Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
གཏེར་སྟོན་ཆེན་པོ་ཀརྨ་གླིང་པས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།
 
  
15   
 
10   
 
 
 
 
expand section
  
 
 
  
 
26   
 
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousགཏེར་སྟོན་ཆེན་པོ་ཀརྨ་གླིང་པས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next

གཏེར་སྟོན་ཆེན་པོ་ཀརྨ་གླིང་པས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།


GLG004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་གླིང་པ་ནི། རང་གཏེར་སྤྱི་དོན་ལུང་བསྟན་གསལ་བྱེད་འོད་ཀྱི་དྲ་བ་ལས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི༔ སྤེལ་བར་འཕངས་པས་རིན་ཅེན་གཏེར་དུ་སྦས༔ འདི་ཉིད་འདོན་པའི་སྐལ་ལྡན་རིགས་ཀྱི་བུ༔ མདོག་དཀར་གཟུགས་རིང་སྨྲ་མེད་ཁྲོ་བོའི་དབྱིབས༔ རེས་དགའ་དམས་ནག་གླེན་པ་ལྟ་བུ་ལ༔ རེས་དགའ་གཏད་མེད་བྱིས་པའི་རྣམ་པ་ཅན༔ མ་དང་མཁའ་འགྲོ་འདུ་བ་རིགས་ཀྱི་བུ༔ དད་པ་སྟོབས་ཆེན་ཤེས་རབ་དབང་པོ་རྣོ༔ མི་སེམས་མི་འཛིན་དཔའ་བོའི་ཚུལ་འཛིན་པ༔ འབྲུག་སྦྲུལ་ལོ་པ་དཔལ་གྱི་མིང་ཅན་འབྱུང་༔ འདི་ཉིད་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་ནོ༔ འདི་དང་ཕྲད་ཀྱིས་ཆོས་ལ་ཟོང་མ་བྱེད༔ མཐོང་ཐོས་འབྲེལ་བ་སྐྱེ་བ་མཐའ་ཅན་ཡིན༔ ཞེས་པ་ལྟར་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྐྱེ་བ་གཏེར་སྟོན་ཀརྨ་གླིང་པས་དྭགས་ལྷ་སྒམ་པོའི་རྒྱབ་རི་ལྷ་ཕྲན་གར་བྱེད་པ་འདྲ་བ་ནས་སྤྱན་དྲངས་པའི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན་བར་དོ་དྲུག་ཏུ་གཏན་ལ་ཕབ་ནས་ཟབ་ཆོས་ཀུན་གྱི་སྙིང་པོའི་ཡང་ཞུན་དུ་བཀོད་པ་ཐོས་པ་ཙམ་གྱིས་རྣམ་པར་གྲོལ་བར་བྱེད་པའི་སྐོར་ལ། ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྔོན་འགྲོ་རིན་ཅེན་གསལ་བའི་སྒྲོན་མེའི་སྟེང་ནས་


