Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

142 occurrences of བརྒྱུད་གསུམ་
[Clear Hits]


  
collapse section
 
 
 
 
11   
 
 
 
 
 
 
 
24   
19   
 
 
  
 
 
 
 
 
12   
 
ཇོ་མོའི་ཉམས་ལེན་སྐོར་དགུའམ་ཟབ་པ་སྐོར་དགུར་གྲགས་པའི་ལུང་ཇི་ལྟར་ནོས་པའི་སྐོར།


142 occurrences of བརྒྱུད་གསུམ་
[Clear Hits]

 
previousཇོ་མོའི་ཉམས་ལེན་སྐོར་དགུའམ་ཟབ་པ་སྐོར་དགུར་གྲགས་པའི་ལུང་ཇི་ལྟར་ནོས་པའི་སྐོར།no next

ཇོ་མོའི་ཉམས་ལེན་སྐོར་དགུའམ་ཟབ་པ་སྐོར་དགུར་གྲགས་པའི་ལུང་ཇི་ལྟར་ནོས་པའི་སྐོར།


GLG002_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་གྱི་གསུང་ལས། བདག་འདྲ་ཆོས་ཀྱི་དབང་ཕྱུག་གིས། །མདུན་མ་རྩིབས་ནས་ཕྱུང་པ་ཡིན། །དངོས་གྲུབ་ཡེ་ཤེས་བུམ་ནང་ནས་རྡོལ། །སྐྱེ་བ་གསུམ་དུ་ཆོས་འདི་སྤྱད། །ཆོས་གཏེར་རིན་ཅེན་དགོས་འདོད་འབྱུང་། །ཆེ་མེད་ཆུང་མེད་རེག་ཚད་འཚེངས། །ཆོས་དབང་དྲིན་འདི་མ་བརྗེད་འཚལ། །ཞེས་བསྔགས་པ་ལྟར་རྩ་བ་གསུམ་གྱི་གདམས་པའི་ཉིང་ཁུ་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ། ཚེ་གཅིག་ལ་རིག་འཛིན་གྱི་སར་ཕྱིན་ཅི་མ་ལོག་པར་བགྲོད་པའི་མན་ངག་ཨོ་རྒྱན་ཆེན་པོས་ཇོ་མོ་མཚོ་རྒྱལ་ལ་ཆེད་དུ་གསུངས་པས་ཇོ་མོའི་ཉམས་ལེན་སྐོར་དགུའམ་ཟབ་པ་སྐོར་དགུར་གྲགས་པ་བཀའ་བརྒྱད་ཀྱི་ལེ་ལག་ཏུ་གཏོགས། མཁར་ཆེན་བཟས་དར་ཤོག་དམར་པོ་མེའི་རལ་པ་ཅན་ལ་བཻ་ཌཱུཪྻ་ཞུན་མས་བྲིས་ཏེ་ཤེལ་བུམ་དུ་བཅུག་ནས་ཉང་རོ་རྩིབས་ཀྱི་ལྷ་ཁང་གི་རྣམ་པར་སྣང་མཛད་ཀྱི་དབུ་ལ་ཐུགས་ཀར་ཟེར་བའང་འདུག །སྦས་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་ཤིང་ཐུགས་གཙིགས་མཛད་པའི་སྐོར་གྱི་ལུང་ལ། སྤྱིའི་ཁོག་འབུབ་ལོ་རྒྱུས་སྐོར། བྱིན་རླབས་ཀྱི་རྩ་བ་ཕྱི་བླ་མའི་སྒྲུབ་སྐོར། དངོས་གྲུབ་ཀྱི་རྩ་བ་ནང་ཡི་དམ་སྒྲུབ་སྐོར། འཕྲིན་ལས་ཀྱི་རྩ་བ་གསང་བ་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་སྐོར་དང་བཞི། ༈ དང་པོ་ནི། བཀའ་བརྒྱད་ཀྱི་རྒྱུད་མན་ངག་གི་བཀའ་བབས་ཚུལ་སོགས་ལོ་རྒྱུས་ཆེན་མོ་སྤྱིའི་ཁོག་འབུབ་དཀར་ཆག་དང་བཅས་པ། གཉིས་པ་བྱིན་རླབས་རྩ་བ་ཕྱི་བླ་མའི་སྒྲུབ་སྐོར་


GLG002_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་འཛིན་བཞིའི་བདག་ཉིད་དུ་འདུས་པའི་རིག་འཛིན་ཡང་དག་སྙིང་པོ་དོན་གྱི་ལུང་ལེའུ་དགུ་པ་ཡིད་བཞིན་ནོར་བུ་རིན་ཅེན་ལྟ་བུ་ཨོ་རྒྱན་ཆེན་པོས་མཁའ་འགྲོ་མར་གཉེར་དུ་གཏད་པ། ཐུན་བཞིར་ཉམས་སུ་བླངས་པས་ཐུགས་རྗེ་རྒྱུན་མི་འཆད་པ་ཉི་ཟླ་ལྟ་བུ་མ་ཧཱ་གུ་རུའི་སྒྲུབ་ཐབས་རྒྱུད་ལུང་མན་ངག་གསུམ་གྱི་སྙིང་ཕྱུང་བ་སྤྱི་དོན་ལྔ་པ། ཐབས་མཆོག་ཏུ་གྱུར་པ་གསོལ་འདེབས་ཀྱི་རྟེན་བླ་མའི་སྐུ་འབག་འདྲི་ཐབས་གུ་རུ་མཚན་བརྒྱད་ཀྱི་སྐུའི་ཁྱད་པར་གསལ་བྱེད་ཚིགས་བཅད་སྣ་རིང་བ། དེའི་འགྲེལ་པ་མཚན་བརྒྱད་ཀྱི་མངོན་རྟོགས་སྟོན་པ་སློབ་དཔོན་པདྨ་འབྱུང་གནས་འཁོར་མཁའ་འགྲོ་བརྒྱད་དང་བཅས་པའི་སྐུའི་དཀྱིལ་འཁོར་བྲི་ཡིག་ཚིག་ལྷུག་གཤིན་རྗེ་གསལ་ཤིང་ནག་པོ་ཁྲག་འཐུང་ཀ་བ་གཅོད་པའི་རྒྱུད་ཀྱི་རུ་ཏྲ་བསྒྲལ་པའི་ཕུང་པོ་དུར་ཁྲོད་བརྒྱད་དུ་བསྟན་པའི་ལེའུ་ལྔ་པ་ཁོལ་དུ་ཕྱུང་བ། ཐེམས་མེད། སྐལ་ལྡན་རྗེས་སུ་གཟུང་བ་བླ་མའི་སྐུ་འབག་ལ་བརྟེན་པའི་བྱིན་རླབས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྩ་བ། རང་གཞན་གཉིས་ཀྱི་རྒྱུད་བྱིན་གྱིས་བརླབ་པའི་རིམ་པ་བླ་མའི་སྐུ་འབག་གམ་ཡི་དམ་མཁའ་འགྲོ་ལ་བརྟེན་པའི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལག་ལེན་གྱི་ཆོ་ག །བླ་མར་མཉེས་མཆོད་འབུལ་ཞིང་ཚོགས་རྫོགས་པ་གཏོར་མ་རིན་ཅེན་འབར་བའི་མན་ངག་གཞི་ལམ་འབྲས་གསུམ་གྱི་ངོ་སྤྲོད་གསལ་བའི་སྒྲོན་མེ་རྣམས། གསུམ་པ་དངོས་གྲུབ་རྩ་བ་ནང་ཡི་དམ་སྒྲུབ་སྐོར་ལ། འགྲོ་དོན་ཕུལ་དུ་ཕྱིན་པ་ཕྱི་ཐུགས་རྗེ་ཆེན་པོའི་སྐོར། ལྟ་བ་ཕུལ་དུ་ཕྱིན་པ་རྡོ་རྗེ་སེམས་དཔའི་སྐོར། མངོན་བརྗོད་ཕུལ་དུ་ཕྱིན་པ་གསང་བ་ཧེ་རུ་ཀའི་སྐོར། ཡང་


GLG002_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྒོ་གསུམ་བཅུད་ཕུར་དམར་འཁྲིད་གནད་ཀྱི་གདམས་པ་ཟབ་མོའི་སྐོར་དང་བཞི། དང་པོ་ལ། ཚེ་དཔག་ཏུ་མེད་པ་སངས་རྒྱས་སྣང་བ་མཐའ་ཡས་ལ་གུ་རུ་པདྨ་འབྱུང་གནས་ཀྱིས་ཞུས་པའི་ཐུགས་རྗེ་ཆེན་པོའི་དོན་བརྒྱུད་ལེའུ་བཅུ་གཅིག་པ་སྤྲུལ་པའི་ཡི་གེ་འབྲུ་དྲུག་གི་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོའི་བཅུད་ཕྱུང་བ་སྐུ་གསུང་ཐུགས་ཕྱག་རྒྱ་རྐྱང་པའི་སྒྲུབ་ཐབས། ནད་གདོན་སྡིག་སྒྲིབ་ཐམས་ཅད་རང་བཞིན་གྱིས་ཞི་བྱེད་བརྡ་དོན་དབྱུག་པའི་ཆོས། ལས་ཕྲན་ལ་ཐམས་ཅད་འདུ་བ། ཐེམས་མེད། ཚངས་དབྱངས་ལྡན་པ། བཀྲ་ཤིས་བདེ་སྐྱིད་སྒྲུབ་པ་གསུམ། ཡར་ལྟ་བ་ལ་མི་འབྱམས། བར་གཏང་སྙོམས་སུ་མི་ལུས། མར་རྒྱུ་འབྲས་ལ་མི་ཟགས་པའི་གདམས་པ་དྲུག་གསུམ་བཅོ་བརྒྱད་ཀྱི་སྒོ་ནས་སྒྲུབ་པ་སྒྲོམ་དུ་འཇུག་པ། ལམ་གྱི་གེགས་སེལ་ཁྱད་པར་གནད་ཀྱི་གདམས་པ་དྲུག །ཐེག་པའི་ཤན་དབྱེ་བ་ཁྱད་པར་འཕགས་པའི་ཆོས་དྲུག །ཆོས་ཉིད་ཀྱི་རོ་མཉམ་པ་གཏན་ཚིགས་རྒྱུ་མཚན་གྱི་གདམས་པ་དྲུག །ཐུགས་རྗེ་ཆེན་པོའི་ངོ་སྤྲོད་བསྲེ་བ་རྣམ་པ་དྲུག །བློའི་ཐག་གཅོད་པ་ཤེས་བྱ་དོན་བསྡུས་ཀྱི་གདམས་པ་དྲུག །རྣམ་པར་རྟོག་པ་རང་སར་གྲོལ་བ་ངོ་སྤྲོད་འཚང་གི་གདམས་པ་དྲུག །རྒྱ་ཆེ་ལ་དོན་ཟབ་པ་བདག་གཞན་དོན་སྒྲུབ་ཀྱི་མན་ངག །ཅི་བྱས་ཆོས་དང་མི་འགལ་བར་ཉམས་སུ་བླངས་པའི་ཞལ་ཆེམས་མཚོ་རྒྱལ་གྱི་ཙིཏྟའི་དཀྱིལ་དུ་བསྟིམ་པ་ཐེམས་ཞི་ཁྲོར་སྒྲུབ་པའི་ཐབས་ཡིན་ནོའི་མཐའ་ཅན་རྣམས། ༈ གཉིས་པ་ལྟ་བ་ཕུལ་དུ་ཕྱིན་པ་རྡོ་རྗེ་སེམས་དཔའི་སྐོར་ལ། རྩ་བ་དང་ཡན་ལག་གཉིས། དང་པོ་ལ། ཕྱོགས་


GLG002_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རང་སེམས་རྣམ་པར་དག་པ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་འདུས་པར་བསྟན་པ་གསང་སྔགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་རྩ་བ་ཞི་བ་ཐམས་ཅད་རྡོ་རྗེ་སེམས་དཔར་འདུས་པར་བསྟན་པའི་ལུང་། རྒྱལ་བ་སྲས་བཅས་ཐམས་ཅད་རང་སེམས་རྣམ་དག་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་འདུས་པར་བསྟན་པའི་བསྐྱེད་རྫོགས་ཀྱི་སྡོམ་ཆུང་། རྡོ་རྗེ་སེམས་དཔའི་ཡང་དག་པ་སྙིང་པོ་དོན་གྱི་འཕྲིན་ལས་རྣམས། གཉིས་པ་ཡན་ལག་ལ། བསྐྱེད་པ་མ་ཧཱ་ཡོ་གའི་དབང་དུ་བྱས་ནས་ཆོས་ཐམས་ཅད་བརྡའི་སྒོ་ནས་མཚོན་པར་བྱ་བའི་ཕྱིར་རྒྱུ་རྡོ་རྗེ་སེམས་དཔའ་བསྒོམ་པའི་ཐབས་སམ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ནོར་བུ་རིན་ཅེན་དུ་ཡང་གྲགས་པ། དམ་པ་རིགས་བརྒྱ་ལུང་ཨ་ནུ་ཡོ་ག་ལྟར་ཉམས་སུ་བླང་བའི་ཐབས། མན་ངག་ཨ་ཏི་ལྟར་ཉམས་སུ་བླང་བའི་ཐབས། བདེ་བར་གཤེགས་པ་བཞི་བཅུ་རྩ་གཉིས་ལུང་ཨ་ནུ་ལྟར་ཉམས་སུ་བླང་ཐབས། བཞི་བཅུ་རྩ་གཉིས་མན་ངག་ཨ་ཏི་ལྟར་ཉམས་སུ་བླང་ཐབས། དེ་ཉིད་རིགས་ལྔ་ལུང་ཨ་ནུ་ལྟར་ཉམས་སུ་བླང་ཐབས། དེ་ཉིད་རིགས་ལྔ་མན་ངག་ཨ་ཏི་ལྟར་ཉམས་སུ་བླང་ཐབས། གསང་བ་རིགས་གསུམ་ལུང་ཨ་ནུ་ལྟར་ཉམས་སུ་བླང་ཐབས། གསང་བ་རིགས་གསུམ་མན་ངག་ཨ་ཏི་ལྟར་ཉམས་སུ་བླང་ཐབས། གསང་ཆེན་རིགས་གཅིག་ལུང་ཨ་ནུ་ལྟར་ཉམས་སུ་བླང་ཐབས། གསང་ཆེན་རིགས་གཅིག་མན་ངག་ཨ་ཏི་ལྟར་ཉམས་སུ་བླང་ཐབས་རྣམས། གསུམ་པ་གསང་བ་མངོན་སྤྱོད་ཕུལ་དུ་ཕྱིན་པ་གསང་བ་ཧེ་རུ་ཀའི་སྐོར་ལ། རྩ་བ་དང་ཡན་ལག་


GLG002_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ་ལ་ཕྱོགས་བཅུ་དུས་གསུམ་གྱི་ཁྲོ་བོ་མངོན་པར་བྱུང་བའི་དཀྱིལ་འཁོར་ཐམས་ཅད་རང་སེམས་རྣམ་པར་དག་པ་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་འདུས་པར་བསྟན་པ་གསང་སྔགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་རྩ་བ། ཁྲོ་བོ་རྣམས་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་འདུས་པར་བསྟན་པའི་ལུང་། ཁྲོ་བོ་རྣམས་ཧེ་རུ་ཀའི་སྐུ་གསུང་ཐུགས་སུ་འདུས་པར་བསྟན་པའི་སྡོམས་ཆུང་། ཧེ་རུ་ཀའི་ཡང་དག་སྙིང་པོ་དོན་གྱི་འཕྲིན་ལས་རྣམས། ༈ གཉིས་པ་ཡན་ལག་ལ། བསྐྱེད་པ་མ་ཧཱ་ཡོ་གའི་དབང་དུ་བྱས་ནས་ཆོས་ཐམས་ཅད་བརྡའི་སྒོ་ནས་མཚོན་པར་བྱ་བའི་ཕྱིར་ཁྲོ་བོ་ཐམས་ཅད་ཀྱི་རྩ་བ་དཔལ་ཧེ་རུ་ཀ་དཔའ་བོ་གཅིག་པའི་སྒོམ་རིམ། སྒྲུབ་པ་སྡེ་བརྒྱད་ལུང་ཨ་ནུ་ཡོ་ག་ལྟར་ཉམས་སུ་བླང་ཐབས། སྒྲུབ་པ་སྡེ་བརྒྱད་མན་ངག་ཨ་ཏི་ཡོ་ག་ལྟར་ཉམས་སུ་བླང་ཐབས། འཇམ་དཔལ་བཤེས་གཉེན་གྱི་ཐུགས་གདེང་གཤིན་རྗེ་འདུས་པའི་དྲག་སྔགས་ཟླ་གསང་ཁྲི་དྲུག་སྟོང་གི་དོན་བཅུད་ཕྱུང་བ་ནཱ་ག་རྫུ་ནའི་ཐུགས་གདེང་དབང་ཆེན་འདུས་པའི་དྲག་སྔགས་རྟ་མཆོག་རོལ་པའི་རྒྱུད་ཀུན་གྱི་དོན་བཅུད་ཕྱུང་བ། ཧཱུྃ་ཀ་རའི་ཐུགས་གདེང་ཁྲག་འཐུང་འདུས་པའི་དྲག་སྔགས་ཡང་དག་ཐུགས་རྒྱུད་ཀུན་གྱི་དོན་བཅུད་ཕྱུང་བ། བི་མཱ་ལའི་ཐུགས་གདེང་ཆེ་མཆོག་འདུས་པའི་དྲག་སྔགས་བདུད་རྩི་རོལ་པའི་རྒྱུད་ཀུན་གྱི་དོན་བཅུད་ཕྱུང་བ། པྲ་བྷ་ཧ་སྟིའི་ཐུགས་གདེང་ཕུར་པ་འདུས་པའི་དྲག་སྔགས་བི་དྱོཏྟ་མ་ལ་འབུམ་སྡེའི་དོན་བཅུད་ཕྱུང་བ། དྷ་ན་སཾ་སྐྲྀའི་ཐུགས་གདེང་མ་མོ་འདུས་པའི་དྲག་སྔགས་སྲིད་པ་བེམ་རྒྱུད་ཀུན་


GLG002_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་བཅུད་ཕྱུང་བ། རོམ་བུ་གུ་ཧྱའི་ཐུགས་གདེང་སྡེ་བརྒྱད་འདུས་པའི་དྲག་སྔགས་དྲེགས་རྒྱུད་ཐམས་ཅད་ཀྱི་དོན་བཅུད་ཕྱུང་བ། ཤནྟིཾ་གརྦྷའི་ཐུགས་གདེང་དམོད་པ་འདུས་པའི་དྲག་སྔགས་དྲག་སྔགས་ཏན་ཏྲ་ཀུན་གྱི་བཅུད་ཕྱུང་བ། ཆེ་མཆོག་བཀའ་སྲུང་ཅེ་སྤྱང་མ་བརྒྱད་སྒྲུབ་པ། འཇམ་དཔལ་བཀའ་སྲུང་གྲི་ཐོགས་གིང་། ཁྲམ་ཐོགས་བདུད། ཤོ་ཐོགས་རྩིས། སྲོག་གཅོད་བཤན་པ་རྣམས་ཀྱི་སྒྲུབ་པ། དབང་ཆེན་བཀའ་སྲུང་ཁྱི་སྤྱང་འབྲུག་མོ་དམུས་ལོང་རྣམས་ཀྱི་སྒྲུབ་པ། ཁྲག་འཐུང་བཀའ་སྲུང་སྲིན་མོ་ཉེར་བརྒྱད་སྒྲུབ་པ། ཕུར་པའི་བཀའ་སྲུང་དྲེགས་པ་བཅུ་གཉིས་ཀྱི་སྒྲུབ་པ། བར་འདིར་མ་མོའི་བཀའ་སྲུང་མི་འདུག་པ་ཤོག་སེར་མེད་དམ་དཔྱད། མཆོད་བསྟོད་དང་དམོད་པའི་བཀའ་སྲུང་སྡེ་བརྒྱད་དྲག་སྔགས་བརྒྱད་ལ། གཤིན་རྗེ་འདུས་པའི་དྲག་སྔགས། མ་མོ་འདུས་པའི་དྲག་སྔགས། གདུག་པ་ཀླུའི་དྲག་སྔགས། དྲག་རྩལ་ལྷའི་དྲག་སྔགས། ཧུར་ཐུམ་གཟའི་དྲག་སྔགས། དྲག་པོ་གནོད་སྦྱིན་གྱི་དྲག་སྔགས། ཁྲོ་གཏུམ་སྲིན་པོའི་དྲག་སྔགས། འཕུང་བཤིག་བདུད་ཀྱི་དྲག་སྔགས། བཀའ་བརྒྱད་ཚོམ་བུ་དགུའི་ལྷ་ཚོགས་ལ་མ་ཧཱ་ཡོ་གའི་སྒོ་ནས་བསྟོད་པ་བཅོམ་ལྡན་རིགས་ལྔ་མ། བཀའ་སྲུང་བསྐུལ་ཕྱིར་གཟུ་དཔང་འཛུགས་པ་འགྲོ་བའི་དོན་མཛད་མ། དམ་བདར་འཕྲིན་ལས་འཆོལ་བ་ཚིག་ལྷུག་རྡོ་རྗེ་སློབ་དཔོན་མ། བསྟན་པ་བསྲུང་བའི་དོན་ཐམས་ཅད་གནས་ཁྱིམ་སྲོག་ཁྱིམ་མི་འགྱུར་བ་རྡོ་རྗེའི་ཁྱིམ་གསུམ་དུ་འདུས་པར་བསྟན་པའི་རྩ་བ་དང་འགྲེལ་པ་ངོ་མཚར་བ་རྣམས། བཞི་པ་སྒོ་གསུམ་བཅུད་ཕུར་དམར་འཁྲིད་གནད་ཀྱི་གདམས་པ་ཟབ་མོའི་སྐོར་ལ། མངོན་འགྲོ་རྒྱུ་རྐྱེན་ཚོགས་སུ་གཞུག་


GLG002_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མན་ངག་སྤྱི་དོན་ལྔའི་སྒོ་ནས་ལམ་ཐུན་མོང་བས་རྒྱུད་སྦྱངས་ཏེ་ཚེ་འདི་དང་སྲིད་པའི་འཁྲི་བ་བཙན་ཐབས་སུ་གཅོད་པ། དངོས་གཞི་གནད་ཀྱི་གདམས་པ་གསུམ་གྱི་སྒོ་ནས་འཁོར་བའི་དམག་དཔུང་བཤིག་སྟེ་ཡེ་ཤེས་རང་བྱུང་དུ་འཆར་ཞིང་ངེས་ཤེས་བསྐྱེད་པ། རྗེས་ཀྱི་མན་ངག་དགུས་གེགས་སེལ་བོགས་དབྱུང་སྟེ་ཆོས་སྐུ་ཀ་དག་གཅེར་མཐོང་ངོ་སྤྲོད་པའི་གདམས་པ་གསང་བཅུད་ཀྱི་དམར་ཁྲིད་རྒྱུད་སྡེ་རྣམས་ཀྱི་སྙིང་པོ་ཕྱུང་བ་གནད་ཀྱི་སྒྲོན་མེ་ལམ་རིག་ལག་འཁྲིད་དུ་བསྟན་པ་བཅུད་ཕུར་ཆེན་མོ་ཡིད་བཞིན་ནོར་བུ་ལྟ་བུ། བར་གཅོད་ཀྱི་འཕྲང་འཆི་ལྟས་ལ་ཚེ་གཟུགས་ལ་བར་གཅོད་ཡོད་མེད་དང་། ཡོད་ན་འཆི་དུས་དང་བཟློག་མི་བཟློག་བརྟག་པ། ཕུང་པོ་ལ་བརྟེན་ནས་བརྟག་ཐབས་བདུན། གཞན་གྱིས་བརྟག་པ་རིགས་གཉིས་དང་བཅས་པ། དུས་མིན་གྱི་འཆི་བ་བཤོལ་འདེབས་བླུ་བའི་མན་ངག་རིམ་པ་བཞི་ཟབ་པའི་ཡང་བཅུད། གལ་ཏེ་དུས་ལ་བབས་ན་རབ་སྐྱེ་མེད་ཆོས་སྐུར་འཕོ་བ། འབྲིང་མངོན་པར་དགའ་བའི་ཞིང་ཁམས་སུ་འཕོ་བ། མཐའ་མ་བདེ་འགྲོར་འཕོ་བ། གལ་ཏེ་བར་དོ་ཤར་ན་གནས་པའི་བར་དོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ངོ་སྤྲོད་པ། ཏིང་འཛིན་གྱི་བར་དོ་ཡེ་ཤེས་ངོས་ཟིན་པ་དངུལ་དཀར་གྱི་མེ་ལོང་བལྟ་བ་ལྟ་བུ། སྨིན་ལམ་གྱི་བར་དོ་བག་ཆགས་ཀྱིས་མཚམས་སྦྱར་ཏེ་གཉིད་དང་བསམ་གཏན་བསྲེ་བ། སྐྱེ་འཆི་བར་དོ་རིག་པ་གསལ་གདབ་པ་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟ་བུ། སྲིད་པའི་བར་དོ་ལས་ཀྱི་འཕྲོ་འཐུད་ནས་ཡུར་བ་ཀོང་ཆད་ལ་ཝ་འཛུགས་པ་ལྟ་བུ་རྣམས་སོ། ༈ །བཞི་པ་འཕྲིན་ལས་ཀྱི་རྩ་བ་


GLG002_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་རྡོ་རྗེ་མཁའ་འགྲོའི་སྐོར་ལ། རྩ་བ་བློའི་སྤྲོས་པ་བཅད་ཐབས་བདུན། ཆོས་སྤྱོད་བཅུ་གཉིས། ཞུ་ལན་དྲུག་པ་རྡོ་རྗེ་འཆང་གི་བསམ་གཏན་གྱི་སྒྲོན་མེ་ཉེར་གཉིས་དང་གསུམ། དང་པོ་ནི། ཚེ་འདིའི་སྤྲོས་པ་ཐག་བཅད་པ་སྐྱེས་བུ་སྙིང་ལ་མདའ་ཕོག་པ་ལྟ་བུ། འཁོར་བའི་ཆོས་མཐའ་དག་ལ་སྤྲོས་པའི་ཐག་བཅད་པ་རྐུན་མ་ངོས་ཟིན་པ་ལྟ་བུ། ཐེག་དམན་ལས་སྤྲོས་པ་གཅད་པ་དེད་དཔོན་མཁས་པས་ནོར་བུ་ལོན་པ་ལྟ་བུ། གཟུང་འཛིན་མཐའ་དག་གི་སྤྲོས་པ་གཅད་པ་སྒྱུ་མ་མཁན་གྱིས་སྤྲུལ་པ་བསྟན་པ་ལྟ་བུ། ཐ་མལ་གྱི་སྒོ་གསུམ་ལ་སྤྲོས་པ་གཅད་པ་དུག་ལ་སྔགས་ཀྱིས་བཏབ་པ་ལྟ་བུ། ལམ་རྐྱང་པ་ལས་སྤྲོས་པ་གཅད་པ་ས་དང་པོའི་བདེན་པ་མཐོང་བ་ལྟ་བུ། བློས་བྱས་ཀྱི་ཆོས་མཐའ་དག་ལ་སྤྲོས་པ་གཅད་པ་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུའི་མན་ངག །དེ་བདུན་པོ་བོགས་འབྱིན་གྱི་མན་ངག་དངུལ་དཀར་གྱི་མེ་ལོང་གཡའ་དང་བྲལ་བ་ལྟ་བུས་སྙིང་པོའི་དོན་གཏན་ལ་དབབ་པའི་ཞུ་ལན་དུ་གདམས་པ་དང་བཅས་པ་རྣམས། གཉིས་པ་ཆོས་སྤྱོད་བཅུ་གཉིས་ནི། སྐུ་མེ་དཔུང་། གསུང་ཡིག་འབྲུ། ཐུགས་འོད་གསལ་དུ་ཉལ། ལུས་ལྷ། སེམས་ཕྱག་ཆེན། སྣང་བ་སྒྱུ་མར་སྤྲུལ་ནས་ལྡང་བ། བུམ་ཆུ། དྲི་ཆུ། སྤྲོས་བྲལ་གྱི་ཁྲུས། མཎྜལ་གསོལ་འདེབས། ལག་མཆོད། ཟས་ཀྱི་རྣལ་འབྱོར། གཏོར་མ། ཟག་འདོར་རྣལ་འབྱོར། ཆུ་སྦྱིན། སཱཙྪ། སྐོར་བ་རྣམས། གསུམ་པ་ཞུ་ལན་དྲུག་པ་རྡོ་རྗེ་འཆང་གི་བསམ་གཏན་གྱི་སྒྲོན་མེ་ཉེར་གཉིས་ནི། ལུས་རྣམ་གཞག་གི་སྒྲོན་མེ་མཚན་ཉིད་བསྟན་པ། མུ་སྟེགས་པ་རྣམས་ཀྱིས་སྙིང་པོའི་དོན་མ་རྟོགས་ཏེ།


