Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

7 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་ཀློང་ཆེན་མཛོད་བདུན་གྱི་ཆོས་སྐོར།
  
  
 
  
  
expand section
  
  
  
  
  
 
 
  
 
 
  
  
  


7 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་ཀློང་ཆེན་མཛོད་བདུན་གྱི་ཆོས་སྐོར།next

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་ཀློང་ཆེན་མཛོད་བདུན་གྱི་ཆོས་སྐོར།


GLG004_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་སམ་ཀུན་མཁྱེན་ཀློང་ཆེན་རམས་འབྱམས་པའི་དགོངས་གཏེར་གྱི་བསྟན་བཅོས་མདོ་སྔགས་ཐུན་མོང་དང་ཁྱད་པར་སྔགས་ཀྱི་ཐེག་པ་གསལ་བར་བྱེད་པའི་རིམ་པ་མཛོད་བདུན་དུ་གྲགས་པའི་སྐོར། ཐོག་མར་ཐེག་པ་ཆེན་པོའི་མན་ངག་གི་གནས་ལ་འཇུག་པར་བྱ་བའི་ཐབས་མདོ་རྒྱུད་བསྟན་བཅོས་ཀུན་གྱི་གནད་རྣམས་བསྡོམས་ནས་ཐོས་བསམ་སྒོམ་གསུམ་བྱ་ཚུལ་ཚིག་ཉུང་ཞིང་དོན་ཟབ་པ་རྒྱ་ཆེ་བའི་བསྟན་བཅོས་ཉི་ཟླ་རིན་པོ་ཆེ་འོད་ཀྱི་སྣང་བ་ཡིད་བཞིན་རིན་པོ་ཆེའི་མཛོད་ལེའུ་ཉེར་གཉིས་པ་


GLG004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འགྲེལ་པ་པདྨ་དཀར་པོ། འཁྲིད་ཡིག་ཟབ་དོན་རྡོ་རྗེའི་སྙིང་པོ་དང་བཅས་པའི་ལུང་ནོས་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། རྒྱལ་བ་རྡོ་རྗེ་འཆང་། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། གུ་རུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སཱིངྷ། རྒྱལ་བ་ཛྙཱ་ན་སུ་ཏྲ། པཎ་ཆེན་དྲི་མེད་བཤེས་གཉེན། ཉང་ཏིང་འཛིན་བཟང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །སྤྲུལ་སྐུ་རྒྱལ་བ་ཞང་སྟོན། མཁས་པ་ཉི་མ་འབུམ། ཆོས་བདག་གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱལ་པོ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། ཀློང་ཆེན་སྣ་ཚོགས་རང་གྲོལ། ལྡན་སྒོམ་ཆོས་ཀྱི་གྲགས་པ། ངམ་སྟོན་ཉི་མ་འོད་ཟེར། སྤྲུལ་སྐུ་ཆོས་དབྱིངས་གྲགས་པ། བྱང་སེམས་བསོད་ནམས་དཔལ་འབྱོར། སྨན་རྩེ་བ་བློ་གྲོས་རྒྱལ་མཚན། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། མཚུངས་མེད་བསྟན་འཛིན་གྲགས་པ། གདུང་བརྒྱུད་པདྨ་འཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། བོན་ལུང་གར་གྱི་དབང་པོ། རྗེ་བཙུན་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །མདོ་རྒྱུད་ཀུན་གྱི་གནད་བསྡུས་ཏེ་རྫོགས་པ་ཆེན་པོའི་སྔོན་འགྲོ་ལམ་རིམ་འབྲས་བུ་དང་བཅས་པ་སྟོན་པ་ཡོན་ཏན་རིན་པོ་ཆེའི་གཏེར་མཛོད་དྲུག་ཚན་དུ་སྤེལ་བ་མན་ངག་རིན་པོ་ཆེའི་མཛོད་ཀྱི་ལུང་བརྒྱུད་ནི། ཀུན་མཁྱེན་ཀློང་ཆེན་པ་ཡན་གོང་ལྟར་ལ། དེ་ནས་མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ། སྤྲུལ་སྐུ་གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ་ཤེས་རབ་རྒྱ་མཚོ། རྒྱལ་སྲས་ཟླ་བ་གྲགས་པ། མཚུངས་མེད་ཀུན་


GLG004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྡོ་རྗེ། བླ་མ་རྒྱལ་མཚན་དཔལ་བཟང་། ཆོས་རྗེ་སྣ་ཚོགས་རང་གྲོལ། རིག་འཛིན་ཡན་པ་བློ་བདེ། མཁས་གྲུབ་མདོ་སྔགས་བསྟན་འཛིན། མང་ཐོས་དམ་ཆོས་བཟང་པོ། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་སྟོན་འགྱུར་མེད་རྡོ་རྗེ། དེས་བདག་ལའོ། །གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཟབ་ཅིང་རྒྱ་ཆེ་བའི་ཚུལ་གསལ་བར་སྟོན་པ་ཀློང་སྡེ་མན་ངག་གི་དོན་འགྲེལ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ལེའུ་བཅུ་གསུམ་པ། དེའི་འགྲེལ་པ་ཆོས་དབྱིངས་རྟོགས་པའི་སྣང་བ་དང་ཐེག་པའི་རྒྱལ་པོ་དང་ལུང་གི་གཏེར་ཞེས་པ་དོན་གཅིག་མིང་གི་རྣམ་གྲངས་སོ། །གསལ་བ་དང་བཅས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། དཔའ་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ཡན་གོང་ལྟར་ལ། དེ་ནས་མཁས་གྲུབ་བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། འཁྲུལ་ཞིག་དབོན་པོ། ཀུན་སྤངས་སེམས་དཔའ་ཆེན་པོ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། ལྡན་རྫོང་པ་ཀུན་དགའ་བཀྲ་ཤིས། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཐུགས་སྲས་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་སྟོན་ཆེན་པོ། དེས་བདག་ལའོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལེའུ་བརྒྱད་པ་དང་རྒྱུད་བཅུ་བདུན་དང་མན་ངག་བརྒྱ་བཅུ་དགུའི་དོན་འགྲེལ་སྟོན་པ་སྐུ་གསུམ་གྱི་བྱུང་ཚུལ་ནས་ལྷུན་གྲུབ་འབྲས་བུའི་རྣམ་གཞག་ལ་ཐུག་གི་བར་རིམ་པའི་ཁང་པ་ཉི་ཤུ་རྩ་ལྔས་རྒྱ་ཆེར་བཤད་པ་ཐེག་མཆོག་རིན་པོ་ཆེའི་མཛོད་གཉིས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི་མན་ངག་མཛོད་བཞིན་ནོ། །གཞི་དངོས་པོའི་གཤིས་ཀྱི་གནས་ལུགས་ནས་མཐར་ཐུག་འབྲས་བུའི་གྲོལ་ས་ཆེན་པོ་ལ་ཐུག་གི་བར་རྡོ་རྗེའི་གནས་བཅུ་གཅིག་གིས་རྒྱ་ཆེར་


