Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
གཏེར་སྟོན་པདྨ་གླིང་པས་སྤྱན་དྲངས་པའི་རྒྱས་པ་དྲག་པོ་དམར་ཆེན་གྱི་སྐོར།
 
 
 
  
15   
 
10   
 
 
 
 
expand section
  
 
 
  
 
26   
 
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousགཏེར་སྟོན་པདྨ་གླིང་པས་སྤྱན་དྲངས་པའི་རྒྱས་པ་དྲག་པོ་དམར་ཆེན་གྱི་སྐོར།next

གཏེར་སྟོན་པདྨ་གླིང་པས་སྤྱན་དྲངས་པའི་རྒྱས་པ་དྲག་པོ་དམར་ཆེན་གྱི་སྐོར།


GLG004_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམས་བྱང་ལས། ཁྱད་པར་དྲག་པོ་ཐུགས་སྒྲུབ་མཆོག༔ ཁ་ཚང་དོན་འདྲིལ་ཡང་ཟབ་འདི༔ འདི་ནས་ལྷོ་མོན་བུམ་ཐང་གི༔ རྡོ་རྗེ་བརྩེགས་པའི་བྲག་ལོགས་ལ༔ གཏེར་དུ་སྦས་ཤིང་རྒྱ་ཡིས་བཏབ༔ ཅེས་པ་ལྟར་སྤྲུལ་སྐུ་པདྨ་གླིང་པས་ལྷོ་མོན་བུམ་ཐང་རྡོ་རྗེ་བརྩེགས་པའི་བྲག་ནས་སྤྱན་དྲངས་པའི་རྒྱས་པ་དྲག་


GLG004_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དམར་ཆེན་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ། དབང་ཆོག་ནོར་བུའི་འཕྲེང་བ་རེག་པ་དོན་ལྡན་གྱི་སྟེང་ནས་འཇུག་པ་སྔོན་དུ་འགྲོ་བའི་རང་གྲོལ་ཅོད་པན་གྱི་དབང་། བུམ་པ། བདུད་རྩི། རྡོར་དྲིལ་གྱིས་ཕྱི་ནང་གསང་གསུམ་སྒྲུབ་པའི་དབང་། སོ་སོའི་སྐུ་འབག་རྫས་དང་བཅས་པས་གོ་ཆའི་ལྷ་དབང་། ཁྱུང་དབང་། འཆི་མེད་ཚེ་དབང་། སྔགས་དབང་། དྲག་པོ་གཏོར་མའི་དབང་རྣམས་གནས་བཞིར་བསྐུར་བའི་བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་དང་བཅས་པ། ཐེམས་མེད་ལྷ་དབང་ཆེན་མོ་གཏེར་སྟོན་གྱིས་ཆོག་སྒྲིགས་མཛད་པའི་སྟེང་ནས་དཀྱིལ་འཁོར་དུ་འཇུག་པ་བྱིན་འབེབས་སོགས་གོང་མ་ལས་རྒྱས་ཤིང་ཚེ་དཔག་མེད་ཀྱི་དབང་ཡན་ཕྱོགས་འདྲ་ཕྱག་ལེན་རྒྱས་པ་ལ། དེ་ནས་སྲས་མཆོག་རིགས་བཞི། ཁྲོ་བོ་བཅུ། ཀཱི་ལ་ཡ་མཆེད་བཞི། སྒོ་མ་རྣམས་ཀྱི་ལྷ་དབང་། སྔགས་དབང་གཏོར་དབང་གཉིས་ཕྱོགས་འདྲ་དང་བཅས་པ་སྨིན་རྒྱས་སུ་ནོས་ནས། རྒྱབ་རྟེན་ལུང་ལ། ཐེམས་ཅན་དངོས་བསྟན། ཐེམས་ནས་ཤུགས་ལས་ཐོན་པའི་ཡིག་ཆུང་། ཐེམས་མེད་དང་གསུམ། དང་པོ་ནི། ཆོས་བཀའ་རྣམས་མི་འཆལ་བར་བྱ་བའི་ཐེམས་བྱང་དཀར་ཆག་གཤིན་རྗེ་དཀར་པོས་བཀའ་འདི་སྲུངས་ཞེས་པའི་མཐའ་ཅན། དེ་ལས་བསྟན་པའི་ཆོས་སྡེ་ལ་ཡིད་ཆེས་བསྐྱེད་པའི་ལོ་རྒྱུས། སྤྱི་བྱེ་བྲག་གི་སྒྲུབ་པ། སྨིན་བྱེད་དབང་ཆོག་ཀུན་འགེབས་ལས་ཚོགས་དང་བཞི། དང་པོ་ནི། ལོ་རྒྱུས་རྒྱས་པའི་གླང་ལོ་སྤྲེལ་ཟླའི་ཉ་ལ་ཡི་གེར་བྲིས་ནས་རྡོ་རྗེ་བརྩེགས་པའི་གུར་དུ་སྦས་པ་ཕྲད་ཤོག་གི་མཐའ་ཅན། གཉིས་པ་སྤྱི་བྱེ་བྲག་གི་སྒྲུབ་པ་ལ། ཕྱི་སྒྲུབ་ཡོན་ཏན་ཀུན་འབྱུང་རྫོགས་བྱང་གི་མཐའ་ཅན། ནང་སྒྲུབ་རྡོ་རྗེའི་འཕྲེང་བ་རྫོགས་བྱང་གི་མཐའ་ཅན། གསང་བ་དྲིལ་སྒྲུབ་སྤུ་གྲི་འབར་བ་སྐལ་ལྡན་འགའ་རེ་མ་གཏོགས་