GLG002_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བར་བསྟན་པའི་སྒྲོན་མེ། སངས་རྒྱས་པ་རྣམས་ཀྱི་སྙིང་པོའི་དོན་མ་རྟོགས་ཏེ་འགལ་བར་བསྟན་པའི་སྒྲོན་མེ། བྱེ་བྲག་ཕར་ཕྱིན་ཐེག་པ་བརྣམས་ཀྱིས་སྙིང་པོའི་དོན་མ་རྟོགས་ཏེ་འགལ་བར་བསྟན་པའི་སྒྲོན་མེ། ཁྱད་པར་གསང་སྔགས་པ་རྣམས་ཀྱིས་སྙིང་པོའི་དོན་མ་རྟོགས་ཏེ་འགལ་བར་བསྟན་པའི་སྒྲོན་མེ། དེ་བཞིས་གྲུབ་མཐའ་གཞན་གྱིས་སྤྲོས་པ་བཅད་པའི་གདམས་ངག་ཡིན། འཁོར་བའི་ཐོག་མཐའ་བཅད་པ་བདུད་རྩི་ཚིག་གསུམ་གྱི་སྒྲོན་མེ། གྲི་གུག་ལྟ་བུའི་སྒྲོན་མེ། པདྨ་ལྟ་བུའི་སྒྲོན་མེ། རིན་ཅེན་ལྟ་བུའི་སྒྲོན་མེ། རྡོ་རྗེ་ལྟ་བུའི་སྒྲོན་མེ། འཁོར་ལོ་ལྟ་བུའི་སྒྲོན་མེ། དེ་ལྔས་ལྟ་བ་འགྱུར་བ་མེད་པའི་གདམས་ངག་སྟོན། གཞི་ལམ་འབྲས་བུའི་སྒྲོན་མེ། བྱང་ཆུབ་སེམས་ཀྱི་སྒྲོན་མེ། ཐིག་ལེ་སྐོར་གསུམ་གྱི་སྒྲོན་མེ། ཐབས་ཐུགས་རྗེ་ཆེན་པོའི་སྒྲོན་མེ། སྒོམ་ལམ་དྲུག་པའི་སྒྲོན་མེ། ལྔ་པོ་འདིས་སྒོམ་ལ་ཞེན་པ་མེད་པའི་གདམས་ངག་སྟོན། ལམ་འདུས་པའི་སྒྲོན་མེ། ལུས་རྣམ་གསུམ་གྱི་སྒྲོན་མེ། ལུས་ངག་གི་གོལ་ས་བཅད་པའི་སྒྲོན་མེ། དེ་གསུམ་གྱིས་སྤྱོད་པ་ངེས་མེད་དུ་བསྟན་པའི་གདམས་པ་སྟོན། སྙིང་པོ་གནད་བདུན་ལམ་གྱི་སྒྲོན་མེ། ཞུན་ཐར་བཅད་པ་རྟོག་པ་འགྲོ་འོང་གཅད་པའི་སྒྲོན་མེ། ཡུལ་མེད་མཁའ་ལྟར་དག་པའི་སྒྲོན་མེ། བློ་འདས་རང་སར་གྲོལ་བའི་སྒྲོན་མེ། དེ་བཞིས་འབྲས་བུ་རེ་དོགས་མེད་པར་ལ་འདའ་བའི་གདམས་པ་ཡིན་ནོ། ༈ །དེ་ལྟར་ལེགས་པར་ཐོབ་པ་ལས་དང་པོ་བླ་མ་དང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་ཨོ་རྒྱན་པདྨ། རྡོ་རྗེ་སེམས་དཔའ་དང་ཧེ་རུ་ཀའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་


GLG002_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། རྡོ་རྗེ་ཆོས། དམ་པའི་རིགས་ཅན་དྲ་མ་ལྔ། དོན་བརྒྱུད་ཨིནྡྲ་བྷཱུ་ཏི། ཚིག་བརྒྱུད་ཌཱ་ཀི་ལས་ཀྱི་དབང་མོ་ཆེ། རྒྱ་གར་གྱི་རིག་འཛིན་བརྒྱད། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། འགྲོ་མགོན་མངའ་བདག་ཉང་ཡབ་སྲས། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །ཀུན་མཁྱེན་མི་བསྐྱོད་རྡོ་རྗེ། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་པ་སངས་རྒྱས་དཔལ། སེ་སྡིངས་པ་ཡོན་ཏན་བཟང་པོ། མཁར་པོ་ཆོས་སྐུ་འོད་ཟེར། མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིག་འཛིན་ཀརྨ་གུ་རུ། བྲག་སྣ་བ་ཀུན་མཁྱེན་དབང་ཕྱུག །ཉང་སྟོན་མཁས་གྲུབ་ཆེན་པོ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། རྒྱལ་སྲས་པདྨ་དབང་ཆེན། མཚན་ལྡན་ཆོས་ཀྱི་རྒྱལ་མཚན། དྲིན་ཅན་མ་སངས་རྒྱས་ཀུན་གྲོལ། གུ་རུ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་བུ་འཛིན་པ། ཆོས་རྗེ་ནོར་བུ་དོན་གྲུབ། དྲིན་ཅན་སངས་རྒྱས་ནོར་བཟང་། མཉམ་མེད་བཤེས་གཉེན་ཆོས་རྒྱལ། གུ་རུ་བསམ་འཕེལ་ནོར་བུ། སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་སྔར་ལྟར་རོ། ༈ །སྤྲུལ་པའི་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་རིན་ཅེན་ཀླུ་བདུད་དབུ་གཙུག་ནས་གདན་དྲངས་པའི་ཕུར་པའི་སྐོར་ནི། བཀའ་རྩིས་ལས། ཐུགས་ཀྱི་ཕུར་གཅིག་འཕྲིན་ལས་འདུས་པའི་ཏོགཿ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་འགྲུབ་ཅིང་ཿ བར་གཅོད་ཀུན་འཇོམས་ང་ཡི་སྙིང་ལ་གདམསཿ ཡིད་ལ་བརྣག་ཅིང་མཆུ་སྒོར་དབྱུང་མི་རུང་ཿ གསང་བའི་ཡང་སྙིང་སྐལ་ལྡན་བུ་ལ་གཏདཿ ཅེས་གསུངས་པ་ལྟར་བཀའ་


GLG002_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཕུར་པ་ཐམས་ཅད་ཀྱི་ནང་ནས་ཟབ་པ་ལས་ཀྱང་ཆེས་ཟབ་པ་ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་བརྣག་པ་མཐར་དྲུག་པ་ཡང་གསང་སྤུ་གྲི་འབར་བའི་ཆོས་སྐོར་ལ། ཐོག་མར་དབང་གི་ཆོ་གའི་སྟེང་ནས་ཅོད་པན། ཉན་བཤད་བུམ་དབང་། ལྷ་དབང་། གསང་དབང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཞིའི་དབང་། སྒོམ་སྒྲུབ་འཛབ་བཟླས་སྒྲོལ་དབང་། གཏོར་མ་ཚེ་ཞལ་ཟས་དངོས་གྲུབ་ཀྱི་མཐའ་རྟེན་དང་བཅས་པ་སོགས་མདོར་ན་ཕྱག་ལེན་ཆེ་ཕྲ་མཐའ་དག་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་ཁ་བསྐངས་ཏེ་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་གི་སྐོར་ལ། རྒྱུད། སྒྲུབ་སྐོར། དེའི་ཁ་སྐོང་འཕྲིན་ལས་སྨིན་བྱེད་དབང་ཆོག །གྲོལ་བྱེད་འཁྲིད། འཕྲིན་ལས་ཀྱི་སྐོར་དང་དྲུག །དང་པོ་ནི། བི་དྱོཏྟམ་ལ་འབུམ་སྡེ་ལས་ཁོལ་དུ་ཕྱུང་བའི་ཁོང་སྙིང་བསྐལ་པ་དུམ་བུའི་རྒྱུད་ཕུར་གཅིག་མར་གྲགས་པ། གཉིས་པ་སྒྲུབ་སྐོར་ལ། རྡོ་རྗེ་ཕུར་པའི་སྙིང་ཏིག་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས་རྩ་ཐོ། ཕུར་པའི་སྙིང་ཏིག་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས་རང་དོན་དུ་བྱང་ཆུབ་ནར་མར་བསྒྲུབ་པ། གཞན་དོན་དུ་འཁོར་ཚོམ་བུ་འབུམ་སྡེར་བཅས་པ་ཐུན་མོང་དུ་བྱང་ཆུབ་སྒྲུབ་ཅིང་བར་གཅོད་འདུལ་བའི་སྒྲུབ་ཐབས། རྡོ་རྗེ་ཕུར་པ་གློ་བུར་ཅོག་བརྡུང་ལས་སྦྱོར་གྱི་ཚུལ་དུ་བསྒྲུབ་པ་རལ་གྲི་ཕྱུང་བརྡེག་ཕུར་པའི་ཁོག་འབུབ་གཏེར་སྟོན་གྱིས་མཛད་པ་རྣམས། གསུམ་པ་ཁ་སྐོང་འཕྲིན་ལས་ཀྱི་སྐོར་ལ། དྲག་སྔགས་སུ་འགྲེལ་པ་ཡང་སྙིང་གསང་སྒྲུབ་ཀྱི་ལས་གཞུང་ཡང་གསང་སྤུ་གྲིའི་འཕྲིན་ལས། རྩ་བ་ཡང་སྙིང་དྲག་སྔགས་སུ་འགྲེལ་པ་ཡང་གསང་


GLG002_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པའི་ལས་གཞུང་གི་ཐོ། ཡི་དམ་ནར་མ་སྔགས་སྒྲུབ། ཤིན་ཏུ་སྤྲོས་མེད་ཀྱི་ཉམས་ལེན་ཁྱད་པར་ཅན། འགྲོ་ཉལ་འདུག་ལྡང་རྒྱུན་གྱི་ཏིང་འཛིན་ཡི་དམ་ནར་མ། ཁྲོ་བཅུའི་མཚམས་གཅོད་སྟེང་ཕྱོགས་མ། ཁྲོ་བཅུ་བསྐྱེད་པ་གྲུ་གསུམ་མཐིང་ནག་མ། འཛབ་བསྟོད་ཡེ་ཤེས་ཁྲོ་བོ། རྒྱུན་གཏོར་མཆོག་ཐུན་དངོས་གྲུབ་ཐོབ་པ། ཚོགས་ཀྱི་བསྐང་བ་སྣང་སྲིད་མ། མན་ངག་དྲུག་པའི་བཤགས་པ་བསྐལ་པ་དཔག་ཏུ་མེད་པ། བསྟོད་པ་ཁྲག་འཐུང་མ། ཕོ་ཉ་འགུགས་འདྲེན་གྱི་བསྐུལ་གྲུ་གསུམ་མཐིང་ནག་མ། ཕུར་སྲུང་གི་བསྐུལ་སྔོན་ཚེ་མ། དབང་ཕྱུག་ཉེར་བརྒྱད་བསྐུལ་བ་དཔལ་གྱི་བཀའ་ཉན་མ། དངོས་གྲུབ་བསྐུལ་བ་དབུས་ཕྱོགས་གྲུ་གསུམ་མ། ཕུར་བའི་ལས་བྱང་གི་འགྲེལ་པ་ཤིན་ཏུ་རྒྱས་པ་མངོན་རྟོགས་ཡིད་བཞིན་འཕྲེང་བ་བླ་མ་ཨཱ་ཡུ་བཛྲ་གྱིས་མཛད་པ་རྣམས། ༈ བཞི་པ་སྨིན་བྱེད་དབང་ཆོག་ནི། རྡོ་རྗེ་ཕུར་པའི་རིམ་པ་དབང་གི་མན་ངག །ལྔ་པ་གྲོལ་བྱེད་འཁྲིད་ཀྱི་ནང་གསེས་ལ། ལྟ་བས་ཐག་བཅད་པ། སྒོམ་པས་དྲོད་དང་ལྡན་པ། སྤྱོད་བས་བོགས་དབྱུང་བ། དབང་གི་གདེང་བཙལ་བ། དམ་ཚིག་གིས་དོན་ལས་མི་འདའ་བ། འབྲས་བུ་ལ་འདའ་བ་དང་དྲུག་གི་སྒོ་ནས་སྐྱེ་མེད་བྱང་ཆུབ་སྒྲུབ་ཐབས་ཡང་གསང་སྤུ་གྲིའི་རྫོང་འཕྲེང་བསྡུས་དོན་རྣམས། དྲུག་པ་འཕྲིན་ལས་ཀྱི་སྐོར་ལ། ལས་ཁ་ཚར་གྱི་ནང་ཚན་ལོངས་སྤྱོད་བསྒྲུབ་པ། སེར་བ་བསྲུང་བ། ངག་འགྲོལ་བ། སེར་བ་འབེབས་པ། ལྟས་ངན་གཏོང་བ། སེང་གེ་ཁ་སྒྱུར། མུ་སྟེགས་ངག་གནོན། ཇག་འཆིང་། དགྲ་བོ་དམ་སྲི་གནོན་པ། གདོན་གྱིས་ཟིན་པ་གསོ་ཐབས་སློབ་དཔོན་པདྨས་བསམ་ཡས་བདུད་འདུལ་


GLG002_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དུ་བར་གཅོད་ཀྱི་རྐྱེན་ལྷ་འདུལ་བའི་གླུ་དབྱངས་སུ་བཞེས་པ་སྲིན་པོའི་ངུར་སྒྲ་རྣམས། ཚེ་ལུང་དང་ཁྲུས་ལུང་གི་དགོངས་པ་ཕུར་པ་ཐལ་འབྱིན་གྱི་མན་ངག །དྲེགས་པ་མིང་སྲིང་སྲོག་གི་སྤུ་གྲིའི་སྒྲུབ་ཐབས། འཁོར་ལོ་གསུམ་ནི་ཡེ་ཤེས་ཀྱི་ལྷ་ཐུགས་དམ་གནད་ནས་བསྐུལ་བའི་འཁོར་ལོ། དམ་ཅན་གནད་ལ་དབབ་པའི་འཁོར་ལོ། རྩིབས་ལྔས་དགྲ་བགེགས་སྒྲོལ་བའི་འཁོར་ལོ། ཞར་བྱུང་དགྲ་བོ་ངེས་པར་སྒྲོལ་བ་ཟབ་ཅིང་གུད་དུ་བསྟན་པ་རྣམས། སྲོག་གི་སྤུ་གྲི་ལ། ལས་ཐམས་ཅད་ཀྱི་དོན་བསྡུས་པའི་རྩ་བ། སྤུ་གྲིའི་ཏི་ཀ་བསེ་སྒྲོམ་ནག་པོ་མ། བླ་རྟགས་དང་བསྟུན་ནས་ཕུར་གདབ་བྱ་བ་སྲོག་གི་སྤུ་གྲི་དང་གསུམ། ཕུར་པ་ཁྲོ་བོ་རོལ་པའི་གཏོར་བཟློག །དེའི་ལྷན་ཐབས་ཕུར་བཟློག །རྡོ་རྗེ་ཚེའི་བསྒྲུབ་པ་རྒྱུན་ཁྱེར་ནར་མ། བཅུད་ལེན་ཚེ་སྒྲུབ། ཚེ་འགུགས་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། རིག་འཛིན་ཆེན་པོ་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་ཐོད་འཕྲེང་རྩལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གནུབས་ནམ་མཁའི་སྙིང་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག །སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུ་ཤཱཀྱ་པྲ་བྷ། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་རྡོ་རྗེ་ཡེ་ཤེས། སེ་སྡིངས་པ་སངས་རྒྱས་དཔལ། སེ་སྡིངས་པ་ཡོན་ཏན་བཟང་པོ། གུ་རུ་ཆོས་སྐུ་འོད་ཟེར། དྭགས་པོ་སྤ་ལུང་པ་མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཐམས་ཅད་


GLG002_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་རྗེ་མཁྱེན་བརྩེའི་དབང་ཕྱུག་ནས། རིག་འཛིན་སྟོབས་ལྡན་འོད་ཟེར། སྔགས་འཆང་ཚེ་རིང་དབང་པོ། སྤྲུལ་སྐུ་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་མན་སྔར་ལྟར། ཡང་ལུགས་གཅིག་ལ་གུ་རུ་ཆོས་སྐུ་འོད་ཟེར་ནས། ཟུར་མཁར་མཉམ་ཉིད་རྡོ་རྗེ། གནམ་གོང་པ་ཚ་བོ་བཀྲ་ཤིས་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་གོང་ལྟར་རོ། །དབང་བཀའ་མའི་བརྒྱུད་པ་ལྟར་ན། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། ཨཱ་ཙཪྻ་ས་ལེ། ཁོ་རེའི་ལང་ལབ་བྱང་ཆུབ་རྡོ་རྗེ། ཤངས་ཀྱི་སྣ་ནམ་ཤེས་རབ་ཚུལ་ཁྲིམས། ཁྱུང་པོ་ཕྱལ་ཆེན་པ། ཕྱལ་ཆུང་པ་བློ་གྲོས་རྒྱལ་མཚན། གུ་རུ་བ་ཡང་དག །འགོས་སྟོན་བྱང་འབར། ཁྱུང་པོ་སེང་གེ །ཁྲུང་པོ་ཁྲ་བོ། གཉལ་སྟོན་གྲགས་པའི་མཚན་ཅན། སྐྱི་ཆོས་ཀྱི་སེང་གེ །སྨན་ལུང་པ་མི་བསྐྱོད་རྡོ་རྗེ་མན་གོང་བཞིན་ནོ། །སྤྱིར་ཕུར་པའི་རྒྱུད་དུ་མ་འགྱུར་ཞིང་། བྱེ་བྲག་སློབ་དཔོན་ཆེན་པོས་རྒྱུད་ཕུན་སུམ་ཚོགས་པ་བི་མཱ་ལ། ལུང་རྡོ་རྗེ་ཁྲོས་པ་རྡོ་རྗེ་བཞད་པ། ལུང་གི་ཆོས་གཅིག་རོམ་བུ་གུ་ཧྱ་དང་བ་སུ་དྷ་ར་གཉིས་ལ་གཏད། མཆིམས། ཤུད་བུ། སྣ་ནམ་པ་གསུམ་ལ་མ་བུ་སྦྲགས་མ་དང་ཕྲལ་བ་དང་། འཕྲིན་ལས་རྒྱ྄ས་པ་གསུམ་གནང་། མན་ངག་ལྕགས་གཟེར་ཇོ་མོར་གནང་། དེས་ཅོག་གྲུ། རིམ་བཞིན་གནུབས་ནམ་སྙིང་། རླང་དཔལ་སེང་། ཤེལ་དཀར་བཟའ། དཔལ་གྱི་བློ་གྲོས། རླངས་དཔལ་བརྩེགས།


GLG002_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཙཪྻ་ས་ལེ། དེས་ལང་ལབ་ལ་བཀའ་བབས་སོ། །ནང་བརྒྱུད་ཇོ་མོས་ཨཱ་ཙཪྻ། གསང་བརྒྱུད་ཇོ་མོས་ལོ་སུམ་བརྒྱ་བཞུགས་ནས་ལང་ལབ་ལ་གནང་བར་གྲགས་སོ། ༈ །སྔོན་སངས་རྒྱས་འོད་སྲུངས་ཆེན་པོས་ཀླུ་རྒྱུད་འབུམ་པ་གསུངས་ནས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོར་གཏེར་དུ་བཞུགས་པ་ཨོ་རྒྱན་ཆེན་པོས་རྫུ་འཕྲུལ་གྱིས་སྤྱན་དྲངས་ཏེ་རྒྱལ་པོའི་གདུང་བ་བསལ་ནས་ལྷོ་བྲག་གནམ་སྐས་ཅན་གྱི་ཀླུ་བདུད་ལྟོ་བར་སྦས་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པའི་ཟབ་གཏེར་འཇམ་དཔལ་རྡོ་རྗེ་ནག་པོ་ཀླུའི་གཤེད་མར་ཀླུ་བདུད་ནཱ་ག་རཀྵ་བསྟན་པ་ནི། བཀའ་རྩིས་ལས། ཀླུ་ཡི་ཀླུ་གཤེད་དྲག་པོ་ངན་སྔགས་དང་༔ ཞེས་བསྔགས་པའི་ཆོས་སྐོར་ལ། ཐོག་མར་སྒྲུབ་ཁོག་གནམ་ལྕགས་འབར་བའི་ནང་ནས་ཡེ་ཤེས་ལྔ་རྫོགས་བུམ་པའི་དབང་། བསྟན་པ་བསྲུང་བ་འཆི་བདག་ཐོད་པའི་དབང་། སྒྲུབ་པ་སྔགས་ཀྱི་དབང་། སྤྲོས་བྲལ་ལྟ་བའི་དབང་ཀླུའི་ཆོས་ཉིད་ཐོད་པ་བོར་ཆོག་རྣམས། ཡང་རིག་པའི་རྒྱལ་པོ་དབང་བསྐུར་བའི་རིམ་པ་ལྕགས་ཀྱི་ལྷམ་གྱོན་ནས་བཙལ་ཀྱང་རྙེད་པར་དཀའ་བའི་སྟེང་ནས་དབང་གི་ཕྱག་བཞེས་དངོས་གཞི་འདྲ་བ་ལ་འཆི་བདག་ཞལ་དབྱེ་འཁོར་ལོ་སོགས་ཕྱག་ལེན་ཤིན་ཏུ་དངོས་གཙང་བ་དང་བཅས་པ་གཅིག །རིག་འཛིན་དཀོན་ཅོག་ཕུན་ཚོགས་ཀྱིས་མཛད་པའི་ཡིག་ཆའི་སྟེང་ནས་དབང་ཅུང་ཟད་བསྡུས་པ་འཁྱེར་བདེ་སྐུ་ཐོད་པ་རྡོ་རྗེ། བདག་པོའི་དབང་། མངའ་རིས་པཎ་ཆེན་གྱིས་མཛད་པའི་ཡིག་ཆའི་སྟེང་ནས་ཞི་བ་རིག་པའི་རྒྱལ་


GLG002_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རིག་པ་གཏད་པའི་བྱིན་རླབས་རྣམས་ལེགས་པར་ཐོབ་ནས། ལུང་ལ། སྒྲུབ་པ་དབང་གི་སྐོར། ཕྱག་རྒྱའི་སྐོར། མདོས། ལས་ཚོགས་ཀྱི་སྐོར་དང་བཞི། དང་པོ་ནི། དུག་སྦྲུལ་རྒྱུད་ཆེན་ནས་ལོགས་སུ་བཀོལ་བའི་བསྙེན་སྒྲུབ་ཀྱི་བཅའ་གཞི། དབང་ཆོག །བསྙེན་པ། གནོད་བྱེད་སྡེ་བརྒྱད་དང་དགྲ་བོ་འདུལ་བའི་སྒྲུབ་པ། གསད་པ། དགྲ་ལ་ཕྱག་རྒྱ་སྤོ་བ། སྔགས་བྱང་དང་བཅས་པའི་སྒྲུབ་ཁོག་གནམ་ལྕགས་འབར་བ། འཆི་བདག་དབང་གི་ཆོ་ག་༼འབྲི༽ལྕགས་ཀྱི་ལྷམ་གྱོན་ནས་བཙལ་ཀྱང་རྙེད་དཀའ་བ། ཀུ་སུ་ལུ་ལུགས་ཀྱི་དཔའ་བོ་རྐྱང་སྒྲུབ་༼འབྲི༽ཀྱི་མངོན་རྟོགས་དབང་གི་ཡི་གེ་དང་བཅས་པ་འབྲི་གུང་དབུར་སྨྱོན་གྱིས་མཛད་པ། རིག་རྒྱལ་ཞི་བ་རྡོར་སེམས་རྩ་སྒྲུབ་ཏུ་གྲགས་པ་རིག་པ་སྦྲུལ་མཇུག་གི་མན་ངག་ཀླུ་ནད་ངེས་པར་གྲོལ་བ་བོད་ན་དཀོན་པའི་གནད་ཀྱི་གདམས་པ། གཏེར་གཞུང་ལས་ངག་གདོན་དུ་བསྒྲིགས་པའི་སྲིན་པོ་ནཱ་ག་རཀྴའི་མངོན་རྟོགས་འགོ་ན་མ་ལུས་རྒྱལ་བའི་མཁྱེན་བརྩེ་གཅིག་བསྡུས་པ། ཞེས་པའི་ཚིགས་བཅད་ཡོད་པ། ཞར་བྱུང་སློབ་དཔོན་ཆེན་པོས་མཛད་པའི་བསྟོད་པ་འཁོར་འདས་མ་དང་བཅས་པ། སྔོན་དུ་མདོ་ཀློག་པ་སོགས་ཚོགས་བསགས་ནས་བཟླས་ལུང་སྦྱིན་ཚུལ་ཆོས་དབང་གི་ཡང་ཏིག་གསང་བ། རིག་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའི་རིག་པ་གཏད་༼འབྲི༽པའི་ཆོ་ག་ནད་པ་སོགས་ལ་ཕན་གདགས་པ་མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པ། དེའི་སྒྲུབ་ཐབས་སྙིང་པོ་གསལ་བ་༼འབྲི༽རྗེ་རིན་ཅེན་ཕུན་ཚོགས་ཀྱིས་མཛད་པ། ནཱ་ག་རཀྴའི་སྒྲུབ་ཐབས་མན་བྱ་ཁྱུང་པ་ངག་དབང་པདྨས་མཛད་པ། སྲིན་པོ་ནཱ་ག་རཀྴའི་ལས་བྱང་བམ་ཆུང་མུ་ཏིག་འཕྲེང་བ་


GLG002_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། དུག་ལྔའི་དྲེགས་པ་བསྐུལ་བ་བསྐལ་པ་སྦྲུལ་ནག་མ་རྣམས། གཉིས་པ་ཕྱག་རྒྱ་ལ། དྲག་པོ་རང་གནད་ཀྱི་ཕྱག་རྒྱའི་ལོ་རྒྱུས་འོད་སྲུངས་ཆེན་པོས་ཀླུ་རྒྱུད་འབུམ་གྱི་ཏི་ཀ་ནས་གསུངས་ཚུལ་དང་བོད་དུ་རྒྱལ་པོ་ས་བདག་གི་བསྙུན་ལས་གྲོལ་བའི་ལོ་རྒྱུས་དང་བཅས་པ། ཚེ་འདིར་ས་ནད་ཀྱིས་ཟིན་པའམ་མ་ཟིན་ཀྱང་ཚེ་རབས་གཞན་དུ་མྱོང་འགྱུར་གྱི་ལས་ཡོད་པས་ཕྱག་རྒྱ་བླངས་ཏེ་སྤོས་པས་ལུས་ལ་གསང་བའི་རྒྱས་ཐེབས་པའི་གདམས་པ་འདི་སྔོན་བྱོན་མང་པོས་ཀྱང་ཐུགས་ཉམས་སུ་བཞེས་ཤིང་། དུས་ཕྱིས་ཀྱང་རིག་འཛིན་ལེགས་ལྡན་རྡོ་རྗེའི་བཀའ་དྲིན་ལ་བརྟེན་ནས་རྗེ་འབྲི་གུང་ཟུར་པ་སོགས་སྔགས་འཆང་མང་པོས་ཕྱག་ཐོག་ཏུ་བཀལ་བའི་ཟབ་ཁྱད་ཅན་ལ་ཕྱག་རྒྱ་སྤོ་བ་རིན་ཅེན་འཕྲུལ་གྱི་ལྡེ་མིག །ཡེ་ཤེས་ཀྱི་ཕྱག་རྒྱ་ལྷག་པའི་ལྷ་དང་དབྱེར་མེད་དུ་སྤོ་བ། དམ་ཚིག་ཕྱག་རྒྱ་ཀླུ་དང་ས་བདག་ལ་སྤོ་བ། ལས་ཀྱི་ཕྱག་རྒྱ་འགལ་བྱེད་དགྲ་ལ་སྤོ་བ་རྣམས་ཤིན་ཏུ་ཟབ་པའི་ལས་ཆིག་རྫོགས་སུ་བསྟན་པ་ཚིགས་བཅད་མ། ཡེ་ཤེས་ལས། ཏིང་ངེ་འཛིན། ནད། མཚན་མའི་ཕྱག་རྒྱ་ལྔ་སྤོ་ཐབས་པདྨ་དབང་ཆེན་གྱི་ཐུགས་དམ་མཐར་ཐུག་པ་ལགས་སོའི་མཐའ་ཅན། ལུས་རྒྱ་འདེབས་པའི་ལག་ལེན་ལ། དང་པོ་བསྙེན་པ་བྱ་བ་དང་གཅིག །དེ་ནས་སྒྲུབ་པ་བྱ་བ་གཉིས། དེ་ནས་ཕྱག་རྒྱ་སྤོ་བ་དང་གསུམ་དུ་བསྡོམས་པའི་སྲིན་ཞལ་ན་ག་རཀྴའི་མངོན་རྟོགས་ཡིག་འབྲུ་བཞི་པའི་བསྙེན་པ་དངོས་ཉམས་རྨི་ལམ་གྱི་རྟགས་དང་བཅས་པ། སྡིག་ཞལ་ནཱ་ག་རཀྴའི་མངོན་རྟོགས་