GLG004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལམ་འཁྱེར་གནད་ཀྱི་དོན་འགྲེལ་ཚིག་དོན་རིན་པོ་ཆེའི་མཛོད་ཀྱི་ལུང་འོད་གསལ་མཛོད་ཀྱང་ཟེར། བརྒྱུད་ནི། སངས་རྒྱས་རྒྱལ་མཚན་ཡན་ཆོས་དབྱིངས་མཛོད་ལྟར། དེ་ནས་རྗེ་འཇག་སྟོད་པ་རིན་ཅེན་གྲུབ། གསེར་ཁང་པ་ངག་གི་དབང་པོ། བྱམས་ལྡིངས་པ་དཔལ་འབྱོར་རྒྱལ་མཚན། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། དམ་ཆོས་བཟང་པོ། རྗེ་འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་འགྱུར་མེད་རྡོ་རྗེ། དེས་བདག་ལའོ། །སེམས་ཀློང་མན་ངག་སྙིང་པོའི་མཐར་ཐུག་གི་དོན་དམ་ཚིག་ཆེན་པོ་བཞིའི་མེད་པ། འཆལ་བ། ལྷུན་གྲུབ། གཅིག་པུ་རྣམས། རྣམ་གྲངས་སོ་སོར་དེ་ཁོ་ན་ཉིད་དུ་གནད་བཀྲོལ་ཅིང་རང་བྱུང་དོན་གྱི་ཡེ་ཤེས་སུ་འགག་བསྡམས་པ་དང་སྐྱེ་མེད་བསམ་ཡུལ་ལས་འདས་པར་ཆིངས་སུ་བཅིངས་པ་དང་རྒྱུ་འབྲས་བྱ་རྩོལ་ལས་འདས་པར་ལ་བཟླ་བ་ཏེ་རྡོ་རྗེའི་གནས་ཆེན་པོ་བཅུ་དྲུག་གི་རང་བཞིན་སྟོན་པ་གནས་ལུགས་རིན་པོ་ཆེའི་མཛོད་ལེའུ་ལྔ་པ་འགྲེལ་ཊཱིཀ་དང་བཅས་པའི་ལུང་བརྒྱུད་ནི། ཀུན་མཁྱེན་དྲི་མེད་འོད་ཟེར་ཡན་གོང་ལྟར་ལ། དེ་ནས་ཞོགས་ཐར་གླིང་པ་བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ་བཀྲ་ཤིས་འབྱུང་གནས། འཁྲུལ་ཞིག་དབོན་པོ། ཀུན་སྤངས་སེམས་དཔའ་ཆེན་པོ། སངས་རྒྱས་ཡེ་ཤེས། ཟིང་པ་སྟག་མགོ་བ་སངས་རྒྱས་རྒྱལ་མཚན། འཇག་སྟོད་པ་རིན་ཅེན་གྲུབ། བླ་མ་བསོད་ནམས་རྒྱ་མཚོ། རྗེ་སྣ་ཚོགས་རང་གྲོལ། སྤྲུལ་སྐུ་བསྟན་འཛིན་གྲགས་པ། མཚུངས་བྲལ་མདོ་སྔགས་བསྟན་འཛིན། རྒྱས་སྲས་འཕྲིན་ལས་ལྷུན་གྲུབ། སྤྲུལ་པའི་གཏེར་སྟོན་གཏེར་བདག་གླིང་པ། དེས་བདག་ལའོ། །གྲུབ་མཐའ་མཛོད་མ་གཏོགས་པའི་མཛོད་གཞན་དྲུག་གི་བརྒྱུད་ལུགས་གཅིག་ནི། གསུང་སྤྲུལ་ཡན་ཡིད་བཞིན་མཛོད་ལྟར་ལ། དེ་ནས་ཐུགས་སྲས་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེ། གཏེར་སྟོན་འགྱུར་མེད་རྡོ་རྗེ་རྩལ། དེས་བདག་ལའོ། །རིག་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱི་གསན་ཡིག་ན་མཛོད་བདུན་


GLG004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཀློང་ཆེན་པས་སྙིང་ཏིག་སྤྱི་བརྒྱུད་ལྟར་འདྲེན་པ་གསན་ཡིག་གོང་མ་ཚོའི་རྗེས་སུ་འབྲངས་ཤིང་འབྲེལ་མཚུངས་བྱེད་ན་ཡིད་བཞིན་མཛོད། མན་ངག་མཛོད། གྲུབ་མཐའ་མཛོད་རྣམས་ངལ་གསོའི་སྐབས་ལྟར་བརྒྱུད་པ་གསུམ་ལྡན་དུ་དབྱེ་བ་འབྲེལ་ཆགས་པར་གསུངས་འདུག་པ་ནི་ཤིན་ཏུ་ལེགས་པར་མངོན་ནོ། །འགྲེལ་པ་པད་དཀར་མ་གཏོགས་པའི་མཛོད་བདུན་ཡོངས་རྫོགས་ཀྱི་བརྒྱུད་པ་ལུགས་གཅིག་ནི། ཀུན་མཁྱེན་ཀློང་ཆེན་པ་ནས། འཇམ་དབྱངས་ཆོས་ཀྱི་གྲགས་པ། ཆོས་རྗེ་བསོད་ནམས་དཔལ་ལྡན། བཀའ་བརྒྱད་པ་མཁའ་གློང་ཡངས་པ། སྨན་རྩེ་བ་བློ་གྲོས་རྒྱལ་མཚན། རྫོགས་ཆེན་པ་བསོད་ནམས་རིན་ཅེན། བྱ་ཁྱུང་པ་ངག་དབང་པདྨ། དེ་སྲས་རྒྱལ་དབང་བསྟན་འཛིན། སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར། རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ། དར་སྡིངས་འཕྲིན་ལས་ལྷུན་གྲུན་མན་འདྲ། ཡང་ན་གློང་ཆེན་པ་ནས། མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ། སྤྲུལ་སྐུ་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། སྲས་ཟླ་བ་གྲགས་པ། རྗེ་ཀུན་བཟང་རྡོ་རྗེ། གུ་རུ་རྒྱལ་མཚན་དཔལ་བཟང་། རྫོགས་ཆེན་པ་བསོད་ནམས་རིན་ཅེན་མན་གོང་ལྟར་རོ། །ཡང་ན་ཀུན་མཁྱེན་པ་ནས། ཕ་རྒོད་རྟོགས་ལྡན་རྒྱལ་པོ། དྲིན་ཅན་ཐུགས་སྲས་ཆོས་རྗེ། སྤྲུལ་སྐུ་རྡོ་རྗེ་སེང་གེ །ཀུན་བཟང་རྡོ་རྗེ་མན་འདྲ། ཡང་ན་སྤྲུལ་སྐུ་གྲགས་པ་འོད་ཟེར་ནས། འཇམ་དབྱངས་ཉི་མ་འོད་ཟེར། མཚུངས་མེད་ཆོས་རྗེ། རྗེ་ཆོས་དབྱིངས་གྲགས་པ། བླ་མ་དཀོན་ཅོག་དཔལ། རྫ་ཡིག་པ་ཚུལ་ཁྲིམས་རྒྱལ་མཚན། རྫོགས་ཆེན་པ་བསོད་ནམས་རིན་ཅེན་མན་འདྲའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྣམ་བཤད་ཉི་ཟླའི་སྤྲིན་གྱི་སྣང་བ་ཆེན་པོས་ཕྱོགས་བཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བའི་ལུང་གི་བརྒྱུད་པ་ནི།


