ་ལ་ཟློག་གཞི་ཚིག་རྐང་དགུ་མ་ཡོངས་རྫོགས་ཀྱི་གཏེར་ཁ་ཡིན་ཁུལ་དང་། འགའ་ཞིག་ཡོངས་རྫོགས་ཀྱི་གཏོར་བཟློག་རཏྣ་གླིང་པའི་གཏེར་བྱོན་ཡོད་ཟེར་བ་སོགས་ནི་རང་གི་ནང་ཆ་སྟོན་པ་ཙམ་དུ་ཟད་དོ། ༈ །དེ་ཡང་བསྐྱེད་རྫོགས་ཀྱི་ཉམས་ལེན་གཏེར་ཁ་གོང་འོག་གཉིས་ཀའི་བཀའ་བརྒྱུད་དུ་འདུག་ཀྱང་ཉམས་ལེན་འོག་མ་ཅུང་ཟད་འདྲིལ། ཁྲོ་རོལ་སོགས་འཕྲིན་ལས་ཀྱི་མཐའ་རྒྱས་བདེ་འདུས་ནས་ཁ་འགེང་བ་ལས་ཡོངས་རྫོགས་ལ་ཚང་བ་མེད། དྲེགས་པའི་སྲོག་བདེ་འདུས་སུ་དྲེགས་པ་རྣམས་ཀྱི་ལྷ་དབང་ཡོད་ཀྱང་བསྐུར་ལུགས་མི་འདྲ། དབང་དང་གླིང་བཞི་སྤྱི་མདོས་སོགས་ནི་ཡོངས་རྫོགས་ན་མ་གཏོགས་བདེ་འདུས་ན་སྤྱི་མདོས་ཉུང་ངུ་ཞིག་ལས་གསལ་ཁ་མེད་པས་ཉ་དང་ཉུང་མ་བསྲེ་བར་མ་བྱེད་ཅིག །བཅུ་པ་བསོད་ནམས་ཚོགས་གསོག་གི་ཆོས་གསུམ་ནི། དཀོན་ཅོག་སྤྱི་མཆོད། ཐུན་མོང་གི་ཆུ་སྦྱིན་ནམ་མཆོད་འབུམ་ཕྱི་མ་དང་མཆོད་བྱང་བཀོལ་བར་གྲགས་པ། ཡོངས་རྫོགས་ཆ་གསུམ། དེའི་འདོད་གསོལ། ཡོངས་རྫོགས་ཆུ་གཏོར་རྣམས། བཅུ་གཅིག་༼ཟུར༽ལ་ཐུན་མོང་ཆོས་སྤྱོད་ལ། ནང་གསེས་ཀྱི་ཤེས་བཞིན་རྗེས་སུ་བསྐྱང་ཕྱིར་ཕྱི་མཚན་མེད་ལས་སྒྱུ་མ་ལྟ་བུ། ནང་ལྷ་སྐུ། གསང་བ་སྟོང་གསལ་འཛིན་མེད་དུ་ལྡང་བ་དང་གསུམ། བག་ཆགས་དྲི་མ་སྦྱང་ཕྱིར་ཕྱི་བུམ་ཆུ། ནང་ཡབ་ཡུམ་གྱི་བྱང་སེམས། གསང་བ་ཀ་དག་གི་བདུད་རྩིས་འཁྲུས་པ་དང་གསུམ། ཞིང་སྦྱོང་ཚོགས་བསགས་ཕྱིར་ཕྱི་ཚོམ་བུ། ནང་ལུས། གསང་བ་རང་སེམས་དག་པའི་མཎྜལ་དང་གསུམ། བྱིན་རླབས་མྱུར་དུ་འཇུག་པ་ཕྱི་བླ་མའི་རྣམ་པ། ནང་རྡོ་རྗེ་འཆང་། གསང་བ་རང་


GLG002_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དབྱེར་མེད་དུ་གསོལ་བ་འདེབས་པ་དང་གསུམ། བར་གཅོད་སེལ་བྱེད་ཕྱི་གཟན། ནང་ལུས་ཤ་ཁྲག །གསང་བ་བྱང་སེམས་དཀར་དམར་གྱི་གཏོར་མ་དང་གསུམ། འདི་ལ་འཇམ་དབྱངས་མཁྱེན་བརྩེའི་ཆོག་སྒྲིགས་ཤིག་ཀྱང་ཡོད། ཚོགས་ཆུང་ཕན་པ་ཆེ་བ་ཕྱི་ཆབ། ནང་དྲི་ཆུ། གསང་བ་རིག་པ་རང་གསལ་གྱི་ཆུ་སྦྱིན་དང་གསུམ། ཡུལ་ཀུན་མཉེས་པར་བྱེད་པ་ཕྱི་བཟའ་བཏུང་། ནང་ཟག་རྫས། གསང་བ་བདུད་རྩིའི་བཟའ་ཚོགས་དང་གསུམ། གནས་ལ་ཆགས་པ་སྤོང་ཕྱིར་ཕྱི་ལྷའི་ང་རྒྱལ་གྱིས་ལྷ་དང་བླ་མ་མཇལ་བའི་ཚུལ། ནང་སེམས་ཅན་བྱང་ཆུབ་ལ་སྦྱོར་བའི་དོན་དུ། གསང་བ་རིག་པ་ཡེ་ཤེས་ཀྱི་མཁའ་ལ་ཟངས་ཐལ་དུ་འགྲོ་བ་དང་གསུམ། དབང་པོའི་སྒོ་བདེ་ཕྱིར་ཕྱི་སྣབས་རྩ་ཆུ་བདུད་རྩིར་བསྒྱུར་བ། ནང་རྟོག་མེད། གསང་བ་གཅེར་མཐོང་རང་གྲོལ་དུ་འདོར་བ་དང་གསུམ། འབྱུང་བ་ཆ་སྙོམ་ཕྱིར་ཕྱི་སྒོ་གསུམ་མི་གཡོ་བ། ནང་ལྷའི་སྐུ་གསུང་ཐུགས་སུ་ཤར་བ། གསང་བ་གསལ་སྟོང་འཛིན་མེད་ཀྱི་སྒོ་ནས་ཉལ་བ་དང་གསུམ། འཁོར་བའི་རྒྱུད་སྦྱང་ཕྱིར་ཕྱི་མཚན་བཅས་རྟེན། ནང་རང་དཔལ་ཆེན་པོ་ལ་རིག་པའི་ཁྱེའུ་ཆུང་། གསང་བ་སྣང་བ་ཐམས་ཅད་སྐུ་གསུམ་དུ་རང་སར་གྲོལ་ཏེ་བསྐོར་བ་དང་གསུམ། དམ་ཚིག་ཉམས་པ་གསོ་བྱེད་ཕྱི་རང་ཉིད་རྡོར་སེམས་སུ་གསལ་བ། ནང་གནས་གསུམ་དུ་འབྲུ་གསུམ་གསལ་བརྟན་དུ་འགྱུར་བ། གསང་བ་སྒོ་གསུམ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་ནས་སྐོང་བ་དང་གསུམ། བསོད་ནམས་འཕེལ་བའི་མཆོག་གྱུར་ཕྱི་འབྱུང་བཞིའི་སཱཙྪ། ནང་གཟན་གྱི་སཱཙྪ། ལུས་གཞལ་ཡས་ཁང་དུ་གདན་དྲང་བ། གསང་བ་རིག་པ་སྐུ་གསུམ་དུ་ཤར་པའི་སཱཙྪ་