GLG004_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་མི་སྤེལ་བ། དེའི་ཡིག་ཆུང་དྲག་པོ་རེག་ཆོད་ཀྱི་སྤུ་གྲི་ཁ་ཚང་དོན་འདྲིལ་གྱི་གདམས་པ་རྡོ་རྗེའི་བྲག་ལ་གཏེར་དུ་སྦས་པ། ཐེམས་མེད། ཡང་གསང་བླ་མ་དྲག་པོ་རྩལ་གྱི་སྐུ་རྐྱང་གཅིག་གི་སྒྲུབ་པ། བཅུ་ཐུབ་བརྒྱ་རུ་བསྲིང་ནུས་ཚེ་དཔག་མེད་ཀྱི་སྒོས་སྒྲུབ་སྐལ་ལྡན་གཅིག་དང་ཕྲད་ཤོག་གི་མཐའ་ཅན། ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ་པ་འཇམ་དཔལ་སྒོས་སྒྲུབ་ལས་ཅན་གཅིག་དང་ཕྲད་ཤོག་གི་མཐའ་ཅན། པེ་ཧར་དམ་སྲི་དྲེགས་པ་བརྒྱལ་ཞིང་འབྲོས་པ་རྟ་མགྲིན་དབང་ཆེན་སྒོས་སྒྲུབ་ལྡན་གཅིག་དང་ཕྲད་ཤོག་གི་མཐའ་ཅན། ཟླ་བ་གཅིག་གིས་ཞལ་མཐོང་བར་འགྱུར་བ་ཕྱག་རྡོར་སྒོས་སྒྲུབ་ཚིག་ཉུང་དོན་ཆེའི་ཁྱད་ཆོས་ལས་ཅན་གཅིག་ལ་ཕྲད་ཤོག་གི་མཐའ་ཅན། མཆོག་ཐུན་དངོས་གྲུབ་སྟེར་བ་མཁའ་འགྲོའི་སྒོས་སྒྲུབ་སྙིང་གི་བུ་དང་ཕྲད་ཤོག་གི་མཐའ་ཅན། ཚངས་པ་ཡིན་ཡང་ཚར་གཅོད་པ་ཡཀྴ་མེ་དབལ་གྱི་སྒོས་སྒྲུབ་དམ་ཚིག་ཏུ་ལུས་དང་མ་བྲལ་གལ་ཆེ་བའི་མཐའ་ཅན། མཛེས་ཐོ་ལུམ་དུ་སོང་ཡང་སོས་པ་ཁྱུང་གི་སྒོས་སྒྲུབ་ལས་ཅན་གཅིག་དང་ཕྲད་ཤོག་གི་མཐའ་ཅན། གཟུགས་མེད་ལྷ་འདྲེ་སྐད་ངན་འདོན་པ་སྡིག་པའི་སྒོས་སྒྲུབ་པད་མའི་མིང་ཅན་དང་ཕྲད་ཤོག་གི་མཐའ་ཅན། ཞི་རྒྱས་དབང་དྲག་གི་ལས་རྣམས་སྒྲུབ་པ་དཔའ་བོ་རིགས་བཞིའི་སྒྲུབ་པ་པད་མའི་མིང་ཅན་དེ་དང་ཕྲད་ཤོག་གི་མཐའ་ཅན། རྩ་བ་གསུམ་གྱི་སྒྲུབ་པ་གང་བྱེད་ཀྱང་ཡིད་ཆེས་གྲུབ་རྟགས་སྟོན་པ་བརྡ་རྟགས་གསལ་བའི་སྒྲོན་མེ་རྣམས། གསུམ་པ་སྨིན་བྱེད་དབང་ཆོག་ལ། དབང་བཤད་ཀྱི་ལོ་རྒྱུས་བསྡུས་པ་ཡེ་ཤེས་འཚོ་རྒྱལ་གྱིས་པདྨའི་བཀའ་བཞིན་ཡི་གེར་བྲིས་ནས་གཏེར་དུ་སྦས་པ་ཕྲད་ཤོག་གི་མཐའ་ཅན། དབང་ཆོག་ནོར་བུའི་འཕྲེང་བ་རེག་པ་དོན་ལྡན་དྲག་པོ་ཐོད་འཕྲེང་དབང་ཆོག་རྫོགས་


GLG004_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གི་མཐའ་ཅན། དྲག་པོའི་ལས་བྱང་མེ་ལྕེའི་འཕྲེང་བ་རྣམས། བཞི་པ་ཀུན་འགེབས་ལས་ཚོགས་ལ། དགྲ་བགེགས་འབྱུང་པོ་ཞི་བའི་སྤྱིན་སྲེག་དང་པོའོའི་མཐའ་ཅན། པུཥྚིཾ་ཀུ་རུའི་སྔགས་ཡོད་པའི་ཚེ་དང་བསོད་ནམས་རྒྱས་པའི་སྦྱིན་སྲེག་གཉིས་པའོའི་མཐའ་ཅན། ཁམས་གསུམ་དབང་སྡུད་པའི་སྦྱིན་སྲེག་ལས་རིམ་རྫོགས་སོའི་མཐའ་ཅན། དྲེགས་པ་ཚར་གཅོད་དྲག་པོའི་སྦྱིན་སྲེག་མེ་མཆོད་ལས་རིམ་མོའི་མཐའ་ཅན། དྲག་པོའི་མེ་ཧོམ་རང་འབར་ལས་རིམ་རྫོགས་སོའི་མཐའ་ཅན། མི་རྒོད་ཇག་པ་འཆིང་བ་ལས་འཕྲོ་ཅན་གྱིས་སྤྱོད་པ་ཤོག་གི་མཐའ་ཅན། གཟུང་མ་དབང་དུ་སྡུད་པ། ཕན་ཆ་བསྲུང་བའི་འཁོར་ལོ་འཛམ་གླིང་ན་དཀོན་པ། རྒྱལ་བསེན་སྲོག་འཁོར་བྲིས་ནས་གཅུན་པ། བགེགས་ཆེན་གཏུམ་པོ་ཤི་ས་བསྟན་པ། སྡེ་བརྒྱད་སྤྱི་བསྲུང་བ་བགེགས་བསྲུང་འཁོར་ལོ། བན་སྔགས་ནག་པོ་གླང་སྙིང་གི་རྦད་འདྲེ་རྦོད་གཏོང་ཟློག་པ། དྲག་པོའི་གཏོར་མས་༼དར༽དགྲ་བགེགས་གསད་པ། ཐེམས་མེད། བགེགས་ཆེན་གཏུམ་པོ་གོང་གི་བཟླས་པས་མ་ཤི་ན་དྲག་པོའི་ལས་ཀྱི་དམ་སྲི་རྒྱལ་བསེན་གསད་པ། ཆུང་སྲི་མནན་ཅིང་རིལ་བུ་དང་འཁོར་ལོས་བྱིས་པ་སྲིའུ་གསོ་བ། རྫས་སྔགས་ཀྱིས་སྲིད་པའི་༼དར༽རིགས་བརྒྱུད་སྤེལ་བས་རིགས་བརྒྱུད་སྤྲུལ་སྐུ་འབྱུང་བར་འགྱུར་བ། མཛེ་ནད་ཙི་ཙི་ཛྭ་ལ་གསོ་ཐབས་གཟུངས་ཆོག་མཛེ་གསོ་འཁོར་ལོ། ཀུན་གྱི་སྔོན་འགྲོ་ཆབ་གཏོར་ནད་སེལ། བྱབ་གཏོར་མཛེ་ནད་གསོ་བ། དེས་ཀྱང་བསོས་པར་མ་གྱུར་ན་དྲག་པོའི་མཐའ་འདུལ་བྱ་བ། ཆུ་འཁྱགས་སེར་བ་བསྲུང་བ། དྲག་སྒྲུབ་ཆར་འབེབས་ལས་མཐའ་ཡཀྴ་མེ་དབལ་ལ་བརྟེན་ནས་ཟས་ནོར་སྒྲུབ་པ་དངོས་གྲུབ་ཚོགས་བདག །འགལ་བྱེད་ཀླུ་ལ་གཏད་པ། ཆུ་འཁྱགས་སེར་བ་དབབ་པ། དྲག་པོ་ཐོག་གིས་བསད་པ།