GLG002_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འབྲུ་བཅུ་བཞི་པའི་སྒྲུབ་པ་ཕྱི་ནང་གསང་བའི་རྟགས་ཡིག་བསྟན་པ། སྒང་གཤོངས་ཀྱི་མན་ངག་ཉམས་སུ་མྱོང་བར་བྱས་ནས་ཐེངས་ཀྱི་མན་ངག་ཕྱག་རྒྱ་དངོས་སྤོ་བ་རྗེས་གཅོད་དང་བཅས་པ། གོང་གི་སྲིན་ཞལ་མའི་མངོན་རྟོགས་ལྷུག་པ་དང་འདྲ་བ་ལ་ཚིགས་བཅད་ཅན། འགོར་བསྙེན་པའི་མངོན་རྟོགས་དང་མཇུག་ཏུ་དེ་ཉིད་ལ་འགོང་ཤོག་གི་མཐའ་ཅན། སྲས་པདྨ་དབང་ཆེན་གྱི་ཉམས་ཡིག་ཞལ་ནས་སྙན་དུ་བརྒྱུད་པའི་རིན་པོ་ཆེའི་གཏེར་ལྟ་བུའི་མན་ངག་ལ་སྔོན་འགྲོའི་སྐོར་གྱི་ཞུ་ལན་ལ་ལྷོང་རྟགས་དང་ཅིག་ཅར་འདེབས་པ། རིག་པ་སྦྲུལ་མཇུག་གི་གནད་དམིགས་པས་སྤོ་བ་དང་སྨན་གྱིས་བཀྲུ་བ་སོགས་ཀྱི་ཞུ་ལན་རྣམས་ཆོས་སྡེ་གཅིག །བླ་མའི་ཞལ་ཤེས་ཟབ་མོ་གདོན་གླུམ་ལྟར་བཙོ་བ་དང་ནང་ཇ་ཆུ་ལྟར་བསྐོལ་བ། སྲས་པདྨ་དབང་ཆེན་གྱིས་བསྡུས་པའི་ཉམས་འཁྲིད་ཨེ་མ་སྐལ་ལྡན་མ། ཕྱག་རྒྱའི་མཇུག་ཏུ་མཁོ་བ་རྩ་ཁྲུས་དང་སྨན་སྦྱོར་གྱི་མན་ངག་རྣམས། གསུམ་པ་མདོས་ཀྱི་སྐོར་ལ། རྒྱུན་མདོས་ལ་བརྟེན་པའི་ས་བདག་གདོན་འགྲོལ་དཔལ་ཨོ་རྒྱན་ཆེན་པོས་མཛད་པ། བྱོལ་སོང་ཧ་ལའི་བཅོས་ཐབས་ཀླུ་ནད་སེལ་བའི་མདོས་ཆོག་སློབ་དཔོན་པདྨས་མཛད་པ་རྣམས། བཞི་པ་ལས་ཚོགས་ལ། ལྷ། སྔགས་ཆོས་ཉིད། རྟགས། ཚད། བསྲུང་བ། ཟློག་པ། རང་ལ་མི་ཟློག་པ། ཕན་ཡོན། སྟེང་འོག་བར་གི་གདོན་རིགས་ལ་ཁ་བསྒྱུར་དང་བཅས་པ་བསྟན་པ་སྙིང་བྱང་གསང་༼འབྲི༽བ་ཤིན་ཏུ་གཅེས་པ་མང་པོར་སྤེལ་ན་འཆི་བདག་གཤིན་རྗེས་སྙིང་ཕྱུངས་ཤིག་པའི་མཐའ་ཅན། ཚ་ཐུར་རྫས་ཀྱི་བསྲུང་བ་རྒྱལ་སྲས་༼འབྲི༽པདྨ་དབང་ཆེན་གྱི་


GLG002_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཡིག་མ། དང་པོ་སྔགས་གཉིས་པ་རྫས་གསུམ་པ་འཁོར་ལོ་ལ་བརྟེན་པའི་བསྲུང་བ། རབས་ཆད་ཀྱི་ཐོད་པ་ལ་བརྟེན་པའི་ཟློག་པའི་འཁོར་ལོ། ཀླུ་གཉན་རང་ལ་མི་ཟློག་པ་སྦལ་པའི་འཁོར་ལོ། རྫས་བསྲུང་ཤིན་ཏུ་ཟབ་པ། མཛེ་ཐོ་ལུམ་དུ་སོང་བ་གསོས་པའི་རྫས་སྦྱོར། འབྲུ་བཞིའི་བསྲུང་འཁོར་ས་བདག་ཀླུ་གཉན་བསྲུང་བ་ཁྱད་པར་ཅན་སློབ་དཔོན་གྱིས་མངའ་བདག་ལ་གདམས་པ། བསྙེན་པ་མཐར་མ་ཕྱིན་པ་ལ་མཁོ་བའི་རྫས་ཀྱི་བསྲུང་བ་རྟ་རྨིག་ལྕགས་ཀྱིས་གཏུམས་ཀྱང་རྙེད་པར་དཀའ་བ། ཀླུ་ཐམས་ཅད་ལ་བདེ་བ་འབྱིན་པའི་གཟུངས། ཆར་འབེབས་དོན་བརྒྱད་མ། ཀླུའི་དུག་ཞེན་ཆུང་བ་ལ་ཕན་ཆེ་ཞིང་རྟགས་མྱུར་བའི་གདམས་པ། འདོད་ཡོན་ནོར་བུ་སྒྲུབ་པའི་མཐའ་རྒྱས། མཛེ་ནད་ཐམས་ཅད་ཀྱི་སྙིང་ཕྱུང་བ་ཀླུ་མ་བསྒྲུབས་ཀྱང་སྲོག་སྔགས་ཀྱི་ཙཀྲ་ལ་རང་དབང་མེད་པར་སྡུད་པ་ནག་པོ་གཏད་ཁྲམ་གྱི་ལས། ཤིན་ཏུ་གསང་བའི་མན་ངག་འཆི་བདག་རང་ལ་མི་ཟློག་པ། གཤིན་རྗེའི་བླ་མཚོ་ནག་པོ་སྙིང་གི་ལེའུ་ནས་ཕྱུང་བའི་ཀླུ་བདུད་གཏད་འཁོར་རང་བསྲུང་དང་བཅས་པ། དགྲ་བགེགས་ས་བདག་ཀླུ་གཉན་གྱི་ཟས་སྐལ་དུ་གཏོད་པ་ལས་ཀྱི་མཐའ་རྒྱས་པ། སྦལ་པ་ལ་བརྟེན་པའི་ཟོར། བསྐུལ་རྒྱ་མཚོ་ཆེན་པོ་མ། རིག་པའི་རྒྱལ་པོ་རྒྱུན་མདོས་དཀྱིལ་འཁོར་གཏོར་མ་རྣམས་ཀྱི་ཤོག་ཁྲ་དང་བཅས་པ་རྣམས་ལེགས་པར་ཐོབ་པའི་དབང་རྒྱས་བསྡུས་གཉིས། བྱིན་རླབས། འབྲིའི་རྟགས་ཡོད་པའི་ལུང་དང་བཅས་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཤཱ་རིའི་བུ། སློབ་དཔོན་འཇམ་


GLG002_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཤེས་གཉེན། སློབ་དཔོན་ནཱ་ག་ཛུ་ན། སློབ་དཔོན་ཧཱུྃ་ཀ་ར། ཨོ་རྒྱན་སངས་རྒྱས་གཉིས་པ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། གུ་རུ་ཆོས་ཀྱི་དབང་ཕྱུག །སྲས་པདྨ་མ་དབང་ཆེན། གྲུབ་ཆེན་དམར་ཞབས་རས་པ། རྩེ་ཤིང་རྒྱལ་མཚན། འཛམ་གླིང་རྒྱལ་མཚན། རྟོགས་ལྡན་གྲགས་འབུམ། གྲུབ་ཆེན་དཔལ་སེང་། བླ་མ་བརྩོན་འགྲུས་མགོན་པོ། བྱ་བྲལ་བ་བསོད་ནམས་སེང་གེ །དམ་པ་ཆོས་སྐྱོང་ཚུལ་ཁྲིམས། སློབ་དཔོན་ཚུལ་ཁྲིམས་འབུམ། དེ་གཉིས་ཀས་པཎ་ཆེན་པདྨ་དབང་རྒྱལ་ལ་ཕྱག་རྒྱས་བཏབ། དེས་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ་ལ་ཕྱག་རྒྱས་བཏབ། དེས་ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ལ་ཕྱག་རྒྱས་བཏབ། རྒྱལ་སྲས་ལྷ་རྗེའི་སྤྲུལ་པ་ཆོས་རྒྱལ་ཕུན་ཚོགས། འབྲི་གུང་རཏྣ་གཉིས་པ་ཆོས་ཀྱི་གྲགས་པ། རིག་འཛིན་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་དམ་པ་ཆོས་ཚུལ་དང་སློབ་དཔོན་ཚུལ་འབུམ། དེ་གཉིས་ཀས་འཇམ་དབྱངས་རིན་ཅེན་རྒྱལ་མཚན། མངའ་རིས་པཎ་ཆེན། དེ་གཉིས་ཀ་ལ་རིག་འཛིན་རྗེས་གསན་པ་མན་གོང་བཞིན་ནོ། ༈ །ཡང་པདྨ་དབང་ཆེན་ནས། དབུས་པ་གྲགས་འབུམ། གྲུབ་ཆེན་དཔལ་སེང་། འཇམ་དབྱངས་བརྩོན་འགྲུས་མགོན། གྲུབ་ཆེན་རིན་ཅེན་རྡོ་རྗེ། གྲུབ་ཆེན་རིན་ཅེན་གྲུབ། རྗེ་བཀྲ་ཤིས་བཟང་པོ། སྤྲུལ་སྐུ་པདྨ་དབང་རྒྱལ་མན་གོང་ལྟར། ཡང་ན་རྟོགས་ལྡན་གྲགས་འབུམ་ནས། བླ་མ་སངས་རྒྱས་དཔལ་བཟང་། བྱ་བཏང་ཆེན་པོ། བསོད་ནམས་སེང་གེ །དམ་པ་ཆོས་ཚུལ། སློབ་


GLG002_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་འབའ་རེ། ཡབ་འཇམ་དབྱངས་རིན་རྒྱན་མན་སྔར་བཞིན་ནོ། ༈ །ཡང་ན་པདྨ་དབང་ཆེན་ནས། བླ་མ་མར་སྟོན་སངས་རྒྱས། གཉན་སྟོན་བཀྲ་ཤིས་སེང་གེ །རྟོགས་ལྡན་ཆོས་ཉིད་རང་གྲོལ། སྤྲུལ་སྐུ་ཚེ་དབང་རྒྱལ་པོ་མཁས་གྲུབ་རྒྱལ་སྲས་ཆོས་རྗེ། སྔགས་འཆང་ལེགས་པ་དཔལ་བཟང་། ཡབ་འཇམ་དབྱངས་རྒྱལ་མཚན་མན་འདྲའོ། །དབང་བརྒྱུད་གཅིག་ནི། རྗེ་ཟུར་པ་ནས། ཆོས་རྗེ་ཉི་ཟླ་སངས་རྒྱས། དཀར་ཆེན་ལན་བུ་ཨ་མི། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། དེས་བདག་ལའོ། །དབང་བརྒྱུད་གཅིག་ལ་སྲས་ནས་མཚན་ལྡན་ཆོས་ཀྱི་རྒྱལ་མཚན། དྲིན་ཅན་མ་སངས་རྒྱས་ཀུན་གྲོལ། གུ་རུ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་བུ་འཛིན་པ། ཆོས་རྗེ་ནོར་བུ་དོན་གྲུབ། མཉམ་མེད་བཤེས་གཉེན་ཆོས་རྒྱལ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། མཁས་གྲུབ་ཀརྨ་གུ་རུ། ཐུགས་སྲས་ཀརྨ་དབང་འབྱོར། ཁྲ་ཚང་པ་མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། ༈ །འབྲིའི་རྟགས་ཡོད་པ་རྣམས་མ་གཏོགས་པའི་ལུང་དང་ཕྱག་ལེན་ཞལ་ཤེས་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། འབྲི་གུང་ཟུར་པ་ཡན་གོང་ལྟར་ལ། དེ་ནས་སྣང་གསལ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་ཀུན་དགའ་ཚེ་མཆོག །སྣང་གསལ་བ་ཀུན་དགའ་བཀྲ་ཤིས། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །བྱ་ཁྱུང་པས་མཛད་པའི་སྒྲུབ་ཐབས་མན་ངག་གི་ལུང་བརྒྱུད་ནི། བྱ་ཁྱུང་པ་ངག་དབང་པདྨ་རྣམ་རྒྱལ། སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར། ལྷ་བཙུན་ཀུན་དགའ་རྣམ་རྒྱལ། རྗེ་འཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། དེས་བདག་ལའོ། །བཀའ་རྩིས་ལས།


GLG002_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་དྲི་མེད་དང་གསུམ་དམོད་མཐུ་ཟབཿ ཅེས་བསྔགས་པའི་གཏེར་ཁ་འོག་མའི་དྲང་སྲོང་སྔགས་རྒོད་ལོག་ཏྲི་པཱ་ལའི་སྐོར་ལ། དྲང་སྲོང་དྲི་མ་མེད་པའི་རིག་གཏད་ཀྱི་དབང་ལེགས་པར་ནོས་ནས། ལུང་ལ། སྔགས་རྒོད་ནག་པོ་བྲམ་ཟེ་ལོག་ཏྲི་དྲང་སྲོང་གི་དམོད་པ་རྣལ་འབྱོར་པའི་མཚོན་ཆ་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་འདུས་པ་དགྲ་བགེགས་གདུག་པ་ཚར་གཅོད་པའི་གཞུང་༼འབྲི༽ལ་ནང་གསེས་ཀྱི་བདུད་ཆས་སུ་བྱ་བ། བསྐྱེད་རིམ། སྔགས་ཀྱི་བཟླས་ཐབས། བཀའ་བསྒོ། སྨྱོ་བོག་འདུལ་བ། མཛེ་གསོ་བ། བྱད་བཟློག་པ། བར་ཆད་བཟློག་པ། དགྲ་གསད་པ། སྲེག་བྱེད་མེའི་འཁོར་ལོ། སྦྱོང་བྱེད་ཆུའི་འཁོར་ལོ། གཏོར་བྱེད་རླུང་གི་འཁོར་ལོ། མནན་པ་སའི་འཁོར་ལོ། བསྲུང་བའི་འཁོར་ལོ། བཟློག་པའི་འཁོར་ལོ། གསོད་པའི་འཁོར་ལོ། རྫས་ཀྱི་འཁོར་ལོ། ཐུན་མཚམས་ཀྱི་འཁོར་ལོ། གཏོར་མའི་ལས། མ་འགྲུབ་ན་སྤོགས་པའི་ཆོ་ག །སྔོན་གྱི་ལས་ཀྱི་རྣམ་སྨིན་གསོ་བ། ཐུབ་བའི་རྟགས། མི་ཐུབ་པའི་རྟགས། སྔགས་འགྲུབ་པའི་དུས་ཚོད། སྔགས་ཀྱི་དོན་བཤད་པ། སློབ་མས་སློབ་དཔོན་ལ་ཞུ་བ། སློབ་དཔོན་གྱིས་སློབ་མ་ལ་མན་ངག་བསྟན་པ་སྟེ་ཉེར་བདུན། དྲང་སྲོང་གི་ལོ་རྒྱུས་༼འབྲི༽ལྷོ་བྲག་མཁོ་མཐིང་ལྷ་ཁང་དུ་སྦས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་བཏོན་པ། ཀླུ་སོགས་སྡེ་༼ཀ༽བརྒྱད་ཀྱི་ནད་ཀྱིས་ཟིན་རྟགས་དང་འཁོར་ལོར་འབྱུང་བཞིའི་ཁ་སྒྱུར་བྱེད་ལུགས་ཤེས་པར་བྱའོའི་མཐའ་ཅན། མགྲིན་པའི་དཀྱིལ་དུ་ཤེས་༼ཀ༽པའི་དོན། གཅོད་༼ཀ༽པ་ལྕེ་ལ་ཤེས་པ། འཁོར་ལོ་ཁྲུས་རྫས་ཀྱི་གདམས་༼ཀ༽པ་ཆོས་སྡེ་གཅིག་ཏུ་ཚང་བ་འབྱུང་བཞི། དགུག་པ། བསྲུང་བཟློག །གསད་པ་རྣམས་


GLG002_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམིགས་སྔགས་ཁ་བསྒྱུར། གོ་ལོག་༼ཀ༽ཅེས་པ་ལུས་ཅན་ལ་ནད་གང་བྱུང་དང་བསྟུན་ནས་གཉེན་པོ་བཅའ་བ། ཕྱི་ནང་གསང་གསུམ་གྱི་ཁྲུས། སྐྲོད་པ། ཞི་བ། དབང་སྡུད། བྱུག་པ། ཁོང་གཏོང་། དུ་བ། ཤ་རོ་འདོན་པ་སྟེ་བསྲུང་བའི་རྫས་སྦྱོར་བདུན། འཇིབ་རུ། ལུམས་སྦྱོང་གི་མན་ངག་དང་བཅས་པ་སྔོན་འགྲོ་རྗེས་གཅོད་གང་ཡང་མི་དགོས་སོའི་མཐའ་ཅན། སྡེ་བརྒྱད་བཅུད་ཕུར་གྱི་མདེའུ་༼བྱང༽ཐུང་ལོག་ཏྲི་པཱ་ལའི་ཡང་སྙིང་བསྲུང་ཟློག་གསད་གསུམ་དྲིལ་བའི་མན་ངག་ཆོས་སྐྱོང་གི་འཕྲིན་ལས་དྲག་ཏུ་བྱའོའི་མཐའ་ཅན། འདིའི་འོག་ཏུ་བདག་འདྲ་པདྨ་འབྱུང་གནས་ཀྱིས་ཞེས་སོགས་ཆོས། སློབ་དཔོན། ཡོན་བདག །ཡིག་མཁན། མན་ངག །གཏེར་སྣོད། གཏེར་གནས། གཏེར་སྲུངས་རྣམས་ཀྱི་ཆེ་བ་ཡོད་པ་བུ་ལོད་ཀྱི་ཕྱག་བྲིས་མ་ལས་བཤུས་པ། གནད་གསུམ་སྙིང་འགྲེལ་གྱི་མན་ངག་སྡེ་༼བྱང༽བརྒྱད་ཀྱི་སྙིང་པོར་མཚོན་ཆ་ལོག་ཏྲིའི་དམིགས་པ་འཕྲད་ཤོག་གི་མཐའ་ཅན། གནད་གསུམ་སྙིང་འགྲེལ་ནས་ཁོལ་༼འབྲི༽དུ་ཕྱུང་(བའི་དམིགས་པ་བསྡུས་པ། བསྲུང་ཟློག་གསང་མནན་གྱི་སྔགས་༼འབྲི༽བྱང་(མཇུག་ཏུ་དྲང་སྲོང་གི་དམོད་པ་དང་བཅས་པ། དྲང་སྲོང་དྲི་མེད་ཀྱི་འཕྲིན་ལས་རྣམ་བཞི་༼འབྲི༽ཞེས་བྱ་བའི་ལས་བྱང་གནས་སུ་གཤེགས་པར་གྱུར་གྱི་མཐའ་ཅན། དྲང་སྲོང་དྲི་མེད་ཀྱི་རིག་གཏད་༼འབྲི༽རྗེས་གནང་ལུང་སྦྱིན་པ་གཏོར་མ་དངོས་གྲུབ་ཏུ་རོལ་པའི་མཐའ་ཅན། སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་གསེར་དང་འདྲ་༼ཀ༽བ་ཞེས་པ་བསྲུང་འཁོར་ན་མའི་བསྐྱེད་རིམ། དྲང་སྲོང་དཀར་སེར་ཐུགས་ཀར་ཐལ་མོ་སྦྱར་༼ཀ༽བ།


GLG002_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་འཁོར་དང་མེའི་གུར་ཁང་གི་ཞལ་ཤེས་ཚར་གཅོད་པར་བསམ་པའི་མཐའ་ཅན། བསྲུང་བཟློག་གསད་གསུམ་ལ་ལྷ་མི་མུ་སྟེགས་ཀྱི་དྲང་༼ཀ༽སྲོང་སྒོམ་པ་དང་སྔགས་ཀྱི་ཞལ་ཤེས་བཀའ་རྒྱ་ཡོད་དོའི་མཐའ་ཅན། དྲང་སྲོང་ནག་པོ་ཕྱག་མཐའ་མ་གཉིས་མཆོད་རྟེན་སྡིག་པ་འཛིན་པ་ཕྲག་པར་༼ཀ༽དྲང་སྲོང་(སྒོམ་པའི་མན་ངག་མི་ཐུབ་པ་མི་སྲིད་དོའི་མཐའ་ཅན། བསྲུང་བའི་འཁོར་ལོ་མན་ངག་༼ཀ༽ལྟར་(སྒོམ་མོའི་མཐའ་ཅན། དྲང་སྲོང་ཞི་བའི་སྒོ་ནས་༼ཀ༽རྟ་( རྨིག་གིས་དགུག་ཐབས། རང་དྲང་སྲོང་དྲི་མེད་དུ་བསྒོམས་པའི་མདུན་དུ་ཟངས་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་འཁོར་བ་དྲག་སྔགས་བཟླས་སོའི་མཐའ་ཅན། སྙན་ནས་སྙན་དུ་བརྒྱུད་པའི་ཡིག་ཆུང་། དྲང་སྲོང་དྲི་མེད་ཐུགས་ཀྱི་མན་ངག་ཡང་དག་པ་སྔགས་ཀྱི་འདྲེན་ཐབས་བཻ་རོས་བཻཌཱུཪྻའི་ཤོག་བུ་ལ་གསེར་གྱིས་བྲིས་བསེ་སྒྲོམ་དུ་༼བྱང༽བཅུག་ནས་རྒྱས་བཏབ་རྒྱལ་པོ་ཤེལ་གིང་ལ་གཏེར་ཁ་གཏད་པ་ལུང་འབོགས་པའི་ཞལ་གདམས་དང་བཅས་པ། སྔགས་རྒོད་ནག་པོའི་ཤམ་བུ་༼བྱང༽སྡེ་བརྒྱད་བཟློག་པའི་ལས་རིམ་སྐུ་གསུང་ཐུགས་ཀྱི་རྒྱ་ཅན། ལས་སྦྱོར་འཁོར་ལོའི་དམིགས་པ་སྣ་ཚ་སོགས་རྫས་ཀྱི་ཁ་སྒྱུར་ཡང་བཅུད་རྫོགས་བྱང་གི་མཐའ་ཅན་རྒྱུད་ལོག་ཏྲི་པཱ་ལ་སྔགས་ཀྱི་རྒྱུད། ཧེ་དུ་བརྒྱད་པ་ལུང་གི་རྒྱུད། རིན་ཅེན་འཕྲེང་བ་རྫས་ཀྱི་རྒྱུད་གསུམ་ཡིན་ནོ། །གསུམ་ལས་བཏུས་པ་པྲ་བྷ་ཧ་སྟིའི་གདམས་པ་ཤིན་ཏུ་ཟབ་པ་ཀ་ཐོག་པ་བྱང་རྒྱབ་རིན་ཅེན་གྱིས་གཏེར་སྟོན་ལ་གསེར་ཞོ་སུམ་ཅུ་ཕུལ་ཏེ་ཞུས་པ་རྣམས་སོ། ༈ །གཉིས་པ་གཏེར་ཁ་གོང་འོག་གཉིས་ཐུན་མོང་དུ་དགོས་པ་བརྒྱུད་པའི་བླ་མ་རྣམས་ཀྱི་ཁ་སྐོང་ལ། དྷཱུ་ཏིའི་དམིགས་པ་ལ་བརྟེན་ནས་


GLG002_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་༼དཔལ༽སྡིག་སྒྲིབ་སྦྱོང་བའི་མན་ངག་ཞལ་ཤེས་ཁྱད་པར་ཅན། དྲང་སྲོང་དྲི་མེད་ཀྱི་བསྲུང་བཟློག་གསང་གསུམ་གྱི་ཞལ་༼བྱང༽གདམས་མཇུག་ཏུ། ལྷ་ཆེན་ཚངས་པ་འགུགས་བྱེད་ན། སྡེ་བརྒྱད་དག་ལ་དཔགས་བྱེད་ཀྱི་ཞེས་སོགས་ཀྱི་མཐའ་ཅན། འགྲོ་མགོན་སྤོམ་བྲག་པས་བླ་མ་སེང་སྒོམ་ཆེན་པོ་ལ་༼བྱང༽གནང་༼དཔལ༽བའི་སྡེ་བརྒྱད་འཇོམས་བྱེད་ལོག་ཏྲི་ལག་ཏུ་བླང་བའི་རིམ་པའོའི་མཐའ་ཅན། རང་ལུས་རྡོ་རྗེ་རྩེ་དགུ་པར་བསྒོམ་པར་གསུངས་པའི་ཡིག་༼བྱང༽ཆུང་ཕོ་ཉ་རྣམས་བསྒོམ་མོའི་མཐའ་ཅན། བསྲུང་བའི་མཆོད་རྟེན་༼དཔལ༽དང་འཁོར་ལོའི་འདྲི་ཡིག །ཞལ་གདམས་གོང་མ་འདི་སྔོན་མའི་དོན་གདབས་པ་ལྟ་བུར་སྣང་། བཟློག་པའི་འཁོར་ལོ་སྤྱིར་བཏང་དང་དམིགས་བསལ་མགོན་པོ། ས་བདག །ཀླུ། མ་མོ། བཙན། གཟའ། བདུད། ཏྲག །ཤད། རཱ་ཛ། གཤིན་རྗེ་མཁན་པོ་རྣམས་དང་འགྲས་ན་ཁ་བསྒྱུར་བྱེད་ལུགས་ཀྱི་ཞལ་ཤེས་རྣམས་ལ་དྲང་སྲོང་ཐུགས་བཅུད་སྡེ་བརྒྱད་སྒོས་ཀྱི་བསྲུང་༼དཔལ༽བཟློག་ཐུན་མོང་མ་ཡིན་པ་ཟེར་བ་རྗེ་རཏྣའི་གསུང་བུ་ལོད་ཀྱི་ཟིན་བྲིས། སྡེ་བརྒྱད་སྒོས་བཟློག་གི་འཁོར་ལོའི་བྲི་གནད་༼དཔལ༽ཞལ་གདམས་སུ་མི་གསལ་བ་རྣམས་བུ་ལོད་ཀྱི་ཟིན་བྲིས། འགུགས་པ་རྟ་རྨིག་གི་༼དཔལ༽ཞལ་གདམས་ཟིན་བྲིས། སྡེ་བརྒྱད་འཁོར་ལོ་ལ་༼དཔལ༽བསྟིམ་པ་དང་དགྲ་བགེགས་ཀྱི་ཤ་ཁྲག་ཟ་བའི་ཞལ་གདམས། དྲག་པོ་ཐུན་གྱི་ཞལ་༼དཔལ༽གདམས་ཟིན་བྲིས། དྲག་པོ་གནམ་ཐོག་གི་༼དཔལ༽རྒྱུད་ལས་ངག་མནན་པ། དྲག་གཏོར་གྱི་དམིགས་པའི་ཞལ་༼དཔལ༽གདམས་ཟིན་བྲིས་དང་ལྔ་བུ་ལོད་རིན་ཅེན་བཟང་པོས་རྗེ་བཙུན་རཏྣའི་གསུང་བཞིན་