GLG002_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པ་དང་གསུམ། བསོད་ནམས་གཞིར་གྱུར་ཕྱི་ཟང་ཟིང་། ནང་མི་འཇིགས་པ། གསང་བ་ཆོས་ཀྱི་སྦྱིན་པ་དང་གསུམ། གསུམ་ཚན་བཅུ་གསུམ་པོ་བསྡོམས་པའི་སྟེང་དུ་ཕྱི་མ་སྦྱིན་གཏོང་གསུམ་ཁ་ཕྲལ་བས་བཅུ་དྲུག །དེའི་སྟེང་དུ་གོང་གི་ཕྱི་མཆོད་ཆ་གསུམ་ཆབ་གཏོར་བསྣན་པས་ཆོས་སྤྱོད་ཉི་ཤུའོ། ༈ །བཅུ་གཉིས་པ་ཐུན་མོང་གི་སྒྲུབ་ཆེན་བརྒྱད་༼ཟུར༽ལ། ལས་ཀུན་འགྲུབ་བྱེད་རིལ་བུའི་སྒྲུབ་པ། མཁའ་སྤྱོད་སྐྱེ་བདུན་གྱི་སྒྲུབ་ཆེན། རྐང་མགྱོགས་སྒྲུབ་ཆེན། ས་སྤྱོད་གཏེར་ཆེན་གྱི་སྒྲུབ་ཆེན། མངོན་ཤེས་སྒྲུབ་ཆེན། མི་སྣང་སྒྲིབ་པའི་སྒྲུབ་ཆེན། གསེར་འགྱུར་རྩིའི་སྒྲུབ་ཆེན། ཚེའི་རིག་འཛིན་སྒྲུབ་ཆེན་རྣམས། བཅུ་གསུམ་པ་བསྟན་སྲུང་གི་སྐོར་ལ། སྒྲུབ་ཆེན་སྡེ་བརྒྱད་ཀྱི་དམ་ཅན་སྒོས་སྒྲུབ་ལ་ཆེ་མཆོག་གི་བཀའ་སྲུང་། ཡང་དག་གི་བཀའ་སྲུང་། གཤིན་རྗེའི་བཀའ་སྲུང་། དབང་ཆེན་གྱི་བཀའ་སྲུང་། ཕུར་པའི་བཀའ་སྲུང་། མ་མོའི་བཀའ་སྲུང་རྣམས་ནི་འདིར་མ་ཟད་ཇོ་མོའི་ཉམས་ལེན་གྱི་ནང་ནའང་ཡོད། རིག་འཛིན་གྱི་བཀའ་སྲུང་། དྲེགས་པའི་བཀའ་སྲུང་ནི་སྒོས་བཀར་འདུ་བར་དགོངས་ཤིང་། འཇིག་རྟེན་མཆོད་བསྟོད་ཀྱི་བཀའ་སྲུང་སྡེ་བརྒྱད་དང་དྲག་སྔགས་ཀྱི་སྡེ་བརྒྱད་གཉིས་ལས་ཕྱི་མའི་དབང་དུ་བཏང་བ་ལ། སྨྱོ་འབོག་བརྒྱ་ལ་ནད་གཏོང་བ་གིང་གི་སྒྲུབ་པ། ཁྲམ་ནག་མྱོས་པས་གསད་པ་ནག་པོ་བདུད་ཀྱི་སྒྲུབ་པ། དམེ་མཚོན་འཁྲུག་པས་འཕུང་བ་དམར་པོ་བཙན་གྱི་སྒྲུབ་པ། དལ་ཡམས་རིམས་ཀྱིས་འཕུང་བ་ནད་གཏོང་མ་མོའི་སྒྲུབ་པ། ལྟས་ངན་ཆོ་འཕྲུལ་དབབ་པ་གནོད་སྦྱིན་སྒྲུབ་པ། སྲོག་རྩ་དམར་པོ་གཅོད་པ་སྲིན་པོའི་སྒྲུབ་པ། ཆུ་འཁྱགས་ཁྲག་ཏུ་དབབ་པ་དྲག་པོ་གཟའི་


GLG002_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ། མཛེ་ནད་སྣ་དགུ་གཏོང་བ་གདུག་པ་ཀླུའི་སྒྲུབ་པ་རྣམས། དྲག་སྔགས་ཀྱི་བཀའ་སྲུང་ལ། དྲག་རྩལ་ལྷའི་དྲག་སྔགས། འཆི་བདག་གཤིན་རྗེའི་དྲག་སྔགས། གདུག་པ་ཀླུའི་དྲག་སྔགས། གནོད་སྦྱིན་འདུས་པའི་དྲག་སྔགས། ཁྲོ་གཏུམ་སྲིན་པོའི་དྲག་སྔགས། འཕུང་བཤིག་བདུད་ཀྱི་དྲག་སྔགས། མཁའ་འགྲོ་མ་མོའི་དྲག་སྔགས། དབང་ཆེན་གཟའི་དྲག་སྔགས། འདི་རྣམས་བདེ་འདུས་ཀྱི་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ན་བཞུགས་པ་དང་གཅིག་གོ །མ་ནིང་ཆིག་ཤུར་ནི་གོང་དུ་གསང་བའི་སྐབས་བསྟན་པ་དེ་ཀ་ཡིན་ལ། བསྒོམ་བྱའི་ལྷ་གབ་པ་ནི་ཞལ་གཅིག་ཕྱག་གཉིས་རུ་མཚོན་དང་སྙིང་ཞབས་བསྣམས་པ། རྟ་ནག་ལ་ཆིབས་པ་ཞིག་ཡོད་ཅིང་། བཀའ་བརྒྱད་ཀྱི་དྲེགས་པའི་སྲོག་དབང་གི་དུས་ཀྱང་སྐུ་གཟུགས་འདིའི་ཙཀ་ལི་མཛད་མཁན་བྱུང་ནའང་མ་ནིང་ཡོངས་གྲགས་འདུས་ཆེ་བས་རྟ་ཞོན་མ་འདི་མི་མཛད་དོ། ༈ །མ་ནིང་ཅོག་བརྡུང་གི་སྒྲུབ་པ་ལ་ནང་གསེས་ཀྱི་དགྲ་བཅས། ལྷའི་རྫས། ཏིང་འཛིན། སྔགས། རྟགས། གཏོར་མ། སྤོགས་པ། གནད་འབེབས། ཕན་ཡོན་དང་བཅས་པ་ཆོས་སྡེ་གཅིག་ཏུ་ཚང་བའི་ཟབ་ཅིང་འདུས་པ། དེ་ལྟར་དམ་ཅན་དེ་དྲུག་ལ་ཆོས་སྡེ་གཅིག །བཀའ་སྲུང་སྡེ་བརྒྱད་ལ་གཅིག །མ་ནིང་སྐོར་ལ་གཅིག་སྟེ་ཆོས་སྡེ་གསུམ་དུ་བྱེད་ལ། ནང་གསེས་སུ་བཀའ་སྲུང་སྡེ་ཚན་བཅུ་དྲུག་ཡོད་པ། བཀའ་རྩིས་ལས། སྒྲུབ་ཆེན་སྡེ་དྲུག་དམ་ཅན་སྒོས་སྒྲུབ་དྲུག༔ བཀའ་སྲུང་སྡེ་བརྒྱད་སྲོག་དྲིལ་དྲག་སྔགས་བརྒྱད། །མགོན་པོ་མ་ནིང་ཆིག་ཤུར་ཅོག་བརྡུང་གསུམ༔ དེ་ལྟར་བཅུ་དྲུག་ཡོངས་རྫོགས་ཆོས་སྲུང་སྟེ༔ དུག་གི་སྤུ་གྲི་གནམ་ལྕགས་ཐོག་དང་འདྲ༔ ཞེས་པ་ལྟར་རོ། །འོན་ཀྱང་


GLG002_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་གྱི་བཀའ་སྲུང་སོགས་ཐེམས་མེད་ཀྱི་རིགས་ཀྱང་མང་ཞིང་། མན་ངག་གླིང་ཁོག་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་ཡང་སྙིང་། དྲེགས་པའི་ལས་བྱང་ཆེན་མོ་སྟོད་སྨད་གཉིས་མན་ངག་གིས་བརྒྱན་པར་བཀོད་པ་གཏེར་སྟོན་གྱིས་མཛད་པ། མ་ནིང་གི་གསོལ་ཁ་དད་པ་དམ་ཚིག་མ། བསྟན་སྲུང་ཁ་རིའི་གསོལ་མཆོད་དགེ་བསྙེན་པ། ཀླུ་བདུད་མགོ་དགུའི་གསོལ་མཆོད་ད་ནི་མ། སྨྱོན་ཀའི་གསོལ་མཆོད་རྒྱ་མཚོ་མ། དེས་མཚོན་པའི་ལྷ་མོ་དང་དམ་སྲིའི་དབྱེ་བ་དང་སྐྱེ་རྒྱུས། དབང་དང་དྲག་སྔགས་མཐའ་དག་ལ་ཉེ་བར་མཁོ་བའི་གནད་ཁྱིམ་མི་འགྱུར་བ་རྡོ་རྗེའི་ཁྱིམ་དང་གསུམ། དྲག་པོ་མངོན་སྤྱོད་ཀྱི་ལས་ཀུན་ལ་མེད་ཐབས་མེད་པའི་ཁྱད་འདོན་སྙིང་ཏིག་གི་ལག་ལེན་སྔགས་སྡེབས་སྙིང་གཟེར་ནག་པོ་རྩ་འགྲེལ་དཔེ་རིས་དང་བཅས་པ། སྙིང་གཟེར་ནག་པོ་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་མཆོག་སྤྲུལ་མངའ་རིས་པཎ་ཆེན་སྐུ་མཆེད་ཀྱིས་མཛད་པ། སྔགས་སྡེབས་རླུང་འཁོར་གྱི་ཕྱག་ལེན་སྔགས་འཆང་བི་ཛ་ཡས་མཛད་པ། བཀའ་བརྒྱད་ཡོངས་རྫོགས་ཀྱི་རྔ་རབས། མཆོག་སྒྲུབ་ལག་ཆ་རྣམ་དགུ་ལས་དུར་ཁྲོད་ཐོད་པའི་མཚན་རྟགས། ཐོད་སྒྲུབ་རིན་ཅེན་རྒྱ་ཅན། སྲོག་ཤིང་བརྟེན་པའི་འཁོར་ལོ་རྣམས། དེ་ལྟར་མ་ཧཱ་ཡོ་གའི་ཐེམས་མེད་དང་ཐུན་མོང་གི་སྐོར་དཀར་ཆག་ཏུ་མི་གསལ་ཡང་ཆོས་བཀའ་སོ་སོའི་ཡན་ལག་ཏུ་དངོས་བསྟན་གྱི་ཆོས་ཚན་ཁ་སྐོང་རྣམས་སོ་སོའི་ཁོང་དུ་བསྡུས་པས་རགས་པའི་གྲངས་བཀའ་རྩིས་སུ་གསུངས་པ་ལྟར་མ་ཧཱ་ལ་ཉི་ཤུ། ཨ་ནུ་ལ་དྲུག །ཨ་ཏི་ལ་དགུ །ཐུན་མོང་ལ་དྲུག་ཅུ་རེ་བརྒྱད་དེ་ཀུན་དྲིལ་བས་ཆོས་སྡེ་བརྒྱ་གསུམ་ཡོད། ཞིབ་མོར་བྱས་ན་ཁ་བསྒྱུར་


GLG002_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཅིག་ནི་གསང་འདུས་རྒྱུན་གྱི་ལེའུ་སོ་དགུ་པ་ནས་གསུངས་པ་དེ་ཀ་ཡིན་པས་རྒྱུད་ལ་ལྟོས། འདི་བླ་མའི་སྐབས་ཀྱི་ཁ་བསྒྱུར་ཉེར་གཅིག་དང་མི་གཅིག་པས་རྣམ་དབྱེ་ཕྱེད་དགོས། གཏུམ་མོ་ཞག་བདུན་མ་དང་མན་ངག་གཅེས་འཕྲེང་ནི་བླ་རྫོགས་ཐུགས་གསུམ་དང་བཀའ་བརྒྱད་ཀྱི་ཆ་ལག་གོ །རྩ་བའི་གསུམ་པ་རྒྱབ་རྟེན་རྒྱུད་ཀྱི་སྐོར་ལ། བཀའ་རྩིས་ལས། ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་སྙིང་པོའི་རྒྱུད༔ ངོ་མཚར་དེ་ཡི་བཅུད་མཆོག་པདྨས་བསྡུས༔ ལྷ་དང་རིག་འཛིན་ཀུན་འདུས་དབང་རྫོགས་བསྐུར༔ ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་སྒྲུབ་ཆེན་པོ༔ གསང་སྔགས་དོན་གྱི་སྙིང་པོ་འདི་ཁོ་ན༔ སྒྲུབ་ཆེན་དེ་ཡི་མིང་ཙམ་གང་སུས་འཛིན༔ དེ་དང་ཨོ་རྒྱན་སྙིང་ཁྲག་གཅིག་ཏུ་འདྲེས༔ ཞེས་སོ། །རྩ་བའི་གསུམ་པ་རྒྱབ་རྟེན་རྒྱུད་ཀྱི་སྐོར་ནི། ཇི་སྐད་དུ། ཐབས་ཤེས་ཡོངས་རྫོགས་དཔལ་ཆེན་གསང་འདུས་འདི༔ ལྷོ་བྲག་མཁར་ཆུ་གསང་བ་དབང་གི་ཕུག༔ ལྕགས་ཕུར་གཏམས་པའི་བྲག་ལ་ཨ་ཐམ་རྒྱ༔ ཞེས་གསུངས་པ་ལྟར་ལྷོ་བྲག་མཁར་ཆུ་ལྕགས་ཕུར་ཅན་གསང་བ་དབང་གི་ཕུག་པ་ནས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་སྒོ་ཕྱེ་སྟེ་སྤྱན་དྲངས་པའི་བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་ཡེ་ཤེས་ཀྱི་སྙིང་པོ་ཐམས་ཅད་ཡོངས་སུ་རྫོགས་ཤིང་འདུས་པ་དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལེའུ་ཞེ་གསུམ་པ་ཨཽ་ཌི་ཡ་ནའི་མཁན་པོ་པདྨ་སཾ་བྷ་ཝས་རང་འགྱུར་དུ་བསྒྱུར་བ། རྒྱུད་ཀྱི་སྤྱི་དོན་རྣམ་པར་བཞག་པ་ཁོག་དོན་རིན་པོ་ཆེའི་དྲ་བ་ཞེས་བྱ་བ་ཡར་ཀླུངས་སྤྲུལ་སྐུ་ཤཱཀ་འོད་ཀྱིས་མཛད་པ། དེས་མཛད་པའི་རྒྱུད་དོན་རབ་ཏུ་དབྱེ་བའི་ས་མ་འགྲེལ་རྒྱུད་ཀྱི་


GLG002_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་དོན་གསལ་བར་བྱེད་པའི་མིག་ཅེས་བྱ་བ། དེས་མཛད་པའི་རྒྱུད་དོན་རྣམ་པར་བཤད་པ་རིན་པོ་ཆེ་གཏེར་གྱི་རྒྱན་ཞེས་བྱ་བ་རྣམས་སོ། ༈ །དེ་ཡང་རྡོ་རྗེའི་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་ལ་བརྟེན་ནས་སྒྲུབ་ཆེན་གྱི་ཁོངས་སུ་ཆོས་སྡེ་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པ་སློབ་མའི་རྒྱུད་ལ་འཆར་བ་ཞིག་དགོས་ཞེས་མངའ་རིས་པཎ་ཆེན་རིན་པོ་ཆེ་གསུང་བ་ནི་ཁྲི་སྲོང་ལྡེ་བཙན་སླར་ཡང་བསམས་བཞིན་དུ་བྱོན་པའི་དད་པའི་གསོས་སོ། །དེ་ལྟར་ཆོས་སྐོར་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པའི་རིམ་པ་ལ་དབང་དང་རྒྱུད་སྡེའི་བཀའ་བབས་ཚུལ་གཉིས་ལས། དང་པོ་ནི་ཡེ་མ་བཅོས་རྫོགས་པའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས་རྒྱལ་བ་རིགས་ལྔ་ལ་ཡེ་ཤེས་ལྔའི་རྩལ་དབང་བསྐུར་བས་ལོངས་སྤྱོད་རྫོགས་སྐུར་ཤར། རིགས་ལྔས་དམ་པ་ཏོག་དཀར་ལ་དབང་བསྐུར་བ་ལ་བརྟེན་ནས་དེས་ཕྱི་ཤཱཀྱ་ཐུབ་པར་སྤྲུལ་ནས་ལག་ན་རྡོ་རྗེ་འཆང་ལ་དབང་བསྐུར། ནང་རྡོ་རྗེ་འཆང་དུ་སྤྲུལ་ནས་རྡོ་རྗེ་ཆོས་ལ་དབང་བསྐུར། གསང་བ་རྡོ་རྗེ་སེམས་དཔར་སྤྲུལ་ནས་གསང་བའི་བདག་པོ་ལ་དབང་བསྐུར། དེ་ནས་དབང་གི་ཆུ་བོ་ཆེན་པོ་བཞིར་གྱེས་པ་ལས། གསང་བདག་གི་པོ་ཏི་གླེགས་བམ་གྱི་དབང་ཨིནྡྲ་བྷཱུ་ཏི་ལ། དེས་ཨོ་རྒྱན་ཆེན་པོ་ལ། རྡོ་རྗེ་སེམས་དཔས་ཡི་དམ་ལྷའི་དབང་དགའ་རབ་རྡོ་རྗེ་དང་ཤྲཱི་སིངྷ་གཉིས་ལ། དེ་གཉིས་ཀྱིས་ཨོ་རྒྱན་ཆེན་པོ་ལ། སྲས་མོ་གོ་མ་དེ་ཝཱིས་ཨོ་རྒྱན་ཉིད་ལ་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་ཞིང་བི་མ་ལས་ཀྱང་བསྐུར་བས་བྱིན་རླབས་ཀྱིས་རྡོ་རྗེ་འཆང་དང་མཇལ་ཏེ་མཁས་པ་པཎྜི་ཏའི་དབང་ཐོབ། རིག་པ་རང་རྩལ་གྱི་དབང་ནི་ཨོ་རྒྱན་ཉིད་ཀྱི་རང་བྱུང་དུ་ཐོབ་