GLG004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་དང་ཉམས་ཆགས་རང་གྲོལ་གྱི་དབང་ལྷན་ཐབས་བཅས་པའི་ཐོག་ནས་འཇུག་པ་སྔོན་དུ་འགྲོ་བའི་སྔགས་ཀྱི་སྣོད་དུ་རུང་ཕྱིར་ཉོན་མོངས་རྒྱུད་དྲུག་སྦྱངས་ནས་རིགས་དྲུག་གི་གནས་སྤར་བའི་རིགས་དྲུག་གནས་འདྲེན་གྱི་དབང་། དབང་ཆོག་ཕྲད་ཚད་རང་གྲོལ་གྱི་སྟེང་ནས་རིན་ཅེན་ལྔའི་བུམ་པས་ཕུང་པོ་ལྔ་སྐུ་ལྔར་གྲོལ་བ། སྨན་ལྔའི་བུམ་པས་དུག་གསུམ་གྲོལ་ནས་སྐུ་གསུམ་ལྷུན་གྲུབ། སྙིང་པོ་ལྔའི་བུམ་པས་གཞན་དོན་ཆོས་སྐུ། འབྲུ་ལྔའི་བུམ་པས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས། དྲི་ལྔའི་བུམ་པས་ཕར་ཕྱིན་དྲུག །ཐམས་ཅད་གཅིག་བསྡུས་གཙོ་བུམ་གྱིས་སྣོད་གཞལ་ཡས་དང་། བཅུད་ལྷར་ཤེས་པ། ཕྱག་མཚན་ལྔ། ཁ་རྒྱན། མགུལ་ཆིངས། གཟུངས་ཐག་རྡོ་རྗེ། ཆུ། འོ་མ། གཟུངས་ཐག་རྣམས་ཀྱི་དབང་། ཐུན་མོང་རིག་པའི་དབང་ལྔ། ལྷ་དབང་ཡོངས་རྫོགས། གཏོར་དབང་། མཐའ་རྟེན་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་། བྱང་སེམས་དཀར་དམར་གྱིས་གསང་དབང་བདེ་ཆེན། མཚན་ལྡན་ཕྱག་རྒྱས་ཤེར་དབང་འདོད་ཆགས་རང་གྲོལ། མན་ཤེལ་དང་རྨ་བྱའི་མདོངས། མེ་ལོང་སོགས་དཔེ་དང་ངོ་སྤྲོད་ཀྱིས་ཚིག་དབང་རིན་པོ་ཆེ་དང་བཅས་ལེགས་པར་མནོས་ནས། རྒྱབ་རྟེན་ལུང་ལ། ཆོས་ཀྱི་བཀའ་མི་འཆལ་ཞིང་ཡིད་ཆེས་པ་ཐེམས་བྱང་ལོ་རྒྱུས་ལུང་བསྟན། སྨིན་བྱེད་དབང་སྒྲུབ་བསྐྱེད་རིམ། གྲོལ་བྱེད་ཐོས་པ་དང་བཏགས་པས་གྲོལ་བའི་རྫོགས་རིམ། ཐབས་ལམ་ལ་བརྟེན་པའི་རྫོགས་རིམ། བསྟན་སྲུང་གི་སྐོར་དང་ལྔ། དང་པོ་ལ། རྒྱ་བཙུན་ནམ་མཁའི་ཆོས་ཀྱི་རྒྱ་མཚོས་མཛད་པའི་ཐེམས་བྱང་ཟིན་བྲིས། དེས་མཛད་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་ཆོས་འབྱུང་ནོར་བུའི་འཕྲེང་བ། སྤྱི་དོན་ལུང་བསྟན་གསལ་བྱེད་འོད་ཀྱི་དྲ་བ་ཞེས་པ་བསྟན་པ་སྤྱི་དང་གང་སྒོས་ལུང་བཅས་བསྟན་པ་རྣམས། །