GLG002_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ། མཆོད་རྟེན་དཀར་ནག་བསྲུང་བཟློག་གསད་པའི་ཕྱག་ལེན་༼དཔལ༽གྱི་ཟིན་བྲིས་བུ་ལོད་རིན་བཟང་གིས་འབྲི་གུང་རིན་ཅེན་ཕུན་ཚོགས་ཀྱི་གསུང་དང་ཕྱག་ལེན་མ་ཉམས་པར་བཀོད་པ། ཤིང་མོ་ཡོས་ལོ་ཧོར་ཟླ་ལྔ་པར་འབྲི་གུང་གི་ཁང་གསར་ཡང་དགོན་རྩེར་བུ་ལོད་ཀྱིས་ཞུས་པའི་ཞལ་༼དཔལ༽གདམས་ནང་གསེས་ལ། བཅས་རྒྱས་བསྡུས། རྟེན་གཏོར། སྐུ་རྟེན། རབ་གནས། ཚེ་སྒྲུབ། བྲིས་སྐུ་དང་བཅས་པ། བཟློག་གཏོར་དྲག་པོའི་བཅའ་༼དཔལ༽གཞིའི་ཞལ་གདམས་བུ་ལོད་ཀྱིས་རྗེ་བཙུན་རཏྣ་ལ་ཞུས་པ། བན་དགྲ་ངག་མནན་པའི་ཞལ་༼དཔལ༽གདམས་བུ་ལོད་ཀྱི་ཟིན་བྲིས། འགུགས་པའི་ཞལ་གདམས་སའི་འཁོར་ལོ་བཞིན་བྱའོའི་མཐའ་ཅན། དེའི་ཞར་བྱུང་དུ་རྟ་རྨིག་གི་ཕྱག་ལེན་བུ་ལོད་ཀྱི་ཟིན་བྲིས་མ། རྗེ་བཙུན་རཏྣས་མཛད་པའི་ལས་བྱང་སྙིང་པོ་གསལ་བ། དཔེ་ལ་ལར་རྡོ་རྗེ་བྲག་ཕྱོགས་སུ་རིག་འཛིན་ཆེན་པོས་མཛད་ཅེས་མཇུག་ཏུ་བྲིས་འདུག་པ་འབྲི་གུང་བཀའ་འབུམ་ན་ཡོད་པའི་ཡོངས་གྲགས་བརྐུས་པར་སོང་བས་སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་གཏོང་བའི་དཔེར་སྣང་ངོ་། །དེས་མཛད་པའི་བསྲུང་བཟློག་གསད་གསུམ་གྱི་རྒྱུན་འཁྱེར་སྙིང་པོ་གསལ་བ། དེ་ལ་བསྔགས་བརྗོད་ཆོས་ལོངས་སྤྲུལ་སྐུ་མ་བུ་ལོད་ཀྱིས་མཛད་པ། བུ་ལོད་རིན་བཟང་གིས་མཛད་པའི་ཚོགས་མཆོད་གདབ་པ་ལས་ཀྱི་རིམ་པ་གནམ་ལྕགས་སྤུ་གྲི། དེས་མཛད་པའི་མངའ་གསོལ་ཐུགས་རྗེའི་ཟློས་གར་མ། ལོག་ཏྲི་པཱ་ལའི་ལས་སྦྱོར་གྱི་སྒྲུབ་པའི་སྨད་ལས་ཀྱི་ངག་༼དཔལ༽འདོན་ཕྱོགས་བསྒྲིགས་རྗེ་འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་པས་མཛད་པ། འཕྲིན་ལས་ཟོར་གྱི་རིམ་པ་གང་གི་དཔུང་དུ་བསྒྱུར་བའི་མཐའ་ཅན། ཟོར་གྱི་གླེང་གཞི་དང་པོ་ཟོར་བྱུང་མ། མ་ཏི་ཀེ་ཏུས་


GLG002_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་བསྟོད་པ་རྒྱལ་ཡུམ་མ། འབྲི་གུང་པའི་ཕྱག་དཔེར་འདི་མི་སྣང་། བུ་ལོད་ཀྱིས་མཛད་པའི་བསྟོད་པ་རྒྱ་གར་ལྷོ་ཕྱོགས་མ། དེས་མཛད་པའི་དྲག་བསྐུལ་དྲེགས་པ་སྡེ་བརྒྱད་མ་དང་མཆོག་གསུམ་ཀུན་འདུས་མ། དེས་མཛད་པའི་ཐུན་བསྐུལ་སྣ་ཚོགས་ཐུན་རྫས་མ། དེས་མཛད་པའི་ཟློག་བྱང་དྲེགས་འདུལ་མ། རྗེ་འབྲི་གུང་བཀྲ་ཤིས་ཕུན་ཚོགས་ཀྱིས་མཛད་པའི་བསྐུལ་ཡི་དམ་ཞི་ཁྲོ་མ། རྗེ་རཏྣས་འཕྲེང་འགོར་མཛད་པའི་ཚེ་སྒྲུབ། འབྲི་གུང་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་མཛད་པའི་ཚེ་ནོར་ཐུན་མོང་དུ་བསྒྲུབ་པའི་རྒྱུན་འཁྱེར། བུ་ལོད་ཀྱིས་མཛད་པའི་ཚེ་འགུགས་ཆོས་དབྱིངས་རྣམ་དག་མ། དེས་མཛད་པའི་ཚེ་སྒྲུབ་ཐུན་མཚམས་ཀྱི་འདོད་གསོལ་ཆོས་དབྱིངས་མ། ཞབས་དྲུང་ཆོས་ཀྱི་གྲགས་པས་དགུང་ལོ་བཅོ་ལྔའི་ཐོག་མཛད་པའི་ཤེས་རབ་སྒྲུབ་ཐབས། དེས་མཛད་པའི་གཏོར་འབུལ་གྱི་ཡི་གེ །བུ་ལོད་ཀྱིས་མཛད་པའི་བསྲུང་འཁོར་བསྡུ་བའི་ངག་འདོན་ནི་བསམ་གཏན་མ། འབྲི་གུང་བཀྲ་ཤིས་ཕུན་ཚོགས་ཀྱི་གྲགས་གསོལ་མཚན་ལྡན་མ། འཁོར་ལོའི་དཔེ་རིས་ཤོག་ཁྲ་ལ། ལྕེའི་རྡོ་རྗེ། གཤིན་རྗེ། ས་བདག །ཀླུ། མ་མོ། བཙན། བདུད། རཱ་ཧུ་ལ། རྒྱལ་པོ་རྣམས་སྒོས་སུ་བཟློག་པའི་ཙཀྲ། བསྲུང་བཟློག་གསང་གསུམ་རྟ་རྨིག །འབྱུང་བ་བཞི་རྣམས་ཀྱི་འཁོར་ལོ། སྒྲུབ་པའི་བཅའ་གཞི། གཏོར་མ་ཟོར་གྱི་དཔེ་དང་བཅས་ཐོབ་པའི་གཡུང་དྲུང་གི་རྟགས་མ་གཏོགས་པའི་ལུང་ཡོངས་རྫོགས་དང་རིག་གཏད་ཀྱི་བརྒྱུད་པ་ནི། དྲང་སྲོང་དྲི་མེད། རྒྱལ་པོ་དྷརྨ་ཨ་ཤྭ་ཀ །བྲམ་ཟེ་ལེགས་གྲུབ། སློབ་དཔོན་པྲ་བྷ་


GLG002_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཧསྟི། ཕུང་བྱེད་ཤིནྟཾ་གརྦྷ། ཨོ་རྒྱན་སངས་རྒྱས་གཉིས་པ། མངའ་བདག་ཁྲི་སྲོང་ལྡེ་བཙན་ཡབ་སྲས། མངའ་བདག་ཉང་། སྲས་འགྲོ་བའི་མགོན་པོ། གུ་རུ་ཆོས་དབང་། ཁྲི་སྲོང་ལྡེ་བཙན་ནས་ཆོས་དབང་རང་ལ་བརྒྱུད་ཀྱང་ཆོག་ཅིང་པྲ་བྷ་ཧ་སྟི་ནས་བཻ་རོས་མཁོ་མཐིང་ལྷ་ཁང་དུ་སྦས་པ་ཆོས་དབང་གིས་བཏོན་ཟེར་བ་འདུག་རུང་གཏེར་གནས་གནམ་སྐས་ཡིན་པ་བཀའ་རྩིས་སུ་གསལ། སྲས་པདྨ་དབང་རྒྱལ། ཡར་སྟོན་སངས་རྒྱས། གཉན་སྟོན་བཀྲ་ཤིས་སེང་གེ །ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་དབང་། ཀུན་དགའ་བཀྲ་ཤིས། རྒྱལ་སྲས་ཆོས་རྗེ། ཆོས་འཕགས་བཟང་པོ། ཤཱཀྱ་དཔལ་བཟང་། འཇམ་དབྱངས་རྒྱལ་མཚན། མཁའ་དབྱིངས་རྡོ་རྗེ། ཆོས་རྒྱལ་རིན་ཅེན་ཕུན་ཚོགས། རིག་འཛིན་ལེགས་ལྡན་རྡོ་རྗེ། དེ་གཉིས་ཀ་ལ་རྗེ་ཆོས་རྒྱལ་ཕུན་ཚོགས་ཀྱིས་གསན། དེ་ནས་དབུར་སྙོན་ཆོས་ཀྱི་གྲགས་པ། མཚུངས་མེད་དཀོན་ཅོག་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཕྱག་ལེན་མན་ངག་ནི་དཀོན་ཅོག་ལྷུན་གྲུབ་དངོས་ལ་ནོས། ཡང་ན་གཏེར་སྟོན་ནས། ཀ་ཐོག་པ་རྒྱལ་བ་བཟང་པོ། ཀ་ཐོག་པ་སངས་རྒྱས་ཡེ་ཤེས། གུ་རུ་མདོ་སྡེ་རྒྱ་མཚོ། བླ་མ་དགེ་འདུན་རྒྱ་མཚོ། མཁའ་དབྱིངས་རྡོ་རྗེ་མན་འདྲ། རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། ཆོས་རྒྱལ་ཕུན་ོགས་ནས། ན་རོ་བ་བཀྲ་ཤིས་ཕུན་ཚོགས། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །འབྲིའི་རྟགས་ཡོད་པའི་ལུང་བརྒྱུད་ལུགས་གཅིག་ནི། འབྲི་གུང་ཟུར་པ་ནས་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་དུ་མ་རང་གྲོལ་


GLG002_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་ཇོ་ལྷུན་གྲུབ་རྡོ་རྗེ། ཟུར་གྱི་སྔགས་འཆང་གཞོན་ནུ་དོན་གྲུབ། དེ་སྲས་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་དགེ་འདུན་རྒྱ་མཚོ་ནས། མཁའ་འགྲོ་རྒྱ་མཚོ། ཀུན་དགའ་འོད་ཟེར། བླ་མ་ལྷུན་གྲུབ་རྡོ་རྗེ། བཀྲ་ཤིས་རྒྱ་མཚོ་མན་སྔར་བཞིན་ནོ། །བྱང་གི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་ལུགས་གཅིག་ནི། མངའ་རིས་རིག་འཛིན་ཆེན་པོ་ནས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་ཕྱག་ལེན་མན་ངག་མཐའ་ཆོད་པ་ཕྲ་ཞིབ་ཏུ་སྩལ་ཅིང་ལྷ་འདིའི་སྒོ་ནས་དམ་སྲི་མ་རུངས་པ་ཕྱི་ནང་ཀུན་ཏུ་མཐོ་འཚམ་པ་རྣམས་ཀྱང་སྒྲུབ་པ་བཙུགས་ནས་བསྲེག་པ་མེའི་སྦྱོར་བས་ནུས་པ་ཉམས་པར་བྱས་སོ། །དཔལ་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། རྗེ་དབུར་སྨྱོན་ནས། བླ་མ་བསོད་ནམས་རིན་ཅེན། རྗེ་འཕྲིན་ལས་རྣམ་རྒྱལ། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ།། ༈ ཡང་རིགས་གཏད་དང་ཀའི་རྟགས་ཡོད་པའི་ལུང་བརྒྱུད་ནི། བླ་མ་དགེ་འདུན་རྒྱ་མཚོ་ནས། རབ་འབྱམས་ཆོས་རྗེ་ཡབ་སྲས། ཙེ་ལེ་བ་ཨོ་རྒྱན་བསྟན་འཛིན། ལྷ་བྲོ་ཀརྨ་གུ་རུ། ཆོས་དབང་བསྟན་འཛིན་ཉི་མ། ཁྲ་ཚང་པ་ཆེན་པོ་མན་གོང་ལྟར། ཡང་ན་ཀ་ཐོག་པ་སངས་རྒྱས་ཡེ་ཤེས་ནས། འོད་ཟེར་རྒྱ་མཚོ། བསོད་ནམས་མཆོག་ལེགས། གཉུག་ལ་པཎ་ཆེན། ཆོས་རྒྱལ་དོན་གྲུབ། ཙི་ལེ་རིག་འཛིན་ཆེན་པོ། ཨོ་རྒྱན་བསྟན་འཛིན་མན་གོང་བཞིན་ནོ། །ཡང་རྗེས་གནང་


GLG002_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གི་བརྒྱུད་ལུགས་གཅིག་ནི་ཀརྨ་གུ་རུ་ནས། ཆོས་དབང་བསམ་གྲུབ། ཆོས་དབང་ཀུན་བཟང་། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཆོས་དབང་རིན་པོ་ཆེའི་ཀླུ་བདུད་ལྟེ་བའི་ཟབ་གཏེར་ལས་བྱུང་བའི་རྟ་མགྲིན་ནི། བཀའ་རྩིས་ལས། རྟ་མཆོག་དབུ་དགུ་སྲིད་གསུམ་དབང་དུ་སྡུདཿ ཅེས་གསུངས་པའི་རྟ་མགྲིན་དབུ་དགུ་ཕྱག་བཅོ་བརྒྱད་པའི་སྒྲུབ་སྐོར་ལ། སྒྲུབ་ཐབས། དྲག་སྔགས། བསྟོད་པ། གཏོར་འབུལ། ཤིང་སྟག་པའི་དབྱུག་པས་རྒྱལ་པོ་རྩད་ནས་བཅོད་པ། ས་བདག་གླུ་གཉན་གསོད་པ། སེར་རྒོད་བཟློག་པ། རྒྱལ་པོ་བཏུལ་བའི་ལོ་རྒྱུས། རྒྱལ་པོ་མནན་པའི་མན་ངག །རང་རྫས་ཀྱིས་བསྲུང་བ་ལེ་ཚན་གཉིས་རྣམས་ཆོས་སྡེ་གཅིག་ཏུ་བཞུགས་པའི་ལུང་གི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་ཧེ་རུ་ཀ །སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་རྗེ། གཏེར་སྟོན། སྨན་ལུང་པ་ཤཱཀ་འོད། དྭགས་སྟོན་པ། གཉན་སྟོན་པ། སེ་སྡིངས་པ་ཡབ་སྲས། གུ་རུ་ཆོས་འོད། བྱ་བཏང་ཆོས་ཀྱི་རྡོ་རྗེ། བླ་མ་ཤེས་རབ་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། གུ་རུ་ལྷ་ཁང་པ་ཀརྨ་ཆོས་སྐྱོང་། ཡར་འབྲོག་བླ་མ་བཀྲ་ཤིས་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །རྒྱ་གར་ཤེ་ལེ་གངས་ཀྱི་བྲག་ཕུག་ཏུ་དཔལ་ཨོ་རྒྱན་ཆེན་པོས་དགོངས་པ་ཞག་གསུམ་དུ་མཛད་ནས། ཀླུ་གཉན་རྒྱལ་བསེན་གྱི་གཤེད་དུ་སློབ་


GLG002_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རང་ཉིད་རྡོ་རྗེ་འཆང་ཆེན་པོར་ཁྲོས་པའི་དྲག་སྒྲུབ། ཨཱ་ཡུ་ཛྙཱ་ན་ཚེའི་སྒྲུབ་པ་དཀར་པོ། ཕྱག་རྡོར་གསུང་གི་སྒྲུབ་ཐབས་དམར་པོ། རྒྱལ་བསེན་འདུལ་ཐབས་རྟ་ནག་དྲག་པོ་འཕྲིན་ལས་ཀྱི་སྒྲུབ་ཐབས་དང་བཞི་མཛད་པའི་ཕྱི་མ་འདི་ལྷོ་བྲག་གི་བྲག་ཁྲོ་བོ་རྟ་མགྲིན་འདྲ་བའི་མགུལ་བར་གཏེར་དུ་སྦས་ཏེ་གཏེར་སྲུངས་བཙན་གྱི་རྒྱལ་པོ་ཤྭ་པ་ཡཀྴ་མེ་དཔལ་ལ་གཏད་པ་མངའ་བདག་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པའི་རྟ་ནག་གི་སྐོར་ལ། ཐོག་མར་སྐུ་ཙཀ་ལི། གསུང་བཟླས་ལུང་གླེགས་བམ། ཐུགས་སྤྲོས་བྲལ་དུ་ངོ་སྤྲོད་ཅིང་ཐུགས་རྟེན་ཕུར་པ། མཐའ་རྟེན་གཏོར་དབང་དང་བཅས་པ་ལེགས་པར་ནོས་ནས། ལུང་ལ། ལོ་རྒྱུས། ལྷ་བསྒོམ་པ། སྔགས་ཀྱི་བསྲུང་བ་བསྙེན་སྒྲུབ། འཕྲིན་ལས། བསྲུང་འཁོར། བུམ་ཆོག་རྫས་ཀྱི་བྱུག་བདུག་རྒྱལ་བསེན་སྲོག་འཁོར། ཆར་འབེབས། སེར་བསྲུང་། མནན་པ། སྦྱིན་སྲེག །ཆུའི་སྲི་འདུལ་བ། གཏོར་དབང་། རྟ་ནག་གི་ལས་བྱང་རིན་པོ་ཆེའི་འཕྲེང་བ། གཏེར་ཁ་གོང་འོག་གཉིས་ཀའི་རྟ་ནག་གི་དབང་ཆོག་བྱིན་རླབས་མེ་ཆེན་ཞེས་བྱ་བ་ཁྱབ་བདག་ཁྲ་ཚང་པས་མཛད་པ་རྣམས་ལས་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་རྟ་མཆོག་ནག་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་གུ་རུ་ཆོས་དབང་། ཡར་ཀླུངས་སྤྲུལ་སྐུ་མཆེད་ལྔའི་ནང་ཚན་ཤཱཀ་འོད་དང་ཆོས་ལྡན་པ་གཉིས་ལ་གནང་། དེ་གཉིས་ཀས་སྨན་ལུང་པ་ཤཱཀ་འབུམ་དང་ཤཱཀ་གཞོན་གཉིས་ལ་གནང་། དེ་གཉིས་ཀྱིས་རྗེ་བཙུན་


GLG002_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འོད་ཟེར། རྒྱ་ར་ཀློང་ཆེན་པ་སྣ་ཚོགས་རང་གྲོལ། སློབ་དཔོན་རིན་ཅེན་བཟང་པོ། ཨ་དཀར་བ་རིན་ཅེན་དབང་ཕྱུག །རི་ཁྲོད་པ་ནམ་མཁའ་དཔལ། ཀརྨ་གྲགས་པ་རྒྱལ་མཚན། བཙུན་པ་མཚོ་སྐྱེས་རྡོ་རྗེ། སྤང་བན་ཀརྨ་གུ་རུ། བྲག་སྣ་བ་ཀུན་མཁྱེན་དབང་ཕྱུག །ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་གི་བརྒྱུད་པ་ནི། ཀརྨ་གུ་རུ་ཡན་གོང་ལྟར་ལ། དེ་ནས་ཐུགས་སྲས་ཀརྨ་དབང་འབྱོར། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །ཆོས་དབང་རིན་པོ་ཆེས་གནམ་སྐས་བྲག་ནས་གདན་དྲངས་པའི་བླ་མ་གསང་འདུས་ཀྱི་ཐེམས་མེད་ལ་གཏོགས་པ་གུ་རུ་སེང་གེ་སྒྲ་སྒྲོགས་གམ་ཕྱག་ན་རྡོ་རྗེ་གཏུམ་པོ་མེ་ལྕེའི་འཕྲེང་བར་གྲགས་པ་ནི། བཀའ་རྩིས་ལས། རྡོ་རྗེ་གཏུམ་པོ་ཀླུ་གཉན་ས་བདག་གཤེདཿ ཅེས་གསུངས་པ་ལྟར་འདིའི་སྒོ་ནས་སྲས་མོས་མཛེ་རྒྱུན་བཅད་པས་དྲིན་ཅན་མར་གྲགས་པ་ཡང་འདི་ལ་བརྟེན་ནས་བྱུང་བས་མཆོག་ཏུ་ཟབ་པའི་ཆོས་སྐོར་ལ། ཐོག་མར་བུམ་ཐོད་རྡོ་རྗེ་གཏོར་མ་ཅོད་པན་གྱིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་དང་བཟླས་ལུང་སོགས་ཤོག་སེར་གྱི་དྲི་མ་ཁ་ཆིལ་ལི་བ་ཐོབ་ནས། ལུང་ལ། བསྙེན་པ། སྒྲུབ་སྔགས། ལས་སྦྱོར་ལ་སེར་འབེབས། རིག་སྔགས་ཟློག་པ། སེང་ཕུར་ལ་བརྟེན་པའི་སེར་བསྲུང་། ཙི་ཙི་ཛྭ་ལ་བསྲུང་བ། རྫས་ཕུར་གཡག་རུ་ལ་བརྟེན་པའི་སེར་བསྲུང་གཏུམ་པོའི་ལས་མེད། ཡུལ་གཞན་གྱི་ཆུ་མིག་བརྐུ་བ་ཀླུ་རིགས་ལྡན་གྱི་གདམས་པ། ཆུ་མིག་འདོན་པ་དུང་སྐྱོང་གི་གདམས་པ། ཤྭ་བཟློག་པ། ཞར་བྱུང་ཀླུ་ཆེན་བརྒྱད་ཀྱི་སྔགས་མཐའ་བསྒྱུར་གྱི་སྤེལ་ཚིག་རྡོ་རྗེ་གཏུམ་


GLG002_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེ་འཕྲེང་གི་ལས་བྱང་། དེའི་དབང་ཆོག་མཁས་གྲུབ་བློ་མཆོག་རྡོ་རྗེས་མཛད་པ་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་གསང་བདག །སྤྲུལ་སྐུ་པདྨ་འབྱུང་གནས། གཏེར་སྟོན་ཆོས་དབང་། སྨན་ལུང་ཤཱཀ་འོད། དྭགས་སྟོན། གཉན་སྟོན། སེ་སྡིངས་པ་ཡབ་སྲས། གུ་རུ་ཆོས་འོད། དཔལ་འབྱོར་དབང་ཕྱུག །ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཐུགས་སྲས་དབང་འབྱོར། ཉང་སྟོན་མཁས་གྲུབ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །འདིའི་དབང་གསར་མའི་རྗེས་གནང་ཇི་ལྟ་བ་བྱས་པ་ཞིག་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ། གུ་རུ་ཆོས་དབང་། སྤྲུལ་སྐུ་ཤཱཀ་འབུམ། རྗེ་ཤཱཀ་སེང་། རྗེ་དབང་ཕྱུག་རྡོ་རྗེ། རྗེ་བསྟན་པ་བ། ཟུར་དབེན་ཆོས་བཟང་བླ་མ། མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་ཀུན་དགའ་གྲོལ་མཆོག །རྡོ་རིང་པ་ཀུན་དགའ་རྒྱལ་མཚན། ཆོས་གཏེར་དཀོན་ཅོག་ལེགས་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ། མཁན་ཆེན་ཤར་པ་ཤེར་འབྱུང་། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ངོར་ལུགས་ཀྱི་གསན་ཡིག་ན་གཏེར་ཁ་གོང་མའི་བརྒྱུད་པ་གཅིག་ཀྱང་བགྲངས་འདུག་པ་ནོར་རམ་སྙམ། ས་ལུགས་ཀྱི་འདིའི་རྗེས་གནང་དང་རང་ཕྱོགས་ཀྱི་གུ་རུ་དྲག་པོ་དང་གཏེར་མའི་རྟ་ནག་གི་རྗེས་གནང་མཛད་མཁན་འདུག་པ་ས་སྟོངས་འགོག་བྱེད་ཙམ་ནི་ཡིན་མཆིས། རྙིང་མར་འདྲིས་པ་རྣམས་ལ་བྲིན་སྒོ་ནི་མི་ཡོང་བར་གདའ་འོ། ༈ །ཆོས་དབང་


GLG002_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེས་གནམ་སྐས་བྲག་ནས་གདན་དྲངས་པ་རྡོ་རྗེའི་རིགས་ཀྱི་ནང་ནས་མཆོག་ཏུ་ཟབ་པ་ནི། བཀའ་རྩིས་ལས། རྡོ་རྗེ་རྣམ་འཇོམས་ཁྲོ་རྒྱལ་སྙིང་སྒྲུབ་ཡིན༔ ཞེས་གསུངས་པའི་སྐོར་ལ། བུམ་པ་ལ་བརྟེན་ནས་སྒོ་གསུམ་གྱི་དྲི་མ་སྦྱང་བའི་བྱིན་རླབས་ཐོབ་ནས། ལུང་ལ། མངོན་རྟོགས། སྒྲུབ་པ་ལ་ཚར་གཅོད་པ་ཕུར་པའི་ལས་རིམ་གསུམ། ཕན་གདགས་པ་བུམ་པའི་ལས་རིམ་previous hit གསུམ། གསང་སྒྲུབ་ཀྱི་མན་ངག །མཆོག་གི་སྒྲུབ་པ་རྣམས་ཐོབ་པའི་བརྒྱུད next hit་པ་ནི། རྡོ་རྗེ་རྣམ་འཇོམས། ཨོ་རྒྱན་ཆེན་པོ། མངའ་བདག །ཆོས་ཀྱི་དབང་ཕྱུག །མི་བསྐྱོད་རྡོ་རྗེ། དྭགས་སྟོན། གཉན་སྟོན། སེ་སྡིངས་པ་ཡབ་སྲས། མཁར་པོ་བ། དཔལ་འབྱོར་དབང་ཕྱུག །ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཆོས་དབང་བསྟན་འཛིན། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་བཀའ་རྩིས་ལས། སྒྲོལ་མ་དཀར་མོ་མཆོག་ཏུ་ཚེ་སྒྲུབ་ཤིསཿ ཞེས་གསུངས་པའི་སྒྲོལ་དཀར་གྱི་སྒྲུབ་སྐོར་ལ། སྦྱོར་བ་ལ་བཞི། དངོས་གཞི་ལ་དགུ །རྗེས་ཀྱི་དོན་ལ་previous hit གསུམ་གྱིས་སྟོན་པའི་བརྒྱུད next hit་པ་ནི། རྗེ་བཙུན་མ། མགོན་པོ་ཀླུ་སྒྲུབ། ཨོ་རྒྱན་པདྨ། གཏེར་སྟོན། མི་བསྐྱོད་རྡོ་རྗེ། དྭགས་སྟོན། གཉན་སྟོན། སེ་སྡིངས་པ་ཡབ་སྲས། གུ་རུ་ཆོས་འོད། བླ་མ་དར་མ་བཟང་པོ། ཀླུ་པ་ཞབས་དྲུང་ཆོས་དབང་དཔལ་འབྱོར། ལྷ་རིགས་ལེགས་ལྡན་རྗེ། ཀུན་མཁྱེན་མཁྱེན་བརྩེའི་ཞབས། ཁྱབ་བདག་དབང་རབ། འཇམ་མགོན་བསོད་ནམས་མཆོག་ལྡན། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་གུ་རུ་ཆོས་འོད་ནས། དཔལ་འབྱོར་དབང་ཕྱུག །ཆོས་ཀྱི་