GLG004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཚེའི་སྒྲུབ་ཐབས། འདི་བུམ་པ་གཏོར་མ་སོགས་ལ་བརྟེན་པའི་དབང་ཡིན་འདུག་ཀྱང་དེང་སང་བསྐུར་རྒྱུན་ཆད་འདྲ། རང་དང་ཡི་དམ་དགྲ་གྲོགས་བརྩི་བ་སྔགས་ཀྱི་དེ་ཉིད་ཀུན་ལ་འགེབས་པ། ཞོ་ཆང་བསྲུང་བ། བཀའ་བསྲུང་དྲག་པོ་སྡེ་གསུམ་གྱི་གསང་སྒྲུབ་བསྟན་པ་བསྲུང་བའི་ལྕགས་རི། དྲག་པོ་སྡེ་གསུམ་གྱི་བཀང་གསོ་གསོལ་ཁ་བསྟོད་བསྐུལ་རྦད་པ་དང་བཅས་པ་རྣམས། །ཐེམས་བྱང་དུ། དུམ་བུ་བཞི་བཅུ་ཞེ་ལྔ་ཡིས༔ དྲག་པོ་སྒྲུབ་པའི་སྐོར་རྣམས་ཚང་༔ ཞེས་པ་དངོས་བསྟན་གྱི་སྟེང་དུ་ལྐོག་ཡིག་ཐེམས་སུ་མི་གསལ་བ་ཁ་ཡར་དང་བཅས་པའོ། །གཉིས་པ་ཐེམས་ནས་ཤུགས་བསྟན་ཡིག་ཆུང་ལ། གོ་ཆའི་ཡིག་ཆུང་རིན་ཅེན་འདུས་པ་དང་ལས་ཚོགས་ཀྱི་ཡིག་ཆུང་སྟེ་གཉིས། དང་པོ་ལ། ཚེ་དཔག་མེད་ཀྱི་ཡིག་ཆུང་གཞུང་ལྟར་མ་ནོར་བར་ཤེས་པར་མཛོད་ཀྱི་མཐའ་ཅན། འཇམ་དཔལ་ཡིག་ཆུང་གཞུང་ན་ཡོད་པ་ལྟར་བྱའོའི་མཐའ་ཅན། རྟ་མགྲིན་ཡིག་ཆུང་གཞུང་དང་མཐུན་པར་བྲིས་ཀྱི་མཐའ་ཅན། ཕྱག་རྡོར་ཡིག་ཆུང་གཞུང་གི་སྒྲུབ་ཐབས་ལྟར་བྱའོའི་མཐའ་ཅན། མཁའ་འགྲོ་སྡེ་ལྔའི་ཡིག་ཆུང་བསྡུ་ཆོག་ལ་སོགས་པ་གཞུང་ལྟར་བྱའི་མཐའ་ཅན། མེ་དབལ་ཡིག་ཆུང་གཞན་རྣམས་བྱ་ཐབས་གཞུང་ལྟར་རོའི་མཐའ་ཅན། ཁྱུང་གི་ཡིག་ཆུང་རྗེས་ཀྱི་བྱ་བ་གཞུང་ལྟར་བྱེད་ལས་ཅན་བུ་ཡིས་ཉམས་སུ་ལོང་ཞིག་གི་མཐའ་ཅན། སྡིག་པའི་ཡིག་ཆུང་མཇུག་གི་བྱ་བ་གཞུང་དང་མཐུན་ཞེས་དང་དྲག་པོ་གོ་ཆའི་ལྷ་རྣམས་ཀྱི་ཞེས་སོགས་ཕྲད་ཤོག་གི་མཐའ་ཅན་རྣམས། གཉིས་པ་ལས་ཚོགས་ཡིག་ཆུང་ལ། ཆོ་ག་གཞུང་ལྟར་ལེགས་པར་མཛོད་ཅིག་པ་ཞི་བའི་སྦྱིན་སྲེག་གི་ཡིག་ཆུང་། ཚེ་དང་ལོངས་སྤྱོད་རྒྱས་པར་འགྱུར་བ་རྒྱས་པའི་སྦྱིན་སྲེག་གི་ཡིག་ཆུང་། རྗེས་ཀྱི་བསྡུ་ཆོག་གཞུང་ན་གསལ་བ་


GLG004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་སྦྱིན་སྲེག་གི་ཡིག་ཆུང་། དེ་ནས་བསྡུ་ཆོག་གཞུང་ལྟར་བྱ་བ་དྲག་པོའི་སྦྱིན་སྲེག་གི་ཡིག་ཆུང་། གཞུང་ན་ཡོད་པ་ལྟར་ཤེས་པར་བྱ་བ་མེ་ཧོམ་རང་འབར་གྱི་ཡིག་ཆུང་། ལག་ལེན་མ་ནོར་བ་གནད་དུ་ཆེ་བ་ཇག་འཆིང་ཡིག་ཆུང་། གཞུང་དང་བསྟན་ནས་ཉམས་སུ་ལོང་ཞིག་པ་རིག་མ་འགུགས་པའི་ཡིག་ཆུང་། འདི་ལས་ཟབ་པ་པདྨ་བདག་གིས་བསྒྱུར་བ་མེད་པ་ཕན་ཆ་བསྲུང་བའི་ཡིག་ཆུང་། རྒྱལ་བསེན་སྲོག་འཁོར་གྱི་ཡིག་ཆུང་སྡེ་བརྒྱད་བྲན་དུ་འཁོལ་བའི་མཐའ་ཅན། སྙིང་འགས་པར་འགྱུར་བ་གཏུམ་པོའི་ཤི་ས་བསྟན་པའི་ཡིག་ཆུང་། བུས་ཉམས་སུ་ལོང་ཞིག་པ་བགེགས་བསྲུང་འཁོར་ལོའི་ཡིག་ཆུང་སྡེ་བརྒྱད་སྤྱི་བསྲུང་དུ་གྲགས་པ། རྦད་འདྲེ་རྦོད་གཏོང་ཟློག་པའི་ཡིག་ཆུང་སྙིང་གི་བུ་ལ་ཕྲད་ཤོག་ཅན། ཕྱག་ལེན་འཛོམ་པའི་གདམས་ངག་གཅེས་པ་གཏོར་མས་དགྲ་བགེགས་བསད་པའི་ཡིག་ཆུང་། གཞན་རྣམས་བྱ་ཐབས་གཞུང་ན་གསལ་བ་དྲག་པོ་གསད་པའི་ལས་མཐའ། གཏང་རག་མངའ་གསོལ་གཞུང་ལྟར་བྱ་བ་བྱིས་པ་སྲིའུ་གསོ་བའི་ཡིག་ཆུང་། ལྟེ་བསྒྱུར་ཟླ་མཚན་ཆད་དུས་བཟང་བ་སྲིད་ཕུར་འབེབས་པའི་ཡིག་ཆུང་། བསྡུ་ཆོག་གཞུང་ལྟར་བྱ་བ་ཆབ་གཏོར་ཡིག་ཆུང་། སངས་ཏེ་འབུད་པར་ཐེ་ཚོམ་མེད་པ་བྱ་བ་གཏོར་ནད་པ་གསོ་བའི་ཡིག་ཆུང་གཞུང་ལྟར་ཤེས་པར་བྱ་བ་དྲག་པོ་མཐའ་འདུལ་གྱི་ཡིག་ཆུང་། ཐུན་བཅས་ཕུར་པ་བཅིང་བ་སེར་བ་བསྲུང་བའི་ཡིག་ཆུང་། བྱ་ཐབས་གཞུང་ན་གསལ་བ་ཆར་དབབ་པའི་ཡིག་ཆུང་། རྗེས་ཀྱི་བྱ་བ་གཞུང་ལྟར་བྱེད་པ་ནོར་སྒྲུབ་ཡིག་ཆུང་། གཞུང་ན་ཡོད་པ་ལྟ་བུར་བྱ་ཞེས་པའི་ཀླུ་གཏད་ཡིག་ཆུང་། ཤིན་ཏུ་གཉན་པས་གསང་བར་བྱ་བ་སེར་འབེབས་ཡིག་ཆུང་། གཞུང་ལྟར་བྱས་པས་འགྲུབ་པ་ཐོག་འབེབས་ཡིག་ཆུང་རྡོ་རྗེའི་གུར་རིམ།