GLG004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྨིན་བྱེད་དབང་སྒྲུབ་བསྐྱེད་རིམ་ལ། ཆོས་སྤྱོད་བག་ཆགས་རང་གྲོལ། བརྒྱ་ཕྲག་སྡིག་སྒྲིབ་རང་གྲོལ། ཆོས་ཉིད་བར་དོའི་ངོ་སྤྲོད་གསལ་འདེབས་ཐོས་གྲོལ་ཆེན་མོ། སྲིད་པ་བར་དོའི་ངོ་སྤྲོད་གསལ་འདེབས་ཐོས་གྲོལ་ཆེན་མོ། ཞི་ཁྲོ་འདུས་པའི་ལས་བྱང་རྩར་འཕྲེང་ཚོར་བ་རང་གྲོལ། ལས་བྱང་ཆུང་བ་ཚོར་གྲོལ་སྙིང་པོ། ཀློང་བཤགས་བརྗོད་པ་རང་གྲོལ། སྦྱིན་སྲེག་གི་སྔོན་འགྲོ་སྟ་གོན་བཅུ་གཉིས་ཀྱིས་བསྟན་པ། དངོས་གཞི་སྦྱིན་སྲེག་འཕྲིན་ལས་རང་གྲོལ། ཞི་བའི་སྦྱིན་སྲེག་གུད་དུ་བཏོན་པའི་ཡིག་ཆུང་རྒྱ་བཙུན་གྱིས་མཛད་པ། དེས་མཛད་པའི་རྒྱས་པའི་སྦྱིན་སྲེག་གུད་དུ་བཏོན་པའི་ཡིག་ཆུང་། དེས་མཛད་པའི་དབང་གི་སྦྱིན་སྲེག་གུད་དུ་བཏོན་པའི་ཡིག་ཆུང་། དེས་མཛད་པའི་དྲག་པོའི་སྦྱིན་སྲེག་གུད་དུ་བཏོན་པའི་ཡིག་ཆུང་། ལས་བཞི་སོ་སོ་དང་སྤྱིའི་སྦྱིན་སྲེག་གི་ཡིག་ཆུང་དཔེ་རིས་དང་བཅས་པ། ཐུགས་དམ་བཀང་བའི་རིམ་པ་བཀང་ཆེན་བཞི་པ། དབང་གི་སྔོན་འགྲོའི་ལྷན་ཐབས་རྒྱ་བཙུན་གྱིས་མཛད་པ། དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ། ཚེ་འདས་གནས་འདྲེན་རིགས་དྲུག་རང་གྲོལ། དབང་བཞི་ཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་རིན་ཅེན་གསལ་བའི་སྒྲོན་མེ། དབང་བཞི་ཕྲད་ཚད་རང་གྲོལ་གྱི་སྤྲོས་བཅས་བུམ་དབང་ཆེན་མོ་དཀྱིལ་འཁོར་གྱི་དཔེ་རིས་དང་བཅས་པ། གཏོར་དབང་རེག་པ་དོན་ལྡན། མཐའ་རྟེན་རྗེས་ཀྱི་དབང་བསྐུར་གསལ་བའི་མེ་ལོང་། གསང་དབང་བདེ་ཆེན་རང་གྲོལ་སོགས་མཆོག་གོང་མ་ཟབ་ཁྱད་ཅན་རྣམས། གསུམ་པ་གྲོལ་བྱེད་ཐོས་པ་དང་བཏགས་པས་གྲོལ་བའི་རྫོགས་རིམ་ལ། སྔོན་འགྲོ་རང་རྒྱུད་འདུལ་བྱེད་ཐུན་བཞིའི་རྣལ་འབྱོར་གུ་རུ་སུཪྻ་ཙནྡྲས་བཀོད་པ། དེས་བཀོད་པའི་སྔོན་འགྲོ་རང་རྒྱུད་འདུལ་བྱེད་ཀྱི་ལྷན་ཐབས། གསོལ་འདེབས་སྐུ་གསུམ་ཀློང་ཡངས། གསོལ་