GLG004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་རིགས་གསུམ་མགོན་པོ། གསང་བདག་ཕྱག་ན་རྡོ་རྗེ། ལི་ཙ་བྱི་དྲི་མ་མེད། རྒྱལ་པོ་ཛ། རྒྱལ་པོ་ཨིན་དྲ་བྷཱུ་ཏི། སྲས་ཤཱཀྱ་བྷཱུ་ཏི། དགེ་སློང་ཀུ་ཀུ་རཱ་ཛ། སློབ་དཔོན་ནཱ་གཱ་རྫུ་ན། ཨོ་རྒྱན་སངས་རྒྱས་གཉིས་པ། སློབ་དཔོན་སངས་རྒྱས་གསང་བ། པཎ་ཆེན་བི་མཱ་ལ་མི་ཏྲ། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཅེན་མཆོག །གྱེ་རེ་མཆོག་སྐྱོང་། དར་རྗེ་དཔལ་གྱི་གྲགས་པ། གནུབས་སངས་རྒྱས་ཡེ་ཤེས། སྤ་གོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག །འབྲེ་གསལ་བའི་བྱང་ཆུབ། རྒྱ་བློ་གྲོས་གཞོན་ནུ། འགར་ཚུལ་ཁྲིམས་བཟང་པོ། ཚུར་ཡེ་ཤེས་དབང་པོ། དན་ཆོས་ཀྱི་དབང་ཕྱུག །ཞང་མཆོག་གི་བླ་མ། ཀྱི་ཡོན་ཏན་འབྱུང་གནས། སློབ་དཔོན་གཞོན་ནུ་དོན་གྲུབ། ཀློང་ཆེན་ངག་གི་དབང་པོ། མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ། སྤྲུལ་སྐུ་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཀུན་མཁྱེན་ཟླ་བ་གྲགས་པ། རིག་འཛིན་ཀུན་བཟང་རྡོ་རྗེ། འབྲི་གུང་ཆོས་རྒྱལ་རིན་ཅེན་ཕུན་ཚོགས། ནམ་སྙིང་སྤྲུལ་པ་ཉི་ཟླ་སངས་རྒྱས། འཁོན་སྟོན་ཚེ་དབང་ནོར་རྒྱས། དེ་སྲས་རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། ཀ་ཐོག་པ་པད་མ་བློ་གྲོས། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་བླ་མ་གཏེར་བདག་གླིང་པ། དེས་བདག་ལའོ། །འདི་རྙིང་མ་བཀའ་མའི་སྡེབས་སུ་འོས་ཀྱང་ཀློང་ཆེན་པའི་གསུང་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དབང་དུ་བྱས་


GLG004_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སེམས་སྡེ་མན་ངག་གི་དོན་འགྲེལ་རང་གྲོལ་སྐོར་གསུམ་དུ་གྲགས་པ་ལ་རང་རང་གི་གཞུང་ཊཱིཀ་འཁྲིད་ཡིག་དང་བཅས་པའི་དཔེ་རྒྱུན་སྣང་ཡང་ལུང་རྒྱུན་ཡོད་པ་ནི་གཞུང་ཙམ་སྟེ་དེ་ཡང་རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ། རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ། སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་དོན་འཁྲིད། བརྒྱུད་པའི་གསོལ་འདེབས་དང་བཅས་པའི་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་སྣང་མཐའ་ཡབ་ཡུམ། སྤྲུལ་སྐུ་ཨོ་རྒྱན་ཡབ་ཡུམ། རྒྱལ་སྲས་དྲི་མེད་འོད་ཟེར། རྗེ་བདེ་ལེགས་རྒྱ་མཚོ། བྱ་བཏང་བློ་གྲོས་བཀྲ་ཤིས། བྱང་སེམས་ཡོན་ཏན་དཔལ། སྤྲུལ་སྐུ་བསམ་གྲུབ་རྒྱལ་པོ། འཁྲུལ་ཞིག་ནམ་མཁའ་གཞོན་ནུ། སྲས་ཆོས་དབྱིངས་རྡོ་རྗེ། རྗེ་བློ་གྲོས་རྒྱལ་མཚན། མཚུངས་མེད་སྣ་ཚོགས་རང་གྲོལ། གྲུབ་མཆོག་ཡན་པ་བློ་བདེ། གདུང་བརྒྱུད་པདྨ་འཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རིག་འཛིན་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །སྣ་ཚོགས་འཁོར་བའི་སྤྲོས་པས་དུབ་པ་རྣམས་གནས་ལུགས་ཆོས་སྐུ་བདེ་བ་ཆེན་པོའི་ཁམས་སུ་ངལ་གསོ་བར་བྱེད་པའི་བསྟན་བཅོས་ངལ་གསོ་སྐོར་གསུམ་ལ། མདོ་སྔགས་ཀྱི་ཆོས་ཀུན་ཐོག་མཐའ་བར་གསུམ་དུ་དགེ་བའི་ལམ་འཁྲུལ་མེད་ཚང་བར་བསྟན་པ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལེའུ་བཅུ་གསུམ་པ། དེའི་བསྡུས་དོན་ཀུན་དའི་འཕྲེང་བ་མཐོང་བ་ཙམ་གྱིས་ཕྱི་ནང་གི་གནད་རྟོགས་པར་བྱེད་པའི་ལྡེ་མིག །ཚིག་དོན་འབྱམས་ཀླས་པར་སྟོན་པའི་རྒྱ་ཆེར་འགྲེལ་བ་ངེས་དོན་ཤིང་རྟ་ཆེན་པོ། བསྡུས་དོན་པདྨ་དཀར་པོ། དགེ་བ་གསུམ་གྱི་དོན་འཁྲིད་