GLG004_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་འབེབས་༼དར༽གདམས་པའི་ཡང་ཡིག་གོའི་མཐའ་ཅན། མཆོད་བསྟོད་གཞུང་ལྟར་བྱ་བ་ཚེ་སྒྲུབ་ཡིག་ཆུང་རྣམས། ཙི་ཙི་ཛྭ་ལའི་གཟུངས་ཆོག །དགྲ་གྲོགས་བརྩི་བ། ཞོ་ཆང་བསྲུང་བ་གསུམ་ལ་ཡིག་ཆུང་མི་སྣང་ངོ་། །གཉིས་པ་ཐེམས་མེད་ལ་རིག་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱིས་༼དར༽བསྒྲིགས་པའི་ཐེམས་བྱང་། གུ་རུ་པདྨ་འབྱུང་གནས་ཕྱི་ལྟར་སྒྲུབ་པའི་ཡིག་ཆུང་ཐེ་ཚོམ་མེད་བཞིན་དུ་གྱིས་ཀྱི་མཐའ་ཅན། ནང་སྒྲུབ་ཀྱི་ཡིག་ཆུང་ཉི་ཟླའི་གའུ་ལྷ་ལྕམ་དང་འཚོ་རྒྱལ་གྱིས་ཡང་ཡང་ནན་གྱིས་ཞུས་པ། འགོར་བླ་མ་དྲག་པོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ་གཞན་མ་ཐམས་ཅད་གཞུང་ན་གསལ་ཞེས་ཡོད་པའི་གསང་སྒྲུབ་ཤོག་དྲིལ་སྨིན་གྲོལ་ཐོབ་པར་ཤོག་གི་མཐའ་ཅན། བཟླས་བརྗོད་སྔགས་ཀྱི་འཕྲོ་འདུ་དང་སྙིང་པོའི་སྒོམ་ཐབས་གསལ་བའི་ཤོག་དྲིལ་འདི་མེད་ཁོག་པའི་སྙིང་དང་འདྲ་བ། ཕྱི་ནང་གསང་གསུམ་གཅིག་ཏུ་དྲིལ་བའི་ཤོག་དྲིལ་ཕྱི་རབས་རྣལ་འབྱོར་དང་ཕྲད་ཤོག་གི་མཐའ་ཅན། དབང་སྡུད་ཀྱི་ཤོག་དྲིལ་རྣལ་འབྱོར་རིགས་བརྒྱུད་འཕེལ་ཞིང་སྐུ་ཚེ་རིང་བར་བྱ་ཐབས། འཚོ་རྒྱལ་གྱིས་ཕྱི་རབས་དོན་དུ་སིདྡྷི་བཤད་པའི་ནོར་སྒྲུབ་ཕྲད་ཤོག་གི་མཐའ་ཅན། བསྲུང་བཟློག་གསང་གསུམ་གྱི་མན་ངག་ཁྲོ་བཅུའི་སྒོམ་བཟླས་བཀའ་བཞིན་ཉན་པའི་མཐའ་ཅན། ཁྲོ་བཅུའི་བསྲུང་བའི་ཡིག་ཆུང་རྡོ་རྗེའི་གོ་ཁྲབ་བམ་ཐེག་ཆེན་ཟིལ་གནོན་ཅུང་ཟད་འདྲི་ཞིང་བསྒོམ་པར་བྱའོའི་མཐའ་ཅན། ཁྲོ་བཅུ་རྒྱན་གྱི་ཤོག་དྲིལ་ཟློག་གསད་ཀྱི་མན་ངག་གུད་དུ་སྦས་པ་ལོག་ལྟ་བསྐུར་འདེབས་ཅན་ལ་གསོངས་ཤིག་གི་མཐའ་ཅན། བསྲུང་བ་དང་ཟློག་པའི་གོ་བགོ་བའི་ཕྱིར་ཁྲོ་བཅུ་རྒྱན་གྱི་ཤོག་དྲིལ་བསྟོད་པ་དང་བཅས་པ་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད་ཀྱི་མཐའ་ཅན། ཀླུ་འདུལ་ཁྱུང་


GLG004_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཤོག་དྲིལ་ང་ནི་དབང་དྲག་པདྨའི་སྐུ་སོགས་འཕྲིན་ལས་བཅོལ་པ་དང་བཅས་པ། སྡེ་བརྒྱད་འཁུ་ལྡོག་གཅུན་པའི་སྔགས་རྟགས་ཐུན་སྲེག་མནན་བསྟན་པའི་ཤོག་དྲིལ། ཡེ་ཤེས་འཚོ་རྒྱལ་དང་པདྨ་གསལ་གྱི་མཆིམས་ཕུར་ཞུས་པའི་བཀང་གསོ་༼དར༽དངོས་གྲུབ་ཀུན་འབྱུང་ནུབ་ཕྱོགས་བདེ་ཆེན་མ། དྲག་པོ་ལྕགས་སྡིག་གི་གསང་སྒྲུབ་༼དར༽བསྟོད་བསྐུལ་ཆོས་སྐུ་སྐྱེ་མེད་མ་དང་བཅས་པ་འདི་འགྲོ་བ་ཀུན་འདུལ་གྱི་དེ་དང་ཞུས་དག་ཕེར་བ་འདུག་ཀྱང་སོ་སོར་འགོད་པ་གསན་ཡིག་གི་རྒྱུན་ལ་སྣང་། ལིངྒ་འདྲི་པའི་ཡིག་ཆུང་གསོ་བྱེད་གྲི་གུག་གི་རྒྱ་ཅན། གཏོར་མས་དགྲ་བགེགས་བཟློག་པའི་ཡིག་ཆུང་༼དར༽ཞེས་པ་བཅོམ་ལྡན་རྡོ་རྗེ་དྲག་རྩལ་མ། འདིའི་འགོར་ཕུར་པ་དར་གྱི་ཅོད་པན་ཅན་ཞེས་པའི་ཚིག་འདུག་པ་དེ་གཞན་ཞིག་ནས་འཁྱར་བ་འདྲ། རྡོ་གཏོར་ཟབ་མོ་གནམ་ལྕགས་༼དར༽ཀྱི་ཐོག་དང་རི་གཟར་གྱི་རྦབ་ལྟ་བུ་མི་བཟད་གཏུམ་དྲག་མ་སྤྱི་དོན་གསུམ་པ། སྙན་གསན་ཕྱོགས་བཅུ་ནམ་མཁའ་མ། འབྲུབ་ཁུང་། དགུག་འདྲེན། ཐུགས་དམ་བསྐུལ་བ་ཨེ་ཚོགས་མ་དང་ཕོ་ཉ་བསྐུལ་བ་ལྷ་མོ་སླས་བྱན་མ། ལྷ་དབྱེ། སླར་ཡང་དམ་ཚིག་ཆེན་པོས་བསྐུལ་བ་ཉེས་པ་བསྒྲག་པ། གདབ་ཕུར། རྣམ་ཤེས་སྤར་བ། ཕུར་གདབ། མཚོན་གྱི་གཏུབ་པ། གཏུན་བརྡུང་བསྟབ་པ་བཅས་ཁྱོན་དྲིལ་བར་གདབ་ལས་༼དར༽གསད་པ་ལས་བཅུར་གྲགས་པ། གཟུ་དཔང་དུས་གསུམ་༼དར༽བདེ་གཤེགས་མ། གསེར་སྐྱེམས་དང་ཟོར་ལམ་༼དར༽དབྱེ་བ་ཤར་ཕྱོགས་དྲི་ཟ་མ། སྲིན་༼དར༽མོ་ཟ་ལམ་མ། སྣ་ཚོགས་རང་གྲོལ་གྱིས་མཛད་པའི་མདུན་བསྐྱེད། འདི་ལྟར་སྣང་གསལ་ཕྱོགས་སུ་གྲགས་ཀྱང་གཞན་ན་མ་གྲགས་པས་སྣ་ཚོགས་རང་གྲོལ་གྱིས་མཛད་པ་མིན་འདྲ། གདབ་ལས་ཁ་སྐོང་གཟུ་དཔང་སངས་རྒྱས་མ། འབྲུབ་ཁུང་བསྐྱེད་ཆོག །བླ་འགུགས་ཤར་ནས་ཅེ་སྤྱང་མ། ཐུན་གྱིས་གསད་པ། ཕུར་གདབ། བསྟབ་