GLG002_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ། ཀརྨ་གུ་རུ། ཀུན་མཁྱེན་དབང་ཕྱུག །ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །བཀའ་རྩིས་ལས། ཛམ་དམར་རྣོ་མྱུར་གནད་ཀྱི་ནོར་སྒྲུབ་ཡིནཿ ཞེས་གསུངས་པའི་ཛམ་དམར་ཐུགས་གཏེར་གསང་མཛོད་གསང་སྒྲུབ་རིན་པོ་ཆེའི་གཏེར་མཛོད་ཀྱི་སྐོར་ལ། སྦྱོར་བ་ཆུ་སྦྱིན་གྱི་བཅས། དངོས་གཞི་ལྷ་བསྐྱེད་དེ་ཆུ་སྦྱིན་བྱ་བ། མཇུག་དམ་ཚིག་བསྲུང་ཞིང་ལས་ལ་སྦྱོར་བ་རྣམས། ཛམྦྷ་ལའི་རྟེན་འབྲེལ་ཟབ་མོའི་སྒྲུབ་པ་ལ། ཟས། སློབ་མ། ནོར་བུ། བུད་མེད། མལ་གོས། ཁྲོམ་རྣམས་དབང་དུ་བསྡུ་བའི་གསང་སྒྲུབ་རྣམས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་པདྨ། ཇོ་མོ་མཚོ་རྒྱལ། གཏེར་སྟོན་ཆོས་དབང་། དེ་ལ་སྲས་དང་སྨན་ལུང་ཤཱཀ་འོད་གཉིས་ཀས་གསན། གཉིས་ཀ་ལ་རྩ་རི་ཞིག་པོ། དུས་འཁོར་བ་སངས་རྒྱས་བཀྲ་ཤིས། བླ་མ་གྲུབ་པ་འོད། བླ་མ་འབུམ་ལྷ་འོད་ཟེར། བླ་མ་དར་མ་བཟང་པོ། རི་ཁྲོད་པ་གཞོན་ནུ་རྒྱལ་མཚན་དཔལ་བཟང་། ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ། རིག་འཛིན་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན། མཁས་གྲུབ་ཀརྨ་གུ་རུ། ཆོས་དབང་བསྟན་འཛིན་ཉི་མ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །གཏེར་སྟོན་ཆོས་ཀྱི་དབང་ཕྱུག་གིས་བྲག་རྟ་མགྲིན་གྱི་མགུལ་པ་འདྲ་བའི་ངོས་ནས་སྤྱན་དྲངས་པའི་ཛམ་དཀར་ལ་བརྟེན་ནས་དབུལ་བའི་སྡུག་བསྔལ་སེལ་བའི་ཕྱིར་དུ་ནོར་སྒྲུབ་རིན་ཅེན་སྤུངས་པ་ཛམ་དཀར་གསང་བ་ལྟར་རྫའི་གའུ་ལ་བརྟེན་ནས་སྒྲུབ་པ། ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ། ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ། འཁོར་


GLG002_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་དུ་སྒྲུབ་པ། ཕྱག་མཚན་ནེའུ་ལེའི་སྒྲུབ་པ་ཤིན་ཏུ་གསང་བ་མྱུར་མགྱོགས། བསྟོད་པ་ནོར་བདག་ཆེན་པོ་སློབ་དཔོན་པདྨས་མཛད་པ། ཛམ་ལ་གཙོ་འཁོར་དགུའི་བསྟོད་པ་ཚིག་རྐང་བཅོ་ལྔ་པ་དགོས་འདོད་རེ་སྐོང་སྨན་ལུང་མི་བསྐྱོད་རྡོ་རྗེས་ཛམྦྷ་ལ་ཞལ་གཟིགས་ལྟར་མཛད་པ་རྣམས་ཀྱི་བརྒྱུད་པ་གོང་བཞིན་ནོ།། ༈ ཡང་བཀའ་རྩིས་ལས། གུ་ལང་གསང་སྒྲུབ་མི་ནོར་དབང་དུ་བྱེདཿ ཅེས་གསུངས་པའི་མུ་སྟེགས་ཀྱི་རྒྱལ་པོ་དབང་སྡུད་ཀྱི་འཁོར་ལོའི་སྒྲུབ་ཐབས་སྐུ་དང་གླང་དམར་ལ་བརྟེན་པ། ལན་དུར་དུ་སྒྲུབ་པ། དངོས་གྲུབ་བླང་བ་རྣམས་དང་གོང་གི་ཛམ་དཀར་གྱི་བརྒྱུད་ལུགས་དང་བཅས་པའི་previous hit བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ next hit། གཏེར་སྟོན། སྨན་ལུང་པ། དྭགས་སྟོན། གཉེན་སྟོན་པ། སེ་སྡིངས་པ་ཡབ་སྲས། ཆོས་འོད། དཔལ་འབྱོར་དབང་ཕྱུག །ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཀུན་མཁྱེན་དབང་ཕྱུག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །སྤྲུལ་པའི་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་གིས་ཀླུ་བདུད་ལྟོ་བ་ནས་གདན་དྲངས་པའི་འཇོམས་བྱེད་འཆར་ཀ་འཆི་བདག་ནག་པོའི་སྐོར། བཀའ་རྩིས་ལས། ཨ་ཙ་ར་ནག་པོ་ཅོག་བརྡུང་སྡེ་དྲུག་ནི༔ གཟའ་ཡི་ཅོག་བརྡུང་སྤུ་གྲི་གསང་རྒལ་དང་༔ མ་མོའི་ཅོག་བརྡུང་བོང་ཞོན་ནག་མོ་དང་ཿ མགོན་པོའི་ཅོག་བརྡུང་བེང་ཆེན་མ་ཏང་ཀ༔ ཟློག་པའི་ཅོག་བརྡུང་འཆར་ཀ་ནག་པོ་དང་༔ ལྟས་ངན་ཅོག་བརྡུང་བྱང་སྨན་རྒྱལ་པོ་དང་༔ སེར་བའི་ཅོག་བརྡུང་དབང་ཕྱུག་གུ་ལང་ངོ་༔ ཅོག་བརྡུང་སྡེ་དྲུག་བསྟན་སྲུང་རྐང་ཡིན་པས༔ དམ་ལྡན་སྙིང་རུས་


GLG002_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་མཚོན་ཆ་ཡིན༔ ཞེས་གསུངས་པའི་ནང་ཚན་ཟློག་པའི་ཅོག་བརྡུང་གི་སྐོར་ལ། ཐོག་མར་གདོང་ཟོར་སྤུ་གྲི་འབར་བའི་ཟོར་དབང་གནམ་ལྕགས་འཁོར་ལོའི་སྟེང་ནས་དབང་ཚར་གཅིག་དང་། དབང་ཆོག་གོང་མ་དང་ཅུང་ཟད་འདྲ་མིན་ཡོད་པ་ཟོར་དབང་ཐུན་མོང་མ་ཡིན་པ་ཀུན་ལ་མེད་པའི་ཟབ་ཆོས་སུ་གྲགས་པའི་སྟེང་ནས་ཟོར་དབང་ཚར་གཅིག་རྣམས་ལེགས་པར་ནོས། ལུང་ལ། རྩ་བར་གྱུར་པ་རྒྱུད། དེ་ལས་བྱུང་བ་སྔགས་སྒྲུབ། དེ་དག་ལ་ཉེ་བར་མཁོ་བའི་སྐོར་དང་གསུམ། དང་པོ་ནི། གཤིན་རྗེ་འཆར་ཀ་ནག་པོའི་རྩ་བ་གསང་བའི་རྒྱུད་ཆེན་མོ་ལེའུ་ཉི་ཤུ་རྩ་ལྔ་པ། གཉིས་པ་དེ་ལས་བྱུང་བའི་སྔགས་སྒྲུབ་ལ། བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ནི། གང་ཟག་གི་མཚན་ཉིད། སྔོན་འགྲོ། གནས། དཀྱིལ་འཁོར། བསྟེན་རྫས། འཕྲིན་ལས་ཀྱི་རིམ་པ་རྣམས་ཀྱིས་དོན་དྲུག་ཏུ་བསྟན་པ། གཉིས་པ་སྒྲུབ་པ་ལ། སྔགས། ལྷའི་གནད། དམ་ཚིག་དང་གསུམ་གྱིས་བསྟན། གསུམ་པ་ལས་སྦྱོར་ལ། བསྲུང་བཟློག་གསད་མནན་བཞི་ལས། གསང་བ་སྲིན་སྦར་མར་དཀྱུས་སུ་འབྱུང་ཡང་འདིར་གུད་དུ་སྦས་པའི་དངོས་བསྟན་བསྲུང་བཟློག་མནན་པ་དང་གསུམ་ལས། དང་པོ་བསྲུང་བ་ལ་སྤྱི་བྱེ་བྲག་གཉིས། དང་པོ་སྤྱིར་བསྲུང་བ་ལ། མདོས། འཁོར་ལོ། གཏོར་མ། ཏིང་འཛིན། སྔགས། ཟོར། སྦྱིན་སྲེག་གི་བསྲུང་བ་དང་བདུན། གཉིས་པ་བྱེ་བྲག་གི་བསྲུང་བ་ལ། ནད་པ། སྲིའུ། སེར་བ། རིམས། རྟ་ཕྱུགས། མཛེ་འཕྲོ། ཞོ་ཆང་བསྲུང་བ་དང་བདུན། གཉིས་པ་བཟློག་པ་ལ་སྤྱི་བྱེ་བྲག་


GLG002_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ་སྤྱིར་བཟློག་པ་ལ། མདོས། འཁོར་ལོ། གཏོར་མ། ཏིང་འཛིན། སྔགས། ཟོར། སྦྱིན་སྲེག་གིས་བཟློག་པ་དང་བདུན། གཉིས་པ་བྱེ་བྲག་ཏུ་བཟློག་པ་ལ། ལྟས་ངན། འཆི་བ། ཕུར་ཁ། དམག་དཔུང་། མི་ཁ་རྨི་ལམ། ནད་ཡམས། བྱོལ་ཆགས་བཟློག་པ་དང་བདུན། གསད་པའི་ས་བཅད་དང་མདོས་ཀྱིས་གསང་བ་ཟུར་ཙམ་བསྟན་ནས། བཞི་པ་མནན་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིར་མནན་པ་ལ། འཁོར་ལོ། མདོས། ཕོ་ཉ། སྔགས། གཏོར་མ། མནན་པའི་ས་བསྟན་པ། མནན་ཐབས་དང་བདུན། གཉིས་པ་བྱེ་བྲག་ཏུ་མནན་པ་ལ། གཞན་གྱི་ངག །རིག་སྔགས་ཀྱི་གཟེར་འཕྲོ་བཅད་ཅིང་གནོན་པ། ནང་འགྲས། རྦད་པའི་ཚེ་ཕྱིར་ཟློག་བྱེད་པ་རེངས་སུ་གཞུག་ཅིང་མནན་པ། དམ་སྲི། ཀླུ་གཏད། མནན་པ་སྤྱིའི་རྟགས་དང་བདུན། ཞར་བྱུང་བསྙེན་སྒྲུབ་ལས་གསུམ་བགྱི་བའི་དུས་ཚོད་སོགས་ཀྱི་མན་ངག་ཞལ་གདམས་དང་བཅས་པ། གོང་དུ་གུད་དུ་བཀོལ་བའི་གསད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིར་གསད་པ་ལ་མདོས། ལས་མཁན་གྱི་དྲག་སྔགས། མ་འགྲུབ་ན་སྤོགས་པ། གནད་ལ་དབབ་པ། ལས་མཁན་བསྐུལ་བ། ལྟས་ངན་དབབ་ཅིང་སྨྱོ་འབོག །རྟགས་ཀྱི་རིམ་པ་དང་བདུན། གཉིས་པ་བྱེ་བྲག་ཏུ་གསད་པ་ལ། སྔགས་པ་ནང་རྒྱས། ཕོ་གཤེད་ཕོ། མོ་གཤེད་མོ། རང་གཤེད་རང་། དགྲ་གཤེད་དགྲ། བགེགས་བཤེད་བགེགས། སྲོག་གཤེད་སྲོག་ལ་འབེབས་པ་དང་བདུན་ནོ། །གསུམ་པ་དེ་དག་ལ་ཉེ་བར་མཁོ་བའི་སྐོར་ལ། ཆར་ཀ་ནག་པོའི་འཕྲིན་ལས་ཀྱི་


GLG002_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གསལ་བར་བྱེད་པའི་འཕྲེང་བ་ཞེས་པ་བྱ་བ་ལ། སྔོན་འགྲོའི་ལས་དྲུག་ནི་ཞི་ཁྲོ་སྤྱི་གཞུང་དུ་ཁ་འཕངས་ནས་དངོས་གཞི་ལ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལྔ། རང་བཞིན་གྱི་དཀྱིལ་འཁོར་སྒྲུབ་པ་ལ་བརྒྱད། མཇུག་ལས་ཀྱི་ཁ་བསྒྱུར་ལ་སྤྱི་དང་བྱེ་བྲག་གཉིས་ཞར་བྱུང་མདོས་དང་ཟོར་འཕེན་སོགས་ལ་དགོས་པའི་ཟློག་བསྒྱུར་ཆེན་མོ་ཆ་ལག་དང་བཅས་པ། ཕྱོགས་གར་གཏོགས། རྒྱུད་གང་ནས་བཏུས་པ། སློབ་དཔོན་གང་གིས་མཛད་པ་སོགས་བསྲུང་བཟློག་གསད་མནན་གྱི་གནད་གསང་རྒྱུད་ལ་བརྟེན་ནས་པདྨ་བདག་གིས་བཀོད་པ། ཟོར་གྱི་ངོ་བོ་ངེས་ཚིག་དབྱེ་བ་སོགས་བཅུ་གསུམ་གྱི་སྒོ་ནས་བསྟན་པ་ཟོར་གྱི་གནད་ཡིག་འགྲེལ་པ། འཁོར་ལོའི་མན་ངག་དཔེ་ཆུང་རྣམས་ཀྱི་གསལ་བྱེད་རྒྱབ་རྟེན་གསལ་བའི་མེ་ལོང་། གསེ་རག་གི་གིང་དུ་བསྐུལ་ཕྱིར་གཤིན་རྗེ་ནོར་ལྷར་བསྒྲུབ་པ། དབང་ཆོག་གཉིས། དཔེ་རིས་སྐོར་ལ། བསྲུང་བཟློག་གསད་མནན་གྱི་ཙཀྲ། སྟེང་གབ་ཕོ་འཁོར་འོག་ཏུ་འདིང་བ་མོ་འཁོར། ཕུར་བཟློག །ཟོར་ལ་གནོན་པ། ལིངྒ། ཧོམ། ཐུན་རྫས། སྲིད་པའི་ཙཀྲ། རིག་སྔགས་ཀྱི་གཟེར་ཁ་འཕོ་བ། ངག་གནོན། སྲིའུ་བསྲུང་བ། པགས་པར་འདྲི་བའི་ཕོ་འཁོར་མོ་འཁོར། ཟོར་སྔགས་འཁོར་ལོ། ནག་མོ་དགྲ་ལ་རྦད་པ། སྤྱིར་བསྲུང་བ། དམ་སྲི་ཁ་འཆིང་། གཏད་འཁོར། རྒྱ་གྲམ། རབས་ཆད་ཐོད་སྟེང་བཞུགས་པའི་འཆར་ཀ །བཟློག་པ། ཚེ་སྒྲུབ་མནན་པ། གསད་པ་བཞིའི་འཆར་ཀ །ཕུར་བུ་ལྟར་སྒྲུབ་པ། ལས་ཐམས་ཅད་ཀྱི་དཀྱིལ་འཁོར། སྦྱིན་སྲེག །མ་ཏྲམ། ཁྲམ་བྱང་


GLG002_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ཤོག་ཁ་དང་བཅས་པ་ཐོབ་པ་ལས། གཏེར་ཁ་གོང་མའི་འཆར་ཀ་སླར་ཡང་གཏེར་དུས་སྦས་ཟེར་ནའང་འོག་མ་ཀླུ་བདུད་ལྟོ་བའི་ཟབ་གཏེར་ཡིན་འདུག་པས་ཡང་གཏེར་ཡིན་པ་གཏན་ཚིགས་ཀྱིས་མི་འགྲུབ། གང་ལྟར་ཕན་ཚུན་གཉིས་ཞུས་དག་ཕེར་བ་ཙམ་འདུག་པས་ཕྲན་བུའི་མང་ཉུང་དང་ཕན་ཚུན་འདྲེས་པ་དབྱེ་བ་ཕྱེད་པ་དཀའ་ནའང་དམ་པའི་གསུང་རྒྱུན་བཞིན་ངེས་པར་བྱས་ནས། ཐོག་མར་གདོང་ཟོར་སྤུ་གྲི་འབར་བའི་ཟོར་འཕང་གནམ་ལྕགས་འཁོར་ལོའི་བརྒྱུད་པ་ལ། སྔགས་འཆང་བློ་གྲོས་བཟང་པོ་སོགས་ཀྱིས་དབང་ཆོག་ཚིག་རིགས་གཅིག་པའི་སྟེང་ནས་བཀའ་མ་གནུབས་ལུགས་ཀྱང་གསན་པས་བརྒྱུད་པ་འདི་ལ་བཀའ་གཏེར་གཉིས་ཀ་འདྲེན་སྲོལ་ཡོད་པའི་དང་པོ་བཀའ་མའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། འཇམ་དཔལ་གཤིན་རྗེའི་གཤེད། ཕྱག་ན་རྡོ་རྗེ། ལྷ་བུ་བདེ་བ་མཆོག་ལྡན། གཙུག་ལག་དཔལ་དགེ །བྲམ་ཟེ་ཁྲག་འཐུང་ནག་པོ། རྒྱ་གར་དྷ་ན་དྷ་ལ། བལ་པོ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་པདྨ་དབང་རྒྱལ། གནུབས་བླ་མ་ཇོ་མོ་འཇམ་དཔལ། ཡུམ་ཆེན་སོ་གད་སོ་གྱེན། ལྷ་རྗེ་ཡེ་ཤེས་གཟུང་། བླ་མ་ལྷ་དར། ལྷ་རྗེ་ཇོ་དོར། ལྷ་རྗེ་དྷརྨ། ལྷ་རྗེ་རྒྱ་ཧོར། ལྷ་རྗེ་དབང་ཞོན། ལྷ་རྗེ་ཆོས་སེང་། བླ་མ་བཀྲ་ཤིས་དར། བླ་མ་དྷརྨ་སེང་གེ །ལྷ་རྗེ་སེང་གེ་དར། ཡེ་ཤེས་རྒྱ་མཚོ། སངས་རྒྱས་རྡོ་རྗེ། རྡོ་རྗེ་སེང་གེ །བླ་ཆེན་ཆོས་དཔལ་བཟང་པོ། རྒྱལ་མཚན་སེང་གེ་སྐུ་མཆེད། སྔགས་འཆང་བློ་གྲོས་བཟང་པོ། ལྷ་རིགས་འཇམ་དབྱངས་རིན་ཅེན་རྒྱལ་མཚན།


GLG002_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲས་མངའ་རིས་པདྨ་དབང་རྒྱལ། གཅུང་ལེགས་ལྡན་རྡོ་རྗེ། དཔལ་བཀྲ་ཤིས་སྟོབས་རྒྱལ། འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །གཉིས་པ་གཏེར་མའི་བརྒྱུད་པ་ནི། གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། འདིའི་ཁྱད་པར་གྱི་རིག་འཛིན་བརྒྱད་ཅེས་པ། དཔའ་བོ་ཁྲོས་པ། རོ་ལངས་གསང་བ། ཤཱཀྱ་པྲ་བྷ། གུཧྱ་རིང་མོ། རྡོ་རྗེ་ཐོགས་མེད། ཉི་མ་རྒྱལ་མཚན། དྷརྨ་ཀོ་ཥ། ཨོ་རྒྱན་ཆེན་པོ། ཇོ་མོ་མཚོ་རྒྱལ། མངའ་བདག་རྗེ། གུ་རུ་ཆོས་ཀྱི་དབང་ཕྱུག །སྲས་པདྨ་དབང་ཆེན། ལྕེ་སྟོན་གྲུབ་པ་འབུམ། བླ་མ་དཔལ་བ། སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ། ཟུར་ཤཱཀ་འབྱུང་ཕྱི་མ། སྤྲུལ་སྐུ་ཚེ་དབང་རྒྱལ་པོ། གཡུང་གི་སྐྱེ་བ་རྒྱལ་སྲས་ཆོས་རྗེ། སྔགས་འཆང་ལེགས་པ་དཔལ་བཟང་། ཡབ་ལྷ་རིགས་འཇམ་དབྱངས་རྒྱལ་མཚན་མན་གོང་ལྟར། ཡང་ན་གཏེར་སྟོན་ནས། སྲས་མོ་སངས་རྒྱས་ཀུན་སྒྲོལ། བླ་མ་ཆོས་ཉིད་རང་གྲོལ། རྗེ་སངས་རྒྱས་ལྷུན་དབང་། སྔགས་འཆང་ཀུན་དགའ་བཀྲ་ཤིས། རྒྱལ་སྲས་ཆོས་རྗེ་མན་འདྲ། ཡང་ན་སྲས་པདྨ་དབང་ཆེན་ནས། ཤེས་རབ་རྒྱ་མཚོ། ཟླ་དུས་དཔལ་བཟང་། སེང་གེ་དཔལ་བཟང་། ཟུར་ཤཱཀ་འབྱུང་མན་འདྲ། ཡང་ན་སྲས་པདྨ་དབང་ཆེན་ཡན་གོང་ལྟར་ལ། ཉང་སངས་རྒྱས་ཡོན་ཏན། ཉང་དབང་ཕྱུག་མགོན་པོ། ཕག་སྟོན་ཤཱཀྱ་མགོན་པོ། སྤུག་སྟོན་དཔལ་ལྡན་མགོན་པོ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། སྤང་སྟོན་བདེ་ལེགས་རྒྱལ་མཚན། ལ་སྟོད་བརྒྱ་མཁར་བ་སེ་


GLG002_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཆབ་མགོན་པོ་ཟླ་བ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན། ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་མན་གོང་ལྟར་རོ། ༈ །ཡང་ན་ཟུར་ཤཱཀ་འབྱུང་ཕྱི་མ་ནས། རྗེ་སངས་རྒྱས་རིན་ཅེན། མཁས་གྲུབ་རྡོ་རྗེ་དཔལ་བཟང་། འབྱོ་ར་བ། སེ་སྟོན་རིན་ཅེན་རྒྱལ་མཚན་མན་འདྲ། ཡང་གཤིན་རྗེ་འཆར་ཀའི་ཟོར་དབང་ཐུན་མོང་མ་ཡིན་པ་ཀུན་ལ་མེད་པའི་ཟབ་ཆོས་སུ་གྲགས་པའི་དབང་ཆོག་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། བཀའ་གཏེར་གཉིས་ལས་ཐོག་མར་གཏེར་བརྒྱུད་ལ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཡབ་ཡུམ། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །རྒྱལ་སྲས་པདྨ་དབང་ཆེན། སྨན་ལུང་པ་མི་བསྐྱོད་རྡོ་རྗེ། སྔགས་འཆང་བླ་མ་དཔལ་བ། སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ། ཟུར་ཧྭཾ་ཤཱཀ་འབྱུང་ཕྱི་མ། རི་སྦུག་པ་སྤྲུལ་སྐུ་ཚེ་དབང་རྒྱལ་པོ། གཡུང་གི་སྐྱེ་བ་རྒྱལ་སྲས་ཆོས་རྗེ། སྔགས་འཆང་ནམ་མཁའ་ལྷུན་པོ། སྔགས་འཆང་བློ་གྲོས་བཟང་པོ། གནུབས་སྟོན་རིན་ཅེན་དཔལ་བཟང་། འུག་པ་ལུང་པ་ཤཱཀྱ་རིན་ཅེན། ཟུར་འཇམ་དབྱངས་རྒྱལ་པོའི་སྲས་པོ། རིག་འཛིན་པདྨ་བདུད་འདུལ། སྔགས་འཆང་ཆོས་རྒྱལ་རྡོ་རྗེ། ཁྲ་ཚང་པ་ཆེན་པོ་ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །བཀའ་མ་ལྟར་ན་སྔགས་འཆང་བློ་གྲོས་བཟང་པོ་ཡན་གོང་དུ་སྨོས་པའི་བཀའ་མའི་བརྒྱུད་པ་ལྟར་ལ། དེ་ནས་གནུབས་སྟོན་རིན་ཅེན་དཔལ་བཟང་མན་གཏེར་བརྒྱུད་དང་གཅིག །ལུང་གི་


GLG002_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་གཙུག་ལག་དཔལ་དགེ །གུ་རུ་ཁྲག་འཐུང་ནག་པོ། སློབ་དཔོན་པདྨ་འབྱུང་གནས། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །རྒྱལ་སྲས་པདྨ་དབང་ཆེན། གྲུབ་ཆེན་དམར་ཞབས་རས་པ། རྩེ་ཤིང་རྒྱལ་མཚན། འཛམ་གླིང་རྒྱལ་མཚན། རྟོགས་ལྡན་གྲགས་འབུམ། གྲུབ་ཆེན་དཔལ་སེང་། གྲུབ་ཆེན་བརྩོན་འགྲུས་མགོན་པོ། བྱ་བྲལ་བ་བསོད་ནམས་སེང་གེ །དམ་པ་ཆོས་སྐྱོང་ཚུལ་ཁྲིམས། སློབ་དཔོན་ཚུལ་ཁྲིམས་འབུམ། འཇམ་དབྱངས་རིན་ཅེན་རྒྱལ་མཚན། མངའ་རིས་པཎ་ཆེན་རིན་པོ་ཆེ། རིག་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྗེ་བ་ལེ་བ་རྣམ་རྒྱལ་དཔལ་བཟང་། འོ་བྲན་སྔགས་འཆང་འོལ་ཁ་བ་ངག་དབང་ཆོས་གྲགས། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །ཡང་ན་སྲས་པདྨ་དབང་ཆེན། ལྕེ་སྟོན་ཟུང་ངེ་། དཔལ་ལྡན་བཟང་པོ། ཤཱཀྱ་འབྱུང་གནས། ཤཱཀྱ་ཕ་ལ་ཤྲཱི། ཉང་ཤཱཀ་རྡོར། ཤཱཀྱ་བཤེས་གཉེན། ལེགས་པ་དཔལ་བཟང་། ཡབ་འཇམ་དབྱངས་རིན་ཅེན་རྒྱལ་མཚན་མན་གོང་བཞིན་ནོ། །ཡང་ན་འཇམ་དབྱངས་རྒྱལ་མཚན་ཡན་གོང་ལྟར་ལ། པཎ་ཆེན་པདྨ་དབང་རྒྱལ། ཡབ་སྲས་གཉིས་ཀ་ལ་ལྷ་བཙུན་བདུད་འཇོམས་རྡོ་རྗེས་གསན། དེ་ནས་འབྲི་གུང་རིན་ཅེན་ཕུན་ཚོགས། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རྗེ་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་གཏེར་སྟོན་ནས། སྨན་ལུང་


GLG002_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀ་གཞོན། ཡེ་ཤེས་སྙིང་པོ། མཁས་གྲུབ་གཞོན་ནུ། ནམ་མཁའ་ཡབ་སྲས། རབ་འབྱམས་བཟང་པོ། རྡོ་རྗེ་སངས་རྒྱས། ཆོས་གྲགས་པ། བསོད་ནམས་དཔལ་ལྡན། གཞོན་ནུ་དཔལ་བཟང་། སྐལ་ལྡན་རྒྱ་མཚོ། རྒྱ་མ་མི་འགྱུར་བ་བཀྲ་ཤིས་རྒྱ་མཚོ་མན་སྔར་བཞིན། མདོས་འཁོར་ལོ་སོགས་ཀྱི་ཕྱག་ལེན་ཕྲ་ཞིབ་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། ཡར་ཀླུངས་སྤྲུལ་སྐུ་མི་བསྐྱོད་རྡོ་རྗེ་ནས་ཆོས་ལྡན་པ་མགོན་པོ་རྡོ་རྗེ། དུར་ཁྲོད་པ་ཀུན་བཟང་རྡོ་རྗེ། སྤྲུལ་སྐུ་ཤཱཀ་འབུམ། ཤཱཀ་གཞོན། འཁྲུལ་ཞིག་བསོད་རྒྱལ། ཤཱཀྱ་སེང་གེ །ཤཱཀྱ་དཔལ། སངས་རྒྱས་རིན་ཅེན། བློ་གྲོས་རྒྱ་མཚོ། ནམ་མཁའ་རྒྱལ་མཚན། ཚེ་དབང་། མཐུ་སྟོབས་པ། ཁྲ་ཚང་པ་ཆེན་པོ་སྟེ་སྨན་ལུང་པའི་ཞལ་ངོ་ནང་བརྒྱུད་དང་། སྨན་ལུང་མི་བསྐྱོད་རྡོ་རྗེ་ནས། གུང་རུ་བ་གཉོས་སྟོན་ཆེན་པོ་ལས་ཁྲ་ཚང་བའི་ཞལ་ངོ་ནང་previous hit བརྒྱུད་ཀྱི་ཕྱག་ལེན་ཕྲ་ཞིབ་ཀྱང་གདེང་ལྡན་དུ་ཐོབ་བོ། ༈ །བཀའ་རྩིས་ལས། ཕོ་མོ་ཀླུ་གསུམ next hit་སྒྲུབ་མཐུའི་ཆོས་མང་གི༔ བཟློག་ཐབས་མེད་པའི་ཙོག་བརྡུང་འདི་ན་མཆིས༔ དེ་གང་ཞེ་ན་མ་ནིང་ཚིག་ཤུར་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་དང་། རྨི་ལམ་ཉམས་འཇིགས་ལྟས་ངན་ཆོས་མང་གི༔ མི་ནག་སྒོ་གསུམ་སྒོ་གཅོག་འདི་ན་མཆིསཿ དེ་གང་ཞེ་ན་མ་ནིང་ཡང་འཁོལ་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ མཛེ་འབྲས་ནད་འབྱུང་གཏད་ཀྱི་ཆོས་མང་གི༔ ཧུར་ཐུམ་མི་སྡེ་རྩད་གཅོད་འདི་ན་མཆིས༔ དེ་གང་ཞེ་ན་ཀླུ་བདུད་གན་ལོག་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་ཆེས་ཆེར་བསྔགས་