GLG002_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་དབང་གི་ཆུ་བོ་དྲུག་གོ །སྒྲུབ་སྡེ་སོ་སོའི་དབང་ནི་ཧེ་རུ་ཀ་བརྒྱད་ཀྱི་ངོ་བོ་རིག་འཛིན་བརྒྱད་ཀྱིས་དཔལ་ཨོ་རྒྱན་ཆེན་པོ་ལ་གནང་ངོ་། ༈ །གཉིས་པ་རྒྱུད་སྡེའི་བབས་ཚུལ་ནི་རྒྱལ་བ་རིགས་ལྔས་རྡོ་རྗེ་ཆོས་ལ་གསུངས། དེས་རི་མ་ལ་ཡའི་རྩེ་མོར་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་ཚེ་ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་སྟེ་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གནང་བས། དེ་ལྔས་སྤྱིར་ཏན་ཏྲ་སྡེ་བཅོ་བརྒྱད་དང་། ཁྱད་པར་གསང་འདུས་ཀྱི་རྒྱུད་འདི་ཚིག་ཉུང་དུ་བསྡུས་ནས་དོན་རྒྱུད་རྒྱལ་པོ་ཨིནྡྲ་བྷཱུ་ཏི་སོགས་ལ་རིམ་པར་བརྡས་བརྒྱུད། ཚིག་བརྒྱུད་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ། རིག་འཛིན་བརྒྱད་དང་དཔལ་ཨོ་རྒྱན་ཆེན་པོས་གཏེར་སྒོ་ཕྱེ་སྟེ་ཀུན་གྱི་བཀའ་ཨོ་རྒྱན་ཆེན་པོ་ཉིད་ལ་བབས་སོ། ༈ །དེ་ནས་དཔལ་ཨོ་རྒྱན་ཆེན་པོས་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། ཁྱད་པར་དུ་རྗེ་ཁྲི་སྲོང་ལྡེ་བཙན། འབངས་ནམ་མཁའི་སྙིང་པོ། གཟུངས་མ་མཁར་ཆེན་བཟའ་སྟེ་རྗེ་འབངས་གྲོགས་གསུམ་ལ་གནང་། ལྷོ་བྲག་གནམ་སྐས་ཅན་གྱི་ཀླུ་བདུད་ལྟོ་བར་ཟབ་མོའི་གཏེར་དུ་སྦས་པ་མངའ་བདག་གསུང་སྤྲུལ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པ་ཡིན་ལ། གཏེར་སྟོན་གྱི་བདེ་འདུས་ཀྱི་དབང་མངའ་བདག་འགྲོ་མགོན་ལ་གསན་པའི་དོན་བརྒྱུད་ཀྱི་དབང་དུ་བྱས་ནས་གཏེར་སྟོན་གྱི་སྔོན་དུ་འགྲོ་མགོན་མངའ་བདག་ཡབ་སྲས་གཉིས་བརྒྱུད་གྲལ་དུ་འཇུག་སྲོལ་ཡོད། དེ་ནས་སྲས་བརྒྱུད་སློབ་བརྒྱུད་མང་དུ་བྱུང་བ་རྣམས་ཀྱི་ནང་ནས། གཙོ་བོ་ནི་སློབ་བརྒྱུད་དེའི་ནང་ནས་ཀྱང་བཀའ་བབས་


GLG002_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུ་ནས་བརྒྱུད་པ་དེ་ཡིན། དེ་ཡང་གོང་དུ་སྨོས་པའི་གཏེར་སྲུང་སྨྱོན་ཁ་ཀླུ་བདུད་གཉིས་ཀྱི་གསོལ་ཁ་དང་སྔགས་བསྡེབས་རྩ་འགྲེལ་ཉི་བཞི་རླུང་གི་འཁོར་ལོ་རྣམས་མ་གཏོགས་པའི་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པ་ནི། གཏེར་སྟོན་གྱིས་ཆོས་རྗེ་སྐལ་ལྡན་པ་ཡབ་སྲས་ལ་གནང་བས་སྲས་ཡར་ཀླུངས་སྤྲུལ་སྐུ་མི་བསྐྱོད་རྡོ་རྗེས་ཡར་ཀླུངས་སྨན་ལུང་དགོན་པར་གྲུབ་པ་བརྙེས། དེས་དྭགས་སྟོན་དབང་ཕྱུག་རྡོ་རྗེ་ལ་གནང་བས་ཙ་རིའི་གནས་སྒོ་གོང་ལ་དགོན་པར་གྲུབ་པ་བརྙེས། དེས་ཀུ་རབས་ཀྱི་གཉན་སྟོན་རྡོ་རྗེ་ཡེ་ཤེས་ལ་གནང་བས་གླིང་གསར་ཆོས་ཀྱི་ཕོ་བྲང་དུ་གྲུབ་པ་བརྙེས། དེས་ཀུ་རབས་ཀྱི་མཁས་གྲུབ་སངས་རྒྱས་དཔལ་དང་ཡོན་ཏན་བཟང་པོ་ཁུ་དབོན་ལ་གནང་བས་སེ་སྡིངས་རྒྱལ་བའི་རི་ཁྲོད་དུ་གྲུབ་པ་བརྙེས། དེས་བྱར་སྟོད་མཁར་པོ་གུ་རུ་ཆོས་སྐུ་འོད་ཟེར་ལ་གནས་པས་ཙེ་ལེ་གསང་སྔགས་ཕོ་བྲང་དུ་གྲུབ་པ་བརྙེས། དེས་མཚུངས་མེད་དཔལ་འབྱོར་དབང་ཕྱུག་ལ་གནང་བས་དྭགས་པོ་སྤ་ལུང་བསམ་གཏན་གླིང་དུ་གྲུབ་པ་བརྙེས། དེས་ཆོས་དབང་གདུང་རབས་བརྒྱད་པ་སྤྲུལ་སྐུ་ཆོས་ཀྱི་དབང་པོ་ལ་གནང་བས་ལྷ་བྲོ་གོང་མའི་གདན་སར་གྲུབ་པ་བརྙེས། དེས་བཻ་རོའི་སྤྲུལ་པ་ཐུགས་སྲས་ཀརྨ་གུ་རུ་ལ་གནང་བས་བསམ་ཡས་བར་ཁང་གཡུ་ཞལ་དུ་གྲུབ་པ་བརྙེས། དེས་རྒྱལ་སྲས་ཀརྨ་དབང་འབྱོར་ལ་གནང་བས་ཡར་སྟོད་ཤམ་པོ་གངས་ཀྱི་ར་བར་གྲུབ་པ་བརྙེས། དེས་ཉང་སྟོན་ཁྱབ་བདག་བློ་མཆོག་རྡོ་རྗེ་ལ་གནང་བས་ཁྲ་ཚང་དཔལ་གྱི་ནགས་ཁྲོད་དུ་གྲུབ་པ་བརྙེས། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། ༈ །ཡང་མགྱོགས་དབང་