GLG004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པ་རྩང་གྱེར་ཟོར་བསྐུལ་ཡེ་ཤེས་ལྷ་བསྐུལ་མ། དྲག་པོའི་དཀྱིལ་འཁོར་འདྲི་བའི་ལག་ལེན་ཕྲད་ཤོག་གི་མཐའ་ཅན། གཏོར་ཟློག་གི་ལག་ལེན་༼དར༽སྙིང་པོ་བསྡུས་པ་རྫོགས་བྱང་གི་མཐའ་ཅན། ཧོམ་ཆེན་དྲག་པོའི་སྦྱིན་སྲེག་ཅེས་མེ་ཧོམ་༼དར༽རང་འབར་གྱི་ཡིག་ཆུང་སྙིང་གི་ཐུགས་སྲས་དང་ཕྲད་ཤོག་གི་མཐའ་ཅན། གློ་བུར་ནད་པའི་དོན་དུ་བགེགས་བསྐྲད་ཤོག་དྲིལ་མན་ངག་ལས་ཅན་དང་ཕྲད་ཤོག་གི་མཐའ་ཅན། ཐེམས་སུ་མ་བསྟན་སྦས་ཤིང་གབ་པའི་བུམ་དབང་ཡིག་ཆུང་། ལྷ་དབང་ཆེན་མོའི་ཡིག་ཆུང་ཐུགས་ཀྱི་དབང་བཞིའི་འདུས་པ་གཏེར་སྟོན་གྱིས་མཛད་པ། དེས་མཛད་པའི་འགོར་ཡང་གསང་བླ་ན་མེད་པ་བླ་མ་དྲག་པོ་ཞེས་ཡོད་པའི་དབང་ཆོག་གཞུང་ལ་མཆན་ཡིག་རྒྱས་པར་བཀོད་པ་མཎྜལ་ཕུལ་ཞིག་པའི་མཐའ་ཅན། དངོས་གྲུབ་ལེན་ཆོག་སྔོན་བསྐལ་མ། བཤགས་པ་བདེ་གཤེགས་༼དར༽ཆོས་སྐུ་མ། འགྲོ་རྣམས་མུ་གེའི་བསྐལ་པ་ལས་ཐར་པ་ཆར་འབེབས་འགྲོ་དོན་གསུམ་པ་ཐུན་མོང་མིན་པ། གཟའ་ཀླུ་ཁ་སྦྱར་ཀྱི་ཆར་འབེབས་ཤིང་ཏུ་ཟབ་པ་འབྲི་གུང་ཆོས་རྒྱལ་ཕུན་ཚོགས་ཀྱི་ཆིག་བརྒྱུད་མ། ཟ་ཡིག་ནང་གསེས་ལ་༼དར༽རྒྱལ་པོའི་ནད་སྙིང་རླུང་ལ་ཕན་པའི་ཟ་ཡིག་འགོར་ཀ་དང་མཐའ་ཤཱ་ཡོད་པའི་ཡིག་འཕྲེང་བཅུ་དགུ །ངག་འགྲོལ་འགོར་ཨཱོཾ་དང་མཐའ་ཎ་ཡོད་པ་འཕྲེང་བདུན་མ། རང་ནུས་སྤར་ཞིང་གཞན་གྱི་ནུས་པ་ཤིག་པ་འགོར་ཁྱུ་དང་མཐའ་མ་ཡོད་པའི་འཕྲེང་བདུན་མ། བྱད་མ་ཁོ་རང་གི་སྲུང་མ་གཤེད་དུ་འབབས་པ་འགོར་ཁྲ་དང་མཐའ་བཱ་ཡོད་པའི་འཕྲེང་བདུན་མ། གནོད་བྱེད་བདུད་དུ་དབབ་པ་འགོར་ཧ་དང་མཐའ་ནཱ་ཡོད་པའི་འཕྲེང་གཉིས་མ། བྱད་མ་གནད་འབེབས་འགོར་བྲ་དང་མཐའ་བ་ཡོད་པའི་འཕྲེང་བཞི་མ། ཁོ་རང་གི་ཕོ་ཉ་ཁོ་རང་ལ་དབབ་པ་འགོར་ཨཱོཾ་དང་མཐའ་ན་ཡོད་པའི་


GLG004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བདུན་མ། སྲུང་མའི་ཡི་གེ་འགོར་ཚོམ་དང་མཐར་ན་ཡོད་པའི་འཕྲེང་བདུན་མ། གཤིན་རྗེ་གནད་བསྐུལ་འགོར་སྲ་དང་མཐར་བ་ཡོད་པའི་འཕྲེང་བདུན་མ། ཀླུ་བདུད་གཤེད་དབབ་འགོར་ར་དང་མཐར་བ་ཡོད་པའི་འཕྲེང་བདུན་མ། གཉན་སྲིན་ཟ་ཡིག་གྱ་གྱ་མ་གཟའ་རིགས་བརྒྱ་རྩ་གཅིག་ལ་ཕན་པ་ཚུ་ཀྲཽ་མ། ནམ་ལངས་ཀྱི་ཟ་ཡིག་ད་ཟ་འཕྲེང་གསུམ་མ། ཉི་ཤར་ཟ་ཡིག་བྷ་ཧ་འཕྲེང་གསུམ་མ། ཉིན་ཕྱེད་ཟ་ཡིག་ཏ་ན་འཕྲེང་གསུམ་མ། མུན་རུབ་ཟ་ཡིག་ཏེ་ཟ་འཕྲེང་གསུམ་མ། སྲོད་ཀྱི་ཟ་ཡིག་ཧཱུཾ་ཎ་འཕྲེང་གསུམ་མ། ནམ་ཕྱེད་ཟ་ཡིག་ཁོ་འཕྲེང་གཅིག་མ། ཐོ་རེངས་ཟ་ཡིག་ཨེ་འཕྲེང་གཅིག་མ། གཟའ་བརྒྱད་དམ་བཏགས་ཐི་ཤ་འཕྲེང་བརྒྱད་མ། ནམ་ཡིན་ཟ་བ་ཨཱོཾ་སྲི་འབྲུ་དགུ་མ། ཉིན་ཕྱེད་ཟ་བ་ཨཱོཾ་མ་འབྲུ་བཅུ་མ། ཕྱེད་ཡོལ་ཟ་བ་ཨཱོཾ་པ་འབྲུ་བདུན་མ། གདོང་མོ་བཞིའི་ཟ་ཡིག་ཀུ་ཏྲ་འབྲུ་བཅུ་དྲུག་མ། བསྲུང་བ་བཏགས་ཆོག་ཡ་ནས་ཡཱའི་འཕྲེང་བདུན་འབྲུ་བཞི་ཟུར་བཏགས་མ་དང་བཅས་པ། སྨྱོ་འདྲེ་འདུལ་ཐབས་སྡེ་བརྒྱད་གཅུན་པ་༼དར༽ཐུབ་པ་རྟགས་བྱུང་ན་གཟེར་སྔགས་ཞོག་གི་མཐའ་ཅན། ཆུང་འདྲེ་འདུལ་བ་ལྟོ་འཁོར་རྩིབས་བརྒྱད་མ་༼དར༽ལེའུ་ས་མཱ་ཡའི་མཐའ་ཅན། གཞན་གྱི་སྲིའུ་གསོ་བར་འདོད་ན་གསོ་ཐབས་༼དར༽མ་གཅིག་མཁའ་འགྲོ་འཚོ་རྒྱལ་གྱིས་མཛད་པ་འགྲོ་དོན་བྱེད་ཤོག་གི་མཐའ་ཅན། ཆུང་འདྲེ་བསྲུང་བའི་༼དར༽འཁོར་ལོ་སྲིའུ་བསྲུང་བའི་གདམས་པ་རྒྱའི་མཐའ་ཅན། བགེགས་ཆེན་གཏུམ་པོ་བསྲུང་བའི་༼དར༽ལིང་འཁོར་རྩིབས་བརྒྱད་པ་ཡན་ལག་ལྕགས་སྒྲོག་གིས་བསྡམ་མོའི་མཐའ་ཅན། དམ་ཅན་སྡེ་གསུམ་གྱི་སྒྲུབ་པའི་ཡིག་ཆུང་དུས་གནས་རྫས་སྦྱོར་བཞིས་བསྟན་པ་དགྲ་འཇོམས་ཐོ་བ། དེའི་སྒྲུབ་ཐབས་ཡང་ཡིག་ཆོ་འཕྲུལ་སྤྲེལ་ཐོད་མ། དྲག་པོ་གསུམ་དྲིལ་གྱི་སྐུ་