GLG002_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྟན་སྲུང་དཔལ་མགོན་མ་ནིང་ནག་པོའི་ཆོས་སྐོར་ཆོས་དབང་རིན་པོ་ཆེས་ཀླུ་བདུད་སྐུ་སྐེད་ནས་སྤྱན་དྲངས་པ་ལ། འཇམ་དབྱངས་མཁྱེན་བརྩེའི་གསུང་རྒྱུན་ཟིན་བྲིས་ཀྱི་ཆོ་གའི་སྟེང་ནས་ཚོམ་བུའི་དཀྱིལ་འཁོར་དུ་ཕྱི་འཇུག་སྟ་གོན་དང་ནང་འཇུག་སྔོན་དུ་འགྲོ་བའི་བུམ་པ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས། སྦྱོར་སྒྲོལ། གཟི་བརྗིད་སྟོབས། སྲོག་དབང་། དམ་ཚིག་བསྒྲག་པའི་དབང་བཅུ་ཤིན་ཏུ་རྒྱས་པ་ཚར་གཅིག་དང་སློབ་དཔོན་ཚུལ་ཁྲིམས་དཔལ་གྱིས་སྨན་ལུང་མི་བསྐྱོད་རྡོ་རྗེ་ལ་གསན་དུས་དབང་གི་མ་བུ་ཁྲིགས་ཆགས་སུ་བཀོད་པའི་སྟེང་ནས་གོང་དང་ཕྱོགས་འདྲ་ལན་ཅིག་སྟེ་ཚར་གཉིས་ནོས། ལུང་སྐོར་ལ། རྩ་བ། སྒྲུབ་ཐབས། ལས་མཁན། མཚོན་ཆ། ཆོ་འཕྲུལ། འཁོལ་པོ། ཡང་འཁོལ། གཅེས་པ། དགོས་པ། མོ་རྒྱུད། ཐོར་བུའི་སྐོར་དང་བཅུ་གཅིག །དང་པོ་རྩ་བ་བཞི་ནི། བཅོམ་ལྡན་འདས་གསང་བ་ཡེ་ཤེས་ཀྱི་ཁྲོ་བོ་དཔལ་ཆེ་མཆོག་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དཔལ་མགོན་མ་ནིང་ནག་པོའི་ལས་༼ཟུར༽རྒྱུད་ལེའུ་བཅུ་གསུམ་པ་མཇུག་ཏུ་མངོན་པར་བསྟོད་པ་དང་བཅས་པ་ཙིཏྟ་རིན་པོ་ཆེའི་རྒྱ་ཅན། མ་ནིང་དྲེགས་པའི་སྲོག་དབང་ཞེས་བྱ་བའི་ཤིན་ཏུ་གཉན་པ་གཏེར་གཞུང་། དེའི་གསལ་བྱེད་འཇམ་དབྱངས་མཁྱེན་བརྩེའི་གསུང་རྒྱུན་སྒྲུབ་རྒྱུད་རིན་པོ་ཆེ་འདི་ཉིད་ཀྱི་བཀའ་སྲུང་གི་གཙོ་བོ་དཔལ་མགོན་མ་ནིང་གི་སྲོག་དབང་། གཏེར་གཞུང་གསལ་བྱེད་སློབ་དཔོན་ཚུལ་ཁྲིམས་དཔལ་གྱིས་སྨན་ལུང་༼ཟུར༽པ་མི་བསྐྱོད་རྡོ་རྗེ་ལ་གསན་དུས་གསོལ་བ་བཏབ་སྟེ་དབང་གི་མ་བུ་རྣམས་ཁྲིགས་ཆགས་སུ་བཀོད་


GLG002_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྒྱུད་ལས་བཀོལ་བའི་གསང་བའི་སྒྲུབ་ཐབས་ལས་བྱང་གི་རིམ་པ་ཞེས་བྱ་བ་དེང་སང་ལས་བྱང་ཆེན་མོར་གྲགས་པ། དེའི་ཞར་བྱུང་དུ་མ་ནིང་གི་སྤྱན་འདྲེན་མཆོད་བསྟོད་བསྡུས་པ་དད་པ་དམ་ཚིག་མ། ཤུད་བུ་བ་པུཎྱེ་སཱ་ག་རས་མཛད་པའི་མངོན་རྟོགས་ཤིན་ཏུ་རྒྱས་པ་སྨན་ལུང་པ་ཆེན་པོའི་ཕྱག་བཞེས། རྟེན་འབྲེལ་གནད་ཡིག་བཅུ་གཉིས་ལ་ནང་གསེས་བེང་ཕུར་གྱི་རྟེན་བཅའ་བ། དགྲའི་རྫུ་འཕྲུལ་འཕྲོག་པ། སྡེ་བརྒྱད་ཁྱི་བཞིན་འབྲང་བ། བསྲུང་བའི་རྒྱལ་པོ། ལྷ་སྲིན་གནད་འབེབས་ལ་མཁོ་བའི་རང་བསྲུང་། བླ་རྡོ། མཚན་ལྡན་ཐོད་པའི་དངོས་གྲུབ། སྟོང་སྲོག་གནད་ཀྱི་མན་ངག །ཡིག་འབྲུའི་གནད་ཡིག །གཏོར་མའི་གནད། གཉེན་པོ་ལྷའི་གནད། དམ་ཚིག་གནད་ཀྱི་སྡོམ་དང་བཅུ་གཉིས། གཉིས་པ་སྒྲུབ་ཐབས་བཞི་ནི། མ་ནིང་འཕྱར་དར་ལ་བརྟེན་ཏེ་སྒྲུབ་པ། གསོལ་ཁ་༼ཟུར༽སེམས་ཉིད་སྟོང་གསལ་མ། འདི་ལས་འབྲེལ་རྩལ་གྱི་གཏེར་ཁར་ཡོད་ཀྱང་གཏེར་ཁ་འདི་ལ་ཡང་ཡོད་པའི་གྲས་སུ་མཛད་པས་གོ་ཆོད། ལ་ལ་རྟེན་འབྲེལ་གནད་ཡིག་བཅུ་གཉིས་མའི་ནང་ནས་བཏོན་པའི་བེང་མའམ་འོན་ཀྱང་གང་རུང་ཡིན་ཞེས་གསུང་། དཔལ་མགོན་མ་ནིང་སྒྲུབ་ཐབས་༼ཟུར༽གཏེར་བདག་ནག་པོ་བསྟན་པའི་སྲོག་ཅེས་པ་རིགས་བརྒྱུད་དག་ལས་མི་སྤེལ་བའི་བཀའ་རྒྱ་ཅན་ཚིགས་བཅད་མ། དེའི་ཆ་ལག་ཏུ་གཏོགས་པའི་སྐོར་ལ། རྡོ་ནག་སྙིང་འདྲའི་ཞལ་གདམས། གཏོར་མའི་ཞལ་གདམས་མ་ནིང་ནག་པོའི་རྒྱུད་ཀྱི་སྲོག་༼ཟུར༽སྙིང་བཅུད་ཀྱི་མན་ངག་ཉིང་ཁུ། མགོན་པོ་གཉིས་ལྡན་གྱི་བུ་ཡིག་ཅེས་བྱ་བ་བསྐྱེད་རིམ་ནར་མ་རྩ་སྔགས་རྟེན་རྫས་ཚོགས་པ་དུས་གཏེར་རྒྱུན་གཏོར་ལ་བརྟེན་ནས་བསྙེན་པ། དབྱིབས་སྒྲུབ་སྲོག་


GLG002_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གཉིས་ལས་སྲོག་སྒྲུབ་དང་བཅས་པ། གཉིས་ལྡན་གྱི་གཏོར་སྲེག་མནན་གསུམ། འབོད་རྦད་གསང་གསུམ་ཟོར་དང་བཅས་པའི་སྔགས་བྱང་དབུ་ན་གནས་དབེན་པར་མཎྜལ་གྲུ་བཞི་ཞེས་ཡོད་པ། དཔལ་མགོན་གནད་ལ་དབབ་༼ཟུར༽པ་གཟིར་བའི་ལས། ཞལ་གདམས་ལྔའི་སྒོ་ལྕགས་༼ཟུར༽ཅན་གཞན་ལ་མ་སྤེལ་བའི་བཀའ་རྒྱ་ཅན། གྲིར་ཤི་བའི་སྲིན་ལག་ལ་བརྟེན་ནས་བར་གཅོད་བསྲུང་བ། ཕོ་རྒྱུད་མོ་རྒྱུད་ཀྱི་སྲོག་ཤིང་བསྡུ་བའི་གནད་རྒོད་གཡུང་གི་གདམས་པ་བླ་མ་རྫོང་པའི་གསུང་ཡི་གེར་བཀོད་པ། དྲག་པོ་སྦྱིན་སྲེག་གི་ལས་སྦྱོར་ཚིགས་བཅད་མ། མགོན་པོ་མེ་སྦལ་ནག་པོས་སྲིའུ་ནོར་ཕྱུགས་བསྲུང་བ། མགོན་པོ་སློབ་མ་ལ་གཏེར་རམ་སྲིའུ་གསོ་བ་རྟ་ཕྱུགས་གསོ་བ་ལ་གཉེར་གཏད་བྱ་བའི་ཐབས། དགྲ་བོའི་བླ་རྟགས་དང་དབྱེ་བའི་རྫས་སྔགས་ཀྱི་གནད། དྲག་སྔགས་ཀྱི་མཐར་ཐུག་མིང་བརྒྱ་དོན་གཅིག་གི་སྒྲུབ་པ། དམ་ཚིག་བསྟན་པ། མ་ནིང་གི་སྐུ་གཟུགས་ལ་༼ཟུར༽བརྟེན་ནས་རྦོང་གཏོང་བཟློག་པ། རྟགས་རིམ། མ་ནིང་གནས་ཁང་ལ་ཆགས་པར་འདོད་པ། གཏེར་བདག་གི་སྒྲུབ་པའི་ནང་ཚན་ནད་པ་གསོ་བ། ཟས་ནོར་འདུ་བ། མོན་པ་ནག་པོའི་ལས་སྦྱོར་གྱི་མན་ངག་རི་གཟར་གྱི་རྦབ་ལྟ་བུ་ཅིས་ཀྱང་མི་ལྡོག་པ་རྣམས་ནི་རྩ་སྒྲུབ་ཀྱི་ཆ་ལག་གོ ། ༈ ཡང་གསང་སྲོག་བདུད་ཀྱི་སྒོས་༼ཟུར༽སྒྲུབ་ཁ་ཊྭཱཾ་གྲི་གུག་གི་རྒྱ་ཅན་རྣམས། གསུམ་པ་ལས་མཁན་བཞི་ནི། མ་ནིང་བྷ་ག་ནག་པོ་རྩ་༼ཟུར༽བའི་སྒྲུབ་པ་ཚིགས་བཅད་མ་འགོར་འདས་པའི་དུས་ན་མངོན་བྱུང་བ་ཞེས་པ། དེའི་སྒྲུབ་ཐབས་ཀྱི་འགྲེལ་༼ཟུར༽པར་ནང་གསེས་ཀྱི་རྒྱུད། ལུང་། སྒྲུབ་པ་དང་གསུམ། སྒྲུབ་པ་ལ་དཀྱིལ་


GLG002_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གཤོམ་ཞིང་རྫས་གསོག་པ། འབོད། རྦད། གསད། སྤོགས་པ། སྒྲུབ་པའི་རིམ་པ། དམ་ཚིག །གནད་དབབ། མཐའ་རྒྱས་ཏེ་དགུས་བསྟན་པ། རྩ་སྒྲུབ་བྷ་ག་ནག་པོའི་ཞལ་ཤེས་མ་ནིང་ནག་པོ་གང་ཞེས་ཟེར་བ་ཡོད་པ། མ་ནིང་དྲེགས་པ་ཆིག་ཤུར་ནག་པོའི་གསང་༼ཟུར༽སྒྲུབ་གསད་པའི་མཐར་ཐུག །དེའི་ཆ་ལག་མ་ནིང་ཚིག་ཤུར་ཀྱི་གཏོར་རྒྱུན་གཏོར་མའི་སྒྲུབ་པ་རྟག་གཏོར་མཆོད་གཏོར་གསུམ་གྱི་སྒོ་ནས་བསྟན་པ། དེའི་བསྐུལ་ཡུལ་གྱི་མིང་ནི་རྒྱ་གར་ཡུལ་ཞེས་སོགས་དང་། ནག་པོ་ཁྱོད་ཀྱི་མཚན་ཉིད་ནི་ཞེས་སོགས་ཀྱིས་བསྐུལ་བ། བདུད་པོ་དགྲ་གཤེད་ནག་༼ཟུར༽པོ་རྟ་ནག་ལ་ཞོན་པ་མདུང་དང་དགྲ་སྙིང་བསྣམས་པ་དར་ནག་འཇོལ་བེར་ཅན་གྱི་སྒྲུབ་པ། ཡང་འཁོལ་གཤན་པ་ལག་དམར་༼ཟུར༽སྔགས་ནག་སྒྲོལ་བའི་སྤུ་གྲི་རྣམས། བཞི་པ་མཚོན་ཆ་བཞི་ནི། མ་ནིང་དྲག་སྔགས་སྤུ་གྲི་༼ཟུར༽སོ་གལ། དེའི་ཞལ་གདམས་མནན་སྔགས་དབུ་རུ་བྱུང་བ། ཡང་གསང་ཅོག་བརྡུང་༼ཟུར༽ བཞོན་པ་མེད་པ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ་དར་གྱི་འཇོལ་བེར་ཅན་གྱི་སྒྲུབ་པ། ཁབ་མཐུ་དམར་པོའི་གན་ལོག་ནག་པོར་གྲགས་༼ཟུར༽པ་སྣོད་མིན་ལ་སྤེལ་བ་ལྟ་ཅི་སྨོས་བསྟན་པ་ཙམ་གྱིས་ཀྱང་ཁ་ནས་ཁྲག་སྐྱུག་པའི་བཅང་བར་དཀའ་བའི་དྲག་སྔགས། མན་ངག་སྡེ་བརྒྱད་སྤུ་གྲིའམ་༼ཟུར༽ཝ་ཐོད་མ། དེའི་ཞལ་ཤེས་དང་བཅས་པ་རྣམས། ལྔ་པ་ཆོ་འཕྲུལ་བཞི་ནི། མོན་ནག་སྒོ་གཅོག་འཕར་བ་ཆིག་ཤུར་༼ཟུར༽ཧོམ་དང་ཙིཏྟའི་རྒྱ་ཅན། བཀའ་སྲུང་ནག་པོ་སྐྲ་འཐེན་གྱི་སྒྲུབ་པ། ཆོ་འཕྲུལ་དངོས་སུ་སྟོན་པ་༼ཟུར༽སྔགས་བདག་ཁྲོ་ཆུ་ཁོལ་མ། བདུད་མོ་ཛ་དུར་༼ཟུར༽གྱི་ལས་རྣམས། དྲུག་པ་འཁོལ་པོ་བཞི་ནི། བདུད་ཀྱི་འཁོལ་༼ཟུར༽པོ་


GLG002_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སྙེག །མུ་སྟེགས་འཁོལ་པོ་སྐྱ་གཅིག་མུ་སྟེགས་སྤུ་གྲི་ཞེས་བྱ་བ། གཟའི་འཁོལ་པོ་གཟའ་བདུད་མ་ནིང་གི་སྲོག་སྒྲུབ། གནོད་སྦྱིན་འཁོལ་པོ་མ་༼ཟུར༽ནིང་ཛམྦྷ་ལ་ནག་པོར་སྒྲུབ་པ་རྣམས། བདུན་པ་ཡང་འཁོལ་བརྒྱད་ནི། རིམས་ནད་གཏོང་བ་མ་མོའི་ཡང་འཁོལ་ཐོད་པའི་རྒྱ་ཅན། དངོས་སུ་གསད་པ་བདུད་ཀྱི་ཡང་འཁོལ་༼ཟུར༽དྲག་སྔགས་བདུན་པ་རྡོ་རྗེའི་རྒྱ་ཅན། ཞག་དགུར་གསོད་པ་གཟའི་ཡང་འཁོལ་མིག་༼ཟུར༽དམར་སྒྲུབ་པ་ཕུར་བུའི་རྒྱ་ཅན། ཕོ་ལོག་གཏོང་བ་སྲིན་པོའི་ཡང་༼ཟུར༽འཁོལ་རལ་གྲིའི་རྒྱ་ཅན། མྱུར་བ་གློག་དང་རྩལ་ཐོག་འདྲ་བ་རྒྱལ་པོའི་ཡང་འཁོལ་ནོར་བུའི་རྒྱ་ཅན། ཟླ་བ་གསུམ་ནས་ཁྲག་ཏུ་སྐྱུག་པ་བཙན་གྱི་ཡང་འཁོལ་འཁོར་ལོའི་རྒྱ་ཅན། ཐིབ་ནད་གཏོང་བ་དམུའི་ཡང་འཁོལ་སྒོ་ངའི་རྒྱ་ཅན། མཛེ་ནད་གཏོང་བ་ཀླུའི་ཡང་འཁོལ་ཀླུ་བདུད་མགོ་༼ཟུར༽དགུའི་གཏད་ཁྲམ་སྦྲུལ་གྱི་རྒྱ་ཅན་རྣམས་ཀྱི་བརྒྱད་ཁ་གྲངས་ཚང་ཡང་གཤིན་རྗེ་གནོད་སྦྱིན་ལྷ་རྣམས་ཀྱི་ཡང་འཁོལ་ཡོད་དམ་སྙམ། འདིའི་ཆ་ལག་ཏུ་གཏོགས་པའི་ལས་ཕྲན་ལ། རཱ་ཧུ་ལ་ལས་ལ་མངགས་པ། མོན་པ་སྲོག་གི་སྤུ་གྲི་ལས་ལ་མངགས་པ། བདུད་གསོད་བྱེད་ལས་ལ་མངགས་པ། བསེའི་མོན་པ་ལས་ལ་མངགས་པ། དཀར་པོ་སྙིང་འབྱིན་ལས་ལ་བསྐུལ་བ། མ་མོ་ཁྲོས་པའི་ལས་མཐའ། རཱ་ཧུ་ལ་མ་ཧཱ་ཀྲོ་ཏ་སོགས་སྡེ་བརྒྱད་ཀྱི་སྔགས་བྱང་རྣམས། བརྒྱད་པ་གཅེས་པ་བཞི་ནི། མཆོད་བསྟོད། འདི་ལས་བྱང་ན་ཡོད། བླ་རྡོ་ཤིན་ཏུ་གསང་བ། གནད་ཀྱི་ཡང་གསང་། མཆོད་པ་ཆུད་ཟོས་སུ་མི་འགྲོ་བ་མ་ཧཱ་ཀཱ་ལའི་འགྱུ་དུས་དམོད་བྱང་རྣམས། འདི་ལས་བྱང་ན་ཡོད། དགུ་པ་དགོས་པ་བཞི་ནི། གསོལ་


GLG002_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་རྒྱས་པ། ལས་བྱང་ན་ཡོད། བཀང་མདོས་ཀྱི་རྩ་བ་ཤོག་གཅིག་མ། བཀང་མདོས་ཆེན་མོའམ་ནག་པོ་ཆེན་པོའི་སྒྲུབ་མདོས་སུ་གྲགས་པ། གཏོར་སྐོང་དངོས་གྲུབ་ཆར་འབེབས། མགོན་པོ་ནག་པོའི་ཟོར་འཕང་བའི་མན་ངག་རྣམས། བཅུ་པ་མོ་རྒྱུད་སྐོར་བཞི་ནི། ཨེ་ཀ་ཛ་ཊི་སྲིང་མོར་སྒྲུབ་པ་༼ཟུར༽ཞེ་སྡང་ཅན་ཐམས་ཅད་ཀྱི་བཅུད་ཕྱུང་བའི་དྲག་སྔགས། མ་ནག་ལས་ཀྱི་རླུང་དམར་ཞེས་པ་ལྷ་མོ་དྲེལ་རྟ་རྐང་གསུམ་ལ་ཞོན་པ་སྤུ་གྲི་ནད་རྐྱལ་འཛིན་པའི་སྒྲུབ་པ། མ་མོ་མ་ནིང་ནག་མོ་བདུད་འདུལ་རེ་མ་ཏཱི་བོང་ཞོན་གྲི་གུག་དང་ཐོད་ཁྲག་འཛིན་པ་ལྟེ་བར་ཉི་མ་དང་དཔྲལ་བར་ཟླ་བ་ཚེས་པ་སེང་གེ་སྦྲུལ་གྱི་སྙན་རྒྱན་ཅན་གྱི་སྒྲུབ་པ། གསང་བའི་ལྷ་མོ་གཅེར་མོ་བོང་ཞོན་མ་རལ་གྲི་དང་རྡོ་རྗེ་འཛིན་པ་ལྕགས་ཁང་མའི་སྒྲུབ་པ་རྣམས། བཅུ་གཅིག་པ་ཐོར་བུའི་སྐོར་ལ། ནོར་སྲུང་གཤིན་རྗེ་དམར་པོ་སྲོག་གི་བདག་པོའི་སྒྲུབ་པ་ལྕགས་ཀྱུའི་རྒྱ་ཅན། དབུལ་བའི་སྡུག་བསྔལ་སེལ་བ་མ་ནིང་ཛམྦྷ་ལ་གའུའི་སྒྲུབ་པ། མགོན་པོ་མ་ནིང་ནག་པོ་རྒྱས་པའི་ལས་ཚོགས་ནས་ཆར་ཆུ་འབེབས་ཐབས་ས་བཅད་དྲུག་གིས་སྟོན་པའི་གསུམ་པ་ཡིན། བཞི་པ་ཆར་གཅོད། ལྔ་པ་སད་སེར་དང་། དྲུག་པ་རྩ་འབུ་བསྲུང་བའི་དཔེ་མ་འབྱོར་བས་མ་ཐོབ། ཕོ་ཉ་ལྕགས་སྤྱང་གི་སྒྲུབ་པ། མ་ནིང་ཡང་བཀོལ་མགར་༼ཟུར༽ནག་དྲག་སྒྲུབ། དགེ་བསྙེན་མ་ནིང་གི་གི་རྩ་སྒྲུབ་ཐན་གཏོང་བ་ལྟས་ངན་རྒྱལ་པོའི་སྔགས་རྒོད། དྲེགས་པའི་མཆོག་གྱུར་མ་ནིང་ནག་པོར་ཡང་བཀོལ་༼ཟུར༽དམག་གི་རྒྱལ་པོ་ལྟས་ངན་བསྐལ་པ་གཏིབས་པ། ལྕེ་གཅོད་པའི་མན་ངག །ངག་གནོན་པའི་མན་ངག །མུ་སྟེགས་ནག་པོའི་རྐྱལ་འབུད་དབང་ཕྱུག་ཕྱག་བཅུ་པ་རལ་གྲི་དང་ཐོད་ཁྲག་འཛིན་པའི་སྒྲུབ་པ། རྒྱ་གར་ནག་པོས་མྱུར་དུ་


GLG002_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པའི་ལས་སྒྲུབ་ཐབས་སྤུ་གྲི་ནག་པོ། འགལ་བྱེད་ཆམ་ལ་དབབ་པ་ཐོད་འཕྲེང་ནག་པོའི་སྒྲུབ་པ། དཔེ་རིས་ཤོག་ཁྲ་དང་བཅས་པ་རྣམས་ཐོབ་པ་ལས་སློབ་དཔོན་ཚུལ་ཁྲིམས་དཔལ་བས་མི་བསྐྱོད་རྡོ་རྗེར་གསོལ་བ་བཏབ་པའི་མ་བུ་དོན་བསྡེབས་ཀྱི་སྟེང་ནས་ནོད་པའི་དབང་དང་དེའི་ལུང་ཆར་འབེབས་མ་གཏོགས་གཞན་མ་དབང་ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཆེ་མཆོག་ཧེ་རུ་ཀ །སྤྲུལ་སྐུ་མ་ནིང་ནག་པོ། གུ་རུ་པདྨ་ཐོད་འཕྲེང་། ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །སྨན་ལུང་པ་མི་བསྐྱོད་རྡོ་རྗེ། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་རྡོ་རྗེ་ཡེ་ཤེས། སེ་སྡིངས་པ་སངས་རྒྱས་དཔལ། དབོན་ཡོན་ཏན་བཟང་པོ། གུ་རུ་ཆོས་སྐུ་འོད་ཟེར། རྗེ་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། མཁས་གྲུབ་ཀརྨ་གུ་རུ། ཐུགས་སྲས་ཀརྨ་དབང་འབྱོར། ཁྲ་ཚང་བ་ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །མ་ནིང་སྲོག་དབང་ཁེ་རྐྱང་གི་བརྒྱུད་པ་ལུགས་གཅིག་ལ། སྨན་ལུང་པ་མི་བསྐྱོད་རྡོ་རྗེ་ཡན་གོང་ལྟར་ལ། དེ་ནས་ཉང་ཆོས་ལྡན་མགོན་པོ། དུར་ཁྲོད་པ་ཀུན་བཟང་རྡོ་རྗེ། སྨན་ལུང་པ་ཤཱཀ་གཞོན། འཁྲུལ་ཞིག་བསོད་ནམས་རྒྱལ་མཚན། འདི་ཡན་སྨན་ལུང་པའི་ཞལ་ངོ་། དེ་ནས་ཆོས་རྗེ་དཀོན་གཉེར་དཔོན་པོ་ཀུན་བཟང་རྩེ་པ་ཟི་ན་བསོད་ནམས་རྒྱལ་མཚན། ཟི་ན་ཀུན་བཟང་རོལ་པ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཆོས་ཀྱི་སེམས་དཔའ་ཟེར་བ་འདུག །ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་


GLG002_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཀུན་དགའ་རྒྱལ་པོ་ཟེར་བ་འདུག་པ་ཡབ་སྲས་སུ་རིས་ཀྱིས་ཆོག་རྒྱུ་ཡིན་ནམ་གཉིས་ཀ་དགོས་རྒྱུ་ལ་བརྒྱུད་ཡིག་ཚོར་ཆད་པ་ཡིན་བརྟག །འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་པ་རྡོ་རྗེ་འཆང་། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཉང་སྟོན་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །ཡང་ན་གཏེར་སྟོན་ནས། ཡར་ཀླུངས་སྤྲུལ་སྐུ་མགོན་པོ་རྡོ་རྗེ། སྤྲུལ་སྐུ་ཤཱཀ་འབུམ། སྤྲུལ་སྐུ་ཤཱཀྱ་སེང་གེ །རིན་པོ་ཆེ་བྱང་ཆུབ་རྡོ་རྗེ། ཆོས་རྗེ་བསྟན་པ་བ། ཟུར་དབེན་པ་ཆོས་བཟང་བླ་མ། ཆོས་རྗེ་དཀོན་གཉེར་དཔོན་པ་མན་གོང་ལྟར། ཡང་ན་འཁྲུལ་ཞིག་བསོད་ནམས་རྒྱལ་མཚན། སྨན་ལུང་སངས་རྒྱས་རིན་ཅེན། ས་སྐྱོང་ཐམས་ཅད་མཁྱེན་པ་གྲགས་པ་འབྱུང་གནས་སམ་མཚན་གཞན་ཚེས་ལྔ་རིན་པོ་ཆེ་དང་གསེར་པ་ལོ་ཙཱ་བར་གྲགས་པ། གཅུང་སྣེ་གདོང་གོང་མ་ཀུན་དགའ་ལེགས་པ། ཟི་ན་ཀུན་བཟང་རོལ་པ་མན་གོང་ལྟར། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་བྷེ་སྟོན་ནས་བརྒྱུད་པ་ཞིག་འདུག་པ་རྗེས་གནང་ལུང་མ་གཏོགས་སྲོག་དབང་གི་བརྒྱུད་པར་མི་འདུག་པས་མ་བྲིས་སོ། །ཡང་ན་མཁར་པོ་ཆོས་སྐུ་འོད་ཟེར་ནས། ཟུར་མཁར་བ་པཎ་ཆེན་མཉམ་ཉིད་རྡོ་རྗེ། གནམ་གོང་པ་བཀྲ་ཤིས་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་སྔར་བཞིན་ནོ། ༈ །ཡང་ན་སྨན་ལུང་ཤཱཀ་གཞོན་ནས། ཡོན་ཏན་རང་འབྱུང་། རྡོ་རྗེ་མེ་ཏོག་རྩལ། བླ་མ་ཤཱཀྱ་དཔལ་འབར། མཐུ་ཆེན་ཆོས་ཀྱི་རྒྱ་མཚོ། སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་སྔར་ལྟར། ཡང་ན་གཏེར་སྟོན་ནས། སྲས་པདྨ་དབང་ཆེན། དེ་སྲས་ཆོས་ཀྱི་རྒྱལ་མཚན། སྲས་མོ་སངས་རྒྱས་ཀུན་གྲོལ། གུ་རུ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་