GLG004_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་བཟང་། ཏིང་ངེ་འཛིན་བསྒོམ་པར་བྱ་བའི་ལམ་ཟབ་བསམ་གཏན་ངལ་གསོ་རྡོ་རྗེའི་གནས་གསུམ་པ། དེའི་བསྡུས་དོན་ཚིག་ཉུང་དོན་འདྲིལ་པུཎྜ་རཱི་ཀའི་འཕྲེང་བ། ཟབ་མོའི་གནས་ལུང་གིས་གསལ་བར་བྱེད་པའི་རྒྱས་འགྲེལ་ཤིང་རྟ་རྣམ་དག །འོད་གསལ་སྒོམ་པའི་དོན་འཁྲིད་སྙིང་པོ་བཅུད་བསྡུས། ཆོས་ཀུན་བདེན་ཞེན་གྱི་འཆིང་བ་གཅོད་པའི་ཕྱིར་སྒྱུ་མའི་དཔེ་བརྒྱད་ཀྱི་སྒོ་ནས་སྟོན་པ་སྒྱུ་མ་ངལ་གསོ་ལེའུ་བརྒྱད་པ། དེའི་བསྡུས་དོན་བཞིན་ལ་མེ་ལོང་བསྟན་པ་ལྟ་བུ་མནྡ་ར་བའི་འཕྲེང་བ། བློ་གྲོས་ཀྱི་སྣང་བ་རྒྱས་པར་བྱེད་པའི་རྒྱས་འགྲེལ་ཤིང་རྟ་བཟང་པོ། འོད་གསལ་གྱི་དོན་གསལ་བར་སྟོན་པའི་དོན་འཁྲིད་ཡིད་བཞིན་ནོར་བུ། ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོའམ་ཆོས་འབྱུང་ཤེས་རབ་གསལ་བ། དཀར་ཆག་པདྨ་སྟོང་ལྡན་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ལ་ཕྱི་ནང་གསུམ་ལས། དང་པོ་ཕྱི་ཐུན་མོང་གི་གཞི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲེལ་བའི་བླ་མ་བརྒྱུད་པ་ལའང་ནང་གསེས་ཀྱིས་བསྟན་པ་ལ་རིམ་གྱིས་བསླབ་པ་རྒྱ་ཆེན་སྤྱོད་པ། ས་ལམ་དང་ཏིང་ངེ་འཛིན་གྱི་དྲོད་ཚད་བསྟན་པ་ཟབ་ཅིང་རྒྱ་ཆེ་བ། ཆོས་ཉིད་དོན་གྱི་གནས་ལུགས་བསྟན་པ་ཟབ་མོ་ལྟ་བའི་བརྒྱུད་པ་དང་གསུམ་ལས། དང་པོ་ནི། ཐུབ་པ་ཆེན་པོ། འཇམ་དཔལ། ཞི་བ་ལྷ། ཨེ་ལ་དྷ་རི། མ་ཧཱ་ཤྲཱི་རཏྣ། བྷ་ཝ་བཛྲ། དྷརྨ་ཀཱིརྟི། དཱི་པཾ་ཀ་ར། སུ་མ་ངྷི། ལོ་ཆེན་བློ་ལྡན་ཤེས་རབ། ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མ། ཆ་པ་ཆོས་ཀྱི་སེང་གེ །དན་འབག་པ་དར་མ་བཀྲ་ཤིས། ཤེས་རབ་བློ་གྲོས། ཤེས་རབ་དབང་ཕྱུག །སངས་རྒྱས་བརྩོན་འགྲུས། དབེན་དགེ་བ་ཤཱཀ་སེང་། བླ་བྲང་པ་ཆོས་དཔལ་རྒྱལ་མཚན། ཀློང་ཆེན་


GLG004_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་བློ་གྲོས། ཁྱབ་གདལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་འཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། རིག་འཛིན་འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་གཏེར་བདག་གླིང་པ། དེས་བདག་ལའོ། །གཉིས་པ་ནི། ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་སྣང་མཛད། སེང་གེ་བཟང་པོ། ཡེ་ཤེས་ཞབས། གུ་ཎ་མི་ཏྲ། རཏྣ་པརྦ་ཐཱ། འབུམ་ཕྲག་གསུམ་པ། བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་ཤེས་རབ་བརྩོན་འགྲུས། དཀར་ཆུང་རིང་མོ་བ། ཞང་གཡེ་བ། གཉལ་པ་ཞིག་པོ། རྒྱ་ཕྱི་རུ་པ། ཆུ་མིག་པ་སེང་གེ་དཔལ། བློ་གྲགས་པ། དེ་ལ་བཙན་དགོན་པ་དང་དབེན་དགེ་བ་གཉིས་ཀྱིས་གསན། གཉིས་ཀ་ལ་བླ་བྲང་པ་ཆོས་དཔལ་རྒྱལ་མཚན། བསམ་ཡས་པ་ངག་གི་དབང་པོ་མན་འདྲ། གསུམ་པ་ནི། སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཁུ་བྱུག་གཉིས་པ། ཀུ་སཱ་ལི་ཆེ་ཆུང་གཉིས། ཇོ་བོ་རྗེ། བལ་པོ་ཐང་པ་ཛ། ཨ་བྷྱཱ་ཀ་ར། བྱང་སེམས་ཟླ་བ་རྒྱལ་མཚན། གྲོ་ལུང་པ་ཆེན་པོ། སྤྱི་བོ་ལྷས་པ་བྱང་ཆུབ་འོད། རྨ་ཤཱཀྱ་སེང་གེ །མཆིམས་ནམ་མཁའ་གྲགས། མཁན་པོ་སྨོན་ལམ་ཚུལ་ཁྲིམས་། སློབ་དཔོན་བྱང་ཆུབ་གྲུབ། སློབ་དཔོན་གཞོན་ནུ་རྡོ་རྗེ། ཀུན་མཁྱེན་དྲི་མེད་མན་འདྲ། གསང་སྔགས་ནང་ཐུན་མོང་མ་ཡིན་པའི་རྡོ་རྗེ་ཐེག་པའི་བརྒྱུད་པ་ལ། གསང་སྔགས་གསར་རྙིང་གི་བརྒྱུད་པ་མང་དུ་ཡོད་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ཏེ། ངེས་དོན་སྙིང་པོ་སྒྱུ་འཕྲུལ་དང་