GLG002_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་རྒྱ་ཅན་མ་གཏོགས་པའི་དབང་རྣམས་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ལུགས་གཅིག་ལ་གཏེར་སྟོན་ཡན་གོང་ལྟར་ལ། དེ་ནས་རྒྱལ་སྲས་པདྨ་དབང་ཆེན། རིག་འཛིན་ཤཱཀྱ་འབུམ། རིག་འཛིན་ཤཱཀྱ་སེང་གེ །རིག་འཛིན་བྱང་ཆུབ་རྡོ་རྗེ། རིག་འཛིན་སངས་རྒྱས་རིན་ཅེན། རིག་འཛིན་ནོར་བུ་དཔལ་བཟང་། པཎ་ཆེན་འབུམ་ཕྲག་གསུམ་པ། བཀའ་བརྒྱད་ཞལ་གཟིགས་ཆོས་རྒྱལ་བསོད་ནམས། གྲུབ་མཆོག་ཆོས་སྐྱོང་བསོད་ནམས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིགས་ཀུན་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཆེན་ཆོས་ཀྱི་རྒྱལ་པོ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་སྲས་པདྨ་དབང་ཆེན་ཡན་གོང་ལྟར་ལ། དེ་ནས་བླ་མ་ཆོས་ཀྱི་རྒྱལ་མཚན། བླ་མ་པྲཛྙཱ་དྷ་ཛ། བན་འབྲོག་རྡོ་རྗེ་གླིང་པ། རྡོ་རྗེ་རྒྱལ་མཚན། རིག་འཛིན་ཆོས་རྒྱལ་བསོད་ནམས་མན་གོང་བཞིན་ནོ། ༈ །ཡང་ན་བླ་མ་པྲཛྙཱ་དྷྭ་ཛ་ཡན་གོང་ལྟར་ལ། དེ་ནས་ཕག་སྟོན་ཤཱཀྱ་མགོན་པོ། སྤུག་སྟོན་དཔལ་ལྡན་མགོན་པོ། སྔགས་འཆང་རྡོར་རྒྱན་མགོན་པོ། སྤྱི་ཟུར་ཕུག་པ་སྔགས་འཆང་མཆོག་གྲུབ་རྡོ་རྗེ། གྲུབ་མཆོག་ཆོས་རྒྱལ་བསོད་ནམས་མན་གོང་ལྟར་རོ། །ཡང་ན་སྲས་པདྨ་དབང་ཆེན་ནས། བླ་མ་མར་སྟོན་སངས་རྒྱས། གཉན་སྟོན་བཀྲ་ཤིས་སེང་གེ །རྟོགས་ལྡན་ཆོས་ཉིད་རང་གྲོལ། བླ་མ་སངས་རྒྱས་ལྷུན་དབང་། བླ་མ་ཆོས་ཉིད་བཟང་པོ། སྤྲུལ་སྐུ་ཤཱཀྱ་རྒྱལ་བཟང་། ལྷ་རིགས་འཇམ་དབྱངས་རྒྱལ་མཚན། པཎ་ཆེན་པདྨ་དབང་རྒྱལ། རིག་འཛིན་ལེགས་ལྡན་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་


GLG002_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་མན་གོང་ལྟར། ཡང་ན་བླ་མ་སངས་རྒྱས་ལྷུན་དབང་ནས། སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་རྒྱལ་སྲས་ཆོས་རྗེ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། མཁས་བཙུན་ཆོས་འཕགས་བཟང་པོ། ལྷ་རིགས་འཇམ་དབྱངས་རྒྱལ་མཚན་མན་གོང་བཞིན་ནོ། །ཡང་ན་བརྒྱུད་འཛིན་ལེགས་པ་དཔལ་བཟང་ནས། སྤྲུལ་སྐུ་ཉང་སྟོན་ཆོས་དབང་། གནུབས་ཆེན་རིན་ཅེན་དཔལ་བཟང་། གནུབས་ཆེན་རྒྱལ་སྲས་པདྨ། མཁས་གྲུབ་ཚུལ་ཁྲིམས་དཔལ་བཟང་། དེ་གཉིས་ཀ་ལ་མངའ་རིས་པཎ་ཆེན་གྱིས་གསན་པ་མན་གོང་ལྟར་རོ། ༈ །ཡང་ན་ལྷ་བྲོ་བ་སྤྲུལ་སྐུ་ཆོས་ཀྱི་དབང་པོ་ཡན་གོང་ལྟར་ལ། དེ་ནས་ལྷ་བཙུན་ལེགས་ལྡན་རྡོ་རྗེ་མན་སྔར་བཞིན། ཡང་སྲས་པདྨ་དབང་ཆེན་ནས། གྲུབ་ཆེན་དམར་ཞབས་རས་པ། འགྲོ་མགོན་བཀྲ་ཤིས་མཚན་ཅན། ཆོས་རྒྱལ་གྲགས་པ་བློ་གྲོས། བདུད་འདུལ་ཤེས་རབ་འོད་ཆེན། རྣམ་མཁྱེན་ཆོས་ཀྱི་བློ་གྲོས། གྲུབ་ཐོབ་ཚུལ་ཁྲིམས་དཔལ། བྱ་བྲལ་བསོད་ནམས་སེང་གེ །རྗེ་འཇམ་དབྱངས་བློ་གྲོས། དམ་པ་ཆོས་སྐྱོང་ཚུལ་ཁྲིམས། དེ་གཉིས་ཀ་ལ་ལྷ་རིགས་འཇམ་དབྱངས་རྒྱལ་མཚན་དང་མཁས་བཙུན་ཚུལ་ཁྲིམས་དཔལ་བཟང་གཉིས་ཀས་གསན། དེ་གཉིས་ཀ་ལ་ལྷ་རིགས་པཎ་ཆེན་པདྨ་དབང་རྒྱལ་གྱིས་གསན་པ་མན་གོང་བཞིན་ནོ། ༈ །ཡང་ཟུར་གྱི་རྟགས་ཡོད་པའི་ལུང་རྒྱུན་ལུགས་གཅིག་ལ། ཁྲ་ཚང་པ་བློ་མཆོག་རྡོ་རྗེ་ནས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ཆེ་མཆོག་འདུས་པ་རྩལ་ལ་གནང་ངོ་། །བཤད་མ་ཐག་པའི་བརྒྱུད་པ་རྣམས་ལ་ཐོག་མའི་གདུང་བརྒྱུད་པདྨ་དབང་