GLG004_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་དགྲ་ལིང་འདྲི་ལུགས་ཀྱི་གནད་བྱང་ཛ་རཾ་གྱིས་བསྐོར་རོའི་མཐའ་ཅན། བོད་རྦད་ཆོ་འཕྲུལ་སྲོག་ལས་གནད་འབེབས་རྣམས་ཀྱི་སྔགས་དང་༼དར༽སྐུ་གཟུགས་གསོ་བ་སོགས་སྟོན་པ་གནད་བྱང་རྫོགས་སོའི་མཐའ་ཅན། ལྷོ་ཕྱོགས་ཤེལ་ཁང་མ། རྒྱ་གར་དུར་ཁྲོད་མ། གཙང་གི་འུ་ཡུག་མ་གསུམ་བསྡོམས་པར་དྲག་པོ་སྡེ་གསུམ་གྱི་བསྐུལ་དུག་མདའ་ནག་པོར་གྲགས་པ་རྣམས་རྫོགས་པར་ནོས་པ་ལས། དར་གྱི་རྟགས་མེད་པའི་ཐེམས་ཅན་དངོས་བསྟན་གྱི་ལུང་དང་། དབང་ཆོག་རེག་པ་དོན་ལྡན་གྱི་དབང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་པདྨ་གླིང་པ། མི་འགྱུར་ཀུན་དགའ་དཔལ་བཟང་། ཆོས་རྒྱལ་འབྲི་གུང་རིན་ཆེན་ཕུན་ཚོགས། ཨཱ་ཙཪྻ་པ་ལའི་སྤྲུལ་པ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་ཀུན་དགའ་ཚེ་མཆོག །དྲུང་པ་དཀོན་ཅོག་རིན་ཆེན། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱི་སྐུ་སྐྱེ་གོང་མ། དབོན་ངག་དབང་ཡེ་ཤེས་གྲུབ་པ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་གྱི་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། ཡོལ་མོ་སྔགས་འཆང་ཤཱཀྱ་བཟང་པོ། རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ། འབྲི་གུང་ཟུར་བ་མན་འདྲ། ཡང་ན་གཏེར་སྟོན་ནས། ཆོས་ལུང་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར། ལ་ཡག་ནང་སོ་རྒྱལ་བ་དོན་གྲུབ། ཉ་རི་བན་གྲོང་གསང་སྔགས་རྡོ་རྗེ། རིག་འཛིན་ལེགས་ལྡན་རྡོ་རྗེ་མན་གོང་ལྟར་རོ། །དབང་གི་བརྒྱུད་པ་ལུགས་གཅིག་ནི། འབྲི་གུང་ཟུར་བ་ནས། དེ་སྲས་ཆོས་རྒྱལ་ཕུན་ཚོགས། རྗེ་དྲུང་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། ཆོས་རྗེ་རྣམ་


GLG004_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དེ་གཉིས་ཀ་ལ་བསྟན་འཛིན་གྲགས་པ། བསྟན་འཛིན་གྲགས་པ་དང་དབུ་མཛད་གཉིས་ཀ་ལ་པདྨ་འཕྲིན་ལས་ཀྱིས་གསན། དེ་ནས་སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། རྗེ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །དྲག་པོའི་ལྷ་དབང་ཆེན་མོའི་དབང་ཐེམས་ཅན་དར་གྱི་རྟགས་ཡོད་པ་དང་། ལས་ཚོགས་ཡིག་ཆུང་གཉིས་ལ་ཡོད་པའི་དར་གྱི་རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། སྤྲུལ་སྐུ་གསུང་སྤྲུལ་ནས། རྗེ་འཕྲིན་ལས་ལྷུན་གྲུབ། རིགས་འཛིན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་བསྟན་འཛིན་གྲགས་པ་ནས། མདོ་སྔགས་བསྟན་འཛིན། དེ་སྲས་འཕྲིན་ལས་ལྷུན་གྲུབ་མན་འདྲ། ཐེམས་ཅན་གྱི་གོ་ཆའི་ལྷ་རྣམས་ཀྱི་ཡིག་ཆུང་རིན་ཅེན་འདུས་པ། ལས་ཚོགས་ཀྱི་ཡིག་ཆུང་རིན་ཅེན་གསལ་སྒྲོན། དར་གྱི་རྟགས་མེད་པའི་ཐེམས་མེད་དང་བཅས་པའི་ལུང་བརྒྱུད་ནི། མངའ་རིས་རིག་འཛིན་ཆེན་པོ་ནས་སྒྲུབ་ཆེན་ཚེ་འཕེལ་བཟང་པོ། འདིས་དྲག་སྒྲུབ་མཐར་ཕྱིན་ཅིང་ལེགས་ལྡན་རྗེས་ཙི་དམར་བ་ཨར་ལ་གཏད་དུས་སྔགས་བཟླ་བ་སོགས་ཀྱི་ཕྱག་གཡོག་ཡིན་འདུག །འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས། ཀུན་དགའ་ཚེ་མཆོག་མན་འདྲ། ཡང་ན་ཀུན་དགའ་ཚེ་མཆོག་ནས། ཡབ་གཞོན་ནུ་དོན་གྲུབ་དེ་ལ་ཟུར་རྩ་བའི་བླ་མས་གསན། ཐེམས་མེད་ཀྱི་དར་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། གཏེར་སྟོན་ནས། ཞབས་དྲུང་དབུས་པ་རྟོགས་ལྡན་ཆོས་ཉིད་བཟང་པོ། སྔགས་འཆང་སངས་རྒྱས་དཔལ། སོ་བླ་མ་ཀུན་དགའ་ལྷུན་གྲུབ། གདུང་བརྒྱུད་པདྨ་འཕྲིན་ལས། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། རྗེ་འཕྲིན་ལས་ལྷུན་གྲུབ་མན་གོང་བཞིན་ནོ། །བུམ་ཐང་སྨད་ཀྱི་སྐྱིར་ཚོགས་སེང་གེ་ཁྱི་ཙོག་བྲག་ནས་གདན་དྲངས་པའི་འབྲིང་པོ་འགྲོ་བ་ཀུན་འདུལ་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ། དབང་ཆོག་གསང་བ་འདུས་པའི་སྟེང་ནས། འཇུག་