GLG004_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བའི་བརྒྱུད་པར་རྒྱལ་བ་དགོངས་བརྒྱུད། རིག་འཛིན་རིག་པས་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ་གསུམ་ལས། དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་རིགས་གསུམ་མགོན་པོ། གཉིས་པ་ནི། ཕྱག་ན་རྡོ་རྗེ། རྒྱལ་པོ་ཛ། ཨིནྡྲ་བྷཱུ་ཏི། ཤཱཀྱ་བྷཱུ་ཏི། ཀུ་ཀུ་རཱ་ཛ། ནཱ་གཱ་རྫུ་ན། པདྨ་སམ་བྷ་ཝ། བི་མཱ་ལ་མི་ཏྲ། གསུམ་པ་ནི། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཅེན་མཆོག །གྱེ་རེ་མཆོག་སྐྱོང་། དར་རྗེ་དཔལ་གྲགས། གནུབས་སངས་རྒྱས་ཡེ་ཤེས། སྤ་གོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག །འབྲེ་གསལ་བའི་བྱང་ཆུབ། རྒྱ་བློ་གྲོས་གཞོན་ནུ། འགར་ཚུལ་ཁྲིམས་བཟང་པོ། ཚུར་ཡེ་ཤེས་དབང་པོ། དན་ཆོས་ཀྱི་དབང་ཕྱུག །ཞང་མཆོག་གི་བླ་མ། ཀྱི་ཡོན་ཏན་འབྱུང་གནས། སློབ་དཔོན་གཞོན་ནུ་དོན་གྲུབ་བསམ་ཡས་པ་ངག་གི་དབང་པོ་མན་འདྲ། གསང་བ་རྫོགས་པ་ཆེན་པོ་སྒོ་གསུམ་བྱ་རྩོལ་ལས་འདས་པའི་ཆོས་ཉིད་རྡོ་རྗེ་རྩེ་མོ་ཨ་ཏི་དོན་གྱི་སྙིང་པོ་དང་འབྲེལ་བའི་བརྒྱུད་པ་ལ། སེམས་ཀློང་མན་ངག་སོགས་རྣམ་གྲངས་མང་ཡང་གཙོ་བོ་མན་ངག་གི་སྡེ། དེའི་ནང་ནས་ཁྲེགས་ཆོད་དང་འབྲེལ་བའི་བརྒྱུད་པ་ལ། དགོངས་བརྒྱུད། བརྡ་བརྒྱུད། སྙན་བརྒྱུད་གསུམ་ལས། དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་། སྟོན་པ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། གཉིས་པ་ནི། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། གུ་རུ་ཤྲཱི་སིངྷ། རྒྱལ་བ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མཱ་ལ་མི་ཏྲ། གསུམ་པ་ནི། ཉང་ཏིང་འཛིན་བཟང་པོ། ལྡང་མ་ལྷུན་གྱི་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག །སྤྲུལ་སྐུ་རྒྱལ་བ་ཞང་སྟོན།


GLG004_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཉི་མ་འབུམ། ཆོས་བདག་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གྲུབ་ཆེན་ཟླ་བ་མུན་སེལ། རིག་འཛིན་ཀུ་མ་རཱ་ཛ། ཀུན་མཁྱེན་ཀློང་ཆེན་པ་མན་གོང་བཞིན་ནོ། །འགྲེལ་པ་ཤིང་རྟ་ཆེན་པོའི་བརྒྱུད་ལུགས་ཅིག་ནི། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ནས་ཐུགས་སྲས་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །སྡེ་བདུན་དབང་གི་ཆོ་གའི་སྟེང་ནས་ཨེ་ཀ་ཛ་ཊི། ལེགས་ལྡན་ལྕམ་དྲལ། རེ་མ་ཏཱི། སྲོག་སྒྲུབ་མ། ཁྱབ་འཇུག །གཟའ་རྒོད་བཤན་པ་མིག་དམར། རྡོ་རྗེ་ལེགས་པ་སྟེ་དམ་ཅན་སྡེ་བདུན་གྱི་གཏོར་མ་ལ་བརྟེན་པའི་སྐུ་གསུང་ཐུགས་དབང་། མཐའ་རྟེན་དམ་རྫས། སྤྱན་གཟིགས་ཕྱག་མཚན་གྱི་དབང་རྣམས་དང་། ལུང་ལ། ཀུན་མཁྱེན་ཆེན་པོས་དམ་ཅན་སྡེ་བདུན་གྱི་དབང་ཆོག་ཕྱི་རབས་དོན་དུ་བཀོད་པ། དེས་མཛད་པའི་དམ་ཅན་སྡེ་བདུན་གྱི་བཀང་གསོ་དངོས་གྲུབ་འབྱུང་གཏེར་གྱི་སྟོད་ལས་ཀྱི་བཀང་གསོ་དང་མངའ་གསོལ་གྱི་མཆོད་པ་ཆེན་མོ་དང་བཅས་པ་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཀྱི་མཐའ་ཅན་ཡན་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཀུན་མཁྱེན་ཀློང་ཆེན་པ་ཡན་སྙིང་ཏིག་སྤྱི་ལྟར་རམ་ཡང་ན་སློབ་དཔོན་པདྨ་ཐོད་འཕྲེང་། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། རྒྱལ་སྲས་དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། མ་ཏི་མཾ་ག །སྟག་མགོ་ཡོན་ཏན་དཔལ་བ། སྤྲུལ་སྐུ་བསམ་རྒྱལ་བ། རྗེ་ནམ་མཁའ་གཞོན་ནུ། རྒྱལ་སྲས་མཁའ་གློང་ཡངས་པ། སྨན་རྩེ་བ་བློ་གྲོས་རྒྱལ་མཚན། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། རྗེ་བསྟན་འཛིན་གྲགས་པ། དཔལ་རི་ཀརྨ་རྒྱལ་སྲས་ཀུན་བཟང་། སྡོམ་བརྩོན་རིན་ཅེན་དར་རྒྱས། རྗེ་འཕྲིན་ལས་ལྷུན་གྲུབ། དེ་སྲས་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་ཀློང་ཆེན་པ་ནས། མདོ་ཁམས་པ་ཆོས་གྲགས། བསོད་ནམས་དཔལ་ལྡན། མཁའ་གློང་ཡངས་པ་མན་འདྲ། ཡང་ན་ཀུན་མཁྱེན་པ་ནས། རྒྱལ་སྲས་བཟོད་པ། བདེ་