GLG004_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་དུག་གསུམ་རང་གྲོལ། འཁྲིད་ཀྱི་ས་བཅད་ལྡེ་མིག་རང་གྲོལ་དྲུང་པ་ཉི་ཟླས་མཛད་པ། རྫོགས་རིམ་བར་དོ་དྲུག་གི་འཁྲིད་ལ་ནང་གསེས་ཀྱི་སྐྱེ་གནས་བར་དོའི་འཁྲིད་ཡིག་ཀུན་གཞི་རང་གྲོལ། རྨི་ལམ་བར་དོའི་འཁྲིད་ཡིག་འཁྲུལ་བ་རང་གྲོལ། བསམ་གཏན་བར་དོའི་འཁྲིད་ཡིག་རིག་པ་རང་གྲོལ། འཆི་ཁ་བར་དོའི་འཁྲིད་ཡིག་འཕོ་བ་དྲན་པ་རང་གྲོལ། ཆོས་ཉིད་བར་དོའི་འཁྲིད་ཡིག་མཐོང་བ་རང་གྲོལ། སྲིད་པ་བར་དོའི་འཁྲིད་ཡིག་སྲིད་པ་རང་གྲོལ། བར་དོ་དྲུག་གི་འཁྲིད་ཀྱི་རྒྱབ་ཆོས་འཁྲུལ་པ་རང་གྲོལ། རིག་པ་ངོ་སྤྲོད་གཅེར་མཐོང་རང་གྲོལ། སྒྲོན་མ་དྲུག་གི་ངོ་སྤྲོད་ཤེས་རིག་རང་གྲོལ། བཏགས་གྲོལ་ཕུང་པོ་རང་གྲོལ་དཔེ་རིས་དང་བཅས་པ། བཏགས་གྲོལ་འཁོར་ལོ་ཆེན་པོའི་ལག་ལེན་ཟིན་བྲིས་རྒྱ་བཙུན་གྱིས་མཛད་པ། བཏགས་གྲོལ་བསྡུས་དོན་རང་གྲོལ་སྙིང་པོ། བཏགས་གྲོལ་བཅང་ཐབས་དང་བཀླག་ཐབས་འཁོར་འདས་རང་གྲོལ། འཆི་ལྟས་མཚན་མ་རང་གྲོལ། འཆི་བསླུ་འཇིགས་པ་རང་གྲོལ་པོ་ཏི་སྨུག་ཆུང་ལས་བཀོལ་བ། འདི་གཉིས་རྒྱ་བཙུན་གྱིས་མཛད་ཟེར་བས་གསན་ཡིག་ན་འདུག་ཀྱང་། གཏེར་མ་ཡིན་པའི་བརྗོད་བྱ་འདུག་པ་དཔྱད། དུར་ཁྲོད་དུ་བམ་རོ་བསྐྱལ་བར་བརྟེན་ནས་མི་རྟག་པའི་བསྐུལ་མར་ངོ་སྤྲོད་པ། ཁམ་པའི་མི་མོ་ལ་བརྟེན་ནས་རྣམ་ཤེས་འབྱུང་འཇུག་གནས་གསུམ་ངོ་སྤྲོད་མདོ་ལེ་མའི་གཏམ་རྒྱུད་དང་བཅས་པ་གོང་མའི་རྗེས་འཇུག་རྣམ་རྒྱལ་བཟང་པོས་ཟིན་བྲིས་སུ་བཀོད་པ། གཞིའི་འོད་གསལ་ངོ་སྤྲོད་ཀྱི་ལྷན་ཐབས་རྒྱ་བཙུན་གྱིས་མཛད་པ། ཡིག་ཆ་ལ་གཏེར་མ་ཡིན་པའི་བརྗོད་བྱ་འདུག་པ་དཔྱད། ཆོས་ཉིད་བར་དོ་ཐོད་རྒལ་གྱི་ངོ་སྤྲོད་མཐོང་བས་རང་གྲོལ། ངོ་སྤྲོད་མཐོང་བས་རང་གྲོལ་གྱི་མར་མེའི་ངོ་སྤྲོད་ཀྱི་ལྷན་ཐབས། ཤེལ་རྡོར་ངོ་སྤྲོད་མཐོང་བས་རང་གྲོལ། ཤེལ་ཉི་མ་འདྲ་འབག་གསུམ་ལ་བརྟེན་