GLG004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔོན་དུ་འགྲོ་བའི་ཅོད་པན། བུམ་པ། ཐོད་པ། ཤེལ་དང་མེ་ལོང་། རྡོར་དྲིལ། གོ་ཆའི་ལྷ་སོ་སོའི་སྐུ་དང་རྫས་དབང་། ཚེ་གཏོར། འཕྲེང་བ། ཅང་ཏེ་ཐོད་ཁྲག །སྒྲུབ་གཏོར་རྣམས་ཀྱི་དབང་ནོས་ནས། རྒྱབ་རྟེན་ལུང་ལ། ལུང་བསྟན་༼ཟུར༽གསལ་བྱེད་སྒྲོན་མེ། འདི་སྣང་གསལ་ཕྱོགས་ཀྱི་རྒྱུན་ལ་དམར་ཆེན་ཐེམས་མེད་ཀྱི་ཁོངས་སུ་འདྲེན་ཞིང་ལྷོ་བརྒྱུད་ཕྱོགས་ཀྱི་གསན་ཡིག་ཚོར་ཡང་ཐེ་ཚོམ་དུ་མཛད་ཀྱང་། གཏེར་གནས་ལྷོ་མོན་བུམ་ཐང་ཕྱོགས༔ རྡོ་རྗེ་བྲག་གི་ལྷོ་ཕྱོགས་ན༔ རྩེ་ལུང་གཙུག་ལག་ལུང་པའི་མདའ༔ འོག་ན་གཙང་ཆབ་རྒྱ་མདུད་འཁྱིལ༔ སེང་གེ་འདྲ་བའི་བྲག་ལ་ནི༔ རྒྱ་རིམ་མདུན་གྱི་གཏུམས་ནས་སུ༔ ཞེས་དྲག་པོ་ཆུང་འབྲིང་གཉིས་ཀྱི་གཏེར་གནས་ངོས་འཛིན་དང་བཅས་ལྷན་ཅིག་སྦས་པར་གསལ་ལོ། །འགོར་བླ་མ་དྲག་པོའི་རྣལ་འབྱོར་པས་དྲག་པོའི་ལོ་རྒྱུས་བཤད་པར་བྱ་ཞེས་ཡོད་པའི་ལོ་རྒྱུས་དབང་བཤད་ཕྲད་ཤོག་གི་མཐའ་ཅན། འགོར་བླ་མ་དྲག་པོའི་རྣལ་འབྱོར་པས་དབང་གི་ལས་ཚོགས་བྱེད་པའི་ཕྱིར་ཞེས་ཡོད་པའི་དཀྱིལ་འཁོར་འདྲི་བའི་ལག་ལེན་ཕྲད་ཤོག་གི་མཐའ་ཅན། བླ་མ་དྲག་པོ་གསང་འདུས་ཀྱི་དབང་ཆོག་རྫོགས་བྱང་གི་མཐའ་ཅན། དྲག་པོ་བསྒྲུབ་པའི་ལས་བྱང་འགྲོ་བ་ཀུན་འདུལ་རྫོགས་བྱང་གི་མཐའ་ཅན། དྲག་པོ་རྩ་བའི་སྒྲུབ་བསྐོར་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་བསྟན་པ་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་ཀྱི་མཐའ་ཅན་འཕྲོས་པས་པད་འབྱུང་ལྷོ་ནུབ་སྲིན་ཡུལ་དུ་བཞུད་ཁར་ལྷོ་བྲག་ལྕགས་ཕུར་ཅན་དུ་ཐུགས་སྒྲུབ་ཡང་ཁོལ་འདི་ཉིད་གནང་ཚུལ་ཡོད་པ། གུ་རུ་ཕྱི་ལྟར་སྒྲུབ་པ་ཡིད་བཞིན་ནོར་བུ་དོན་གསུམ་གྱིས་བསྟན་པ་སྐལ་ལྡན་སྙིང་གི་བུ་དང་ཕྲད་ཤོག་གི་མཐའ་ཅན། བླ་མ་ནང་ལྟར་བསྒྲུབ་པ་ཉི་ཟླའི་གའུ་སྐྱེས་བུ་ལས་ཅན་གཅིག་


GLG004_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གི་དཔལ་དུ་ཤོག་གི་མཐའ་ཅན། རིག་འཛིན་ཚེའི་སྒྲུབ་པ་བརྒྱ་ཐུབ་སྟོང་ཐུབ་དུ་འཕེལ་བ་ལས་ཅན་གཅིག་དང་ཕྲད་ཤོག་གི་མཐའ་ཅན། འཇམ་དབྱངས་ཀྱི་སྒྲུབ་པ་མ་བསླབས་ཆོས་སྒོ་ཀུན་ལ་མཁས་པ་སྙིང་གི་བུ་དང་འདི་ཕྲད་ཤོག་གི་མཐའ་ཅན། རྟ་མགྲིན་དབང་ཆེན་གྱི་སྒྲུབ་པ་པེ་ཧར་དམ་སྲི་དྲེགས་པ་བརྒྱལ་འབྲོས་དངངས་ཤིང་བཀའ་ཉན་པ་ཕྱི་རབས་རྣམས་ལ་ཕན་ཐོགས་ཤོག་གི་མཐའ་ཅན། ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་ཚིག་ཉུང་གོ་སླ་དོན་འདྲིལ་བདག་གིས་ཡི་གེར་བཏབ་ནས་གཏེར་དུ་སྦས་པ་ལས་ཅན་གཅིག་དང་ཕྲད་ཤོག་གི་མཐའ་ཅན། མཁའ་འགྲོ་སྡེ་ལྔའི་སྒྲུབ་པ་གོ་སླ་འཁྱེར་བདེ་ཚིག་ཉུང་ཡང་ཟབ་ལས་ཅན་སྙིང་སྟོབས་ཅན་དང་ཕྲད་ཤོག་གི་མཐའ་ཅན། དྲག་པོ་ཁྱུང་གི་སྒྲུབ་པ་འདི་མེད་གོ་མཚོན་མེད་པའི་དཔའ་བོ་དང་འདྲ་བ་སྐལ་ལྡན་གཅིག་དང་ཕྲད་ཤོག་གི་མཐའ་ཅན། འཕྲིན་ལས་མེ་དབལ་བསྒྲུབ་པ། དམིགས་ལྟས་ངོ་མཚར་དུ་མ་འོང་ཞེས་པའི་མཇུག་ཏུ་དེ་དུས་མཚམས་དགྲོལ་བྱིན་རླབས་བྱ་ཞེས་སོགས་ཤློ་ཀ་གཅིག་འདིར་མི་འདུག་དེ་ཕྱིན་དམར་ཆེན་དང་ཞུས་དག་ཕེར་བར་སྣང་། ཐུགས་སྒྲུབ་སྡིག་པའི་སྒྲུབ་པ་འགྲོ་བ་རྣམས་ལ་ཕན་ཐོགས་ཤོག་གི་མཐའ་ཅན། ཞར་བྱུང་ཙཀྲ་དྲི་བ་བསྟོད་པ་ཆོས་ཉིད་སྐྱེ་མེད་མ་དང་བཅས་པ། འགོར་བདག་འདྲ་ཡེ་ཤེས་འཚོ་རྒྱལ་གྱིས་ཞེས་ཡོད་པའི་ཞི་བའི་སྦྱིན་སྲེག་རིན་ཅེན་ས་ལ་གཏེར་དུ་སྦས་པའི་མཐའ་ཅན། རྒྱས་པའི་སྦྱིན་སྲེག་དམར་ཆེན་དང་འདྲ་བ་ལས་པུཥྚིཾ་ཀུ་རུའི་སྔགས་མེད་པ། དབང་གི་སྦྱིན་སྲེག་ཡེ་ཤེས་འཚོ་རྒྱལ་གྱིས་ཡི་གེར་བཏབ་པ་ཕྲད་ཤོག་གི་མཐའ་ཅན། དྲག་པོའི་སྦྱིན་སྲེག་རིན་ཅེན་ས་ལ་གཏེར་དུ་སྦས་པ་ཕྲད་ཤོག་གི་མཐའ་ཅན། མེ་ཧོམ་རང་འབར་ལོག་རྟོག་མོས་གུས་ཚུད་པར་འགྱུར་བ། མི་རྒོད་ཇག་པ་འཆིང་བ་དགྲ་རྣམས་