GLG004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ། དཀའ་ཐུབ་པ། མཁའ་གློང་ཡངས་པ་མན་གོང་བཞིན་ནོ། །ཡང་བཀང་གསོ་དངོས་གྲུབ་འབྱུང་གཏེར་གྱི་སྟོད་ལས་སྨད་ལས་ཀྱི་ལུང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་མཁྱེན་ཆེན་པོ་ནས། མཁས་གྲུབ་བདེ་ལེགས་རྒྱ་མཚོ། སྟག་མགོ་བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། མི་འགྱུར་ཀུན་དགའ་དཔལ་བཟང་། འབྲི་གུང་གནམ་ལྕགས་མེ་འབར། རྗེ་བཀྲ་ཤིས་རྒྱ་མཚོ། དབོན་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། རིག་འཛིན་འཕྲིན་ལས་ལྷུན་གྲུབ་མན་གོང་བཞིན་ནོ། །གཟའི་གཏོར་དབང་བར་གཅོད་ཀུན་ཁེབས་ཀྱི་སྟེང་ནས་གཏོར་མ་ལ་བརྟེན་པའི་དུག་དབྱུང་བའི་དབང་ལེགས་པར་ནོས་ནས། ལུང་ལ། ཀུན་མཁྱེན་རིན་པོ་ཆེས་མཛད་པའི་ཁྱབ་འཇུག་གི་སྒྲུབ་སྐོར་སྙིང་ཏིག་གཉིས་སུ་བཞུགས་པ་དང་དེར་མི་གསལ་བ་སོགས་ཀུན་མཁྱེན་པ་ལུགས་ཀྱི་ཁྱབ་འཇུག་གི་ཆོས་སྐོར་ཞེས་ཆོས་ཀྱི་རྒྱལ་པོ་དཔའ་བཀྲ་ཤིས་སྟོབས་རྒྱལ་གྱིས་གཟའ་པོད་ཕྱོགས་གཅིག་ཏུ་བསྒྲིགས་པ་གནང་ཞིང་འབྲི་གུང་པ་དང་སྣང་གསལ་བའི་རྒྱུན་ལའང་ཆོས་རྒྱུད་དེ་ལྟར་མཛད་སྲོལ་འདུག་པ་ལྟར་ཟུར་དུ་བཀོད་པ་ལ། བླ་མ་ལ་ཡང་ཏིག་གི་བཀའ་སྲུང་གཟའི་རྒྱལ་པོ་རཱ་ཧུ་ལའི་གསང་སྒྲུབ་སྙིང་གི་དུམ་བུ་བསྙེན་སྒྲུབ་ལས་སྦྱོར་གསུམ་བསྟན་པ། མཁའ་འགྲོ་ཡང་ཏིག་གི་བཀའ་སྲུང་གཟའ་བདུད་རཱ་ཧུ་ལའི་གསང་སྒྲུབ་དུག་གི་སྤུ་གྲི་ལ་ནང་གསེས་ཀྱི་བླ་རྡོ། བཅའ་གཞི། བོད་གསད། ལས་སྦྱོར། དུག་དབྱུང་། སྟོད་གནོན། ཤི་ས། ཞུད་ཁ་བླང་བ། ཞར་བྱུང་སྒྲུབ་པའི་གནད་ཡིག་དང་བཅས་པ། གཟའ་བདུད་ཀྱི་གསང་སྒྲུབ་མེ་རླུང་འཁྱིལ་པར་ནང་


GLG004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གསེས་ཀྱི་རྟེན་བཞེང་བ། བླ་རྡོ། བསྙེན་སྒྲུབ་ལས་སྦྱོར་གསུམ་དང་བཅས་པ། དམ་ཤིང་བཅའ་ཐབས་གཟའ་བདུད་སྲོག་གི་སྤུ་གྲི་གཏེར་ཆེན་བཞིའི་ཉིང་ཁུ་གཅིག་ཏུ་དྲིལ་བ། གློ་བུར་ཐན་འགྱེད་རཱ་ཧུ་ལའི་གཅིག་སྒྲུབ་བཻ་རོའི་སྙིང་ཁྲག་བྱང་བུ་མེ་འབར་མ་ཟབ་ཁྱད་ཅན། མེ་ཆུའི་གཟའ་གང་གཏོང་ཡང་ཁ་བསྒྱུར་ཆོག་པའི་ལས་བཙན་ཐབས་སུ་བྱ་བའི་གཟའ་འབྱེད་དྲག་པོ་དགྲ་བགེགས་ཁ་ཕུང་དུ་གཏོང་བ། ཞག་གཅིག་གཉིད་ལོག་ན་རང་འཆི་ཞིང་མ་ལོག་ན་དགྲ་འཆི་བའི་གདམས་པ། བཀང་བཤགས་ལྷུག་གསོལ་དང་བཅས་པ། གཟའི་བཀང་གསོ་ཁྲག་མཚོ་འཁྱིལ་པའམ་དགྲ་ལས་རྣམ་རྒྱལ། གཏོར་འབུམ་བདེ་ལེགས་ཀུན་འབྱུང་། ནད་པའི་དོན་དུ་དབང་བྱ་ཚུལ་བར་ཆོད་ཀུན་ཁེབས། གཏོར་མ་ལེན་མི་ལེན་གྱི་བརྟག་པ་རྫས་ཀྱིས་བཅོས་ཐབས། རཱ་ཧུ་ལས་སློབ་དཔོན་ཆེན་པོ་ལ་ཕུལ་བའི་དྲག་པོ་ལྟས་ངན་གྱི་ཆོ་འཕྲུལ། ལྷོ་བྲག་མཁར་ཆུར་ཟངས་སྦ་རིམ་དགུའི་ནང་དུ་རྒྱས་བཏབ་པ་སློབ་དཔོན་བདུད་འདུལ་ནག་པོས་སྤྱན་དྲངས་ཏེ་གྲུབ་ཐོབ་མེ་ལོང་རྡོ་རྗེར་བཀའ་བབས་པའི་ཐན་འགྱེད་དར་ནག་མའམ་སྲིད་པའི་མེས་པོ་དགུ་བསྐོར་གྱི་གཞུང་༼འབྲི༽དྲག་པོ་ཆོ་འཕྲུལ་གུ་རུ་པདྨས་མཛད་པ་རྫོགས་སོའི་མཐའ་ཅན། བཅའ་གཞི་མངོན་རྟོགས་བཟླས་པ་བྱ་ཚུལ་མདོར་བསྡུས་པ་ཨོ་རྒྱན་པདྨའི་རྒྱའི་མཐའ་ཅན། ཞལ་གདམས་ཞག་གསུམ་སོ་སོར་སྔགས་བཟླ་ཚུལ་མཇུག་ཏུ་ཀུ་མ་རཱ་ཛས་བསྒྲུབ་མི་དགོས་ཚུལ་དང་རྫས་ངོས་འཛིན་ཐན་གཟུགས་བདུན་ཚར་ལྔ་པ་གཏོར་འབུལ་སོགས་ཞལ་གདམས་ཡི་གེར་བཀོད་པ། ཨའོ་སངས་རྒྱས་ཀྱི་ཞལ་གདམས་༼འབྲི༽ནང་གསེས་ལ་བསྐུལ་ལུགས། སྔས་འབྱིན་འཇུག་ཞག་རེ་རེའི་སྔགས་ཀྱི་ཁ་བསྒྱུར།