GLG002_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་ཕྱིས་ཀྱི་གདུང་བརྒྱུད་ལྷ་བྲོ་བ་ཆོས་ཀྱི་དབང་པོ་ཀརྨ་གུ་རུ། ཀརྨ་དབང་འབྱོར་གསུམ་མ་གཏོགས་གཞན་མཐའ་དག་སློབ་མ་ཁོ་ན་ཡིན་པས་སློབ་བརྒྱུད་དོ། །མགྱོགས་དབང་བུམ་པའི་རྒྱ་ཅན་གྱི་དབང་དང་ཡོ་ག་གསུམ་གྱི་སྒོམ་ཁོག་གི་ལུང་རྒྱུན་ཙམ་ལ་རྒྱལ་སྲས་པདྨ་དབང་ཆེན་ནས། གུ་རུ་མཚན་ལྡན་ཆོས་ཀྱི་རྒྱལ་མཚན། སྲས་མོ་སངས་རྒྱས་ཀུན་གྲོལ། གུ་རུ་ཆོས་ཀྱི་རྡོ་རྗེ། གུ་རུ་ནོར་བུ་འཛིན་པ། གུ་རུ་ནོར་བུ་དོན་གྲུབ། གུ་རུ་སངས་རྒྱས་ནོར་བཟང་། གུ་རུ་བཤེས་གཉེན་ཆོས་རྒྱལ། སྤྲུལ་སྐུ་ཆོས་ཀྱི་དབང་པོ་ནས། ཁྲ་ཚང་པ་ཆེན་པོའི་བར་གོང་ལྟར་རོ། །དེང་སང་ཆོས་ཀྱི་རྩ་ཁུངས་ཀྱི་བརྒྱུད་པ་བླ་མ་སོ་སོའི་གསན་ཡིག་རྣམ་ཐར་ལོ་རྒྱུས་སོགས་གང་ཡང་མ་ཐོས་ཤིང་སློབ་བརྒྱུད་ལས་གདུང་བརྒྱུད་གཙོ་ཆེ་ཁུལ་གྱི་དབང་ལུང་མན་ངག་ཐམས་ཅད་ཀྱི་བརྒྱུད་པར་གདུང་བརྒྱུད་ཁོ་ན་འདོད་པ་ནི་ཁམས་ཕྱོགས་ཀྱི་བླུན་པོ་མང་པོར་མ་ཟད་དབུས་གཙང་གི་ལྗོངས་ཀྱི་མཁས་རློམ་རྣམས་ཟེར་ནའང་རྨོངས་དད་ཙམ་དུ་ཟད་དོ། ༈ །གཏེར་སྲུང་སྨྱོན་ཁ་དང་ཀླུ་བདུད་ཀྱི་གསོལ་ཁའི་བརྒྱུད་པ་ནི་གོང་གི་ཞལ་ངོ་ནང་བརྒྱུད་སོར་གནས་དེ་ཀའོ། །སྔགས་སྡེབས་སྙིང་གཟེར་ནག་པོ་རྩ་འགྲེལ། གཞན་ཡང་མན་ངག་གི་ཟིན་བྲིས་འཁྲུལ་འཁོར་ནག་པོ་ལས་ཀྱི་སྡེབས། གནད་ཀྱི་ཟིན་བྲིས། སྔགས་ཀྱི་འདྲེན་ཐབས། སྡེ་བརྒྱད་བསྐུལ་བ། ཁྱད་པར་སྔགས་ཐབས་དཀྲུགས་ཤིང་བྱང་མའི་ཕྱག་ལེན་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཧེ་རུ་ཀ །ལོངས་སྐུ་ཁྲག་འཐུང་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། ཌཱ་ཀི་གར་གྱི་དབང་ཕྱུག །རྒྱ་གར་གྱི་རིགས་འཛིན་བརྒྱད། ཛམྦུའི་གླིང་ན་ཆེ་བའི་རིགས་སྔགས་འཆང་བ་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་


GLG002_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བཙན། གནུབས་ནམ་མཁའི་སྙིང་པོ། མཁར་ཆེན་བཟའ་འཚོ་རྒྱལ། གུ་རུ་ཆོས་ཀྱི་དབང་ཕྱུག །རྒྱལ་སྲས་པདྨ་དབང་ཆེན། བླ་ཆེན་མར་སྟོན་སངས་རྒྱས། གཉན་སྟོན་བསོད་ནམས་རྒྱལ་མཚན། བླ་ཆེན་བཀྲ་ཤིས་སེང་གེ །རྟོགས་ལྡན་ཆོས་ཉིད་རང་གྲོལ། བླ་མ་སངས་རྒྱས་ལྷུན་དབང་། བླ་མ་ཆོས་ཉིད་བཟང་པོ། སྔགས་འཆང་ཤཱཀྱ་བཟང་པོ། འཇམ་དབྱངས་རིན་ཅེན་རྒྱལ་མཚན། མཁས་གྲུབ་མངའ་རིས་པཎ་ཆེན། དཔལ་ལྡན་ཆོས་ཀྱི་དབང་པོ། རླུང་གི་སྔགས་འཆང་ཡུག་མི་དབང་ནོར་བུ་དབང་རྒྱལ། མཐུ་སྟོབས་ཀྱི་དབང་ཕྱུག་གུང་རུ་དབྱངས་དཔོན་པ་དཔལ་ལྡན་གྲགས་སམ་མཚན་གཞན་མཐུ་སྟོབས་གསང་བའི་དབང་ཕྱུག་ཁྲག་འཐུང་ཡེ་ཤེས་རྡོ་རྗེ། ཟུར་གྱི་རིགས་ལས་མཁྱེན་བརྩེ་ནུས་ལྡན་གཞོན་ནུ་དོན་གྲུབ། དེ་སྲས་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་སྨྱོན་ལ་བཀའ་དྲིན་དུ་སྩལ་བས་འགལ་བ་ཆམ་ལ་ཕབ་པའི་ལག་རྗེས་དང་ཉམས་མྱོང་གི་གདེང་ཅུང་ཟད་བདོག་པ་ལགས་སོ། ༈ །ཡང་ལུགས་གཅིག་ལ་འཇམ་དབྱངས་རིན་ཅེན་རྒྱལ་མཚན་ནས་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ། མཉམ་མེད་རབ་འབྱམས་རིག་འཛིན་ཆོས་རྗེ། ངག་དབང་ཆོས་དཔལ་བཟང་། ཡུག་ནོར་བུ་དབང་རྒྱལ་མན་གོང་བཞིན། ཡང་ན་སྤྲུལ་སྐུ་ཤཱཀྱ་བཟང་པོ་ནས་མངའ་རིས་རིག་འཛིན་ཆེན་པོ་མན་གོང་ལྟར། ཡང་ཡུག་ནོར་བུ་དབང་རྒྱལ་ལ་ཟུར་གྱི་སྔགས་འཆང་དང་མ་བ་བསྟན་འཛིན་འགྱུར་མེད་ཀྱིས་སྤྱིར་ཡང་ཐུགས་ཟིན་པའི་ཞབས་ཏོག་དང་ཁྱད་པར་འདིའི་ཆེད་དུ་གསེར་ཞོ་གསུམ་གྱི་མཎྜལ་སྒྲུབ་པའི་དམ་བཅའ་སློབ་མ་སྙིང་ལྟ་བུ་གསུམ་ལ་མ་གཏོགས་མི་སྤེལ་བའི་མནའ་དང་བཅས་རྫོགས་པར་ཞུས། དེ་


GLG002_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡུག་རླུང་རིགས་མི་འགྱུར་རྡོ་རྗེས་གསེར་གྱི་མཎྜལ་ཕུལ་ཞིང་སློབ་མ་གསུམ་ལས་མང་བ་ལ་མི་སྤེལ་བའི་མནའ་དང་བཅས་ཏེ་ཞུས་པས་བུམ་པ་གང་བྱོའི་ཚུལ་གྱི་སྦས་བསྲིས་ཡོད་རིའི་དབུ་བསྙུང་དང་བཅས་ཏེ་གནང་། ཟུར་བསྟན་འཛིན་འགྱུར་མེད་དང་ཡུག་མི་འགྱུར་རྡོ་རྗེ་གཉིས་ཀ་ལ་དབྱངས་དཔོན་པ་དཔལ་ལྡན་གྲགས་ཀྱིས་ཕྱག་ལེན་མན་ངག་ཡང་སྐྱོར་གྱི་ཚུལ་དུ་གསན་པ་མན་ཆད་ནི་གོང་བཞིན་ནོ། །ཡང་པཎ་ཆེན་སྐུ་མཆེད་ཀྱི་དཔེ་བརྗོད་ལུང་ཕྱག་ལེན་དང་བཅས་པའི་བརྒྱུད་པ་ནི། མངའ་རིས་རིག་འཛིན་ཡན་གོང་ལྟར་ལ། དེ་ནས་ཆོས་རྒྱལ་དཔལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ཆེན་པོ་ངག་གི་དབང་པོ། རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །སྔགས་སྡེབས་སྙིང་གཟེར་ནག་པོ་རྩ་འགྲེལ་གྱི་ལུང་རྐྱང་གི་བརྒྱུད་པ་གཅིག་ལ། ཡུག་ནོར་བུ་དབང་རྒྱལ་ནས། གསང་བའི་བདག་པོ་རྗེ་དྲུང་བསྟན་པ་རྒྱ་མཚོ། འཁོན་རིགས་གྲུབ་པའི་དཔའ་བོ་ཕ་བོང་ཁ་པ་འཇམ་དབྱངས་དཔལ་འབྱོར་ལྷུན་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ལུང་རྐྱང་གི་བརྒྱུད་པ་གཅིག་ལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ནས་ལྷ་བྲོ་བ་ཀརྨ་གུ་རུ། ཐུགས་སྲས་དབང་འབྱོར། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །བཀའ་བརྒྱད་གསང་རྫོགས་ཀྱི་ཆ་ལག་མནལ་ལམ་རྟ་དཀར་མའི་བརྒྱུད་པ་ཡང་གོང་གི་སྲས་བརྒྱུད་སོར་གནས་ལ་ཀརྨ་གུ་རུ་ནས། རང་གྲོལ་ནམ་མཁའ་ཆོས་དབང་། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ཀརྨ་གུ་རུ་ནས། ཀུན་མཁྱེན་དབང་ཕྱུག །དེས་ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །ཡང་ན་ནོར་བུ་འཛིན་པ་ཡན་སྲས་བརྒྱུད་གོང་སྨོས་ལྟར་ལ། དེ་ནས་དོན་ཡོད་རྒྱལ་མཚན། བཤེས་གཉེན་ནོར་བུ། ཀུན་དགའ་དཔལ་བརྟན། གཏེར་སྟོན་ལྷ་དབང་གྲགས་པ། གུ་རུ་ཚེ་བརྟན། པདྨ་དབང་ཆེན།
ཀརྨ་ཆོས་སྐྱོང་ཡར་འབྲོག་བཀྲ་ཤིས་ལྷུན་གྲུབ། སྨན་ལུང་པ་ཆེན་པོ། དེས་བདག་ལའོ། །ལྷ་མི་ཕྱག་འབྲེལ་གྱི་བཅས་རྒྱ་རྭ་ཀློང་ཆེན་པས་མཛད་པའི་ལུང་ཡང་ཐོབ་བོ།


previousཀླུ་བདུད་ཟབ་གཏེར་ལས་བྱུང་བའི་ལས་ཚོགས་སྣ་ཚོགས་ཀྱི་སྐོར།next