GLG002_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་འཛིན་པ། ཡར་ཀླུངས་ཇོ་སྲས་མི་འགྱུར། སེ་སྡིངས་པ་ཡོན་ཏན་བཟང་པོ་མན་གོང་ལྟར་རོ། ༈ །ཡང་སློབ་དཔོན་ཚུལ་ཁྲིམས་དཔལ་གྱིས་མི་བསྐྱོད་རྡོ་རྗེ་ལ་གསན་དུས་གསོལ་བ་བཏབ་པའི་མ་བུ་ཁྲིགས་བསྡེབས་ཀྱི་སྟེང་ནས་ཐོབ་པའི་མ་ནིང་སྲོག་དབང་དང་ཟུར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ལུགས་གཅིག་ལ། སྤྲུལ་སྐུ་ཆོས་ཀྱི་དབང་པོས་མཚུངས་མེད་དཔལ་འབྱོར་དབང་ཕྱུག །ཚ་བ་བཀྲ་ཤིས་དབང་ཕྱུག །མཐུ་ཆེན་ཆོས་ཀྱི་རྒྱ་མཚོ་previous hit གསུམ་ལ་གསན་པ་དང་། ཡང་ཡར་ཀླུངས་ཇོ་སྲས་ལ་སེ་སྡིངས་པ་ཡོན་ཏན་བཟང་པོས་གསན་པའི་བརྒྱུད next hit་པ་རྣམས་ཚང་བ་ལྷ་བྲོ་སྤྲུལ་སྐུ་ནས། མཁས་གྲུབ་ཀརྨ་གུ་རུ། ཆོས་དབང་བསྟན་པའི་རྒྱལ་མཚན། མངའ་བདག་སྐུ་སྐྱེ་གྲུབ་མཆོག་ཆོས་དབང་ཀུན་བཟང་། དར་སྡིངས་པ་རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཆར་འབེབས་ཀྱི་ཡི་གེ་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་མ་ཐེབས་པས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡན་གང་ལས་བརྒྱུད་བརྟག །དེ་ནས་འཇམ་མགོན་བསོད་ནམས་མཆོག་ལྡན། རབ་འབྱམས་སྨྲ་བ་རིན་ཅེན་རྒྱ་མཚོ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །བཀའ་ལུང་ཡོངས་སུ་རྫོགས་པ་ཡང་ཁྲ་ཚང་པ་ནས་བརྒྱུད་པ་དེ་ཡིན་ཞིང་། ཁྱད་པར་སྲོག་དབང་གི་བརྒྱུད་པ་ལ། ཀུན་བཟང་རྩེ་པ། གོང་དཀར་རྡོ་རྗེ་གདན་པ། ཚར་ཆེན་ཡབ་སྲས་རྣམས་བཞུགས་པའི་སྟབས་ཀྱིས་བརྒྱུད་པའི་གཙོ་བོ་ནི་སྔོན་མ་ཡིན་ནོ། ༈ །བཀའ་རྩིས་ལས། ནག་པོ་སྟག་ཞོན་སྲོག་གི་གཤེད་མ་ཡིནཿ ཞེས་བསྔགས་བརྗོད་མཛད་པའི་ཀླུ་བདུད་སྐུ་སྨད་ནས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པའི་


GLG002_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་སྟག་ཞོན་གྱི་སྐོར་ལ། མགོན་པོ་ནག་པོ་སྲོག་ཏིག་གསང་བའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ། དཔལ་མགོན་པོ་ནག་པོ་སྤུ་གྲི་གསང་བ་སྙིང་གཅིག་མ་ཞེས་བྱ་བའི་སྒྲུབ་ཐབས་ལ་ནང་གསེས་ཀྱི་བསྙེན་པ་ལ་བརྟེན་ནས་འབོད་པ། བསྐུལ་བ་ལ་བརྟེན་ནས་རྦད་པ། རབས་ཆད་ཀྱི་ཐོད་པ་ལ་བརྟེན་ནས་ལས་ལ་སྦྱོར་བ། མ་འགྲུབ་ན་སྤོགས་པ། གསང་བ་ཙིཏྟ་ལ་བརྟེན་ནས་སྒྲུབ་པ། སྦྱིན་སྲེག །མནན་པ། གསང་བ་སྙིང་གཅིག་མའི་གདམས་པ་གསལ་བར་བྱེད་པའི་སྒྲོན་མེ། སྤུ་གྲི་སྙིང་གཅིག་མའི་སྔགས་བྱང་། དཔལ་ནག་པོ་ཆེན་པོ་གསང་བ་བཤན་པ་ཕོ་མོའི་ཡང་སྙིང་དྲག་སྔགས་ཐོག་འདྲ་བ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། དཔལ་གསང་བའི་བདག་པོ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། མཁར་ཆེན་བཟའ། ཁྲི་སྲོང་རྗེ། གཏེར་སྟོན་ཆོས་དབང་། སྨན་ལུང་ཤཱཀ་འོད། དྭགས་སྟོན་པ། གཉན་སྟོན་པ། སེ་སྡིངས་པ་ཡབ་སྲས། གུ་རུ་ཆོས་འོད། དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་དབང་། རིག་འཛིན་ཀརྨ་གུ་རུ། ཐུགས་སྲས་དབང་འབྱོར། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། ༈ །ཡང་ན་ཆོས་སྐུ་འོད་ཟེར་ནས། ཟུར་མཁར་ཨའོ་ཆོས་རྗེ། ཚ་བོ་བླ་མ་བཀྲ་ཤིས་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་གོང་བཞིན་ནོ། །གཏེར་སྟོན་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱི་སྐོར་ལ། སྲོག་དབང་གསར་མའི་རྗེས་གནང་གི་རིགས་ལ་གཞོགས་དྲུད་པའི་བློས་བྱས་རྣམས་དང་མི་འདྲ་བར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཉམས་པ་མེད་པར་ཡིད་ཆེས་ཁུངས་བཙུན་པའི་ཕྱག་སྲོལ་ལྟར་ནོས་ནས། ལུང་ལ། ཕྱི་མཚན་མ་རྫས་ཀྱི་བླ་རྡོ། ནང་རྩ་རླུང་ཐིག་ལེའི་བླ་རྡོ།


GLG002_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་བདེ་ཆེན་དབྱིངས་ཀྱི་བླ་རྡོའི་མན་ངག་ཁྱད་པར་ཅན་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེས་མཛད་པ། བསྟན་མ་བཅུ་གཉིས་ཀྱི་མངོན་རྟོགས་ལྕགས་རྡོ་པ་ཕུར་པའི་མིང་ཅན་གྱི་བརྗེད་བྱང་། བསྟན་མའི་བཀང་གསོ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་དབུ་ན་ནག་མོ་བཞིན་མི་སྡུག་པའི་བུ་མོ་སོགས་ཡོད་པ། གསོལ་མཆོད་དཔལ་གྱི་སྤྲུལ་པ་མ། འཕྲིན་ལས་གཉེར་གཏད་དཔལ་གྱི་ཐུགས་སྤྲུལ་མ། ངེས་དོན་ལ་སྦྱར་བའི་མཆོད་པ་འཕྲིན་བཅོལ་དཔལ་ཆེན་ཁྲག་འཐུང་པ། བསྟན་མ་བཅུ་གཉིས་ལ་ཕ་རབས་ཀྱི་ཚུལ་དུ་བསྟོད་པ། མཁའ་འགྲོ་བསྟན་མའི་སྲོག་གི་བཀའི་རྗེས་གནང་བསྟན་མ་ལས་རྒྱ་མཚོའི་རྒྱུད་ལས་བྱུང་སྟེ་པཎ་ཆེན་པདྨ་དབང་རྒྱལ་གྱིས་བུ་ཚལ་ཕོ་བྲང་དུ་མཛད་པ། བསྟན་མའི་རྗེས་གནང་གི་ཕྱག་ལེན་ཤིན་ཏུ་གཅེས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ། བོད་ཀྱི་ཡུལ་བདག་ཆེན་མོའི་དབང་ཆོག་༼གཏེར༽ནག་པོ་འགྲོ་ཤེས་སུ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་བསྒྲིགས་པའི་དངོས་གྲུབ་ཆར་འབེབས་རྣམས་ཐོབ་པ་ལས་གཏེར་གྱི་རྟགས་ཅན་མ་གཏོགས་པའི་བརྒྱུད་པ་ནི། ཁྲག་འཐུང་ཧེ་རུ་ཀ །ཨོ་རྒྱན་སངས་རྒྱས་གཉིས་པ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །སྲས་པདྨ་དབང་ཆེན། དམར་ཞབས་རས་ཆེན། ཆོས་རྒྱལ་གྲགས་པ་རྒྱལ་མཚན། འགྲོ་མགོན་བཀྲ་ཤིས་མཚན་ཅན། འདུད་འདུལ་ཤེས་རབ་འོད་ཆེན། རྣམ་མཁྱེན་ཆོས་ཀྱི་བློ་གྲོས། འཇམ་དབྱངས་དབང་ཕྱུག་བློ་གྲོས། ཆོས་རྗེ་བསོད་ནམས་སེང་གེ །བླ་མ་འཇམ་དབྱངས་བློ་གྲོས། དམ་པ་ཆོས་སྐྱོང་ཚུལ་ཁྲིམས། རྗེ་ནམ་མཁའ་དཔལ་བཟང་། ཡབ་འཇམ་


GLG002_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་རྒྱལ་མཚན། དེ་གཉིས་ཀ་ལ་གཅེན་པདྨ་དབང་རྒྱལ། དེ་ལ་གཅུང་ལེགས་ལྡན་རྡོ་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གཏེར་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། རྗེ་བཀའ་འགྱུར་བ་ཆེན་པོ་ནས། རྗེ་འཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། དེས་བདག་ལའོ། ༈ །རྗེ་མངའ་བདག་གིས་རྒྱ་གར་གྱི་དྲག་སྔགས་འདི་རྣམས་བསྒྲུབ་པར་དཀའ་ཞིང་ཁེ་ཉེན་ཆེ་བས་རྒྱ་ནག་འབྱུང་བའི་ཕན་གནོད་བསྡེབས་པའི་ལས་སྦྱོར་མ་འོངས་སྙིགས་མའི་འགྲོ་བའི་དོན་དུ་དགོས་ཞེས་གསུངས་པ་ལ་བརྟེན་ནས་རྒྱ་ནག་གི་མཁན་པོ་ཧྭ་ཤང་ནེ་ལེ་དང་ཨི་ས་བྷ་བོ་དེ། བོད་ཀྱི་ལོ་ཙཱ་བ་བྷི་མ་ཧཱ་ཤང་དང་དར་ཆེན་ཐིག་ལེ་སྟེ་རྒྱ་བོད་ཀྱི་མཁས་པ་མི་བཞིས་འབྱུང་བ་དགྲ་གཤེད་བསྐོར་བའི་མན་ངག་བསྟན་པ་བསྲུང་བའི་དྲག་སྔགས་ཁྱད་པར་ཅན་གྱིམ་ཤང་གི་སྐོར་མང་དུ་ཡོད་པའི་ནང་ནས་མཆོག་ཏུ་ཟབ་པ་ནི། བཀའ་རྩིས་ལས། གྱིམ་ཤང་དུག་གི་མེ་ལྕེ་འབར་བ་ལ༔ སྲོག་གཤེད་སྐོར་དང་ཁང་སེལ་དུག་དང་ནི༔ ཞིང་སེལ་གསུམ་དང་དུར་སེལ་བཞི་བཅུ་བཞི༔ མཁར་སེལ་རྟེན་སེལ་ཉིན་བྱེད་ཕུང་སེལ་ཆེན་མོ་དང་༔ བཅོ་བརྒྱད་པོ་དེས་ཡུལ་ཁམས་རླུང་ལ་བསྐུར༔ གསང་སྟེ་བསྟན་པའི་དོན་དུ་བག་ཡོད་སྤྱད༔ ཅེས་གསུངས་པའི་གྱིམ་ཤང་དུག་གི་མེ་ལྕེ་གའུ་མགོ་ནག་ཀླུ་བདུད་སྐུ་སྨད་ནས་ཆོས་དབང་རིན་པོ་ཆེས་གདན་དྲངས་པའི་ཆོས་སྐོར་ལ། འབྱུང་བ་རྩ་བའི་སྡོམ་རྒྱུད། ལྡེ་མིག །སྔགས་བྱང་། དུག་གི་མེ་ལྕེ་དངོས། ཏི་ཀ་གཤེད་འཁོར་


GLG002_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནང་འབྲས། ས་ཁྲམ། སེལ་གསུམ། ལོ་རྒྱུས་དང་དགུ །དང་པོ་ནི། ལོ་ཟླ་ཞག་དུས་ཚོད་གཟའ་སྐར་སྤར་སྨེ་རྣམས་ཀྱི་མཚན་ཉིད། གཉིས་པ་ནི། དེ་དག་གི་གཤེད་དང་ཆོས་གོས། རྡེག་མཚོན། ཐུན་རྫས། རོ་གོས། རོ་འཆིང་། གཏད་དང་བཅས་པ། གསུམ་པ་ནི། ལྷ་འདྲེའི་སྲོག་སྔགས། དགོས་པ། ལིངྒ་དང་ཐུན་གྱི་བཅའ་ཐབས་དང་བཅས་པ། བཞི་པ་ནི། འཁོར་ལོ། རྫས། བླ་འགུགས། ལྷ་དབྱེ། བསྟིམ་ཞིང་སྲོག་ལ་འཁོར་ལོ་བསྐོར་ནས་མཐར་ཧལ་ཁྱི་གནད་ལ་བོར་ཏེ་གཏད་བྱ་བ་དང་བཅས་པ། ལྔ་པ་ནི། གཤེད་སྔགས། ཏིང་འཛིན་ལིངྒ་བཅའ་གཞི། མནན་ཐོད། གདབ་ཕུར། གཏད་འདྲེ། དབང་གཟུགས་དང་བཅས་པ། དྲུག་པ་ནི། བན་བོན་དང་ཟླ་བསད་པ། ལོ་བཅུ་གཉིས་ཀྱི་འཁོར་ལོ་དང་བཅས་པ། བདུན་པ་ནི། ས་ཁྲམ། ཧལ་ཁྱིའི་གཏད་ཁྲམ་དང་བཅས་པ། བརྒྱད་པ་ནི། དུར་སེལ། ཁང་སེལ། ཞིང་སེལ་གསུམ། དགུ་པ་ནི། རྒྱ་བོད་ཀྱི་མཁས་པ་མི་བཞིས་མངའ་བདག་གི་བཀའ་བཞིན་གདམས་པ་རྒྱ་ནས། བོད་དུ་བསྒྱུར་བ་རྣམས་ཀྱི་བརྒྱུད་པ་ནི། དཔལ་ཨོ་རྒྱན་ཆེན་པོ། རྗེ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ནས་རིམ་པར་བརྒྱུད་དེ། འཇམ་དབྱངས་རིན་ཅེན་རྒྱལ་མཚན། རིག་འཛིན་ལེགས་ལྡན་རྡོ་རྗེ། ཡུག་མི་དབང་ནོར་བུ་དབང་རྒྱལ། དང་མ་བ་བསྟན་འཛིན་འགྱུར་མེད། གུང་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །བཀའ་རྩིས་ལས། གྲོང་རེ་གྲོང་གཉིས་ཕུང་སེལ་འགའ་མཆིས་ཀྱང་ཿ ཡུལ་ཁམས་ཕྱགས་


GLG002_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

མས་འདེབས་ཆོས་འདི་ན་མཆིསཿ དེ་གང་ཞེ་ན་སཱཙྪ་སྨྱོན་པའི་སྐོརཿ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངསཿ ཞེས་གསུངས་པའི་ཕུང་སེལ་སཱཙྪ་སྨྱོན་པའི་ནང་ཚན་རོ་གཏད་ཀྱི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། མངའ་བདག །གཏེར་སྟོན། སྲས་དབང་ཆེན། མཚན་ལྡན་པ། དྲིན་ཅན་མ། གུ་རུ་ཆོས་ཀྱི་རྡོ་རྗེ། ནོར་བུ་འཛིན་པ། ནོར་བུ་དོན་གྲུབ། སངས་རྒྱས་ནོར་བཟང་། བཤེས་གཉེན་ཆོས་རྒྱལ། ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཆོས་དབང་བསྟན་འཛིན། པྲཛྙཱའི་མཚན་ཅན། ཟུར་རྩ་བའི་བླ་མ། དེས་བདག་ལའོ། ༈ །སྤ་གྲོ་སྐྱེར་ཆུ་ནས་ཆོས་དབང་རིན་པོ་ཆེས་གདན་དྲངས་པའི་སཱཙྪ་ནག་པོའི་བཅའ་གཞི་འཁོར་ལོ་དང་བཅས་པའི་བརྒྱུད་པ་ནི། མུ་སྟེགས་ཁྲག་འཐུང་ནག་པོ། ཨོ་རྒྱན་ཆེན་པོ། མངའ་བདག །གཏེར་སྟོན། སྨན་ལུང་ཤཱཀ་འོད། དྭགས་སྟོན། གཉན་སྟོན། སེ་སྡིངས་པ་ཡབ་སྲས། ཆོས་སྐུ་འོད་ཟེར། དར་མ་བཟང་པོ། ཆོས་དབང་དཔལ་འབྱོར། ནམ་མཁའ་ཤེས་རབ། དེ་གཉིས་ཀ་ལ་རིག་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། སྐྱི་སྟོན་ཚེ་རིང་དབང་པོ། ཟུར་ངག་དབང་ཕུན་ཚོགས། ཁྱབ་བདག་བློ་མཆོག་རྡོ་རྗེ། དེས་བདག་ལའོ། ༈ །ཆོས་དབང་རིན་པོ་ཆེས་བསམ་ཡས་མཆོད་རྟེན་ནག་པོ་ནས་སྤྱན་དྲངས་པའི་མུ་སྟེགས་སྲོག་རྩ་དམར་ལེན་གྱི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། མཁར་ཆེན་བཟའ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ནས་རིམ་པར་བརྒྱུད་དེ། ཟུར་ཆེན་གཞོན་ནུ་དོན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཆོས་དབང་རིན་པོ་ཆེས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་དྲག་པོ་འདུས་པའི་ངན་སྔགས་ལྟོ་བ་གསུམ་དཀྲུག་


GLG002_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྲ་བུ་ཆུང་ཅན་ཞེས་པ་བཅས་ཆོག་མ་རྒྱ་ནག་གི་ངན་ཐབས་སུ་གྲགས་པ། ཞིང་སེལ་སྐྱེ་བ་རྒྱུན་གཅོད་དུག་ཅན་བདུན་གྱི་རྫས་སྦྱོར་ལ་བརྟེན་པ། འཁོར་ལོ་ལུག་ཐོད་ལ་བརྟེན་པའི་ཞིང་སེལ་རྣམས་ཐོབ་པའི་བརྒྱུད་པ་ནི། གཤིན་རྗེ་གཤེད། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་ཡབ་སྲས། ཆོས་ཀྱི་རྒྱལ་མཚན། དྲིན་ཅན་མ། ཆོས་ཀྱི་རྡོ་རྗེ། ནོར་བུ་འཛིན་པ། ནོར་བུ་དོན་གྲུབ། བཤེས་གཉེན་ཆོས་རྒྱལ། བསམ་འཕེལ་ནོར་བུ། ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། འཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། དེས་བདག་ལའོ། །ཆོས་དབང་གི་གཏེར་བྱོན་རྟ་མི་འཕྲོད་པའི་རིགས་ལ་བཏགས་ན་ངེས་པར་འཕྲོད་པའི་འཁོར་ལོ་དང་དེའི་དཔེའུ་རིས་འདྲི་ཐབས་ཨཱཪྻ་རེ་མན་ཏ་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། གཏེར་སྟོན་ནས་རིམ་པར་བརྒྱུད་པ་ཆོས་རྒྱལ་དབང་པོའི་སྡེ། རིགས་འཛིན་ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་ཁ་འོག་མའི་གླང་དམར་གྱི་རྭ་དང་གུ་རུ་དྲག་དམར་གྱི་རྡོ་འཁོར་ལ་བརྟེན་པའི་ཆུ་བཟློག་གི་བརྒྱུད་པ་ནི། གཏེར་སྟོན་ནས་རིམ་པར་བརྒྱུད། དབང་པོའི་སྡེ། ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །བསམ་བསྒྱུར་མདུན་བཤིག་ལེ་ཚན་previous hit གསུམ་གྱི་བརྒྱུད next hit་པ་ནི། གཏེར་སྟོན་ནས་རིམ་པར། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལའོ། ༈ །གཏེར་ཁ་འོག་མའི་ཡང་བཟློག་རྡོ་རྗེའི་ཕ་ལམ་འཁོར་ལོ་གསད་པ་ལས་བྱེད་ནག་པོ་དྲེགས་པ་འདུལ་བའི་ལས་མཐའ་ཟབ་མོ་ཙཀྲ་འདྲི་ཐབས་དམིགས་གནད་དང་


GLG002_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་བརྒྱུད་པ་ནི། དཔལ་ཧེ་རུ་ཀ ཨོ་རྒྱན་ཆེན་པོ། གཏེར་སྟོན་ཆོས་དབང་། མི་བསྐྱོད་རྡོ་རྗེ། །དྭགས་སྟོན། གཉན་སྟོན། སེ་སྡིངས་པ་ཡབ་སྲས། གུ་རུ་ཆོས་འོད། དཔལ་འབྱོར་དབང་ཕྱུག །ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཀརྨ་དབང་འབྱོར། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། སྲས་དབང་ཆེན། ཆོས་ཀྱི་རྒྱལ་མཚན། སྲས་མོ་སངས་རྒྱས་ཀུན་སྒྲོལ། ཆོས་ཀྱི་རྡོ་རྗེ། མ་ཎི་དྷ་ར། ནོར་བུ་དོན་གྲུབ། བཤེས་གཉེན་ཆོས་རྒྱལ། བསམ་འཕེལ་ནོར་བུ་ཆོས་ཀྱི་དབང་པོ་མན་འདྲ། ཡང་ན་ཀརྨ་གུ་རུ་ནས། སྔགས་འཆང་ཀུན་བཟང་དཔལ་འབྱོར། རྗེ་མདོ་སྔགས་བསྟན་འཛིན། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། ཁྲག་འཐུང་ནག་པོ། བྷ་སུ་དྷ་ར། ཨོ་རྒྱན་ཆེན་པོ། གནུབས་སངས་རྒྱས་ཡེ་ཤེས། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཆོས་དབང་། སྨན་ལུང་ཤཱཀ་འོད་ནས་སྤྲུལ་སྐུ་ཆོས་ཀྱི་དབང་པོའི་བར་གོང་ལྟར་ལ། དེ་ནས་ལེགས་ལྡན་བདུད་འཇོམས་རྡོ་རྗེ། བྱང་བདག་ཆེ་མཆོག་འདུས་རྩལ། རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་བྱང་བདག་ནས། སྲས་ཐུགས་རྗེ་དབང་གྲུབ་རྩལ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་རིག་འཛིན་ཆེན་པོ་ནས། མཉམ་མེད་རབ་འབྱམས་ཆོས་རྗེ། ཡུག་ནོར་བུ་དབང་རྒྱལ། གུང་རུ་དབྱངས་དཔོན་པ། ཟུར་ཆེན། དེས་བདག་ལའོ། །ཁྱིམ་གྱི་གདོན་ཆེན་འདུལ་བ་མེ་འབར་གློང་ཆེན་གྱི་བརྒྱུད་པ་ནི། ཀརྨ་གུ་རུ་ཡན་བླ་མ་གསང་འདུས་ལྟར་


GLG002_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ནས་ཆོས་དབང་བསྟན་འཛིན། ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གནམ་སྐས་བྲག་ནས་གདན་དྲངས་པའི་ཨུཥྞི་ཥ་ཙཀྲ་ཝ་རྟིའི་རྒྱུད་ལས་ཕྱུང་བའི་ཁྲོ་བོ་ཕྱིར་བཟློག་ངན་སྔགས་ཀྱི་འཁོར་ལོ་ཕྱིར་བཟློག་པའི་སྔགས་འབུམ་དུ་གྲགས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རིགས་ལྔའི་སངས་རྒྱས། གསང་བའི་བདག་པོ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཆོས་དབང་། རྒྱལ་སྲས་པདྨ་དབང་ཆེན་ནས་རིམ་པར། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཆོས་དབང་རིན་པོ་ཆེའི་གཏེར་མའི་ཉ་གཟུགས་དང་ཆོས་འབྱུང་བཞི་བསྣོལ་གྱི་རྡོ་འཁོར་ལ་བརྟེན་པའི་ཆུ་བསྒྱུར་གྱི་བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་ནས་རིམ་པར། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལ་ཕྱག་ལེན་དང་བཅས་གནང་བའོ། ༈ །གཏེར་ཁ་འོག་མའི་ཁ་འབར་མ་དཀར་མོ་ལ་བརྟེན་ནས་འཆི་བ་བླུ་བ། ཁ་འབར་མ་ནག་མོ་ལ་ལྟས་ངན་སྲི་བྱད་ཁ་སོགས་བར་གཅོད་བཟློག་པ། ཁ་འབར་མ་ཁྲ་བོ་ལ་བརྟེན་ནས་དགྲ་བོ་ཁ་སྨས་བཟློག་པ་རྣམས་ཀྱི་བརྒྱུད་པ་ནི། སྤྲུལ་སྐུ་ཆོས་ཀྱི་དབང་པོ་ཡན་རྡོ་རྗེ་ཕ་ལམ་ལྟར་ལ། དེ་ནས་རིག་འཛིན་ལེགས་ལྡན་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །ཁ་འབར་མ་དཀར་མོའི་ཕྱག་ལེན་བྱང་བདག་པོས་མཛད་པའི་བརྒྱུད་པ་ནི། བྱང་བདག་ཡན་གོང་ལྟར་ལ། རིག་འཛིན་ངག་


GLG002_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །མོན་ཙནྡྲས་གུ་རུ་རིན་པོ་ཆེ་ལ་ཞུས་ནས་གནམ་སྐས་བྲག་ཏུ་སྦས་པ་ཆོས་དབང་རིན་པོ་ཆེས་སྤྱན་དྲངས་པའི་སེམས་བསྐྱེད་བསྟན་པའི་སྙིང་པོའི་ལུང་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་ཡབ་ཡུམ། ཆོས་དབང་རིན་པོ་ཆེ། སྨན་ལུང་ཤཱཀ་འོད། དྭགས་སྟོན་པ། གཉན་སྟོན་པ། སེ་སྡིངས་པ་ཁུ་དབོན་གཉིས། གུ་རུ་ཆོས་འོད། མཚུངས་མེད་དར་མ་བཟང་པོ། ཞབས་དྲུང་ཆོས་དབང་དཔལ་འབྱོར། རྗེ་ནམ་མཁའ་ཤེས་རབ། རིག་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་དབང་པོའི་སྡེ། རིག་འཛིན་ངག་གི་དབང་པོ། ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་རྣམ་སྣང་གི་ནུ་མཆིན་གཡས་པ་ནས་ཆོས་དབང་རིན་པོ་ཆེས་གདན་དྲངས་པའི་བསྟན་པའི་གཞི་མ་གཙུག་ལག་ཁང་གསོ་ཐབས་ལ་ནང་གསེས་སུ། འབྱུང་བའི་སྟོབས་ཉམས་པས་མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་འཇིག་ཚུལ། བདུད་ཀྱི་ནུས་པས་སེམས་ཅན་རྣམས་སྡུག་བསྔལ་བ། གཙུག་ལག་ཁང་ཕྱི་བསོད་ནམས་ཀྱི་རྟེན་དང་གོས་ཀྱི་རྟེན་འབྲེལ། ནང་ཟས་ཀྱི་རྟེན་འབྲེལ། གསང་བ་སྲོག་གི་འཁོར་ལོ་ལ་བརྟེན་ནས་གསོ་བ། ལུས་ཀྱི་མི་དགེ་བ་གསུམ་སྤངས་ཏེ་སྒྲུབ་པ་ལ། ཕྱི་གསུང་རབ་འདྲི་ཀློག །ནང་དབྱངས་གསལ། གསང་བ་འཁོར་ལོ་ལ་བརྟེན་ནས་ཚེ་འཕེལ་བ། ངག་གི་མི་དགེ་བཞི་སྤངས་ནས་ཕྱི་མཆོད་རྟེན་བཞེངས་པ། ནང་རྡོ་རྗེ། གསང་བ་མེ་ལོང་ལ་བརྟེན་ནས་ཉོན་མོངས་རང་སར་གྲོལ་བ། ཡིད་ཀྱི་མི་དགེ་བ་གསུམ་སྤངས་ནས་རྗེ་འབངས་ཀྱི་ཚེ་བསོད་ནམས་སྤེལ་བ། ལྐོག་གྱུར་གཙུག་ལག་ཁང་ཞིག་པ་གསོ་བའི་ཐབས། མཇུག་