GLG004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཀྱི་ཁྱད་པར། ཐུན་སོགས་བསྟན་པ་དར་ནག་མའི་ཞལ་༼འབྲི༽ཤེས་ཟུར་པ་ཤིན་ཏུ་གསང་བར་ནང་གསེས་ཀྱི་ལིང་ག །ཙཀ་ལི། ཐན་གཟུགས། ཐན་སྲོག་སྦྲགས་མའི་ཁྱད་པར། བསྲེག་པ། གཏོར་བསྔོ་དང་བཅས་པ་དར་ནག་གི་མངོན་རྟོགས། ༼འབྲི༽ཐན་བསྐུལ་དུར་ཁྲོད་ཆེན་པོ་མ་དང་ཟུང་འབྲེལ། དབང་ཕྱུག་ཁྱབ་འཇུག་གི་ཙཀ་ལི། སྟེགས་བུ། འབྲུབ་ཁུང་། གཏོར་མ། བསྐམ་གཤེར་གྱི་ཐུན། མདའ་དང་བཅས་པའི་དཔེ་རིས་རྣམས་ཀྱི་ལུང་ཕྱག་ལེན་དམར་འཁྲིད་ཞལ་ཤེས་ཐོབ་པའི་དབང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་སུ་ཏྲ། བི་མཱ་ལ་མི་ཏྲ། པདྨ་ཐོད་འཕྲེང་། ཇོ་མོ་འཚོ་རྒྱལ། ཉང་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །སྤྲུལ་སྐུ་རྒྱལ་བ་ཞང་སྟོན། གུ་རུ་མཁས་པ་ཉི་འབུམ། ཆོས་བདག་གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མ་རཱ་ཛ། མཁས་གྲུབ་ཀློང་ཆེན་རབ་འབྱམས་པ། ཡང་ན་ལྷ་ལྕམ་པདྨ་གསལ། པདྨ་ལས་འབྲེལ་རྩལ། ཤོའི་རྒྱལ་སྲས་ལེགས་ལྡན། ཀུན་མཁྱེན་དྲི་མེད་འོད་ཟེར། འོད་གསལ་རང་གྲོལ། འཇམ་དབྱངས་གྲགས་པ་འོད་ཟེར། སྲས་ཟླ་བ་གྲགས་པ། བྱམས་ལྡིངས་པ་གྲགས་པ་རྒྱ་མཚོ། རྫོགས་ཆེན་པ་སྣ་ཚོགས་རང་གྲོལ། འཕན་ཡུལ་སྨན་རྩེ་བ་བློ་གྲོས་རྒྱལ་མཚན་ཡིན། བསོད་ནམས་རིན་ཅེན། ལྷ་གྲོལ་ཆོས་རྗེ་ཀརྨ་གུ་རུ། རྗེ་བཤེས་གཉེན་ཕུན་ཚོགས། སྔགས་འཆང་རིན་ཅེན་དར་རྒྱས། རྗེ་འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །འབྲིའི་


GLG004_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཅན་མ་གཏོགས་པའི་ལུང་དང་ཕྱག་ལེན་གྱི་བརྒྱུད་པ་ནི་ཀློང་ཆེན་པ་ནས། མཁས་གྲུབ་ཐར་པ་གླིང་པ། སྟག་མགོ་བྱ་བྲལ་ཆོས་རྗེ། རྗེ་སངས་རྒྱས་དབོན་པོ། སྟག་མགོ་ཡོན་ཏན་དཔལ། གུ་རུ་སངས་རྒྱས་ཡེ་ཤེས། སྟག་མགོ་སངས་རྒྱས་རྒྱལ་མཚན། མི་འགྱུར་ལས་འཕྲོ་གླིང་པ། འབྲི་གུང་གནམ་ལྕགས་མེ་འབར། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། སྲས་དུ་མ་རང་གྲོལ། ཟུར་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། དྲིན་ཅན་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ཐར་པ་གླིང་པ་ནས། གཏེར་སྟོན་པདྨ་གླིང་པ། དེ་ལ་ཟབ་ཕུ་སྤྲུལ་སྐུ་པདྨ་དཀར་པོ་དང་། སྤྲུལ་སྐུ་ཆུ་བཟང་པ་གཉིས་ཀྱིས་ཞུས། དེ་གཉིས་ཀ་ལ་སྔགས་འཆང་གསང་སྔགས་རྡོ་རྗེ། དེ་ནས་རིག་འཛིན་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། དེ་སྲས་རིག་འཛིན་ངག་གི་དབང་པོ་ཐུགས་རྗེ་དབང་གྲུབ་རྩལ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ཀློང་ཆེན་པ་ནས། སྤྲུལ་སྐུ་དཔལ་འབྱོར་རྒྱལ་མཚན། དྲིན་ཅན་མཐུ་ཆེན་རྒྱལ་པོ། རྗེ་སངས་རྒྱས་དཔལ་བཟང་། ཐུགས་སྲས་ནམ་མཁའ་རྒྱལ་མཚན། རིག་འཛིན་ལེགས་ལྡན་རྡོ་རྗེ་མན་གོང་བཞིན་ནོ། །འབྲིའི་རྟགས་ཡོད་པའི་ལུང་བརྒྱུད་ནི། ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ནས། བླ་མ་རིན་ཅེན་དཔལ། བླ་མ་སངས་རྒྱས་རིན་ཅེན། རཏྣ་གཉིས་པ་ཆོས་ཀྱི་གྲགས་པ། སྔགས་འཆང་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །རྒྱགས་བརྔན་ཆེན་མོ་ལོ་རྒྱུས་དང་བཅས་པ། རྒྱགས་བརྔན་གྱི་ཕྱག་ལེན་གནད་ཀྱི་ལྡེ་མིག་གཉིས་སོགས་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། ཡེ་ཤེས་འཚོ་རྒྱལ། དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། མ་ཏི་མཾ་ག་ལ། ཡོན་ཏན་