GLG004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རེངས་ཤིང་གུམ་པར་འགྱུར་བ་འདི་འདྲའི་མན་ངག་རྒྱ་བོད་གཉིས་ན་མེད་པ། གཏོར་བཟློག་འཕྲིན་ལས་དུར་ཁྲོད་འཇིགས་༼ཟུར༽རུང་མ་སྣང་གསལ་ཕྱོགས་སུ་དམར་ཆེན་གྱི་ཆོས་སྡེར་འདྲེན་པར་སྣང་། རྣམས་ཀྱི་དབང་ལུང་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཨོ་རྒྱན་ཡབ་ཡུམ། པདྨ་གསལ། པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། རྗེ་འཕྲིན་ལས་ལྷུན་གྲུབ། དྲིན་ཆེན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གྲུབ་པ་ཀུན་འདུས་དང་བསྟན་འཛིན་གྲགས་པ་གཉིས་ཀ་ལ་པདྨ་འཕྲིན་ལས། དེ་ནས་རིག་འཛིན་གསུང་སྤྲུལ། རྗེ་འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ན་གསུང་སྤྲུལ་ནས། བོན་ལུང་གར་དབང་། འཕྲིན་ལས་ལྷུན་གྲུབ་མན་གོང་ལྟར་རོ། །ཡང་ན་གྲུབ་པ་ཀུན་འདུས་ནས། རྒྱལ་སྲས་བསྟན་པའི་འབྱུང་གནས། པདྨ་འཕྲིན་ལས་མན་འདྲ། ཟུར་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། ཀུན་དགའ་དཔལ་བཟང་། བཀྲ་ཤིས་རྒྱ་མཚོ། དུ་མ་རང་གྲོལ། ཀུན་དགའ་བཀྲ་ཤིས། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །བཤད་མ་ཐག་པའི་གཏེར་གནས་ནས་གདན་དྲངས་པའི་དྲག་པོ་ཆུང་བ་མེ་རླུང་འཁྲིལ་བའི་སྐོར་ལ། ལུང་བསྟན་ཀུན་གསལ་མེ་ལོང་ཞེས་པ་དབེན་གནས་ཐར་པ་གླིང་གི་ས༔ ནགས་སྤང་འདྲེས་པ་སེང་གེའི་བྲག༔ ལྷོ་ནུབ་ཁ་བསྟན་ཕུག་པ་རུ༔ དྲག་པོའི་སྐུ་གསུང་འདི་ཉིད་ནི༔ ལ་བསེ་སྨུག་པོའི་སྒྲོམ་ལ་གདམས༔ ཞེས་ཆོས་སྐོར་འདི་དང་བྱེ་མ་ཨ་ཀྲོང་གི་དྲག་པོའི་སྐུ་གཉིས་གཏེར་དུ་སྦས་ཚུལ་སོགས་བསྟན་པ་ཡིན་པས་ལུང་བསྟན་ཆེན་མོ་དང་དོན་མི་གཅིག་


GLG004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གོ །འཚོ་རྒྱལ་གྱིས་མ་འོངས་དོན་དུ་དྲག་པོའི་ལོ་རྒྱུས་བྱུང་ཚུལ་བཤད་པ་དཔལ་དུ་གྱུར་ཤོག་གི་མཐའ་ཅན། ཡར་ཀླུངས་ཤེལ་བྲག་ཏུ་གུ་རུས་པེ་ཧར་རྒྱལ་པོ་བཏུལ་བའི་ཚེ་ཞུས་ལན་གྱི་སྐོར་ལས་འཕྲོས་པའི་དྲག་པོ་སྐུའི་དཀར་ཆག་ལོ་རྒྱུས་དགོངས་པ་ལོན་པའི་མཐའ་ཅན། གུ་རུའི་ཕྱི་སྒྲུབ་ནོར་བུ་རྒྱ་མཚོ། འཕྲིན་ལས་ནང་སྒྲུབ་བགེགས་ཐམས་ཅད་རབ་ཏུ་ཞི་བའི་ཆོ་ག །པདྨ་ཐོད་འཕྲེང་གསང་སྒྲུབ་ཌཱ་ཀཱི་མའི་སྙིང་ཏིག །དྲག་སྒྲུབ་ཀྱི་བཅུད་ཀུ་སུ་ལུའི་ཉམས་ལེན་ཞེས་པ་དྲག་པོ་རྩ་བའི་སྒྲུབ་པ་ལས་ཚོགས་དཀྱུས་བཞིན་སྦྱོར་རོའི་མཐའ་ཅན། ཕྱི་ནང་གསང་གསུམ་གཅིག་དྲིལ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གཅིག་ཏུ་སྒྲུབ་པ་ཡོན་ཏན་གཏེར་མཛོད་དྲག་པོ་བླ་མེད་ཀྱི་སྒྲུབ་པར་གྲགས་པ། འཇམ་དཔལ་སྐུ་སྒྲུབ་པའི་ལེའུ་ས་མཱ་ཡའི་མཐའ་ཅན། རྟ་མགྲིན་གསུང་གི་སྒྲུབ་པའི་ལེའུ་ས་མཱ་ཡའི་མཐའ་ཅན། ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་ལེའུ་ས་མཱ་ཡའི་མཐའ་ཅན། ལྕགས་སྡིག་ནག་པོ་སྒྲུབ་པ་ཞར་བྱུང་བསྲུང་འཁོར་དང་བསྟོད་པ་ཆོས་ཉིད་མ་དང་བཅས་པ་གསང་སྒྲུབ་ཤིན་ཏུ་ཟབ་མོའི་མཐའ་ཅན། དྲག་པོའི་ལས་བྱང་མེ་རླུང་འཚུབ་འཁྱིལ་ལམ་ཀུན་གསལ་མེ་ལོང་དུ་གྲགས་པ་རྣམས། དེ་ལྟར་གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་ཆོས་སྐོར་རྫོགས་པར་ནོས་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་ཐོད་འཕྲེང་། འཚོ་རྒྱལ། པདྨ་གསལ། པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ། པདྨ་འཕྲིན་ལས། གསུང་སྤྲུལ་ཚུལ་རྡོར། འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་གྲུབ་པ་ཀུན་འདུས་ནས་པདྨ་འཕྲིན་ལས་ལའང་བརྒྱུད། ཡང་ན་གྲུབ་པ་ཀུན་འདུས་ནས། རྒྱལ་སྲས་བསྟན་པའི་འབྱུང་གནས། པདྨ་འཕྲིན་ལས་མན་འདྲ། །


previousགཏེར་སྟོན་པདྨ་གླིང་པས་སྤྱན་དྲངས་པའི་རྒྱས་པ་དྲག་པོ་དམར་ཆེན་གྱི་སྐོར།next