GLG002_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྒྲུབ་པ་སླ་ཞིང་མངའ་དབུལ་བྱ་ཚུལ་གྱི་བཀའ་ཆེམས་ཐོབ་པའི་བརྒྱུད་པ་ནི། དཔལ་ཨོ་རྒྱན་ཆེན་པོ། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ནས་རིམ་པར་བརྒྱུད་དེ། ཆོས་རྒྱལ་དབང་པོའི་སྡེ། རིགས་འཛིན་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །གཏེར་ཁ་འོག་མའི་བྱད་མ་འབུམ་ཐུབ་ཀྱི་འཁོར་ལོའི་འབྲི་ཡིག་གི་བརྒྱུད་པ་ནི། དཔལ་ཧེ་རུ་ཀ ཨོ་རྒྱན་ཆེན་པོ། ཇོ་མོ། མངའ་བདག །གཏེར་སྟོན་ནས་རིམ་པར་བརྒྱུད་དེ། ལྷ་བྲོ་བ་ཀརྨ་གུ་རུ། ཐུགས་སྲས་དབང་འབྱོར། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། ༈ །བཀའ་རྩིས་ལས། རྒྱ་ནག་ལུགས་ལ་ཉི་མ་འཁོར་ལོའི་སྐོརཿ ཞེས་རྒྱ་ནག་རྩིས་ཀྱི་ཕན་གནོད་མང་དུ་ཡོད་པར་གསུངས་པའི་ནང་ཚན་གནམ་སྐས་བྲག་ནས་ཆོས་དབང་གིས་སྤྱན་དྲངས་པའི་རྒྱ་ནག་གཏིང་རྫོགས་ཕན་བྱ་ལྷའི་འཁོར་ལོ་ལ་ཉེས་ཀུན་བསྲུང་བའི་འཁོར་ལོ་གསུམ། འབྱུང་བའི་འཁོར་ལོ་ལྔ། གཉན་པོའི་ལས་བྱེད་ན་འདོགས་པའི་འཁོར་ལོ་དྲུག །གདོན་བསྲུང་བའི་འཁོར་ལོ་ལྔ། རུས་སྦལ་འབྱུང་བའི་འཁོར་ལོ་ལྔ། འབྱུང་བ་དྲུག་འདུས་ཀྱི་འཁོར་ལོ་ལྔ། སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་ན་འདོགས་པའི་འཁོར་ལོ་བཞི། རིགས་གསུམ་མགོན་པོའི་འཁོར་ལོ་གསུམ། རྒྱལ་བ་རིགས་ལྔའི་འཁོར་ལོ་ལྔ། ཡུམ་གྱི་འཁོར་ལོ་ལྔ། ཁྲོ་བཅུའི་འཁོར་ལོ་བཅུ། ཕན་དར་གྱི་འཁོར་ལོ་བཞི། འགྲོ་ལ་ཕན་པའི་འཁོར་ལོ་བཞི། རྣལ་འབྱོར་པ་རང་ལ་འདོགས་པའི་འཁོར་ལོ་བཞི། སྲིའུ་གསོ་བའི་འཁོར་ལོ་གཅིག །ལོ་འཁོར་བཅུ་གཉིས་ཀྱི་འཁོར་ལོ་བཅུ་གཉིས། མཐུ་


GLG002_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པའི་འཁོར་ལོ་བཞི། ཕྱོགས་ངན་བསྲུང་བའི་འཁོར་ལོ་གཅིག །ས་བདག་ཀླུ་གཉན་བསྲུང་བའི་འཁོར་ལོ་གཉིས། སྲོག་ལུས་དབང་རླུང་གུད་ན་འདོགས་པའི་འཁོར་ལོ་བཞི། མཚོན་ཁ་བསྒྱུར་བའི་འཁོར་ལོ་གཅིག །ཁ་འཆིང་བའི་འཁོར་ལོ་ལྔ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་འཁོར་ལོ་ལྔ། ངན་དགུ་བསྲུང་བའི་འཁོར་ལོ་གཅིག །རྒྱལ་བསེན་བསྲུང་བའི་འཁོར་ལོ་གཉིས། འབྱུང་བ་བསྐྱེད་པའི་འཁོར་ལོ་ལྔ། རྒྱལ་པོ་འཆིང་བའི་འཁོར་ལོ་གཅིག །ཕྱོགས་ངན་བསྲུང་བའི་འཁོར་ལོ་གཅིག །ནད་རིམས་བསྲུང་བའི་འཁོར་ལོ་གཅིག །ཐེམས་ཡིག །རབ་གནས་རྣམས་ཀྱི་ལུང་ཕྱག་ལེན་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། ཡུམ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །སྲས་པདྨ་དབང་ཆེན། མཚན་ལྡན་ཆོས་ཀྱི་རྒྱལ་མཚན། དྲིན་ཅན་མ་སངས་རྒྱས་ཀུན་གྲོལ། གུ་རུ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་བུ་འཛིན་པ། གུ་རུ་ནོར་བུ་དོན་གྲུབ། སངས་རྒྱས་ནོར་བཟང་། བཤེས་གཉེན་ཆོས་རྒྱལ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། མངའ་རིས་རིག་འཛིན། དབང་པོའི་སྡེ། ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་སྨན་ལུང་ཤཱཀ་འོད། དྭགས་སྟོན་པ། གཉན་སྟོན་པ། སེ་སྡིངས་པ་ཡབ་སྲས། གུ་རུ་ཆོས་འོད། མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ་མན་སྔར་ལྟར་རོ། ༈ །དགོངས་གཏེར་གྱི་བསྟན་བཅོས་མ་ཎི་བཀའ་འབུམ་ལེའུ་བརྒྱ་དང་བཞི་བཅུ་ཞེ་བདུན་ཡོད་པ་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་གི་སྐུའི་རྣམ་ཐར་སྐབས་བརྒྱད་པ། གསུང་གི་རྣམ་ཐར་མཚན་


GLG002_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ། ཐུགས་ཀྱི་རྣམ་ཐར་བྱིན་རླབས་བརྒྱད་པ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཡོངས་སུ་རྫོགས་པའི་རྣམ་ཐར་བཀའ་བརྒྱད་པའི་རྣམ་ཐར་སྐྱེ་རབས་ཞུ་ལན་ཆེན་མོར་གྲགས་པ། བལ་པོ་ཡམ་བུའི་བྷ་རོ་གཙུག་འཛིན་གྱིས་ཞུས་པའི་གསང་བའི་རྣམ་ཐར་ངོ་མཚར་བའི་མཛད་པ་གསེར་གྱི་མེ་ལོང་། བསམ་འགྲུབ་བདེ་བ་ཆེན་པོའི་གཙུག་ལག་ཁང་གི་དཀར་ཆག་རྣམ་ཐར་གུ་རུ་ཆོས་ཀྱི་དབང་ཕྱུག་གི་བཀའ་ཆེམས་སྣང་སྲིད་གསལ་སྒྲོན་ཞེས་བྱ་བ་ལེའུ་བཅུ་པ། གཏེར་བྱུང་ཆེན་མོ་རྣམས་ཀྱི་བརྒྱུད་པ་ནི། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །རྒྱལ་སྲས་པདྨ་དབང་ཆེན། དེ་སྲས་ཆོས་ཀྱི་རྒྱལ་མཚན། སྲས་མོ་སངས་རྒྱས་ཀུན་གྲོལ། གུ་རུ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་བུ་འཛིན་པ། ཆོས་རྗེ་ནོར་བུ་དོན་གྲུབ། དྲིན་ཅན་སངས་རྒྱས་ནོར་བཟང་། མཉམ་མེད་བཤེས་གཉེན་ཆོས་རྒྱལ། གུ་རུ་བསམ་འཕེལ་ནོར་བུ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། མཁས་གྲུབ་ཀརྨ་གུ་རུ། དེ་ལ་རང་གྲོལ་ནམ་མཁའ་ཆོས་དབང་དང་གུ་རུ་ཀུན་མཁྱེན་དབང་ཕྱུག་གཉིས་ཀས་གསན། གཉིས་ཀ་ལ་ཁྲ་ཚང་པ་ཆེན་པོས་གསན། དེས་བདག་ལའོ། །ཡང་ན་སྤྲུལ་སྐུ་ནོར་བུ་འཛིན་པ་ནས། གུ་རུ་དོན་ཡོད་རྒྱལ་མཚན། མཉམ་མེད་བཤེས་གཉེན་ནོར་བུ། གུ་རུ་བསམ་འཕེལ་ནོར་བུ་མན་གོང་ལྟར། ཉེ་བརྒྱུད་ནི། གཏེར་སྟོན་ནས། དྲིན་ཅན་མ་སངས་རྒྱས་ཀུན་གྲོལ། གུ་རུ་ཆོས་ཀྱི་རྡོ་རྗེ། ནོར་འཛིན་པ། ནོར་བུ་དོན་གྲུབ། བཤེས་གཉེན་ཆོས་རྒྱལ། ཆོས་ཀྱི་དབང་པོ་མན་གོང་བཞིན་ནོ། །མ་ཎི་བཀའ་འབུམ་གྱི་བརྒྱུད་ལུགས་གཅིག་ནི། བཤེས་གཉེན་ནོར་བུ་ནས། ཀུན་དགའ་དཔལ་


GLG002_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན། གཏེར་སྟོན་ལྷ་དབང་གྲགས་པ། གུ་རུ་ཚེ་བརྟན། པདྨ་དབང་ཆེན། ཀརྨ་ཆོས་སྐྱོང་། བཀྲ་ཤིས་ལྷུན་གྲུབ། སྨན་ལུང་པ་ཆེན་པོ། དེས་བདག་ལའོ། ༈ །གསོལ་འདེབས་ལས། ལྷ་སྲས་འགྲོ་དོན་ཐུགས་རྗེའི་བྱིན་རླབས་ལས། གྲུམ་པ་རྒྱང་ནས་གསོལ་འདེབས་ལེའུ་བདུན་སོགས། །སྤྱན་དྲངས་སྐྱེས་ཆེན་ལུང་བསྟན་རི་ཁྲོད་པ། །མང་ལམ་བཟང་པོ་གྲགས་པ་ལ་གསོལ་བ་འདེབས། །ཞེས་གསུངས་པའི་སྤྲུལ་སྐུ་བཟང་པོ་གྲགས་པ་ནི། སྙིང་ཏིག་གནད་ཀྱི་མན་ངག་དོན་བདུན་ལས་འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་བརླབས་པའི༔ སྐྱེས་བུ་སྟག་ལོ་སྨྲེ་བའི་ག་ཤ་ཅན༔ ཆགས་མེད་འཁོར་བ་སྤངས་པའི་རྣལ་འབྱོར་པ༔ གནས་མེད་རི་ཁྲོད་འཛིན་པའི་ལས་ཅན་དེས༔ གཙང་གྲམ་རུ་ལག་ཕྱོགས་ནས་གཏེར་ཆེན་འདོན༔ རྒྱ་གར་བལ་པོ་མན་དང་བོད་ཀྱི་ཡུལ༔ སྐད་རིགས་མི་གཅིག་བཞི་ཡི་དོན་བྱེད་འགྱུར༔ དེ་འདྲའི་ལས་ཅན་ལྔ་བརྒྱ་དུས་སུ་འབྱུང་༔ ཞེས་ལུང་བསྟན་པའི་སྤྲུལ་པའི་སྐུ་དེ་ལྷོ་ཕྱོགས་ཤྲཱིའི་བྲག་ཕུག་ཏུ་དྭགས་བརྒྱུད་པའི་ཕྱག་ཆེན་གྱི་ཉམས་ལེན་མཛད་པའི་སྐབས་གཏེར་སྲུང་གིས་བསྐུལ་ཏེ་བོད་སྡུག་བསྔལ་གྱི་རྒྱ་མཚོ་རྡོལ་བ་ལས་སྐྱོབ་པའི་གཏེར་གྲུམ་པ་རྒྱང་གི་ལྷ་ཁང་ནས་སྤྱན་དྲངས་པ་རྣམས་ཀྱི་ནང་ནས་སློབ་དཔོན་ཆེན་པོ་ནུབ་ཕྱོགས་སྲིན་ཡུལ་ལ་ཐེགས་ཁར་ལྷ་སྲས་མུ་ཁྲི་བཙན་པོས་གཤེགས་སྐྱེལ་ལ་གུང་ཐང་ལ་ཐོག་བར་བྱོན་ཏེ་རྗེ་རྒྱལ་པོ་གུང་དུ་གཤེགས་སློབ་དཔོན་ཆེན་པོ་སྲིན་པོའི་ཁ་གནོན་ལ་འབྱོན་ན་བདག་དང་བོད་འབངས་རྣམས་ཇི་ལྟར་བྱེད་ཞུས་པའི་ལན་དུ། ཉོན་ཅིག་བོད་ཀྱི་རྒྱལ་པོ་དད་པ་ཅནཿ སོགས་ཐུགས་ངལ་གསོ་བྱེད་དང་། རིགས་བཟང་ཁུངས་


GLG002_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་འོད་གསལ་ལྷ་ཡི་བརྒྱུདཿ སོགས་ཞལ་ཆེམས་དང་བཅས་པའི་སྒོ་ནས་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་བརྒྱུད་པ་ནི་ལེ་བདུན་མ་དང་གཅིག །གཞན་ཡང་གུང་ཐང་རྒྱལ་པོ་ལ་དགོངས་ཏེ་གསུངས་པའི་ཆོས་མང་ཡུལ་གུང་ཐང་དུ་ལྷ་སྲས་གཙང་མའི་གདུང་བརྒྱུད་གཅིག་འབྱུང་བ་བོད་ཁམས་བདེ་ཐབས་ཀྱི་ཟབ་གཏེར་མཛོད་ལྔ་འདུས་པའི་ཆོས་ཞེས་བྱ་བ་བྱང་གཏེར་དང་མ་ཕྲད་ན་བོད་ཀྱི་བདེ་སྐྱིད་ཟད་པར་འགྱུར་བས་བདུད་ཀྱི་བར་གཅོད་ལས་སྐྱོབ་པའི་ཐབས་ཕྱིར་བཟློག་འཁོར་ལོ་འབར་བ་དེའི་ཞར་བྱུང་དུ་སྲི་ལས་ཐར་བ་དང་། བྱད་ཁ་ཕུར་ཁ་དང་སྲིད་ངན་བཟློག་པའི་མཆོད་རྟེན་བཅའ་ཐབས། ༈ བརྒྱུད་འདེབས་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ་དང་བཅས་པ་རྣམས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ། འདུས་པའི་འཁོར་ཚོགས་རིག་འཛིན་བྱང་ཆུབ་སེམས་དཔའ། རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས། ལྷ་སྲས་མུ་ཁྲི་བཙན་པོ། གཏེར་སྟོན་བཟང་པོ་གྲགས་པ། རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ། ཀུན་སྤངས་རི་པ་སངས་རྒྱས། འདུལ་འཛིན་ནམ་མཁའ་མཆོག་བཟང་། གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཡབ་ལྷ་རིགས་འཇམ་དབྱངས་རྒྱལ་མཚན། སྲས་ལྷ་བཙུན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་དབང་པོའི་སྡེ། བྱང་བདག་ངག་གི་དབང་པོ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། ཆོས་རྗེ་སངས་རྒྱས་དཔལ་བཟང་། མེ་སྟོན་ནམ་མཁའ་རྒྱལ་མཚན། སྔགས་འཆང་ཤཱཀྱ་བཟང་པོ། ལེགས་ལྡན་རྗེ་མན་གོང་ལྟར་རོ། ༈ །སློབ་དཔོན་ཆེན་


GLG002_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནུབ་ཕྱོགས་སྲིན་ཡུལ་ལ་གཤེགས་ཁར་དབུ་རྩེ་རིགས་གསུམ་གྱི་རྣམ་སྣང་ཐུགས་ཀར་ཕྱག་མཛུབ་གཏད་དེ་གསུངས་པ་དང་ར་སར་ཇོ་བོ་ཤཱཀྱ་མུ་ནེའི་ཐུགས་ཀར་ཕྱག་མཛུབ་གཏད་དེ་གསུངས་པ་སོགས་ཀྱི་མཐར་རིམ་གྱིས་གུང་ཐང་རྒྱལ་པོའི་དོན་དུ་ཕྱོགས་བཞི་མཚམས་བཞིར་གཏེར་སྦས་ཚུལ་སོགས་བསྟན་པའི་ཞལ་ཆེམས་ཐུགས་ཀྱི་ཐིགས་པ། བྲག་རི་དུག་སྦྲུལ་སྤུངས་འདྲ་ནས་ནོར་གཏེར་ཆོས་གཏེར་འདོན་པའི་ཁ་བྱང་གཏེར་གྱི་བང་མཛོད། རི་བོ་བཀྲ་བཟང་ནས་གཏེར་འདོན་པ་དང་བྲག་རི་དུག་སྦྲུལ་སྤུངས་འདྲའི་གཏེར་འདོན་པའི་དུས་དང་གུང་ཐང་རྒྱལ་པོར་བསོད་ནམས་ཇི་ཙམ་འབྱུང་སོགས་བསྟན་པ་ལམ་བྱང་གསལ་བའི་སྒྲོན་མེ། སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷ་སྦྱིན་དང་བདུད་ཀྱིས་སྨོན་ལམ་ངན་པ་བཏབ་པའི་རྟེན་འབྲེལ་གྱིས་མ་འོངས་པ་ན་གུང་ཐང་རྒྱལ་པོ་ལ་བར་གཅོད་འབྱུང་བའི་རྒྱུ་རྐྱེན་ལུང་བསྟན་དང་བྲག་རི་དུག་སྦྲུལ་སྤུངས་འདྲ་ནས་མཛོད་ལྔ་འདུས་པའི་ཟབ་གཏེར་འདོན་ཚུལ་དང་གུང་ཐང་དུ་རིན་པོ་ཆེའི་ཁྲི་ལ་གཏེར་སྒྲོམ་བཞག་སྟེ་ལས་ཕུར་རྒྱལ་པོ་ལ་གཏུགས་པས་བར་གཅོད་ཞི་ཞིང་གསེར་གྱི་བཀའ་ཡིག་བཏབ་པའི་ཤོག་སེར་སྒྲོག་པ་སོགས་བསྟན་པ་སྙིང་བྱང་རྒྱས་པ་གནད་ཀྱི་ཐེམས་བུ། གུང་ཐང་རྒྱལ་པོའི་དོན་དུ་གུང་ཐང་གི་ཕྱོགས་བཞིར་དགྲའི་བླ་བྱང་གི་སྟེང་དུ་བྱང་ཆེན་མཆོད་རྟེན་བཞེངས་ཏེ་བར་གཅོད་འདུལ་བའི་ཐབས་སོགས་བསྟན་པ་སྙིང་བྱང་འབྲིང་པོ་ཐུགས་རྗེའི་འོད་ཟེར། གུང་ཐང་རྒྱལ་པོའི་སྐྱེ་བརྒྱུད་ལུང་བསྟན་འཛེང་བྲག་དཀར་པོའི་རྡོ་རིང་གཏེར་ཚབ་དང་གུང་ཐང་རྒྱལ་པོའི་ཕོ་བྲང་གི་ཕྱོགས་བཞིར་བདུད་གནོན་པའི་ཐབས་སོགས་བསྟན་པ་སྙིང་བྱང་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་རྣམས་


GLG002_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་བརྒྱུད་པ་ནི། དཔལ་ཨོ་རྒྱན་ཆེན་པོ། ལྷ་སྲས་མུ་ཁྲི་བཙན་པོ། གཏེར་སྟོན་བཟང་པོ་གྲགས་པ། རིག་འཛིན་དངོས་གྲུབ་རྒྱལ་མཚན། སྔགས་འཆང་རྡོ་རྗེ་དཔལ། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། ཆོས་རྗེ་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། རིག་འཛིན་ལེགས་ལྡན་རྡོ་རྗེ། བླ་ཆེན་སྒྲོ་ཕུག་པ། སྔགས་འཆང་ཚེ་རིང་དབང་པོ། རང་གྲོལ་ཀླུ་སྒྲུབ་དབང་པོ། ཟུར་ཆེན་ངག་དབང་ཕུན་ཚོགས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། ༈ །རྒྱང་ནས་གཏེར་གྱི་ལམ་ཡིག་བྱུང་ཚུལ་མཇུག་ན་བོད་ཁམས་བདེ་ཞིང་དར་བར་ཤོག་ཅེས་པ་ཡོད་པ་གཏེར་སྟོན་བཟང་པོ་གྲགས་པས་མཛད་པ་ཐོབ་པའི་བརྒྱུད་པ་ནི། ལེགས་ལྡན་རྗེ་ཡན་གོང་ལྟར་ལ། དེ་ནས་ཆོས་རྒྱལ་མང་གའི་མཚན་ཅན། རིག་འཛིན་ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཐུན་དྲུག་གཡེལ་བ་མེད་པའི་ཉམས་ལེན་ལ་བརྟེན་ནས་རྒྱལ་དབང་པདྨའི་བྱིན་རླབས་སྙིང་ལ་འཇུག་པར་བྱེད་པའི་གསོལ་འདེབས་ལེའུ་བདུན་པའི་སྐོར་ལ། དཔལ་བསམ་ཡས་སུ་དགེ་སློང་ནམ་མཁའི་སྙིང་པོ། བཙད་པོ་ཁྲི་སྲོང་ལྡེ་བཙན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྷ་སྲས་མུ་ཁྲི་བཙན་པོ་དང་ལྔས་རིན་པོ་ཆེའི་མཎྜལ་ཕུལ་ནས་གསང་སྔགས་ཀྱི་ལྷ་རྣམས་ཀྱི་ཐུགས་དམ་སྐོང་ཞིང་གུ་རུ་ཉིད་ཀྱི་བྱིན་རླབས་འཇུག་པའི་གསོལ་འདེབས་ཚིག་ཉུང་དོན་འདུས་པ་ཞིག་ཞུས་པ་བླ་མ་སྐུ་གསུམ་མ། ཚངས་པ་ལྷའི་མེ་ཏོག་གིས་བདེ་གཤེགས་ཀུན་གྱི་བྱིན་རླབས་འཇུག་ཅིང་ཚེ་འདིར་བར་


GLG002_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་སེལ་བ་དང་ཕྱི་མ་མཆོག་གི་དངོས་གྲུབ་ཐོབ་ཕྱིར་ཞུས་པ་བསྟན་པ་རྨད་བྱུང་མ། ཇོ་མོ་མཁར་ཆེན་བཟས་དད་ལྡན་རྣམས་ཀྱིས་བོད་ཡུལ་ནས་གསོལ་བ་བཏབ་པས་སླར་ཨོ་རྒྱན་མཁའ་འགྲོའི་གླིང་ནས་བྱོན་ཏེ་བྱིན་གྱིས་རློབ་ཕྱིར་ཞུས་པའི་ཉི་མ་ལྷོ་ནུབ་མ། དགེ་སློང་ནམ་མཁའི་སྙིང་པོས་སྣང་བ་ལྷ། སྒྲ་སྔགས། རྟོག་པ་ཆོས་ཉིད་དུ་གྲོལ་བའི་ཆེད་དུ་བརྒྱུད་འདེབས་སུ་ཞུས་པ་སྤྲོས་བྲལ་བདེ་ཆེན་མ། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་མ་འོངས་པའི་འགྲོ་བ་རྣམས་མོས་གུས་ཡིད་ཆེས་བསྐྱེད་ཕྱིར་རྣམ་ཐར་གྱི་ཚུལ་དུ་ཞུས་པའི་གསོལ་འདེབས་སིནྡྷུ་རྒྱ་མཚོ་ཆེ་བ། ལྷ་སྲས་མུ་ཁྲི་བཙན་པོས་དུས་ངན་སྙིགས་མའི་སེམས་ཅན་ལ་ཐུགས་རྗེས་གཟིགས་ཤིང་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་དུ་ཞུས་པ་སིནྡྷུ་རྒྱ་མཚོ་ཆུང་བ། འཁོར་གྱིས་ཞུ་བ་པོ་ལྔས་གསོལ་འདེབས་ཀྱི་གདངས་ཇི་ལྟར་བྱ་བའི་ཚུལ་ཞུས་པའི་གསོལ་འདེབས་ང་ཡི་རྗེས་འཇུག་མ་སྟེ་གསོལ་འདེབས་ལེའུ་བདུན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་གསོལ་འདེབས་ཀྱི་རྟེན་བསྐྱེད། ང་ཡི་རྗེས་འཇུག་མའི་ཁ་སྐོང་ཞེས་གསུང་སྔོན་གྱི་ཐུགས་དམ་མ། བརྒྱུད་འདེབས་ཆེ་བ་པདྨ་འོད་ཀྱི་གཞལ་ཡས་མ། ཆུང་བ་རྣམ་དག་སྐུ་previous hit གསུམ་མ་རྣམས་ཐོབ་པའི་བརྒྱུད ་པ་ནི། ཆོས་སྐུ་འོད་དཔག་མེད། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་ཨོ་རྒྱན་ཆེན་མོ། གནུབས་ནམ་མཁའི་སྙིང་པོ། ཚངས་པ་ལྷའི་མེ་ཏོག །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྷ་སྲས་མུ་ཁྲི་བཙན་པོ། གཏེར་སྟོན་བཟང་པོ་གྲགས་པ། རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ། གུང་ཐང་ཆོས་རྒྱལ་རྣམ་གསུམ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། ཆོས་


GLG002_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སངས་རྒྱས་དཔལ་བཟང་། དེ་ལ་ལྡོང་སྟོན་ཆོས་རྒྱལ་བསོད་ནམས་དང་མ་སྟོན་ནམ་མཁའ་རྒྱལ་མཚན་གཉིས་ཀས་གསན། གཉིས་ཀས་རྗེས་སུ་བཟུང་བ་ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ཆེན་པོ་ངག་གི་དབང་པོ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཡང་ན་གཏེར་སྟོན་ཡབ་སྲས་གཉིས་ཀྱི་རྗེས་སུ་རིག་འཛིན་སངས་རྒྱས་བྱམས་བཟང་། སེ་སྟོན་ཉི་མ་བཟང་པོ། སེ་སྟོན་མགོན་པོ་བཟང་པོ། སེ་སྟོན་རིན་ཅེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་མན་སྔར་བཞིན་ནོ། །ཡང་ན་གཏེར་སྟོན་ཡབ་སྲས་ནས། ཀུན་སྤངས་དོན་ཡོད་རྒྱལ་མཚན། བརྒྱུད་འཛིན་བསོད་ནམས་མཆོག་བཟང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། བྱང་སེམས་ཀུན་དགའ་ཉི་མ། དྲན་མཆོག་སངས་རྒྱས་བརྩོན་འགྲུས། བྱེ་ཚང་པ་རིན་ཅེན་དཔལ་འབྱོར། རྒྱལ་སྲས་སངས་རྒྱས་བདེ་ཆེན། རྗེ་བཙུན་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ལའོ།


previousཇོ་མོའི་ཉམས་ལེན་སྐོར་དགུའམ་ཟབ་པ་སྐོར་དགུར་གྲགས་པའི་ལུང་ཇི་ལྟར་ནོས་པའི་སྐོར།no next