GLG004_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ། སྤྲུལ་སྐུ་བསམ་རྒྱལ། ནམ་མཁའ་གཞོན་ནུ། མཁའ་གློང་ཡངས་པ། བློ་གྲོས་རྒྱལ་མཚན། སྣ་ཚོགས་རང་གྲོལ། བསྟན་འཛིན་ཆོས་ཀྱི་རྒྱལ་པོ། པདྨ་འཕྲིན་ལས། རྗེ་ཚུལ་ཁྲིམས་རྡོ་རྗེ། བོན་ལུང་གར་གྱི་དབང་པོ། རྗེ་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་ཀུན་མཁྱེན་པ་ནས། མདོ་ཁམས་པ་དྷརྨཱ་ཀཱིརྟི། བསོད་ནམས་དཔལ་ལྡན། བཀའ་བརྒྱད་པ་མན་འདྲ། ཡང་ན་དྲི་མེད་འོད་ཟེར་ནས། རྒྱལ་སྲས་བཟོད་པ། བདེ་གཤེགས་པ། དཀའ་ཐུབ་པ། བཀའ་བརྒྱད་པ་མན་འདྲ། བསངས་ཀྱི་ཆོ་ག་བདེ་ལེགས་ཀུན་འབྱུང་གི་བརྒྱུད་པ་ནི། ཀློང་ཆེན་པ་ནས། བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སྐལ་ལྡན་ཡེ་ཤེས། སངས་རྒྱས་རྒྱལ་མཚན། མི་འགྱུར་ཀུན་དགའ་དཔལ་བཟང་། འབྲི་གུང་ཆོས་རྒྱལ་རིན་ཅེན་ཕུན་ཚོགས། འོད་གསལ་སྣ་ཚོགས་རང་གྲོལ། འཕྲང་འགོ་གཏེར་སྟོན་ཡིན། ཀརྨ་རྒྱལ་སྲས་ཀུན་བཟང་། མཚུངས་མེད་རིན་ཅེན་དར་རྒྱས། རིག་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །རིག་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱིས་བསངས་དང་རྒྱགས་བརྔན་ཆོག་བསྒྲིགས་སུ་མཛད་པའི་བརྒྱུད་པའང་བཤད་མ་ཐག་པ་བཞིན་ནོ། །རྫོགས་ཆེན་དོན་གྱི་གསོལ་འདེབས་ཡན་ལག་བདུན་མ་སྐུ་གསུམ་རྣམ་དག་མ། བར་དོ་འཕྲང་སྒྲོལ་གྱི་གདམས་པ་དལ་འབྱོར་རྙེད་དཀའ་མ་གཉིས་ཀྱི་བརྒྱུད་པ་ནི། དྲི་མེད་འོད་ཟེར་ཡན་སྙིང་ཏིག་སྤྱི་ལྟར་ལ། དེ་ནས་ལྡན་སྒོམ་ཆོས་ཀྱི་གྲགས་པ། ངམ་སྟོན་ཉི་མ་འོད་ཟེར་། སྤྲུལ་སྐུ་ཆོས་དབྱིངས་གྲགས་པ། བསོད་ནམས་དཔལ་འབྱོར། བློ་གྲོས་རྒྱལ་མཚན། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་


GLG004_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པ། པདྨ་འཕྲིན་ལས། གསུང་སྤྲུལ། ཚུལ་ཁྲིམས་རྒྱལ་མཚན། འཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་ཀུན་མཁྱེན་ནས། བདེ་ལེགས་རྒྱ་མཚོ། མ་ཏི་མཾ་ག་ལ་ཡོན་ཏན་དཔལ། བསམ་རྒྱལ་བ། ནམ་མཁའ་གཞོན་ནུ། མཁའ་གློང་ཡངས་པ། བློ་གྲོས་རྒྱལ་མཚན་མན་འདྲ། བླ་མ་དམ་པ་ཀུ་མ་རཱ་ཛ་ལ་རྟོགས་པ་ཕུལ་པའི་བརྒྱུད་པ་ནི། སྨན་རྩེ་བ་བློ་གྲོས་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་རྫོགས་ཆེན་པ་བསོད་ནམས་རིན་ཅེན། བྱ་ཁྱུང་པ་ངག་དབང་པདྨ། རྒྱལ་དབང་པད་མ་བསྟན་འཛིན། སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར། རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ། རྗེ་འཕྲིན་ལས་ལྷུན་གྲུབ་མན་འདྲ། །དབྱངས་ཅན་མའི་སྒྲུབ་ཐབས་ངག་གི་འོད་ཟེར་བྲམ་ཟེ་ཕུར་བུས་མཛད་པ། ལས་སྦྱོར་གྱི་རྩ་བ་དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པ། དབྱངས་ཅན་མའི་རྗེས་གནང་སྒྲུབ་ཐབས་གེགས་སེལ་ལས་སྦྱོར་དང་བཅས་པ་ལེའུ་བཞི་པ་འོད་ཀྱི་དྲ་བ། བསྟོད་པ་གཞོན་ནུ་རོལ་དགའ་རྣམས་ཀྱི་ལུང་བརྒྱུད་ནི། དབྱངས་ཅན་ལྷ་མོ། བྲམ་ཟེ་ཕུར་བུ། པཎྜི་ཏ་གཏུམ་པོ་བདེ་ཆེན། མཆོད་སྡོང་སེང་གེ ། དབྱངས་ཅན་དགའ་བ། སཱུརྱ་སིངྷ། པཎྜི་ཏ་དཔེ་མེད། པཎྜི་ཏ་ས་མུ་དྲ། སུམ་པ་ལོ་ཙཱ་བ། བླ་བྲང་པ་ཉི་མ་རྒྱལ་མཚན། ཀུན་མཁྱེན་དྲི་མེད་འོད་ཟེར། མཁས་གྲུབ་ཆོས་རྗེ། སངས་རྒྱས་དབོན་པོ། ཀུན་སྤངས་སེམས་དཔའ་ཆེན་པོ། དྲུང་སངས་རྒྱས་ཡེ་ཤེས། སྟག་མགོ་སངས་རྒྱས་རྒྱལ་མཚན། རྫ་ཡིག་པ་ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་རིག་འཛིན་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་སྒྲོན་མེ། རིག་འཛིན་མཐུ་སྟོབས་རྣམ་རྒྱལ། ཆོས་རྗེ་པདྨ་དབང་ཆེན། སྔགས་འཆང་རིན་ཅེན་དར་རྒྱས། མཚུངས་མེད་འཕྲིན་ལས་
ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། །ཚོགས་བདག་དམར་པོ་ཕྱག་བཅུ་གཉིས་པའི་སྒྲུབ་ཐབས་ནོར་བུའི་བང་མཛོད་དང་རིན་ཅེན་སྤུངས་པའི་རི་རྒྱལ་དུ་གྲགས་པ་དང་བསྟོད་པ་སྡེབ་སྦྱོར་རྒྱ་མཚོའི་སྤྲིན་ཐོབ་པའི་བརྒྱུད་པ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཕ་རྒོད་རྟོགས་ལྡན་རྒྱལ་པོ། དྲིན་ཅན་ཐུགས་སྲས་ཆོས་རྗེ། སྤྲུལ་སྐུ་བཛྲ་སིངྷ། དཀའ་བཅུ་པ་བསོད་ནམས་སེང་གེ །བླ་མ་བློ་གྲོས་སེང་གེ །རྗེ་བཙུན་རྡོ་རིང་བ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་རྡོ་རྗེ་འཆང་། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །དགོན་གསར་པ་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཀུན་མཁྱེན་ཆེན་པོ་དང་དཔལ་ལྡན་བླ་མ་དམ་པ་གཉིས་ཐུགས་འབྲེལ་ཆེ་བར་བྱུང་འདུག་པས། ཀུན་མཁྱེན་ཆེན་པོ་ཡན་གྱི་བརྒྱུད་པ་བླ་མ་དམ་པ་ནས་ཡར་དེད་ན། འགྲིག་འདྲ་སྙམ་ཡང་གསན་ཡིག་དང་རྣམ་ཐར་སོགས་ནས་ཁུངས་མ་ཆོད་པ་འོལ་ཚོད་ཀྱི་རྫུན་བྲིས་མ་ནུས་སོ། །


previousཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་ཀློང་ཆེན་མཛོད་བདུན་གྱི་ཆོས་སྐོར།next