Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
 
  
གཏེར་སྟོན་བདེ་ཆེན་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།
15   
 
10   
 
 
 
 
expand section
  
 
 
  
 
26   
 
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousགཏེར་སྟོན་བདེ་ཆེན་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར། next

གཏེར་སྟོན་བདེ་ཆེན་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།


GLG004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་སུ་འཁྲུལ་མེད་གླིང་པ་བཅུ་གཅིག་གསུང་པ་ནི། ཆོས་རྒྱལ་དབང་པོའི་སྡེ་རང་ཉིད་ཀྱིས་གསན་པའི་དབང་དུ་མཛད་པ་ཡིན་ལ། གཞན་མ་ཐང་ཡིག་ལས། རྟ་རྒོད་ཐང་ལ་དབུས་པའི་ཚོང་འདུས་འབྱུང་༔ ཧལ་པོའི་བརྒྱུད་ལ་མེ་འབར་རྫོང་ཞེས་འབྱུང་༔ ཁ་རེག་ཕུག་ཏུ་སྦས་པའི་གཏེར་ཁ་འདི༔ མི་གཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨྱོན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་བདེ་ཆེན་གླིང་པ་ནི། རང་གཏེར་ལས། ད་ལྟའི་ལོ་ཙཱ་དཔལ་ཡེ་ཤེས༔ འདི་ནས་ཚེ་འཕོས་ལྷ་ཡུལ་དུ༔ གསལ་རྒྱལ་ཞེས་བྱར་སྐྱེ་བ་ལེན༔ ཞེས་སོགས་ཀྱི་སྐྱེ་བརྒྱུད་ལུང་བསྟན་དང་། ཐེམས་བྱང་གསལ་སྒྲོན་ལས། ལན་གཅིག་དུས་ཀྱི་མཐའ་མར་གྱུར་པའི་ཚེ༔ འགྲོ་ཞིག་གླིང་པ་མེ་ཁམས་མེ་ཁྱི་ལོ༔ སྐུ་གསུམ་སྨེ་བ་ཨྱོན་ཐུགས་ཀྱིས་སྲས༔ ལས་ཅན་དེ་དང་ཕྲད་པར་ཤོག༔ ཅེས་པའི་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་སྐྱེ་མཐར་ལུང་གིས་ཟིན་པ་འདི་ཉིད་ཀྱིས་མཁའ་འགྲོ་དགོངས་པ་འདུས་པ་སོགས་ཀྱི་གཏེར་ཆོས་སྤྱན་