GLG004_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐུ་གསུང་ངོ་སྤྲོད་རྣམས་རྒྱ་བཙུན་གྱིས་མཛད་པ། ཡིག་ཆ་སོ་སོར་གཏེར་མ་ཡིན་པའི་བརྗོད་དོན་འདུག་པ་དཔྱད། སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་བསྟན་པའི་གདམས་པ་སྲིད་པ་རང་གྲོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ར་མདར་སྦྲན་པའི་སྨོན་ལམ་འཇིགས་པ་རང་གྲོལ། བར་དོ་དྲུག་གི་རྩ་ཚིག་བདག་ལ་སྐྱེ་གནས་མ། བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་གཏི་མུག་དྲག་པོ་མ། དགེ་སྡིག་རང་གཟུགས་བསྟན་པའི་ལྷན་ཐབས་ཚངས་དབྱངས་ལྷའི་གནྜི་རྒྱ་ར་བས་མཛད་པ། སྲིད་པ་བར་དོའི་ཁྱད་པར་ཉི་ཤུ། བར་དོའི་འཇིགས་པ་སྐྱོབ་པའི་སྨོན་ལམ། བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་རྣམས། བཞི་པ་ཐབས་ལམ་ལ་བརྟེན་པའི་རྫོགས་རིམ་ལ། འོག་སྒོ་བདེ་བ་ཆེན་པོ་འདོད་ཆགས་རང་གྲོལ་གྲི་འཁྲིད་གཞུང་ཆེན་མོ་ཐབས་ལམ་ཐམས་ཅད་ཀྱི་སྙིང་པོ། ཟབ་འཁྲིད་ཀྱི་ས་བཅད་རྡོ་རྗེའི་མདོ་འཛིན་གུ་རུ་ཉི་ཟླ་འོད་ཟེར་གྱིས་མཛད་པ། དེས་མཛད་པའི་ཉམས་འཁྲིད་གུད་དུ་བཀོལ་བ་བདེ་བ་རང་གྲོལ་རྣམས། ལྔ་པ་བཀའ་སྲུང་སྐོར་ལ། དམ་ཅན་སྡེ་བདུད་གྱི་ལས་བྱང་དགྲ་བགེགས་གདུག་པ་རང་གྲོལ། ཆོས་སྐྱོང་ཀུན་འདུས་ཀྱི་མདངས་བཀང་གདུག་པ་རང་གྲོལ། སྔོན་འགྲོའི་གསེར་སྐྱེམས་previous hit གསུམ་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་མཛད་པ་བཅས་རྫོགས་པར་ཐོབ་པའི་བརྒྱུད next hit་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། མཁས་པ་ཤྲཱི་སིངྷ། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན། གཏེར་སྟོན་ཀརྨ་གླིང་པ། ཡབ་ཉི་ཟླ་སངས་རྒྱས། ཐུགས་སྲས་ཉི་ཟླ་ཆོས་རྗེ། དེང་སང་བརྒྱུད་ཡིག་ཕལ་ཆེར་ལ་གཏེར་སྟོན་གྱིས་སྲས་ལ་གནང་བ་འདྲ་ཞིག་འདུག་ཀྱང་། གཏེར་སྟོན་སྐུ་ཚེ་ཐུང་བས་གནང་ལོང་མ་
བྱུང་། ཡབ་ཀྱི་དགུང་ལོ་བརྒྱ་ཉི་ཤུ་བཞུགས་པས་དེས་གནང་བ་ཡིན། གཏེར་སྟོན་དམ་སེལ་གྱིས་གཤེགས་ཟེར་བའི་སེལ་ཅན་དེ་ནས་བརྒྱུད་པ་ནི་མིན་ནོ། །དེ་ནས་རྩི་དཀར་བ་དྲུང་པ་ཉི་ཟླ་འོད་ཟེར། བླ་མ་སངས་རྒྱས་དྲི་མེད། མཚུངས་མེད་བཀྲ་ཤིས་བཟང་པོ། རིག་འཛིན་འོད་གསལ་ཀློང་ཡངས། གྲུབ་ཆེན་བཀྲ་ཤིས་རྒྱ་མཚོ། རིག་འཛིན་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་གང་ཤར་རང་གྲོལ་ལའོ། །ཡང་ན་རྩི་དཀར་དྲུང་པ་ནས། སྨན་མོ་བ་རྒྱ་བཙུན་ནམ་མཁའ་ཆོས་ཀྱི་རྒྱ་མཚོ། གུ་རུ་ཀུན་དགའ་ལྷུན་གྲུབ། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ་མན་གོང་བཞིན་ནོ། །


previousགཏེར་སྟོན་ཆེན་པོ་ཀརྨ་གླིང་པས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next