GLG004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི་ནང་ཚན་འཕྱིང་ང་བང་སོ་དམར་པོ་ནས་བཏོན་པའི་ཚེ་འཁྲིད་ཡིད་བཞིན་མེ་ལོང་གི་སྐོར་ལ། ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་དམ་པ་རིགས་བརྒྱ་ཚེ་ལྷར་བཞེངས་པའི་ཚོམ་བུའི་ཚུལ་དུ་བསྐུར་བ། ཡོངས་རྫོགས་དབང་བསྐུར། རྫས་དབང་། གང་ཟག་སྒོས་དབང་། བཀའ་གཏད། བདུད་རྩི་སྨན་དབང་། མར་མེའི་དབང་དང་བཅས་པ་མནོས་ནས། ལུང་ལ། ཐེམས་བྱང་གསལ་བའི་སྒྲོན་མེ། དེ་ལས་བྱུང་བའི་ཆོས་སྐོར་ལ། དབང་གི་སྔོན་འགྲོ། སྒྲུབ་པ། དབང་དངོས། འཁྲིད་དང་བཞི། དང་པོ་ལ། བརྒྱུད་པའི་ལོ་རྒྱུས་རྣམ་པ་དྲུག་པ་དང་ཆོས་ཀྱི་ཁ་བྱང་བསྟན་པ། ལུང་བསྟན་དམ་ཚིག་བཀའ་རྒྱ་མ་ལེའུ་གཉིས་པ་ནས་བྱུང་བ། ཐེམས་མེད། དག་སྣང་ཤེལ་གྱི་སྒྲོམ་བུ་གཏེར་སྟོན་གྱིས་བདེ་ཆེན་གླིང་དུ་བཀོད་པ། ཐེམས་མེད། ཚེའི་ཁོག་ཕུབ་གྱི་རིམ་པ་སྔོན་འགྲོ་སྟ་གོན་བར་གཅོད་ཀུན་སེལ་ཞེས་པ་ཁོག་ཕུབ་བསྟན་པའི་རིམ་པ་ཉི་ཤུ་རྩ་གཅིག་པ་རྣམས། གཉིས་པ་སྒྲུབ་པ་ལ། ཕྱི་སྒྲུབ་ཚེ་ལྷ་ཞི་བར་སྒྲུབ་པ་པདྨ་ང་ཡི་སྙིང་ཁྲག །ནང་སྒྲུབ་ཚེ་ལྷ་ཁྲོ་བོར་སྒྲུབ་པ་པདྨའི་ཐུགས་བཅུད། གསང་སྒྲུབ་ཚེ་ལྷ་མཁའ་འགྲོ་སྒྲུབ་པ་འབྲོག་མི་དཔལ་ཡེའི་སྐྱེ་བ་ལྷོ་ཕྱོགས་སུ་འབྱུང་བ་ལ་ཕྲད་ཤོག་གི་མཐའ་ཅན། ཚེའི་ལས་བྱང་དཔག་བསམ་ལྗོན་ཤིང་། ཚེའི་ཕོ་ཉས་འགུགས་པ་བུད་མེད་འཚོ་རྒྱལ་གྱིས་སྦྱར་བ། ལས་བཞིའི་སྦྱིན་སྲེག་གི་རིམ་པ། ཚེ་འཁྲིད་ཀྱི་ཆ་ལག་གཟུ་དཔང་ཟོར་འཕེན་བསྒྲལ་ལས། ཐེམས་མེད། འཆི་བ་བརྟག་པ་ཕྱི་ནང་གསང་གསུམ། རྡོ་རྗེ་དྲ་བ་ཁོ་བོའི་རྒྱུད་ནས་བཏུས་པའི་ཚེའི་བར་གཅོད་བཟློག་ཐབས། ཚེ་ལ་གནོད་པའི་གདོན་ཚོགས་བཟློག་པའི་ཚེའི་འཁོར་ལོ་བྲི་ཡིག །སྡེ་བརྒྱད་བསྲུང་འཁོར་བྲི་ཡིག །འཆི་མེད་ཚེའི་བཅུད་ལེན་འདི་ལས་ཟབ་
པ་པདྨ་བདག་ལ་ཡོད་རི་སྐན་གྱི་མཐའ་ཅན། འཆི་མེད་རྡོ་རྗེ་རྒྱ་སྡོམ། ཚེ་གཏའ་སྡོམ་པའི་མན་ངག །ཕྲ་བརྟག་ཉེས་པ་ཀུན་སེལ་ལམ་གསལ་བའི་མེ་ལོང་དུ་གྲགས་པ་རྣམས། གསུམ་པ་དབང་དངོས་ནི། ཚེའི་དབང་ཆོག་དོན་གསལ་སྒྲོན་མེ། བཞི་པ་འཁྲིད་ལ། ཚེ་རྒྱུད་རྡོ་རྗེའི་དྲ་བ་ལེའུ་བཅོ་ལྔ་པ། རྒྱུད་ཀྱི་ཡིག་ཆུང་ངོ་སྤྲོད། གསོལ་འདེབས། འཁྲིད་གཞུང་ཀུན་གྲོལ་ཆེན་མོ། མུན་འཁྲིད་བདུད་རྩིའི་ཐིགས་པ། ཆོས་ལོངས་སྤྲུལ་སྐུའི་ངོ་སྤྲོད་ཐུགས་ཀྱི་ཐིག་པའམ་གསང་བའི་ཐིགས་པ། འཆི་མེད་ཚེའི་བཏགས་གྲོལ་འདྲི་ཐབས་ཕན་ཡོན་དང་བཅས་པ། མིག་གི་ནད་སེལ་ནོར་བུའི་སྒྲོན་མེ། འཕོ་བ་མཁའ་སྤྱོད་རང་གྲོལ་པདྨའི་སྙིང་བཅུད། བར་དོ་མུན་སེལ་སྒྲོན་མེ། ཚེ་ལྷ་ཞི་ཁྲོའི་ངོ་སྤྲོད་མཐོང་བ་རང་གྲོལ། ཕྱག་རྒྱ་མཚན་ལྡན་ལ་བརྟེན་པའི་རྩ་རླུང་གི་གདམས་པ་ཟབ་ལམ་བདུད་རྩིའི་བུམ་པ། རྩ་རླུང་ལ་བརྟེན་ནས་ཚེ་སྒྲུབ་པ་ཟབ་ལམ་འཕྲུལ་གྱི་མེ་ལོང་། མུ་དྲ་དབང་དུ་སྡུད་པ་ལྕགས་ཀྱུ་དམར་པོ། བདེ་བ་རྒྱས་བྱེད་ཤ་སྦྱོར་རྡོ་རྗེའི་འཕྲེང་བ། ཕྱག་རྒྱ་མཚན་ལྡན་ལ་བརྟེན་ནས་ཚེ་སྒྲུབ་པ་མཁའ་འགྲོ་ལམ་ཁྱེར་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་ལྷ་རིགས་ལྔ་ཡབ་ཡུམ། སྤྲུལ་སྐུ་པདྨ་ཐོད་འཕྲེང་། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། འབྲོག་མི་དཔལ་གྱི་ཡེ་ཤེས། གཏེར་སྟོན་བདེ་ཆེན་གླིང་པ། བླ་མ་སྣ་ཆོགས་རང་གྲོལ། སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ། མཉམ་མེད་ཞེན་པ་རང་གྲོལ། སྤྲུལ་སྐུ་ཀརྨ་ཆོས་དབང་རྒྱ་མཚོ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་གྱི་བནྡེ་ལའོ། །


previousགཏེར་སྟོན་བདེ་ཆེན་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར། next